| Wylie | e-texts based on the ACIP/ALL Input |
ཀུན་ཏུ་བཟང་པོས་བརྒྱན་པའི་གཞུང་གྲུབ་ཅིང། །ངན་སོང་རྒྱུད་རྣམས་མ་ལུས་སྟོངས་པར་ཤོག། འཕགས་པ་བཟང་པོ་སྦྱོད་པའི་སྨོན་ལམ་གྱི་རྒྱལ་པོ་རྫོགས་སོ། །འཕགས་པ་བྱམས་པའི་སྨོན་ལམ་བཞུགས་སོ།། །།སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །དྲང ་སྲོང་ལྷ་མིག་ལྡན་པ་ཡི། །བྱང་ཆུབ་སེམས་དཔའ་རྣམས་དང་ཡང། །ཉན་ཐོས་རྣམས་ལ་ཕྱག་འཚལ་ལོ། །ངན་འགྲོ་ཐམས་ཅད་བཟློག་བགྱིད་ཅིང། །མཐོ་རིས་ལམ་ནི་རབ་སྟོན་ལ། །རྒ་ཤི་མེད་བར་འདྲེན་གྱིད་པ། །བྱང་ཆུབ་སེམས་ལ ་ཕྱག་འཚལ་ལོ། །སེམས་ཀྱི་དབང་དུ་གྱུར་པས་ན། །བདག་གིས་སྡིག་པ་ཅི་བགྱིས་པ། སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །བདག་གིས་དེ་དག་བཤགས་པར་བགྱི། །བདག་ལས་རྣམ་པ་གསུམ་གང་གིས། །བསོད་ནམས ་ཚོགས་ནི་སྐྱེས་པ་སྟེ། །བདག་གིས་ཀུན་མཁྱེན་ས་བོན་ཏེ་?་བདག་ནི་བྱང་ཆུབ་མི་ཟད་ཤོག། ཕྱོགས་བཅུ་དག་གི་ཞིང་རྣམས་སུ། སངས་རྒྱས་མཆོད་པ་གང་བྱུང་བ། །ཐམས་ཅད་མཁྱེན་པ་ཡི་རང་བས། །དེ་ལ་བདག་ནི་ཡི་རང་རོ། །སྡིག་པ ་ཐམས་ཅད་བཤགས་པར་བགྱི། །བསོད་ནམས་ཀུན་ལ་ཡིད་ངོ། །སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །བདག་ནི་ཡེ་ཤེས་མཆོག་ཐོབ་ཤོག། ཕྱོགས་བཅུ་དག་གི་ཕྱོགས་རྣམས་ན། །ས་བཅུ་དག་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་བྱང ་ཆུབ་མཆོག། འཚང་རྒྱ་བགྱིད་པར་བསྐུལ་མ་འདེབས། །བྱང་ཆུབ་དམ་པར་སངས་རྒྱས་ཤིང། །སྡེ་དང་བཅས་པའི་བདུད་བཏུལ་ནས། །སྲོག་ཆགས་ཀུན་ལ་སྨན་སླད་དུ། །ཚོས་ཀྱི་འཁོར་ལོ་བསྐོར་གྱུར་ཅིག། ཆོས་རྔ་ཆེན་པོ་སྒྲ་ཡིས་ནི།། ་སྡུག་བསྔལ་སེམས་ཅན་ཐར་བགྱིད་ཤོག། བསྐལ་བ་བྱེ་བ་བསམ་ཡས་སུ། །ཆོས་སྟོན་མཛད་ཅིང་བཞུགས་གྱུར་ཅིག། འདོད་པའི་འདམ་དུ་བྱིང་གྱུར་ཅིང། །སྲེད་པའི་སྲད་བུས་དམ་བཅིངས་པ། །འཆིང་བ་ཀུན་གྱི་བཅིངས་བདག་ལ། །རྐང་གཉིས ་མཆོག་གིས་གཟིཌ་སུ་གསོལ། སེམས་ཀྱི་དྲི་མར་བགྱིས་པ་ལ། །སངས་རྒྱས་རྣམས་ནི་སྨོད་མི་མཛད། །སེམས་ཅན་རྣམས་ལ་བྱམས་ཐུགས་ལྡན། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག། རྫོགས་པའི་སངས་རྒྱས་གང་བཞུགས་དང། །གང་དག ་འདས་དང་མ་བྱོན་པ། དེ་དག་རྗེས་སུ་བདག་སློབ་ཅིང། །བྱང་ཆུབ་སྦྱད་པ་སྤྱོད་གྱུར་ཅིག། ཕ་རོལ་ཕྱིན་དྲུག་རྫོགས་བགྱིས་ནས། །འགྲོ་དྲུག་སེམས་ཅན་ཐར་བགྱིད་ཤོག་མངོན་ཤེས་དྲུག་པོ་མངོན་བགྱིས་ནས། །བླ་མེད་བྱང་ཆུབ་རེག་གྱུར་ཅིག། མ ་སྐྱེས་པ་དང་མི་འབྱུང་དང། །རང་བཞིན་མ་མཆིས་གནས་མ་མཆིས། །རྣམ་རིག་མ་མཆིས་དངོས་མ་མཆིས། །སྟོང་པའི་ཆོས་ནི་རྟོགས་པར་ཤོག། །སངས་རྒྱས་དྲང་སྲོང་ཆེན་པོ་ལྟང། །སེམས་ཅན་མ་མཆིས་སྲོག་མ་མི་ཆིས། །གང་ཟག་མ་མཆིས་གསོ་མ་མཆིས། །བདག ་མཆིས་པའི་ཆོས་རྟོགས་ཤོག། བདག་འཛིན་བདག་གིར་འཛིན་པ་ཡི། །དངོས་པོ་ཀུན་ལ་མི་གནས་བར། །སེམས་ཅན་ཀུན་ལ་བདེ་སླད་དུ། །སེར་སྣ་མ་མཆིས་སྦྱིན་གཏོང་ཤོག། དངོས་པོ་དགོས་པོ་མ་མཆིས་པས། །བདག་གི་ལོངས་སྤྱོད་ལྷུན་གྲུབ་ཤོག། དངོས་པོ་ཐམས ་ཅད་རྣམ་འཇིག་པས། །སྤྱིན་བའི་ཕ་རོལ་བྱིན་རྫོགས་ཤོག། ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང། །ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག། སའམ ་ཡང་ན་ཆུ་འམ་མེ། །རླུང་གི་ཁམས་ལྷར་མི་གནས་ཤིག། བཟོད་པ་འམ་ཁྲོ་བ་མ་མཆིས་པར། །བཟོད་པའི་ཕ་རོལ་ཕྱིན་རྫོགས་ཤོག། བརྩོན་འགྲུས་བརྩམས་པའི་བརྩོན་འགྲུས་ཀྱིས། །བརྟན་སྤྲོ་ལེ་ལོ་མ་མཆིས་ཤིང། །སྟོབས་དང་ལྡན་པའི་ལུས ་སེམས་ཀྱིས། །བརྩོན་འགྲུས་ཕ་རོལ་ཕྱིན་རྫེགས་ཤོག་སྒྱུ་མ་ལྟ་བུའི་ཏིང་འཛིན་དང། །དཔའ་བར་འགྲོ་བའི་ཏིང་འཛིན་དང། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །བསམ་གཏན་ཕ་རོལ་ཕྱིན་རྫོགས་ཤོག། རྣམ་པར་ཐར་པའི་སྒོ་གསུམ་དང། །དུས་གསུམ་མཉམ་པ་ཉིད་དང ་ཡང?། །རིག་གསུམ་མངོན་སུམ་བགྱིས་པ་ཡིས། །ཤེས་རབ་ཕ་རོལ་ཕྱིན་རྫོགས་ཤོག། སངས་རྒྱས་ཀུན་གྱི་བསྔགས་པ་དང། །འོད་དང་གཟི་བརྗིད་འབར་བ་དང། །བྱང་ཆུབ་སེམས་དཔའ་ཨི་བརྩོན་འགྲུས་ཀྱིས། །བདག་གི་བསམ་པ་རྫོགས་གྱུར་ཅིག། ་དེ་ལྟར་སྤྱད་པ་སྤྱོད་མེད་ཅིང། །བྱམས་པ་ཀླགས་དང་ལྡན་པ་ཡིས?། །ཕ་རོལ་ཕྱིན་དྲུག་རྫོགས་བྱས་ནས། །ས་བཅུ་པོ་ལ་རབ་ཏུ་གནས། །འཕགས་པ་བྱམས་པའི་སྨོན་ལམ་རྫོགས་སོ། །གསེར་འོད་དམ་པ་མདོ་སྡེ་དབང་པའི་སྨོན་ལམ་བཞུགས་སོ་།། ་