| Wylie | e-texts based on the ACIP/ALL Input |
གཉན་དཔལ་དབྱངས་ཀྱིས་མཛད་པའོ།། །།ལྟ་རིན་སྒྲོན་མ་བཞུགས་སོ། །གནོད་ནས་མ་སྐྱེས་རྣམ་དག་བྱང་ཆུབ་སེམས། །རྒྱལ་བ་རྒྱ་མཚོའི་ཐུགས་དང་ཡེ་ནས་མཉམ། །རིག་དང་གཏི་མུག་སྒྱུ་མའི་ཁྱད་པར་ལས། །སྲིད ་དང་རྣམ་གྲོལ་རྒྱུ་དང་འབྲས་བུར་སྣང། །དངོས་པོ་མེད་ཕྱིར་དངོས་པོར་རྟོག་པའང་མེད། །ཆོས་ཅན་མི་དམིགས་ཆོས་ཉིད་ཡོད་མ་ཡིན། །ཞེན་པ་བཟློག་ཕྱིར་རྐྱེན་བཤད་མ་གཏོགས་པ། །ཆོས་ཀྱི་དང་ལ་ཚིག་མེད་བརྗོད་དུ་མེད། སྣང ་བ་ཉིད་ན་མེད་པའི་དམིག་རྒྱུ་ལ། །ཤེས་ལྡན་རྣམས་ནི་མེད་པའི་བློ་མི་འབྱུང། །ཆོས་རྣམས་རང་བཞིན་མ་སྐྱེས་རྟོགས་པ་ཡི། །མཁས་པས་སྐྱེ་མེད་སྟོང་པར་སྒྲོ་མི་འདོགས། །ཇི་བཞིན་མ་སྐྱེས་གདོད་ནས་ཞི་བ་ཡི། །གཉིས་མེད ་སྤྲོས་བྲལ་རང་རིག་བློ་ལྡན་པ། །བརྗོད་མེད་དང་ཙམ་དུ་ཡང་མི་གནས་ན། །དངོས་དང་ཐ་སྙད་འཛིན་པར་ག་ལ་འགྱུར། །བདག་མེད་ཆོས་སྐུ་བྱང་ཆུབ་སྙིང་པོ་བས། །གཞན་ནས་བཙལ་ཞིང་ཐོབ་པ་མ་ཡིན་ཡང། །རྨི་ལམ་སད་ནས ་གཟུགས་དང་བྲལ་བ་བཞིན། །སྒྲིབ་སྤངས་བྱང་ཆུབ་ཐོབ་ཅེས་རྒྱལ་བས་གསུངས། །རྨི་ལམ་སྐྱེས་བུས་དུག་འཐུངས་གྲི་བཞིན་དུ། །སྲིད་རྒྱུ་ཉོན་མོངས་ལས་རྣམས་དེ་ལྟར་ཤེས། །རྨི་ལམ་དུག་ནད་སྡུག་བསྔལ་བཟོད་དཀའ་བ། སྐྱེ ་རྒས་ན་འཆི་འཁོར་བའི་སྡུག་བསྔལ་ཡིན། །རྨི་ལམ་ནད་སེལ་སྨན་དང་འདྲ་བ་ནི། །འཕགས་ལམ་རྣམ་ཐར་མང་པོར་རིག་པར་བྱ། །སྡུག་བསྔལ་ཁང་ཀྱིས་འབྱང་བའི་སྐད་ཅིག་མ། །ཤེས་རབ་ཏིང་འཛིན་ཁྱད་པར་སྐྱེ་བའི་ཚུལ། རྨི་ལམ་ནད ་བསལ་སོས་པའི་བདེ་སྙེད་པ། །སེམས་ཀྱི་རང་བཞིན་བྱང་ཆུབ་ཐོབ་པའི་དཔེ། །རྨི་ལམ་ཉིད་ན་རྒྱུ་འབྲས་མི་བསླུ་བཞིན། །མ་རིག་གཉིད་ལོག་རྣམས་ལ་དེ་ལྟར་ངེས། །རྨོངས་པའི་གཉིད་སད་ཤེས་རབ་ལྡན་པ་དང། །འཁོར་བ་རྨི་ལམ་ལྟ ་དུའི་དབང་ཙམ་དུ། །འཕགས་ལམ་དོན་བརྩོན་འབྲས་བུ་རག་པར་གསལ། །རང་བཞིན་མི་འགྱུར་ཐོབ་པའི་བརློམ་སེམས་མེད། མཉམ་པའི་དོན་ཉིད་བློ་དང་མ་མཉམ་ན། །ཚིག་གི་མཉམ་པས་རྟོག་པའི་ཀླུང་མི་བཟློགས། །དམྱལ་སོགས་འཁོར ་པ་མཉམ་ལས་མ་གཡོས་ཀྱང། །སྡུག་བསྔལ་མི་ཟད་སྲིད་ལས་འབྱམ?། །ཡེ་ནས་རྣམ་དག་ཐོབ་ལ་མེད་རིག་ནས་ཤེས་རབ་ཐབས་ཀྱི་རྣལ་འབྱོར་རབ་བརྩོན་ཞིང། །སྐུ་གསུང་ཆེ་བའི་ཡོན་ཏན་ཀུན་བསྡུས་བས། །མཚན་མའི་ཉེས་དང ་ལྡན་པ་ག་ལ་ཡིན། །ཤེས་པར་མཆོག་གིས་ལོག་རྟོག་སེམས་སྦྱངས་ནས། །ཡེ་ཤེས་ཚོགས་ཆེན་རྒྱལ་བ་ཆོས་ཀྱི་སྐུ། དཔེ་བྱད་མཚན་ཀྱིས་རྟིང་འཛིན་དབང་ཐོབ་ནས། །བསོད་ནམས་ཚོགས་ཆེན་རྒྱལ་བ་གཟུགས་ཀྱི་སྐུ། །རྣམ་སྨིན་ཚུལ་གྱིས ་གྲུབ་པར་མི་ལྟ་ཞིང། །ཡེ་ཤེས་གཞན་ནས་ཐོབ་པར་མི་བྱེད་དེ། སྐུ་གསུམ་ཇི་བཞིན་སྦྱོར་བས་འབྲས་བུའི་མཆོག། བརྩལ་བྱས་བསྒྲུབ་པའི་དབང་གི་རྒྱུ་ཡང་ཡིན། །རང་སེམས་རྣལ་འབྱོར་ཤེས་རབ་ཏིང་འཛིན་ཡིན། །སེམས་ཅན་ཉིད་ན་བདེ་གཤེགས ་ཡུལ་ལ་འཇུག། དག་པའི་ཞིང་དུ་སྨོན་པར་མི་བྱེད་ཏེ། །སྙིགས་མ་ལྔ་ཉིད་བདེ་ལྡན་གནས་སུ་བསྒོམ། །ཤེས་རབ་གནས་མེད་ཆགས་པའི་རྡུལ་བྲལ་ཡང། །སྙིང་རྗེ་སེམས་ཅན་ཁམས་ལ་སྐྱོབ་མེད། །སྒྱུ་མའི་མཚན་ཉིད་མ་འགགས་མངོན ་སུམ་ཏེ། མཚན་མེད་རོ་ཅིག་དོན་དམ་དབྱིངས་སུ་རྟོགས། །སློབ་དཔོན་དཔལ་དབྱངས་ཀྱིས་མཛད་པ། ལྟ་བ་རིན་པོ་ཆེ་སྒྲོན་མ་རྫོགས་སོ། །།འཕགས་པ་བཟང་པོ་སྦྱོད་པའི་སྨོན་ལམ་བཞུགས་སོ། །རྒྱ་གར་སྐད་དུ། ཨརྱ་བཏ་དྲ་ཙརྱ་པྲ་ནི་དྷཱ་ན་རཱ་ཛ། བོད ་