CLOSE WINDOW

N4716: 'grel pa bzhugs
Wyliee-texts based on the ACIP/ALL Input

?་དགུ་བསྐོར་རྫོགས་ཤོ?།། །། *། །འབྲེལ་བ་གསུང་སོ།། །། *། །རྣལ་འབྱོར་རིགས་པའི་མེ་ཏོག་འཕྲུལ་གྱི་མེ་ལོང་ལ་དང?་ཞབས་སུ་བསྡུས་བའི་དོན་བཞི་སྟེ། །ཕྱག་འཚ་མཆོད་པའི་ལུང་དང། དམ་བཅའ་?་སྡོམ་བའི་ལུང་དང། །གཞུང?་ལུགས་རྩ་བའི་ལུང་དང། །?་ཚོཌ ་ཀྱི་ལུང་དང་བཞིའོ། །ཀུན་མཁྱེན་ཉིད་ལ་ཕྱག་འཚལ་ནས། །ཤེས་པ་གང་གིས་གང་ལྟར་ཕྱག་བཙལ་བའོ། །རྣལ་འབྱོར་ལྟ་བའི་སྤྱི་འགྲེལ་བརྡེག་།ཅེས་པ། ལྟ་བའི་རིམ་པ་སྤྱིའི་ཤན་དབྱེ་བའི་ཕྱིར་འགྲེལ་བ་སྟེ། །ཐེ་ཚོམ་གཏར་དཀའ་གནད་དུ་བརྡེག་པར་དམ་བཅའ་པའོ། །ལུང་བསྔ་བ་བསྟན ་པ་ལ་གཉིས་ཏེ། །དྲིས་པའི་ལུང་དང་ལན་ནོ། །དྲིས་པ་ནི་དགུ་སྟེ། ལོག་རྟོག་བྱང་ཆུབ་ཡུལ་སྣང་བའི། །ཆོས་ཀུན་སེམས་སུ་གཅིག་མི་གཅིག་།ཅེས་པ། འཁོར་བ་དང་མྱ་ངན་འདས་པའི་སྤྱོད་ཡུལ་བྱང་ཆུབ་སེམས་སུ་གཅིག་མི་གཅིག་དྲིས་པ་དང་པོའོ། །ལྷུན་གྱིས་སྒྲུབ་བ་གང་ལ་བགྱི་དྲིས་པ་གཉིས་པའོ། །དེ་ཉིད ་སྣང་བ་ཡོད་དམ་མེད། །ཅེས་པ། ལྷུན་གྲུབ་སྣང་སྟོང་གང་ཡིན་དྲིས་པ་གསུམ་པའོ། །ཡེ་ནས་སངས་རྒྱས་ཡིན་ནམ་མིན། ཞེས་པ། ཆོས་ཀུན་གཞི་ཡི་སངས་རྒྱས་པ་ཡིན་ནམ། མ?་རྒྱས་པ་ཡིན་དྲིས་པ་བཞི་པའོ། །ཁམས་གསུམ་སེམས་ཅན་ཇི་ལྟར་འཁྲུལ། །ཅེས་པ་ལྔ་པའོ། །འཁྲུལ་པ་ཉིད་དོན་ཅི་ལགས། ཤེS་བ ་འཁྲུལ་པའི་གྲུབ་མཛའ་དྲིས་པ་དྲུག་པའོ། །རྣལ་འབྱོར་ལྟ་བའི་ངོ་བོ་གང། ཞེས་པ་བདུན་པའོ། །དེ་དག་དགོས་བའི་ཐེ་ཚོམ་གང། ཞེས་པ། སྐྱོན་དྲིས་པ་བརྒྱད་པའོ། །དེ་རྣམས་ཁྱད་པར་ཇི་ལྟར་ཆེ། །བདུན་པོ་ཐེག་པ་གཞན་ལས་གང་སྤགས་དྲིས་པ་དགུ་པའོ། །འཕྲུལ་གྱི་མེ་ལོང་དགུ་བསྐོར་བཞིན། ཞེས་པ། མཚོན ་པའི་དགུས་མཚོན་དུ་བཏུབ་པའོ། གསལ་བྱེད་འཕྲུལ་ཚིག་དགུ་ཡིས་སྟོན། ཞེས་པ། དོན་དྲིས་པ་ལན་ཟུང་དགུ་ཡི་ཚིག་གིས་གསལ་བར་སྟོན་པའོ། །ལན་དང་པོ་བསྟན་པའི་ཕྱིར། །སྒྱུ་མ་རྣམ་གཉིས་སྤྱོད་ཡུལ་ནི། །སེམས་ཀྱི་ཆོས་ཉིད་དང་དུ་གཅིག་།ཅེས་པ། ལོག་རྟོག་སྒྱུ་མའི་སེམས་ཅན་དང། ཡེ་ཤེS ་སྒྱུ་མའི་སངས་རྒྱས་ཀྱི་དབྱོར་ཡུལ་འཁྲུལ་ལམ་མ་འཁྲུལ་གཉིས་སེམས་ཀྱི་དེ་ཁོ་ན་ཉིད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་གཅིག་པར་ལན་གདབ་པོ། །དེའི་དཔེ་ནི། དེའི་དེ་ཉིད་ཇི་ལྟ་བའོ། །མཁའ་དང་གཞའ་སྣང་ཇི་བཞིན་དུ། ཞེས་པ། གཞའ་ཚོན་སྣང་བ་དང་རང་བཞིན་སྟོང་པ་དབྱེར་མེད་པ་བཞིན།། ་གཏན་ཚིགས་ནི། ལོག་རྟོག་སེམས་རྒྱུད་ཐ་དད་ཀྱང། རིགས་རྒྱུད་མེད་ཕྱིར་དབྱེ་བ་དཀའ་། ཞེས་པ། ལོག་རྟོག་གི་རྒྱུད་སོ་སོར་རྟོག་པ་དང། འདུ་ཤེས་ཐ་དད་པས། ཚོར་བ་དང། འདུ་བྱེད་ད་ལྟ་བ་དང། རྒྱལ་བའི་ཐུགས་གསལ་བ་རྟཌ་ཀྱིས་ཐ་དད་པ་ལས་མི་མཐུན་པ་ནི་རྒྱལ་བ་དང་འགྲོ་བ་ལ་རིགས་བརྒྱུད་རྟག ་པ་དངང?་པ་མེད་པའི་ཕྱིར། གཅིག་ཅེས་དགོས་ཆེས་གཉིས་ཀྱི་ཕྱིར་བརྗོད་ཀྱིས་ངོ་བོ་གཅིག་དང་ཐ་དད་ལས་གྲོལ་བའི་དང་དུ་དབྱེར་མེད་པ་ལ་དེ་སྐད་བརྗོད་པའོ། །གཉིས་པ་ནི། སེམས་ཉིད་ནོར་བུ་རིན་པོ་ཆེ། ཞེས་པ། ལྷུན་གྲུབ་ཀྱི་དཔེའོ། །ཇི་ལྟར་དམིགས་ཤིང་བསམས་པར་སྣང། ཞེས་པ། ལྷུན་གྱི་མ་གྲུབ་པ ་དང་མ་གྲུབ་པའི་ཆོས་ཐམས་ཅད་དུ་སེམས་སོ་སོར་སྣང་བའོ། །འགྲོ་ལ་སེམས་རྒྱུད་གཉིས་མི་འཆང། ཞེས་པ། སེམས་ཀུན་གྱི་སེམས་ཀྱི་ཆོས་ཉིད་ཀྱི་གཞི་འམ་དངོས་པོ་ཞེས་པ་སྐད་གཅིག་མ་ནི་བསམ་པ་འམ་བློ་ཞེས་རྟོག་པ་དང་མི་རྟོག་པའི་སེམས་རྒྱུད་གཉིས་པ་འགྲོ་བ་གཅིག་ལ་མེད་དེ། སྐབས ་ཀྱིས་མི་བརྗོད་པའོ། །དེ་ནི་དངོས་མེད་ཀུན་གྱི་གཞི། ཞེས་པ། སེམས་ཅན་གྱི་སེམས་གཅིག་པ་དེ་ནི་དངོས་པོ་བརྟག་དཀའ་སྟེ། དགོས་འདོད་བསྐེད་པའི་ནོར་བུ་ལྟ་བུ་གཅིག་ལ་གཅིག་མ་གྲུབ་པ་དང། ལྷུན་གྲུབ་ཀྱི་ངོ་བོ་ལ་ནི་ཕྱོགས་གཅིག་པའི་ལྷུན་གྲུབ་ཏུ་ཁས་བླངས་པའོ། །ལན་གསུམ་པ ་ནི། ལོག་རྟོག་མུན་པའི་ཡུལ་སྣང་ཀུན། ཞེས་པ། འགྲོ་བ་སོ་སོའི་མ་རིག་པའི་སྣང་བ་ཐ་དད་པ་བསྡུའོ། །སེམས་ཕྱིར་མཛའ་ལ་བརྩོད་པ་མེད། ཅེས་པ། སྣང་བ་ཡོད་མེད་ཀུན་བདག་ཉིད་ཆེན་པོའི་གཏན་ཚིགས་ཀྱིས་དབྱེར་མེད་པ་ལ་ཡོད་མེད་སྒྲོ་བསྐུར་ཏུ་བརྩོང་པ་བྱིས་པའི་བློ། །དཔེ་ནི། ་གང་ལྔ?་ཡོད་མེད་མེད་པ་ལྟར། ཅེས་པ། དངོས་པོ་གང་ལ་ཕན་པ་འབའ་ཞིག་ཡོད་ཞེ་འམ། གནོད་པའི་མཐུ་འབའ་ཞིག་ཡོད་ཅེས་ཕྱིར་ནི་མི་བཏུབ་སྟེ། བརྟགས་ན་མི་དམིགས་པར། བསམ་ན་ཕན་གནོད་སོ་སོར་སྣང་ཡང་དབྱེར་མེད་པ་ལྟར། རྟོག་པའི་སྨྲ་བསམ་ཡུལ་ལས་འདས། ཤེས་པ། འཁྲུལ་པའི་སྣང ་བར་དོ་མེད་དབྱེར་མེད་པ་ནི་ཐུན་མོང་ཆེན་པོའི་སྨྲ་བསམས་ལས་འདས་པ་སྟེ། དོན་དམ་དངོས་པོ་འམ་གཞི་ལ་མེད། ཀུན་རྫོབ་བློ་འམ་བསམ་པ་ལ་ཡོད་ཅེས་སྨྲ་བ་དག་མི་མཁས་པའི་ཤེས་པས། འདི་སྐད་དུ། སེམས་འདི་ཡོད་དོ་མེད་དོ་ཞེས། བྱིས་པ་རྣམས་ནི་བརྩོད་པར་བྱེད། ཞེས་བ ་ལ་སོགས་ཆགས་ལོ། །ལན?་བཞི་ཕ་ནི། དེ་ནི་དེ་ཕྱིར་རྐྱལ་འགྲོ་ཞེས། རིས་སུ་བཅང་པ་མེད་པ་ལ། སེམས་སྣང་སྟོང་དབྱེར་མེད་པའི་ལྷུན་གྲུབ་དེ་ནི། ཚིག་སྔ་མ་གཏན་ཚིགས་སུ་གྱུར་པས་ཡེ་སངས་རྒྱས་པས་རྒྱལ་བ་ཞེ་འམ། འགྲོ་བ་འཁོར་བ་ཡིན་ཞེས་གསུངས་པའི་ཚིག་གཉིས་ཀར། ་སེམས་འཁོར་བ་དང་མྱ་ངན་ལས་འདས་པ་དབྱེར་མེད་ལ་མི་བསམ་མི་བརྗོད་དོ། །གཙང་དང་མི་གཙང་དངོས་གཅིག་བཞིན། ཞེས་པ། གཉིས་སུ་མེད་པའི་དཔེ་སྟེ། ལ་ལའི་གཙང་བ་ལ་ལ་ལའི་མི་གཙང་བར་སྣང་བས ་གཙང་མི་གཙང་དངོས་པོ་གཅིག་སྟེ། གཞི་ལ་ངེས་པ་བཞིན་དེ་ཁོ་ན་ཇི་སྙེད་པའི་ཇི་བཞིན་པ་སེམས་ཀྱི་ཆོས་ཉིད་སངས་རྒྱས་སེམས་ཅན་དབྱེ་བ་མེད་པ་ལ། ཕྱོགས་སུ་བལྟས་ན་ནོར་བའི་བློ། ཞེས་པ། གཞི་འཁྲུལ་འཁོར་མེད་པའོ། །རྣམ་དག ་ཕྱོགས་གཅིག་ཏུ་བལྟས་ཏེ། གཞི་མེད་པ་ལ་བསམ་བློས་བློ་བུར་དུ་བལྟ་བ་དག་ནི། ཀུན་ནས་ཉོན་མོངས་པ་དག་དང། ཐ་སྙད་ལ་སྐུར་བ་འདེབས་པའི་ལྟ་བ་སྟེ། གཉིས་མེད་དང་ལ་གསལ་བ་འདུས་པར་བརྗོད་པ་ཉིད་ཀྱིས་མཁའ་ཨི་ལྟ ་བ་ཁས་བླངས་པའོ། །འདིར་གཉིས་སུ་ཡོད་མེད་ཉིད་ཀྱང་དབྱེར་མེད་པས་ཐུན་མོངས་མ་ཡིན་པའི་གཉིས་སུ་མེད་པ་སྟེ། འདི་སྐད་དུ། གཉིས་མེད་གཉིས་སུ་མེད་མིན་ཞིང། ཞེས་པ། དགོས་བྱེད་གཉིས་ཀྱི་ཕྱིར་བརྗོད་པ་ཙམ་མོ། །ལན་ལྔ ་པ་ནི། ཇི་སྙེད་འཇིག་རྟེན་འཁྲུལ་པའི་སེམས། །ཤེས་པ་ལོ་རྟོག་ཐ་དད་པའི་སེམས་བསམ་ཡས་པའོ། །མེ་ལོང་གཡའ་དང་མཁའ་སྦྲིན་བཞིན། ཞེས་པ། མ་རིག་པ་དང་སེམས་ཡེ་ཤེས་གཉིས་སུ་མེད་པའི་དཔེའོ། །རིག་དང་མ་རིག ་གཉིས་མེད་པས། ཤེས་པ། ལྷན་ཅིག་སྐྱེས་པའི་མ་རིག་པ་མེད་པ་མིན་པའི་ཕྱིར། ཡེ་ཤེས་དང་མ་རིག་པ་དབྱེར་མེད་ཀྱང། །ཕྱོགས་གཅིག་རྐྱེན་གྱིས་དུས་གསུམ་འཁྲུལ། ཞེས་པ། ཕྱོགས་གཅིག་ནས་ལྟོས་པས་འཁོར་བའི། དེའི་རྒྱུ ་མ་རིག་པས་རྐྱེན་ལས་དང་ཉོན་མོངས་པས་དུས་གསུམ་ཐོག་མཛའ་མེད་པར་རྒྱུན་ཆགས་སུ་འཁྲུལ་པ་ནི། ཐག་སྦྲུལ་ཐོ་མི་སབ་རྟས་མཚོན་ནས་གཞི་མེད་པ་ལས་འབྱུང་བར་སྨྲ་བ་ལྟ་བུ་མ་ཡིན་ཏེ། སྒྲོ་བཀུར་དང་བྲལ་བའི་དང ་ལས་འཁྲུལ་བའོ། །ལན་དྲུག་པ། འཇིག་རྟེན་བརྟན་གཡོ་ལ་སོགས་པ། སྣང་བ་ཉིད་ན་རང་བཞིན་མེད། ཅེས་པ། བརྟན་གཡོ་བློ་བརྟགས་ཀྱི་རང་བཞིན་བསམ་པ་ལ་ཡོད་ལ་གཞི་ལ་མེད་པར་སྨྲ་བ་ནི་རང་བཞིན་ལ་བཀུར་བ་སྟེ། འདིར་འཁྲུལ་པ ་སྣང་བ་དོ་བའི་དུས་ཉིད་ན་མཁའ་སྤྲིན་ལྟར་རྣམ་པའི་མཆོག་དང་ལྡན་པའི་སྟོང་པ་ཆེན་པོ་ལ་རང་བཞིན་ཡོད་མེད་དབྱེར་མེད་ལ་དགོས་ཆེད་ཀྱིས་བརྗོད་པའོ། །རང་བྱུང་ཕྱིན་ནད་མེད་སྣང་ཕྱིར། ཞེས་པ། བདག་ཉིད་ཆེན་པོའི་གཏན་ཚིགས་ཀྱིས ་ཀྱང་ཆུ་ཉིད་རླབས་ལྟ་བུར་འགྲོ་འོང་མེད་པར་སྣང་བའོ། །དེ་དུས་རང་བཞིན་ཉམས་པ་མེད། ཞེས་པ། འཁྲུལ་པ་དེ་སྣང་བའི་དུས་ན་རང་བཞིན་སྟོང་པས་ཇི་བཞིན་ཉིད་ལས་མ་ཉམས་རང་བཞིན་ཐུན་མོངས་མ་ཡིན་པའི་འཁྲུལ་པ་སྟེ། ་འདི་སྐད་དུ། འཁོར་བ་ཉིད་ན་བདེ་གནས་སོ། །ཤེས་པ་དང། རང་བཞིན་ཉིད་ལས་ཉམས་པ་མེད། ཅེས་གསུངས་སོ། །ལན་བདུན་པ་ནི། འཇུག་པའི་རྣམ་ཤེས་དེ་ལྟ་བ། ཤེས་རབ་ཐུན་མོངས་སྤྱན་ཡིན་ན། ཞེས་པ། ལྟ་བའི་ངོ་བོ་འོག ་མ་བདག་ཡིད་ཀྱི་རྣམ་པར་ཤེས་པ་དེ་བཞིན་ཉིད་ལ་དམིགས་པའི་ཕྱིར། འདུ་བྱེད་ཀྱི་ཤེས་རབ་དང་མཚུངས་པར་ཐུན་མོང་གི་ལྟ་བ་ལམ་དུ་རིགས་པའི་ཤེས་པ་ལ་ལྟ་བ་ཞེས་བརྗོད་དོ། །འདིར་རང་བྱུང་ཡེ་ཤེས་ཚོགས་ཀུན་བདག་། ་ཤེས་རབ་སྤྱན་གྱི་མཆོག་ཡིན་ནོ། །ཞེས་པ། ཚོགས་བརྒྱད་རིགས་རྒྱུད་གཟུགས་མཚན་གནས་ཀྱིས་ཐ་དད་མེད་པར་འོད་གསལ་བའོ། །རྐྱེན་དང་རྒྱུ་མེད་པར་མ་འགགས་པར་ཡེ་རང་གསལ་བར་རང་བྱུང་ཡེ་ཤེས་ཏེ། བལྟས ་བ་མེད་པར་དེ་ཁོ་ན་ཉིད་དུ་གསལ་བ་ལྟ་བའི་ཕུལ་ལོ། །ལྟ་བའི་ངོ་བོ་དེས་ཇི་ལྟར་མཐོང་སྙམ་པ་ལ། རྡོ་རྗེ་ཡིད་ནི་དབང་སམཆོག་ཕྱིར། ཞེས་པ། ཡིད་ཡེ་ཤེས་རྡོ་རྗེ་ནི་ཤེས་རབ་ཀྱི་དབང་པོ་མཆོག་སྟེ་གཏན་ཚིགས། །ལྟ་བ་ ་མེད་པ་རང་སྤྱའི་ཆོས། དབྱེར་མེད་ཕྱོགས་ལྟའི་འདོད་བྲལ་བ། ཞེས་པ། ཡུལ་དུ་ལྟ་བ་མེད་དེ་རང་རིག་ཕྱི་ནང་མེད་ཕྱིར་རོ། །རང་དང་སྤྱའི་མཚན་ཉིད་ཀྱི་ཆོས་སུ་སྣང་བ་ཡང་ཤེས་པ་དང་རྣམ་བ་ཙམ་དུ་དབྱེར ་མེད་པས། ནང་ཕྱོགས་ནས་ཕྱི་རུ་བལྟས་པ་འམ། ཕྱི་ནས་ནང་དུ་བལྟ་བའི་འདོད་ཆགས་དང་བྲལ་བས་དེ་ཁོ་ན་ཉིད་ཡུལ་མེད་པར་རིག་བ་རང་གསལ་བའི་གདེང་བརྙེད་པས་ཐམས་ཅད་མཁྱེན་པ་ལ། ཞེས་བས། ཞེ་འདོད ་དུ་མེད་པས། མ་ནོར་རང་གི་མཚན་ཉིད་རྟོགས། །ཤེས་གསུངས་སོ། །དེ་ལ་གཡོ་ཐེབ་བརྟན་མཐར་ཕྱིན་པའི་ལམ་དུ་གྱུར་བའོ། །ལན་བརྒྱད་པ་ནི། གསུམ་གཉིས་གཅིག་གི་ཐེ་ཚོམ་སྤངས། ཞེས་པ། དྲིས་ལན་བདུན་པའི ་ཚོམ་དྲིས་པ་རྗེས་སུ་བསམ་པའི་ཕྱིར། དང་པོ་དངོས་དང་གསལ་བ། ཞེས་པ། ཚིག་ལྔས་གཏར་ཀ་གཉིས་ཀྱི་གགས་བསལ་པ་ལ། སྔ་མ་སངས་རྒྱས་སེམས་ཅན་དག་།སོ་སོ་སེམས་རྒྱུད་ཐ་དད་པ། གཅིག་ན་བདུན་ལ་སྔ་རྟོག ་སྐྱེ་?་ཞེས་པ། སྤྱིར་སངས་རྒྱས་དང་སེམས་ཅན་རྣམས་ཕྱོགས་གཅིག་པའི་གཅིག་པ་ཡིན་ན་བཀའ་ལུང་ལ་མི་སྣང་བ་དང། དོན་དང་འགལ་བ་དང། གཏན་ཚིགས་ཀྱིས་མི་རྒྱས་པ་དང་།རིགས་པས་མི་འཐང་བ་དང། ཆོས ་བརྟགས་བ་སྐྱི?་དང་འགལ་པ་བདུན་པོ་ཀུན་ལ་འབྱུང་མོད་ཀྱང། སྐབས་གཉིས་ཀྱིས་གསང་སྔགས་ནི་སྤྱི་དང་འཐུན་བར་རིགས་པས་མི་འཐང་པའི་སྐྱོན་བརྗོད་དོ། །སངས་རྒྱས་ཀྱི་ཐུགས་དང་སེམས་ཅན་གྱི་སེམས་ཕྱོགས ་གཅིག་པའི་ལྡོག་པ་དང་བཅས་པ་ཡིན་ཞེ་ན། རྒྱལ་བ་བཞིན་དུ་འགྲོ་བས་ཀྱང་ཐམས་ཅད་མཁྱེན་པར་འགྱུར་བ་དང། རྟོག་པ་མེད་པར་འགྱུར་བ་དང། ཉོན་མོངས་པའི་སྡུག་བསྔལ་མི་འབྱུང་བར་འགྱུར་བ་དང། ལམ་གྱི ་ཆོས་ལ་རག་ལས་མི་དགོས་པ་དང། རྒྱལ་བ་ཡང་འགྲོ་བ་བཞིན་ཐམས་ཅད་མི་མཁྱེན་པ་དང། རྟོག་པ་ཅན་དུ་འགྱུར་བ་དང། ཉོན་མོངས་པ་སྡུག་བསྔལ་མྱོང་བ་དང། སྐྱོན་བདུན་འབྱུང་དོ། །འགྲོ་བ་དྲུག་གི་སེམས་ཅན་ཐ་དད་གཅིག་ན ་ཡང། དེ་བཞིན་སེམས་རྒྱུད་བརྒྱད་ལ་ཟ། ཞེས་པ། ཆོས་ཐ་མའི་སྐྱོན་འབྱུང་སྟེ། འགྲོ་བ་དྲུག་པོ་ཀུན་སེམས་རང་བྱུང་གི་ཡེ་ཤེས་སུ་གཅིག་ན་ཡང། འགྲོ་བ་གཅིག་སངས་རྒྱས་ན་ཀུན་སངས་རྒྱས་བར་རིཌ་པ་དང་།གཅིག་བ་ལྟུང ་ན་ཀུན་བལྟུང་བར་རིགས་པ་དང། གཙིག་ཤེས་བ་ཆེན་ཀུན་ཆེ། གཅིག་ཤེས་པ་ཆུང་ན་ཀུན་ཆུང། །གཅིག་འདུ་ཤེས་རྒྱ་ཆེ་ན་ཀུན་ཆེ། །གཅིག་འདུ་ཤེས་ཆུང་ན་ཀུན་ཆུང་།གཅིག་རྣོ་ན་ཀུན་རྣོ། །གཅིག་བརྟུལ་ན་ཀུན་བརྟུལ། གཅིག ་དོག་ན་ཀུན་དེག་།གཅིག་ཡངས་ན་ཀུན་ཡངས་།གཅིག་ཚོར་བ་གསལ་ན་ཀུན་གསལ། གཅིག་མི་གསལ་ན་ཀུན་མི་གསལ། གཅིག་དྲན་པ་གསལ་ན་ཀུན་གསལ། གཅིག་མི་གསལ་ན་ཀུན་མི་གསལ། བརྒྱད་པོ་དེ་ལྟར་ཐེ་ཚོམ་ཟ་བ། ་ཐ་དད་ཞེ་ན་བདུན་གྱིས་འགལ། ཅེས་པ། སངས་རྒྱས་ཀྱི་ཐུགས་དང་འགྲོ་བའི་སེམས་ཐ་དད་ན་ཡང། སངས་རྒྱས་སེམས་ཅན་གཉིས་རང་བཞིན་ཐ་དད་དུ་འགྱུར། ངོ་བོ་ཐ་དད་དུ་འགྱུར་བས་འབྲེལ་པ་མེད་པས་དོན་བྱར་མི་བཏུབ། ་འགྲོ་བ་སངས་རྒྱར་མི་བཏུབ། ཉོན་མོངས་པ་སྤང་ཞིང་སྒྲིབ་བ་བྱང་དུ་མི་བཏུབ། རྒྱལ་བ་བསྟན་པ་ལ་དགོས་པ་མེད། སོ་སོར་རྟག་པའི་མཐར་འགྱུར་བ་དང་བདུན་ནོ། །སེམས་ཅན་ཀུན་གྱི་རང་གི་ཡེ་ཤེས་ཐ་དད་ན་ཡང། ་རང་བྱུང་གི་ཡེ་ཤེས་སོ་སོ་ན་ཡོད་བའི་ཕྱིར། གཅིག་གིས་གཅིག་རིག་ན་གཞན་འབྱུང་དུ་འགྱུར་བ་དང། དེས་ཚིག་མེད། གཅིག་གི་གཅིག་མ་རིག་ན། ཡེ་ཤེས་སུ་མི་འགྱུར་རོ། །ཡུལ་མེད་པར་རིག་ན་དམ་བཅའ་ཉམས། ་ཤེས་པའི་རྣམ་པ་ཡེ་ཤེས་གཞན་དུ་སྣང་ངོ་ཞེ་ན། བདག་གཞན་གྱི་ཕྱོགས་ནས་རྣམ་པ་ཆ་གཉིས་ཡོད་པས་བཟུང་འཛིན་དུ་འགྱུར་རོ། །ཡེ་ཤེས་ལ་རིགས་བརྒྱུད་ལ་སོགས་པ་ཐ་དད་པ་བདུན་འོང ་བས་དུ་མའི་མཐར་འགྱུར་རོ། །དེ་གསལ་བ་ནི། དེ་བས་དགག་དང་སྒྲུབ་མེད་པའི། གཅིག་དང་དུ་མར་བྲལ་བའོ། །ཞེས་པ། སངས་རྒྱས་དང་སེམས་ཅན་གཅིག་དང་དུ་མའི་མཛའ་མ་བཀག་ལ་བྲལ་བ་སྒྲུབ་དུ་མེད ་པ་ནི་རིག་པ་རང་བྱུང་གི་ཡེ་ཤེས་ཉིད་གཅིག་དང་དུ་མ་དང་བྲལ་བ་དང་མ་བྲལ་པ་ཀུན་ཡིན་པས། བྲལ་མ་བྲལ་དབྱེར་མེད་པ་ལ་ཤུགས་སྣང་ལ་དགག་བསྒྲུབ་ལྟར་སྣང་ཡང། ཞེས་འདོད་ལ་ལྷག་བའི་དགག ་བསྒྲུབ་མེད་པས་སྐྱོན་དེ་དག་མི་འབྱུང་དེ། །གསུམ་པ་འཁྲུལ་སྣང་གཞི་ལ་ཡོད་མེད་སྟོན་པའི་ཕྱིར། གསུམ་པའི་སྔ་མ་རྟོག་སྐྱོན་དགུ་།ཞེས་པ། འཁྲུལ་སྣང་གཞི་ལ་ཡོད་ན་གཞི་འཁོར་བ་རང་རྒྱུད་རྟག་པའི་སྐྱོན ་གྱིས་སྒྲིབ་པ་མི་འབྱང། འཆིང་བུ་དབེས་སངས་མི་རྒྱ། རྒྱལ་བ་དང། འགྲོ་བ་རིགས་རྒྱུད་ཐ་དད་འབྱུང། བསྟན་པ་གསུངས་པ་ལ་དགོས་ཆེད་མེད། མྱ་ངན་འདས་པའི་སྣང་བ་འགག་།འཁོར་བ་མཐར་འགྱུར། ་འགྲེལ་པ་མེད་པས་དོན་བྱར་མི་ཏུབ། གཞིའི་ཆོས་དྲི་མ་ཅན་དུ་འགྱུར་བའོ། །ཕྱི་མ་མེད་པའི་ཐེ་ཚོམ་དག་སྐྱོན་གྱི་དངོས་པོ་བཅུ་གཉིས་བཞིའོ། །ཞེས་པ། གཞི་ལ་འཁྲུལ་པ་མེད་པ་ཡིན་ནའང། ལྷན་གཅིག་སྐྱེས ་པའི་མ་རིག་པ་མེད་པའི་སྐྱོན་དང། རང་བཞིན་ཆད་བའི་སྐྱོན་དང། མྱ་ངན་ལས་འདས་པ་མཐར་འགྱུར། འཁྲུལ་སྣང་འགག་།གཞི་མེད་པ་ལ་འཁོར་བ་སྣང་ན། འཁོར་བ་ལ་ཐོག་མ་འབྱུང་།རྒྱུད་དག་བ་ཡང ་འཁོར་སྒྲིབ་པ་སྦྱང་མི་དགོས། བསྟན་པ་ལེ་དགོས་ཆེད་མེད། ཡེ་ནས་གཞི་ལ་མེད་བ་ལས་སྣང་ན། མུ་སྟེགས་ཆད་པའི་སྣང་བར་འགྱུར། སྔ་ན་མེད་པའི་སྐྱོན་དང། གཅིག་ལ་གཅིག་མེད་པའི་སྐྱོན་དང། ཡེ་ནས་མེད་པ་དང་བཅུ་གཉིས་འབྱུང་དོ།། ་གཞི་ནི་འཁྲུལ་སྣང་ཡོད་མེད་གཉིས་སུ་མེད་པའི་དོན་དང་འགལ། བཀའ་ལུང་ལས་མི་སྣང་བ། གཏན་ཚིགས་ཀྱིས་མ་རྒྱས་པ། དེ་ལྟར་རིགས་བས་མི་ཐད་བའོ། །ཞོར་ལ་ཤེས་བའི་ཁྱད་པར་བསྟན་པ་ནི། མི་མཁས་མཁས་པའི་བསམ ་པ་ནི། ཞེས་པ། དབྱེ་ན། མི་མཁས་ཤིན་ཏུ་མི་མཁས་པ། ཞེས་པ། མི་མཁས་པའི་བསམ་པ་ལ་གཉིས་ཏེ། གང་ཞེ་ན། ཤིན་ཏུ་མི་མཁས་མཐར་ལྟ་བའོ། །ཞེས་པ། མུ་སྟེགས་པ་དང་སྐྱེ་བོ་དག་གོ་།མི་མཁས་ཡོད་མེད་བརྩོད་བྱེད་ཅིང ་དགག་དང། བསྒྲུབ་པ་གང་བྱེད་པ། དེ་དེ་དེ་ལ་ཆགས་སྡང་སྐྱེ། ཞེས་པ། ལྟོས་བའི་མི་མཁས་པ་དག་ནི། ཚད་མ་ཚུལ་ཡོད་ལ་བརྩོད། སེམས་ཙམ་པ་རྣམ་པ་ཡོད་མེད་ལ་བརྩོད། དབུ་མ་སྣང་པ་ཡོད་མེད་ལ་རྩོད་པ་བྱེད་ཅིང། རིཌ ་པ་མ་ཡིན་པའི་ཤེས་པའི་ཡུལ་ཆེད་དུ་འགེགས། རིགས་པའི་ཤེས་པའི་ཡུལ་སྒྲུབ་པར་བྱེད་པ་དེ་ནི། སྒྲུབ་པའི་དོན་ལ་བློ་ཆགས། དགག་བྱ་ལ་ཞེ་སྡང་བསྐྱེད་པས། བླང་དོར་མེད་པའི་དོན་མ་མཐོང་བའི་ཕྱིར་མི་མཁས་པའོ ་འོ་ན་མཁས་པ་གང་ཞེ་ན། མཁས་དང་ཤིན་ཏུ་མཁས་པ་ནི། ཞེས་པ། མཁས་པའི་བསམ་པ་དབྱེ་བ་ཉེ་བར་བསྟན་པའོ། །མཁས་པ་ཕལ་པ་དགག་བསྒྲུབ་ཅན། སྒྲུབ་པའི་དོན་ལ་བརྟེན་པར་བྱེད། ཅེས་བ། ཐེག་པ་ཆེན་པོ ་དབུ་དང་སེམས་ཙམ་པའོ། །དེ་ཡང་གསང་སྔགས་ལ་ལྟོས་ན་འཁྲུལ་པའི་ཕྱིར། བྱས་བའི་བཟུང་འཛིན་དཔར་གྱུར་པའི། མ་ནོར་ལམ་དང་བྲལ་བ་ཡིན། ཞེས་པའོ། །ཆེད་དུ་དགག་སྒྲུབ་བྱེད་བའི་དེས་པ་འཇོག་པའི་རྟོག? ་བ་སྐྱེས་བས། གསང་སྔགས་ཀྱི་ལྟ་བ་དང་བྲལ་བའོ། །གསང་སྔགས་མི་ཤིན་ཏུ་མཁས་པ་ཐམས་ཅད་ལ། །སེམས་ཕྱིར་དགག་དང་སྒྲུབ་མེད། ཞེས་པ། གསང་སྔགས་པ་ནི་ཤིན་ཏུ་མཁས་པའི་བསམ་པ་སྟེ། ་བདག་ཉིད་ཆེན་པོའི་གཏན་ཚིགས་ཀྱིས་དགག་སྒྲུབ་ཆེད་དུ་མི་བྱེད་པ་ཡང་རྟོགས་བྱེད་ཀྱི་ཐབས་དམ་པ་སྟེ། ཞོར་ལ་དགག་སྒྲུབ་ཅན་གྱི་ལྟ་བ་འགེགས་པ་དང། དགག་སྒྲུབ་མེད་པའི་དོན་སྒྲུབ་པ་ཡོད་མོད་ཀྱང། དགག་སྒྲུབ ་མེད་པའི་ཕྱོགས་གཅིག་པུར་ཁས་མི་ལེན་ཏེ། དོན་ནི་དེ་དང་རང་རིག་རང་སྣང་ཕྱིར། དགག་སྒྲུབ་མེད་པའི་ཡིད་མི་རྟེན། ཞེས་པ། དགག་སྒྲུབ་ཡོད་མོད་ཀྱི་ཆོས་ཐམས་ཅད་རང་རིག་པ་ཡིན་པས། དགག་སྒྲུབ་མེད་པའི་དོན ་ཆེད་དུ་དམིགས་པ་ཡུལ་དུ་མི་བྱེད་དོ། །དགག་སྒྲུབ་གཏན་ལ་འབེབས་པའི་དུས་དང། མཉམ་པ་ལ་བཞག་པའི་དུས་གཉིས་ཀ་ཆེད་དུ་བྱེད་པ་འཁྲུལ་པའི་ཕྱིར། དེ་ཕྱིར་སོ་སོ་དགག་བསྒྲུབ་ཅན། བསྒྲུབ་བའི་ཕྱོགས་ལ་ཞེན ་པའི་ཕྱིར། དེ་དེ་མེད་པ་ག་ལ་མཐོང། དེ་བས་རང་གི་བརྟགས་མཐོང་ཡིན། ཞེས་གསུངས་སོ། །ལན་དགུ་པ་ཞར་ལ་བསྟན་པའི་ཕྱིར། དེ་དེ་སྐས་གདང་ཇི་ལྟ་བ། ཁྱད་པར་གྲངས་དང་དོར་བ་མེད། ཞེས་པ། རྒྱུའི་ཐེག་པ་དེ་དང ་འབྲས་བུ་དེ་སྐས་གདན་ལྟར་ཁྱད་ཡོད་པའི་གྲངས་མི་འདོར་བས། བདུན་པོའི་སྐྱོན་རྒྱུའི་ཐེག་བ་ལ་གྲངས་ཇི་ལྟར་བརྗེད?་པ་ལྟར་འབྱུང་གི་།འབྲས་བུའི་ཐེག་པ་ལ་སྐྱོན་མི་འབྱུང་བར་སྨོས་པའོ། །དགོས་ཆེད་ནི། ཆ་ཡོད་དུག ་ལ་མི་རྟུབ་བཞིན། ལོག་ལྟ་གཉིས་སུ་ག་ལ་འགྱུར་།ཞེས་པ། དེས་དེ་བཞིན་དུ་རང་བཞིན་ལོག་པ་དང། ལྟོས་པའི་ལོག་པ་ལྟར་གསང་སྔགས་མི་འགྲོ་བའོ། །གཉིས་བ་ཐེ་ཚོམ་གསལ་བའི་ཕྱིར། གཉིས་པ་དེ་ལྟར་ཉིད་ལ། ་ཞེས་བ། གྲངས་ཀྱི་གཉིས་པ་དེ་ལྟ་བུར་ལྷུན་གྲུབ་དྲིས་པ། གྲུབ་པའི་ཐ་སྙད་དེ་ལྟར་མཚོན། ཞེས་བ། ལྷུན་གྱིས་གྲུབ་པ་ཕྱོགས་གཅིག་པ་འམ། ཕྱོགས་མེད་པ་གང་ཡིན་དྲིས་བའོ། །མ་གྲུབ་གྲུབ་ན་དེས་ཚིག་མེད་།ཅེས་པ། ཕྱོགས་མེད་ན ་གྲུབ་པའི་དང་ལ་རྟ་ལ་གླང་མ་གྲུབ་པ་ལ་སོགས་པ་ཡང་གྲུབ་ལས། གྲུབ་པ་གཅིག་བུའི་ངེས་ཚིག་མེད་བར་འགྱུར་རོ། །དེ་མ་གྲུབ་ན་དེ་བཞིན་ནོ། །ཞེས་པ། མ་གྲུབ་པར་བྲགས་པའི་ཆོས་ལྷུན་གྱིས་མ་གྲུབ་ནའང། མ་གྲུབ་བའི་ཆོས ་མ་རྫོགས་པས་ངེས་ཚིག་མེད་དོ། །གཞན་ཡང་མ་གྲུབ་པ་ཕྱོགས་གཅིག་པར་འགྱུར་བས་ཡོད་མཐར་ལྟ་བ་དང་།བདེན་པ་མཐོང་བ་ཡང་འཁོར་བ་དང། ཞེན་བས་འཚང་རྒྱ་བ་དང། དགེ་སྡིག་འབྲས་བུ་བསྣོལ་མར་འགྱུར་བ་ཡང ་གྲུབ་དགོས་པའི་སྐྱོན་དུ་འགྱུར་རོ། །དེ་གསལ་བའི་ཐབས་ནི། དེ་བས་སྲིད་དང་མི་སྲིད་ཀུན། ལྷུན་གྲུབ་ཕྱོགས་སུ་གྲུབ་བ་མེད། ཞེས་པ། ལྷུན་གྲུབ་ཀྱི་གཏན་ཚིགས་ཀྱིས་དགེ་བས་མཐོ་རིས་སུ་སྲིད་པ་ལ་སོགས་བ་དང། དགེ་བས ་ངན་སོང་དུ་མི་སྲིད་བ་ཀུན་ཡོད་མེད་གྲུབ་མ་གྲུབ་དབྱེད་མེད་བ་ལ་དགོས?་ཚད་ཀྱིས་ལྷུན་གྲུབ་དུ་བརྗོད་ཀྱིས། དོན་གྲུབ་གྲུབ་པོར་བརྗོད་པ་མེད་པས། ལྷག་པའི་ལྷུན་གྲུབ་ལ་སྐྱོན་དེ་དག་མི་འགྱུད། བཞི་པའི་སྔ་མ་སྐྱོན་དྲུག་གཉིས། ་ཤེས་པ། ཡེ་སངས་རྒྱས་པ་ཕྱོགས་གཅིག་པ་ཅིག་རིན་ཆེན་གླིང་དང། ཉི་མས་མཚོན་པ་སྒྲ་ཇི་བཞིན་དུ་བརྟགས་ན། མྱ་ངན་ལས་འདས་པ་མཐར་འགྱུར། སངས་རྒྱས་རིགས་བརྒྱུད་ཅན་དུ་འགྱུར། སྒྲིབ་བ་སྦྱང་མི་དགོས། ་ཏུལ?་བས་དོན་བྱང་མེད། སྒྲུབ་པའི་གང་ཟག་མེད་པས་ལམ་མི་དགོས། བསྟན་པ་གསུངས་པ་ལ་དགོས་ཚད་མེད། འཁོར་བའི་སྣང་བ་འགག། གལ་ཏེ་ན་བརྒྱུད་པ་ཡང་འཁོར། འཁོར་བ་ལ་ཐོག་མ་འགྱུར། གཞི་ལ ་འཁོར་བ་མེད་ལ་བློ་ལ་ཡོད་ན་བློ་དང་གཞི་ཐ་དད་པའི་སྐྱོན་འོང། ཐ་མི་དད་ན་བློ་ལ་ཡོད་པ་བཞིན་དུ་གཞི་ལ་ཡང་ཡོད་པར་འགྱུར། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ཡིན་ཞེ་ན། དེ་ཉིད་མ་ཡིན་པས་གཞི་ལ ་མེད་ཀྱང། གཞན་དུ་བརྗོད་དུ་མེད་པའི་ཚུལ་གྱིས་གཞི་ལ་ཡོད་པར་འགྱུར། སྒྲུབ་སྔགས་གཉིས་པ་དེས་ཡེ་ནས་སངས་རྒྱས་པའི་ཕྱོགས་ཀྱང་མིན་ནོ། །དེ་བཞིན་ཕྱི་མ་རྗེས་སུ་འཐུན། ཞེས་པ། གཞི་སངས་རྒྱས་མ་ཡིན་པར་འཁོར ་བ་ཡིན་ཞེ་ན། སྐྱོན་གྲངས་ཕྱི་མའང་སྔ་མའི་རྗེས་མཐུན་ཏེ། གཞི་འཁོར་བའི་མཐར་འགྱུར། གཞི་དྲི་མ་ཅན་དུ་འགྱུར། འགྲོ་བ་རང་རྒྱུད་པར་འགྱུར། དོན་བྱེད་པ་པོ་མེད་པར་འགྱུར། མྱ་ངན་འདས་པ་འགག། གལ་ཏེ་མྱ་ངན་འདས་པ ་ལ་ཐོག་མ་འབྱུང། འཁོར་བ་མཛའ་མ་འབྱུང་སྟེ། མཛའ་སྟོད་པར་འགྱུར། སྒྲིབ་པ་མི་འབྱོངས་པར་འགྱུར། འཁོར་བ་རྟགས་པའི་སྐྱོན་དང། འབྲེལ་བ་མེད་པས་དོན་བྱར་མེད་པ་དང། བསྟན་པ་གསུངས་པ་ལ་དགོས་ཆེད་མེད། ་གཞི་ལ་འཁོར་བ་ཡོད་ན། ཞེན་བློ་དང་ཁྱད་མི་འབྱུང་བར་འགྱུར་བ་དང་བཅུ་གཉིས་སོ། །གཉིས་མེད་ཞེ་ན་དུས་གསུམ་ལ། ཞེས་པ། ཡེ་སངས་རྒྱས་པ་ཡིན་མེན་གཉིས་ཀ་མ་ཡིན་ནའང། ཐུང་པོ་གསུམ་པ་དང། ལུང་དུ་མ་བསྟན ་པ་དང། འགལ་བ་འདུས་པ་འབྱུང་ངོ་ཞེ་ན། དེ་གསལ་བ་ནི་གཉིས་མེད་དང། ཞེས་པ། རང་རིག་ལ་ནི་སངས་རྒྱས་དང་སེམས་ཅན་དབྱེར་མེད་ནའང། འདི་སྐད་དུ། བཅིངས་མེད་རྣམ་པར་གྲོལ་མེད་པའི། ཡེ་ནས་ལྷུན་རྫོགས ་སངས་རྒྱས་ཆོས། ཤེས་གསུངས་པའི་དོན་ལ། དཔེ། སྨན་ཉིད་སྨན་གནོད་བདག་གནས་ལྟར། ཅེས་པ། སྨན་ཅིག་ཀྱང་ཕན་གནོད་གཉིས་ཀའི་ངོ་པོར་གནས་པ་ལྟར། ངོ་བོ་ཐ་དད་འགྱུར་བ་མེད། ཅེས་པ། སེམས་རྒྱལ ་འགྲོ་གང་གི་ཕྱོགས་སུ་མ་གྱུར་པས། ཡིན་མིན་ལུང་དུ་མ་བསྟན་པའི་སྐྱོན་མི་འབྱུང་ངོ། །ལམ་ས་འཁྲུལ་གཞི་ཡོད་མེད་པའི། ཞེས་པ། ཆོས་ཉིད་དང་ལ་འཁོར་གཞི་ཡོད་མེད་གཉིས། གཉིས་མེད་དང་གསུམ་ལ་གསུམ་པ་མཚོན་པ་སྒོ? ་སོ་སོར་བསྟན་ཀྱང། དོན་ལ་གཅིག་པར་མ་ཤེས་པ་དག་ཡོད་པ་རང་རྒྱུད་པ་དང། མེད་པ་རྣམ་དག་ཕྱོགས་གཅིག་པ་དང། ཕྱོགས་ཀྱི་གཉིས་མེད་ལ་འཁྲུལ་པར་སྨྲ་ན། སྐྱོན་ནི་གསུམ་པ་ཇི་ལྟར་གྲངས། ཤེས་པ། འཁྲུལ་སྣང ་ཡང་མེད་སྐབས་སུ་བཤད་པ་དང་མཐུན་པར་བགྲང་ངོ། །དེ་གསལ་བ་ནི། མིག་ཡར་གསུམ་ལ་དངོས་མེད་འདྲའི། ཆོས་ཡོད་བཞིན་པས། ཤེས་པ། འཁྲུལ་ཏུ་བཏུབ་པའི་དཔེ་ནི། ཐོ་ཡོར་དང་སམ་མོ་དང་ཐག་པ་ལ། ཡང་དག་པའི ་རྟ་སྦྲུལ་གྱི་ཤ་ཁྲག་མེད་ཀྱང། མི་རྟ་སྤྲུལ་དང་འདྲ་བའི་ཆོས་ཡོད་པས་འཁྲུལ་ཏུ་བཏུབ་པའི་རྐྱེན་གཞིས་བཏུབ་པ་བཞིན། རང་སེམས་ལ། དེ་དངོས་མེད་ཀྱང་རྒྱུ་རྐྱེན་དྲུག། རང་བཞིན་ལྷུན་གྲུབ་དཔག་བསམ་བཞིན། སོ་སོར་སྣང་བ། ་ཞེས་པ། སེམས་ལ་འཁོར་བ་རང་རྒྱུད་མེད་ཀྱང་མེ་ལོང་གི་གཡའ་བཞིན་འཁོར་བའི་རྒྱུ་གཉིས་རྐྱེན་གཞིས་གནས་པས་སྣང་དུ་བཏུབ་ལ། དཔག་བསམ་ཤིང་ལ་བསོད་ནམས་ཆེ་ཆུང་གིས་སོ་སོར་སྣང་བ་ལྟར། དག་དང་མ ་དག་པའི་སྤྱོད་ཡུལ་དུ་སྣང་ངོ། །གཞི་མ་རིག་པ་ཡང་དག་པར་རང་སྣང་བ་དང། ལྷན་གཅིག་སྐྱེས་པའི་མ་རིག་མཚུངས་པར་ཡོད་པ་དང། ཡོད་མེད་དབྱེར་མེད་པས་འཁྲུལ་གཞི་མེད་དོ་ཡོད་དོ་གཉིས་སུ་མེད་དོ། །ཞེས ་པ་བསྟན་པ་དོན་གཅིག་གོ་།དུས་གསུམ་དུ་རྒྱུན་དུ་འཁྲུལ་པ་ལྷུན་གྲུབ་པས། ཤེས་པ། དུས་དང་འཁྲུལ་གཞིའོ། །འགྲོ་འོང་འབྱུང་འཇུག་མེད་སྣང་བ། གཞི་ཡོད་མེད་དང་དབྱེར་མེད་མཚུངས། ཤེས་པ། ཆུ་རླབས་ཀྱི ་ཚུལ་དུ་འགྲོ་འོང་མེད་པར་འཁོར་བར་སྣང་བའི་གཞི་ཡོད་མེད་དབྱེར་མེད་དུ་གཅིག་པ་ལ་སྐྱོན་མེད་དོ། །དྲུག་པ་དེ་ལྟར་དེ་བདེན་ན། དེ་ལ་སྐྱོན་དུ་བྱ་བ་བདུན། ཞེས་པ། གོང་དུ་འཁྲུལ་ཚུལ་བསྟན་པ་ལྟར་བདེན་ཏོ། །ཡིད ་མེད་ཕྱོགས་ཅན་ལས་འཁྲུལ་ཏུ་བཏུབ་ན། ཐོ་ཡོར་ལ་རྟ་རུ་འཁྲུལ། སམ་མོ་ལ་མིར་འཁྲུལ། ཐག་པ་ལ་རྟར་འཁྲུལ་པར་རིགས། མི་སྲིད་པའི་ཆོས་གཞི་འབྱུང་བར་རིགས་ཏེ། དཔེ་སྐྱོན་བདུན་ནོ། །དེ་བས་འཁྲུལ་པའི་རང?་བཞིན ་འཁྲུལ་པ་ཉིད་དུ་རྟག་ནའང། འཁོར་བ་གཞི་ལ་གྲུབ་ནས། འཁྲུལ་པའི་རྒྱུ་རྐྱེན་གཉིས་ལ་རག་ཡི་ལུས་པའི་སྐྱོན་གཉིས། འཁྲུལ་པ་མི་སངས་པའི་སྐྱོན། གང་ཟག་དགོས་པ་རྩན་དུ་འཁོར་བ་ལ་མཛའ་མི་འོངས?། བདེན ་པ་མཐོང་དུ་མི་བཏུག་ཆོས་ཉིད་དུ་མ་འདུས་ཤིང་མ་ཁྱབ་པའི་སྐྱོན་འབྱུང་ངོ། །དེ་གསལ་པའི་ཐབས། ཐམས་ཅད་འཆིང་འགྲོལ་དབྱེར་མེད་ལ། ཞེས་པ། གཞི་ལ་འཁྲུལ་མ་འཁྲུལ་ཡོད་མེད་ཀྱི་བསྒྲོ་བསྐུར་མེད་པའོ། །གཉིས་མཐོང ་འཁྲུལ་བར་བལྟ་བའོ། །འཁྲུལ་།ཞེས་པ། །རང་བཞིན་མ་ཉམས་པར་བལྟ་བའོ། འཁྲུལ་པའོ། །དེ་བས་བླང་དང་དོར་མ་བྱེད། །བདེ་སྡུག་གནས་སུ་རིག་མ་བལྟ་།ཞེས་པ། དོན་གཉིས་མེད་ལ་ལྟ་སྤྱོད་ཀྱི་གང་མ་དག་ངག་གོ?་།བདུན ་པ་རང་རིག་སྤྱན་ཡིན་ན། དེ་ལ་སྐྱོན་བཅུ་འབྱུང་བར་འགྱུར། ཞེས་པ། རང་བྱུང་ཡེ་ཤེས་ལྟ་པའི་ངོ་བོ་ཡིན་ན། རང་བྱུང་ཡེ་ཤེས་གཅིག་པས་གཅིག་གིས་རྟོགས་ན་ཀུན་གྱིས་སྐྱོན་འབྱུང། སྐྱེ་མི་འབྱུང། རྒྱལ་བ་དང་འགྲོ་བ་ཁྱད་པར་མེད ་པར་འགྱུར། ལམ་ཆད། ད་ལྟ་ཉིད་ནས་ཐམས་ཅད་མཁྱེན་པར་ཐལ། གཞིར་ཐལ། སྒོམ་མི་དགོས། ཚིག་དང་ཡི་གེ་ལ་ལ་དགོས་པ་མེད། གཏོན་ལ་དབབ་མི་དགོས། མངོན་ཤེས་མ་བསྒོམ་པར་འཆར་བར་འགྱུར་བ་དང ་བཅུའོ། །དེ་གསལ་བ། དེ་བཞིན་ཉིད་ཀྱི་ཡེ་ཤེས་འདི། མི་ལྔ་བདག་པོ་ཀུན་གྱི་སེམས། ཤེས་པ། དེ་བཞིན་ཉིད་དང། ཆོས་ཀྱི་དབྱིངས་དང། མི་གནས་པ་དང། རང་བྱུང་དང། ལྷུན་གྱིས་རྫོགས་པའི་ཡེ་ཤེས་དང་ལྔའོ། །ངོ་བོ་འགྲོ་བ་ཀུན་གྱིས ་སེམས་སོ། །རང་སྤྱི་ཇི་སྙེད་ཇི་ལྟ་བ། རང་ཡུལ་མེད་པར་ངེས་གསལ་བ། ཞེས་པ། ལྟ་བའི་དོན་ནོ། །དཔེ་ནི། ནམ་མཁའ་ཨི་སྤྲིན་མཐོངས་འོད་བཞིན་དུ། ཞེས་པ། སྦྲིན་གང་དག་པ་ན། ཉི་མའི་འོད་དང་ནམ་མཁའ་གསལ་བ་ལྟར། རབ་རིབས་གང ་དག་ཤེས་རབ་སྣང། ཞེས་པ། ལོག་རྟོག་ཐ་དད་པའི་བསམ་རྒྱུད་གང་དག་པ་ལ་རིམ་པར་རང་བྱུང་ཡེ་ཤེས་སྣང་བས། སྟོབས་རྫོགས་མ་རྫོགས་ཀྱི་སྐྱོན་མེད་དོ། །བརྒྱད་པ་དེས་མཐོང་སྒྲིབ་བའི་གྲངས། །བརྒྱད་པ་བསྙད་པ་ཡན? ་ལག་བཅས། ཤེས་པ། དོན་མཐོང་བ་ལ་སྒྲིབ་པའི་ཐེ་ཚོམ་སྟེ་།དེའི་རྩ་བ་བདུན་ལ་སྐྱོན་གྱི་གྲངས་བརྗོད་ཟིན་པ་དེ་བསྡུ་ན། ཕྱག་རྒྱ་བཞི་པའི་གཞིར་གྱུར་པ། ངེས་པར་དོས་ཟིན་བྱ་བར་བསྙད། ཅེས་པ། འདི་སྐད་དུ་།བཀའ་དོན། ་གཏན་ཚིགས། རིགས་པ་གཞི། སྣང་དང། མི་འགལ། རྒྱས། འཐད་སྦྱར་ཞེས་པས་དོན་ངོས་གཟུང་ངོ། ལ་ཟླ་བ་ནི། མ་རིག་པ་ཉིད་ཡེ་ཤེས་གསལ། ཐེ་ཚོམ་ཉིད་ཀྱང་ངེས་པའི་སྤྱན། ལོག་རྟོག་ཉིད་ཀྱང་མ་ནོར་ཡམ། དེ་ལ་མི་མཐུན ་ཤེས་དང་བྲལ། ཞེས་པ། གསུམ་པོ་རིམ་པ་རང་སྣང་ཕྱིར། དེ་དག་གཉིས་སུ་མེད་པར་བསྟན་པ་ལ་འགལ་བ་འདུས་པར་བརྟག་ཏུ་མེད་པའོ། །དགུ་པ་འཇིག་རྟེན་འདས་དང་འཇིག་རྟེན་པའི། ཐེག་བའི་ལྟ་བ་གྲལ་བགོད?་ང། སྐས་གདད་ལྟ་བུར ་བསྟན་པ་དག་གོ་།ཀུན་དང་བདག་དང་བྲལ་བའི་ཕྱིར། འཇིག་རྟེན་ཤེས་འཕགས་ཅི་སྨོས་ཏེ། ཞེས་པ། ཉན་ཐོས་ཡན་ཅད་ཀུན་འཇིག་རྟེན་པའི་བདག་ཉིད་མེད་པར་འཕགས་མོད་ཀྱང། དེ་དག་ཉིད་ནི་དགག་དང་སྒྲུབ། ཞེས་པ། ཐེག་པ་ཆེ་ཆུང་ནད་པ་གོལ་ ་བ་མན་ཆོག་ལ་ཡོད་པས་ཁྱད་པར་ནི། རིམ་པར་ཡོད་མེད་ཁྱད་པར་དང། ལྟོས་པས་ཕྱེ་བ་ཁྱད་པར་ནི། ཞེས་པ། འཇིག་རྟེན་ལས་འདས་པའི་ཐེག་པ་རྣམས་ལྟ་བ་གཏན་ལ་འབེབས་པའི་ཚེ། འདི་སྐད་དུ། བདག་སྤོང་བདག ་མེད་བསྒྲུབ་པ་དང། གཟུགས་སྤང་ཕྱི་སྟོང་བསྒྲུབ་པ་དང། དོན་འགོག་སེམས་ཙམ་བསྒྲུབ་པ་དང། མཛའ་སྤོང་མཛའ་བྲལ་བསྒྲུབ་བ་དང། དྲི་སྤོང་དག་པ་བསྒྲུབ་པ་དང། མཚན་འགག་མཚན་མེད་བསྒྲུབ་པ་དང། བླང་དོར་འགག ་མེད་བསྒྲུབ་པ་དང། རྩོལ་སྤོང་རྩོལ་བྲལ་བསྒྲུབ་པ་དང། དེ་དག་ཀུན་ཀྱང་ཡོད་མེད་བདག་ཕྱིར། དགག་བསྒྲུབ་རང་གིས་མི་བྱེད་པའོ། །རིམ་པར་ཕྱེ་བའི་ཁྱད་པར་སྟོན། མཐོང་བ་དག་དང་མ་དག་པའི། རིམ་པས་དོན་གཅིག་ཁྱད་པར་སྣང། ་ཞེས་པ། ལྟ་བ་མ་དག་པའི་བྱིས་པ་གཉིས་སོ། །ལྟོས་པའི་མ་དག་པའི་རྗེས་སུ་རྣལ་འབྱོར་མན་ཅད་དོ། །འོ་ན་དག་པ་ཆེན་པོ་གང་ཞེ་ན། མཐོང་བ་དག་པ་ཀུན་མཐོང་བ་འདི། ཞེས་པ། ཐམས་ཅད་མཁྱེན་པའི་ལྟ་བའོ། །དེ་ཡང་འདི་སྐད་དུ། ་སྣ་ཚོགས་ཐེག་པའི་ལྟ་བ་དང། ཇི་སྙེད་བསྡོམ་པའི་བྱ་བ་རྣམས། སྤྱད་པར་བྱ་བ་མ་ཡིན་ཡང། མ་འདྲེས་ཡོངས་སུ་རྫོགས་པར་གསལ། ཞེས་འབྱུང་བས། ངོ་བོ་རང་བྱུང་ཐམས་ཅད་མཁྱེན་པ་དང། རང་བཞིན་ལྟ་བ་ཐམས ་ཅད་དང། མཚན་ཉིད་ལྟ་བ་གང་དང་ཡང་མ་འདྲེས་པ་དང། རྩལ་ལྟ་བའི་སྒྲིབ་པ་ཀུན་བཅོམ་པ་དང། བྱིན་རླབས་ལྟ་བ་ཀུན་འབྱུང་བ་དང། ཡོན་ཏན་ལྷག་པའི་ལྷ་དང། སངས་རྒྱས་ཐོབ་པས། གོ་འཕང་བླ་ན་མེད་བའོ། །བསྔོ ་བ་ཚོགས་ཀྱི་ལུང་ནི། ཀུན་ཤེས་བཞིན་འདྲ་རབ་རིབ་དྲི་མ་ཉིད། ཞེས་པ། འགྲོ་བ་ཀུན་གྱི་ཤེས་རབ་ཀྱིས་རང་གི་བཞིན་རང་གིས་མ་མཐོང་བ་ལྟར། མ་རིག་པས་སྒྲིབ་པ་ནི། བསྟན་པའི་མེ་ལོང་མཐོང་བསྒོམ་རང་དག་པར། འགྱུར ་བས་མ་འོངས་དེ་ཅན་ཆེད་བགྱིད་པའི་དགེ་རྩས་བདག་དང་མཛའ་ཡས་གྲོལ་བར་བསྔོ། ཞེས་པ། བཞིན་ལ་མེ་ལོང་བསྟན་པས། དྲི་མ་མཐོང་ནས་འདག་པར་བྱས་པ་བཞིན། འཕྲུལ་གྱི་ཚིག་དགུས་བསྟན་པའི་ཚིག་གི་སྒྲོན་མས། ལྟ་བ ་རྟོགས་པ་ལ་བསྒོམས་པས་སྒྲིབ་འདག་པར་འགྱུར་བས། མ་འོངས་པ་བདག་པས་བློ་དམན་པའི་དོན་དུ། འཕྲུལ་གྱི་མེ་ལོང་བརྩམས་པའི་དགས་ཀྱི་སྦྱིན་པའི་དགེ་རྩས། མཛའ་ཡས་པ་ཐེག་པ་ཆེན་པོར་གྲོལ་བར་དམིགས ་པའོ།། །།འཕྲུལ་གྱི་མེ་ལོང་དགུ་བསྐོར་ལ། །རིག་པའི་མེ་ཏོག་གིས་འགྲེལ་པའོ། །སློབ་དཔོན་ཆེན་པོ་བི་མ་ལས་མཛད་པ་རྫོགས་སོ།། །། *་།།ཐུགས་ཀྱི་སྒྲོན་མ་བཞུགས་སོ།། །། ་