| Wylie | e-texts based on the ACIP/ALL Input |
ཉེར་འོངས་ལེགས་ཚོགས་རབ་དངོས་དེ་ལ་འགྲོ་ཡིས། །ཡིད་ཅན་རྨོངས་བའི་དྲི་མ་ཀུན་བཀྲུས་ནས། །ཀུན་མཁྱེན་རིན་ཆེན་རྒྱ་མཚོར་འཇུག་པར་ཤོག། །། *། །འཕྲུལ་གྱི་མེ་ལོང་དགུ་བསྐོར་ཞེས་བྱ་བ་རྩ་འགྲེལ་བཞུགས་སོ།། །། *། །ཀུན་མཁྱེན་ཉིད་ལ་ཕྱག་འཚལ་ལོ། །རྣལ ་འབྱོར་ལྟ་བའི་སྤྱི་འབྲེལ་བརྡེག་།ལོག་རྟག་བྱང་ཆུབ་ཡུལ་སྣང་བའི། །ཆོས་ཀུན་སེམས་སུ་གཅིག་མི་གཅིག་།ལྷུན་གྱིས་གྲུབ་པ་གང་ལབ་ཀྱི། །དེ་ཉིད་སྣང་བ་ཡང་དམ་མེད། །ཡེ་ནས་སངས་རྒྱས་ཡིན་ནམ་མིན། །ཁམས་གསུམ་སེམས་ཅན་ཇི་ལྟར་འཁྲུལ། །འཁྲུལ་བ་ཉིད་ནད་ན་ཅི་ལ ་རྣལ་འབྱོར་ལྟ་བའི་ངོ་བོ་གང། །དེ་དག་དགོས་བའི་ཐེ་ཚོམ་གང། །དེ་རྣམས་ཁྱད་པར་ཇི་ལྟར་ཆེ། །འཕྲུལ་གྱི་མེ་ལོང་དགུ་བསྐོར་བཞིན། །གསལ་བྱེད་འཕྲུལ་ཚིག་དགུ་ཡིས་སྟོན། །སྒྱུ་མ་རྣམ་གཉིས་དཔྱོད་ཡུལ་ནི། །སེམས་ཀྱི་ཆོས་ཉིད་དང་དུ་གཅིག། །དེའི་དེ་ཉིད་ཇི་ལྟ་བ། །མཁའ་དང ་གཞའ་སྣང་ཇི་བཞིན་དུ། །ལོག་རྟོག་སེམས་རྒྱུད?་ཐ་དད་ཀྱང། །རིགས་རྒྱུད་མེད་ཕྱིར་དབྱེ་བ་དཀའ་། །སེམས་ཉིད་ནོར་བུ་རིན་པོ་ཆེ། །ཇི་ལྟར་དམིགས་ཤིང་སེམས་བར་སྣང། །འགོ་ལ་སེམས་རྒྱུད་གཉིས་འཆང། །དེ་ནི་དངོས་མེད་ཀུན་གྱི་གཞི། །ལོག་རྟོག་མུན་བའི་ཡུལ་སྣང་ཀུན། ། ་སེམས་ཕྱིར་མཛའ་ལ་བརྩོད་པ་མེད། །གང་ལ་ཡོད?་མེད་མེད་པ་ལྟར། །རྟོག་བའི་སྨྲ་བསམས་ཡུལ་ལས་འདས། །དེ་ནི་དེ་ཕྱིར་རྒྱལ་འགོ་ཞེས། །རིས་སུ་བཅད་པ་མེད་པ་ལ། །གཙང་དང་མི་གཙང་དངོས་གཅིག་བཞིན། །ཕྱོགས་སུ་བལྟས་ན་ནོར་བའི་བློ། །ཇི་སྙེད་འཇིག་རྟེན་འཁྲུལ་བའི་སེམས། །མེ? ་འོ་དག་?་དང་མཁའ་སྤྲིན་བཞིན། །རིག་དང་མ་རིག་གཉིས་མེད་པས། །ཕྱོགས་གཅིག་རྐྱེན་བྱ་དུས་སུ་འཁྲུལ། །འཇིག་རྟེན་བརྟན་གཡོ་ལ་སོགས་བ། །སྣང་བ་ཉིད་ན་རང་བཞིན་མེད། །རང་བྱུང་ཕྱི་ནང་མེད་སྣང་ཕྱིར། །དེ་དུས་རང་བཞིན་ཉམས་པ་མེད། །འཇུག་པའི་རྣམ་ཤེས་དེ་ལྟ་བ། ། ་ཤེས་རབ་ཐུན་མོང་སྤྱན་ཡིན་ནོ། །རང་བྱུང་ཡེ་ཤེས་ཚོགས་ཀུན་བདག་།ཤེས་རབ་ཅན་གྱི་མཆོག་ཡིན་ནོ། །རྡོ་རྗེ་ཡིད་ནི་དབང་མཆོག་ཕྱིར། །ལྟ་བ་མེད་ཕྱིར་རང་སྤྱི་ཆོས། །དབྱེར་མེད་ཕྱོགས་ལྟའི་འོད་བྲལ་བས། །མ་ནོར་རང་གི་མཚན་ཉིད་རྟོགས། །གསུམ་གཉིས་གཅིག་གི་? ་ཡང་?་དང་བོ་དངོས་དང་གསལ་བ་དང། །སྔ་མ་སངས་རྒྱས་སེམས་ཅན་དང། །སོ་སོ་སེམས་རྒྱུད་ཐ་དད་བ། །གཅིག་ན་བདུན་ལ་སྔ་རྟོག་སྐྱེ། །དེ་བཞིན་སེམས་རྒྱུད་བརྒྱད་ལ་ཟ། །ཐ་དད་ཞེན་དང་བདུན་གྱིས་འགལ། །དེ་བས་དགག་དང་སྒྲུབ་མེད་བའོ?། །གཅིག་དང་དུན་མེད་པའོ། །གསུམ་བའི་སྔ? ་མ་རྟོག་སྐྱོན་དབུ་ཁྱིམ?་མེད་པའི་ཐེ་ཚོམ་དག་།སྐྱོན་གྱི་དངོས་པོ་བཅུ་གཉིས་ཤིང། །མི་མཁས་མཁས་བའི་བསམ་བ་ནི། །མི་མཁས་ཤིན་ཏུ་མི་མཁས་བ། །ཤིན་ཏུ་མི་མཁས་མཐར་ལྟག་མི་མཁས་ཡོད་མེད་བརྩོད་བྱེད་ཅིང། །དག་གཅིང་བསྒྲུབ་བ་གང་བྱེད་པ།?་དེ་དེ་དེལ?་ཆགས་སྡང་སྐྱེ།། ་མཁས་དང་ཤིན་ཏུ་མཁས་བ་ནི། །མཁས་བ་ཕལ་ལ་དགག་སྒྲུབ་ཅན། །སྒྲུབ་བའི་དོན་ལ་བརྟེན་པར་བྱེད། །བྱས་བའི་བཟུང་འཛིན་དབང་གྱུར་བའི། །མ་ནོར་འམ་དང་བྲལ་ག་ཡིན། །ཤིན་ཏུ་མཁས་བ་ཐམས་ཅད་ལ། །སེམས་ཕྱིར་དགག་སྒྲུབ་པ་མེད། །དེ་ལ་རང་རིག་དང?་སྨད་ཕྱིར། །དགག ་སྒྲུབ་བྲལ་ལ་ཡིད་མི་རྟོན། །དེ་ཕྱིར་སོ་སོ་དགག་བསྒྲུབ་ཅན། །སྒྲུབ་པའི་ཕྱོགས་ལ་ཞེན་བའི་ཕྱིར། །དེ་དེ་མེད་བག་ལ་མཐོང། །དེ་བས་རང་གི་བརྟགས་མཐོང་ཡི། །དེ་དེ་སྐས་གདང་ཇི་ལྟར་ལྟ་པོ། །ཁྱད་བར་གྲངས་དང་དོར་བ་མེད། །ཆ་ཡོད་དུག་ལ་མི་འཐུང་བཞིན། །ལོག་ལྟ་གཉིས་སུ་ག་ལ་འགྱུར། ་གཉིས་པོ་དེ་ལྟར་དེ་ཉིད་ལ། །གྲུབ་བའི་ཐ་སྙད་ཇི་ལྟར་མཚོན། །མ་གྲུབ་གྲུབ་ན་ངེས་ཚིག་མེད། །དེ་མ་གྲུབ་ན་དེ་བཞིན་ནོ། །དེ་བས་སྲིད་དང་མི་སྲིད་ཀུན། །ལྷུན་གྲུབ་ཕྱོགས་སུ་གྲུབ་བ་མེད། །བཞི་བ་སྡམ་སྐྱོམ་དྲུག་གཉིས། །དེ་བཞིན་ཕྱིན་རྗེས་སུ་མཐུན། །གཉིས་མེད་ཞེ་ན་དུས་གསུམ ་ལུང་འབྱུང་ཞེས་བྱ་བའང་གཉིས་མེད་དང། །སྨན་ཉིད་ཕན་གནོད་བདག་གནས་ལྟར། །ངོ་བོས་ཐ་དད་འགྱུར་བ་མེད། །ཕྱོགས་ལས་ལོགས་པའི་ཐ་དད་མེད། །ལྔ་བ་འཁྲུལ་གཞི་ཡོད་མེད་བའི། །སྐྱེན་ནི་གསུམ་པ་ཇི་བཞིན་གྲངས། །མིག་ཡོར་གསུམ་ལ་དངོས་མེད་འདྲའི། །ཆོས ་ཡོད་བཞིན་བས་རང་སེམས་ལ། །དེ་དངོས་མེད་ཀྱང་རྒྱུ་རྐྱེན་དྲུག་།རང་བཞིན་ལྷུན་འགྲུབ་དཔག་བསམ་བཞིན། །སོ་སོར་སྣང་བ་དུས་གསུམ་དུ། །རྒྱུན་དུ་འཁྲུལ་ལ་ལྷུན་གྲུབ་བ། །འབྲ་ཡོ་འབྱུང་འཇུག་མེད་སྣང་བཞིན། །གཞི་ཡོད་དང་དབྱེར་མེད་མཚུངས། །དྲུག་བ་དེ་ལྟར་དེ ་བདེན་ན། །དེ་ལ་སྐྱོན་དུ་བྱ་བ་བདུན། །ཐམས་ཅད་འཆིང་འགྲོལ་དབྱེར་མེད་ལ། །གཉིས་མཐོང་འཁྲུལ་བར་བལྟ་བ་འཁྲུལ། །དེ་བས་བླུང་དང་དོར་བ་མེད། །བདེ?་སྡུག་གནས་སུ་རིས་མ་བལྟ། །བདུན་བ་རང་རིག་ཅན་ཡིན་ན། །དེ་ལ་སྐྱོན་བཅུ་འབྱུང་བར་འགྱུར། །དེ་བཞིན་ཉིད་ཀྱི་ཡེ་ཤེས་འདི། །མེ་ལྔའི་བདག?་པོ་ཚུན?་? ་སེམས། །རང?་སྤྱི་ཇི་སྙེད་ཇི་ལྟ་བ། །རང་ཡུལ་མེད་བར་ངེས་གསལ་བ། །ནམ་མཁའ་སྦྲིན་མཐོང་འོད་བཞིན་དུ། །རབ་རིབ་གང་དག་ཤེས་རབ་སྣང། །བརྒྱད་བ་ངེས་མཐོང་སྒྲིབ་བའི་གྲངས། །བརྒྱད་བ་བསྙད་བ་ཡན་ལག་བཅས། །ཕྱག་རྒྱ་བཞི་ཡཾ་བཞིར་གྱུར་ག། །ངེས་བར་ངོས་ཟིན་བྱ་བར་བསྙད། །མ ་རིག་པ་ཉིད་ཡེ་ཤེས་གསལ། །ཐེ་ཚོམ་ཉིད་ཀྱང་ངེས་བའི་སྤྱན། །ལོག་རྟོག་ཉིད་ཀྱང་ན་ནོར་ལམ། །དེ་ལ་མི་མཐུན་ཤེས་དང་བྲལ། །དགུ་བ་འདས་དང་འཇིག་རྟེན་བའི། །ཐེག་པའི་ལྟ་བ་གྲལ་བགོད་པ། །སྐས་གདང་ལྟ་བུར་བསྟན་བ་དག་།ཀུན་ཀྱང་བདག་དང་བྲལ་བའི་ཕྱིར། །འཇིག་རྟེན ་ཤེས་འཕགས་ཅི་སྨོས་ཏེ། །དེ་དག་ཉིད་ནི་དགག་དང་སྒྲུབ། །རིམ་བ་ཡོང་མེད་ཁྱད་བར་དང། །ལྟོས་བས་ཕྱེ་བའི་ཁྱད་བར་ནི། །བདག་སྤོང་བདག་མེད་སྒྲུབ་བ་དང། །གཟུགས་སྤོང་ཕྱི་སྟེང་སྒྲུབ་བ་དང། །དོན་འགོག་སེམས་ཙམ་སྒྲུབ་བ་དང། །མཛའ་སྤོང་མཛའ་བྲལ་སྒྲུབ་བ་དང། །དྲི་སྤོང་དག་བསྒྲུབ ་བོ?་དང། །མཆེད་གདོན?་ཚན?་མེད?་སྒྲུབ་བ་དང། །ཀླང་དོར་འགོག་མེད་སྒྲུབ་པ་དང། རྩོལ་སྩོ?་ཙ་བ?་བྲས་བསྒྱུར་བ་དག་དེ་དག་ཀུན་ཀྱང་ཡོད་མེད་ཕྱིར། །དགག་སྒྲུབ་རང་གིས་མི་བྱེད་པའོ། རིམ་པར་ཕྱེ་བའི་ཁྱད་བར་སྟོན། །མཐོང་ང་དག་དང་མ་དག་བའི། །རིམ་བས་དོན་གཅིག་ཁྱད་བར་སྣང། མཐོང་བ་དག་བ་ཀུན་མཐོང་འདི། །སྣ་ཚོགས་ཐེག ་བའི་ལྟ་བ་དང། །ཇི་སྙེད་བསྡོམ?་པའི་བྱ་བ་རྣམས། །སྦྱར་བར་བྱང?་མ་ཡིན་ཡང། །མ་འདྲིས་ཡོངས་སུ་རྫོགས་པར་གསལ། །ཀུན་ཤོས་བཞིན་འདྲ་རབ་རིང་དྲི་མ་ཉིད། །བསྟན་བའི་མེ་ལོང?་མཐོང་གོམས་རང་དག་སར། །འབྱུང་བས་མ་འོངས་དེ་ཅན་ཆེད་བགྱིས་པའི། །དགེ་རྩས་བདག་དང་མཛའ་ཡས་གྲོལ་བ ་?་དགུ་བསྐོར་རྫོགས་ཤོ?།། །། *། །འབྲེལ་བ་གསུང་སོ།། །། *། །རྣལ་འབྱོར་རིགས་པའི་མེ་ཏོག་འཕྲུལ་གྱི་མེ་ལོང་ལ་དང?་ཞབས་སུ་བསྡུས་བའི་དོན་བཞི་སྟེ། །ཕྱག་འཚ་མཆོད་པའི་ལུང་དང། དམ་བཅའ་?་སྡོམ་བའི་ལུང་དང། །གཞུང?་ལུགས་རྩ་བའི་ལུང་དང། །?་ཚོཌ ་