CLOSE WINDOW

N4704: dbang phyug byed pa po nyid sel ba dang khyab 'jug byed pa po gcig nyid sel bar byed pa zhes bya ba
Wyliee-texts based on the ACIP/ALL Input

སྒྲོལ་བའི་བླ་མར་ཤོག། །། །།དབང་ཕྱུག་བྱེད་པ་པོ་ཉིད་སེལ་བ་དང་ཁྱབ་འཇུག་བྱེད་པ་པོ་ཅིག་ཉིད་སེལ་བར་བྱེད་པ་བཞུགས།། །། ་རྒྱ་གར་སྐད་དུ། ཨའི་ཤྭ་ར། ཀིརྟར་ཏྭ་ནི་རཱ། ཀྲི་ཏིརྦིཥྞརོ་རེ་ཀ་ཀིརྟར་རྭ་ནི་རཱ་ཀ་ར་ཎརཾ་ནཱ་མ། གུ་རོ(མདོ་འགྲེལ་བོད་སྐད་དུ། དབང་ཕྱུག་བྱེད་པ་པོ་ཉིད་སེལ་བ་དང་ཁྱབ་འཇུག་བྱེད་པ་པོ་ཅིག་ཉིད་སེལ་བར་བྱེད་པ་ཞེས་བྱ་བ་སངས་རྒྱས་ལ་ཕྱག་འཚལ་ལོ། །བླ་མའི་ཞབས་ཀྱི་ཆུ་སྐྱས་དང། སྡོམས་སེམས་ལ་རང་གུས་བཏུད་ནས། སློབ་མ་བཟང་པོས་རྟོགས་བྱ་ཕྱིར། བདག་གིས་བརྩེ་བས་བྲི་བར་བྱ། ་ཨསྟི་པུ་ན་རཱི་ཤྭ་ར(མདོ་འགྲེལ་ཡང་དབང་ཕྱུག་བྱེད་པ་པོ་ཉིད་དུ་ཡོད་ཅེས་པ་འདི་ལ་རྣམ་པར་དཔྱད་པར་བྱའོ། །གང་བྱེད་པ་དེ་བྱེད་པ་པོ་དང། གང་བྱ་བ་བྱེད་པ་དེ་བྱེད་པ་པོའི་མིང་དུ་འགྱུར་ན། འདི་ལ་ཡང་ཁྱེད་རྣམས་ལ་སྨྲས་པ། ཅི་འདི་གྲུབ་པ་ཞིག་བྱེད་དམ་འོན་ཏེ་མ་གྲུབ་ཞིག་བྱེད། དེ་ལ་གྲུབ་པ་ནི་རེ་ཤིག་མི་བྱེད་དེ། ་སཱ་དྷ་ནཱ་བྷཱ་བཱཏ། ཡ་ཐཱ་སིདྡྷེ་པུརྒ་ལེ་པུ་ན(མདོ་འགྲེལ་སྒྲུབ་བྱེད་མེད་པའི་ཕྱིར་རོ། །དཔེར་ན་གང་ཟག་འགྲུབ་པ་ལ་ཡང་རྒྱུའི་བྱེད་པ་ཉིད་བྱེད་པ་པོར་མེད་དེ། སྔོན་ཉིད་དུ་གྲུབ་པའི་ཕྱིར་རོ། །ཅི་སྟེ་མ་གྲུབ་པ་བྱེད་ན། བྱེ་མ་ལ་ཏིལ་མར་མ་གྲུབ་པ་དང། རུས་སྦལ་གྱི་སྤུ་ལ་སོགས་པ་མ་གྲུབ་པས། དེ་ཉིད་བྱེད་ན། ཡང་འདིར་བྱེད་པ་པོ་ཉིད་ཀྱིས་མི་འགྲུབ་སྟེ། ་ཀུ་ཏ:། ཨ་སིདྡ་ཏྭ་བྷཱ་བཱཏ། ཨེ་བ་མ་སཽ་ཨ་ཐ་སིདྡྷཱ་སིདྡྷཾ་ཀ་རོ་ཏི་ཏ་ད་པི་ན་གྷ་ཊ་ཏེ། པ་རསྤ་ར་བི་རོ་རྡྷཱ་ཏ། ཡ(མདོ་འགྲེལ་ཅི་ལས་ཞེ་ན། དངོས་པོ་མ་གྲུབ་པའི་ཕྱིར་རོ། དེ་བཞིན་དུ་འདིའོ་ཅི་སྟེ་གྲུབ་པ་དང། མ་གྲུབ་པ་བྱེད་ན་དེ་ཡང་མི་འཐད་དེ། ཕན་ཚུན་འགལ་བའི་ཕྱིར་རོ། གང་གྲུབ་པ་དེ་གྲུབ་པ་ཉིད་དང། གང་མ་གྲུབ་པ་དེ་ཉིད་མ་གྲུབ་པ་སྟེ། དེ་ལྟར་ན་འདི་དག་ཕན་ཚུན་འགལ་བ་ཉིད་ཀྱི་ཕྱིར་རོ། །དཔེར་ན་སྣང?་བ་དང་མུན་པ་དག ་ཀྲཱ་ར་ཡོརྫཱི་བ་ན་མ་ར་ཎ་ཡོ་རི་བ། ཨ་ཐ་ཡ་ཏྲཱ་ལོ་ཀོ་བི་རྱ་ཏེ། ཏ་ཏྲཱནདྷ་ཀཱ་རོ་ནཱ་སྟི། ཡ་ཏྲཱནདྷ་ཀཱ་རསྟ་ཏྲཱ་ལོ་ཀོ་ནཱ་སྟི་ཨེ་བ། ཡོ་ཧི་ཛཱི་བ་ཏི་ས་ཛཱི་བ་ཏྱེ་བ། ཡོ་མྲི་ཏོ་མྲི་ཏ་ཨེ་བ་ས(མདོ་འགྲེལ་དང། གང་གསོན་པ་དང་ཤི་བ་དག་བཞིན་ནོ། ཡང་གང་ན་སྣང་བ་ཡོད་པ་དེ་ན་མུན་པ་མེད་དོ། གང་ན་མུན་པ་ཡོད་པ་དེ་ན་སྣང་བ་མེད་པ་ཉིད་དོ། གང་གསོན་པ་དེ་ནི་གསོན་པ་ཉིད་དང་གང་ཤི་བ་དེ་ནི་ཤི་བ་ཁོ་ན་སྟེ། དེ་ཉིད་ཀྱི་ཕྱིར་གྲུབ་པ་དང་མ་གྲུབ་པ་དག་གཅིག་པ་མེད་པའི་ཕྱིར། དབང་ཕྱུག་བྱེད་པ་པོ་ཉིད་དུ་ཡོད་པ་མིན་པ ་པེ་ཏི་མ་ཏེ། ཀིཉྩ་ཨ་པ་ར་མ་པི་དུ་ཥ་ཎཾ་སྱཱཏ། ཀི་སྭ་ཡ་མུཏཔ་རྱ་པ་རཱནཀ་རོ་ཏི། ཨ་ནུ་ཏཔནྣོ་བཱ། ཨ་ནུཏཔ་དྱ་ཙ་ས་ཡཾ། ཏཱ་བ་ཏ་པ་རཱ་ན་ཀརྟྟུཾ་ན་ཤཀནོ་ཏི། ཀུ་ཏ(མདོ་འགྲེལ་ཉིད་དོ་ཞེས་འདོད་དོ། སུན་འབྱིན་གཞན་ཡང་འགྱུར་ཏེ། ཅི་རང་ཉིད་སྐྱེས་པས་གཞན་བྱེད་དམ། འོན་ཏེ་མ་སྐྱེས་པས་བྱེད། རང་ཉིད་མ་སྐྱེས་པས་ནི་རེ་ཤིག་གཞན་བྱེད་པར་མི་ནུས་ཏེ། ཅིའི་ཕྱིར་ན། རང་ཉིད་མ་སྐྱེས་པའི་ངོ་བོ་ཡིན་པའི་ཕྱིར་རོ། དཔེ་ན་མོ་ཤམ་གྱི་བུ་ནི་མ་སྐྱེས་པས། ་ཀུརྡཱ་ལ་པཱ་ཏ་ནཱ་དི་ཀྲི་ཡཱ་ན་པྲ་བརྟྟ་ཏེ། ཏ་ཐཱ་ཨའི་ཤྭ་ར་སྱཱ་པི། ཨ་ཐ་ཙ་སྭ་ཡ་མུཏཔ་དྱ་པ་རཱནཀ་རོ་ཏི། ཏ་དཱ་ཀསྨཱ་དུཏཔ་ན:། ཀི་སྭ་ཏ(མདོ་འགྲེལ་ས་རྐོ་བ་ལ་སོགས་པའི་བྱ་བ་ལ་མི་འཇུག་པ་བཞིན་ནོ། དེ་བཞིན་དུ་དབང་ཕྱུག་ཀྱང་ངོ། ཅི་སྟེ་རང་ཉིད་སྐྱེས་པས་གཞན་བྱེད་ན། དེའི་ཚེ་རང་ངམ་གཞན་ནམ། གཉིས་ཀ་ལས་སམ། ཅི་ཞིག་ལས་སྐྱེ། འདིར་རང་ལས་སྐྱེས་པས་ནི་མ་ཡིན་ཏེ། རང་གི་བདག་ཉིད་ལ་བྱ་བ་འགལ་བའི་ཕྱིར། ཆོས་རྣོ་བའི་རལ་གྲིའི ་བཱ་ལ་དྷཱ་རཱ་སྭ་མཱདམཱ་ནི་ཛྪ་ཏྟུཾ་ས་མརྠོ་བྷ་བ་ཏི། ན་ཧི་སུ་ཤིཀྵི་ཏོ་བི་ན་ཊ་དྷ་ཊུ(མདོ་འགྲེལ་སོས་ཀྱང་རང་གི་བདག་ཉིད་ལ་གཅོད་པར་ནུས་པ་མེད་དོ། ལེགས་པར་བསླངས་པའི་གར་མཁན་མཁས་པས་ཀྱང་རང་གི་ཕྲག་པ་ལ་ཞོན་ནས། གར་བྱེད་ནུས་པ་མེད་དོ། ཡང་ཅི་རང་ཉིད་ཁོ་ན་བསྐྱེད་བྱ་དང་རང་ཉིད་ཁོ་ན་སྐྱེད་བྱེད་དོ་ཞེས། འདི་ལྟར་བལྟ་ཞིང་འདོད་ན། རང་ཉིད་ཕ་དང་རང་ཉིད་བུའོ་ཞེས་ཟེར་བ ་པུ་ཏྲ་ཡི་ཏི། ནི་ཥ་བཱ་དོ་ལོ་ཀ་བྲ་སིདྡྷ(མདོ་འགྲེལ་དང་འདྲ་སྟེ། འདི་ནི་འཇིག་རྟེན་ན་གྲགས་པ་ཡང་མེད་དོ། ཅི་སྟེ་གཞན་པ་ཉིད་ཀྱིས་ཀྱང་བྱེད་པ་མི་འཐད་དེ། ཇི་སྲིད་དབང་ཕྱུག་གི་ཐ་དད་པ་གཞན་མེད་པའི་ཕྱིར་རོ། །ཅི་སྟེ་བརྒྱུད་པས་འགྱུར་རོ་ཞེ་ན། དེ་ལྟ་གཞན་ལས་ཀྱང་ཐུག་གར་མེད་པར་ཐལ་བར་འགྱུར་ཏེ། ཐོག་མ་མེད་པའི་ཕྱིར་རོ། ་ས་ཧོ་ཡ་སྱཱ་དེ་ར་བྷཱ་བསྟ་སྱཱ་བ་སཱ་ན་སྱ་དཱུ་ཥ་ཎ་མ་བྷཱ་བ་ཨེ་བ། བཱི་ཛ་སྱཱ་བྷཱ་བེ་ཨདཀུ་ར་དཎྜ་ཤཱ་ཁཱ་པ་ཏྲ་པུཥཔ་ཕ་ལཱ་དཱི་ནཱ་མ་བྷཱ་བོ་བྷ་བ་ཏི། ཀུ་ཏོ་བཱི་ཛ་སྱཱ་བྷཱ་བཱ་ཏ། ནོ་བྷ་ཡ་ཏ(མདོ་འགྲེལ་གང་ལ་དང་པོ་ཡོད་པ་མིན་པ་དེའི་མཛའ་ཡང་སུན་འབྱིན་པ་མེད་པ་ཉིད་དོ། ས་བོན་མེད་ན་མྱུ་གུ་དང་སྡོང་བུ་དང་ཡལ་ག་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་སོགས་མེད་པར་འགྱུར་ཏེ། ཅི་ལས་ཞེ་ན་ས་བོན་མེད་པའི་ཕྱིར་རོ། །གཉིས་ག་ལས་གང་མིན་ཏེ། གཉིས་ཀ་སྐྱོན་གྱིས་སུན་ཕྱུང་པའི་ཕྱིར་རོ། དེའི་ཕྱིར་བྱེད་པ་པོ་མ་གྲུབ་བོ། ་ཨི་ཏི་ཨའི་ཤྭ་ར་ཀརྟརི་ཏྭ་ནི་རཱ་ཀྲི་ཏི་རྦིཥྞོ་རེ་ཀ་ཀརྟརི་ཏྭ་ནི་རཱ་ཀ་ར་ཎཾ་ས་མཱཔཏ་མི་ཏི།། །།ཀྲི་ཏི་རི་ཡ་མཱ་ཙཨཱ་རྱ་ཤྲཱི་ནཱ་གཱརྫུ་ན་པཱ་དཱ་ནཱ་མི་ཏི།། །ཁ་ལུ་ལོ་ཙ་དྷརྨ་པཱ་ལ་བྷ་དྲས་བསྒྱུར་བའོ། །ཏ་སྱ་ཤིཥྱེ་ཎ་ལི་ཥི?་ཏི། ་ཞེས་པ་དབང་ཕྱུག་བྱེད་པ་པོ་ཉིད་སེལ་བ་དང་ཁྱབ་འཇུག་བྱེད་པ་པོ་ཅིག་ཉིད་སེལ་བར་བྱེད་པ་སློབ་དཔོན་དཔལ་ལྡན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།ཚིགས་སུ་བཅད་པ་དགུ་པ་བཞུགས་སོ། །ཚིགས་སུ་བཅད་པ་བདུན་པ་དྲུད་པ་ཉིད་ཀྱིས་བསྒྱུར་བ། ། ་