CLOSE WINDOW

N4702: sdeb sbyor rin chen 'byung gnas zhes bya ba
Wyliee-texts based on the ACIP/ALL Input

བསྟན་པ་དང་ལུས་ཅན་དཔག་ཏུ་མེད་པ་ལ་ཕན་པར་གྱུར་ཅིག།། །།སྡེབས་སྦྱོར་རིན་ཆེན་འབྱུང་གནས་སྟག་ཚང་ལོ་ཚ་བས་བསྒྱུར་བ་བཞུགས་སོ།། །།རྒྱ་གར་སྐད་དུ། ཙྪནད་རཏན་ཨཱ་ཀ ་ར་ནཱ་མ། བོད་སྐད་དུ། སྡེབས་སྦྱོར་རིན་ཆེན་འབྱུང་གནས་ཅེས་བྱ་བ། འཕགས་པ་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ནང་གི་མཚན་མོ་བཤས་བྲལ་གྱི། །ནང་གི་ཐུབ་པ་ཉི་མ་ནི། །སྣང་བ་མཆོག་གི་བདག་ཉིད་ཅན། །རྒྱལ་བ་ཉི་མ་ལ ་ཕྱག་འཚལ་ལོ། །མདོར་བསྡུས་ཚིགས་བཅད་གསལ་བ་དང། །མདོ་ཡིས་དཔེར་བརྗོད་བགྱིས་པ་དང། །མ་འདྲེས་རིམ་ལྡན་འདོན་སླར་དང། །ཚོགས་མཐར་སྡོང་རྣམས་ཡོན་ཏན་ཡིན། །ཚིགས་བཅད་དེ་རྐང་བཞི་ད་ལ་སྔ། །བྲིཏྟ་ཛཱ་ཏི་ཞེས ་རྣམ་གཉིས། །ཡི་གེ་བགྲང་བ་བྲིཏྟ་ཏེ། །ཕྱི་མོ་བགྲང་བ་ཛཱ་ཏི་ཡིན། །གསལ་བྱེད་རྣམས་ནི་སུམ་ཅུ་བདུན། །འདིར་ནི་དབྱངས་ཡིག་ཉི་ཤུ་གཉིས། །འདི་རྣམས་ཡི་གེ་ལྔ་བཅུ་དགུ། །དབྱངས་ཀྱི་ཡི་གེ་བགྲང་བར་བྱ། །ཡང་བ་ལ་ཡིན་དྲང་པོ་དབྱངས།། ་ཐུང་ངུའོ་ལེགས་བྱས་ནུས་བཤད་ལ། །ལྕི་བ་ག་ཡིན་ལ་ཁྱོག?་པོ་ནི། །རྐང་བའི་མཛའ་རྣམས་ཕལ་ཆེར་ཏེ། །དབྱངས་དང་བྲལ་བའི་གསལ་བྱེད་ལས། །སྔ་མའང་ཤིན་ནུས་ནས་ཅི། །རིང་པོ་དང་ནི་བླུ་ཏའང། །གར་བསྒྱུར་བུད་མེད་ལྷ་ཡི་ལུས། །དབང ་པོ་མེ་ནུས་རྩེ་མོ་ཐོབ། །གསུམ་གྱི་ཐོག་མ་ལྕི་བ་བྷ། །དབུས་ལྕི་ཛ་ཡིན་མཛའ་ལྕི་ས། །ཐམས་ཅད་ལྕི་བ་མ་ཞེས་བྱ། །ཐོག་མ་ཡང་པ་ཡ་ཡིན་ཏེ། །དཔུས་ཡང་ར་དང་མཛའ་སྔ་ཏ། །ཐམས་ཅད་ཡང་བ་ན་ཏེ་བརྒྱད། །ཐོག་མ་བར་མཛའ་ཀུན་ལྕི་བ། །བྷོ་དང་རྗེ ་དང་ས་དང་མ། །ཐོག་མ་བར་མཛའ་ཀུན་ཡང་བ། །ཡ་དང་ར་དང་ཏ་དང་ན། །བསྡུ་བའི་ཚིགས་བཅད་དོ། །དྲུག་པ་ནས་བརྩམས་རེ་རེ་འཕེལ། །རྐང་པས་སྡེབས་སྦྱོར་རྣམས་རྟོགས་བྱེད། །དབྱེངས་སྒྲོག་རབ་དགའ་རྗེས་སྡེགས་དང། །བྲི་ཧཾ་ཧཱི་དང་འཕྲེང་ལྡན ་དང། །དེ་བཞིན་གསུམ་བསྔགས་ཅེས་བྱའོ། །སྐྱེ་འགྲོ་ནུས་ལྡན་ལེགས་སྤྱོད་དང། །བརྟེན་འཛིན་རྣམས་ལ་སོ་སོར་ནི། །རེ་རེའང་ཕྱི་མར་ཤིན་ཏུའོ། །བྱེད་ལྡན་དག་པའོ་རབ་དང་ཀུན། །རྣམ་དང་ལེགས་དང་ཤིན་ཏུ་དང། །ལྷག་པ་རྣམས་ལས་ཕྱི་མ ་ཡང། །དེ་ལྟར་དྲུག་བརྒྱད་རྟ་རྣམས་སོ། །མཉམ་དང་ཕྱེད་མཉམ་མི་མཉམ་ཞེས་བྱ་བ། །བྲིཏྟ་རྣམ་པ་གསུམ་དུ་རབ་བཤད་བྱ། །དེ་ནི་དབུས་ཕྲ་སོགས་དང་ཉེ་བཀྲ་སོགས། །ཁ་བསྒོ་ལ་སོགས་རྣམས་དང་གོ་རིམ་བཞིན། །འདོད་པ་རྣམས་ཀྱི་གནས་པ ་སྡོང། །འགྲམ་པའི་རྡུལ་སེལ་མིག་མཛེས་མ། །རྣ་པའི་ཨུཏཔལ་ཉམས་བྱེད་དང། །ཡོན་ཏན་ཟུང་བྱས་གཙུག་ན་བཟླས། །ཞབས་ཟེན་ཟེར་ལ་རབ་ཏུ་བདུད། །ཚོགས་ཆེན་སྟུག་བོར་གྱུར་པ་ལ། །གང་གི་རྒྱལ་མཚན་ཏོག་དག་གི། གྲགས་པ་འཕྲོ་བ་འདི ་ཉིད་ནི། །ས་སྐྱོང་ཉིད་དུ་རྣམ་པར་བཤད། །རྐང་པ་རྣམས་ཀྱི་མཛའ་ལའོ། །བྷ་སོགས་ཨུཏ་ལ་དེ་ལྡན་ནོ། །རྐང་པ་སོ་སོ་རྣམས་ལ་ནི། །ལྕི་བ་བ་ཡིན་ཡང་བ་ཀ། །གལ་ཏེ་ཏ་ཡ་དབུས་ཕྲ་བའོ། །གཞོན་ནུ་རོལ་པ་ཛ་ས་ག། །`?་1་ལྗི་ཡང་བཞི་པ་དེ ་འདྲ་མཚུངས། །2་ལ་ག་བཞི་པ་དེ་གཞལ་དཔག། 3་གལ་ཏེ། བྷ་ག་གཉིས་རྐང་པ་ཀ། 4་གལ་ཏེ་མ་གཟུང་ཀློ་གའི་ཕྲེང། །5་བྷ་ལས་ཏ་དང་ལ་དང་ནི། །ག་རྣམས་ཡོད་པ་བྲམ་ཟེའི་བུ། །`?་1་གལ་ཏེ་ར་ལས་ན་དང་ནི། །ས་དག་ཡོད་པ་གཤོལ་གདོང་ངོ།། ་2་ན་གཉིས་དང་ནི་མ་ཡོད་པ། །ལག་འགྲོ་ཁྱེའུའི་བུ་ཡིན་ནོ། །`་1་མདང་ས་དང་ཛ་དང་ག། དག་པའི་སྣང་བར་ཤེས་པར་བྱ། 2་མ་དང་ན་དཔལ་རྣམས་ལས། །ལྕི་བ་ངེས་བར་མཁར་རྡ?་རཾ་བཤད། །3་ར་དང་ཛ་དང་ར་རྣམས ་ནི། །ག་རྣམས་རྨཾ་བྱའི་འགྲོས་ཡིན་ནོ། །4་གང་ལ་བྷ་དང་མ་དང་ས། །གང་ཡོད་དེ་ནི་གསེར་ལྡན་ནོ། །5་མ་དང་བྷ་དང་ས་དང་གས། །བསྐྱེད་མ་མྱས་མཾ?་ཤེས་པར་བྱ། །`་1་ཧ་ལས་ཛ་གཉིས་ག་དང་ག་།ཅེས་པ་འདི་ནི་ཉམ་པར་འཁོར་འགྱུར། །8་གལ་ཏེ ་ཏ་གཉིས་ཛ་དང་ནི། །ལྕི་གཉིས་དབང་པོའི་རྡོ་རྗེའོ། །3་ཛ་དང་ཏ་དང་ཛ་དང་ནི། །ལྕེ་གཉིས་ཉེ་དབང་རྡོ་རྗེའོ། །དེ་མ་ཐག་ཏུ་བརྗོད་ཟིན་མཚན་ཉིད་དག་།སྣ་ཚོགས་རྟོག་པས་རྐང་པ་རྣམས་སུ་གྱུར། །དེ་གཉིས་མཉན་འོས་ངལ་བསོའི་སྤྲོས་ལྡན་གང ་དེ་རྣམས་དྲན་པའི་དབང་པོས་ཉེར་བསྐྱེད་བཤད། །5་བྷ་གསུམ་ལས་ནི་ག་གཉིས་པ། །དེ་ནི་འདོད་པ་འཇོ་བའོ། །ཙམ་དང་བ་དང་ར་གཉིས་ག། །རིག་བྱེད་འཇིག་རྟེན་ཤཱ་ལི་ནཱི། 7?་གལ་ཏེ་མ་དང་བ་དང་ས། །ར་དང་བ་ནི་ཆུ་བརླབས་འཕྲེད། ར?་།མ ་དང་བ་དང་ན་དག་དང། །བ་ནི་བུང་བ་རོལ་བའོ། །9་ར་ལས་ཕ་རོལ་ན་དང་ནི། །ལ་ག་རྣམས་ཤིང་རྟ་དྲེགས། །10་ར་དང་ན་དང་བྷ་དང་ག། རྣམས་དང་ལྗི་བར་ལེགས་འོངས་སོ། །11་ན་དང་ན་དང་ས་དང་ག། གཞེས་བྱ་བ་བཟླུམ་པོར་འགྱུར། །14 ་ན་དང་ན་དང་ར་དང་ལ། །ག་ཞེས་བྱ་བ་བཟང་ལྡན་ཉིད། །13་ར་དང་ཛ་དང་ར་དང་ནི། །ལ་དང་ལྗི་བ་དཀར་མོར་བརྗོད། །14་ཛ་དང་ས་དང་ཏ་དང་ནི། །ག་ག་རྣམས་ནི་ཉེར་གནས་འགྱུར། །`་1་ར་དང་ན་དང་བྷ་དང་སས། །རྒྱུ་ཞིང་འཁོར་བཟླ་པའི་ལཾ ་བར་ཛ་དང་ཏ་དང་ཛ་དང་ར། འདི་ནི་རིག་གནས་ཉིད་དུ་འདོད། །3་གང་ལ་རྟ་གཉིས་ཛ་དང་ར། །ངེས་པར་དབང་པོའི་རྒྱུད་དུ་འགྱུར། །4་ན་གཉིས་ག་དང་བ་ར་བ། །ནོར་དང་རིག་བྱེད་འདིར་སྦྱོང་བའོ། །5་ཛ་སུ་ཛ་སུ་དུས་ཟུང་པ། །ཆུ་མཐོར?་འགྲོ ་བ་ཉིད་ཡིན་ནོ། །6་ས་ཡིག་ཆུ་གཏེར་བྱས་པ་ནི། །དེ་ནས་འགྲོ་བར་བྱེད་པའོ། །7?་ན་དང་བྷ་དང་བྷ་དང་ནི། །ར་རྣམ་དལ་མྱུར་ཡིན་ཕར་སྨ། །2་ཡ་ཡིག་བཞི་པ་རྣམས་ཀྱིས་ནི། །ལག་འགྲོ་ལྟུང་བ་ཉིད་ཡིན་ནོ། །7་ར་ཡིག་བཞི་བ་དེ་ཉིད་ནི། །མེ་ཏོག་ཕྲེང་ཅན་ཅེས ་གྲགས་སོ། །10་ས་དང་ཛ་དངས་དང་ས། །རྣམས་ཀྱིས་ཡི་གེ་ཉུང་ངུར་གྲགས། །11་མ་དང་ག་བ་ར་དག་བ། །མདའ་རྟས་སྣ་ཚོགས་ལྷ་མོའོ། །12་མ་བ་ན་ཡ་ག་བ་སྟེ། །ཡན་ལག་མཚོ་ཡི་ཆུ་འཛིན་འཕྲེང། །13་ན་ན་རར་འདུས་པ་ནི། །ངལ་གྱི་འབབ་པ ་ཉིད་ཡིན་ནོ། །14་ན་དང་ཛ་དང་ཛ་དང་ར། །ཡ་མུ་ན་རུ་ཐུབ་པ་སྨྲ། །15་གལ་ཏེ་འདིར་ནི་ན་དང་ཛ། །བྷ་ཡ་འཕྲེང་བ་གསར་པའོ། །`་1་མུ་དང་ན་དང་ཛར་བ། །གསུམ་དང་ཕྱོགས་ཀྱི་ར་བ་དགའ་ཅན། །2་ཛ་བ་ན་ཛ?་ར་ཞེས་བྱ། །བཞི་དང་གཟའ་ཡིས ་དགའ་མཛེས་ཡིན། །3་མ་བ་བྷ་ཏ་ཡ་རྣམས་ཏེ། །དེ་ཉིད་ངལ་བསོ་རྨ་བྱ་མྱོས། །4་ས་དང་ཛ་དང་ས་དང་ས། །ག་ནི་སྙན་པའི་དང་བར་བཤད། །5་གལ་ཏེ་ས་དང་ཛ་དང་ས། །ཛ་དང་ག་རྣམས་འཇམ་པའི་དག། །2་མ་ག་བ་དང་ན་གཉིས་མ། །མ་དང ་དགུ་ཡིས་གནོད་མེད་ཡིན། །2་ན་ན་བ་དང་ཛ་ཛ་བ། །དབྱངས་རྣམས་གཞན་གྱིས་མི་ཐུབ་བོ། །3་ན་ན་བ་དང་ན་ན་བ། །དེ་རྣམས་མཚོན་ཆ་ཁ་འབུས་ཡིན། །4་ཏ་བྷ་ཛ་ཛ་ག་ག་དག། །དཔྱིད་ཀྱི་ཐིག་ལེར་ཤེས་པར་བྱ། །པས་ལ་པ་ན་གཞན་ར་དག་།ལྔ ་དང་གཟའི་ནོར་འཛིན་ཡིན། །3་2་ཡང་བ་མ་ནུའི་མཐར་ལྕི་བ། །འདི་ང་ནི་རི་བོང་ཅན་གྱི་ཆ། །2་འདི་ཉིད་རོ་དང་དགུས་ངལ་བསོར། །གྱུར་པ་གཞན་ནི་འཕྲེང་བའོ། །3་དེ་བཞིན་ནོར་དང་ཐུབ་པ་ཡིས། །ངལ་བསོ་ཡོན་ཏན་ནོར་བུའི་ཚོགས། །4་ན་ན་ག་པ ་ར་ར་བས། །བརྒྱད་དང་འཇིག་རྟེན་གྱིས་འཕྲེང་ལྡན། 5?་།ན་ཛ་བྷ་ཛ་ར་རྣམས་ནི། །རྣམ་བར་སྤེལ་འདི་རྒྱ་མཚོ་ཅན། །`་1་བྷ་ར་ཀ་ན་ན་ས་ལས། །ཐུབ་བུག་ཁྱུ་མཆོག་གླང་ཆེན་རྩེན། །འགལ་ཏེ་ན་ཛ་བྷ་ཛ་ར། །ལྕི་དེ་དེ་ཚེ་ལབ་རྒན་རྩི། །`་1་ཡ་མུ་ན་ས་བྷ་ལ ་བ?། རོ་དྲག་ང་ལ་གསོ་གཙུག་ཕུད་ཅན། །2་ཛ་ས་ཡ་བ་ན་ར་ར། །ནོར་དང་བཟང་སྣོད་ཡང་ལྡན་ནོ། །3་བྷ་ར་ན་བ་ན་ན་ག། །ཕྱོགས་ཐུབ་འོད་མའི་འདབ་ལྷུང་བ། །ད?་ན་སུ་མ་བ་ཛ་ཛ་བ?། །འོ་ཆུ་དབྱངས་ལ་རི་དོགས?་མོ། །5?་མ་བ་ན་སུ་ར་ར་བ། །ཚོང་དུས ་འཛིན་དེ་དལ་གྱིས་གནོན། །6་གལ་ཏེ་ན་ཛ་བྷ་ཛ་ཛ། །ཡང་ལྕི་དེ་ཚེ་བུམ་པ་ཅན། །2་ན་ཛ་བ་ན་བྷུ་བྷ་བ། །ཐུབ་རོ་ཆུ་གཏེར་ཁུ་བྱུག་གོ། `་1་མ་ལྕི་བ་ན་སུ་ར་གཉིས། །བ་རྣམས་དབང་དུས་འཇིག་རྟེན་གྱིས། །མེ་ཏོག་གཡོ་བའི་ཁྲི་ཤིང་ཡིན། །2་འདིར་མིན ་དང་ན་དང་ར། །བཞི་སྒྲིགས་ལྕགས་ཀྱི་མངའ་རུ་བཤད། །`་1་ཡ་མུ་ན་དང་སུ་ར་དག། བ་རྣམས་དྲུག་དུས་མགྱོགས་འགྲོ་ཡིས། །སྤྲིན་རྣམས་སྒྲོག་ཅེས་བྱ་བར་འགྱུར། །2་གལ་ཏེ་མ་དང་ས་ཛ་སུ། །ཏ་ཏ་བ་རྣམས་ཉི་མ་དང། །རྟ་རྣམས་ཀྱིས་ནི་སྟག་རྣམ ་རྩེ་ན། །1་གལ་ཏེ་མར་བ་ན་དང། །ན་བ་ཏ་སུ་རྣམས་ལ་ནི། །བདུན་ཏ་རོས་ཕྱི་ཞི་མཛས་ཡིན། །2་ར་ཛ་ར་ཛར་ཛ་དང། །ལྕི་དང་ཡང་བ་འདི་ལྟ་བུ། །ཟླུམ་པོ་ཞེས་ནི་བྱ་བར་འདོད། །1་མ་ར་བ་དང་ན་ན་བ། །ར་ར་བ་རྣམས་བདུན་གསུམ་གྱི། །སྡེད་པ་འཕྲེང་འཛིན ་ཞེས་བྱར་འགྱུར། །1་གང་ལ་བྷ་ར་ན་བ་ཛ། །ས་ཛ་ས་ཕྱོགས་ཉི་མར་ནི། །ངལ་གསོ་འདི་ནི་ཟབ་མོའི་དབྱངས། །1་ན་ཛ་བྷ་ལ་བ་ཛ་དང། །ས་དང་ཟ་སཱུང་འཕྲོག་བྱེད་དང། །ཉི་མར་ཐ་དད་རྟ་རོལ་པ། །འགལ་ཏེ་མ་མ་ག་བ་ན། །ལ་ཀ་ན་ན་ན་བ་རྣམས།། ་ནོར་པ་དང་ཕྱོགས་ཀྱི་མྱོས་མི་རྩེན། །བྷ་ལྕི་བ་བ་ན་ན་བ། །བྷ་ཟུང?་ན་ཡུ་རྣམས་ལ་མངའ་། །དབྱངས་གཉིས་ངལ་གསོ་ལུས་བྲར་འགྱུར། །`་1་བྷ་ག་བ་དང་བྷ་ག་བ། །ན་ཟུང་ལ་ཀ་ན་ན་བ། །མངའ་མངའ་ནོར་དང་ཐུབ་པར་ནི། །སྡོད་པ་ཁྲུང་ཁྲུང་རྐང་ཡིན་ནོ། ་རྟ་1་མ་ཟུང་ག་བ་ན་ཟུང་དང། །ལ་ཀ་སུ་དང་ཛ་ཟུང་དང། །བ་རྣམས་ནོར་ལྷ་མྱོས་སྲེད་དང། །ཐུབ་པས་ཡི་འགྲོ་རྣམ་བསྒྱིངས་སོ། །མ་ན་ནུ་དང་ན་ནུ་གཉིས། །ས་ག་བ་ཞེས་བྱ་རྣམས་ལ། །དགུ་དང་རོ་རོ་བྱེད་པ་རི་ན། །ངལ་བསོ་བཟློག་ཕྱོགས་འབབས་བར ་འགྱུར། `་འདི་རུ་རྒྱུན་ཆགས་དང་པོ་ནི། །ན་གཉིས་དེ་ནས་ར་དུན་གྱི། །གཏུམ་བའི་ཆེར་འབེབས་སུ་འགྱུར་རོ། །རྐང་པ་སོ་སོར་རེ་འཕེལ་རྣམས། འདིར་ནི་ཆུ་རྒྱུ་ན་རྒྱ་མཚོ་སྤྲུལ། །ཆ་ར་སྤྲིན་རོལ་པའི་འབྱུང་གནས་དང། །ཤིན་ཏུ ་གླུ་བུས་དང་དུང་སོགས་སོ། །འདིར་ནི་ར་ཡིས་ཇི་ལྟ་བར། །ཡ་ཡིས་རྒྱུན་ཆགས་རབ་བསགས་ཏེ། །ན་ཟུང་དག་ལས་ཡ་རྣམས་ཀྱིས། །གཏུམ་པའི་ཆར་འབེབས་སོགས་ཇི་བཞིན། །མཉམ་པའི་པྲིཏྟི?་རྣམས་སོ། །`་1་ཟུང་མིན་ས་གསུམ་ལ་ག ་དང། །གལ་ཏེ་ཟུང་ལ་བྷ་གསུམ་ལས། །གཟུང་ཅན་ནི་ཉེ་བཀྲིར?་སྨྲ། །2་བྷ་གསུམ་ཅན་ལས་ག་དག་སྟེ། །སླར་མིན་ཛ་ཛ་ཡ་རྣམས། །གལ་ཏེ་ལྡན་གྱུར་མྱུར་བའི་དབུས། །3་ས་གསུམ་ཅན་ལ་ལྕི་བ་དང། །བྷ་གསུམ་ཅན་ལ་ག་དག་ནི། །གལ་ཏེ ་ལྡན་ན་ཤུགས་ལྡན་མ། །4་ཟུང་མིན་ཏ་ཛ་ར་ལྕི་བ། །ཟུང་ལ་མ་ས་ཛ་ལྕི་ག། །གང་ལ་ལྡན་དེ་བཟང་པོའི་སྣད། །5་མི་མཉམ་པ་ཛ་ས་ལྕི་བ། །མཉམ་ལ་བྷ་ར་ན་ལྕི་བ། །གལ་ཏེ་ཌ་ན་ཏོག་ལྡན་མ། 6་ཅུང་མིན་ཏེ་ཟུང་ཛ་ལྕི་བ། །ཟུང་ལ་ཛ་ཏ་ཛ་ག་ལྕི། །གལ? ་ཏེ་ལྡན་ན་ཀ་ན་སྒྲགས་སོ། །7་འདིར་ཡང་ཛ་ཏ་ཛ་ག་ག། །ཏ་ཟུང་ཛ་ག་ལྕི་དེ་ནི། ཟློག་པའི་ཀུན་སྒྲགས་སྔ་མི་ཅན། །ངས་གསུམ་ཅན་ལས་ལ་དང་ག། ན་བྷ་བྷ་ར་རྣམས་ཀྱང་ནི། །གལ་ཏེ་དེ་ཚེ་རི་དགས་འཕྱོད། །7་གལ་ཏེ་ན་ན་ར་ལ་ག། །གལ་ཏེ་ན་ཛ་ཛ་ར་རི ་དེའི་ཆུ?་ན་གཞན་སྒོར་འདོད། །10་ཟུང་མིན་ན་ཟུང་ར་ཡ་དང། །ཟུང་ལ་ན་ཛ་ཛ་ར་ག། མེ་ཏོག་རྒྱས་པའི་རྩེ་མོར་བརྗོད། །12་ར་ཛ་ར་ཛ་དེ་བཞིན་དུ། །ཛ་ར་ཛ་ར་ག་རྣམས་ལས། །ཡ་ཝའི་སྒྲ་ལས་མ་རུས་ཡིན། །བུད་མེད་མཚུངས་བརྗོད་ནས་ལྡན་མ། །12 ་མི་མཉམ་བཅུ་དང་བཅུ་ནོར་ཡང། །གཅིག་ཤོས་བཅུ་དང་བཅུ་ཅུ་ཡང། །ཐ་མ་གཉིས་ཀ་ལྕིར་བྱས་པ། །རོལ་རྐང་རྣམ་སྤོ་གཙུག་ཕུང་ཅན། །13་མཉམ་དང་མི་མཉམ་རྐང་པ་ཡིས། །ཡོངས་བརྗོད་ངེས་གནས་ངེས་བྲལ་བྱས། །འདབ་མར་བཀོད་པའི་ངེས ་འདི་ནི། །རྐང་འཁྱོག་འགྲོས་ལྡན་མཐེང་པོ་དང། །མཚུངས་འདྲར་གྱུར་པ་མཐེང་པོར་བརྗོད། །ཕྱེད་མཉམ་པའི་བྲིཏྟ་རྣམས་སོ། །`་1་རྐང་པ་ཡིག་བརྒྱད་དང་པོ་ལ། །ས་དང་ན་མིན་མཚོ་ལས་ནི། །ཡ་རུ་གྱུར་པ་ཀ་སྒོའོ། །2་རྐང་པ ་ཟུང་དག་ཛ་ཡིག་གིས། །ཁ་སྒོ་ཕན་པ་ཞེས་པར་གྲགས། །3་ཛ་ཡིས་ཟུང་མིན་བརྗོད་འདི་ནི། །ཟློག་པ་དང་པོ་ཅན་གྱི་དེའོ། །4་ན་ཡིག་སྦྱོར་ལས་ཁ་སྒོ་དེ། །གྱ་གྱུ་ཅན་དུ་ཤེས་པར་བྱ། །ཟུང་ལ་བདུན་པ་ཡང་གྱུར་བ། །དེ་ན་ཐུབ་པས་ཡངས་མར་འདོད། ་6་ཐམས་ཅད་ནས་དེ་དེ་ཉིད་དེའི། །མཚོ་ལས་བྷ་ཡིས་དེའི་ཡངས་མ། །2་ར་ཡིས་དེ་བཞིན་ང་ལས་གཞན། །དན?་ཡིག་གིས་ཀྱང་དེ་བཞིན་ཡང། །7་ཏ་ཡིག་གིས་ཀྱོང་དེ་ལྟ་ཉིད། །10་མ་ཡིག་གིས་ཀྱང་དེ་ལྟར་ལྟ། །11་དེ་ལས་གཞན་པའི ་བླ་བྲེ་ཡིན། །རྐང་པ་ཀུན་ལ་ཐོག་མ་ལས། །ས་དང་ན་མིན་རྐང་བཟུང་གི། མཚོ་ལས་ཛ་དང་ཟུང་མིན་ལ། །ཕལ་ཆེར་ཇི་ལྟར་མཛེས་སྦྱོར་ལྷ། །ཁ་སྒོའི་བྱེ་བྲག་རྣམས་སོ། །`་1་རྐང་པ་དང་པོ་ཡིག་བརྒྱད་ཡིན། །འདི་ལས་ཕྱི་མར་རིམ་བཞིན་དུ། ་བཞི་དང་མངོན་འཕེལ་དེ་དང་དེ། །སྣ་ཚོགས་རྣམ་བཀོད་ཡང་དག་མཛེས། །རྐང་པ་རྐང་པར་རོལ་སྒེག་ལྡན། །རྐང་བཞི་འཕེལ་དུ་མཁས་རྣམས་སྨྲ། །2་འདིར་ནི་རྐང་བཞི་འཕེལ་དེ་ལ། །ཀུན་ཡང་རྐང་མཐར་ག་དང་ག། །རོལ་བསྒེག་བཅས་ཕན་ངལ ་གསོའི་འགྲོས། །འཇིག་རྟེན་དགའ་བསྐྱེད་ཨཱཾ་ལྡན་པའི། །པཱི་ཊར་གྱུར་དེ་ཀུན་ནས་གཅེར། །3་འདིར་ནི་ཡང་དག་ལྷུང་བ་ཡི། །རྐང་པ་རྣམས་ལམ་དང་པོ་ནི། །ཉེ་ལས་ཕ་རོལ་གནས་བྱས་ཀྱང། །དེ་ནས་དབུས་སུ་གནས་གྱུར་ལ། །གཅིག་ཤོས ་གསུམ་རྣམས་གཡོ་མེད་པར། །ངས་གནས་མེ་ཏོག་ཀ་མ་བྱ། །ཡང་དག་ཤིན་ཏུ་འདིར་ལྷུང་བའི། །རྐང་བ་དང་པོར་གྲགས་པ་དེ་།ཉེ་བའི་རྐང་བ་ཟུང་འདས་ལ། །ཅིག་ཤོས་རྐང་པ་གསུམ་རྣམས་ནི། །གཡོ་མེད་ངེས་གནས་ཡུད་ཙམ ་རོལ། །5་འདིར་ནི་རྐང་པ་དང་པོ་ཡིས། །གཅིག་ཤོས་གཡོ་མེད་གསུམ་འདས་པར། །ལྷུང་གྱུར་རྣམ་མང་རོལ་སྒེག་སྡོད། །མངོན་དགའ་བསྐྱེད་འདི་བདུད་རྩིའི་རྒྱུན། །རྐང་བཞི་འཕེལ་གྱི་བྱེ་བྲག་རྣམས་སོ། །`་1་སྔ་མ་ས་ཛ་ས་དང་ལ། །ནས་ཛ་ལྕི ་དེ་མ་ཐག། དེ་ནས་བྷ་ན་ཛ་ལ་ག། །དེ་ནས་ས་ཛ་ས་དང་ཛ། །ལྕི་འགྱུར་འདི་ནི་སྟོང་འགྲོ་ཉིད། །2་གསུམ་ནི་སྟེང་འགྲོ་དེ་འདྲར་འགྱུར། །གསུམ་པ་གཞན་དུ་ཤེས་བྱ་སྟེ། །5་ན་བྷ་དང་ལྕི་སྒྲིགས་པ། །དེ་འདྲ་དྲི་ཞིམ་ལན་དུ་བརྗོད། །3་གསུམ་པར་ན་ཟུང་ས་དག ་འགྱུར། །རྐང་བ་ཞེས་བྱ་གཞན་གསུམ་ལ། །རབ་སྤྲོས་ཚིག་བཀོད་རོལ་སྒེག་ལྡན། །རོལ་པར་སྙན་ངག་མཁན་རྣམས་བཞེད། །སྟེང་འགྲོའི་བྱེ་ཕྲག་རྣམས་སོ། །`་1་དང་པོ་མ་ས་ཛ་བྷ་ལྕི། །དེ་ནས་ས་ན་ཛ་ར་ག། ཕ་རོལ་ན་གཉིས་དང་ནི་ས། །དེ་ནས་ན ་གསུམ་ཛ་ཡ་འདི། །ཉེ་བར་གནས་པའི་ངལ་འགྲོར་བརྗོད། །2་རྐང་པ་གསུམ་པར་ན་ཟུང་དང། །ས་དང་ན་ཟུང་ས་ཡིན་ལ། །གཞན་ཀུན་ངལ་འགྲོ་དང་འདྲ་བར། །རྐང་པར་གནས་པའི་མཚན་ཉིད་ཀྱི། །བསྒྲུབ་པ་སོ་སོར་ངེས་དེ་ནི། །སྙན་དངགས་མཁན ་གྱིས་འཕེལ་ལྡན་བརྗོད། །གང་ཚེ་གསུམ་པར་ཏ་ཛ་ར། །འདི་ཡི་དང་པོ་ངལ་གསོ་ཏེ། །གཞན་གསུམ་ངལ་འགྲོ་དག་དང་ཚོགས། །མཚུངས་གྱུར་དག་པ་སྣང་ལྡན་གྱིས། །ཁྱད་པར་རབ་མཆོག་ལྡན་དུ་བརྗོད། །མི་མཉམ་པའི་བྲཏྟེ་རྣམས་སོ། །དེ་ལྟར ་བྲིཏྟ་འི་རྣམ་ཐར་བརྟག་པ་བཤད་ཟིན་ཏེ། །`་ཕྱི་ནས་ཛཱ་ཏི་མངོན་བརྗོད་བྱ། །ཡང་བ་ཕྱི་མོ་གཅིག་ཡིན་ཏེ། །ལྕི་གཉིས་གསལ་བྱེད་དག་གིས་མིན། །བྷ་ཛ་ས་དང་ལྕི་བ་ཟུར། །ཡང་བ་བཞི་ཚོགས་དེ་ལྔ་པོ། །ཕྱི་མོ་བཞི་པའོ་ཅ་ཡིན་ལ། །ཡང་བ་བཞི ་པོ་ཁ་ཡང་ཡིན། །ཕྱི་མོ་གཅིག་གཉིས་ཀ་དེང་ང། །འདབ་མ་འདབ་མར་ཚོགས་བརྒྱད་ས། །མི་མཉམ་རྣམས་ལ་ཛ་སྤངས་ཤིང། །ཕྱི་མེ་ཕྱད་ལ་དྲུག་པ་ཀ། གཉིས་ཀའི་བརྒྱད་པ་ང་ཡིན་ལ། །ལྷག་མ་ཙ་རྣམས་འཕགས་མར་འགྱུར། །31?་ཕྱེད་སྔར་སྲུག?་པ ་ཛའམ་ཁ། ཁ་ལ་སྔོན་དུ་ཡང་བའི་སྡོད། །ཕ་རོལ་ཁ་ལ་དྲུག་པའི་མཐར། །འདབ་མ་ཕྱི་མར་བཞི་པའང། །ཟུང་མིན་རྐང་པ་ཙ་གསུམ་གྱིས། །རྫོགས་པ་དེ་ཚེ་བའི་འཕྲོད་པར་འགྱུར། །ལྟར?་ཟུང་མིན་གཅིག་ཀྱང་རྫོགས་མིན་པ། །དེ་རྣམས་ཀྱི་ཚེ ་ཡངས?་མ་ཡིན། །?་གལ་ཏེ་གཉིས་པ་བཞི་པའི་ཚོགས། །ལྕི་གཉིས་དབུས་བཞུགས་ཛ་དག་བཤད། །ཕྱེད་པ་གཉིས་ལ་གྱུར་དེ་ཚེ། །ཀུན་ནས་གཡོ་བར་གྱུར་པ་ཡིན། །?་གལ་ཏེ་སྔ་ཕྱེད་འབའ་ཞིག་ཉིད། །གཡོ་བ་ཡིས་ནི་མཚན་ཉིད་གྱུར་།སླར་ཡང ་ཕྱི་ཕྱེད་ལ་གྱུར་མིན། །དེ་ཚེ་དེ་སྒོ་གཡོ་བར་འགྱུར། །?་གང་ལ་བསྟན་པའི་གཡོ་མཚན་ཉིད། །སྔ་མ་ཕྱེད་ལ་སྤངས་ནས་ཀྱང། །ཕྱི་མར་གཅིག་པུར་བསྟེན་ནས་བཞུགས། །དེ་ནི་ལུས་བསྟེན་གཡོ་བའོ། །?་གང་དུ་འདབ་མ་གཉིས་ཀ་ཡང། །དྲུག་ཚོགས ་ཛ་འམ་ཁ་ཡིག་གྱུར། །ཕྱེད་སྔ་བཞིན་དང་ལྷག་མ་ཡང། །སོ་སོར་ངེས་གྱུར་དེ་དབྱིངས་འགྱུར། །?་གང་གི་འདབ་མ་གཉིས་ཀའི་ཡང། །དྲུག་པའི་ཚོགས་ནི་ཀ་ཉིད་གྱུར། །ཕྱེད་ཕྱི་བཞིན་དང་ལྷག་ངེས་པ། དེ་ནི་ཉེ་བའི་དབྱངས་སུ་སྨྲ། །2་གང་དུ་སྔ ་ཕྱེད་དྲུག་གྱུར་ཀ། ཕྱི་ཕྱེད་ལ་ནི་ཛ་འམ་ཁ། །ལྷག་ངེས་འདབ་མ་ལོག་པ་ལས། །གྱུར་པ་དེ་ནི་མཆོག་དབྱངས་ཡིན། །3་འདབ་མ་འདབ་མར་བརྒྱད་རྣམས་ཙ། །དྲུག་བའི་ཚོགས་ནི་ཛ་འམ་ཁ། །ཕྱེད་སྔ་བཞིན་དང་ལྷག་སོ་སོར། །དེས་དེ་འཕགས ་པའི་དབྱངས་སུ་འགྱུར། །འཕགས་མའི་ཛཱ་ཏི་རྣམས་སོ། །ཟུང་མིན་དང་པོ་ད་གསུམ་པ། ཟུང་ལ་ད་བཞི་ཕྱི་མ་ལ། །ར་ལ་ག་ཏེ་ཡང་བ་དྲུག་།བར་མ་ཆད་དུ་མ་ཡིན་པ། །དེ་ནི་རོ་ལངས་ཅན་དུ་བརྗོད། ?་དང་པོ་རོ་ལངས་ཅན་ལྟ་བུ། །ཕྱི་མར་ཡ་ཉེ་སྡེབ ་སྦྱོར་?་དང་པོ་རོ་ལངས་ཅན་མཚུངས་འདིར། །བྷ་ག་ག་མཛའ་ཀུན་ནས་སྲབ། །?་ཟུང་ཐོག་ད་ལས་ཕྱིས་ཛ་དང། །ལྷག་མ་སྔོན་འདྲ་རབ་འཕེལ་ཡིན་གཟུང་མིན་དང་པོ་ཛ་ད་དག། །ལྷག་མ་སྔོན་འདྲ་ཕྱི་འཕེལ་ཡིན། །རྟ་ཟུང་མིན་ཆ་ནི་ཕྱི་འཕེལ ་གྱི། ཟུང་ཚེ་རབ་འཕེལ་ཀུན་འཕེལ་ལོ། །ཀུན་འཕེལ་ཟུང་ནི་གཞན་མཛའ་ཅན། །?་ཟུང་མིན་རྐང་པས་མཛེས་རྒོད་མ། །རོ་ལངས་ཅན་གྱི་ཛཱ་ཏི་རྣམས་སོ། །རྟཾ་ཀང་པ་རྐང་པར་ཆུ་གཏེར་ཙ། །ལྕི་མེད་མི་གཡོ་བརྟན་པའོ། །འདབ་ལས་ཡང་ཞིང་མཛའ་ལྕི་བ། ་ཕྱི་མོ་མཉམ་པ་ཉིད་ཡིན་ནོ། །ཙ་གཉིས་ལས་བྷ་ཉེར་བཀྲ་ཡིན། །ཙ་ལས་ཁ་འམ་ཛ་ཉིད་ནི། །ཁྱད་པར་ཚིགས་བཅད་ཉིད་ཡིན་ནོ། །?་ཕྱེད་ལས་ཁ་འམ་ཛ་ཉིད་ནི། །ནགས་ཁྲོད་གནས་པ་ཉིད་ཡིན་ནོ། །?་གལ་ཏེ་ཙ་ཞེས་བྱ་བ་ལས། །ས་གཉིས་པ་དེ་བཀྲ ་བའོ། །?་བཤད་མ་ཐག་པའི་མཚན་ཉིད་རྟེན། །ཕྱི་མོ་མཉམ་སོགས་རྐང་པ་དཀྲུགས། །བྲིཏྟའི་ཚད་རྣམས་རྟོགས་མེད་པ། །རྐང་དཀྲུགས་སུ་ནི་ཐུབ་པས་བརྗོད། །གང་གི་ཕྱེད་ལ་བརྒྱད་བརྒྱད་པ། །ཕྱི་མ་གཞན་ཀུན་ཡང་བ་ནི། །ཆུ་གཏེར་ནོར་བསྒྱུར ་རྐང་པ་སྤྲོ། །དེ་ནི་ལུས་མེད་རྩེན་དུ་བརྗོད། །རྟ་འདབ་རེར་བཅུ་བཅུ་བཅུ་ཡང་བ། །བཀོད་མཐར་ལྕི་བྱས་གསལ་མཛེས་མ། །?་ཛ་མེད་རང་གི་ཐོག་མིན་པར། །བྷ་བྲལ་ཙ་ད་ཀ་ད་ཀ། ཙ་གསུམ་ཛ་ག་ཞེས་དུམ་བུ། །ཕྱི་མོ་མཉམ་པའི་བྲིཏྟ་རྣམས ་སོ། །ཛཱ་ཏི་རྣམས་བཤད་ཟིན་ཏོ། །?་བྲིཏྟའི་དང་པོར་ཐམས་ཅད་ལྕི། །ལྕི་གཙོའི་འོག་ཡང་ཕྱི་རྣམས་འདྲ། །སྔ་མར་ལྕི་འདི་སྲས་ཏཱ་ར། །ཇི་སྲིད་ཐམས་ཅད་ཡང་དེ་སྲིད། །སྡེབས་སྦྱོར་སོ་སོར་གཉིས་འགྱུར་གྱི། །ཕྲེང་རིང་སྟེང་ལྕི་འོག་ཡང་བ། །ཉིས ་འགྱུར་ལྕི་ཡང་ཚོགས་རྣམས་ཀྱིས། །རེ་རེར་རིམ་སྤེལ་བྲས་ཏཱ་ར། །འདི་འདྲ་འདི་ལྟར་ཅི་ཞེས་པས། །དེ་བཀེད་འབྲས་ལས་འདའ་མ་བྱ། །གཅིག་བཅས་མི་མཉམ་འདབ་མ་ལྕི། །འདིར་མཉམ་ཡང་འབྲས་ནཥྚའོ། །སྟེང་དུ་གཅིག་སོགས་རིམ ་པས་ནི། །ཉིས་འགྱུར་བྲིས་ཏེ་ཡང་བའི་སྟེར། །སྡོམས་པས་གཅིག་དང་བཅས་འདི་ལྟ། །ཉིད་ཡིན་ཅེས་པ་ཨུད་དིཥྚ། །གཟུགས་བཀོད་ཡི་གེའི་གྲངས་ཀྱིས་བསླངས། །མཉམ་པ་སྟེང་དུ་བཅུག་པ་ཡིས། །ལངས་པ་རིམ་པས་ཐུང་ངུ་སྟེ། །བྲིཏྟ་ཡང ་མེད་གཅིག་ཡང་སོགས། །དང་པོར་གཟུགས་ནི་མ་བྱས་ཀྱང། །སྟེང་བཞུགས་གང་བྲི་དེ་ནས་འོག། གནས་པའི་རང་དང་འོག་མཉམ་བསྲེ། །བྲིཏྟ་ཡང་མེད་གཅིག་ཡང་སོགས། །བྲིཏྟ་རྣམས་ཀྱི་གྲངས་ཀྱི་གཟུགས། །དུང?་གིས་ཡི་གེའི ་གྲངས་སུ་བསྒྱུར། །ུད་དིཥྚའི་ཨམ་ཀའི་མཛའ་། །གཉིས་འགྱུར་ཡང་བའི་བྱ་བ་བསྡུ། །གྲངས་ཉིད་ཡི་གེས་བསྒྱུར་དེ་ནས། །དེ་ཕྱེད་དེ་ནས་གཉི་ཀའང་སྡོམ། །དང་པོར་ཡི་གེ་དབུས་ལྕི་ཡང། །དེ་ནས་ཕྱི་མ་རྣམས་ཡིན་ནོ། །ཡི་གེ་བྲིཏྟ་གཉིས་ཀྱིས ་བསྒྱུར། །གཅིག་དམན་ཨ་དྷཝ་འཕྲེད་དང་འོག། །ལྕི་ཡང་རྣམས་ཀྱིས་དང་ནི། །དེ་ལ་བར་ཡང་མཚུངས་པའོ། །མཉམ་པའི་བྲིཏྟ་རྣམས་ཀྱི་པྲས་ཏཱ་ར། །མཛའ་དག་ལ་རྟོགས་བྱེད་དྲུག་པོ་རྣམས་བཤད་ཟིན་ཏོ། །?་བྲིཏྟ་འམ་ཛཱ་ཉི་རེ་རེ་ལ། །ལྕི་ཡང་ཡི་གེ ་ཕྱི་མོ་རྣམས། །གྲངས་ནི་ཤེས་པ་བརྗོད་བྱ་སྟེ། །དཔེར་བརྗོད་ཚིག་བཅད་འདི་གཉིས་སོ། །གང་ཞིག་མཆོག་དང་གང་ཞིག་དམ་པའི་དོན། །མ་ལུས་དོན་དམ་ལས་འབྲས་རྟོགས་གྱུར་ཅིང། །སྐྱེ་བོ་གང་ཡང་དེར་ནི་བསྐྱེད་མཛད་བ། །སངས་རྒྱས་ཆོས ་ཚོགས་དེ་རྣམས་རྒྱལ་གྱུར་ཅིག་།རྒྱལ་ཆོས་ནད་ལས་རྒྱལ་བ་རྒྱལ་གྱུར་ཅིག། དེའི་ལྷན་ཅིག་སྤྱོད་མ་ཤེས་རབ་ཀྱང། །གཉིས་ལས་ལྷག་མོས་ས་བོན་ལས་བྱུང་བ། །ལུས་ཅན་འཕགས་པའི་ཚོགས་ཀྱང་རྒྱལ་གྱུར་ཅིག། ཡང་བ་རྣམས ་ཀྱི་ཡི་གེ་དོར། །ཕྱི་མོའི་ཡང་བ་དོར་མངའ་མ། །ཡི་གེ་དོར་བའི་ཕྱི་མོ་ཡང། །དེ་རྣམས་ཇི་སྙེད་འདི་ད་ལྟི་བ། །ལྕི་བའི་གྲངས་སོ། །?་ལྕི་བ་གཉིས་འགྱུར་གྱི་ཕྱི་མོ། །ཡི་གེ་གཉིས་འགྱུར་ཕྱི་མོས་སྤངས། །ལྕི་བ་བྲལ་བའི་ཡི་གེ་རྣམས། །ཇི ་སྙེད་དེ་རྣམས་འདིར་ཡང་བ། །ཡང་བའི་གྲངས་སོ། །?་ལྕི་སྡོམ་ཇི་སྙེད་དེ། །ཕྱི་མ་ལྕི་བྲལ་ཇི་སྙེད་དོ། །ཇི་སྙེད་ཕྱི་མོ་ཡང་སྡོམ་འདབ། །དེ་སྙེད་འདིར་ནི་ཡི་གེ་རྣམས། །ཡི་གེའི་གྲངས་སོ། །ལྕི་བ་གཉིས་འགྱུར་ཡང་བ་སྲེ། །ཡི་གེ་གཉིས ་འགྱུར་ཡང་རྣམས་དོར། །ལྕི་བ་བསྲེས་བའི་ཡི་གེ་རྣམས། །ཇི་སྙེད་དེ་རྣམས་འདིར་ཕྱི་མོ། །ཕྱི་མོའི་གྲངས་སོ། །?་རྒྱལ་བའི་རིགས་འདི་ལ་བདག་དད་པའི་བསོད་ནམས་གང་ཞིག་བདག་ལ་རབ་སྐྱེས་པ། །དེ་ཡིས་འགྲོ་རྣམས་དམ་པའི་ལམ་དང་ནི། །རིག་པ་མཆོག་ལ ་རབ་ཏུ་དང་གྱུར་ཅིག། །།རྩོད་བའི་དུས་ཀྱི་ཐམས་ཅད་མཁྱེན་པའི་རིན་ཆེན་འབྱུང་གནས་ཞི་བའི་ཞབས་ཀྱིས་མཛད་པའི་སྡེབས་སྦྱོར་རིན་ཆེན་འབྱུང་གནས་ཞེས་བྱ་བ་རྫོགས་སོ།། །།འདི་རང་འགྲེལ་དང་བཅས་པ་ལ ་ཆོས་ལྡན་རས་བ་དང། །ཡར་ལུང་པ་གྲགས་པ་རྒྱ་མཚན་དང། །ལོ་ཆེན་བྱང་རྩེ་བ་རྣམས་ཀྱིས་སུམ་རིམ་དུ་བསྒྱུར་བའི་མཐར། །ལོ་ཙ་བ་ནམ་མཁའ་བཟང་པོས་དག་པར་བསྐྱུད?་པའི་རྩ་བ་རྣམས་ཀྱི་དཔེར་བརྗོད་སྟོན་པ་རྒྱུ་མཚན་དང་བཅས་པ། སྡེབས ་སྦྱོར་སོ་སོའི་རྐང་པའི་ཡིག་གྲངས་སུ་བྱས་འདུག་པས། །བོད་སྐད་ལ་ཤིན་ཏུ་མི་བདེ་བ་གཅིག་བྱུང་ཞིང།། བོད་སྐད་ལ་ལ་སྡེབས་སྦྱོར་ཞིག་ལས་ལྕི་ཡང་སོགས་ཀྱི་རིམ་པ་མི་དགོས་པ་བཞིན་དུ། །ཡིག་གྲངས་ཀྱང་མི་དགོས། །མདོའི་དཔེར ་བརྗོད་སྟོན་པ་རྒྱ་སྐད་ཀྱི་དབང་དུ་བྱས་པ་ཡིན་པས། །བདོད་ལ་གོ་བདེ་ཞིང་བཟུང་སླ་བར། སྟག་ཆད་པ་ཤེས་རབ་རིན་ཆེན་གྱིས་བསྒྱུར་བའོ།། །སྐྱེས་རབས་ཀྱི་ཊི་ཀ་བཞུགས་སོ།། །།རྒྱ་གར་སྐད་དུ། ཛ་ཏཀ ་མ་ལ་སྱ་པན?་ཙིཀ། བོད་སྐད་དུ། སྐྱེས་པའི་རབས་ཀྱི་རྒྱུད་ཀྱི་དཀའ་འགྲེལ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཐུགས་རྗེ་སྟོབས་ཀྱིས་ཐབས་ཀྱི་སྤྱོད་པ་རྒྱ་ཆེ་དང། ཤེས་རབ་ཀྱིས་ནི་དེ་ཉིད་དོན་གཟིགས ་