CLOSE WINDOW

N4701: lung ston pa tsan+d+ra pa'i yi ge'i mdo'i 'grel pa
Wyliee-texts based on the ACIP/ALL Input

གྲོལ་བའི་གཟུགས་དང་ལྡན་པར་འགྱུར་རོ། །འཕགས་པ་སྐྱེ་བ་དྲན་པའི་གཟུངས་རྫོགས་སོ། །རྒྱ་དཔེ་གསེར་གྱི་བྲིས་པ་ལས་དྷརྨཱ་པ་ལ་བྷ་དྲས་བསྒྱུར་བའོ།། `་།ཙནྡྲ་པའི་ཡི་གེའི་མདོའི་འགྲེལ་པ་གསར་འགྱུར་བཞུགས།། *། །རྒྱ་གར་སྐད་དུ། ཙནྡྲ་བྱཱ་ཀ་ར་ཎ་བརྞཱ་སཱུ་ཏྲ་ཎི་བྲིཏྟི(མདོ་འགྲེལ་སྟོན་པ་ཙནྡྲ་པའི་ཡི་གེའི་མདོའི་འགྲེལ་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཤིན་ཏུ་རྒྱལ་དཀའ་བདུད་ཀྱི་སྟོབས་བཅོམ་སྟེ། །རྙེད་དཀའ་ཨི་གོ་འཕང་ཉམས་པ་མེད་བརྙེས་པ། །གཞན་དོན་ལེགས་མཛད་རྒུད་པ་མི་མངའ་བའི ་མི་མཆོག་ཀུན་མཁྱེན་དེ་ལ་ཕྱག་འཚལ་ནས། །སྒྲ་ཡི་བསྟན་བཅོས་མངོན་པར་མི་ཤེས་ཤིང། །རང་གི་དོན་ནི་ཚོལ་བར་འདོད་པ་ལ། །ཡི་གེའི་མདོ་ཡི་རྣམ་པར་འབྲེལ་པ་ནི། །བདག་གིས་མདོར་བསྡུས་པ་ཡི་བརྗོད་པར་བྱ། །བདུད་ཀྱིས་ཉེར་སྒྱུར་སྐྱེ་བོ ་ངན། །ཡི་ནི་ཕྲག་དོག་གིས་བཅོམ་ཕྱིར། །ཡོན་ཏན་སྐྱོན་དག་མི་ཤེས་པས། །སྐྱོན་མེད་པ་ཡང་རྟག་ཏུ་སྐྱོན། །སྐྱེ་བོ་དམ་པ་རིང་ནས་བཅོམ་ན་ཡང། །ད་ལྟར་གཞན་གྱི་སྐྱོན་དག་རྒྱས་མི་བྱེད། །སྐྱེ་དགུ་རྣམས་ལ་ནམ་ཡང་མི་བརྐས་པའི། །ཡོན་ཏན་ཕྱོགས་སུ་ལྷུང་བ་དེར ་ཕྱག་འཚལ། །དེ་ལ་རེ་ཞིག་དང་པོར་སྒྲའི་མཚན་ཉིད་ཉེ་བར་བརྗོད་པར་བྱ་བ་ནི། ནམ་འགྱུར་རྙིང་ཞིག་ནི་ནམ་མཁའ་རླུང་ལས་རབ་ཏུ་བྱུང་ཞིང་ལུས་ལས་ནི། །ཡང་དག་རིམས་པས་གྱེན་བསྐྱོད་ཁ་ནང་སྒྲ་རིང་འདི། །གནས་རྣམས་དེ་མ་ཐག་པ་རབ་ཏུ་རྣམ་རྩོལ་ལྡན། །ཡི་གེ་ཉིད་དུ་ཀུན་དུ་འགྲོ་བ་གང་དེའི་སྒྲ། ཞེས་པ་སྣང་སྟེ་འགྱུར་མི་བདེ ་མཁའ་རླུང་ལས་འབྱུང་དང་ལུས་ལས་དང། །བརྗོད་དང་ཁ་དང་ཉེ་བ་ནཱ་ད་སྟེ། །གནས་གཞན་རྣམས་སུ་དབྱེ་བར་བྱེད་བ་ཡིས། །ཡི་གེ་ཉིད་དུ་འབྱུང་གང་སྒྲ་ཡིན་ནོ། །ནམ་མཁའ་དང་རླུང་དང་ཞེས་པ་ནི་ནམ་མཁའ་དང་རླུང་དེ་དག་ལས་དེ་དག་འབྱུང་བའི་རྒྱུ་གང་ཡིན་པ་དེ་ནམ་མཁའ་དང་རླུང་ལས ་བྱུང་བའོ། །ཡང་ན་ནམ་མཁའ་དང་རླུང་ལས་འབྱུང་བ་ནི་སྐྱེ་བ་སྟེ་སྐྱེའོ་ཞེས་པའི་དོན་ཏོ། །ལུས་ལས་ཞེས་པ་ནི་ལུས་ཀྱི་ཕྱོགས་གཅིག་ལྟེ་བའི་ཕྱོགས་ལས་སོ། །བརྗོད་པ་ཞེས་པ་ནི་ཡང་དག་པར་སྟེང་ནས་ཕྱིར་འབྱུང་བའི་བར་དུ་འགྲོའོ་ཞེས་པའོ། །ཁ་དང་ཉེ་བ་ནི་འོང་བ་སྟེ་ཐོབ་པོ་ཞེས ་པའི་དོན་ནོ། །ཅི་ཡིས་དེ་ནི་ནཱ་དའི་སྒྲར་འགྱུར་ཞེ་ན་མི་གསོལ་བའི་སྒྲ་ཞེས་པའོ། །གནས་གཞན་རྣམས་ནི་བརྒྱད་དེ། །ཁོག་པ། མགྲིན་པ། སྤྱི་བོ། ལྕེ་རྩ། སོ། སྣ། ཆུ། སྐན་རྣམས་ཏེ། དེ་སྐད་དཱུང་ཡི་གེའི་གནས་ནི་བརྒྱད་ཡིན་ཏེ། ཁོག་པ་མགྲིན་པ་སྤྱི་བོ་དང། དེ ་བཞིན་ལྕེ་རྩ་སོ་དང་སྣ། །མཆུ་དག་དང་ནི་རྐན་རྣམས་སོ། །དེ་རྣམས་ཀྱང་གང་ལ་མ་ལྟོས་པས་གནས་གཞན་དུ་བརྗོད་པའོ། །ཁོག་པའི་གནས་ནི་མགྲིན་པ་ལ་མ་ལྟོས་པའི་གནས་ཏེ་གནས་གཞན་མགྲིན་པའི་གནས་ལས་མི་བརྗོད་པས་ཁོག་པར་བལྟའོ།། ་གནས་གཞན་རྣམས་ཀྱང་གཞན་ཁོ་ནར་བལྟ་བར་བྱའོ། །དེས་ན་དེ་ཉིད་གནས་གཞན་རྣམས་སུ་དབྱེ་བར་བྱེད་པས་སོ་སོར་བྱ་བ་ཡིན་ནོ། །གང་ཡི་གེ་ཨ་ཡིག་ལ་སོགས་པ་རྣམས་ཀྱི་གཟུགས་སུ་འབྱུང་བ་དེ་ནི་སྒྲ་ཞེས་གསལ་བར་རྟོགས་པར་བྱའོ།། ་སྒྲ་གང་གི་མཚན་ཉིད་ཉེ་བར་བརྗོད་པ་དེ་ནི་སྤྱིའི་བདག་ཉིད་དོ། །ཅི་སྟེ་ཡི་གེ་དེ་རྣམས་ཅི་ལས་སྐྱེ་བར་འགྱུར་ཞེས་ན་སྨྲས་པ། གནས་དང་བྱེད་པ་དང་རྩོལ་བ་རྣམས་ལས་ཡི་གེ་རྣམས་སྐྱེའོ་ཞེས་པ་སྟེ། གནས་ནི་སྔར་བཤད་པའི་ཁོག་པ་དང་མགྲིན ་པ་ལ་སོགས་པའོ། །བྱེད་པ་ནི་ལྕེའི་རྩ་བ་ལ་སོགས་པའོ། །རྩོལ་བ་ནི་འཕྲད་པ་ལ་སོགས་པའོ། །གནས་དང་བྱེད་པ་དང་རྩོལ་བ་ནི། །གནས་བྱེད་པ་རྩོལ་བ་ནི། །གནས་བྱེད་པ་རྩོལ་བ་རྣམས་སོ། །དེ་རྣམས་ལས་ཡི་གེ་ཨ་ཡིག་ལའོ་ཞེས་སོགས ་པ་རྣམས་སྐྱ་བ་སྟེ་མངོན་པར་འབྱུང་བའོ། །དེ་རྣམས་ཀྱི་ནང་ནས་ཡི་གེ་རྣམས་ཅི། གནས་ནི་ཅི། རྩོལ་བ་ནི་ཅི། རྣམ་པར་བཞག་པ་ཅི་ཞེས་ན་སྨྲས་པ་དེ་ལ་ཞེས་པ་ནི་ངེས་བཟུང་ལ་བདུན་པ་སྟེ། རེ་ཞིག་གནས་རྣམ་པར་བཤད་པའང་འདི་? ་བསམ་པའོ། ། ཀུ་ཧ་རྣམ་པར་བཅད་པ་རྣམས་ཀྱི་མགྲིན་པའོ། །མགྲིན་པ་ལས་བྱུང་བ་ནི་མགྲིན་པའི་གནས་ཏེ་མགྲིན་པའི་གནས་ནས་བརྗོད་པའོ། །དེ་དག་ཅི་ཞེ་ན། ཨ་ཀུ་ཧ་རྣམ་པར་བཅས་པ་རྣམས་སོ། །ི་ནི་ཨ་ཡིག་གོ་།ཀུ་ནི་ཀང ་སྡེའོ། །ཧ་ནི་ཧ་ཡིག་གོ་།རྣམ་པར་བཅད་པའི་?ང་ཨ་སྦྱར་བ་ནི་བརྗོད་པའི་རྟེན་ནོ། །དེ་རྣམས་མགྲིན་པའི་གནས་ལས་འབྱུང་བར་ཤེས་པར་བྱའོ། །ི་ཏ་ཨེ་ཏ་ཨི་ཏ་རྣམས་ཀྱི་མགྲིན་པ་དང་རྐན་ནོ། །རྐན་ལམ་གྱུར་པ་ནི་རྐན་ཅན་ནོ། །མགྲིན་པ་དང ་རྐན་དང་ཞེས་པ་ནི་མགྲིན་རྐན་གྱི་གནས་སོ། །རྩི་རྣམས་ཀྱི་ཞེ་ན་ཨིཏ་ནི་ཨི་ཡིན་ནོ། །ེཏ་ནི་ཨེ་ཡིན་ནོ། །ིཏ་ནི་ཨི་ཡིན་ནོ། །ཏི་ཨེཏ་ཨིཏ་དེ་རྣམས་སོ། །ཏ་ཕ་རོལ་ཏུ་བྱེད་པ་ནི་བརྗོད་བདེ་བའི་དོན་དུའོ། །ུཏ་ཨཽཏ ་ཨཽཏ་རྣམས་ཀྱི་མགྲིན་མཆུའོ། །མགྲིན་པ་དང་མཆུ་ནི་མགྲིན་མཆུའི་གནས་སོ། །ུཏ་ནི་ཅི་ཞེ་ན། ཨུ་ཡིག་གོ་།ོཏ་ནི་ཨོ་ཡིག་གོ་།ོཏ་ནི་ཨཽ་ཡིག་གོ་།ུཏ་ཨཽཏ་སྟེ་དེ་རྣམས་སོ། །ཏ་ཕ་རོལ་ཏུ་བྱེད་པ་ཙམ་ཀྱང་སྔ་པ་བཞིན་ནོ ་རི་ཌུ་ར་ཥ་རྣམས་ཀྱི་སྤྱི་བོའོ། །རི་ནི་རི་ཡིན་ནོ། །ཊུ་ནི་ཊ་སྡེའོ། །ར་ནི་ར་ཕའོ། ཥ་ནི་ཥ་ཡིག་གི་དོན་ནོ། །རཾ་ཊུ་ར་ཥ་རྣམས་ཀྱི་གནས་ནི་སྤྱི་བོའོ། །འདིར་སྔོན་མེད་པ་བསམ་པར་བྱ་བ་ནི་འདི་ཡིན་ཏེ། ཅེས་ཏེ་ཕ་འདི་ར་ཡིག་གི་དང་པོ་འམ ་འོན་ཏེ་དབུས་སམ་མཐར་གནས། དེ་ལ་གལ་ཏེ་རི་ཞིག་དང་པོར་དམ་འཆའ་ན། ཨགྒིར། རི་ཏ་དྲི་ཥྱེ་ཞེས་པ་འདི་ལ་རི་ཡིག་དེ། གང་ནི་ཟད་པོར་ཞེས་པ་འདིའི་ཕྱིར། ཨགན(མདོ་འགྲེལ་གྱུར་རོ། །དེ་ལྟར་ཡང་ཡོད་ནར་དབྱི་བས་རིང་པོར་ཐལ་ལོ། །དེའི་ཕྱིར་དང་པོར་མི་སྦྱོར་ཏེ། འོན་ཏེ། མཐར་ངེས་པར་གཟུང་བ་དེ་ལྟར་ཡོད་ན། ཧོ་ཏྲི་ར་ཐནྟ་རི་ཞེས་པ་འདིར། རའི་ར་ལ་དབྱི་བར་འགྱུར་བའི་ཕྱིར་དེ་ཡང་མ་ཡིན་ནོ། །དེ་ནས ་ངེས་པར་བྱ་བ་ནི་དེ་བཞིན་དུ། ནརཾ་ཎཱ་ཞེས་པ་འདིར་མཚོན་བྱ་ར་ཥ་ལས་ནར་ཎའོ་ཞེས་པ་འདིར་མཚོན་བྱ་ར་ཥ་ལས་ནའི་ཎའི་ཞེས་པའི་སྦྱོར་བ་འདིས་ཎ་ཉིད་དུ་མི་འགྱུར་རོ་ཞེས་སོ། །བར་དུ་མི་ཐོབ་པ་ཁོ་ན་ཡོད་པ་འདི་ནི་མ་ངེས་པའི ་གནས་ཀྱི་བྱ་བའི་དབང་ལས་ཀྱང་རྣམ་པར་ཤེས་ས། །དེས་ན་ཇི་ལྟར་བྱ་བ་རྣམས་བསྒྲུབ་པའི་སྐྱོན་རྣམས་ཀྱང་སྤང་བར་བྱའོ། །དཔེར་ན་བྱ་རོག་ལྟ་བ་བཞིན་དུ་འདི་ཁས་བླང་བར་བྱ་སྟེ། བྱ་རོག་ལྟ་བར་བྱེད་པ་དེ་ནི་ནང་དགང་གི་ལོགས་ལྟ་བར་བྱེད ་མེད་དང་དེ་ཉིད་དུ་འདིའི་དབང་པོ་འགྲོའོ། །དེ་སྐད་དཱུང་དང་པོར་ཨནྣི(མདོ་འགྲེལ་ཏ་སྡེའོ། །ལ་ནི་ལ་ཡིག་གོ་།ས་ནི་ས་ཡིག་གོ་།ལཾ་ཏུལ་ས་རྣམས་སོ། །འདི་རྣམས་ཀྱི་གནས་ནི་སོ་ཡིན་པར་རྟོགས་པར་བྱའོ། །སྣ་ནི་རྗེས་སུ་ང་རོའི་འོ། །ཾ་ཞེས་པ་རྗེས་སུ་ང་རོ་སྟེ་ཟླ་བ་ཕྱེད་པ་ཅན་ནོ། །དེའི་གནས་ནི་སྣའོ། །ང་ཉ་ཎ་ན་མ་རྣམས ་ནི་རང་གི་གནས་དང་རྗེས་སུ་སྣ་ལྡན་ནོ། །རང་གི་ཞེས་པ་ནི་མགྲིན་པ་རྒན། སྤྱི་ལ་མཆུ་དག་གོ་།གནས་ཀྱི་མཚན་ཉིད་ཅ་གང་དག་སྣ་དང་རྗེས་སུ་འབྲེལ་བའམ་མཛའ་ཅན་ནི། རང་གི་གནས་དང་རྗེས་སུ་སྣ་ལྡན་པའོ། །ང་ཡིག་གི་རང་གི་གནས་ནི ་མགྲིན་པ་སྟེ། ཀ་སྡེ་ཡིན་པའི་ཕྱིར་རོ། །ཉ་ཡི་གི་རང་གནས་ནི་རྐན་ཏེ། ཙ་སྡེ་ཡིན་པའི་ཕྱིར་རོ། །ཎ་ཡིག་གི་རང་ག་གནས་ནི་སྤྱི་བོ་སྟེ་ཌ་སྡེ་ཡིན་པའི་ཕྱིར་རོ། །ན་ཡི་གི་རང་གི་གནས་ནི་སོ་སྟེ། ཏ་སྔོ་ཡིན་པའི་ཕྱིར་རོ། །མ་ཡིག་གི་རང་གི་གནས ་ནི་མཆུ་དག་སྟེ། པ་སྡེ་ཡིན་ཡིན་པའི་ཕྱིར་རོ། །དེ་སྐད་དུ་བཤད་པར་འགྱུར་བ་ནི། ད་ཡིག་ལ་སོགས་པ་རེ་རེའང། །མགྲིན་པ་ལ་སོགས་པ་རེ་རེའི་གནས་ཉེ་བར་མཚོན་པས་ན། གནས་ཞེས་པའོ། །ི་ཙུ་ཡ་ཤ་རྣམས་ཀྱི་རྒན་ནོ། །ི་ཏ་ནི། ཨི ་ཡིག་གོ་།ཙུ་ནི་ཙ་སྡེའོ། །ཡ་ནི་ཡ་ཡིག་གོ་།ཤ་ནི་ཤ་ཡིག་གོ་།དེ་རྣམས་ཨེ་ཙུ་ཡ་ཤ་རྣམས་སོ། །དེ་རྣམས་ཀྱི་གནས་ནི་རྐན་ནོ་མ་ཆུ་དག་ནི་ཨུ་དང་བུ་དང་མཆུ་དང་ཉེ་བ་ཅན་རྣམས་ཀྱིའོ། །ུ་ནི་ཨུ་ཡིག་གོ་།པུ་ནི་པ་སྡེའོ། །མཆུ་དང་ཉེ་བར ་ཅན་མི་པ་ཡིག་དང་བ་ཡིག་གི་སྟེང་དུ་བཞག་པའི་ཡི་གེ་གང་པོ་ཆེའི་བུམ་པའི་རྣམ་པ་ཅན་ནོ། །འདི་ནི་མཆུ་དང་ཉེ་བ་ཅེན་ཏ་མཆུ་ལས་འབྱུང་བར་བལྟ་བར་བྱའོ། །སོ་དང་མཆུ་ནི་ཝ་ཡིག་གིའོ། །སོ་དང་མཆུ་སྟེ་ཝ་ཡིག་གི་གནས་སུ ་རྟོགས་པར་བྱའོ། །དེ་ལྟར་ཡི་གེའི་རིམ་པ་ཇི་ལྟ་བས་གནས་ཀྱི་སྤྲོས་པ་མངོན་པར་བརྗོད་དེ། བྱེད་པ་ནས་བརྩམས་ནས་སྨྲས་པ། བྱེད་པ་ནི། ལྕེའི་རྩ་བ་ཅན་གྱི་ལྕེའི་རྩ་བའོ། །ཞེས་པ་ལ་སོགས་པའོ། །ཀ་ཡིག་དང ་ཁ་ཡིག་དག་གི་སྟེང་དུ་བཞག་པའི་རྡོ་རྗེའི་རྣམ་པའི་ཡི་གེའོ། །ལྕེའི་རྩ་བ་ཅན་དེའི་བྱེད་པ་ནི་ལྕེའི་རྩ་བས་བྱེད་དོ། །འདིས་ནི་འདིའི་བྱེད་པ་དང་གནས་ཀྱང་འདི་ཉིད་དུ་ཉོགས་པར་བྱའོ། །ལྕེ་དབུས་ནི་རྣམས་ཀྱིའོ། །རྐན་གྱི་གནས་ལས་བྱུང་བ ་སྔར་བཤད་པ་རྣམས་ཀྱི་ནི་ལྕེའི་དབུས་བྱེད་པར་གཟུང་ངོ། །ལྕེའི་རྩེ་མོ་དང་ཉེ་བ་ནི། སྤྱི་བོ་ལས་བྱུང་བ་རྣམས་ཀྱིའོ། །སྤྱི་བོའི་གནས་ནས་བྱུང་བ་རྣམས་ཀྱི་ནི། ལྕེའི་རྩེ་མོ་དང་ཉེ་བ་གོམས་པ་སྟེ། རྩེ་མོ་དང་ཉེ་བ་ནི་བྱེད་པར་རྟོགས་པར་བྱའོ།། ་སོ་ལས་བྱུང་བ་རྣམས་ཀྱི་ནི་ལྕེའི་རྩེ་མོའོ། །ལྕེ། རྩའི་མཛའ་ཐུག་པ་ནི་སོའི་གནས་ལས་བྱུང་བ་རྣམས་ཀྱི་བྱེད་པར་བལྟ་བར་བྱའོ། །ལྷག་མ་རྣམས་ནི་རང་གི་གནས་ཀྱི་བྱེད་པ་ཅན་ནོ། །གང་ལྷག་མ་རྣམས་ཀྱི་བྱེད་པ་ནི་རང་གི་གནས་ཁོ་ན ་བྱེད་པ་སྟེ། རང་གི་གནས་བྱེད་པ་ཡིན་པ་འདིས་ནི་བྱེད་པ་བཞི་མངོན་པར་སྒྲུབ་པ་གཞན་མ་བཤད་པའི་གནས་ལས་བྱུང་བ་རྣམས་རང་གི་གནས་ཁོ་ན་ལས་རྟོགས་པར་བྱའོ། །དེ་ལྟར་བྱེད་པ་མངོན་པར་བརྗོད་ནས་རྩོལ་བ་ཉེ་བར་བསྟན་པའི ་ཕྱིར་སྨྲས་པ། རྩོལ་བ་རྣམ་པ་གཉིས་སྟེ་ཞེས་པ་ལ་སོགས་པ་སྟེ། ཚེས་རབ་ཏུ་འབད་པས་ན་རྩོལ་བ་སྟེ་བྱེད་པ་རྣམས་ཀྱི་ནང་དུ་གཏོགས་པའི་ཡོན་ཏན་གྱི་ཁྱད་པར་ལས་ངེས་པར་བྱུང་བའི་རང་བཞིན་སྟེ། ནམ་དཱུང་འདིའི་རང་བཞིན་མཛའ་ ་དག་པར་ངེས་པར་མི་ནུས་སོ། །དེས་ན་འདིར་ཡང་དེ་བཞིན་ཁོ་ནར་རྣམ་པར་བཤད་པ་བརྩམ་པར་བྱ་ཞེས་པའོ། །དེ་ཡང་རྣམ་པ་གཉིས་ཏེ། ཇི་ལྟར་ཞེ་ན། ནང་དང་ཕྱི་རོལ་གྱི་རབ་ཏུ་བྱེད་པ་གཉིས་སོ། །ནང་ན་ནང་དུ་འཇུག་པའི་བྱེད་པའི་ནང་དུ ་སོན་པའོ། །དེ་ལས་བཟློག་པ་ནི་ཕྱི་རོལ་ལོ། །དེ་ལའི་སྒྲ་ནི་འདིར་དེས་གཟུང་ལ་འཇུག་གོ་།ནང་ནི་ཇི་སྲིད་མ་ནོར་བརྗོད་དོ་ཞེས་པ་དེ་སྲིད་དུའོ། །ནང་གི་རྩོལ་བ་འདི་ལའང་བཙུམས་པ་དང་ཕྱེ་བ་དང་ཕྲད་པ་དང་ཅུང་ཟད་ཕྲད་པའི་དབྱེ་བས་ཕྱེ་བ་རྣམ་པ ་བཞིར་འགྱུར་རོ། །བཙུམས་པ་ནི་ཨ་ཡིག་གིའོ། །མགྲིན་པ་ཕྱེ་བ་མ་ཡིན་པས་བརྗོད་པ་ནི་བཙུམས་པ་སྟེ། ཨ་ཡིག་གི་ཡིན་པར་བཞག་གོ་།དེ་ལས་ཕྱེ་བ་ནི་དབྱངས་རྣམས་དང་དྲོ་བ་རྣམས་ཀྱིའོ། །ཕྱ་པ་ཞེས་པ་ནི་མགྲིན་པ་མ་བསྟབས་པས ་བརྗོད་པའི་ཡི་གེ་ཨཱ་ཡིག་དང་ཨེ་ཡིག་སྟེ། དབྱངས་ཡིག་རྣམས་དང་སྟེ་བའི་གཉིས་པ་དང་བཞི་པ་དང་ཤ་ཥ་ས་ཧ་རྣམས་ཏེ་རྟོ་པ་རྣམས་སོ། །དེ་རྣམས་ལས་ཕྱེ་བ་ཉིད་ནི་ཨེར་ཨིཏ་དགེའོ། །དེ་རྣམས་ལས་ཀྱང་ལྷག་པར་ཕྱེ་བ་ནི། ཨེ་ཡིག ་དང་ཨི་ཡིག་དག་གིའོ། །དེ་དག་ལས་ཨོར་ཨོཏ་དག་གིའོ། །ེ་ཡིག་དང་ཨི་ཡིག་དེ་རྣམས་ལས་ཀྱང་ཆེས་ཆེར་ཕྱེ་བ་ནི། ཨེ་ཡིག་དང་ཨཽ་ཡིག་དག་གོ་།དེ་དག་ལས་ཀྱང་ཨཱ་ཡིག་གིའོ། །ོ་ཡིག་དང་ཨཽ་ཡིག་དེ་དག་ལས་ཀྱང་ལྷག་པར་བྱེ ་བ་ཡིན་པ་ཨཱ་ཡིག་གིའོ། །ཕྲད་པ་ནི་རག་པ་རྣམས་ཀྱིའོ། །ཕྲད་པ་ནི་གནས་གང་དུ་ཡི་གེ་དེ་རྣམས་མཐོན་པོར་བརྗོད་པ་རྩོལ་བ་ཆེན་པས་བཙིར་ནས་འཕྲད་པ་དེ་རྣམས་ཏེ། ཀ་སྡེ་དང། ཙ་སྡེ་དང། ཊ་སྡེ་དང། ཏ་སྡེ་དང། པ་སྡེ་རྣམས་སུ་བཤད ་པ་ནི་ཕྲད་པར་མངོན་པར་བརྗོད་དོ། །ཅུང་ཟད་ཕྲད་པ་ནི་མཐར་རྣམས་ཀྱིའོ། །བཤད་མ་ཐག་པ་ལས་བཟློག་པ། མཐར་གནས་ཏེ། ཡ་ར་ལ་ཝ་རྣམས་ནང་དུ་ཅུང་ཟད་ཕྲད་པར་མངོན་པར་བརྗོད་དོ། །ཕྱི་རོལ་ནི་སྡེ་བ་རྣམས་ཀྱི་དང་པོ་དང་གཉིས ་པ་རྣམས་དང་ཤ་དང་ཤ་དང་དང་ཨོ་ཡིག་ས་དང་རྣམ་པར་བཅད་པ་དང་ལེ་རྩ་ཅན་དང་མཆུ་དང་ཉེ་བའང་དབྱི་རོལ་དུ་བྱུང་བ་ནི་ཕྱིའི་རྩོལ་བའོ། །ཆི་རྣམས་ཀྱི་ཞེ་ན། སྡེ་པ་ལྔ་པ་རྣམས་ཀྱི་དང་པོ་དང་གཉིས་པ་རྣམས་ཏེ། ཀ་ཁ་ཙ་ཚ་ཊ་ཐ་ཏ་ཐ་པ་པ་ཞེས་བྱ ་བ་དེ་རྣམས་དང། གང་ཡང་ཤ་ཡིག་དང། །ཥ་ཡིག་དང་ས་ཡིག་དང་རྣམ་པར་བཅད་པ་དང་ལྕེ་རྩ་ཅན་དང་མཆུ་དང་ཉེ་བ་ཅན་རྣམས་ཀྱང་སྟེ། ཁྱད་པར་ཅི་ཞེས་ན། མགྲིན་པ་ཕྱེ་བས་སྒྲ་རྗེས་སུ་རྟོགས་པ་ནི་སྒྲ་མེད་པ་རྣམས་ལན ་ལ། ཕྱེ་བ་ནི་མགྲིན་པའི་བུ་ག་མ་བསྡམས་པས་བརྗོད་པ་གང་དག་མགྲིན་པ་ཕྱེ་བས་སྒྲ་རྗེས་སུ་ཏེ། ཕྱི་ནས་གྲག་པ་གང་ཡིན་པ་དེ་རྣམས་ནི་སྒྲ་རྗེས་སུ་རྟོགས་པའོ། །སྒྲ་ཞེས་བྱ་བའི་ཡོན་ཏན་གང་ལ་མེད་པ་དེ་རྣམས་སྒྲ་མེད་རྣམས་སོ། །དང་པོ་དང་གསུམ་པ་རྣམས་དང། ལྔ་པ་རྣམས ་དང་མཛའ་དག་ནས་རྣམས་སྲོག་ཆུང་བའོ། །གང་སྡེ་བ་རྣམས་ཀྱི་དང་པོ་དང་གསུམ་པ་དང་ལྔ་པ་རྣམས་ཏེ། ཀ་གང་ཙ་ཛ་ཉ་ཊ་ཌ་ཎ་དང་ན་པ་བ་མ་ཞེས་བྱ་བ་རྣམས་སོ། །གང་ཡང་མཐར་གནས་ཡ་ད་ལ་ཝ་འདི་རྣམས་ཐམས་ཅད་སྲོག་ཆུང་བ་རྣམས་ཉིད་དོ། །ཙའི་ཕྱིར་ཞེ་ན། སྲོག་ཞེས་བྱ་བའི ་རླུང་གི་རྣམས་ལ་ཆུང་ཞིང་ཕྲ་བས་སོ། །ཅིག་ཤེས་རྣམས་སྲོག་ཆེ་བའོ། །ཅིག་ཤོས་ནི་སྔར་མ་བརྗོད་པའི་སྡེ་པ་ལྔའི་གཉིས་པ་རྣམས་དང་བཞི་པ་རྣམས་ཏེ། །བ་གྷ་ཚ་ཛཧ་ཐ་བྷ་ཕ་བྷ་ཞེས་བྱ་བ་རྣམས་སོ། །ཤ་ཥ་ས་ཧ་འདི་རྣམས་ཀྱང་བརྗོད་མ ་ཐག་པ་ལས་བཟློག་པས་ངེས་པར་གཟུང་ངོ། །གསུམ་པ་དང་བཞི་པ་དང་ལྔ་པ་རྗེས་སུ་ང་རོ་དང་བཅས་པ་རྣམས་དང་མཐར་གནས་དང་ཧ་ཡིག་རྣམས་སོ། །སྡེ་པ་ལྔའི་གསུམ་པ་རྣམས་དང་བཞི་པ་རྣམས་དང་ལྔ་པ་རྣམས་ཏེ། ག་གྷ་ད་ཛི་ཛཧཾ་ཉ་ཌ་ཌཧ། ་ཎ་ད་དྷ་ན་པ་བྷ་མ་ཞེས་བྱ་བ་རྣམས་རྗེས་སུ་ང་རོར་བཅས་པས་རྗེས་སུ་ང་རོ་དང་བཅས་པའི་ཡ་ཡིག་དང་ར་ཕ་དང་ལ་ཡིག་དང་ཝ་ཡིག་དང་ཧ་ཡིག་རྣམས་ཀྱང་སྟེ། མགྲིན་པ་བཙུམ་པས་སྒྲ་རྗེས་སུ་རྟོགས་པ་འདི་དག་ནི་སྒྲ་དང་ལྡན་པའོ། །བཙུན ་པ་ནི་ཕྱེ་བ་མ་ཡིན་པ་ལ་སོགས་པ་སྔར་བཞིན་ཡིན་ལ། སྒྲའི་ཡོན་ཏན་དང་ལྡན་པའི་ཕྱིར་སྒྲ་ལྡན་ནོ། །གཉིས་པ་དང་བཞི་པ་དང་ཤ་ཎ་ས་ཧ་རྣམས་དྲོ་པའོ། །གང་དག་སྡེ་པ་ལྔའི་གཉིས་པ་དང་བཞི་པ་སྟེ། གཉིས་པ་དང་བཞི་པ་རྣམས་ནི་ཁ་གྷ ་ཚཛཏ་ཋ་ཌཧ་ཐ་དྷ་ཕ་བྷ་རྣམས་སུ་མངོན་པར་བརྗོད་པ་རྣམས་དང་ཤ་ཥ་ས་ཧ་རྣམས་ཀྱང་སྟེ། འདི་དག་ཐམས་ཅད་དྲོ་བ་ཉིད་ཀྱི་ཡོན་ཏན་དང་ལྡན་པས། དྲོ་བ་རྣམས་ཀྱི་མིང་ཅན་དུ་འགྱུར་རོ། །ཞེས་པ་འདི་ནི་ཕྱིའི་རྩོལ་བའོ། །དེ་ལྟར ་པར་མ་ཆད་དུ་བརྗོད་པ་དེ་རྣམས་ནི་ཕྱིའི་རྩོལ་བར་རིག་པར་བྱའོ། །འདིར་ཡང་ཨ་ཡིག་ནི་ཐུང་ངུ་དང་རིང་པོ་དང་ཤིན་ཏུ་རིང་པོ་ཞེས་པ་རྣམས་པ་གསུམ་དུ་དབྱེའི། །འདིར་ཞེས་པ་ཡི་གེའི་རབ་ཏུ་བྱེད་པ་འདི་ལ་སྟེ། ཨ་ཡིག་ནི་ཨའི་ཡི་གེའོ། །དེ་ཡང་ཐུང་ངུ ་དང་རིང་པོ་དང་ཤིན་ཏུ་རིང་པོའི་རབ་ཏུ་བྱེད་པས་གསུམ་མོ། །དབྱེ་བ་ནི། ཨེར་དང་ཨིཏ་ཏུ་འགྱུར་རོ། །པརྞ་སྨོས་པས་གནས་སྐབས་ཐམས་ཅད་དུ་ལྡན་པ་ཉིད་དེ། ཨའི་རིགས་འཛིན་ཞིང་།དེ་ལྟར་གཞན་དུ་འང་ངོ། ཏེ་ཏེ་ལ་ཨུ་དཱཏྟུ་དང་སྭ་རི་སྟ། ས་ཕྱེ་བ་དང་རྗེས ་སུ་སྣ་ལྡན་དང་བཅེས་པས་རྗེས་སུ་སྣ་ལྡན་མེད་པའི་དབྱེ་བས་རྣམ་པ་བཅོ་བརྒྱད་དུ་འགྱུར་རོ། །ཏེ་ཏེ་བ་སྟེ། ཐུར་དུ་ལ་སོགས་པ་རེ་རེ་ལ་ཨུ་དཱཏྟ་དང་ཨུ་ནུ་དཱཏྟར་ཕྱེ་བས་རྣམ་པ་གསུམ་དུ་དབྱེ་བར་རྣམ་པ་གསུམ་དུ་དབྱེ་བར་འགྱུར་རོ། །ཐུང་ངུ་ལ་སོགས་པ་རེ་རེ་པོ་དེ་ཉིད་སླར་ཡང་རྗེས་སུ ་ལྡན་དང་བཅས་པ་དང་རྗེས་སུ་ལན་མེད་པ་ཉིད་ཀྱིས་ཉམས་སུ་ཕྱེ་བས་དེ་ལྟར་གསུམ་པོ་རྣམས་སོ་སོར་རྣམ་པ་དྲུག་ཏུ་འགྱུར་རོ། །རྣམ་པ་དྲུག་པ་ནི་བཅོ་བརྒྱད་དུ་འགྱུར་རོ། །རྣམ་པ་དྲུག་པ་ནི་བཅོ་བརྒྱད་དུ་འགྱུར་རོ། །དེ་ལྟར་ཨིའི་ཡི་གེ་དང་ཨུའི་ཡི་གེ་དང་རིའི་ཡི་གེ་འང་ངོ། །ཇི་ལྟར་ཨ་ཡིག་ལ ་ཐུང་ངུ་ལ་སོགས་པའི་རབ་ཏུ་བྱེད་པ་ཕྱེ་བས་རྣམ་པ་བཅོ་བརྒྱད་དུ་འགྱུར་བ་དེ་ལྟར་ཨེ་ཡིག་ལ་སོགས་པའི་ཡི་གེ་འདི་དབྱེ་བར་འགྱུར་རོ། །ལིའི་ཡི་གེ་ལ་རིང་ངོ་ཡོད་པ་ལ་ཡིན་ཏེ། དེ་ནས་རྣམ་པ་བཅུ་གཉིས་སུ་འགྱུར་རོ། །ལཾ་ཡིག་ཐུང་ངུ་དང་ཤིན་ཏུ ་རིང་པོའི་ཕྱེ་བས་བཅུ་གཉིས་ཁོ་ན་ཡིན་ཏེ། རིང་པོར་དབྱེ་བའི་རབ་ཏུ་བྱེད་པ་དྲུག་པོ་མེད་པའི་ཕྱིར་རོ། །མཚམས་སྦྱོར་གྱི་ཡི་གེ་རྣམས་ལ་ཐུང་ངུ་ཡོད་པ་མ་ཡིན་ཏེ། དེ་ན་དེ་རྣམས་ཀྱང་རྣམ་པ་བཅུ་གཉིས་རྣམས་སུ་འགྱུར་རོ། །ེ་ཡིག་ལ ་སོགས་པ་ཡི་གེ་བཞི་རྣམས་ནི་མཚམས་སྦྱོར་ཡི་གེ་རྣམས་ཏེ། དེ་ལ་ང་ཐུང་དྲུག་རྣམས་མེད་པས་རིང་པོ་དང་ཤིན་ཏུ་རིང་པོ་རྒྱས་པར་བྱ་བས་རེ་རེ་ལ་བཅུ་གཉིས་ཁོ་ནའོ། །ཡི་གེ་གཉིས་རྣམས་ཀྱང་ངོ། །ཀྱང་གི་སྒྲ་ནི་མཚམས ་སྦྱོར་ཡི་གེ་རྣམས་སུ་མངོན་པར་འབྲེལ་ལོ། །དེ་རྣམས་ཀྱང་ཡི་གེ་རེ་རེ་བ་ཉིད་དུ་འགྱུར་རོ། །ཅི་ཨ་ཡིག་དག་དང་རི་ཡིག་དང་ཡིག་རྣམས་ཀྱི་ཆེས་གཞན་པ་ཚོགས་པ་ལ་ཨེ་ཡིག་ཏུ་འགྱུར་བ་དེ་བཞིན་དུ་ཨེ་ཡིག་དག་ཀྱང་ཨི་ཡིག་སྟེ་འདི་དག་ཀྱང་ཨུ ་ཡིག་དང་ཨའུ་ཡིག་རྣམས་ཀྱི་ཆེས་གཞན་པ་ཚོགས་པ་ལ་ཨོ་ཡིག་ཏུ་འགྱུར་བ་ཡོད་པ་དེ་བཞིན་དུ་ཨོ་ཡིག་ཀུན་དུ་བརྗོད་པ་ལའང་ཨཽ་ཡིག་གོ་།འདི་དག་ཨི་ཡིག་དང་ཨའི་ཡིག་དང། ཨའུ་ཡིག་དང། ཨུ་ཡིག་རྣམས་ཀྱི་ཅི་ཤོས་ཕྲད་པ་ལའང ་ཨེ་ཡིག་དང་ཨོ་ཡིག་དག་འབྱུང་བ་ཡོད་པ་མ་ཡིན་ནམ་ཅེ་ན། ཡོད་པ་བདེན་ཏེ། དེ་རྣམས་ཨེ་ཡིག་དང་ཨོ་ཡིག་སྨོས་པས་བཟུང་བའི་ཕྱིར་འདི་དག་སོ་སོར་བརྗོད་དོ། །ཕྱི་མོ་གཅིག་པ་ཐུང་ངུའོ། །ཐུང་ངུའི་ཡི་གེ་ནི་ཕྱི་མོ་གཅིག་ཅན་དུ་བསྟན ་ཏ། ཕྱི་མོ་གཉིས་པ་རིང་པོའོ། །རིང་པོ་ནི། ཕྱི་མོ་གཉིས་པ་ཅན་དུ་བརྗོད་དོ། །ཕྱི་མོ་གསུམ་པ་བླུ་ཏའོ། །ཕྱི་མོ་གཉིས་པའི་རིགས་པས་བླུ་ཏ་མངོན་པར་བརྗོད་པར་འགྱུར་རོ། །མཐོན་པོ་རྣམས་ཀྱིས་ཨུ་དཱཏྟའོ། །གང་དག་ང་རོ་མཐོན་པས་པས་མངོན་པར ་བརྗོད་པའི་ཡི་གེ་དེ་ནི་ཨུ་དཏྟའོ། །དམའ་བ་རྣམས་ཀྱི་ཨ་ནུ་དཱཏྟའོ། །ཡི་གེ་གང་གི་ང་རོ་དམའ་པས་བརྗོད་པར་བྱ་བ་དེ་ནི་ཨ་ནུ་དཱཏྟའོ། །དེ་དག་པར་མ་སྭ་ཏི་ཏའོ། །ུ་དཱཏྟ་དང། ཨ་ནུ་དཱཏྟ་དེ་དག་ལས། བར་མ་འམ་བསྡུས་པ་དང་རོ་མཉམ ་པ་ན་སྭ་ཏི་རར་འགྱུར་བ་ཉིད་དེ། དེའི་ཚེ་འདིས་མངོན་པར་བརྗོད་པ་ལས་མཐོ་བ་དང་དམའ་བའ་ཨི་ང་རོ་མ་གཏོགས་པའི་ང་རོས་ཡི་གེ་གང་མངོན་པར་བརྗོད་པར་བྱེད་པ་དེ་ནི་སྭ་ཏི་ཏར་བརྗོད་དོ། །རང་གི་གནས་དང་རྗེས་སུ་སྣ་ལྡན་དང་རྗེས་སུ་སྣ་ལྔ་ནས ་ཡིན་པའོ། རང་གི་ནི་བདག་ཉིད་ཀྱི་གནས་དང། སྣ་དང་ལྡན་པའི་གནས་ནི་ཡི་གེ་གང། །རང་གི་གནས་ཀྱི་རྗེས་སུ་སྣ་དང་ལྡན་པ་དང། །རྗེས་སུ་སྣ་ལྡན་མ་ཡིན་པ་ནི་སྣའི་གནས་དང་བྲལ་བའོ། །མཐར་གནས་ནི་རབ་ཏུ་དབྱེ་བ་གཉིས་པའོ། །རབ་ཏུ་དབྱེ་བ་གཉིས ་ཀྱིས་རྟོགས་པ། །ཡ་ར་ལ་ཝ་རྣམས་སོ། །ཅི་ལྟར་ཞེ་ན། རྗེས་སུ་སྣ་ལྡན་དང་བཅས་པ་དང། རྗེས་སུ་སྣ་ལྡན་མ་ཡིན་པ་རྣམས་ཀྱང་སྟེ་སྔར་སྨོས་པ་བཞིན་ནོ། །ཕྲག་དོག་སེར་སྣས་རིགས་པ་ཡི། །རྗེས་སུ་ལེགས་པར་འབྲེང་བ་དག་།ཡང་དག་ལྟ་བའི ་དངོས་པོ་ཡི། །མཚན་ཉིད་མི་ལྡན་དོར་བར་བྱ། །གང་ཕྱིར་གཞན་གྱི་དོན་ཚོལ་བའི་བླ་མའི་མཁྱེན་པ་ལས་ཐོབ་པ། །མཁས་པ་བདག་ཉིད་ཀྱིས་བྱས་པའི། །དགེ་བ་བླང་བྱ་ཉིད་ཡིན་ནོ། །གང་འདིར་ཡི་གེའི་མདོ་ནི་འགྲེལ་བྱས་པའི། །དགེ་བ་ཅུང་ཟད་བསགས ་པ་དེ་དག་གིས། །འཁོར་བའི་རྒྱ་མཚོ་ཆེན་པོར་འཕྱན་གྱུར་པའི། །སྐྱེ་བོའི་སྡུག་བསྔལ་སྦྱོར་བ་ཞི་གྱུར་ཅིག། ལུང་སྟོན་པ་ཙནྡྲ་པའི་ཡི་གེའི་མདོའི་འགྲེལ་པ་རྫོགས་སོ།། །།འདི་ནི་འཛམ་བུའི་གླིང་མཛའ་དག་སྙན་གྲགས ་ཀྱི་གདུགས་དཀར་པོ་དྲི་མ་མེད་པ་གཅིག་གིས་ཁེངས་པ་དངོས་གྲུབ་མཆོག་བརྙེས་པའི་སློབ་དཔོན་ཆེན་པོ་ཙནར་གོ་མིའི་ཞལ་སྔ་ནས་མཛད་པ་སྟེ། སྔོན་བོང་དུ་མ་འགྱུར་སྣང་བས། གངས་ཅན་གྱི་སྐྱེ་བོ་ཀུན་གྱི་མིག་གཅིག་པུ་ཐམས་ཅད ་མཁྱེན་པ་ཞ་ལུ་ལོ་ཙ་བ་ཆེན་པོ་དྷརྨམ་ལ་བྷ་དྲའི་བཀའ་དྲིན་ལས་རྣམ་དཔྱོད་ཀྱི་སྐལ་བའི་ཆ་ཤས་ཐོབ་པ་སྐྱོགས་སྟོན་ལོ་ཙའི་མིང་ཙམ་འཆད་བ་དག་དབང་རིན་ཆེན་བཀྲ་ཤིས་དཔལ་བཟང་པོས་འཛིན་བྱེད་ཅེས་བྱ་བ་མེ་པོ་བྱི་བའི་རྒྱལ་ཅན ་གྱི་ཉ་ལ་དཔལ་གྲ་ཐད་གི་གཟིམས་ཁང་དུ། བླ་མ་དམ་པ་ཉིད་ཀྱིས་བསྒྱུར་ཅིག་ཅེས་བཀའ་སྩལ་བ་བཞིན་དཔང་ལོ་ཆེན་པོའི་ཕྱག་དཔེ་རྒྱ་དཔེ་ལས་བསྒྱུར་ཅིང་རྟོགས་པ་དང་ལོག་པར་རྟོགས་པ་ཐམས་ཅད་རྗེ་ལོ་ཙཱ་བ་ཆེན་པོའི་གསུང ་ལ་གཏུགས་ནས་དག་པར་བྱས་པའོ། །སླར་ཡང་ཁ་ར་ཞེས་བྱ་བ་ལྕགས་མོ་ཡོས་ཀྱི་དཔོའི་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གཉིས་པ་ལ་ཉང་པོའི་ཡུལ་གྱི་ལྗོངས་ཕྲག་བླུར་ཏུ་གདོང་གི་དཔལ་ཀརྨམ་པའི་ཆོས་ཀྱི ་སྡེ་ཆེན་པོ་འཇམ་དབྱངས་དགྱེས་པའི་གཙུག་ལག་ཁང་གི་འདབས་སུ་རྒྱ་དཔེ་ལ་གཏུགས་ཏེ་བསྒྱུར་བ་པོ་ཉིད་ཀྱིས་ཅུང་ཟད་ཞུས་ཤིང་གཏན་ལ་ཕབ་པའི་ཡི་གེ་པ་ནི་སྒྲ་རིག་སྨྲ་བ་ཨཱ་ནནད་བཛྲ་ཞེས་བྱ་བའོ། །འདིས་ཀྱི་ང་རྒྱལ་བའི ་བསྟན་པ་དང་ལུས་ཅན་དཔག་ཏུ་མེད་པ་ལ་ཕན་པར་གྱུར་ཅིག།། །།སྡེབས་སྦྱོར་རིན་ཆེན་འབྱུང་གནས་སྟག་ཚང་ལོ་ཚ་བས་བསྒྱུར་བ་བཞུགས་སོ།། །།རྒྱ་གར་སྐད་དུ། ཙྪནད་རཏན་ཨཱ་ཀ ་