CLOSE WINDOW

N4698: dus kyi 'khor lo'i rtsis kyi man ngag
Wyliee-texts based on the ACIP/ALL Input

འཇོག་དགོས་དང། སྐད་དོད་མ་རྙེད་པ་རྣམས་སོར་བཞག་སྟེ། བསྒྱུར་བའི་ཞུས་ཏེ་དག་པར་བགྱིས་པའོ།། །། !། །དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་བཞུགས་སོ།། །།རྒྱ་གར་སྐད་དུ། ཀཱ་ལ་ཙཀྲ་ག་ཎི་ཏ་མུ་ཁ་དེ་ཤ། བོད་སྐད ་དུ། དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་།སངས་རྒྱས་ལ་ཕྱག་འཚལ་ལོ། །ཤ་ཀའི་ལོ་1091་ཀླ་ཀློའི་ལོ་596?་དག་པའི་ལོ་369?་མ་དག་པའི་ཟླ་བའི་ཚོགས་126་དག་པའི་ཟླ་བའི་ཚོགས་4502་མི་མཁའ་རྒྱ་མཚོ་103 ་ལ་ལེགས་པ་གདེངས་ཅན་ཟླ་བའི་ཕྲི་བའི་ལྷག་མའི་ལོ་221་ཡང་དྲུག་བཅུས་ཕྲི་བའི་ལྷག་མའི་ལོ་41་དང་པོར་ལོ་དྲུག་ཅུའི་ནང་ནས་ལོ་བཅུ་དགུ་མ་འདས་པར་བྱས་སོ་ཞེས་པ་ནི་ཕྱོགས་གཅིག་གི་རྣམ་པར ་རྟོག་པ་སྟེ་དང་པོའི་ལོའི་དྷྲུ་བ་ཀ་41་དེ་བཞིན་གཤེགས་པའི་དུས་ནས་ལོ་དྲུག་བརྒྱ་ན་འཇམ་དཔལ་གྱི་དུས་སོ། །དེ་ནས་ལོ་བརྒྱད་བརྒྱ་ན་ཀླ་ཀློའི་དུས་སོ། །ཀླ་ཀློའི་དུས་དེ་ལས་མཁའ་མཁའ་ཆུ་གཏེར་ཟླ་བའི་ལོ་ལས ་བརྒྱ་བརྒྱད་ཅུ་རྩ་གཉིས་ཀྱིས་དམན་པ་ལས་ཟླ་བ་དང་དྷཱུ་བ་ཀ་ལ་སོགས་པ་བྱའོ་ཞེས་པ་མན་ངག་གོ། ལོ་བཅུ་དགུ་ཡང་དེ་ལ་ཞུགས་པའི་ཕྱིར་ཐ་དད་དུ་མ་བྱས་ཞེས་སོ། །དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། ་དུས་འཁོར་ཞེས་བྱ་གཉིས་མེད་བ། །དུས་ཀྱི་བདག་ཉིད་ཕྱག་བྱས་ནས། །གཏི་མུག་མུན་པ་གཞིག་པའི་ཕྱིས། །དེ་ཡི་སྒྲོ་ན་མི་རབ་གསལ་བྱ། །འདིར་བྷྲུ་བ་ཀའི་རང་བཞིན་ལོ་ལྔ་བརྒྱ་དང་ཉི་ཤུ་རྩ་གསུམ་རྣམས་ནི་རྟག་པར་མི་འགྱུར ་ཏེ། །རབ་བྱུང་ལ་སོགས་པའི་ལོ་དྲུག་ཅུ་རྫོགས་པ་ན་དྷྲུ་བ་ཀ་གཞན་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་ལྔ་བརྒྱ་བརྒྱད་ཅུ་རྩ་གསུམ་དུ་འགྱུར་རོ། །དེ་ལྟར་ལོ་དྲུག་ཅུ་རྫོགས་པ་ན་དྲུག་ཅུ་དྲུག་ཅུ་འཇུག་པའི་ཕྱིར ་ངེས་པ་འདི་ནི་མི་རྟག་གོ་ཞེས་ཤེས་པར་བྱའོ། །དེ་ལ་ཡང་ལྔ་བརྒྱ་དང་ཉི་ཤུ་རྩ་གསུམ་གྱི་བདག་ཉིད་ལ་ད་ལྟར་གྱི་ལོའི་དྷྲུ་བ་ཀའི་དོན་དུ་རབ་བྱུང་ལ་སོགས་པའི་ལོ་གཞུག་པར་བྱའོ། །དེ་ལ་ཡང་ལྔ་བརྒྱ་དང་ཉི་ཤུ་རྩ་གསུམ་གྱི་བདག ་ཉིད་ལ་ད་ལྟར་གྱི་ལོའི་དྷྲུ་བ་ཀའི་དོན་དུ་རབ་བྱུང་ལ་སོགས་པའི་ལོ་གཞུག་པར་བྱའོ། །རབ་བྱུང་ལ་སོགས་པའི་ལོ་དྲུག་ཅུ་རྣམས་འདི་ལྟར་བསྒྲུབ་པར་བྱ་སྟེ། དེ་སྐད་དུ་ཤ་ཀ་དབང་པོའི་འདས་ལོ་རྣམས་དྲག་པོས་བསྒྱུར་ཞིང ་ཡང་བཞིས་སྒྱུར། དགུ་བརྒྱད་ཞི་དང་ལྡན་བྱས་ནས། །སྟོང་པ་མངའ་རི་འདོད་པས་བགོ་།རྙེད་པ་ཤ་ཀའི་ལོ་བཅས་པ། །དྲུག་ཅུས་དག་བྱས་རབ་བྱུང་སོགས། །ཞེས་པ་འདིའི་དོན་ནི་འདི་ཡིན་ནམ་བརྟག་འདི་ཡིན་ཏེ། ཤ ་ཀ་ཞེས་བྱ་བའི་རྒྱལ་པོ་འདས་པའི་ལོ་རྣམས་བཅུ་གཅིག་གིས་བསྒྱུར་ནས་སླར་ཡང་བཞིས་བསྒྱུར་བར་བྱའོ། །དགུ་བརྒྱད་བཞི་དང་ལྡན་བྱས་ནས། །ཞེས་པ་བཞི་བརྒྱ་དང་བརྒྱད་ཅུ་རྩ་དགུ་ལྡན་པར་བྱའོ། །སྟོང་པ ་མདའ་རི་འབོད་པས་བགོ་།ཞེས་པ་ཁྲི་སུམ་སྟོང་བདུན་བརྒྱ་ལྔ་བཅུས་བགོས་པའི་ལྷག་མ་ཕྱིས་ཏེ་རྙེད་པ་དང་ལྷན་ཅིག་པའི་ཤ་ཀའི་ལོ་དྲུག་བཅུས་བགོས་པའི་ལྷག་མ་ནི། རབ་བྱུང་ལ་སོགས་པའི་ལོར་འགྱུར་རོ། ། ་རྙེད་པ་ནི་རབ་བྱུང་ལ་སོགས་པའི་ལོ་དྲུག་ཅུ་རྫོགས་པའི་མཚན་ཉིད་ཡིན་པས་མི་གཟུང་ངོ། །རབ་བྱུང་ལ་སོགས་པ་དང་ཀླ་ཀློ་ལ་སོགས་པའི་རིམ་བས་དྲུག་ཅུའི་མཐར་ཐུག་པའི་རང་རང་གི་མིང་ནི་རབ་ཏུ་གྲགས་པ་དང་གཞུང ་མངས་པའི་འཇིགས་པར་མ་བྲིས་སོ། །དེས་ན་རབ་བྱུང་ལ་སོགས་པ་དང་ལྷན་ཅིག་ལྔ་བརྒྱ་དང་ཉི་ཤུ་རྩ་གསུམ་ནི་ཀླ་ཀློའི་ལོ་རུ་རབ་ཏུ་གྲགས་སོ། །དེ་ལ་བརྒྱ་བརྒྱད་ཅུ་རྩ་གཉིས་ཀྱིས་དམན་པའི་ལྷག་མ་ནི་ཟླ་བའི་དོན ་དུ་བཅུ་གཉིས་ཀྱིས་བསྒྱུར་བར་བྱའོ། །ད་ལྟར་གྱི་ཟླ་བའི་དོན་དུ་ནག་བ་ལ་སོགས་པའི་ཟླ་བ་ལྡན་པར་བྱ་སྟེ་དེའི་རིམ་པ་ནི་འདི་ཡིན་ནོ། །ས་གའི་ཟླ་བ་ནས་བརྩམས་ཏེ་གཅིག་ལ་སོགས་པ་བཅུ་གཅིག་གི་མཐར་ཐུག་བ ་གཞུག་པར་བྱའོ། །ནག་པའི་ཟླ་བ་ལ་ནི་ལོ་རིལ་པོ་ལོངས་པས་ལོ་གཅིག་བཅུག་ནས་རྩི་བར་བྱའོ། །ཟླ་བའི་ཚོགས་འདི་རྣམས་ཀྱང་ཟླ་བའི་ཤོལ་གཟུང་བའི་ཕྱིར་སྟེང་དང་འོག་གི་ངོ་བོས་གནས་གཉིས་སུ་བྱའོ། །འདིར་ཉི་མ་རྒྱུ་བའི ་དབང་གིས་ཟླ་བ་ཕྱེད་བཅས་སུམ་ཅུ་རྩ་གཉིས་རྫོགས་པ་ན་ཤོལ་གྱི་ཟླ་བ་གཅིག་འབྱུང་བས་ན་ཟླ་བ་ཕྱེད་བཅས་སུམ་ཅུ་རྩ་གཉིས་པོ་བཞིས་བསྒྱུར་བས་བརྒྱ་སུམ་ཅུར་གྱུར་ལ། ཡང་ན་གཉིས་ཀྱིས་བསྒྱུར་བས་དྲུག་ཅུ་རྩ་ལྔར་འགྱུར་རོ།། ་ཟླ་བའི་ཤོལ་བདེ་བླག་ཏུ་བཟུང་བའི་ཕྱིར་བཞི་འམ་གཉིས་ཀྱིས་བསྒྱུར་བའི་རྒྱུ་མཚན་གྱིས་རྒྱུ་མཚན་ཅན་བགོ་བྱ་ཟླ་བའི་ཚོགས་ཀྱང་བཞི་འམ་གཉིས་ཀྱི་བསྒྱུར་བས་དག་པར་རྟོགས་པར་བྱའོ། །རྒྱུད་དང་འགྲེལ ་པ་ནི་མཐུན་པར་བཞིས་བསྒྱུར་བ་ཁོ་ནའོ་ཞེས་ཤེས་པར་བྱའོ། །དེའི་ཕྱིར་ཟླ་བའི་ཚོགས་ལ་བརྒྱ་སུམ་ཅུ་ཁོ་ནས་སྔར་བཤད་པའི་རིམ་པས་སམ་ཡང་ན་དྲུག་ཅུ་རྩ་ལྔས་བགོས་པས་ཐོབ་པ་ནི་ཤོལ་གྱིས་ཟླ་བའི་བདག་ཉིད་དེ ་སྟེང་དུ་ཟླ་བའི་ཚོགས་ལ་བཅུག་སྟེ། སྟེང་དུ་ཟླ་བའི་ཚོགས་ཟླ་བ་དག་པའི་བདག་ཉིད་བྱའོ། །ལྷག་མ་ནི་མ་རྫོགས་པའི་ཕྱིར་མི་བཟུང་ངོ། །གང་གིས་ཚེ་ལྷག་མ་ཅུང་ཟད་ཀྱང་མ་ལུས་པ་དེའི་ཚེ་ཟླ་བ་གཉིས་པ་འཕེལ་ཏེ་ཟླ་བ་རེ་རེའི་འཕེལ ་བ། ཟླ་བ་རིལ་པོ་དང་ལྡན་པ་ཟླ་བ་གཉིས་འཕེལ་བ་ལ་སླར་ཡང་ཤོལ་གྱི་ཟླ་བ་གཅིག་འབྱུང་ངོ་ཞེས་ངེས་པར་བྱའོ། །དེའི་ཚེ་ཟླ་བ་གཞན་ཞིག་བཅུག་སྟེ་།ཟླ་བ་གནས་གསུམ་གྱུར་པ་ཞེས་པ་ལ་སོགས་པའི་དྷྲུ་པ་ཀ་གསུམ་ལ་སོགས་པ ་བསྒྲུབ་པར་བྱའོ། །ཡང་ན་འདས་པའི་ཟླ་བ་དང་ཡང་དག་པར་འབྲེལ་བའི་དྷྲུ་བ་ཀ་གསུམ་ལ་རིམ་པ་ཇི་ལྟ་བ་བཞིན་གཟའ་ལ་གཟའ་གཅིག་དང། །གཟའི་ཆུ་ཚོད་སུམ་ཅུ་རྩ་གཉིས་དང། རིལ་པོ་གཉིས་དང། །རིལ་པོའི་ཆ་ཤས་ལ་གཅིག་དང། །སྐར་མ་ལ་སྐར ་མ་གཉིས་དང། །ཆུ་ཚོད་ལ་ཆུ་ཚོད་བཅུ་གཅིག་བཅུག་སྟེ། ཤོལ་གྱི་ཟླ་བ་དང་ཡང་དག་པར་འབྲེལ་བའི་དྷྲུ་བ་ཀ་གསུམ་རྟོགས་པར་བྱའོ། ཟླ་བ་གཉིས་འཕེལ་བའི་ཟླ་བ་རིལ་པོ་ནི་མ་འོངས་པའི་ཟླ་བ་དང་ཡང་དག་པར་འབྲེལ་བར་རྟོགས་བར་བྱའོ། །དག་པའི་ཟླ་བའི ་ཚོགས་སོ། །ད་ནི་གཟའི་དྷྲུ་བ་ཀ་བརྗོད་པར་བྱ་སྟེ། དག་པའི་ཟླ་བ་སྟེང་དང་འོག་གི་ངོ་བོས་གནས་གསུམ་དུ་བྱ་སྟེ། སྟེང་མ་གཟའི་བདག་ཉིད་དག་གནས་འོག་མཆུ་ཚོད་ཀྱི་བདག་ཉིད་དང། གནས་བར་མ་ཟླ་བ་སོ་སོའི་གཟའི་ཆུ་ཚོད་ཀྱི་དོན་ཏེ། དེ་རྣམས་སུམ ་ཅུ་རྩ་གཉིས་ཀྱིས་བསྒྱུར་ནས་འོག་མའི་ཕུང་པོ་ལོ་དྲུག་གིས་བགོས་པས་ཐོབ་པ་བུ་ལོན་གྱི་བདག་ཉིད་ཡིན་པས་ཆུ་ཚོད་ཀྱི་དངོས་པོ་ལས་དབྱི་བར་བྱའོ། བགོས་པའི་ལྷག་མ་དྲུག་ཅུས་བསྒྱུར་ནས་དྲུག་གིས་ཐོབ་པ་ཆུ་སང་གི་བདག་ཉིད ་ཡིན་པས་སྔར་གྱི་ཐོབ་པའི་འོག་ཏུ་བྲི་བར་བྱའོ། །ལྷག་མ་དྲུག་གིས་བསྒྱུར་ནས་དྲུག་གིས་བགོས་པས་ཐོབ་པ་དབུགས་ཀྱི་བདག་ཉིད་ཡིན་པས་དེའི་འོག་ཏུ་བཞག་པར་བྱའོ། །ཆུ་སྲད?་གཅིག་ནི་དབུགས་དྲུག་གི་བདག་ཉིད་ཀྱི་ཕྱིར་སྦྱང་བར ་བྱའོ། །དེ་ནས་སྟེང་དང་འོག་གི་ངོ་བོས་གནས་བཞིར་བྱས་ནས་གཟའི་གནས་ཀྱི་གཟའ་ནི་ཆུ་ཚོད་དྲུག་ཅུའི་བདག་ཉིད་དོ། །ཆུ་ཚོད་ཀྱི་གནས་ནི་ཆུ་སྲང་དྲུག་ཅུའི་བདག་ཉིད་དང། ཆུ་སྲད་གི་གནས་ནི་དབུག་དྲུག་གི་བདག་ཉིད་དུ་གནས་སོ།། ་དེས་ན་དབུགས་དྲུག་ཚད་བ་ནི་ཆུ་སྲང་གཅིག་གི་བདག་ཉིད་དུ་འགྱུར་རོ། །ཆུ་སྲང་དྲུག་ཅུ་ཚང?་བ་ནི་ཆུ་ཚོད་གཅིག་གི་བདག་ཉིད་དུ་འགྱུར་རོ། །ཆུ་ཚོད་དྲུག་ཅུ་ཚད་བ་ནི་གཟའ་གཅིག་གི་བདག་ཉིད་དུ་འགྱུར་ཏེ། དེ་ལྟར་ཐམས་ཅད་དུ་རྟོག་པར་བྱའོ། ་ངེས་པ་འདི་ནི་ནུབ་པར་བྱེད་པ་ལ་འོངས་པ་སྟེ། ཉི་མ་ལ་སོགས་པ་འཆར་བར་བྱེད་པའི་དོན་དུ་སྟེང་གི་ཕུང་པོར་གཟའ་གཉིས་ནོར་དང། འོག་གི་ཕུར་བོར་ཆུ་ཚོད་སུམ་ཅུ་ནོར་དུ་འགྱུར་རོ། །ཆུ་ཚོད་ཀྱི་ཕུང་པོ་དྲུག་ཅུའི་ཆ་ཐོབ་བ་སྟེང་གི་ཕུང་བོར ་འགྲེས་ནས་སྟེང་ཕུང་པོའོ?་བདུན་གྱིས་བགོས་པའི་ལྷག་མ་ནི་གཟའ་དུ་འགྱུར་རོ། །ལྷག་མ་གཅིག་ལ་སོགས་པ་ནི་ཉི་མ་ལ་སོགས་པ་རབ་ཏུ་གྲགས་པ་རྣམས་སོ། །རྙེད་པ་ནི་གཟའའཁོར་བའི་མཚན་ཉིད་ཡིན་བས་མི་གཟུང་ངོ། །ད་ནི་གཟའི་བདག་ཉིད་ཀྱི ་རིལ་པོའི་དྷྲུ་བ་ཀ་བརྗོད་པར་བྱ་སྟེ། ངག་བའི་ཟླ་བ་ལ་བརྒྱ་དང་བཅུ་གཉིས་བསྲེས་ནས་སྟེང་དང་འོག་གི་ངོ་བོས་གནས་གཉིས་སུ་བྱས་ཏེ། གནས་འོག་མ་བརྒྱ་དང་ཉི་ཤུ་རྩ་དྲུག་གིས་བགོས་བའི་རྙེད་པ་ལ་ལྔ་བསྲེས་ཏེ། སྟེང་གི་ཕུང་པོ་གཉིས་ཀྱིས ་བསྒྱུར་བ་ལ་ནོར་དུ་སྦྱིན་པར་བྱའོ། །གང་གི་ཕྱིར་འདིར་ཟླ་བ་རྒྱུ་བའི་དབང་གིས་ཟླ་བ་བརྒྱ་ཉི་ཤུ་རྩ་དྲུག་ན་རིལ་པོ་གཅིག་ཏུ་འགྱུར་བས་རིལ་པོའི་གནས་སུ་གཅིག་ལྷག་པར་འགྱུར་རོ། །གནས་སྟེང་མ་ཉི་ཤུ་རྩ་བརྒྱད་ཀྱིས་བགོས་བའི་ལྷག་མ་ནི་རིལ་པོར་འགྱུར་རོ ་རྙེད་པ་ནི་གཟའའཁོར་བའི་ངོ་བོ་ཡིན་པས་མི་བཟུང་ངོ། །བརྒྱ་ཉི་ཤུ་རྩ་དྲུག་གིས་བགོས་བའི་ལྷག་མ་ནི་རིལ་པོའི་ཆ་ཤས་ཡིན་པས་རིལ་པོའི་འོག་ཏུ་བཞག་བར་བྱའོ། །ད་ནི་ཉི་མའི་དྷྲུ་བ་ཀ་བརྗོད་པར་བྱ་སྟེ། དག་པའི་ཟླ་བ་སྟེང་དང་འོག་གི་ངོ་བོས ་གནས་བ་རྣམས། །སྟེང་མ་རྒྱུ་སྐར་ཀྱི་བདག་ཉིད་དང་འོག་མ་ཆུ་ཚོད་ཀྱི་རང་བཞིན་ནོ། །གནས་པར་མ་བཅུ་གཅིག་གིས་བསྒྱུར་ཏེ། གནས་འོག་མ་ལ་སུམ་ཅུ་རྩ་དགུས་བགོས་པས་ཐོབ་པར་གཉིས་བསྲེས་རྟེ་གཞག་པ་ནི་ཆུ ་ཚོད་ཀྱི་རང་བཞིན་ནོ། །ལྷག་མ་དྲུག་བཅུས་བསྒྱུར་ནས་དེས་བགོས་པས་ཐོབ་པ་ནི་ཆུ་སྲང་གི་བདག་ཉིད་དེ་།དེའི་འོག་ཏུ་བྲི་བར་བྱའོ། །ལྷག་མ་དྲུག་གིས་བསྒྱུར་ཏེ་ངེས་བགོས་པས་ཐོབ་པ་ནི་དབུགས་ཀྱི་བདག ་ཉིད་དེ། དེའི་འོག་ཏུ་བཞག་པར་བྱའོ། །ཆུ་སྲང་དང་དབུགས་ཀྱི་བདག་ཉིད་ཀྱི་རྙེད་པ་དག་ལ་ཡང་གཉིས་སྲེད་བ་སྔ་མ་བཞིན་བྱའོ། །སྔར་གྱི་ཆུ་ཚོད་དབུས་མའི་ཆུ་ཚོད་ཀྱི་གནས་ལ་སྦྱངས་ཏེ། ཆུ་སྲང་དང་དབུགས་རིལ་པོ་ནི་འོག་ཏུ ་ཕབ་ལ་སྦྱར་བར་བྱའོ། །ཞེས་པ་ནི་ཐམས་ཅད་དུ་སྤྱིའི་རིགས་པའོ། །དེ་ནས་དབུས་མའི་ཕུང་པོ་ཆུ་ཚོད་ཀྱི་བདག་ཉིད་ལས་དྲུག་ཅུའི་ཆས་ཐོབ་པ་ནི་སྟེང་གི་ཕུང་པོ་གཉིས་ཀྱིས་བསྒྱུར་བ་ལ་ནོར་དུ་འགྱུར། །དེ་ལས་ཉི་ཤུ་རྩ་བདུན་དུ་བགོས ་པའི་ལྷག་མ་ནི་རྒྱུ་སྐར་དུ་འགྱུར་ཏོ། །རྙེད་པ་ནི་རྒྱ་སྐར་གྱི་འཁོར་ལོ་ཡོངས་སུ་འཁོར་བའི་མཚན་ཉིད་ཡིན་པས་མི་བཟུང་ངོ། །གནས་འོག་མ་ནི་སྔ་མ་བཞིན་ཆུ་ཚོད་ཀྱི་བདག་ཉིད་དུ་འགྱུར་ཏེ། དག་པའི་ཟླ་བའི་དྷྲུ་བ་ཀའོ། །གང་གི ་ཚེ་རྩིས་ལ་ལེ་ལོར་གྱུར་བ་དེའི་ཚེ་གཟའ་ལ་གཟའ་གཅིག་དང། གཟའི་ཆུ་ཚོད་ལ་ཆུ་ཚོད་སུམ་ཅུ་རྩ་གཉིས་དང། རིལ་པོ་ལ་རིལ་པོ་གཉིས་དང་རིལ་པོའི་ཆ་ཤས་ལ་རིལ་པོའི་ཆ་ཤས་གཅིག་དང། སྐར་མ་ལ་སྐར་མ་གཉིས ་དང་སྐར་མའི་ཆུ་ཚོད་པ་ཅུ་གཅིག་རྣམས་ཟླ་བ་རེ་རེ་ལ་སྦྱིན་པར་བྱ་སྟེ། མ་དག་པའི་གཟའ་ལ་སོགས་པའི་དྷྲུ་བ་ཀའོ། །ད་ལྟ་བའི་གཟའ་ལ་སོགས་པ་དག་པ་བྱ་སྟེ། དཀར་པོའི་ཆོས་གཅིག་ནས་བརྩམས་ནས་ཇི་སྲིད་གནམ་སྟོང ་གི་མཐར་ཐུག་པ་ཉི་མ་སུམ་ཅུ་ཟླ་བའི་རྐང་པ་ལ་སོགས་པའི་རིམ་པས་གཟའ་རོ་འཕེལ་བས་གཟའ་ལ་གཟའ་རིས་པོ་སྦྱིན་ཞིང། གཟའི་ཆུ་ཚོད་ལ་ཆུ་ཚོད་ཀྱི་རང་བཞིན་རྣམས་དགྲིའོ། །གལ་ཏེ་འབྲི་ཞིང་སྦྱངས? ་པའི་རང་བཞིན་ལ་གཟའི་ཆུ་ཚོད་མ་ལངས་པ་དེའི་ཚེ། གཟའ་གཅིག་ཆུ་ཚོད་དྲག་ཅུར་བྱས་ཏེ་འོག་ཏུ་ཕོབ་ནས་སྦྱང་བར་བྱའོ། །ཞེས་པ་ཐམས་ཅད་དུ་རིག་པར་བྱའོ། །གང་གི་ཚེ་ཡང་ཕབ་པའི་གཟའ་ཟླ་བའི་རྐང་པ་དང་ཉི་མའི་རྐང་པ?་? ་སོགས་པས་ནོར་དང་བུ་ལོན་དུ་བྱས་པ་ལ་ཕབ་པར་གྱུར་པ་ཆུ་ཚོད་དྲུག་ཅུར་མ་ལོངས་པ་དེའི་ཚེ་ཚོས་ད་ལྟར་བ་དེ་ཆང་ངོ་ཞེས་རིག་པར་བྱའོ། །དེའི་ཚེ་ཆོས་དེ་དེར་ནས་མ་འོངས་པའི་ཆོས་བྱིན་ནས་བྱ་བ་ཐམས་ཅད་བྱའོ། །གང་གི ་ཚེ་ཡང་རྩིས་ཀྱི་དབང་གི་ཆུ་ཚོད་དྲུག་ཏུ་ལྷག་པར་གྱུར་པ་དེའི་ཚེ་དེ་ལྷག་གོ་ཞེས་རིག་པར་བྱའོ། །དེའི་ཚེ་ཡང་ཆུ་ཚོད་དྲུག་ནུ་ནི་ད་ལྟར་བའི་གཟའའཁྲི་བར་བྱའོ། །ཆུ་ཚོད་ལྷག་པ་ནི་མ་འོངས་པའི་གཟའ་ལ་བྲི་བར་བྱའོ། །ཇི་སྲིད་ཆུ་ཚོད ་ལྷག་པ་ནས་ཆད་པའི་བར་དུའོ། །ཆུ་ཚོད་ལྷག་པ་དང་ཆད་པ་རྣམས་ནི་མཐུན་མོང་གི་རིགས་པས་མཉམ་པ་ཁོ་ནར་འགྱུར་རོ། །ཚོགས་ཀྱི་ཆ་ལ་བཅུ་བཞིས་བགོས་པའི་རྙེད་པ་མཉམ་ན་ནོར་དང་མི་མཉམ་ན་བུ་ལོན་དུ་རྟོག ་པར་བྱའོ། །དེ་ལ་གཅིག་ངང་གསུམ་ནི་ཆ་ནི་མི་མཉམ་པ་ལྟ་བུ་ལོན་ནོ། གཉིས་དང་བཞིའི་ཆ་ནི་མཉམ་པ་སྟེ་ནོར་དུ་རྟོགས་པར་བྱའོ། །རྙེད་པ་མེད་ནའང་མཉམ་པ་སྟེ་གཟའ་དང་ཆུ་ཚོད་རྣམས་སུ་ནོར་དང་བུ་ལོན་གྱི་འཕེལ་འགྲིག་རྟོགས་པར ་བྱའོ། །འདིར་ཡང་ལྔ་ལ་སོགས་པའི་རྙེད་པ་ནི་མེད་དེ། གང་གི་ཕྱིར་རིལ་པོ་ལ་ཉི་ཤུ་རྩ་བརྒྱད་ཀྱིས་བགོས་པ་ན། ཉི་ཤུ་རྩ་བདུན་ལས་ལྷག་པའི་ལྷག་མ་མེད་ལ། དེ་ལ་ཚེས་སུམ་ཅུ་སྦྱིན་ཡང་ལྔ་བཅུ་རྩ་བདུན་ལས་ལྷག་པ་ཡོད ་པ་མ་ཡིན་ཞིང། །རོ་ལ་བཅུ་བཞིས་བཅད་པའི་རྙེད་པ་བཞི་ཁོ་ནར་འགྱུར་རོ། །བཅུ་གཉིས་བགོས་པའི་རྙེད་པ་ནི་རྐང་པ་སོ་སོ་ལ་ནོར་དང་བུ་ལོན་དུ་འགྱུར་བས་མི་གཟུང་ངོ། །བགོས་པའི་ལྷག་མ་ནི་ཟླ་བའི་རྐང་པ་སོ་སོ་རྟོགས ་པར་བྱེད་སྟེ། གཅིག་ལ་སོགས་པ་བཅུ་གསུམ་གྱི་མཐར་ཐུག་པར་རྟོག་པར་བྱའོ། །ཟླ་བའི་རྐང་པ་རྟོགས་པར་བྱེད་པ་ལྷག་མ་གཅིག་ལ་སོགས་པ་བཅུ་གསུམ་གྱི་མཐར་ཐུག་པ་བྱིས་ནས་རིམ་པ་ཇི་ལྟ་བ་བཞིན ་དུ་ཟླ་བའི་རྐང་པའི་གནས་རྣམས་རྟོགས་པར་བྱའོ། །དེ་ལ་བཅུ་བཞིས་བགོས་པའི་ལྷག་མ་གཅིག་གམ་བཅུ་གསུམ་ལ་ཟླ་བའི་རྐང་པ་ལྔར་ཤེས་པར་བྱའོ། །དེ་བཞིན་དུ་གཉིས་སམ་བཅུ་གཉིས་ལ་བཅུའོ། །གསུམ་དང་བཅུ་གཅིག་ལ་བཅཝོ་ལྔའོ ་བཞི་དང་བཅུ་ལ་བཅུ་དགུའོ། །ལྔ་དང་དགུ་ལ་ཉི་ཤུ་རྩ་གཉིས་སོ། །དྲུག་དང་བརྒྱད་ལ་ཉི་ཤུ་རྩ་བཞིའོ། །བདུན་ལ་ཉི་ཤུ་རྩ་ལྔའོ། །དེ་ལ་ཡང་ཉི་མའི་རྐང་པ་ལས་བྱུང་བའི་སྦྱིན་པའི་དོར་བ་ནི་ཉི་མ་(བཞིན་ཏེ། གལ་ཏེ་ནི་མ་ལ)་སྦྱིན་ན་ནི་འདི་ལ་ཡང་སྦྱིན་ནོ། །གལ་ཏེ ་ཉི་མ་ལ་དོར་ན་ནི་འདི་ལ་ཡང་འདོར་རོ། །ད་ནི་སྔར་བཤད་པའི་ཟླ་བའི་རྐང་བ་འཆར་བ་རྣམས་ཀྱིས་བསྒྱུར་བའི་བྱ་བ་བདེ་བླག་ཏུ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སོ་སོར་བརྗོད་པར་བྱ་སྟེ། དེ་ལ་རིལ་བོ་ལ་བཅུ་བཞིས་བགོས ་པའི་ལྷག་མ་སྟོང་པ་ལ་ནི་སྦྱིན་པའི་དོར་བ་ཅི་ཡང་མེད་དོ། །འོན་ཀྱང་རིལ་པོའི་ཆ་ཤས་གཟའི་རྐང་པ་དང་པོའི་མཚན་མ་ལྔས་བསྒྱུར་ནས་བརྒྱ་ཉི་ཤུ་རྩ་དྲུག་གིས་བགོས་པའི་རྙེད་བ་ཟླ་བའི་གཟའི་རྐང ་པ་དང་ལྷན་ཅིག་བས་བར་བྱའོ། །ལྷག་མ་ནི་དྲུག་ཅུས་བསྒྱུར་ཏེ་བགོས་པས་རྙེད་པ་ཆུ་སྲང་གི་བདག་ཉིད་ཡིན་པས་གཟའི་རྐང་པའི་འོག་ཏུ་བྲི་བར་བྱའོ། །ལྷག་མ་དྲུག་གིས་བསྒྱུར་ཏེ་ངེས་བགོས་པས ་ཐོབ་པ་ནི་དབུགས་ཀྱི་ཚོགས་ཏེ། དེའི་ཡང་འོག་ཏུ་བཞག་པར་བྱའོ། །འཆད་པར་འགྱུར་བ་རྣམས་ལ་ཡང་བཀོད་པ་དེ་ལྟར་ཤེས་པར་བྱའོ། །ལྷག་མ་གཅིག་ལུས་པ་ན་རྐང་པའི་མཚོན་བྱེད་ཕྱིས་ནས ་དེའི་གནས་འོག་མ་རྒྱུ་བའི་རྐང་པས་རྒྱུ་པར་བྱ་སྟེ་།སྔར་བཤད་པའི་རིག་པས་སོ། །ལྷག་མ་གཉིས་ལུས་ན་གཉིས་པོ་ཕྱིས་ནས་གཟའི་རྐང་པ་སྔ་མ་དང་ལྷན་ཅིག་ཤེས་པར་བྱའོ། །རིལ་པོའི་ཆ་ཤས་ནི་སྔར ་བཤད་པའི་རིགས་པས་དེའི་གནས་འོག་མ་ལྔས་བསྒྱུར་བར་བྱའོ། །བཅུ་བཞིས་བགོས་པའི་ལྷག་མ་གསུམ་ལ་ནི་གཟའི་རྐང་པ་སྔ་མ་བཅུ་དང་ལྷན་ཅིག་བཅཝོ་ལྔའོ། །རིལ་པོའི་ཆ་ཤས་ནི་སྔ་མ་བཞིན་དེའི་གནས་འོག ་མ་བཞིས་བསྒྱུར་བར་བྱའོ། །ལྷག་མ་བཞི་ལ་ནི་སྔ་མ་གསུམ་དང་ལྷན་ཅིག་བཅུ་དགུ་སྟེ། །རིལ་པོའི་ཆ་ཤས་ནི་སྔ་མ་བཞིན་དེའི་གནས་འོག་མ་གསུམ་གྱིས་སྐྱུར?་བར་བྱའོ། །ལྷག་མ་ལྔ་ལ་ནི་སྔ་མ་བཞི་དང་ལྷན་ཅིག ་ཉི་ཤུ་རྩ་གཉིས་ཏེ། རིལ་པོའི་ཆ་ཤས་ནི་སྔ་མ་བཞིན་གཉིས་ཀྱིས་བསྒྱུར་བར་བྱའོ། །ལྷག་མ་དྲུག་ལ་ནི་སྔ་མ་ལྔ་དང་ལྷན་ཅིག་ཉི་ཤུ་རྩ་བཞི་སྟེ། རིལ་པོ་ཆ་ཤས་ནི་སྔ་མ་བཞིན་གཅིག་གིས་བསྒྱུར་བར་བྱའོ། ་ལྷག་མ་།བདུན་ལ་ནི་སྔ་མ་དྲུག་དང་ལྷན་ཅིག་ཉི་ཤུ་རྩ་ལྔ་སྟེ་རིལ་པོའི། ཆ་ཤས་ནི་དེའི་གནས་འོག་མ་གཅིག་གིས་བསྒྱུར་ནས་བརྒྱ་ཉི་ཤུ་རྩ་དྲུག་གིས་ཐོ་པ་ཆུ་སྲང་ལ་སོགས་པར་བྱས་ནས་གཟའི་རྐང་པ་ཉི་ཤུ་རྩ ་ལྔ་ལས་བུ་ལོན་དབྲོག་པར་བྱའོ། །ལྷག་མ་བརྒྱད་ལ་ནི་ཐམས་ཅད་དུ་རྐང་པའི་མཚོན་བྱེད་ཀྱི་མཚན་མ་ཕྱིས་ནས་སྤྱང་ཟིན་པའི་རྐང་པ་རྣམ་དོར་ཏེ་།མ་སྤྱང་པའི་རྐང་པའི་གནས་དྲུག་ལ་གནས་པ་ཉི་ཤུ་རྩ་བཞི་པོ་རྣམས་གཟའི ་རྐང་པ་ལ་བྲེ་པར་བྱའོ། །ཐམས་ཅད་དུ་བར་གྱི་རི་མོ་རྒལ་ནས་རིམ་མིན་ལ་ནི་འདས་ཤིང་སྤྱད་ཟིན་པའི་གཟའི་རྐང་པ་རྣམས་དོར་ཏེ་།མ་སྤྱད་པ་རྣམས་བསྡོམས་ནས་དགོད་པར་བྱ་ཞིང། རིམ་པ་ལ་ནི་དབུས་ཀྱི་རི་མོའི་བར་སྦྱང་ཟིན་པའི ་རྐང་བའི་གནས་རྣམས་གཟའི་རྐང་པ་ལ་བསྲེས་ནས་དགོད་བར་བྱའོ། །ཁྱད་པར་ནི་རིལ་པོའི་ཆ་ཤས་རིམ་པས་བགྲོད་པ་ལ་སྤྱད་ཟིན་པའི་གཟའི་རྐང་པའི་གནས་ལས་འོག་གི་གཟའི་རྐང་པས་བསྒྱུར་བར་འདོད་ལ། དེ་ལ་བརྒྱ་ཉི་ཤུ ་རྩ་དྲུག་གིས་ཐོབ་བ་གཟའི་རྐང་པ་དང་ཇི་ལྟར་རིགས་པར་བསྲེ་བར་བྱའོ། །རིམ་མིན་དུ་བགྲོད་པ་ལ་རིལ་བོའི་ཆ་ཤས་ནི་སྤྱད་ཟིན་པའི་དེ་མ་ཐག་པའི་སྟེང་ན་གནས་པས་བསྒྱུར་ཏེ། དེ་བརྒྱ་ཉི་ཤུ་རྩ་དྲུག་གིས་བགོས་པས་ཐོབ་བ་གཟའི་རྐང་བ་ཇི་ལྟར་རིགས ་པར་བུ་ལོན་དབྲོག་པར་བྱའོ། །ལྷག་མ་བཅུ་གཅིག་ལ་ནི་མ་སྤྱད་པའི་གནས་གསུམ་ལ་གནས་པ་བཅོ་ལྔའོ། །ལྷག་མ་བཅུ་གཉིས་ལ་ནི་མ་སྤྱད་པའི་གནས་གཉིས་ལ་གནས་པ་བཅུའོ། །ལྷག་མ་བཅུ་གསུམ་ལ་ནི་མ་སྤྱད་པའི་གནས་གཅིག་ལ་གནས་པ ་ལྔའོ། །བཅུ་བཞིས་བགོས་པས་གཟའི་རྐང་པ་སྟོང་པ་ལ་གནས་ན་སྔར་བཤད་པ་ཉིད་རིགས་སོ། །ཉི་མའི་རྐང་པ་ལས་བྱུང་བ་ནི་ཕྱོགས་འདི་ལ་ཡང་མཐུན་མོང་དུ་སྦྱིན་བ་དང་དོར་བ་ཉིད་དེ། །དེ་དག་གཟའི་རྐང་པ་དང་འདྲ་བར་སྔར་བཤད་པའི་རིག་བས་མཉམ་པ་དང་མི ་མཉམ་བའི་བགྲོད་པ་ལ་གཟའ་དང་ཆུ་ཚོད་རྣམས་སུ་སྦྱིན་པ་དང་དོར་བ་རྟོགས་པར་བྱ་འོ། །གཟའི་རྐང་པ་འདི་རྣམས་བྱིས་པའི་སྐྱེ་བོ་རྣམས་ཀྱིས་མཐོང་བར་བྱ་བའི་ཕྱིར་བྲིས་ཏེ། གཟའ་དང་ཚེས་དང་སྐར་མ་དག་པའོ། །ད་ནི་ཉི་མ་སོ་སོའི་ཉི་མ་དག་པ་བརྗོད་པར་བྱ ་སྟེ། སྐར་མའི་དྷཱུ་བ་ཀ་ལ་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་ཉི་མ་སུམ་ཅུ་རྣམས་སུ་རེ་རེ་འཕེལ་བས་ཚེས་དེ། བཞིས་བསྒྱུར་ཞིང་དེ་ལ་གསུམ་ཆོ་དེའི་གྱིས་ཆ་ཆུ་སྲང་ཉི་ཤུ་དག་གིས་བསྲེས་ཏེ། ཚེས་དང་པོ་ལ་ཆུ་ཚོད་བཞི་དང་ཆུ་སྲང་ཉི་ཤུ ་འབྱུང་འདིར་ཆུ་སྲང་གཅིག་ཆད་པས་ཅུང་མ་དད་པ་དེ་དྷུ་བཀའ་ཨི་སྐབས་སུ་གནས་དབུས་མ་བཅུ་གཅིག་གིས་བསྒྱུར་བས་སོགས་ཏེ་དག་པར་འགྱུར་བས་ཆད་བའི་སྐྱོན་མེད་དོ། །ད་དུང་དབུགས་ལྔ་དང་འདོད་ཆ་བརྒྱད་ཀྱིས་མ་དག་བའི་ཆ་ཡོད་དོ། །བ་དེ་ཡང་སྐར་མའི་དྷྲུ་བ་ཀ་ལ་བཅུག་སྟེ། ཉི་མ་རེ་རེ་ལ་འཕེལ་བ་དེ་བཞིན ་བྱའོ། །ཡང་ན་ཆུ་ཚོད་བཞི་དང་ཆུ་སྲང་ཉི་ཤུ་རྩ་གཉིས་བཅུག་སྟེ་འདི་ཉིད་དག་གོ་ཞེས་བསྟན་ཏོ། །ཡང་ན་གྲུབ་པའི་མཛའ་ཨི་རིགས་པས་ཆུ་ཚོད་བཞི་དང་ཆུ་སྲང་ཉི་ཤུ་རྩ་དྲུག་དང་དབུགས་གཉིས་ཏེ་དེ་ཡང་མ་དག་པའི་ཉི་མའི་ལོངས་སྤྱོད་ཀྱི་བདག་ཉིད་ཀྱི་དྷྲུ་བ ་ཀའོ། །སྔ་མ་དང་ཕྱི་མའི་ངོ་བོས་གནས་གསུམ་དུ་བཞག་འདི་གཟའ་ལྔ་ལ་མཁོ་བའི་ཉིན་ཞག་གི་ཉི་དག་བསྒྲུབ་ཚུལ་ལོ། །ནས་གཅིག་ལ་ཁྱིམ་གསུམ་གྱི་བདག་ཉིད་རྒྱུ་སྐར་དྲུག་དང་ཆུ་ཚོད་བཞི་བཅུ་རྩ་ལྔ་དབྱི་བར་བྱའོ། །དེ་ལྟར་ན་ལུག་ལ་སོགས་པའི་ཁྱིམ ་གསུམ་སྦྱངས་བའི་ཕྱིར་ཉི་མ་སྐྱེས་པའི་ཁྱིམ་ཀརྐ་ཊར་འགྱུར་རོ། །བྱ་བ་ལྷག་མ་ནི་གཟའ་བཀྲ་ཤེས་ཀྱི་ཇི་ལྟ་བ་བཞིན་དུ་ཉི་མ་ལ་ཡང་ཤེས་པར་བྱའོ། །འོན་ཀྱང་བཀྲ་ཤིས་དང་གཟའི་རྐང་པ་རྣམས་ཐ་དད་ཏེ་ཉི་མའི་གཟའི་རྐང་པ་རྣམས་ནི་དྲུག་དང་བཞི ་དང་གཅིག་སྟེ་དང་པོ་ཀརྐ་ཊ་ལ་དྲུག་གོ། གཉིས་པ་སེང་གེ་ལ་བཞིའོ། །གསུམ་པ་བུ་མོ་ལ་གཅིག་གོ། དེ་ནས་ལུགས་ལས་བཟློག་པས་བཞི་པ་སྲང་ལ་གཅིག་གོ། ལྔ་པ་སྡིག་པ་ལ་བཞིའོ། །དྲུག་པ་གཞུ་ལ་དྲུག་གོ། ཆུ་སྲིན་ལ་སོགས་པ་ལ་ཡང་དེ་ལྟ ་བུ་ཉིད་དུ་རྟོགས་པར་བྱའོ། །དེ་ལ་རྐང་པའི་གནས་སུ་ཤར་བ་གང་ཡིན་པ་དེའི་རྐང་པའི་གནས་ཀྱི་དེ་མ་ཐག་པས་ལྷག་མ་རྣམས་བསྒྱུར་ཏེ། ཆུ་ཚོད་ཀྱི་གནས་ལ་སོགས་པར་ནོར་དང་བུ་ལོན་དུ་བྱ་སྟེ། བརྒྱ་སུམ་ཅུ་རྩ་ལྔས་བགོས་པའི་རྙེད་པ་གཅིག་ལ ་སོགས་པ་ནི་ཉི་མའི་ལོངས་སྤྱོད་ཀྱི་བྱ་བ་བགྲོད་པ་འགྲོ་བའི་དབང་ལས་རྐང་པའི་གནས་དྲུག་ལ་སོགས་པ་ལ་ནོར་རམ་བུ་ལོན་དུ་འགྱུར་ཏེ། དེ་ཡང་ཆུ་སྲིན་ལ་སོགས་པ་ལ་ནོར་དང་ཀརྐ་ཊ་ལ་སོགས་པ་ལ་བུ་ལོན་ནོ་ཞེས་པ་མདོར་བསྡུས་པ་སྟེ། རྒྱས་པར ་ནི་ཨུ་སངྒ་ལར་འཆད་དོ། །ཞེས་པོ་འདི་ནི་ཉི་མ་སོ་སོའི་ཉི་མ་དག་པའོ། །བྱེད་བ་ལ་བརྗོད་པའི་ཚོགས་ནི་དག་པ་མེད་དོ། །བྱེད་པ་ལ་བརྗོད་པའི་ཚིག་ཡང་འདི་ཡིན་ཏོ། །ཀརྐ་ཊཱའི་ཕྱོགས་དང་པོ་ལ་ཆུ་ཚོད་གསུམ་བུ་ལོན་ནོ། །ཀརྐ་ཊའི་ཕྱོགས་གཉིས་པ་ལ་དྲུག་གོ། །དེ་བཞིན་དུག ་སེང་གེ་ལ། ཕྱོགས་དང་པོ་ལ་བརྒྱད་དང་བཅུའོ། །ཕྱི་མ་ལ་བུ་མོ་ལ་དང་པོ་ལ་བཅུ་1་དང་ཕྱི་མ་ལ་བཅུ་གཅིག་གོ་།སྲང་གི་དང་པོ་ལ་བཅུ་གཅིག་དང་བཅུའོ། །ཕྱི་མ་ལ་སྡིག་པ་དང་པོ་ལ་ལ་བརྒྱ་ཕྱི་མ་དང་དྲུག་གོ་།གཞུ་ལ ་གསུམ་དང་སྟོང་པ་ཕྱི་མ་སྟེ་བགྲོད་པའི་མཐར་རོ། །དེ་བཞིན་དུ་ཆུ་སྲིན་ལ་སོགས་པ་ལ་ནོར་ཏེ་བྱེད་པ་ལ་གྲུབ་པའི་མཛའ་ཨི་དགོངས་པའོ། །དེ་ལྟ་བུ་ནི་ཟླ་བ་དྲུག་གི་ཕྱོགས་ལ་ཉིན་མོར་བྱེད་པ་རྒྱུ་བའི་ཟླ་བ་འཕོ་བའི་དབྱེ་བ་རྣམས་སོ། །ད་ནི་ཟླ་བ་དག་པ་དང་པོ ་བརྗོད་པར་བྱ་སྟེ། རྒྱུ་སྐར་གྱི་དྷུ་བ་ཀ་ལ་ཚེས་གཅིག་ལ་སོགས་པ་ནས་གནམ་སྟོང་གི་མཐར་ཐུག་པ་ཚེས་གསུམ་ཅུ་པ་རྣམས་རྒྱུ་སྐར་གྱི་གནས་སུ་ཉི་མ་སོ་སོར་རྒྱུ་སྐར་རེ་རེ་འཕེལ་བས་རྒྱུ་སྐར་འཕེལ་བའི་དོན་དུ་ཆེས་དེ་སྦྱིན་པར་བྱའོ། །ཚེས་དེ ་རྣམས་གནས་གཞན་དུ་བྱས་ཏེ་ཆུ་ཚོད་ཀྱི་བྱ་བ་ལ་དྲུག་གིས་བསྒྱུར་ཏེ་སྔར་གྱི་ཆུ་ཚོད་ཀྱི་རང་བཞིན་དེ་རྣམས་གཟའི་ཆུ་ཚོད་དག་པ་དང་ལྡན་པར་བྱའོ། །སླར་ཡང་དེ་ལྟར་གྱུར་པ་རྣམས་ཀྱིས་རྒྱུ་སྐར་གྱི་དྷྲུ་བ་ཀའི་ཆུ་ཚོད་ལ་སོགས་པ་གནས་ཇི་ལྟ ་བ་བཞིན་དུ་དམན་པར་བྱའོ། །དེ་ལྟར་ན་ཟླ་བའི་ལོངས་སྤྱོད་ཀྱི་ཆུ་ཚོད་ལ་སོགས་པ་དེ་རྣམས་དག་པར་འགྱུར་རོ། །རྒྱུ་སྐར་གྱི་དྷྲུ་བ་ཀའི་སྟེང་དུ་གནས་པ་ཉི་མ་སོ་སོར་རེ་རེ་འཕེལ་བ་བཅུག་སྟེ། ཉིན་མོར་བྱེད་པའི་རྒྱུ་སྐར་རིལ་པོ་དང་ཟླ་བས་ལོངས་སྤྱད ་པའི་རྒྱུ་སྐར་རིལ་པོར་འགྱུར་རོ། །རྐང་པ་ནི་རྒྱུ་སྐར་གྱི་དྷྲུ་བ་ཀའི་ཆུ་ཚོད་ལ་སོགས་པ་རྣམས་ཀྱིས་དམན་པར་བྱ་བའི་ཕྱིར་དེ་རྣམས་དམན་པར་བྱའོ། །ཆུ་ཚོད་ལ་སོགས་པ་མ་ལོངས་པ་ན་བུ་ལོན་གྱི་ཆུ་ཚོད་ལ་སོགས་པ་དེ་ལྟར་ལྷག་པར་འགྱུར་རོ། །དེའི ་ཚོས་རྩིས་ཀྱི་དབང་གིས་ཆུ་ཚོད་སྦྱང་བར་བྱ་བ་ན་དེ་ལ་ཆུ་ཚོད?་དྲུག་ཅུ་བྱིན་ནས་སྔར་བཤད་པའི་བུ་ལོན་སྦྱང་བར་བྱའོ། །རྒྱུ་སྐར་གྱི་དྷྲ་བ་ཀ་ལ་ཡང་རྒྱུ་སྐར་གཅིག་ཕྱིན་ཏེ། རིམ་པ་ཇི་ལྟ་བ་བཞིན་དུ་མ་འོངས་པའི་རྒྱུ་སྐར་ཆད་དུ་ཞེས་རིག་པར་བྱའོ།། ་དེ་ནས་ཡང་རིམ་པ་ཇི་ལྟ་བ་བཞིན་དུ་བསྒྲོད་དེ། འདས་པའི་རྒྱུ་སྐར་དོར་ནས་མ་འོངས་པའི་རྒྱུ་སྐར་བྲི་བར་བྱའོ། །དེ་ནས་གཞན་གྱི་བུ་ལོན་སྦྱངས་ཏེ་ལྷག་མའི་ཆུ་ཚོད་ལ་སོགས་པ་བྲི་བར་བྱའོ། །གང་གི་ཚེ་ཡང་རྩིས་ཀྱི་དབང་གིས་སྦྱངས་པའི་ལྷག་མའི་ཆུ་ཚོད་དྲུག་ཅུ ་ལྷག་པར་གྱུར་པ་དེའི་ཚེ་རྒྱུ་སྐར་གྱི་ཆུ་ཚོད་འཕེལ་ལོ་ཞེས་རྟོགས་པར་བྱའོ། །དེའི་ཚེ་ཡང་འདས་པའི་རྒྱུ་སྐར་ལས་གཞན་པའི་ཆུ་ཚོད་དྲུག་ཅུ་བྲི་བར་བྱའོ། །ལྷག་པའི་ཆུ་ཚོད་ནི་མ་འོངས་པའི་རྒྱུ་སྐར་ལས་གཞན་དུ་བྲི་བར་བྱའོ། །ཇི་སྲིད་རྩིས་ཀྱི་དབང་གི་ལྷག་པ ་དང་ཆད་པའི་བར་དུའོ། །ཆད་ན་ནི་དེའི་རིམ་པ་ཇི་ལྟ་བ་ཁོ་ནའོ། །གང་གི་ཚེ་ལྷག་པ་དང་བཅས་པས་ཆུ་ཚོད་དེ་དྲུག་ཅུའི་མཐར་ཐུག་པར་འཕེལ་བ་དེའི་ཚེ་རྒྱུ་སྐར་གཅིག་འཕེལ་ལོ་ཞེས་རིག་པར་བྱ་སྟེ། དེའི་ཚེ་ཡང་མ་འོངས་པའི་རྒྱུ་སྐར་ལ་ཆུ་ཚོད་དྲུག་ཅུ་དྲི་པར ་བྱའོ། །ཇི་སྲིད་རིམ་པ་ཡོངས་སུ་དམན་པས་ཆད་པ་དེ་དང་དེ་ལ་གོ་རིམ་ཇི་ལྟ་བ་ཉིད་དོ། །ད་ནི་སེལ་བ་ལ་སོགས་པ་སྦྱོར་བ་ཉི་ཤུ་རྩ་བདུན་གསལ་བར་བྱ་སྟེ། རྒྱུ་སྐར་གྱི་དྷྲུ་བ་ཀ་ལ་གནས་པའི་རྒྱུ་སྐར་རྣམས་ཀྱི་མཚན་མ་དང་ཟླ་བས་སྤྱད་པའི་རྒྱུ་སྐར་རྣམས ་བསྲས་པར་གྱུར་པ་ལ་ཉི་ཤུ་རྩ་བདུན་གྱིས་སྤངས་པའི་ལྷག་མ་ནི་སེལ་བ་ལ་སོགས་པ་རྣམས་སོ། །ད་ནི་གདབ་པ་ལ་སོགས་པའི་བྱེད་པ་བདུན་བརྗོད་པར་བྱ་སྟེ། དཀར་པོའི་ཆོས་གཅིག་ལ་སོགས་པ་གནམ་སྟོང་གི་མཐར་ཐུག་པ་ཆོས་སུམ་ཅུ་པོ་རེ་རེ་བཞིན ་འཕེལ་བ་གཉིས་ཀྱིས་བསྒྱུར་ཏེ། གཅིག་དང་བྲལ་བ་ལ་བདུན་གྱིས་བགོས་པའི་ལྷག་མ་ནི་གདབ་པ་ལ་སོགས་པར་འགྱུར་རོ། །བདུན་གྱིས་བགོར་མ་བཏུབ་པ་ལ་མཚན་མ་གཅིག་དང་བྲལ་བ་ཡང་གདབ་པ་ལ་སོགས་པ་ཉིད་དུ་འགྱུར་རོ། །དེ་ལྟར་ན་གཟའ ་དང་ཚེས་དང་སྐར་མ་དང། སྦྱོར་བ་དང་བྱེད་མ་ཡན་ལག་ལྔ་པ་རྣམས་ཏེ། གཟའ་ནི་ཉི་མ་ལ་སོགས་པ་རབ་ཏུ་གྲགས་པ་བདུན་ནོ། །ཚེས་ནི་དཀར་པ་དང་ནག་པོའི་ཕྱོགས་བཅོ་ལྔ་བཅོ་ལྔ་རབ་ཏུ་གྲགས་པ་རྣམས་སོ། །རྒྱུ་སྐར་ནི་ཐ་སྐར་ལ་སོགས་པ་ཉི་ཤུ ་རྩ་བདུན་རབ་ཏུ་གྲགས་པ་རྣམས་སོ། །སྦྱོར་བ་ཡང་སེལ་བ་ལ་སོགས་པ་ཉི་ཤུ་རྩ་བདུན་ཉིད་དོ། །བྱེད་པ་ནི་གདབ་པ་ལ་སོགས་པ་བདུན་ཏེ། དཀར་པོའི་ཚེས་གཅིག་གི་ཕྱེད་ཕྱི་མ་ལ་གདབ་པའོ། །གཉིས་ཀྱི་ཕྱེད་སྔ་མ་ལ་བྱིས་པ ་ཅན་ནོ། །ཕྱང་ཕྱི་མ་ལ་རིགས་ཅན་ནོ། །གསུམ་གྱི་ཕྱེད་སྔ་མ་ལ་ཏིལ་བརྡུང་ངོ། །ཕྱེད་ཕྱི་མ་ལ་ཁྱིམ་སྐྱེས་སོ། །བཞིའི་ཕྱེད་སྔ་མ་ལ་ཚོང་པའོ། །ཕྱེད་ཕྱི་མ་ལ་བི་ཥྚིའོ། །དེ་བཞིན་དུ་ནག་པོའི་བཅུ་བཞིའི་ཕྱེད་སྔ་མ་ལ་བིཥྚའོ། །ཕྱེད་ཕྱི་མ་ལ་བཀྲ་ཤིས ་སོ། །གནམ་སྟོང་གི་ཕྱེད་སྔ་མ་ལ་རྐང་བཞིའོ། །ཕྱེད་ཕྱི་མ་ལ་ཀླུའོ། །དཀར་པོའི་ཚེས་གཅིག་གི་ཕྱེད་སྔ་མ་ལ་མི་སྡུག་པའོ། །ཕྱེད་ཕྱི་མ་ལ་སླར་ཡང་གདབ་པའོ། །དེ་ལྟར་ན་བྱེད་པ་བཅུ་གཅིག་སྟེ་ཡན་ལག་ལྔའི་རིམ་པའོ། །སྐར་མ་ཐ་སྐར་ལ་སོགས་པའི ་རྐང་པ་དགུ་དགུ་ནི་ལུག་ལ་སོགས་པའི་ཁྱིམ་རབ་ཏུ་གྲགས་པ་བཅུ་གཉིས་པོ་རྣམས་སོ། །འདི་རྣམས་ལྔ་རིམ་པ་བཞིན་དུ་མིག་དམར་དང་ལུག་།པ་སངས་དང། ཀླད?་གཟའའཁྲིག་པ། ལྷག་དང། ཟླ་བ་དང། །ཀརྐ་ཊ་ཉི་མ་དང། སེང་གེ་གཟའ་བུ་མོ ་ལྷག་དང། པ་བ་སངས་དང། སྲང། འུག་དང་སྡིག་པའི་ཡིག་དམར་ཞིམ་གླང་དང་སྲང་ནི་བསངས་ཞིང། འཁྲིག་བ་བུ་མོ་གཟའ་ལྷག་ཞིང། ཟླ་བའི་ཞིང་ནི་ཀརྐ་ཊ། ཉི་མའི་ཞིང་ནི་སེང་གེའི་ཁྱིམ་ཟུར?་བུའི?་ཞིང་ནི་གཞུ་དང་རྡ?་ཆུ་སྲིན་བུས་པའི་ཞིང་བདག་སྡེ་རཱ?་དེ་ལྟར་གཟའ་བདུན་ཁྱིམ་ལ་དབང་མིག་དམར་རིག?་པ་དང། ་ཕུ་ར་བུ་དང། གཞུ། སྤེན་པ་ཆུ་སྲིན་དང། སྤེན་པ་བུམ་པ་དང། ཕུར་བུ་རྣམས་ནི་ཞིང་ཅན་ནོ། །ད་ནི་ལོ་འཕོ་བའི་དྷྲུ་བ་ཀ་བརྗོད་པར་བྱ་སྟེ། དག་པའི་ལོ་ལ་བརྒྱད་བསྲེས་ཏེ་བཞི་བརྒྱས་བསྒྱུར་ནས་བརྒྱད་བསེས་པའི་བྱེད་པའི་ལོས་དམན་པར ་བྱས་པ་སུམ་བརྒྱ་བཅུ་བདུན་གྱིས་བགོས་པའི་ལྷག་མ་ནི་གཟར་འགྱུར་རོ། །བགོས་པའི་ལྷག་མ་ཆུ་ཚོད?་ཀྱི་དོན་དུ་དྲུག་ཅུས་སྒྱུར་ཏེ་སྔར་བཤད་པ་སུམ་བརྒྱ་བཅུ་བདུན་ཉིད་ཀྱིས་བགོས་པས་ཐོབ་པ་ནི་ཆུ་ཚོད་དུ་འགྱུར་རོ། །དེ་ལ་བཀྲ་ཤིས ་ལ་སོགས་པའི་ངེས་པ་ཉི་མ་ལ་སོགས་པས་བྱེད་པའི་དོན་དུ་གཟའི་གནས་སུ་གཉིས་དང་ཆུ་ཚོད་ཀྱི་གནས་སུ་སུམ་ཅུ་སྦྱིན་པར་བྱའོ། །དྲུག་ཅུས་བགོས་པས་ཐོབ་པ་ནི་གཟར་འགྱུར་རོ། །བདུན་གྱིས་བགོས་པའི་ལྷག་མ་ནི་གཟའི་གནས་སུ་གཟའ་སྟེ་ལོ་འཕོ་བའི་ཟླ་བ ་ལ་འགྱུར་རོ་ཞེས་པ་རིག་པར་བྱའོ། །ད་ནི་ལུག་ལ་སོགས་པའི་འཕོ་བར་སྣོན་བ་ལ་སྣོན་བྱེད་བཅུ་གཉིས་ཀྱི་ལོའི་དྷྲུ་བ་ཀ་བརྗོད་པར་བྱ་སྟེ། ལུག་དང་གླང་དང་འཁྲིག་པ་དང་ཀརྐ་ཊ་དང་སེང་གེ་དང་བུ་མོ་རྣམས་ལ་གཟའི་རིམ་པས་འགྱུར་བ་ལས་ཐོང་མར་ལུག་ལ་གནས་སུ ་གཅིག་དང་ཆུ་ཚོད་ཀྱི་གནས་སུ་ལྔ་བཅུ་རྩ་བདུན་ནོ། །དེ་ལ་གཟའི་གནས་སུ་ལོའི་དྷྲུ་བ་ཀ་དང་ལྷན་ཅིག་བསྣན་པས་གཟར་འགྱུར་རོ། །གཟའ་དེས་ལུག་གི་འཕོ་བའོ། །སྲང་དང་སྡིག་པ་དང་གཞུ་དང་ཆུ་སྲིན་དང་བུམ་པ་དང་ཉ་རྣམས་ལ་རིམ་པས་འགྱུར་བ་ལས་མཐར?་ཉལ? ་གཟའི་གནས་སུ་ནམ་མཁའ་དང་ཆུ་ཚོད་ཀྱི་གནས་སུ་ཆུ་ཚོད་དེ་ལྔ་བཅུ་རྩ་གཉིས་རྣམས་ཀྱིས་ཆུ་ཚོད་དོ་ཞེས་པ་ཐམས་ཅད་དུ་རིག་པར་བྱའོ། །གཟའ་ལ་བཞི་དང་ཆུ་ཚོད་དུ་ལྔ་བཅུ་རྩ་གསུམ་ནི་གླང་ལའོ། །འཁྲིག་པ་ལ་གཟའ་གཅིག་དང་ཆུ་ཚོད་བཅུ་བདུན་ནོ།། ་ཀརྐ་ཊ་ལ་གཟའ་བཞི་དང་ཆུ་ཚོད་ལྔ་བཅུ་རྩ་གསུམ་མོ། །སང་གེ་ལ་གཟའ་གཅིག་དང་ཆུ་ཚོད་ཉི་ཤུ་རྩ་གཉིས་སོ། །བུ་མོ་ལ་གཟའ་བཞི་དང་ཆུ་ཚོད་ཉི་ཤུ་རྩ་བཞིའོ། །སྲང་ལ་གཟའ་དྲུག་དང་ཆུ་ཚོད་ལྔ་བཅུ་རྩ་གཅིག་གོ་།སྡིག་པ་ལ་གཟའ་གཅིག་དང ་ཆུ་ཚོད་བཞི་བཅུ་རྩ་བདུན་ནོ། །གཞུ་ལ་གཟའ་གསུམ་དང་ཆུ་ཚོད་བཅུ་དྲུག་གོ་།ཆུ་སྲིན་ལ་གཟའ་བཞི་དང་ཆུ་ཚོད་སུམ་ཅུ་རྩ་བདུན་ནོ། །བུམ་པ་ལ་གཟའ་དྲུག་དང་ཆུ་ཚོད་བཞི་བཅུའོ། ཉལ་གཟའ་སྟོང་པ་དང་ཆུ་ཚོད་ལྔ་བཅུ་རྩ་གཉིས་ཏེ་འཕོ་བའི་ཚུལ་གྱི་བྱེད་པ་ཤེས་པར་བྱའོ། གྲུབ་པའི ་མཛའ་ལ་ཡང་འདི་འཕོ་བའི་ལོངས་སྤྱོད་དུ་མི་འགྱུར་ཏེ། འོན་ཀྱང་སྔར་བཤད་པའི་ཚོགས་ཆུ་ཚོད་བཞི་དང་ཆུ་སྲང་ཉི་ཤུ་རྩ་གཉིས་ཉི་མ་སོ་སོར་གཅིག་ལ་སོགས་པ་འཕེལ་བ་སྐར་མའི་དྷྲུ་བ་ཀ་ལ་སྦྱིན་ནས་ཉི་མའི་ཤ། ནས་སུ་འཕོ་བ་དག་པ་ཡོད་དོ། །ཞེས་ངེས ་པར་བྱའོ། །ཞེས་བྱ་བ་འདི་ནི་རིག་པའོ། །ལོའི་དྷྲུ་བ་ཀ་གཅིག་པུ་འདི་ནག་པ་ལ་སོགས་པ་ནས་བརྩམས་ཏེ་ལོ་གཞན་ལ་ཡང་ལོ་གཞན་གཅིག་བཅུག་སྟེ་དྷྲུ་བ་ཀ་གཞན་གང་ཡིན་པ་དེ་ཡིས་འཕོ་བ་ངེས་པའོ། །ཡང་ན་བྱང་དུ་བགྲོད་པའི་ཟླ ་བ་དང་པོ་ལ་ཉི་མ་བཅུའི་བར་དུ་བརྟག་པར་བྱ་སྟེ། ཕུར་བུའི་གྲིབ་མ་གང་ལས་ཕུར་བུའི་གྲིབ་མ་འཇུག་པ་ནས་བརྩམས་སྟེ་ཉི་མ་བྱང་དུ་འཕོ་བའི་ཉིན་མོའི་ཉི་མ་དེའི་གཟའ་དང། དེའི་ཚེས་དང་དེའི་སྦྱོར་བ་དང་དེའི་བྱེད་པས་སོ། །དེ་ལ་ཉིན་མོའི་ཉི་མའི་ལོངས་སྤྱོད ་ལ་རྒྱུ་སྐར་གྱི་གནས་སུ་ཉི་ཤུ་དང་ཆུ་ཚོད་ཀྱི་གནས་སུ་བཅོ་ལྔའོ་ཞེས་རྩ་བའི་དྷྲུ་བ་ཀའོ། །དྷྲུ་བ་ཀ་དེ་ལ་ཉིན་རེ་བཞིན་ཉི་མའི་དཀྱིལ་འཁོར་ཉིན་བཞག་གིས་ཐོབ་པ་བཅུག་སྟེ་དེ་ནས་སྔར་བཤད་པའི་ཚོགས་ཉི་མའི་རྐང་པ་རྣམས་སྦྱང་བར་བྱའོ། །ང་ནི ་ཉིན་ཞག་གི་དཀྱིལ་འཁོར་བགྲོད་པའི་ཚད་བརྗོད་པར་བྱ་སྟེ། སུམ་བརྒྱ་དང་དྲུག་ཅུ་གནས་གཉིས་སུ་བྱས་ནས་གནས་འོག་མ་གཉིས་ཀྱིས་བསྒྱུར་ནས་དྲུག་ཅུ་རྩ་ལྔས་ཐོབ་པ་སྟེང་དུ་གཞུག་པར་བྱའོ། །ལྷག་མ་དྲུག་ཅུས་བསྒྱུར་ནས་དེ་ཡིས་བགོས ་པས་ཐོབ་པ་ཆུ་ཚོད་དེ་སྟེང་གི་ཕུང་པོའི་འོག་ཏུ་བྲི་བར་བྱའོ། །ཡང་ལྷག་མ་དྲུག་ཅུས་བསྒྱུར་ནས་དེ་ཡིས་བགོས་པས་ཐོབ་པ་ཆུ་སྲང་སྟེ། དེའི་ཡང་འོག་ཏུའོ། །ལྷག་མ་དྲུག་གིས་བསྒྱུར་ནས་དེ་ཡིས་བགོས་པས་ཐོབ་པ་དབུགས་ཏེ་དེའི་ཡང་འོག་ཏུའོ།། ་དེ་ལྟར་བསྒྲུབས་པའི་ཉིན་ཞག་ལ་སོགས་པ་རྣམས་དབུགས་ཀྱི་ཕུང་པོར་བྱས་པ་གནས་གསུམ་དུ་གཞག་སྟེ། བདུན་བརྒྱ་དང་བདུན་གྱིས་བགོས་པའི་རྙེད་པ་རྣམས་དབུས་མའི་ཕུང་པོ་ལ་ནོར་དུ་འགྱུར་རོ། །དབུས་མའི་ཕུང་པོ་ལ་དྲུག་ཅུ་རྩ་བཞིས ་བགོས་པས་ཐོབ་པ་ནི་སྟོང་གི་ཕུང་པོ་ལ་བུ་ལོན་དུ་བྱའོ། །ལྷག་མ་རྣམས་ནི་རིམ་པ་ཇི་ལྟ་བ་བཞིན་དུ་ཉིན་ཞག་ལ་སོགས་པར་ཤེས་པར་བྱ་སྟེ། ཉི་མའི་དཀྱིལ་འཁོར་གྱི་ཉིན་ཞག་དག་པའོ། །ད་ནི་ཉི་མའི་ཉིར། ཞག་གི་རྣམ་པར་དབྱེ་བ་བརྗོད་པར་བྱ ་སྟེ། རྒྱུ་སྐར་གྱི་འཁོར་ལོ་དྲུག་ཅུས་བསྒྱུར་བ་ལས་དཀྱིལ་འཁོར་གྱི་ཉིན་ཞག་གིས་ཐོབ་པ་ཆུ་ཚོད་ལ་སོགས་པར་འགྱུར་རོ། །དེ་བཞིན་དུ་གཞན་རྣམས་ལ་ཡང་རང་རང་གི་དཀྱིལ་འཁོར་གྱི་ཉིན་ཞག་གིས་གནས་ཇི་ལྟ་བ་བཞིན་ཏུ་བགོས་པས་ཐོབ་པ་ནི་ཉིན་ཞག་ལ་སྤྱོད ་པར་རིག་པར་བྱའོ། །ཟླ་བའི་ཉིན་ཞག་ལ་སྤྱོད་པའི་འཁོར་ལོའི་ཆུ་ཚོད་གཞན་ནོ། །ཉི་མའི་ཟླ་བ་བརྒྱ་དང་སུམ་ཅུ་རྩ་གསུམ་གྱི་བདག་ཉིད་ཀྱི་སྤྱད་པ་བསྲེས་པ་རྣམས་ལ་ཉིན་ཞག་སུམ་ཅུས་བགོས་པས་ཐོབ་པའི་བདག་ཉིད་ནི་ཆུ་ཚོད་དང་ཆུ་སྲང་དང ་དབུགས་ཉིན་ཞག་གི་དཀྱིལ་འཁོར་ཇི་སྲིད་པ་དེ་ཉིན་ཞག་ལ་སྤྱོད་པ་རྣམས་ཀྱིས་བསྒྱུར་བས་རྒྱུ་སྐར་གྱི་འཁོར་ལོ་ལོངས་པ་དེ་རྣམས་དཀྱིལ་འཁོར་གྱི་ཉིན་ཞག་ཏུ་རིག་པར་བྱའོ། །ཉིན་ཞག་དང་ཆུ་ཚོད་དང་ཆུ་སྲང་རྣམས་སོ། །བཀྲ་ཤིས་ཀྱི་ཉིན ་ཞག་གི་དཀྱིལ་འཁོར་ནི་དྲུག་བརྒྱ་བརྒྱད་ཅུ་རྩ་བདུན་དང་ཆུ་ཚོད་གཅིག་ཆུ་སྲང་བཞི་བཅུ་རྩ་བཞིའོ། །གཟའ་ལྷག་གི་དབྱུག་གུ་དང་ཆུ་སྲང་གི་ཉིན་ཞག་གི་དཀྱིལ་འཁོར་ནི་བརྒྱད་སྟོང་བདུན་བརྒྱ་དགུ་བཅུ་རྩ་བདུན་ནོ། །བླ་མའི་ཉིན་ཞག་གི ་དཀྱིལ་འཁོར་ནི་བཞི་སྟོང་སུམ་བརྒྱ་སུམ་བཅུ་རྩ་གཉིས་སོ། །པ་སངས་ཀྱི་ཉིན་ཞག་གི་དཀྱིལ་འཁོར་ནི་ཉིས་སྟོང་ཉིས་བརྒྱ་བཞི་བཅུ་རྩ་བདུན་ནོ། །སྤེན་པའི་ཉིན་ཞག་གི་དཀྱིལ་འཁོར་ནི། ཁྲི་བདུན་བརྒྱ་དྲུག་ཅུ་རྩ་དྲུག་གོ་།སྒྲ་གཅན་གྱི་ཉིན་ཞག་གི ་དཀྱིལ་འཁོར་ནི་དྲུག་སྟོང་དགུ་བརྒྱའོ། །མཇུག་རིངས་ནི་ཉི་མ་དང་ལྷན་ཅིག་རྒྱུ་བའི་ཕྱིར་ཉི་མའི་དཀྱིལ་འཁོར་གྱི་ཉིན་ཞག་རྣམས་ཁོ་ནའོ། །ཉིན་ཞག་ལ་སྤྱད་པ་རྣམས་ནི་རང་རང་གི་ཉིན་ཞག་གི་དཀྱིལ་འཁོར་རྣམས་ཀྱིས་རྒྱུ་སྐར་གྱི་འཁོར་ལོ་ལས ་སྔར་བཤད་པའི་རིགས་པས་ཐོབ་པ་རྣམས་སོ། །བཀྲ་ཤིས་ཀྱི་དབྱུ་གུ་དང། ཆུ་སྲང་དབུགས་དང། གཟའ་ལྷག་གི་ཆུ་སྲང་དང། བླ་མའི་ཆུ་སྲང་དང། དབུགས་དང་པ་སངས་ཀྱི་ཆུ་སྲང་དང། དབུགས་དང་སྤེན་པའི་ཆུ་སྲང་དང ་སྒྲ་གཅན་གྱི་དབྱུག་གུ་དང་དབྱུགས་ཕྱེད་དང་མཇུག་རིངས་ཀྱི་ཉི་མས་སྤྱད་པ་ཉིད་དོ། །ད་ནི་ཉིན་མོ་དང་མཚན་འདིར་ཉིན་མཚན་འཕེ་བ་འགྲིབ་ཀྱི་ཚད་བརྗོད་པར་དམ་བཅས་ནས་སྒྲ་གཅན་གྱི་རྩིས་བཤད་སྣང་བ་རྒྱ་དེའི་ཡི་གེ་ཆད་པར་སྣང ་མོ་དག་གི་ལྷོ་དང་བྱང་དུ་བགྲོད་པའི་ཕེལ་འགྲིབ་བརྗོད་པར་བྱ་སྟེ། བྱེད་པའི་ཟླ་བ་ལ་བརྒྱ་དང་ཉི་ཤུ་རྩ་གཉིས་བསྲེས་ཏེ་ཕྱོགས་ཀྱི་ཕུང་པོའི་དོན་དུ་གཉིས་ཀྱིས་བསྒྱུར་ནས་ཉའི་ལོངས་སྤྱོད་ཀྱི་དོན་དུ་ཕྱོགས་ཀྱི་རང་བཞིན་གཅིག་བསྲེ་ཞིང་གནམ་སྟོང ་གི་ལོངས་སྤྱོད་ཀྱི་དོན་དུ་ཕྱོགས་ཀྱི་རང་བཞིན་གཉིས་བསྲེས་པ་ལ། སྒྲ་གཅན་གྱི་ཕྱོགས་ཀྱི་རང་བཞིན་བཞི་བརྒྱ་དང་དྲུག་ཅུས་བགོས་པའི་རྙེད་པ་རྣམས་དོར་ནས་ལྷག་མ་རྣམས་རྒྱུ་སྐར་གྱི་དོན་དུ་ཉི་ཤུ་རྩ་བདུན་གྱིས་བསྒྱུར་ནས་བཞི་བརྒྱ ་དྲུག་ཅུས་བགོས་པས་ཐོབ་པ་ནི་སྐར་མར་འགྱུར་རོ། །སྔ་མ་བཞིན་དུ་དྲུག་ཅུ་ལ་སོགས་པ་རྣམས་ཀྱིས་བསྒྱུར་ནས་འདི་ཉིད་ཀྱིས་བགོས་པ་ནི་ཆུ་ཚོད་ལ་སོགས་པར་འགྱུར་རོ། །ཉིན་ཞག་གི་རྒྱུ་སྐར་འདིས་འཁོར་ལོ་ལ་ལྷག་མར་བྱས་པ ་ནི་སྒྲ་གཅན་གྱི་གདོང་དུ་འགྱུར་ཏེ། །ཐ་སྐར་ལ་སོགས་པའི་རྒྱུ་སྐར་ལ་ལོངས་སྤྱོད་པར་འགྱུར་རོ། །འཁོར་ལོ་ཕྱེད་བསྲས་པ་ནི་སྒྲ་གཅན་གྱི་མཇུག་མར་འགྱུར་རོ། །ད་ནི་བཀྲ་ཤིས་ལ་སོགས་པ་རྣམས་རྒྱུ་སྐར་ལ་ལོངས་སྤྱོད་པའི་དོན་དུ་ཉིན་ཞག་གི ་རྩིས་བརྗོད་པར་བྱ་སྟེ། བྱེད་པའི་ཟླ་བ་རྣམས་ཉིན་ཞག་གི་རྩིས་ཀྱི་ཕྱིར་དུ་སུམ་ཅུས་བསྒྱུར་ནས་ཉིན་ཞག་ཏུ་འགྱུར་རོ། །དེ་རྣམས་ད་ལྟར་བའི་དོན་དུ་སྔོན་མའི་ཉི་མ་གཅིག་ལ་སོགས་པ་དང་བཅས་པ་གནས་གསུམ་དུ་བྱས་ཏེ། འོག་གི་ཕུང་པོ་ལ ་བདུན་བརྒྱ་དང་བདུན་གྱིས་ཐོབ་པ་དབུས་མའི་ཕུང་པོ་ལ་ནོར་དུ་སྦྱིན་ནོ། །དབུས་མའི་ཕུང་པོ་ལ་ཡང་དྲུག་ཅུ་རྩ་བཞིས་བགོས་པས་ཐོབ་པ་གང་ཡིན་པ་ང་ཡིས་སྟེང་གི་ཕུང་པོ་ལ་དམན་པར་བྱས་པ་ནི་མི་གསལ་བའི་ཉིན་ཞག་གི་ཚོགས་འགྱུར་རོ།། ་ཕུང་པོ་གཉིས་ཀའི་བགོས་པའི་ལྷག་མ་ནི་མི་བཟུང་ངོ། །མི་གསལ་བའི་ཉིན་ཞག་ཉིད་ལ་རེས་འགའ་གཟའ་ལྷག་པ་དང་ཆད་པར་འགྱུར་བས་གསལ་བའི་དོན་དུ་གཅིག་དམན་པའཾ་ལྷག་པར་བྱས་པས་གསལ་བའི་ཉི་མར་འགྱུར་རོ། །ད་ནི་བཀྲ་ཤིས་བརྗོད ་པར་བྱ་སྟེ། གསལ་བའི་ཉིན་ཞག་གི་ཚོགས་ལ་བརྒྱ་དང་དྲུག་ཅུ་རྩ་བདུན་བསྲེས་ཏེ། བཀྲ་ཤིས་ཀྱི་དཀྱིལ་འཁོར་གྱི་ཉིན་ཞག་དྲུག་བརྒྱ་དང་ཉི་ཤུ་རྩ་བདུན་གྱིས་བགོས་པས་ཐོབ་པ་ནི་རྒྱུ་སྐར་གྱི་འཁོར་ལོ་འཁོར་པའི་མཚན་ཉིད་ཡིན་པས་མི ་བཟུང་ངོ། །ལྷག་མ་རྒྱུ་སྐར་གྱི་འཁོར་ལོས་བསྒྱུར་ཏེ་དཀྱིལ་འཁོར་གྱི་ཉིན་ཞག་གིས་བགོས་པས་ཐོབ་པ་ནི་སྐར་མར་འགྱུར་རོ། །ཆུ་ཚོད་ལ་སོགས་པ་སྔ་མ་བཞིན་ནོ། །ད་ནི་བཀྲ་ཤིས་དག་བ་བརྗོད་པར་བྱ་སྟེ། འདིར་བཀྲ་ཤིས་ཀྱི་འགྱུར་ལ་སོགས ་པའི་ལོངས་སྤྱོད་སྔ་མ་དང་ཕྱི་མའི་ངོ་བོས་སོ་སོར་བྱ་སྟེ། ལོངས་སྤྱོད་གཅིག་ལ་སྐྱེ་བའི་ཁྱིམ་བཟུང་བའི་དོན་དུ་རྒྱུ་སྐར་ཕྱེད་དང་བཅས་པའི་དགུ་སྦྱང་བར་བྱ་སྟེ། འདིའི་སྐྱེ་བའི་ཁྱིམ་ནི་སེང་གེར་འགྱུར་ཏེ། ཐ་སྐར་ལ་སོགས་པའི་རྒྱུ་སྐར་གྱི་ལོངས་སྤྱོད ་ལ་གལ་ཏེ་བུ་ལོན་ལྷག་པར་འགྱུར་ན་སྤྱང་བར་བྱའོ། །ཕུང་པོ་དམན་པར་གྱུར་པ་དེའི་ཚེ་འཁོར་ལོ་བཅུ་གཅིག་ནས་བྱའོ། །གལ་ཏེ་སྦྱངས་པའི་ལྷག་མ་ལ་འཁོར་ལོ་ཕྱེད་ལྷག་པའི་འཁོར་ལོ་ཕྱེད་ཡོངས་སུ་རྫོགས་པ་དེའི་ཚེ་འཁོར་ལོ་ཕྱེད་དོར་ནས་བཀྲ ་ཤིས་ཀྱི་ལོངས་སྤྱོད་ཀྱི་ཕུང་པོ་གཉིས་པའི་ཆུ་ཚོད་ལ་སོགས་པ་ལ་ནོར་དུ་རྟོགས་པར་བྱའོ། །གང་གི་ཆ་རྒྱུ་སྐར་དགུ་ལ་སོགས་པ་སྦྱངས་པས་འཁོར་ལོ་ཕྱེད་མ་ལོངས་པ་དེའི་ཚེ་བུ་ལོན་ཏེ། དེ་ལྟར་ཐམས་ཅད་ལ་ཡང་རྟོགས་པར་བྱའོ། །གལ་ཏེ ་སྦྱངས་པའི་ལྷག་མ་རྒྱུ་སྐར་གཅིག་ཀྱང་མི་གནས་པ་དེའི་ཚེ་རྒྱུ་བའི་རྐང་པ་དང་པོས་ཆུ་ཚོད་ལ་སོགས་པ་བསྒྱུར་ནས་ཁྱིམ་གཅིག་གི་ཆུ་ཚོད་ཀྱི་བདག་ཉིད་བརྒྱ་དང་སུམ་ཅུ་རྩ་ལྔས་ཐོབ་པ་ཆུ་ཚོད་ལ་སོགས་པ་ཇི་སྐད་བཤད་པའི་རིགས་པས ་ནོར་དང་བུ་ལོན་ཏེ་ལོངས་སྤྱོད་ཀྱི་ཕུང་པོ་གཞན་ལ་ཡང་ཤེས་པར་བྱའོ། །སྦྱངས་པའི་ལྷག་མའི་རྒྱུ་སྐར་གནས་པ་དེའི་ཚེ་སྐར་མ་དེ་དྲུག་ཅུས་བསྒྱུར་ནས་འོག་ཏུ་གནས་པའི་ཆུ་ཚོད་ཀྱི་ཚོགས་དང་ལྷན་ཅིག་ཏུ་བྱས་ཏེ། ཆུ་ཚོད་ཀྱི ་ཚོགས་ལ་བརྒྱ་སུམ་ཅུ་རྩ་ལྔས་བགོས་པས་ཐོབ་པ་གཅིག་ལ་སོགས་པ་རྐང་པའི་གནས་ཀྱི་མཚོན་བྱེད་ཀྱི་མཚན་མ་སྟེ། དེའི་ཕྱིས་ནས་རྐང་པའི་གནས་རྣམས་སུ་གཅིག་ལ་སོགས་པའི་མཚན་མ་རིམ་པས་བྲི་བར་བྱའོ། །དེ་ལ་སྔ་མ་ཕྱེད་མ་ཟོས ་པ་སྡོམས་ནས་གཅིག་ཏུ་བྱས་ཏེ། དེའི་གནས་ཀྱི་ལྷག་མ་ཆུ་ཚོད་ལ་སོགས་པས་བསྒྱུར་ཏེ་ལྔ་ལ་སོགས་པས་བགོས་པའི་རྙེད་པ་སྟེང་དུ་བཅུག་ནས་ལོངས་སྤྱོད་ཀྱི་ཕུང་པོ་གཞན་ལ་ནོར་སྦྱིན་པ་དང་བུ་ལོན་དབྲོག་པར་ཤེས་པར་བྱའོ། །གང་གི ་ཚེ་ཕྱེད་ཕྱི་མ་ལ་གནས་པས་རྐང་པའི་གནས་དང་པོས་བསྒྱུར་ཏེ་དེར་བཤད་པའི་རྐང་པའི་གནས་དང་གཅིག་ཏུ་བྱས་ནས་ཕྱེད་ཕྱི་མའི་རྐང་པ་དང་པོས་བསྒྱུར་ཏེ། ལྷག་མ་ཆུ་ཚོད་ལ་སོགས་པའི་གནས་ལ་ལྔ་མ་སོགས་པ་ཐོབ་པ་དང་གཅིག་ཏུ ་བྱས་ནས་སྤྱང་པའི་རྐང་པའི་གནས་དང་པོ་ལ་དམན་པར་བྱ་སྟེ། སྤྱད་པའི་རྐང་པའི་གནས་སྡོམས་པ་དེ་ཡིས་ནོར་དང་བུ་ལོན་རྟོགས་པར་བྱའོ། །གང་གི་ཚེ་རྩ་པའི་རི་མོ་བརྒལ་ནས་རྐང་པའི་གནས་མཚོན་བྱེད་ཀྱི་མཚན་མ་རྟགས་སུ་གྱུར་པ ་དེའི་ཚེ་ཕྱེད་ཕྱི་མ་ལ་སྤྱད་པའི་རྐང་བ་རྣམས་ངོས་ནས་མ་སྤྱད་པའི་རྐང་པའི་གནས་རྣམས་བསྡོམས་ཏེ། མ་སྤྱད་པའི་རྐང་པའི་གནས་དང་པོ་ལྔ་ལ་སོགས་པས་ཐོབ་པ་ལྷག་མ་ཆུ་ཚོད་ལ་སོགས་པ་རྣམས་བསྒྱུར་ཏེ། བསྒྱུར་བ་ད་ལ་སླར་ཡང་ལྔ་ལ ་སོགས་པས་ཐོབ་པ་མ་སྤྱད་པའི་རྐང་པའི་ཚོགས་ལ་གནས་པ་ཇི་ལྟ་བ་བཞིན་དུ་དམན་པར་བྱས་ཏེ། དམན་པར་བྱས་པའི་ལྷག་མ་ཉིད་ནོར་དང་བུ་ལོན་དུ་ཤེས་པར་བྱའོ། །གང་གི་ཚེ་ཕྱེད་ཕྱི་མ་ལ་རྐང་པའི་གནས་ཀྱི་མཚན་མ་བགྲོད་ཟིན་པ་དེའི་ཚེ་དེ ་ཡོངས་སུ་དོར་ནས་སྔ་ལ་སོགས་པ་ཐོབ་པའི་ལྷག་མ་ཁྱེད་སྔ་མའི་རྐང་པའི་གནས་དང་པོས་བསྒྱུར་ནས་དེ་ལ་ལྔ་ལ་སོགས་པ་ཐོབ་བ་སྦྱིན་པའམ་དོར་བར་བྱ་སྟེ། དེ་བཞིན་དུ་འཆད་པར་འགྱུར་བ་ཐམས་ཅད་ལ་ཡང་ཚུལ་འདི་ཐུན་མོང་དུ་རྟོགས ་པར་བྱའོ། །རྐང་པའི་གནས་དང་པོ་ལ་ཉི་ཤུ་རྩ་ལྔའོ། །གཉིས་པ་ལ་བཅོ་བརྒྱད་དོ། །གསུམ་པ་ལ་བདུན་ཏེ་ཕྱེད་སྔ་མ་ལའོ། །དེ་ནས་བར་དུ་རི་མོ་བྱས་ཏེ་ཕྱེད་ཕྱི་མའི་ཕུང་པོ་གསུམ་ལུགས་ལྡོག་ཏུ་རྟོགས་པར་བྱའོ། །དེ་ལྟར་ཐམས་ཅད་དུ་སྟེ། དེའི ་ཕྱིར་བཞི་པ་ལ་བདུན་ནོ། །ལྔ་པ་ལ་བཅོ་བརྒྱད་དོ། །དྲུག་པ་ལ་ཉི་ཤུ་རྩ་ལྔའོ། །ཞེས་པ་བཀྲ་ཤིས་ཀྱི་དལ་བའི་ལས་དག་པའོ། །ང་ནི་མྱུར་བའི་ལས་ཀྱི་ཆོ་ག་བརྗོད་པར་བྱ་སྟེ། བཀྲ་ཤིས་ཀྱི་དལ་བའི་ལས་དག་པ་དང་ཕུར་བུའི་དང་སྤེན་པ་རྣམས་ ་ཀྱིས་ཉི་རྐང་ལས་བྱུང་བ་དང་བྲལ་བའི་ཉི་མ་ལ་སྦྱང་བར་བྱའོ། །པ་སངས་ཀྱི་ལོངས་སྤྱོད་དང་གཟའ་ལྷག་གི་ལོངས་སྤྱོད་ཀྱི་དོན་དུ་པ་སངས་ཀྱི་ལོངས་སྤྱོད་དང་གཟའ་ལྷག་གི། ལོངས་སྤྱོད་དག་ལ་ནི་འདིའི་ཉི་མ་ནི་ཉིན་ཞག་གི་ཉིད་ག་ཡིན་པར་བུ་སྟོན་ཆོས་རྗེ་བཞེད ་དེ་མཁས་པ་དགའ་བྱེད་ན་གསལ་ལ་ལོ།། ཉི་མས་སྦྱངས་ཏེ་འདིས་མྱུར་བ་ལ་དལ་བས་སྦྱང་བར་བྱའོ་ཞེས་པ་གཟའ་ལྷག་དང་པ་སངས་ཀྱི་ཉི་མ་ལས་མྱུར་བ་ལ་ལྷག་མ་དལ་བ་ཞེས་བྱའོ། །གཟའ་ལྷག་དང་པ་སངས་དག་ལ་ཉི་མས་སྦྱངས་པའི་ལྷག་མ་ནི་སླ ་ཆོས་སུའོ། །འདིར་མྱུར་བའི་ལས་ལ་རིམ་པས་ནོར་དང་རིམ་མིན་གྱིས་བུ་ལོན་ནི་ཐམས་ཅད་དུ་ཤེས་པར་བྱའོ། །ཐམས་ཅད་དུ་འཁོར་ལོ་དོར་ན་བུ་ལོན་དང་མ་དོར་ན་ནོར་རོ། །དེ་ལ་འཁོར་ལོ་ཕྱེད་མ་དོར་བའམ་གཅིག་ལ་སོགས་པ་བཅུ ་གསུམ་གྱི་མཐར་ཐུགས་ལྷག་མར་གྱུར་པ་དེའི་ཚེ་གཅིག་ལ་སོགས་པ་རྐང་པའི་གནས་ཀྱི་མཚན་མའི་རྟགས་ལྷག་མར་གྱུར་པ་ཕྱིས་ནས་གནས་བཅུ་གསུམ་གྱི་མཐར་ཐུགས་བྲི་བར་བྱའོ། །ཕྱེད་སྔ་མ་ལ་སྤྱད་པ་ལས་འོག་ཏུ་གནས་པའི་རྐང ་བའི་གནས་དང་ཕྱེད་ཕྱི་མ་ལམ་སྤྱད་པའི་དང་པོ་ལ་སྔོན་དུ་གནས་པའི་ཆུ་ཚོད་ལ་སོགས་པས་བསྒྱུར་ནས་དྲུག་ཅུས་བགོས་པས་ཕྱེད་སྔ་མ་ལ་དེས་བགོས་པས་ཐོབ་པ་དང་ལྷན་ཅིག་པས་བཀྲ་ཤིས་ཀྱི་ལོངས་སྤྱོད་གཞན་ལ་ནོར་དང་ ་བུ་ལོན་དུ་བྱའོ། །ཕྱེད་ཕྱི་མ་ལ་ཐོབ་པས་དམན་པར་བྱས་ཏེ་མ་སྤྱད་པའི་གནས་བསྡོམས་ནས་འདིར་ཡང་ནོར་དང་བུ་ལོན་ཤེས་པར་བྱས་ཏེ་ལྷག་མ་སྔ་མ་བཞིན་ནོ། གཟའི་རྐང་པ་རྣམས་ནི་དང་པོ་ཉི་ཤུ་རྩ་བཞིའོ། །དེ་ནས་ཉི་ཤུ་རྩ ་གསུམ་མ། །དེ་ནས་ཉེར་གཅིག་པ་རྣམས་གཉིས་སོ། །དེ་ནས་བཅོ་བརྒྱད་དང་བཅོ་ལྔ་དང་བཅུ་གཅིག་དང་གསུམ་མོ། དེ་ནས་རྩ་བའི་རི་མོའོ། །དེ་ནས་བཅུ་གཅིག་དང་སུམ་ཅུ་རྩ་བརྒྱད་དང་བརྒྱ་ཅུ་དང་ལྔ་བཅུ་རྩ་གསུམ་མོ། །ད་ནི་གཟའ་ལྷག་དག་པ་བརྗོད་པར ་བྱ་སྟེ། ཉིན་ཞག་གེ་ཚོགས་དེ་ཉིད་བརྒྱས་བསྒྱུར་ནས་བདུན་སྟོང་བརྒྱ་ཉི་ཤུ་རྩ་གསུམ་གྱིས་དམན་པར་བྱས་ཏེ། དེ་ནས་ཉིན་ཞག་གི་དཀྱིལ་འཁོར་བརྒྱད་སྟོང་བདུན་བརྒྱ་དགུ་བཅུ་རྩ་བདུན་གྱིས་བསྒྱུར་ཏེ་ལྷག་མ་སྔ་མ་བཞིན་ནོ། །དེ་ནས་ཉི་མའི ་དྷྲུ་བ་ཀ་སྔ་མ་དང་ཕྱི་མའི་ངོ་འོས་གནས་གཉིས་སུ་བཞག་སྟེ། གཅིག་ལ་རྒྱུ་སྐར་ཕྱེད་དང་བཅས་པའི་བཅུ་དྲུག་སྦྱང་ངོ། །དེ་ནས་སྡིག་པ་ལ་སྐྱེས་པར་འགྱུར་རོ། །གཞན་ནི་མིག་དམར་བཞིན་ཏེ་འོན་ཀྱང་གཟའི་རྐང་བ་ནི་ཐ་དད་དོ། །དང་པོ་ལ ་སོགས་པ་ལ་བཅུ་དང་བདུན་དང་གསུམ་མོ། །དེ་ནས་རྩ་བའི་རི་མོའོ། །དེ་ནས་གསུམ་དང་བདུན་དང་བཅུའོ། །མྱུར་བའི་གཟའི་རྐང་པ་རྣམས་ནི་བཅུ་དྲུག་རྣམས་གཉིས་དང་བཅོ་ལྔ་དང་བཅུ་བཞི་དང་བཅུ་གསུམ་དང་བཅུ་གཅིག་དང་བདུན་དང་ལྔ་ ་དང་སྟོང་པ་དང་རྩ་བའི་རི་མོའོ། །དེ་ནས་བཞི་དང་བཅུ་གཅིག་དང་ཉི་ཤུ་དང་ཉི་ཤུ་རྩ་བརྒྱད་དང་སུམ་ཅུ་རྩ་བཞིའོ། །ད་ནི་ཕུར་བུ་དག་བ་བརྗོད་པར་བྱ་སྟེ། ཉིན་ཞག་གི་ཚོགས་ལ་ཉིས་བརྒྱ་ཕྲག་ཉི་ཤུ་རྩ་དྲུག་ཅེས་པ་སྒྲ་བསྒྱུར་ཡིན་སྟོང་དྲུག་བརྒྱད་དམན ་པར་བྱས་ཏེ་ཉིན་ཞག་གི་དཀྱིལ་འཁོར་བཞི་སྟོང་སུམ་བརྒྱ་སུམ་བཅུ་རྩ་གཉིས་ཀྱིས་བགོས་པའི་ལྷག་མ་བཀྲ་ཤིས་བཞིན་ནོ། །ཕུར་བུའི་ལོངས་སྤྱོད་སྔ་མ་བཞིན་བྱས་པ་གཅིག་ལ་རྒྱུ་སྐར་བཅུ་གཉིས་སྦྱངས་པའི་ལྷག་མའི་བྱ་བ་མིག་དམར་བཞིན་ནོ།། ་འཕྲོག་བྱེད་དང་དགུ་དང་གསུམ་དང། རྩ་བར་གསུམ་དང། བཅུ་གཅིག་དང། གཟའི་མྱུར་བའི་རྐང་པ་རྣམས་སོ། །ད་ནི་པ་སངས་དག་པ་བརྗོད་པར་བྱ་སྟེ། ཉིན་ཞག་གི་ཚོགས་བཅུ་ཡིས་བསྒྱུར་ནས་བརྒྱད་ཅུ་རྩ་བཞིས་དམན་པར་བྱས་ཏེ་དཀྱིལ ་འཁོར་གྱི་ཉིན་ཞག་གི་རང་བཞིན་ཉིས་སྟོང་ཉིས་བརྒྱ་བཞི་བཅུ་རྩ་བདུན་གྱིས་བགོས་པའི་ལྷག་མའི་བྱ་བ་བཀྲ་ཤིས་བཞིན་ནོ། །གཟའ་ལྷག་བཞིན་དུ་ཉི་མའི་དྷྲུ་བ་ཀ་ཐ་དད་དུ་བྱས་པ་གཅིག་ལ་རྒྱུ་སྐར་དྲུག་སྦྱང་བར་བྱའོ། །དལ་བའི་ལས་རྐང ་བཞིན་དུ་རྩ་བདུན་ལྷག་པའི་བརྒྱ་ཕྲག་ཉི་ཤུ་རྩ་གཉིས་ཞེས་སྒྲ་བསྒྱུར་ན་འོང། པ་རྣམས་ནི་ལྔ་དང་བཞི་དང། གཅིག་དང། རྩ་བར་གཅིག་དང། བཞི་དང་ལྔ་རྣམས་དང། མྱུར་བའི་གཟའི་རྐང་པ་རྣམས་སོ། །ད་ནི་སྤེན་བ་དག་པ་བརྗོད་པར་བྱ་སྟེ། ཉིན་ཞིག་གི་ཚོགས་ལ་བཞི་སྟོང ་བརྒྱད་བརྒྱ་ཉི་ཤུས་དམན་པར་བྱས་ཏེ། དཀྱིལ་འཁོར་གྱི་དྲུག་ཅུ་རྩ་དྲུག་ལྷག་པའི་བརྒྱ་ཕྲག་བདུན་དང་སྟོང་ཕྲག་ཅུ་ཅེས་པ་སྒྲ་བསྒྱུར་རོ། །ཉིན་ཞག་ཁྲི་བདུན་བརྒྱ་དྲུག་ཅུ་རྩ་དྲུག་གིས་བགོས་པའི་ལྷག་མའི་བྱ་བ་བཀྲ་ཤིས་བཞིན་ནོ། །སྤེན་པའི་ལོངས་སྤྱོད་སྔ་མ ་བཞིན་ཐ་དད་དུ་བྱས་ནས་གཅིག་ལ་རྒྱུ་སྐར་བཅོ་བརྒྱད་སྦྱང་བར་བྱའོ། །དེ་ལྟར་ན་གཞུའི་ཁྱིམ་དུ་སྐྱེས་པར་འགྱུར་རོ། །དལ་བའི་གཟའི་རྐང་པ་རྣམས་ནི་ཉི་ཤུ་རྩ་གཉིས་དང་བཅོ་ལྔ་དང་དྲུག་དང། རྩ་བ་དྲུག་དང་བཅོ་ལྔ་དང་ཉི་ཤུ་རྩ་གཉིས་སུ་འབྱུང ་ཏེ། ཐམས་ཅད་དུ་ལུགས་ལས་བཟློག་པ་ཉིད་དུ་རྟོགས་པར་བྱའོ། །མྱུར་བའི་གཟའི་རྐང་པ་རྣམས་ནི་དྲུག་དང་ལྔ་དང་ལྔ་དང་བཞི་དང། བཞི་དང་གཉིས་དང། གཉིས་དང་སྟོང་པ་དང་རྩི་བའི་རི་མོ་ལས་ཕ་རོལ་ཏུ་གཉིས་དང་བཞི་དང་ལྔ་དང་དྲུག་དང ་བརྒྱད་དང་གསུམ་རྣམས་སོ། །དེ་ལྟར་ན་བཀྲ་ཤིས་ལ་སོགས་པ་གཟའ་ལྔ་པོ་རྣམས་ཀྱི་དག་པ་བཤད་ཟིན་ཏོ། །བཀྲ་ཤིས་ལ་སོགས་པའི་གཟའ་ལྔ་པོ་རྣམས་ཀྱིས་དལ་པ་དང་མྱུར་པའི་ལས་ཁོ་ནས་དོན་ཐམས་ཅད་དག་བསམ ་གཉིས་ཀ་ཇི་ལྟར་དག་པ་བཤད་ཟིན་ཏོ། །ང་ནི་རྒྱུ་བའི་མཚན་ཉིད་བརྗོད་པར་བྱ་སྟེ། འདིར་གཟའ་ལྔ་པོ་རྣམས་དང་གཟའ་གཉིས་པོའི་དལ་བ་དང་མྱུར་བ་ལ་ཡང་ཉི་མའི་དཀྱིལ་འཁོར་ལས་འཚར་བ་ལྔ་པོ་རྣམས་རིམ་པས་བགྲོད་པ་མྱུར་བར་ ་རྒྱུ་བ་ཞེས་བརྗོད་པར་བྱའོ། །རྐང་པའི་གནས་ཀྱི་ལོངས་སྤྱོད་ནི་རྩ་བའི་རི་མོ་མཐར་ཐུག་པའོ། །དལ་བར་རྒྱུ་བ་ནི་འཁྱོག་པོར་བགྲོད་པ་ལ། ཁ་ནུབ་ཏུ་ཕྱོགས་ཏེ་བགྲོད་པར་བྱེད་དེ། །གཟའི་རྐང་པ་ནི་རྩ་བའི་རི་མོ་བརྒལ་ནས་བགྲོད་དེ། །དེ་ཉིད་ཀྱི་ཕྱིར ་རིམ་པ་ལ་ནོར་དང། འཁོར་ལོ་ཁྱེད་དོར་པ་རིམ་མིན་ལ་བུ་ལོན་ནོ། །དེས་ན་རིམ་པས་བགྲོད་པ་ལ་མྱུར་བའི་གཟའ་ཞེས་བརྗོད་པར་བྱའོ། །རིམ་མིན་ལ་ནི་དལ་བའི་གཟའ་སྟེ། འཁྱོག་པོའི་གཟའ་ཞེས་བརྗོད་པར་བྱའོ། །གང་མིག་དམད་ཆུར་བུ ་བ་ལས་ཀྱི་གཟའ་ལྷག་པ་མཇུག་རིངས་གཡོན་གྱི་གཟའ། གི་ཚེ་ཉི་མའི་གཡས་སུ་བགྲོད་པ་དེའི་ཚེ་གཡས་ཀྱི་གཟའ་དང་གཡོན་དུ་ནི་གཡོན་གྱི་གཟའ་ཞེས་བརྗོད་པར་བྱ་སྟེ། ཉི་མའི་འོད་དང་ཉེ་བར་གྱུར་པས་མི་སྣང་བ་དེའི་ཚེ་ནུབ་པ་ཞེས་བརྗོད་པར་བྱ་སྟེ། ་གཟའ་ལྷག་དང་ཕུར་བུ་ནི་མྱུར་བའི་གཟའ་ལ་སྟོབས་དང་ལྡན་པར་འགྱུར་རོ། །ས་སྐྱེས་དང་མཇུག་རིང་ནི་འཁྱོག་པོ་ལ་སྟོབས་དང་ལྡན་ནོ། །དལ་བ་ལ་པས་ས་ནི ་འཁྱོག་པའི་གཟའ་ཉིད་དོ། །མྱུར་བ་ལ་གཟའ་ཐམས་ཅད་གདོང་ཤེར་དུ་བལྟའོ། །འཁྱོག་པོ་ལ་ནུབ་ཏུ་ལྟའོ། །ད་ནི་མཇུག་རིངས་དག་པ་བརྗོད་པར་བྱ་སྟེ། མཇུག་རིངས་ཀྱི་རྒྱུ་བ་ཟླ་བ་སུམ་ཅུ་རྩ་དྲུག་དང་ཆུ་ཚེད་བཞི་ཅུ་རྩ་ལྔ་སྟེ། ཉིན་ཞག་སོ ་སོར་ཆུ་སྲང་གཉིས་དང་དབུགས་གསུམ་མོ། །འོན་ཀྱང་ཟླ་བ་ཕྱེད་ཉི་མའི་མདུན་དུ་རྒྱུ་བ་ན་རིམ་པས་རྒྱུ་བ་དང་ཟླ་བ་ཕྱེད་ཉི་མའི་རྒྱབ་ཏུ་ནི་འཁྱོག་པོའི་གཟའོ། །ཟླ་བ་གཅིག་དུ་བ་མེད་ལ། །དེ་ནས་མཐར་ཟླ་བ་ཕྱེད་དུ་བ་དང་བཅས་པའོ། །ཟླ་བ་ཕྱེ་དང་གཉིས་སུ ་འཆར་བ་དེའི་ཚེ། ཟླ་བ་སུམ་ཅུ་རྩ་བདུན་གཉིས་ཀྱིས་བསྒྱུར་བས། ཤར་དང་ནུབ་ལ་སོགས་པའི་དབྱེ་བས་འཆར་སྟ་ཟླ་བ་སུམ་ཅུ་རྩ་བདུན་ན་ཤར་དུ་འཆང་ངོ། །སུམ་ཅུ་རྩ་བདུན་ན་ནུབ་ཏུ་འཆར་རོ། །དེ་ནས་ཉི་མའི་དཀྱིལ་འཁོར་ལ་ཞུགས་ཏེ་གནས ་སོ། །དེའི་ཚེ་ཡང་ཉི་མ་དང་མཉམ་པར་འཇུག་པས་དེའི་རྐང་པ་རྣམས་ཐ་དད་པར་མ་བཤད་དེ། །ཉི་མའི་རྐང་པའི་གནས་རྣམས་ཁོ་ན་དེའི་ཡིན་ནོ། །དཔལ་དུས་ཀྱི་འཁོར་ལོའི་རྩིས་ཀྱི་གཞུང་འགྲེལ་ཉུང་ངུ་འདི། དཔལ་སག་ལུང་ཐང་གི ་གཙུག་ལག་ཁང་དུ། ཆོས་ཀྱི་རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་དཔལ་དག་གི་དབང་ཕྱུག་གྲགས་པ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་ཕྱག་དཔེ་ལས་ཆོས་རྗེ་རིན་པོ་ཆེ་བི་ཛ་ཡ་ཀཱིརྟི་ཤྲཱི་བྷྲ་དྲའི་ཞལ་སྔ་ནས་བསྒྱུར་ཤིག་ཅེས་བཀའ་སྩལ་པ ་བཞིན་ལེགས་པར་སྦྱར་བའི་སྐད་ཀྱིས་བརྡའ་སྤྲོད་པའི་བསྟན་བཅོས་དག་གི་ཆ་ཤས་ཙམ་རིག་པ་ཞ་ལུ་ལོ་ཙ་བ་དགེ་སློང་ཆོས་སྐྱོང་བཟང་པས་རང་ལོ་ཞེ་ལྔ་པ་ཟིལ་གནོན་གྱི་ལ་དགུན་ཟླ་འབྲིང་པོའི་ཚེས་ཉེར་གཅིག་ལ་རྫོགས ་པར་བསྒྱུར་བའོ།། །།གཞུང་འདི་བསྒྱུར་ལས་ཐོབ་མགོན་དམ་པ་འདི་ཉིད་ཀྱི་ཞབས་རྡུལ་སྤྱི་བོར་ལེན་པ་ཤཱཀྱའི་བེནདྷེ་ཨཱ་ན་ནཱ་ལཀྵལཱ་སྲི་རྩིས་ཀྱི་གཙུག་ལག་ཕྱོགས་ཙམ་རིག་པ་ལ་བརྟེན་རང་གི་ལག་བྲིས་སུ་བགྱིས་པའི་དགེ་བས་ཀུན་མཁྱེན་ཐོབ་པར་ཤོག། པའི་ལེགས་སྤྱད་ཀྱིས། ་དབྱིག་འཛིན་གཞིལ་ལྟར་བཅས་སྐྱེ་དགུ་ལ་གཙུག་རྒྱན་དམ་པ་ཤཱཀྱའི་བསྟན་པ་རྣམས་དར་ཞིང་རྒྱས་ལ་ཡུན་རིང་གནས་གྱུར་ཅིག། །། *། །གཏོར་མའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།། །། ་