| Wylie | e-texts based on the ACIP/ALL Input |
སངས་རྒྱས་ཞིང་དཔལ་དང། །རྟ་དཔྱད་ཤ་ལི་ཧོ་ཏྲས་བསྡུས་པ་བསྒྱུར། །འདི་ནི་དབང་པོའི་རྡོ་རྗེས་སྡེབས་ཚུལ་དུ། །ཚིགས་བཅད་ཕྱེ་དང་བདུན་དུ་བྱས་པའོ།། །།སྨན་དཔྱད་གཅེས་གྲུབ་ཅེས་བྱ་བ་ལེའུ་སུམ་ཅུ་རྩ་གཅིག་པ་བཞུགས།། །། ་རྒྱ་གར་སྐད་དུ། སིདྡྷ་སར། བོད་སྐད་དུ། སྨན་དཔྱད་གཅེས་པ་གྲུབ་པ་ཞེས་བྱ་བ།། །།བམ་པོ་དང་པོའོ། །སྨན་དཔྱད་ཀྱི་གཞུང་འདི་ལ་ལེའུ་བསྡུས་པ་སུམ་ཅུ་རྩ་གཅིག་ཡོད་དེ། རྒྱུད་ཀྱི་ལེའུ་དང། སྨན་གྱི་སྡེ་ཚན་གྱི་ལེའུ་དང། ཟས་ཀྱི་ལེའུ ་དང། འཆི་ལྟས་ཀྱི་ལེའུ་དང། རིམས་ཀྱི་ལེའུ་དང། འཁྲུ་བའི་ལེའུ་དང། ཁྲག་ལུད་པའི་ལེའུ་དང། གཅོད་ཆེན་པོའི་ལེའུ་དང། སྐྲན་གྱི་ལེའུ་དང། དམུ་རྫིང་གི་ལེའུ་དང། གཅིན་སྙི་བའི་ལེའུ་དང། །མཛེ་ནད་ཀྱི་ལེའུ་དང། གཞང་འབྲུམ་དང། མཚན ་པར་རྡོལ་བའི་ལེའུ་དང། སྐྱ་རྦབ་ཀྱི་ལེའུ་དང། སྐྱིགས་བུ་དང། དབུགས་མི་བདེ་བའི་ལེའུ་དང། །ལུད་པའི་ལེའུ་དང། སྐྱུག་པ་དང། སྐེམས་པའི་ལེའུ་དང། གཅིན་སྲི་བའི་ལེའུ་དང། རྟུག་སྐམ་གྱི་ལེའུ་དང། སྨྱོ་བྱེད་དང། བརྗེད་བྱེད་ཀྱི་ལེའུ ་དང། རླུང་ནད་ཀྱི་ལེའུ་དང། ཆང་ནད་ཀྱི་ལེའུ་དང། མེ་དཔལ་གྱི་ལེའུ་དང། སྐྲངས་པའི་ལེའུ་དང། རྨ་གསོ་བའི་ལེའུ་དང། མིག་སྨན་གྱི་རྒྱུད་ཀྱི་ལེའུ་དང། དུག་གསོ་བའི་རྒྱུད་ཀྱི་ལེའུ་དང། སྨན་བཅུད་ཀྱི་ལེན་དང། རོ་ཙ་བའི་རྒྱུད་ཀྱི་ལེའུ ་དང། བྱིས་པའི་རྒྱུད་ཀྱི་ལེའུ་དང། ལས་རྣམ་ལྔའི་ལེའུ་དང། ཆོ་གའི་ལེའུ་རྣམས་སོ། །བགྲོད་པར་དཀའ་བས་བསྲུངས་པའི་བུས། །ཀུན་ཕན་ཀུན་མཁྱེན་ཕྱག་བཙལ་ཏེ། །ཡང་དག་ཕན་པ་གཅེས་གྲུབ་འདི། །ཉི་མས་བསྲུངས་པས་བཤད་པར ་བྱ། བློ་ཆུང་ངུ་གང་དག་ཚེའི་རིག་བྱེད་ཀྱི་རྒྱ་མཚོ་བརྒལ་བར་མི་ནུས་པ་དེ་དག་གིས་ཁོང་དུ་ཆུད་པར་བྱ་བའི་ཕྱིར། རྒྱུད་ཀྱི་གཞུང་འགྲོལ་བར་འདི་བྱས་སོ། །ཚེ་འདིན་པའི་རིག་བྱེད་འདི་ནི། །ཚངས་པས་མཐོ་རིས་སུ་བཤད་དོ། །རིམ་གྱིས་ཡུལ་ཀ་ཤིའི་རྒྱལ་པོས་མི ་རྣམས་ལ་བཤད་དོ། །དེ་ལ་རྒྱུད་ཀྱི་ལེའུ་བཤད་པར་བྱ་སྟེ། འདིའི་ཡན་ལག་ནི་མིག་སྨན་དང། ལུས་གསོ་བ་དང། གདོན་བསལ་བ་དང། མཚོན་ཟུག་རྔུ་དབྱུང་བ་དང། དུག་ལས་བསྲུང་བ་དང། ཚེ་བསྲུང་བ་དང། བྱས་པ་བསྲུང་བ་དང། ཁུ་ཆུ་འཕེལ་བར་བྱ་བའོ། ་འབྱུང་བ་ཆེན་པོའི་ཡོན་ཏན་གྱི་རང་བཞིན་ཅན་གྱི་མི་ནི། ནད་ཀྱི་གཞི་ཡིན་ཏེ། དེ་ཡང་ལུས་ཀྱི་ནད་དང། སེམས་ཀྱི་ནད་དང། གློ་བུར་གྱི་ནད་དག། ལྷན་ཅིག་སྐྱེས་པའི་ནད་རྣམས་ཡིན་པར་འདོད་དོ། །དེ་ལ་ལུས་ཀྱི་ནད་ནི་རིམས་དང། མཛེལ?་སོགས་པའོ། ། ་སེམས་ཀྱི་ནད་ནི་ཁྲོ་བ་ལ་སོགས་པའོ། །གློ་བུར་གྱི་ནད་ནི་གནད་པ་ལས་བྱུང་བའི་ནད་དོ། །ལྷན་ཅིག་སྐྱེས་པའི་ནད་ནི་བཀྲེས་པ་དང། སྐོམ་པ་དང་རྒ་བ་ལ་སོགས་པའོ། །དུས་ནི་ཐོག་མ་དང་ཐ་མ་མེད་པ་སྟེ་མིག་འཛུམ་པའི་ཡུད་ཙམ་ལ་སོགས་པའི་མཚན་མ ་ཅན་ནོ། །དེའི་རྒྱུན་གྱི་རྣམ་པ་དབྱེ་བ་ནི། དུས་ཚིགས་རྣམ་དྲུག་ཏུ་བཤད་དེ། དེ་ལ་དབྱར་ཟླ་ཐ་ཆུང་དང། སྟོན་ཟླ་ར་བ་གཉིས་ནི་དབྱར་གྱི་དུས་སོ། །སྟོན་ཟླ་འབྲིང་པོ་དང། སྟོན་ཟླ་ཐ་ཆུང་གཉིས་ནི་སྟོན་གྱི་དུས་སོ། །དགུན་ཟླ་ར་བ་དང། དགུན་ཟླ་འབྲིང་པོ་གཉིས་ནི ་དགུན་གྱི་དུས་སོ། །དགུན་ཟླ་ཐ་ཆུང་དང། དཔྱིད་ཟླ་ར་བ་གཉིས་ནི་དགུན་སྨད་ཀྱི་དུས་སོ། །དཔྱིད་ཟླ་འབྲིང་པོ་དང། དཔྱིད་ཟླ་ཐ་ཆུང་གཉིས་ནི་དཔྱིད་ཀྱི་དུས་སོ། །དབྱར་ཟླ་ར་བ་དང། དབྱར་ཟླ་འབྲིང་པོ་གཉིས་ནི་སོས་གའི་དུས་སོ། །ཉི་མ་བྱང་ཕྱོགས་སུ་འགྲོ་བ ་དང། ལྷོ་ཕྱོགས་སུ་འགྲོ་ཞིང་ལམ་གཉིས་སུ་འཇུག་པའི་ཕྱིར། དེ་ལ་ཆར་འབབ་པ་གྲང་བའི་དུས་དང། ཚ་བའི་དུས་སུ་གྱུར་པའོ། །ཆར་འབབ་པ་དང། གྲང་བ་དང། ཚ་བའི་དུས་སུ་མཁྲིས་པ་དང། བད་ཀན་དང། རླུང་རྣམས་གསོག་ཅིང། སྟོན་? ་དཔྱིད་དང་དབྱར་འཁྲུག་པར་གྱུར་ཏེ། ནད་ཀྱི་གྲངས་དང། དུས་ཀྱི་གྲངས་རིམ་བཞིན་དུ་སོ་སོར་སྦྱར་རོ། །རླུང་ནད་ནི་ཕྱེ་འབྲེང་ཀྱི་དུས་དང། ཁ?་ཟས་ཞུ་བའི་མཇུག་ཏུ་ལྡང་ངོ། །མཁྲིས་པའི་ནད་ནི་ཉི་མའི་གུད་དང། ནམ་ཕྱེད་དང ་ཁ་ཟས་འཇུ་བའི་ཚེ་ལྡད་དོ། །བད་ཀན་ནི་ཟས་ཟོས་མ་ཐག་དང། སྲོང་དང། སྔ་དྲོ་ལྡང་ངོ། །དེ་བཞིན་དུ་གཉིས་ཀྱི་ཆ་འདུས་པ་དང། གསུམ་གྱི་ཆ་འདུས་པའི་བྱེ་བྲག་གི་ནད་གཞི་འཁྲུག་པ་སྦྱར་བར་བྱའོ། །ནད་གཞི་དང། ལུས་ཟུངས་དང། དྲི་མའི་གནས ་ཀྱི་ལུས་ནི་ལུས་ཞེས་བྱ་སྟེ། དེ་དག་ཆ་མཉམ་ན་ནི་ནད་མེད་དོ། །ཤས་ཆེ་ཆུང་དུ་གྱུར་ན་ནི་ནང་དུ་འགྱུར་རོ། །དེ་ལ་ནད་གཞི་ནི་རླུང་དང་མཁྲིས་པ་དང་བད་ཀན་རྣམས་སོ། །ལུས་ཟུངས་ནི་བདུན་ཏེ། དང་ས་མ་དང། ཁྲག་དང། ཤ་དང་ཚིལ་དང། རུས་པ ་དང། རྐད་དང། ཁུ་ཆུ་རྣམས་སོ། །དྲི་མ་ནི་ཕྱི་ས་དང། གཅིན་དང། རྔུལ་ལ་སོགས་པའོ། །རླུང་ནི་གྲང་བ་དང། ཡང་བ་དང། ཆ་ཕྲ?་བ་དང། མཁྲང?་པ་དང། རྩུབ་པ་དང། མི་བརྟན་པ་དང། སྟོབས་ཆེ་བ་དང། དབུགས་རྒྱུ་བར་བྱེད་པ་དང། ངག ་འབྱུང་བར་བྱེད་པ་དང། ལེགས་པར་འཇོག་པ་དང། བསྐྱོད་པ་དང། དྲི་མ་འབྱིན་པ་རྣམས་ཀྱི་བྱེ་བྲག་དང་ལྡན་པའོ། །མཁྲིས་བ་ནི་སྐྱུར་བ་དང། རོ་ཚ་བ་དང། དྲོད་ཚ་འུ་ར་རུ་རུ་བྱེད་བ་དང། འཇུག་པར་བྱེད་པ་དང། མདངས་བསྐྱེད་པ་དང། བཞིན ་མདོག་དམར་བའི་རྒྱུ་བྱེད་པའོ། །བད་ཀན་ནི་མདར་བ་དང། ལན་ཚྭའི་རོ་བྲོ་བ་དང། འཇམ་པ་དང། ལྕི་བ་དང། ཤིན་ཏུ་འབྱིལ་བའོ། །རླུང་ནི་གཞང་དང། སྒུ་ངོ་དང། འདོང་མོའི་བར་གྱི་ནང་ན་གནས་སོ། །མཁྲིས་པ་ནི་ལོང་གའི་ནང་ན་གནS ་སོ། །བད་ཀན་ནི་ཕོ་བ་དང། ལྐོག་མ་དང། མཐོང་ག་དང། མགོ་དང་ཚིགས་རྣམས་ཀྱི་ནད་ན་གནས་སོ། །ནད་གཞི་རྣམས་ནོར་བར་བྱུང་ན། གནས་དེ་ཉིད་ཀྱི་ཆོ་ག་བཞིན་དུ་བྱའོ། །ཚབས་ཆེ་བར་གྱུར་ན་ཡང་བྱེ་བྲག་ཕྱེད་པར་བྱས་ལ། ་ཆོ་ག་བྱ་བ་བསྒྱུར་ཏེ་བྱའོ། །མངར་བ་ལ་སོགས་པ་རོ་རྣམ་པ་དྲུག་པོ་རྣམས་ཀྱང། ནད་གཞི་དེ་དག་གི་བྱེ་བྲག་ལས་ནད་མེད་པའི་རྒྱུ་གང་ཡིན་པ་རྟག་ཏུ་བཟའ་བར་བྱའོ། །དེ་ལྟར་མ་བྱས་ན་ནད་དུ་འགྱུར་རོ། །ཚ་བ་དང་ཁ་བ་དང། བསྐབ་རྣམས་ཀྱིས་ནི་རླུང་འཁྲུག་པར ་འགྱུར་རོ། །ཚ་བ་དང། སྒྱུར་བ་དང། ལན་ཚྭ་རྣམས་ཀྱིས་ནི་མཁྲིས་པ་འཁྲུག་པར་འགྱུར་རོ། །མདར་བ་དང། སྐྱུར་བ་དང། ལན་ཚྭ་རྣམས་ཀྱིས་ནི་བད་ཀན་འཁྲུག་པར་འགྱུར་རོ། །ནད་གཞི་དེ་དག་ཞི་བར་བྱ་བའི་ཕྱིར་དེ་དག་ལས་ལྡོག་སྟེ། ཟོས་ན་ནད ་ཡོད་པ་རྣམས་ནི་སོས་པར་འགྱུར་རོ། །ནད་མེད་པ་རྣམས་ལ་ནི་བད་བའི་རྒྱུར་འགྱུར་རོ། །རོ་མངར་བ་ནི་མིག་ལ་ཕན་ཏེ། ལུས་ཟུང་འཕེལ་བར་བྱེད་དོ། །སྐྱུར་བ་ནི་ཕྱི་ས་བཤད་བ་འཁྲུ་བར་བྱེད། སྙིང་ལ་ཕན་པ་དང། ཟས་འཇུ་བ་དང། ཚོད་པར་བྱེད ་ཅིང་དྲོད་སྐྱེད་པར་བྱེད་དོ། །ལན་ཚྭ་ནི་འཁྲུ་བ་དང། ཚོས་པར་བྱེད་བ་དང། འཇུ་བ་དང། ཤ་སློ་བར་བྱེད་དོ། །ཚ་བ་ཅིང་ཚོས་པར་བྱེད་དོ། །ཁ་བ་ནི་རིམས་དང། སྐོམ་པའི་ནད་སེལ་ཅིང་ཚོས་པར་བྱེད་དོ། །ཁ་བ་ནི་རིམས་དང། སྐོམ་པའི་ནད་སེལ་བ་དང། ་དྲོད་བསྐྱེད་པ་དང། འཁྲུ་བར་བྱེད་ཡི་ག་འབྱེད་པར་བྱེད་དོ། །བསྐ་བ་ནི་ཤ་ན་བར་བྱེད་པ་དང། ཤ་འབྲི་བ་དང། རྟུག་སྐམས་སུ་བྱེད། འཁྲུ་བ་གཅོད་རྨ་བཙོ་བར་བྱེད་དོ། །སྨན་ནི་རོ་དང་ནུས་པ་དག། ཞུ་བ་རྣམས་ཀྱི་རྟེན་ཡིན་པས་ན་གཙོ་བོ་ཡིན་ནོ། །རོ ་ལ་སོགས་པ་གཞན་རྣམས་ཀྱང། །ཕྱི་མ་ཕྱི་མ་ལ། སྔ་མ་སྔ་མ་ལྡན་པར་ཡོད་པས་ན། ཕྱི་མ་ཕྱི་མ་ལ་གཙོ་བོ་ཡིན་ནོ། །དེ་ལ་ནུས་པ་ནི་རོ་ཞུ་བར་མ་གྱུར་པའི་བར་མ་ལ་བྱས་ཏེ། རྫས་ལ་གནས་ཤིང་བརྟེན་ལ། གྲང་བ་དང་ཚ་བའི་མཚན་ཉིད་དོ། །ཡང་ན་རྗེས ་ཀྱི་མཐུ་ཉིད་ལ་ཡང་བྱའོ། །རོ་རྣམས་ནི་བྱ་བའི་འོག་ཏུ་མངར་བ་དང། ཚ་བ་རྣམ་པ་གཉིས་སུ་འགྱུར་ཏེ། དེ་གཉིས་ཀྱི་ནད་ན་སྔ་མ་ནི་ལྕི། ཕྱི་མ་ནི་ཡང་ངོ། །སྨན་པ་དང། སྨན་དང། ནད་པ་དང། ནད་གཡོག་དང། འདི་བཞིར་ལྡན་པ་ནི་གསོ་བའི་ཡན་ལག ་ཡིན་ཏེ། དེ་དག་དང་མི་ལྡན་པ་ནི་མི་འགྲུབ་པ་ཡིན་ནོ། །དེ་ལ་སྨན་པའི་ཡན་ལག་ནི་སྨན་དཔྱད་ཀྱི་ཡི་གེ་ཁ་ཏོན་ཏུ་བསླབས་ཤིང་དོན་ཤེས་པ་དང། སྨན་གྱི་ལས་ཤེས་པ་དང། ལག་གསོང་བ་དང། གཙང་ཞིང་རེ་བ་མེད་པའོ། །ནད ་པའི་ཡན་ལག་ནི་ནོར་དང་ལྡན་པ་དང། ཚེ་མ་ཟད་བ་དང། སྙིང་སྟོབས་དང་ལྡན་པ་དང། རང་ཉམ་དང་ལྡན་པ་གསོར་རུང་ངོ། །སྨན་གྱི་ཡན་ལག་ནི་ས་བཟང་པོ་ནས་སྐྱེས་པ་དང། རོ་ཆེ་བ་དང། མཆོག་ཏུ་གྱུར་པ་དང། དུས་སུ་ལེགས་པར་? ་པའོ། །ནད་གཡོག་གི་ཡན་ལག་ནི་གཙང་ཞིང་རེ་བ་མེད་པ་དང། ཡི་རང་བ་དང། བག་ཡོད་པ་དང། སྟོབས་དང་ལྡན་པའོ། །སྨན་བཏང་བའི་ལས་བྱ་ན། ཡུལ་དང། དུས་དང། ན་ཚོད་དང། མེ་དྲོད་དང། གོམས་པ་དང། རང་བཞིན་དང། སྨན ་དང། ལུས་དང། སྙིང་སྟོབས་དང། ཉམས་སྟོབས་དང། ནང་དང་འདི་རྣམས་མཐོང་ནས་གདོད?་བྱའོ། །དེ་ལ་ཡུལ་ནི་ཆུ་མང་བ། ནགས་རི་ཅན་ནི་གཤེར་བའི་ཕྱོགས་ཞེས་བྱ་སྟེ། བད་ཀན་དང་རླུང་གི་ནང་བསྐྱེད་དོ། །སྐམས་ནི་ཆུ་ཉུང་ཞིང་ཤིང ་ཉུང་བའི་ཡུལ་ཏ། ཁྲག་ལས་གྱུར་པ་དང། མཁྲིས་པ་ལས་གྱུར་པའི་ནད་བསྐྱེད་དོ། །ཡུལ་སྐམ་གཤེར་གྱི་ཆ་འདྲེན་མ་ནི་ནད་ཀྱང་འདྲེན་མར་འགྱུར་རོ། །ན་ཚོང་ཀྱང་རྣམ་པ་གསུམ་སྟེ། བྱིས་པ་དང། བར་མ་དང། རྒན་བོའི། །དེ་ལ་ལོ ་གཅིག་གི་བར་དུ་འོ་མ་དང། ཁ་ཟས་ཀྱི་འཚོ་བ་ནས། ལོ་བཅུ་དྲུག་གི་བར་དུ་ནི་བྱིས་པ་ཞེས་བྱའོ། །དེ་ནས་ལོ་བདུན་ཅུའི་བར་དུ་ནི་བར་མ་ཞེས་བྱའོ། །དེ་ཕན་ཆད་ནི་རྒན་པོ་ཞེས་བྱའོ། །དེའི་རིམ་པ་བཞིན་དུ་བད་ཀན་དང། མཁྲིས་པ་དང། རླུང ་ཤས་ཆེ་བར་འགྱུར་ཏེ། གྲངས་བཞིན་དུ་སོ་སོར་སྦྱར་རོ། །བྱིས་པ་དང་རྒན་པོ་ལ་ནི་ཐལ་སྨན་ཚ་བ་དང། མེ་བཙའ་དང། གཏར་ཀ་ལྟ་བུའི་སྤྱད་དྲག་པོ་མི་བྱ་བར་དཔྱད་འཇམ་པོ་བྱའོ། །ལུས་ཀྱི་བྱེ་བྲག་ཀྱང་རྣམ་པ་གསུམ་དུ་འདོད་དེ། །ལུས་སྐེམ?་པ ་ལ་ནི་ཤ་བསྐྱེད་པར་བྱའོ། །ཤ་ཆེ་བ་ལ་ནི་ཤ་དབྲི་བའི་སྨན་བྱའོ། །ལུས་ཀྱི་ཤ་རན་པ་ལ་ནི་མི་འགྱུར་བར་བསྲུང་བའི་ཆོ་ག་བྱའོ། །ཉམས་སྟོབས་ནི་ལ་ལ་ཤ་ཆེ་ལ། ཉམས་སྟོབས་ཆུང་བ་ཡང་ཡོད། །ལ་ལ་ཤ་སྐེམ་ལ་ཉམས་སྟོབས་དང་ལྡན་པ་ཡང ་པས་ན། སྲན་ཡོད་པ་དང། རྩོལ་ཕོད་པ་དང། སྒྱུར་དགར་ཞིང་སྲ་བ་རྣམས་ལས་ནན་ཏན་དུ་རྟོགས་པར་བྱའོ། །སྙིང་སྟོབས་ནི་མི་འགྱུར་བར་བྱེད་པ་སྟེ། སྡུག་བསྔལ་བར་གྱུར་ཏམ། མ་ཐོས་པར་གྱུར་ན། དེ་དང་ལྡན་པས་སྲོ་ཤི་བ་དང། ཧ་ཅང་དགའ་ ་བར་མི་འགྱུར་བ་ནི། སྙིང་སྟོབས་དང་ལྡན་པའི་མི་ཡིན་ནོ། །གོམས་པ་ནི་གང་ལ་ཟས་དང། སྐོམ་ལ་སོགས་པ་རང་བཞིན་གྱིས་མི་མཐུན་པ་ཡིན་ཡང། བདེ་བ་ཉིད་དུ་འགྱུར་བ་དེ་ནི་གོམས་པ་ཞེས་བྱ་བར་ཤེས་སོ། །མི་རླུང་གི་རང་བཞིན་ཅན་ནི། ལུས ་སྐེམ་ཞིང་རྩུབ་པ་དང། སྐྲ་སྲབ་པ་དང། སེམས་རྒོད་པ་དང། ལུས་རྒོད་པ་དང། སྨྲ་བ་མང་བ་དང། རྨི་ལམ་ན་ནམ་མཁའ་ལ་ལྡང་བ་ཡིན་ནོ། །མི་མཁྲིས་པའི་རང་བཞིན་ཅན་ནི། །དུས་ལ་མ་བབ་པར་སྐྲ་དཀར་བ་དང། ཤ་མདོག་དཀར་བ་དང། རྡུལ་སྙི་བ ་དང། སྤྲོ་ཐུང་བ་དང། སེམས་རྣོ་བ་དང། རྨི་ལམ་དུ་མེ་འབར་བ་མཐོང་བ་ཡིན་ནོ། །མི་བད་ཀན་གྱི་རང་བཞིན་ཅན་ནི། སེམས་བརྟན་པ་དང། ལུས་གྲིམས་པ་དང། ཁུ?་མར་བ་དང། སྐྲ་སྣུམ་པ་དག། རྨི་ལམ་ན་ཆུ་དག། དཀར་བག་རྨི་བ་ཡིན་ནོ། །ནད ་གཞི་ཆ་གཉིས་འདུས་པ་དང། ཆ་གསུམ་འདུས་པའི་རང་བཞིན་ཅན་གྱི་མི་ནི། །འདྲེས་པའི་མཚན་མས་རྟོགས་པར་བྱ་སྟེ། ནད་གཞི་གཞན་དག་ཡོངས་དུ་ཟིན་ཀྱང། གང་ཤས་ཆེ་བའི་རང་བཞིན་ཡིན་པར་བཤད་དོ། །ཁོང་ན་ཡོད་པའི་མེའི་དྲོད་ནི་བད་ཀན ་དང། མཁྲིས་པ་དང། རླུང་རྣམས་རེ་རེ་ནས་ཤས་ཆེ་བར་གྱུར་པ་དང། ཤས་མཉམ་པར་གྱུར་བ་འདི་བཞི་ལས་མེའི་དྲོང་ཀྱང་ཤས་ཆུང་བ་དང། ཤས་ཆེ་བ་དང། དྲོད་མ་སྙོམས་པ་དང། དྲོད་སྙོམས་པ་དང། རྣམ་པ་བཞིར་འགྱུར་ཏེ། གོ་རིམ་བཞིན?་དུ་སོ ་སོར་སྦྱར་རོ། །དེ་ལ་མེའི་དྲོང་སྙོམས་ན་ནི་དེ་ལས་མི་འགྱུར་བར་བསྲུང་བའི་ཆོ་ག་བྱའོ། །དྲོང་མ་སྙོམས་པ་ལ་ནི་རླུང་བསལ་བར་བྱའོ། །མེའི་དྲོང་ཤས་ཆེ་བ་ལ་ནི་མཁྲིས་པ་བསལ་བའི་ཆོ་ག་བྱའོ། །དྲོད་ཆུང་པ་ལ་ནི་བད་ཀན་སྦྱང ་བར་བྱའོ། །ཁ་ཟས་མ་ཞུ་ནས་མའི་དྲོང་བྲི་བ་ནི། ནད་དོ་ཅོག་སྐྱེ་བའི་གཞི་ཡིན་ཏེ། དེའི་མཚན་མ་ནི་ཁོང་ལྟམ་ལྟམ་པོར་གྱུར་པ་དང། ཁ་ཆུ་སྐྱུར་བ་དང། བཅུང་དང་དངས་མ་མ་ཞུ་བར་ལུས་པ་དང། བཤང་གཅི་ཐུར་དུ་མི་འབྱུང་བ་དང། རྣམ་པ་བཞིའོ།། ་དེ་ལ་ཁོང་ལྟམ་ལྟམ་པོར་འདུག་པ་དེ་ལས་ནི། གསུང་བ་དང་མཆིལ་མ་མང་དུ་འབྱུང་བ་དང། བད་ཀན་མེར་མེར་བོར་བྱེད་པ་དང། ཡན་མན་དུ་མི་སློན་མི་སྦོ་པར་འཁྱིལ་བ་དེ་ལ་ནི། ཤུ་དག་དང་ལན་ཚྭ་ཆུའི་ནང་དུ་སྐོལ་བ་བླུང་དེ་སྐྱུག་ཏུ་གཞུག་གོ། ་ཁ་ཆུ་སྐྱུར་བ་ལས་ནི་སྒྲེགས་པ་སྐྱུར་བ་དང། མགོ་འཁོར་བ་དང་སྐྱུག་པ་དང། སྐོམ་དང་ཆེ་བར་འགྱུར་ཏེ། དེ་ལ་ནི་ཆུ་སྐོལ་ཏེ་གྲངས་པ་བླུང་ལ་བ་སེར་བུ་ཕྱོགས་སུ་འདུག་པར་བྱའོ། །བཅུད་དང་དངས་མ་མ་ཞུ་བར་ལུས་པ་ནི་ལུས་སྙོམ་ཏེ། བྱ ་སྨྱང་བྱེད་པ་དང། མགོ་ཡོར་ཡོར་པ་དང། ཁ་ཟས་མཐོང་ན་ཡིད་དུ་མི་འོང་བ་ལ་སོགས་པར་འགྱུར་ཏེ། དེ་ལ་སྨྱང་བར་བྱ་བ་དང། ཉིན་བར་ཐུན་འགའ་ཉལ་ན་འཇུའོ། །ཟས་སྨྱུང་བ་དྲགས་ན་རླུང་ནང་མི་ལྡང་བའི་རན་ཙམ་དུ་བྱའོ། །ཐུར་དུ་མི ་འབྱུང་བ་ལས་ནི་ལྟོང་ཟུག་ཅིང་ན་བ་དང། བེའུ་སྣབས་སུ་འབྱུང་བ་དང། ཕྱི་ས་དང་གཅིན་འགག་པར་འགྱུར་ཏེ། དེ་ལ་ནི་ལུམས་བྱ་ཞིང་ཚ་ཆུ་བླུང་ངོ། །འདི་ལྟར་ཁ་ཟས་མི་འཕྲོད་པ་ཟོས་པ་ལས། ནད་དོ་ཅོག་བྱུང་བས་ན། དེའི་ཕྱིར་མི་འཕྲོད ་པ་དེ་དག་སྤངས་ལ་ཕན་པ་རྣམས་བཟའ་བའི་རིགས་སོ། །དེ་ལ་ཁ་ཟས་མི་འཕྲོད་པ་ནི། རྨ་བྱ་དང་སྲག་པ་དང། སྲོག་ཆགས་གོ་དྷ་དང། གོང་མ་སྲེག་དང། འདི་རྣམས་ཨེ་རཎྚའི་མར་གྱིས་བསྐུས་ཏེ། ཨེ་རཎྚའི་ཤིང་གི་མེས་བཅོས་པ་མི་བཟའ་། མར་དང ་སྦྲང་རྩི་ཆན?་ཉམ་སྟེ་མི་བཟའ་། མར་མཁར་བའི་སྣོད་ཀྱི་ནང་དུ་ཞག་བཅུ་ཕན་ཆད་ལེན་པ་མི་བཟའ་། སྦྲང་རྩི་ཆུ་དྲན་པས་འཕུལ་ཞིང་མི་བཟའ་། ཆར་པའི་ཆུ་དང་ཡང་སྦྱར་ཞིང་མི་བཟའ་། དེ་བཞིན་དུ་སྦྲང་རྩི་དང། ཕག་ཤ་དང། ལ་ཕུག་དང་ཡང་ལྷན་ཅིག་ནི ་བཟའ་། ཆུ་སྐྱར་གྱི་ཤ་ཆང་དང་ལྷན་ཅིག་ཏུ་མི་བཟའ་། ཞོ་དང་བྱ་གག་གི་ཤ་ལྷན་ཅིག་ཏུ་མི་བཟའ་། ལྡུམ་བུ་ཀ་ཙ་མ་ཙ་དང་བུ་ངམ་ལྷན་ཅིག་ཏུ་མི་བཟའ་། ཉ་ཤ་དང་ལྡུམ་བུ་ཨུ་པོད་ཀ་ལྷན་ཅིག་ཏུ་མི་བཟའ་། ཕག་ཕྱེ་དང་ཏིལ་མར་བསྲེས་པའི་སྣུམ་ཁུར། རྩ ་བས་ལྷན་ཅིག་མི་བཟའ་། ཉ་ཤ་དང་བུ་རམ་ལྷན་ཅིག་མི་བཟའ་། ལྡུམ་དང། རྡང་དང། ཤིང་ཏོག་སྐྱུར་བའི་བག་དང། ཏིལ་གྱི་ཚིགས་མ་དང། རྒྱ་སྲན་དང། ལན་ཚྭ་དང། སྨྱིག་མ་དེའུ་དང། ཞོ་དང། ཉ་ཤ་དང། འདི་རྣམས་ཤེས་ཆེར་འོ་མ་དང་མི་མཐུན་ཏེ ་ལྷན་ཅིག་མི་བཟའ་། པྲི་ཡ་ཀུའི་ལྡེ་གུས་ལུས་བསྐུས་བཞིན་དུ། འབྲས་ཀྱི་འོ་ཐུ་མི་བཏུང། ཐི་བཱི་ཤ་ཡུངས་མར་གྱིས་བསྐུས་ཏེ། གཡོས་པ་རྣམས་མི་བཟའ་། ཉའི་ཞག་དང་པི་པི་ལིང་ལྷན་ཅིག་མ་བཟའ་། སྦྱར་ཐུག་ཅེས་བྱ་བ་འབྲས་དང། ཏིལ་དང། ་མོན་སྲན་སྡེའུ་བསྲས་བའི་ཐུག་པ་དང། ཆང་དང་འབྲས་ཀྱི་འོ་ཐུག་རྣམས་ལྷན་ཅིག་མི་བཟའ་། ཉ་ཤ་དང། ཡོས་དང། མར་དང། དར་བ་རྣམས་ལྷན་ཅིག་སྤགས་ཏེ་མི་བཟའ་། མི་གང་གིས་ར་དང་ནུས་པ་མི་མཐུན་བའི་ཟས་འདི་ལྟ་བུ་དང་ཆ་འདྲ་བ་དག་།མ ་ཤེས་ཏེ་ཟོས་པར་གྱུར་ན། དེ་ནི་ནང་ཀྱིས་ཉམ་ཐག་པ་འམ། ཡང་ན་འཆི་བར་འགྱུར་རོ། །དེ་ལྟར་ཁ་ཟས་མི་མཐུན་པ་ཟོས་པ་ལས་ནང་དུ་གྱུར་པ་ལ་ནི། བཀྲུ་སྨན་དང། སྐྱུག་སྨན་གྱིས་བསལ་བར་བྱའོ། །གོམས་པ་དང། མེའི་དྲོད་ཚ་བ་དང། ་ཉམས་སྟོབས་ཆེ་བ་ལ་ནི་གནོད་པར་མི་འགྱུར་རོ། །རྒྱུད་ཀྱི་ལེའུ་སྟེ་དང་པོ་རྫོགས་སོ།། །།དེ་ནས་སྨན་གྱི་སྡེ་ཚན་གྱི་ལེའུ་བཤད་པར་བྱ་སྟེ། སྨན་ཏི་ར་དང། བ་སྤུ་བ་དང། ཨེ་ར་ཏཎྚ?་དང། ཛཧ་ཤ་དང། ཟང་རྩི་བ་དང། ཛི་བ་ཀ་དང། གྲ?་ཟེ?་མ ་དང། ཉེའུ་ཤིང་དང། ལང་གུ་ལི་དང། ཤི་ར་བི་ད་རི་དང། ཧཱ་ན་ས་པཱ་དི་ཀ་དང། པྲི་ཧ་ཏི་དང། དྲི་།ཅི་ཀ་ལི་དང། དྲེ་པ་ཧེ་བ་དང། སྲན་མ་ཨཏྨ་ཀུཔཏ་དང། སྨན་གྱི་སྡེ་ཚན་འདི་རྣམས་ནི། སྐེམ་བའི་ནང་དང། སྲན་དང ་རླུང་ནད་དང། དབུགས་མི་བདེ་བ་དང། ལུང་པ་དང། མཁྲིས་པ་ལས་གྱུར་བའི་ནད་སེལ་ཏོ། །ཤིང་ནྱ་གྲོ་ད་དང། ཨུ་དུམྦ་ར་དང། པལཀྵ་དང། མ་དུ་ཀ་དང། ཨ་ཤྭཏྠ?་དང། ཏིནྟུ་ཀ་དང། པི་ལ་ཡ་དང། རྒྱ་ཤུག་དང། །པ་ད་ར་དང། པཱ་ར་ཐ ་དང། ནཎྚ་དང། བྲིཀྵ་དང། ཨ་མྲ་དང། ལྕང་མ་དང། པ་ལཱ་ཤ་དང། གོ་བྱེད་དང། ཤྲེ་ཏ་དང། གསེང་ཕྲོམ་དང། ཛམྦུ་དང། སྨན་གྱི་སྡེ་ཚན་འདི་ནི་མཁྲིས་པ་དང། ཁྲག་ལུད་པའི་ནད་དང། སློན་པ་དང། མྱོས་པའི་ནད་སེལ་ཏོ། །རྨ་དང ་མངལ་གྱི་ནད་སེལ་ཏོ། །གཅིན་ནད་སེལ་ཞིང། རྨ་དང་ལུས་ཚ་བ་དང། མངལ་གྱི་ནད་སེལ་ཏོ། །པི་པི་ལིང་དང། ཀྲུ་ཏྲུག་ཏྲོས?་དང། ཤུ་དག?་དང། དུག་མོ་ཉུངས་དང། རྒྱུ་ཤུག་དང། བ་ད་ར་དང། པི་པི་ལིང་གི་རྩ་བ་དང། གླ་སྒང་དང། བཅའ་ ་སྒ་དང། སུག་སྨེལ་དང། བོད་དཀར་པོ་དང། ཧ་ར་ཎྱེ་ཀ་དང། དབྱི་མོད་དང། ན་ལེ་ཤམ་དང། ལ་ལ་ཕུང་དང། ག་བྲའི་རྩ་བ་དང། མུ་ར?་དང། མཧ་ནིམདའི?་འབྲས་བུ་དང། གོ་སྙོད་དང། ཡུངས་ཀར་དང། ཤིང་ཀུན་དང། ཡུ་ཙ?་ཤེལ་དང། བྱི་དང་ཀ ་དང། སྨན་གྱི་སྡེ་ཚན་འདི་ནི་རླུང་དང་བད་ཀན་སེལ་ཏོ། །སུག་སྨེལ་དང། རྒྱ་སྤོས་དང། གླ་སྒང་དང། ཧ་རེ་ཎྱ་ཀ་དང། ཤིང་རྩ་དང་གནདྷ་བ་ཏྲ་དང། ཙན་དན་དཀར་པོ་དང། གུར་ཀུམ་དང། བཅའ་བ་དང། ཙན་དན་དང། ཡས་ཅལ་དང། ནཱ་ག་པུ་པ? ་དང། ཐན་ཤིང་དང། གཙྪར་ས་དང། གུ་གུལ་དང། སྲ་ཙི་པོག་དང་ཉ་ཕྱིས་དང། ད་དྷི་དང། བྱའཧ?་མ་དང། པོག་དཀར་པོ་དང། བྱེ་གྷྲ་ན་ཁ་དང། སྟག་གི་སྡེར་མོ་དང། སྤང་སྤོས་དང། རུ་རྟ་དང། སྨན་གྱི་སྔ་ཚན་འདི་ནི། ཕོལ་མིག་དང། གཡན་པ ་དང། དུག་དང་རླུང་དང་བད་ཀན་སེལ་ཏོ། །བ་རུ?་ཅ་དང། ཨརྟ་ག་ལ་དང། ཉེའུ་ཤིང་དང་བཅའ་སྒ་དང། གོ་སྙོད་དང། བི་ཤ་ནི་ཀ་དང། སའི་རེ་ཡ་དང། བྲིཧ་ཏཱི་རྣམ་གཉིས་དང། རྩཝ་དར་བ་དང། སྤུ་ཏི་ཀ་དང་ཤི་གྲུ་ཀ་དང། ཨ་རུ་ར་དང། ཨགན་མནྟ་དང། བལྦ་དང་ཀྲུ་དྲུག ་ཏྲས་དང་ནག་ཏ་མ་ལ་དང། ས་སྨོར་ཧ་དང། སྨན་གྱི་སྡེ་ཚན་འདི་ནི། ཁོང་འབྲས་དང། བད་ཀན་དང་ཚིལ་རྒྱས་པས་ནད་དང། སྐྲན་དང་ཀླད་པ་ན་པ་སེལ་ཏོ། དོང?་ཀ་དང། ཀྲུ་ཏྲུ་ག་ཏྲེས་དང། ཤཱ་རི?་ག་སྟ་དང་ཀཎྚ་ཀ་རི་དང། ནིམཔ་དང། པ་ཏ་ལ་དང། མུརྦ་དང། གྷོན ་ཏ་དང། སླེ་ཏྲེས་དང། རཊ་དང་བག་ཐ་དང། རྩ་མཁྲིས་པ་དང། ཀུ་ལ་ཀ་དང་ཀ་རཉྫ་དང་སྤྱི་བཞུར་ཤུན་པ་དང། དུག་མོ་ཉུང་དང། སེའི་རེ་ཡ་དང། ཨུ་ཤ་བཱི་དང་བ་འགལ་དང། སྨན་གྱི་སྡེ་ཚན་འདི་ནི། གཅིན་ནད་དང། མཛེ་དང། རིམས་དང། སྐྱུག་པ་དང། བད ་ཀན་དང། དུག་སེལ་ཏོ། །གསེང་ཕྲོམ་རྣམ་གཉིས་དང། སླ་བ་དང་ཨ་ཤོ་ཀ་དང། ཆུ་ཤིང་དང། པ་ལ་དང། ཨེ་ལ་བ་ལུ་ཀ་དང། ཀ་དམྦ་དང། ཛི་གི་ནི་དང། ཤྲི་པརྞི་དང། སླེ་ཏྲེས་དང། སྨན་གྱི་སྡེ་ཚན་འདི་ནི། བད་ཀན་དང། ཚིལ་རྒྱས་པའི་ནད་སྐེམས་ཤིང། མངལ ་གྱི་ནད་སེལ་ཏེ། རྨ་འཚོ་བར་བྱེད་ལ། འཁྲུ་བ་གཅོད། དུག་ཐམས་ཅད་སེལ་ཏོ། །མགྷ?་སྠ་དང། དྷ་ཏ་ཀི་དང། གསེང་ཕྲོམ་དང། ས་མདག་དང། པདྨའི་ཟེ་བ་དང། ཤིང་མངར་དང། ཨ་ར་ལུ་དང། བིལྦ་དང། སྨན་གྱི་སྡེ་ཚན་འདི་ནི། ཞུ་བའི་ཚད་པ་འཁྲུ་བ ་སལ་ཏོ། །སྐྱུ་རུ་ར་དང། ཨ་རུ་ར་དང། བ་རུ་ར་དང། པི་པི་ལིང་དང། ཀྲུ་ཏྲུག་ཏྲེས་དང། སྨན་གྱི་སྡེ་ཚན་འདི་ནི། བད་ཀན་གྱི་རིམས་ཀྱི་གནོད་བ་ཐམས་ཅད་སེལ་ཏེ། རོ་ཙ་བ་དང། མེ་དྲོད་ཤིན་ཏུ་ཆེ་བར་བྱེད། ཧ་ཅང་རོ་ཙ་བར་བྱད་ལ། ཧ་ཅང་མེའི་དྲོད་ཆེ་བར ་ཡང་མི་བྱེད། །འབྲས་བུ་གསུམ་ཞེས་བྱ་བ། ཨ་རུ་ར་དང། བ་རུ་ར་དང། སྐྱུ་རུ་ར་རྣམས་ནི། རིམས་ལྡང་དུབ་ཅན་སེལ་ཞིང། །མིག་ལ་ཕན་ཏེ་དྲོད་བསྐྱེད་ལ། གཅིན་ནད་དང། མཛེ་དང་མཁྲིས་བ་དང། བད་ཀན་སེལ་ཏོ། །བྲི་ཧ་ཏཱི་དང། དྷ་ད་ཀི་དང། པཱ་ཐཱ་དང་ཤིང ་མངར་དང། དུག་མོ་ཉུང་དང། སྨན་གྱི་སྡེ་ཚན་འདི་ནི། ཚོས་པར་བྱེད་པ་སྟེ། ནད་གཞི་གསུམ་ལས་གྱུར་པའི་གཅིན་ནད་སེལ་ཏོ། །པ་ཏོ་ལི་དང་ཙན་དན་དཀར་པོ་དང། མུརྦ་དང་བུ་ཅེ་ཤེལ་དང། པཱ་ཐ་དང་སླེ་ཏྲེས་དང། སྨན་ཀྱི་སྡེ་ཚན? ་འདི་ནི། མཁྲིས་པ་དང་བད་ཀན་དང། ཡི་ག་འཆུས་པ་དང། སྐྱུག་པ་དང་རིམས་དང། གཡའ་བ་དང་དུག་སེལ་ཏོ། །སླེ་ཏྲེས་དང་ནི་ནིམཔ་དང། འོ་སུའི་འབྲས་བུ་དང། ཤིང་མངར་དང་ཙན་དན་དཀར་པོ་དང། །སྨན་གྱི་སྡེ་ཚན་འདི་ནི། སྐོམ་པའི་ནད་དང། ་ལུས་ཚ་བ་དང་ཡིག་འཆུས་པ་དང། སྐྱུག་པ་དང་རིམས་ཐམས་ཅད་སེལ་ཏོ། །བུ་ཚད་རྟོ་དང། ར་མཉེ་བ་དང་ཤིང་དཀར་དང། བུ་བྲན་ཤིང་དང་མེད་དང། མ་ཧ་མེ་དང། ཛི་བ་ཀ་དང། ཟད་རྩི་བ་དང། པྲ་པུཎྚ་རཱི་ཀ་དང། རྒན་དང། རིདྡྷ་དང། བྲི་ཧ་ཏཱཾ ་དང། སྨྱིག་སྐད་དང། སཧ་རྣམ་གཉིས་དང། པ་ཡསསྱ?་དང། ཤུག་པ་དང་སླེ་ཏྲེས་དང། སྨན་གྱི་སྡེ་ཚན་འདི་ནི་ཤིན་ཏུ་ཤ་སྐྱེ་བ་དང། ནུ་ཞོ་འཕེལ་བ་དང། ཚེ་རིང་བ་དང་རོ་ཙ་བར་བྱེད་དེ། ཁྲག་ལུད་པའི་ནད་དང། རླུང་ནད་སེལ་ཏོ། །ཐལ་ཏྲེས་དང་ཤུག ་པ་དང། པུ་ཤེལ་ཅེ་དང་མདྷུ?་ག་དང། ཙན་དན་རྣམ་གཉེས་དང་ཏི་པ་ལ་དང། ཤིང་མངར་དང་སྨན་གྱི་སྡེ་ཚན་འདི་ནི། ཁྲག་ལུང་པའི་ནད་མྱུར་དུ་སེལ་ཞིང། སྐོམ་པའི་ནད་མི་བཟད་པ་ཞི་བར་བྱེད་དེ། མཁྲིས་པའི་རིམས་དྲག་པོ་འདོམས?་ལ། ལུས་ཤིན་ཏུ ་ཚ་བ་སེལ་བར་བྱེད་དོ། །མིག་སྨན་སྐྱེར་ཁཎྜ་དང། རྩ་ཤྱམ་དང། ནག་གེ་སར་གྱི་ཟེ་མ་དང། པདྨའི་ཟེ་བ་དང་ཤིང་མངར་དང། སྨན་གྱི་སྡེ་ཚན་འདི་ནི། ཁྲག་ལུད་པའི་ནད་དང། དུག་དང་ལུས་ཚ་བའི་ནད་སེལ་ཏོ། །ཤུ་དག་དང་གླ་སྒང་དང་། རུ་ར་དང། ་ཐང་ཤིང་དང་ལི་དོང་གྲ་དང་པོད་ད་དཀར་པོ་དང། ཡུང་དང་ཀ་ལ་ཤི་དང། སྐྱེར་བ་དང། ཤིང་མངར་དང། དུག་མོ་ཉུང་དང། སྨན་གྱི་སྡེ་ཚན་ཤུ་དག་ལ་སོགས་པ་འདི་རྣམས་གཉིས་ནི། ནད་གཞི་ཆོས་བར་བྱེད་པ་དང་མ་ཞུ་བ་འཁྲུ་བར་བྱེད་ཅིང། དྷུ?་མའི ་ནད་སྤྱོད་དོ། །ན་ལ་ཤམ་དང། རྒྱམ་ཚ་དང། ནག་ཚུར་རྣམ་གཉིས་དང། ཤིང་ཀུན་དང་བྲག་ཞུན་དང་སྤངས་མ་དང། སྨན་གྱི་སྡེ་ཚན་འདི་ནི། ཚིལ་རྒྱས་པའི་ནད་སེལ་ཞིང། གཅིན་བསྡུས་པ་དང། རྡེའུས་འགགས་པ་སེལ་ཏོ། །ར་མཉེ་བ་དང། ཨིགན་མནདྷ་དང། ཤིང ་ག་ཤ་དང་བྲི་ཀྵ་ད་ནི་དང། རྩཝ་ཀུ་ཤ་དང་མོ་ར་ཏ་དང། ཉེའུ་ཤིང་དང་ལྕམ་པ་དང། ཏུན་ཏུ་ཀ་དང་གཟེ་མ་དང། བ་སུ་ཀ་དང་བ་སི་ར་དང། རྩཝ་དྷཱར་བ་དང་སེའི་ར་ཡ་དང། སྲུ་སྲུའི་རྩ་བ་དང། སྨན་གྱི་སྡེ་ཚན་འདི་ནི། གཅིན་རྡུས་བ་དང། གཅིན་སྲི་བ་དང་རྡེའུས་འགགས་པ ་དང། རླུང་ནད་ཀྱིས་ཉམ་ཐག་པ་སེལ་ཏོ། །མུས་སྐ་དང་འབྲས་བུ་གསུམ་དང། ཤིང་ར་ཊ་དང། ཀྲུ་ཏྲུག་ཏྲེས་དང། སྒུ?་ཧི་དང་དྷ་བ་དང། པ་ལ་ཤ་དང། ཤི་ཤ་པ་དང་སྨན་གྱི་སྡེ་ཚན་འདི་ནི། ཚིལ་རྒྱས་པའི་ནད་དང་གཞང་འབྲུམ་དང། གཅིན་ནང་དང། རྡེའུ?་འགག ་པ་སེལ་ཏོ། །ཤིང་ས་ལ་དང་སྤན་ད་ན་དང། ཀ་ལི་ཡ་དང་དྷ་བ་དང། སྲ་ཙི་པོག་གི་ཤིང་དང། །རྫུ་ན་དང་ཨ་ས་ན་དང། ཤི་རི་ཤ་དང་ཤི་ཤ་པ་དང། སྟག་པ་དང། སེང་ལྡང་དང་ཙན་དན་རྣམ་གཉིས་དང། ཀ་ད་ལ་དང། བ་ཛི་ཀ་རྞ་དང་ཀ་རཉྫ་དང། ཛེའུ་ཁྱེད ་ཀྱི་ཤིང་དང། ཨ་ག་རུ་དང། སྨན་གྱི་སྡེ་ཚར་འདི་ནི། བད་ཀན་དང། སྐྱ་རྦབ་དང། མཛེ་དང། གཅིན་ནད་སེལ་ཏོ། །མེ་ཏོག་ཨུཏཔ་ལ་དང། ཀུ་མུ་ད་དང། པདྨ་དང། ཀ་ལྷ་ར་དང། ཨུཏཔལ་དམར་པོ་དང། རུ་རྟ་དང་སྨན་གྱི་སྡེ་ཚན་འདི་ནི། ཁྲག་ལུད་པའི་ནད་དང ་སྒོམ་པའི་ནད་དང། དུག་དང་སྐྱུག་པ་སེལ་ངོ། །ཚོན་མོ་སྟེང་དང། ཟངས་དང། ལྕགས་དང། ར་ཉ་དང། གསེར་དང། དངུལ་དང། དེ་རྣམས་ཀྱི་གཡའ་དང། སྨན་གྱི་སྡེ་ཚན་འདི་ནི། ནད་གཞི་གསུམ་ལས་གྱུར་པའི་སྲན་རྣམ་གསུམ་དང། སྙིང་ན་བ་དང། སྐྱ་རྦབ་ན་བ ་དང། གཅིན་ནད་དང། སྦྱར་བའི་དུག་སེལ་ཏོ། །བྱེའུ་རུག་པ་དང། ཀ་ས་མརྡ་དང། པ་ནི་ཏཛ་དང། ཟིན་ཐིག་ལ་དང། སྐེ་ཚེ་དང། ནི་རྒུན་ཐི་དང། སུར་སེ་དང། པ་ཛི་དང། ཀོ་ལ་ཧ་ལ་དང། སུ་གནདྷི་ཀ་དང། ཛེའུ་ཁྱབ་དང། ཀལ?་མ་ལ་དང། བི་ཤ་མུ་ཏི་དང། བྲ? ་ཙི་བི་ལ་དང། བྱི་དང་ཀ་དང། ཀ་ཙ་མ་ཙི་དང། མ་རུ་ཀ་དང། མུ་ཤ་ཀརྞི་ཀ་དང། ཤྲཱི་པ་རི་དང། སྨན་གྱི་སྡེ་ཚན་འདི་ནི། སྲིན་བུའི་ནད་དང། བད་ཀན་སེལ་ཅིང། ལུད་པ་དང་ཡི་ག་འཆུས་པ་དང། ཆམ་པ་དང། དབུགས་མི་བདེ་བ ་འཇོམས་ཏེ་རྨ་སྦྱོང་བར་བྱེད་དོ། པ་རུ་ཤ་ཀ་དང། བལ་པོའི་སེའུ་དང། རྒུན་དང་ཏཾ་བལ་དང་ཀ་ཤིའི་འབྲས་བུ་དང། ར་ཛ་ན་དང། སྐྱུ་རུ་ར་དང། ཀཊཌ?་ཀ་རི་དང། སྨན་གྱི་སྡེ་ཚན་འདི་ནི། རླུང་ནད་སེལ་ཅིང་སྙིང་ལ་ཕན་ཏེ། ཡི་ག་འབྱེ་བར་བྱེད་ལ། སྐོམ ་པའི་ནད་དང། གཅིན་ནད་རྣམས་སེལ་ཏོ། །གླ་སྒང་དང། པ་ཤ་དང། ཡུང་བ་དང། སྐྱེར་པ་དང། པུ་ཙེ་ཤེལ་དང། བྱ་ནུ་དང། ཤུ་དག་དང། དྲ་བི་ནི་དང། བོ་ད་དཀར་བོ་དང། རུ་རྟ་དང་གོ་བྱེ་དང། འབྲས་བུ་གསུམ་དང། ཤ་རཾ་ག་སྠ་དང། སྨན་གྱི ་སྡེ་ཚན་འདི་ནི། བད་ཀན་གྱི་ནད་སེལ་ཏེ། སྤྱོད་བ་དང། ཚོས་པར་བྱེད་པ་དང། ནུ་ཞོ་འཕེལ་བར་བྱེད་ཅིང། མངལ་གྱི་ནད་སེལ་ཏོ། །ཤ་བ་དང། དནདའི་རྩ་བ་དང། དྲ་བ་ན་ཏི་དང། སྒུ་ཧི་དང་རྩ་ཤྱ་མ་དང། སླེ་ཏྲེས་དང་ཤིང་ཉེ་རོད་དང། བྱ་རྣུའི་ས་བོན ་དང། ཤཾ་གི་ནི་དང། ཤས་སྟེ་དང་དོད་ཀ་དང། ཏི་ལྭ་ཀ་དང། ཀིམྦལ་ཀ་དང། ཀ་རཉྫ་དང་བྱ་རྣ་དང། སྨན་གྱི་སྡེ་ཚན་འདི་ནི། རྟུག་སྐམ་དང། དམུ་རྫིང་དང། ལྟོ་སྤོ་བ་དང། དུག་དང་སྐྲན་སེལ་ཏོ། །བིལྦ་དང། ཨགནི་མནྠ་དང། ཏུན་ཊཡ་ཀ་དང་ཤི ་རི་པརྞི་དང། པ་ཏ་ལ་དང། སྨན་གྱི་སྡེ་ཚན་འདི་ནི། རྩ་བ་ལྔ་པ་ཆེན་པོ་ཞེས་བྱ་སྟེ། དྲོད་བསྐྱེད་ཅིང། བད་ཀན་དང་རླུང་སེལ་ཏོ། །པྲིཥྞ་པརྞེ་སྤིར་དང་ཨ་རཉྫ་དང། བྲི་ཧ་ཏཱི་རྣམ་གཉིས་དང། སྨན་གྱི་སྡེ་ཚན་འདི་ནི། རྩ་བ་ལྔ་པ་ཆུང་ངུ་ཞེས་བྱ་སྟེ། ཤ ་སྐྱེ་བར་བྱེད་ཅིང། རླུང་དང་མཁྲིས་སེལ་ཏོ། །བི་ད་རི་དང་ཐལ་ཏྲེས་དང། ཚ་ག་ཤྲི་གྲི་དང། བ་སད་ན་ཡུད་དང། འཁྲི་ཤིང་གི་རྩ་བ་ལྔ་པ་འདི་ནི། གཅིན་སྲི་བ་དང། མཁྲིས་པ་དང། རླུང་སེལ་ཏོ། །གྲཾ?་དྷཡ་དང་ཧ་ལ་དང་གཟེ་མ་དང། སའི་རེ་ཡ་དང་ཀ་ར ་མིདཏ་ཀ་དང་ཚེར་མའི་རྩ་བ་ལྔ་པ་འདི་ནི། བད་ཀན་དང་རླུང་སེལ་ཏོ།། རྩཝ་ཀུ་ཤ་དང། །ཀ་ཤ་རྣམ་གཉིས་དང། བྷ་དང། འདམ་བུ་དང་རྩཝའི་རྩ་བ་ལྔ་བ་འདི་ནི། མཁྲིས་པ་དང། གཅིན་སྲི་བ་སལ་ཅིང། ཆུ་སོ་སྦྱོད་དོ། །སྨན་པ་མཆོག་གིས་བྱེ་བྲག་ཕྱེད་པར་བྱ་སྟེ། །སྨན ་གྱི་སྡེ་ཚན་འདི་དག་ཏིལ་མར་གྱིས་བཙོ་བ་དང། མར་གྱིས་བཅོ་བ་དང། ལུས་བསྐུ་བ་དང། བཏུང་བ་ཡང་རུང་སྟེ། །ཆོ་ག་ཇི་ལྟ་བ་བཞིན་དུ་བྱའོ། །སྨན་གྱི་ཁུ་བ་དབྱུང་ཞིང་བསྐོལ་བ་ནི། ཆུ་སྨན་གྱི་བཅུ་དྲུག་འགྱུར་དུ་བྱས་ལ། བཞི་ཆ་གཅིག་ལུས་བར་བྱའོ། ། ་སྨན་མར་སྐོལ་བ་ནི། སྨན་གྱི་ཁུ་བ་བཞི་ཆ་ལུས་པ་དེ་ལས་མར་གྱི་བཞི་འགྱུར་དང། སྐོལ་ཏེ་མར་ཉེ་ཅེ་ལུས་པར་བྱའོ། །འོ་མ་དང་སྦྱར་བ་ནི། འོ་མ་མར་དང་ཕྱེད་མར་བྱ་སྟེ། འོ་མ་དུ་བར་བྱའོ། །ཕྱེ་མའི་སྨན་སྐོལ་བ་ནི།། སྨན་གྱི་ཕྱེ་མ་ལས། མར་བཞི ་འགྱུར་དུ་བྱ། མར་ལས་ཀྱང། སྨན་གྱི་ཁུ་བ་བཞི་འགྱུར་དུ་བྱས་ཏེ་སྐོལ་ལ། སྨན་གྱི་ཁུ་བ་དུ་ནས། སྨན་གྱི་ཕྱེ་མ་ལེགས་པར་འདྲེས་པར་གྱུར་ན་ཚོས་པ་ཡིན་ནོ། །དེ་ལ་བཏུང་བ་དང། མས་བཏང་བ་གཉིས་ནི་འདྲ་སྟེ། ཚོས་རན་ཙམ་དུ་བྱའོ། །ལུས ་བསྐུ་པ་ནི་ཚེས?་རབ་ཏུ་བྱའོ། །སྣར་བླུགས་བ་ནི་ཆོས་པ་ཉིད་དུ་མི་བྱ་སྟེ། གསུམ་ཆར་ཡང་བཙགས་ནས་སྦྱད་པར་བྱ་བ་འདི་ནི། སྤྱིའི་ཆོ་གར་བསྟན་པ་ཡིན་ནོ། །སྨན་གྱི་སྡེ་ཚན་གྱི་ལེའུ་སྟེ་གཉིས་པའོ།། །།ཁ་ཟས་དང། བཏུང་བ་མ ་གཏོགས་པར། འགྲོ་བ་རྣམས་ཀྱི་འཚེ་བ་གཞན་མེད་པའི་ཕྱིར། དེའི་ཕན་གནོད་ཀྱི་བྱེ་བྲག་ངེས་པར་བཤད་དོ། །དེ་ལ་འབྲས་ས་ལུ་ཤུན་ལྤགས་དམར་པོ་དང། ས་ལུ་ཆེན་པོདང། ས་ལུ་ཀ་ལ་མ་རྣམས་ནི་མར་བ་ཡིན་ཏེ། ཁུ་ཆུ་མང་བར་བྱེད་པ་དང། སྣུམ ་པ། དཀའ་ཕྱེན་ཆུང་ཞིང། ཕྱི་ས་ཉུང་བར་བྱེད་དོ། །དེའི་ནང་ན་ཡང་ས་ལུ་ཤུན་ལྤགས་དམར་པོ་ནི། ནད་གཞི་གསུམ་འཇོམས་པར་བྱེད་ཅིང་སྐོམ་པའི་ནད་དང། ཚིལ་རྒྱས་པའི་ནད་སེལ་ཏོ། །ས་ལུ་ཆེན་པོ་མཆོག་ཏུ་རོ་ཙ་བར་བྱེད་དོ། །ས་ལུག་མ?་མ ་ནི་བད་ཀན་དང། མཁྲིས་པ་སེལ་ཏོ། །འབྲས་ཞག་དྲུག་ཅུས་སྨིན་པ་དཀར་བོ་ནི་རོ་མངར་ལ་བསིལ་ཞིང་ལྕི་བ་ཡིན་ཏེ། ནད་གཞི་གསུམ་འཇོམས་པར་བྱེད་དོ། །འབྲས་ཞག་དྲུག་ཅུས་སྨིན་པ་ཤན་ལྤགས་ནག་བོ་ནི། སྔ་མ་ལས་རོ་དང། ་ཞུ་པའི་མཐུ་ཅུང་ཟད་ཙམ་གྱིས་ཆུང་ངོ། །ཁྲེ་རྒོད་ནི་རྩུབ་པ་ཡིན་ཏེ། སྐེམ་པར་བྱེད་ཅིང་རླུང་བསྐྱེད་ལ། བད་ཀན་དང། མཁྲིས་བསེལ་ཏོ། །ཁྲེ་དང་ཅི་ཙི་དང་ཀོ་ར་དུ་ཤ་རྣམས་ཀྱང་དེ་དང་འདྲ་བར་བཤད་དོ། །ནས་ནི་བསིལ་བ་ཡིན་ཏེ། འཕྱེན་ཆ་ཞིང་ཕྱིས ་མང་ལ། མཁྲིས་པ་དང་བད་ཀན་སེལ་བར་བྱེད་དོ། །གྲོ་ནི་བསིལ་ཞིང་ལྕི་ལ་མངར་བ་ཡིན་ཏེ། རོ་ཙ་བར་བྱེད་པ་རླུང་སེལ་ཏོ།། །།མོན་སྲན་སྡེའུ་ནི། བསྐ་ཞིང་མངར་བ་ཡིན་ཏེ། ཡང་ལ་བད་ཀན་དང་མཁྲིས་པ་དང། ཁྲག་ནད་སེལ ་ཏོ།། །།མོན་སྲན་གྲེའུ་ནི་སྣུམ་ཞིང་ལྕི་ལ་དྲོད་ཆེ་སྟེ། འཛག་སྒོ་དགུའི་དྲི་མ་མད?་བ་དང། རོ་ཙ་བར་བྱེད་ཅིང་རླུང་སེལ་ཏོ། །མོན་སྲན་དཀར་པོ་ནི། རོ་ཙ་བར་མི་བྱེད་ཅིང། བད་ཀན་དང། མཁྲིས་པ་སེལ་ལ། རླུང་གིས་ཉམ་ཐག་པར་བྱེད་དོ།། །། ་རྒྱ་སྲན་ནི་དབུགས་མི་བདེ་བ་དང། སྐྱིགས་བུ་དང། གཞང་འབྲུམ་དང། བད་ཀན་དང། ཁུ་ཆུ་དང་རླུང་སེལ་ལོ། །མོན་སྲན་ན་གུ་ནི། བསིལ་བ་ཡིན་ཏེ། ཁྲག་ལུད་པའི་རིམས་སེལ་ཞིང། ཕྱི་ས་འགགས་བར་བྱེད་དོ། །མོན་སྲན་ཅན་ནི། ཉལ་བོ་ལ་ཞན་བར ་བྱེད་ཅིང་ཁྲག་གི་ནང་དང། བད་ཀན་དང། མཁྲིས་བ་སེལ་ལ། རླུང་བསྐྱེད་པར་བྱེད་དོ། །སྲན་ཆུང་ནི་བསིལ་ཞིང་རོ་མངར་ཏེ། ཕྱི་ས་འགག་པར་བྱེད་ཅིང། བད་ཀན་དང། མཁྲིས་པ་སེལ་ཏོ། །སྲན་ཆུང་ནི་སྲན་ཅུང་དང་འདྲ་བར་བཤད་དོ། །ཅེ་སྲན་ཡང་དེ་དང ་འདྲ་བ་ལས། ལྷག་པར་རླུང་བསྐྱེད་བར་བྱེད་དོ། །ཏིལ་ནི་ཐལ་བའི་རོ་བྲོ་བ་དང། མངར་ཞིང་ཁ་ལ་དྲོད་ཆེ་སྟེ། ཉམ་སྟོབས་དང། མཁྲིས་པ་བསྐྱེད་དོ། །སྤྱིར་ན་གང་བུ་ཅན་སྣ་ཚོགས་རྣམས་ནི། བསིལ་ཞིང་རྩུབ་པ་ཡིན་ཏེ། ཉམ་སྟོབས་འབྲི་བར་ཕྱེད་དོ། །ད་ནི་ཤིང? ་བྱེ་བྲག་བཤད་དེ། ར་ཤ་ནི་ཧ་ཅང་བསིལ་བ་ཡང་མ་ཡིན། ཧ་ཅང་ལྕི་བ་ཡང་མ་ཡིན། ཧ་ཅང་སྣུམ་པ་ཡང་མ་ཡིན་ཏེ། ནད་གཞི་བསྐྱེད་བར་མི་བྱེད་ཅིང་སེལ་བར་བྱེད་དོ། །ལུག་ཤ་ནི་མང་ཤིང་བསིལ་ལ། ལྕི་བ་ཡིན་ཏེ། ཕྱི་ས་འགག་པ་དང། ཤ་སྐྱེ་བར་བྱེད་དོ། །མ་ཧེའི་ཤ་ནི? ་སྣུམ་ཞིང་ལྕི་བ་ཡིན་ཏེ། གཉིད་འོང་བར་བྱེད་ལ། ཁུ་ཆུ་མང་བར་བྱེད་ཅིང། ཤ་སྐྱེ་བར་བྱེད་དོ། །ཕག་ཤིན་ལྕི་བ་ཡིན་ཏེ། རོ་ཙ་བར་བྱེད་ཅིང་རླུང་སེལ་ལ། རྡུལ་སྙི་པར་བྱེད་དོ། །རི་བོང་གི་ཤ་ནི་མེ་དྲོད་བསྐྱེད་ཅིང། བད་ཀན་དང་མཁྲིས་པ་སེལ་ལ། རླུང་ནི་བསྐྱེད་བྲིར་མི ་བྱེད་དེ་ཐ་མལ་པའོ། །ཁར་གོ་སོལ་གྱི་ཤ་ནི་བསིལ་བ་ཡིན་ཏེ། ནད་གཞི་གསུམ་སེལ་ཞིང། ཕྱིས་དང་གཅིན་སྲི་བར་བྱེད་དོ། །རྨ་བྱའི་ཤ་ནི་རླུང་སེལ་ཞིང། རྣ་བ་གསང་བ་དང། མིག་རྣོ་བ་དང། ཤ་མདོག་བཟང་བ་དང། སྐད་སྙན་བ་དང། ཁུ་ཆུ་འཕེལ་བར་བྱེད་དོ། །བྱ ་གག་གི་ཤ་ནི། སྣུམ་ཞིན་ལྕི་ལ་དྲོད་ཆེ་བ་ཡིན་ཏེ། རླུང་སེལ་ཅིང་རོ་ཙ་བར་བྱེད་དོ། །སྲེག་པའི་ཤ་ནི། ཧ་ཅང་ལྕི་བ་ཡང་མ་ཡིན། ཧ་ཅང་དྲོད་ཆེ་བ་ཡང་མ་ཡིན། ཧ་ཅང་མངར་བ་ཡང་Fམ་ཡིན་ཏེ། ནད་གཞི་ཐམས་ཅད་སེལ་ཏོ། །འུར་པ་དང། ཅོ?་ག་དང། བརྟ་ཀ་རྣམས ་ཀྱི་ཤ་ནི། དྲོད་བསྐྱེད་ཅིང་འདུས་པའི་ནད་སེལ་ཏོ། །མཆིལ་པའི་ཤ་ནི། འདུས་པའི་ནད་སེལ་ཅིང། བད་ཀན་དང། ཁུ་ཆུ་འཕེལ་བར་བྱེད་དོ། །གོང་མ་སྲེག་གི་ཤ་ནི་བསིལ་ཞིང་ཡང་པ་ཡིན་ཏེ། བད་ཀན་དང། ཁྲག་ལུད་པའི་ནད་སེལ་ཏོ། །ཕུག་རོན་གྱི་ཤ་ནི ་བསིལ་ཞིང་ལྕི་བ་ཡིན་ཏེ། ཁྲག་ལུད་པའི་ནད?་སེལ་ཏོ། །ཕུག་རོན་སྔོན་པོ་དང། ཐི་བའི་ཤ་ནི་དེ་ལས་ཅུང་ཟད་ཙམ་གྱིས་ཡང་ངོ། །ཆུ་བྱ་རྣམས་ཀྱི་ཤ་ནི། སྣུམ་ཞིང་དྲོང་ཆེ་ལ་ལྕི་བ་ཡིན་ཏེ། རོ་ཙ་བར་བྱེད་ཅིང་རླུང་སེལ་ཏོ། །དེ་དག་གི་ནང་ན། བྱ་དང་བའི་ཤ ་ནི་རོ་ཙ་པར?་བྱེད་ཅིང། ཤས་ཆེར་རླུང་སེལ་ཏོ། །ཉ་ཤ་ནི་སྣུམ་ལ་དྲོད་ཆེ་ཞིང། ལྕི་བ་ཡིན་ཏེ། རླུང་སེལ་ཅིང་མཁྲིས་པའི་ནད་དང། ཁྲག་ལུས་པའི་ནད་བསྐྱེད་དེ། །ཆུའི་སྲོག་ཆགས་བུ་ལུ་ཀི་དང། རུས་སྦལ་དང། ཀརྐ་ཊ་རྣམས་ཀྱི་ཤ་ནི་རླུང་དང། མཁྲིས་པ་སེལ ་ཞིང། རོ་ཅ་བར་བྱེད་དོ།། །།ད་ནི་ལྡུམ་དང་སྡང་ཀྱི་བྱེ་བྲག་བཤད་དེ། ལྡུམ་ཀ་ཀ་མ་ཙི་ནི། ནད་གཞི་གསུམ་སེལ་ཏོ། །ཀ་ལ་མ་ནི་ནུ་ཞོ་འཐེལ་བ་དང། རོ་ཙ་བར་བྱེད་དོ། །ཙི་གེ་རི་ནི་བང་ཀན་དང། རླུང་སེལ་ཏོ། །ཡུངས་ཀར་གྱི་ལོ་མས་ནི ་ནད་གཞི་ཐམས་ཅད་བསྐྱེད་དོ། །རྒྱ་སྣེའུ་དང། སྣེའུ་ཚུལ་ལི་དང། སྣེའུ་རྒོད་དང། མོན་སྣེའུ་དམར་རུ་དང། འདི་རྣམས་ནི་རླུང་དང། བད་ཀན་སེལ་ཞིང། ཕྱིས་བདེ་བར་འབྱུང་བ་དང། ཁྲག་ལུད་པའི་ནད་མེད་པར་བྱེད་དོ། །ལ་ཕུག་རྗེན་པ་ནི་ནད་གཞི?་བསྐྱེད ་པར་བྱེད་དོ། །བཙོས?་པ་ནི་རླུང་དང། བད་ཀན་སེལ་ཏོ། །ལ་ཕུག་གཞོན་ནུ་ནི་ནད་གཞི་ཐམས་ཅད་སེལ་ཞིང། སྙིང་དང་ལྐོག་མ་ལ་ཕན་ནོ། །ཀརྐོ་ཊ་ཀ་དང། བཱརྟ་ཀ་དང། པ་ཏོ་ལ་དང། ཀརྦེ་ལ་ཀ་དང། འདི་རྣམས་ནི། མཛེ་དང་གཅིན་ནད་དང། དབུགས་མི? ་བདེ་བ་དང། ལུད་པ་དང། མཁྲིས་པ་དང། བད་ཀན་སེལ་ཏོ། །ཀུཤམ?་ས?་ཌ་ནི། ནད་གཞི་ཐམས་ཅད་སེལ་ཞིང། སྙིང་ལ་ཕན་ཏེ་ཆུ་སོ་སྦྱོང་ངོ། །ཀ་ལིང་ཀའི་འབྲས་བུ་དང། ཀུ་བ་ནི་མཁྲིས་པ་སེལ་ཞིང། རླུང་བསྐྱེད་དོ། །གྲུ་ས་དང། ག་གོན་ནི། རླུང་དང། ་བད་ཀན་བསྐྱེད་ལ། མཁྲིས་པ་སེལ་ཏོ། །སྨྱིག་མདེའུ་དང། ཉེའུ་ཤིང་དང་སྤའི་ཏོ་རྟོ་དང། ཀེ་བུ་ཀ་དང། འདི་རྣམས་ནི་བད་ཀན་དང། མཁྲིས་པ་སེལ་ཏོ། །པདྨའི་རྩ་བ་དང། ཤཱལུ་ཀ་དང། ཤྲི་གཱ་ཊ་དང། མ་ལུ་ཀ་དང། ཀ་ཤེ་རུ་ཀ་དང། འདི་རྣམས ་ནི་ལྕི་ཞིང་བསིལ་ཏེ། ཁྲག་ལུང་པའི་ནད་སེལ་ཞིང། རོ་ཙ་བ་དང། ནུ་ཞོ་འཕེལ་བར་བྱེད་དོ།། །།ད་ནི་ཤིང་ཏོག་གི་བྱེ་བྲག་བཤད་དེ། བལ་པོ་སེའུ་ནི་ཕྱི་ས་སྲི་བར་བྱེད་ཅིང། འཁྲུ་བ་གཅོད། རླུང་སེལ་ལ། བད་ཀན་དང་མཁྲིས་པ་དང་ཡང ་མི་འཕྲོད་པ་མ་ཡིན་ནོ། །སྐྱུ་རུ་ར་ནི་དེ་དང་འདྲ་བ་ལས། ཟོས་པའི་རྗེས་ལ་རོ་མངར་བར་འགྱུར་ཞིང། ནད་གཞི་འཇིག་པ་དང་འཁྲུ་བ་དང། རོ་ཙ་བར་བྱེད་དོ། །ཁ་ལུང་ནི་སྐྲན་དང། རླུང་དང། བད་ཀན་དང། དབུགས་མི་བདེ་བ་དང། ལུང་བ་རྣམས་སེལ་ཏོ།། ་ཀ་པིཏྠའི་ཤིང་ཏོག་སྨིན་པ་ནི། ལྕི་བ་ཡིན་ཏེ། ཕྱིས་སྲི་བར་བྱེད་ཅིང། ནད་གཞི་དང། དུག་སེལ་ཏོ། །ཤིང་ཏོག་ཨ་མྲ་ནི་རླུང་སེལ་ཞིང། ཤ་སྐྱེ་བ་དང། ཁུ་ཆུ་འཕེལ་བ་དང། ཤ་མདོག་བཟང་བ་དང། ཉམས་སྟོབས་སྐྱེ་བར་བྱེད་དོ། །ཛམྦུའི་ཤིང་ཏོག་ནི། རླུང ་སྐྱེ་བར་བྱེད་ལ། བད་ཀན་དང་མཁྲིས་པ་སེལ་ཏེ། ཕྱི་ས་སྲི་ཞིང་སྦོ་བར་བྱེད་དོ། །ཏིནདུ་ཀའི་འབྲས་བུས་ནི། བད་ཀན་དང་མཁྲིས་བ་སེལ་ཏོ། །རྒྱ་ཤུག་གི་ཤིང་ཏོག་ནི། རླུང་དང་མཁྲིས་པ་སེལ་ཏོ། །བིལྦའི་ཤིང་ཏོག་ནི། རླུང་བསྐྱེད་ཅིང་ཐུར་དུ་མི་འབྱུང་བར ་བྱེད་དོ། །པི་ཡ་ལའི་ཤིང་ཏོག་ནི་རླུང་སེལ་ཏོ། །ཤིང་ཏ་ལ་དང། རཱ་ཇཱ་ད་ན་དང། ཆུ་ཤིང་གི་འབྲས་བུ་དང། པ་ན་ས་དང། ན་ལི་ཀེར་རྣམས་ཀྱི་ཤིང་ཏོག་ནི། མངར་ཞིང་སྣུམ་ལ་ལྕི་བ་ཡིན་ཏེ། ཁུ་ཆུ་དང་ཤ་སྐྱེ་བར་བྱེད་དོ། །རྒུན་དང། མ་དྷུ་ཀ་དང། བྲ ་གོ་དང། ཏཾ་བལ་དང། པ་རུ་ཤ་ཀ་དང། འདི་རྣམས་ཀྱི་འབྲས་བུ་ནི། རླུང་དང་མཁྲིས་པ་དང། ཁྲག་གི་ནད་སེལ་ལ། ཕྱི་ས་བདེ་བར་འབྱུང་བར་བྱེད་དོ། །ཤ་མིའི་ཤིང་ཏོག་གིས་སྐྲ་འབྱི་བར་བྱེད་དོ། །ཀོ་ཤ་མ་མྲ་དང། ཉོ་ཏི་དང། དནྟ་ཤ་ཐ་དང། ཀརྨ་རྡ ་དང། ཤིང་ཏོག་འདི་རྣམས་ནི། ཁྲག་ལུད་པའི་ནང་བསྐྱེད་པར་ཤེས་པར་བྱའོ། །པི་ལུའི་ཤིང་ཏོག་ནི་སྐྲན་སེལ་ལོ།། །།ད་ནི་སྤོད་ཀྱི་བྱེ་བྲག་བཤད་དེ། བཅའ་སྒ་དང། ན་ལེ་ཤེམ་དང། པི་པི་ལིང་ནི་བད་ཀན་དང་རླུང་སེལ་ཏོ། །དེ་ལ་ན་ལེ་ཤམ ་ནི་རོ་ཙ་བ་ར་མི་བྱེད་དོ། །བཅའ་སྒ་དང་པི་པི་ལིང་གཉིས་རོ་ཙ་བར་བྱེད་དོ། །ཤིང་ཀུན་ནི། སྐྲན་དང་གཟེར་བ་དང། ཕྱི་ས་འགགས་བདེ་ལ་ཅིང། རླུང་དང་བད་ཀན་འཇོམས་པར་བྱེད་དོ། །ལ་ལ་ཕུད་དང། འོ་སུའི་འབྲས་བུ་དང། གོ་སྙོད་ནི་རླུང་དང། བད་ཀན ་སེལ་བའི་མཆོག་ཡིན་ནོ།། །།ད་ནི་ལན་ཚྭའི་བྱེ་བྲག་བཤད་དེ། རྒྱམ་ཚ་ནི་མིག་ལ་ཕན་ཞིང་རོ་ཙ་བར་བྱེད་ལ། ནད་གཞི་གསུམ་ཞི་བར་བྱེད་དོ། །ཁ་རུ་ཚ་ནི་དྲོད་ཆེ་སྟེ། ཕྱི་ས་འགགས་པ་དང། སྙིང་ན་བ་སེལ་ཏོ། །ཙ་བས་རུ་ཚ་ནི་དྲོད་ཆེ་ཞིང ་རྣོ་བ་ཡིན་ཏེ། སྙིང་ན་བསེལ་ཞིང། རླུང་དང་འཕྲོད་དོ། །ཚ་ཁང་ནི། དེ་དང་འདྲ་བ་ལས་ཅུང་ཟད་ཙམ་གྱིས་མཐུ་ཆུང་ངོ། །རྒྱ་མཚོའི་ལན་ཚྭ་ནི་ལྕི་བ་ཡིན་ཏེ། ཁ་ཟས་འདྲུལ་བར་བྱེད་དོ། །ནས་ཚིག་འཁུས་པའི་ཐལ་བ་ནི། དུག་དང། ་སྙིང་ན་བ་དང། སྐྱ་རྦ་ཡ་དང། ལྐོག་མའི་ནད་སེལ་ཅིང། མེའི་དྲོད་བསྐྱེད་དོ། །སྭ་ཅི་ཀའི་ཐལ་བ་ནི། རྣོ་བ་ཡིན་ཏེ། ལུས་ཚ་བར་བྱེད་ཅིང། ཁོང་པའི་དྲོད་བསྐྱེད་ལ། པགས་པ་འཇིག་པར་བྱེད་དོ།། །།ད་ནི་བཏུང་བའི་བྱེ་བྲག་བཤད་དེ། ཆར ་པའི་ཆུ་ནི་ཡང་པ་ཡིན་ཏེ། ནད་གཞི་སེལ་ཞིང་སྙིང་ལ་ཕན་ཏེ། དུག་སལ་ཏོ། །ཆར་པའི་ཆུ་ས་གཞི་དང། སྣོད་སྣ་ཚོགས་ཐ་དད་པ་དང། ཕྲད་པ་ལས་ནི། དེའི་རོའི་བྱེ་བྲག་དང། མཐུ་ཡང་ཐ་དད་པར་འགྱུར་རོ། །འབབ་ཆུ་ནི་རྩུབ་པ་ཡིན་ཏེ་རླུང་བསྐྱེད་དོ། ་མཚོའི་ཆུ་ནི་མངར་ལ་ཡང་ངོ། །རྫིང་བུའི་ཆུ་ནི་རླུང་དང་བད་ཀན་སེལ་ཏོ། །ལྟེད་ཀའི་ཆུ་ནི་རླུང་བསྐྱེད་དོ། །ཆུ་མིག་གི་ཆུ་ནི་རྩུབ་པ་ཡིན་ཏེ། མེའི་དྲོད་བསྐྱེད་དོ། །བྲག་མཐོན་པའི་ཁ་ནས་བབ་པའི་ཆུ་ནི་ཡང་ཞིང་བད་ཀན་སེལ་ཏོ། །ཁྲོན་པའི་ཆུ་ནི་དྲོང་ཆེ ་བར་བྱེད་ཅིང། རླུང་བསྐྱེད་དོ། །ཆུ་མིག་འཕན་པའི་ཆུ་ནི་མཁྲིས་པ་སེལ་ཏོ། །ཆུ་སྙེག་ཅིང་སྲིན་བུ་དང། ཉ་ཅིག་ཡོད་དེ། མ་རུང་བར་གྱུར་ཅིང། ཉི་མ་མི་མཐོང་བའི་ཆུ་ནི་བླང་བར་མི་བྱའོ། །སྐྱོན་དེ་དག་མེད་པའི་ཆུ་ནི་བླང་བར་བྱའོ། །ཆུ་སྐོལ་བ་ནི་རིམས ་དང། དབུགས་མི་བདེ་བ་དང། ཚིལ་རྒྱས་པའི་ནད་དང། རླུང་དང། བད་ཀན་སེལ་ཏོ། །ཆུ་སྐེལ?་ཏེ་བསྒྲངས་པས་ནི་ནད་གཞི་གསུམ་སེལ་ལོ། །དེ་ཉིད་ཞག་ལོན་པར་བྱས་ན་ནད་གཞི་བསྐྱེད་པྲ་བྱེད་དོ།། །།དེ་ནི་འོ་མར་བྱེ?་བྲག་བཤད་དེ ་བའི་འོ་མ་ན་སྣུམ་ཞིང་ལྕི་བ་ཡིན་ཏེ། རླུང་དང་མཁྲིས་པ་སེལ་ཞིང་ཚེ་རིང་བར་བྱེད་དོ། །མ་ཧེའི་འོ་མ་ནི་བའི་འོ་མ་བས་ལྕི་ཞིང་སྣུམ་པ་ཡིན་ཏེ་བྱེ་བྲག་ཏུ་དྲོད་འབྲེ་བར་བྱེད་དོ། །རའི་འོ་མས་ནི་ཁྲག་ཚད་སེལ་ཞིང། ལུད་པ་དང། སྐམ?་པོ་དང། རིམས ་མེད་པར་བྱེད་ལ། དྲེ་གན་པའི་སྟེང་དུ་བླུགས་ན་དྲེག་མེད་པར་འགྱུར་རོ། །ལུག་གི་འོ་མས་ནི་མཁྲིས་པ་དང། བད་ཀན་བསྐྱེད་དོ། །རྔ་མོའི་འོ་མས་ནི་སྐྲང་པ་དང། དམུ་རྫིང་དང། ལྟོ་སྤོ་བ་དང། སྲིན་བུ་དང། གཞང་འབྲུམ་དང། བད་ཀན་དང། རླུང་སེལ་ཏོ། །བུད ་མེད་ཀྱི་འོ་མས་ནི་ལྕེ་ལ་ཕན་པ་དང། མིག་ཏུ་བླུགས་ན་མིག་ལ་ཕན་པ་དང། སྣར་བླུང་ན་ཁྲག་ལུང་པའི་ནད་སེལ་ཏོ། །ཞོ་ནི་ཉམས་སྟོབས་བསྐྱེད་ཅིང་རླུང་སེལ་ཏེ། རོ་ཙ་བར་བྱེད་ལ། མཁྲིས་པ་དང། བད་ཀན་བསྐྱེད་དོ། །ཞོ་མ་ལངས་པ་ནི་ནང་གཞི་གསུམ ་བསྐྱེད་དོ། །ཞོ་ཁ་ཆུ་ནི་འཛག་སྒོ་སྦྱོང་བར་བྱེད་དོ། །མར་ནི་ཕ་བའི་ནང་དང་གཞང་འབྲུམ་དང། བཞིན་གཡེ་བ་དང། མཇིང་པ་ཡོ་པའི་ནད་སེལ་ཏོ། །འོ་མ་ལས་སྣ་གཞན་དུ་བསྒྱུར་བ། ཕྱུར་བ་ལ་སོགས་པ་ནི་ལྕི་བ་ཡིན་ཏེ། མཛེ་ནད་ཀྱི་རྒྱུར་འགྱུར་རོ། །ངར ་བའི་རོ་མ་ནི། ནད་གཞི་གསུམ་སེལ་ཞིང། ཕོ་བའི་ནང་དང། སྐྲང་བ་དང། གཞང་འབྲུམ་དང། སྐྱ་རྦབ་དང། འཁྲུ་བ་དང་།སྐྲན་འཇོམས་པར་བྱེད་དོ། །བ་མར་ནི་ཞུ་བའི་འོག་ཏུ་མངར་ཏེ། རླུང་དང་མཁྲིས་པ་སེལ་ཞིང་ཡིད་གཞུངས་པར་བྱེད་པ་དང། ་མིག་ལ་ཡང་ཕན་ལ། དེ་སྨན་གཞན་དང་སྦྱར་ན། ནང་གཞི་གསུམ་ཡང་སེལ་བར་བྱེད། མར་རྙིང་པ་ནི་བརྗེད་བྱེད་དང། སྨྱོ་བ་དང། སྦྱར་བའི་དུག་དང། བརྒྱལ་བ་རྣམས་སེལ་ཏོ། །ད་ལ་སོགས་པའི་མར་ནི། སོ་སོའི་འོ་མའི་ཡོན་ཏན་བཞིན་དུ་རིག་པར་བྱའོ ་གླང་པོ་ཆེ་དང། རྟ?་དང། བོང་བུ་དང། རྔ་མོ་དང། མ་ཧེ་དང། བ་དང། ར་དང། ལུག་དང་འདི་རྣམས་ཀྱི་གཅིན་ནི། གཅིན་རྣམ་པ་བརྒྱད་ཅེས་བྱ་སྟེ། དེ་དག་ནི་བད་ཀན་དང་རླུང་དང། སྲིན་བུ་དང། དུག་མེད་པར་བྱེད་ཅིང། སྐྱ་རྦབ་དང། དམུ་རྫིང་དང། མཛེ ་རང། གཞང་འབྲུམ་དང་།སྐང?་པ་དང། སྐྲན?་དང། གཅིན་ནད་དང། འདི་རྣམས་སེལ་ཏོ།། །།ད་ནི་འབྲུ་མར་གྱི་བྱེ་བྲག་བཤད་དེ་།ཏིལ་མར་ནི་རླུང་དང། བད་ཀན་སེལ་ཞིང། པགས་པའི་མདོག་བཟང་བར་བྱེད་ལ། སྐྲ་བཟང་དུ་སྐྱེ་བར་བྱེད་དོ།། ་ཡུངས་མར་ནི་སྲིན་བུ་དང། གཡའ་བ་འཛེམས་པར་བྱེད་པ་དང། བད་ཀན་དང། ཚིལ་རྒྱས་པའི་ནང་དང། རླུང་སེལ་ཏོ། །ཟར་མའི་མར་ནི་མིག་ལ་གནོད་ཅིང། མཁྲིས་པ་བསྐྱེད་ལ་རླུང་སེལ་ཏོ། །བ་རུ་རའི་མར་ནི། བད་ཀན་དང། ་མཁྲིས་པ་སེལ་ཅིང། སྐྲན་ལ་ཕན་ཏེ། མིག་དང་རྣ་བརྟ་བར་བྱེད་དོ། །སྦྲང་རྩི་ནི་ནད་གཞི་གསུམ་སེལ་ཞིང། སྐྱིགས་བུ་དང། དབུགས་མི་བདེ་བ་དང། སྲིན་བུ་དང། སྐྱུག་པ་དང་གཅིན་ནད་དང། སྐོམ་བའི་ནད་དང། དུག་རྣམས་མེད་པར་བྱེད་དེ། ་ཁ་ཅིག་གིས་ནི་རླུང་བསྐྱེད་ཅེས་ཀྱང་བཤད་དོ། །བུ་རམ་ཤིང་རྣམས་ནི། ཁྲག་ལུད་པའི་ནང་སེལ་ཞིང། ཉམ་སྟོབས་བསྐྱེད་ཅིང། རོ་ཙ་བར་བྱེད་ལ། བད་ཀན་བསྐྱེད་དོ། །བུ་རམ་ཤིང་སོས་འོ་མ་སྟེ། ཟོས་པའི་ཁུ་བ་ནི་ཕན་པར་འགྱུར་རོ། །བུ ་རམ་ཤིང་བཙིར་བའི་ཁུ་བ་ནི། ལྕི་བ་ཡིན་ཏེ། ཕྱི་ས་འགག་པར་བྱེད་དོ། །བུ་རམ་ནི་མཁྲིས་བ་སེལ་བ་ཙམ་མ་ཡིན་ལ། རོ་ཙ་བར་བྱེད་ཅིང། རླུང་སེལ་ཏེ། བད་ཀན་བསྐྱེད་དོ། །བུ་རམ་རྙིང་པ་ནི་ཕན་ཞིང། མཁྲིས་བ་སེལ་བའི་མཆོག་ཡིན་ཏེ། ་ཁྲག་དང་བར་བྱེད་དོ། །བུ་རམ་གྱི་ཁ་ར་ནི་སྣུམ་པ་དང་ལྡན་ཏེ། ཁྲག་ལུད་པའི་ནད་སེལ་ཅིང། རོ་ཙ་བར་བྱེད་དོ། །སྦྲང་རྩིའི་ཁ་ར་ནི་རྩུབ་པ་ཡིན་ཏེ། ཚིམ་པར་བྱེད་ཅིང་སྐྱུག་པ་དང། འཁྲུ་བ་སེལ་ཏོ།། །།ང་ནི་ཆང་གི་བྱེ་བྲག་བཤད ་དེ། ཆང་ངོ་ཅོག་ནི?་མཁྲིས་པ་བསྐྱེད་ལ་སྐྱུར་བའི་ཕྱིར་ན། བད་ཀན་དང་རླུང་སེལ་ཏེ། རན་ཅིང་ཚོད་ཟིན་པར་འཐུངས་ན། དྲོད་བསྐྱེད་ཅིང་དགའ་བར་བྱེད་པ་དང། ཉམས་སྟོབས་བསྐྱེད་དོ། །དེ་ལྟར་མ་བྱས་ན་དུག་ཏུ་འགྱུར་རོ། །དེ་ལ་འབྲུའི ་ཆང་ནི་གཞུང་འབྲུམ་ལ་ཕན་ཏེ། སྐེམ་པ་ཤ་སྐྱེ་བར་བྱེད་ཅིང། རླུང་སེལ། བུ་རམ་ཆང་ནི་འཁྲུ་བར་བྱེད་ཅིང། སྨིན་པར་བྱེད་དོ། །བུ་རམ་ཤིང་གི་ཆང་ནི་བད་ཀན་དང། ཚིལ་རྒྱས་པའི་ནད་སེལ་ཏོ། །རྒུན་ཆད་ནི་རླུང་དང་མཁྲིས་པ་སེལ་ཏོ། །མ་རུ ་ཀའི་མེ་ཏོག་གི་ཆང་ནི་རྩུབ་པ་ཡིན་ཏེ། རླུང་དང་མཁྲིས་པ་བསྐྱེད་དོ། །ཚྭ་དང་རྩབས་ཀྱི་རིགས་སུ་གཏོགས་བ་རྣམས་ནི། རྣོ་བ་ཡིན་ཏེ། ཁྲག་ལུད་པའི་ནད་བསྐྱེད་དོ།། །།ད་ནི་ཐུག་པའི་བྱེ་བྲག་བཤད་དེ། འབྲས་རྫོས་ཏེ་བཏགས་པའི་ཐུག་པ་ནི་སྨིན་བར ་བྱེད་ཅིང། དྲོད་བསྐྱེད་དེ་ཕན་པ་ཡིན་ནོ།། འབྲས་ཐུག་ནི་ཡང་བ་ཡིན་ཏེ། རླུང་དང་འཕྲོད་ཅིང་ཆུ་སོ་སྦྱང་ངོ། །འབྲས་ཐུག་གིར?་པོ་ནི་ཚིམ་པར་བྱེད་ཅིང། འཁྲུ་བ་གཅོད་ལ་སྙིང་ལ་ཕན་ཏེ། ཉམས་སྟོབས་བསྐྱེད་དོ། །འབྲས་ཀྱི་འོ་ཐུག་ནི་བད་ཀན་བསྐྱེད་ལ། ཉམས ་སྟོབས་སྐྱེ་བར་བྱེད་དོ། །སྦྱར་ཐུག་ཅེས་བྱ་བ་འབྲས་དང། ཏིལ་དང། མོན་སྲན་སྡེའུ་གསུམ་སྦྱར་བའི་ཐུག་པ་ནི་རླུང་སེལ་བར་བྱེད་དོ།། །།ད་ནི་བཟའ་པའི་བྱེ་བྲག་བཤད་དེ། འབྲས་ལེགས་པར་བཀྲུས་པ་དང། ཁུ་བ་གཟར་བཅད་པ་དང། ཚོས་བ་དང། ་གྲང་དྲོང་ན་ཙམ་དུ་བྱས་པའི་འབྲས་ཆན་ནི་ཡང་བ་ཡིན་ནོ། །འབྲས་ཆན་རྡོ་གུ་དང། ཤ་དང། ཤིང་ཏོག་དང། མར་དང་།ལྷིག་ཏུ་བཙོས་པ་ནི་ལྕི་བ་ཡིན་ཏེ། ཤ་སྐྱེ་བར་བྱེད་དོ། །འབྲུའི་ཚོད་མ་ནི། ཤུན་ལྤགས་བཤུས་ལ་ཡིད་ཙམ་རྔོས་ཏེ། ཤིན་ཏུ་ཆོས་པར ་བྱས་བ་ཡང་བ་ཡིན་ནོ། །སྔོ་ཆོད་ནི་ཤིན་ཏུ་བཤུར་ལ་ཚོས་པར་བྱས་ཏེ། སྔོར་དང་ལེགས་བར་སྦྱར་བ་ཕན་བ་ཡིན་ནོ།། །།ད་ནི་ཁུ་བཅུད་ཀྱི་བྱེ་བྲག་བཤད་དོ། བལ་པོ་སེའུ་དང། སྐྱུ་རུ་ར་སྦྱར་བའི་ཁུ་བཅུད་ནི། དྲོད་བསྐྱེད་ཅིང། རླུང་དང་མཁྲིས་པ ་སེལ་ཏོ། །ལ་ཕུག་དང?་སྦྱར་ན། དབུགས་མི་བདེ་བ་དང། ལུད་པ་དང། ཆམ་པ་དང། བད་ཀན་ཡང་སེལ་ཏོ། །ནས་དང། རྒྱ་སྲན་དང། རྒྱ་ཤུག་གི་འབྲས་བུ་སྦྱར་བའི་ཁུ་བཅུང་ནི། ལྐོག་མ་ལ་ཕན་ཏེ། རླུང་སེལ་ཏོ། །མོན་སྲན་སྡེའུ་དང། སྐྱུ་རུ་ར་སྦྱར ་བའི་ཁུ་བཅུད་ནི། ཁྲུ་བ་གཙོད་ཅིང་མཁྲིས་བ་དང། བད་ཀན་སེལ་ཏོ། །སྦྱར་ཚོད་དམར་པོ་ཞེས་བྱ་བ། ཞོ་དང་བུ་རམ་དང་རྒུན་སྦྱར་བའི་ཚོད་མ་ནི། ཡང་ཞིང། ཤ་སྐྱེ་པ་དང། ཡི་ག་འབྱེད་པར་བྱེད་དེ་སྐྱུག་པ་སེལ་ཏོ། །ཞོ་དང་བུ་རམ་སྦྱར་ཏེ་དཀྲུགས་པའི ་ནད་དུ་དྲི་བཞི་སྦྱར་བ་ཞེས་བྱ་བ། ཤིང་ཚ་དང། སུག་སྨེལ་དང་།ན་ག་གེ་སར་དང། གནདྷ་པ་ཏྲ་འདི་བཞི་སྦྱར་བ་དང། སྤོང་སྣ་ཚོགས་བཏབ་པ་ནི་ཤ་སྐྱེ་ཞིང་རོ་ཙ་བར་བྱེད་དོ། །ཞོའི་ནད་དུ་བུ་རམ་བཏབ་པ་ནི་རླུང་སེལ་ཏོ། །ཕྱེ་ནི་རྩུབ ་པ་ཡིན་ཏེ། ཕྱིས་སླ་བར་བྱེད་ཅིང་རླུང་བསྐྱེད་ལ། ཉམས་སྟོབས་བསྐྱེད་ཅིང་ཚིམ་པར་བྱེད་དོ། །ནས་བསྒྲུས་དང། ནས་ཁྲལ་ཁྲོལ་ཙམ་དུ་བཏགས་པའི་ཆན་དང། ནས་ཀྱི་ཁུ་བ་ནི་གཅིན་ནད་དང། རྟུག་སྐམ་སེལ་ཏོ། །ཞུ་བ་བུ་རམ་གྱིས་བཏབ་པ་ནི ་ལྕི་ལ་ཤ་སྐྱེ་བར་བྱེད་ཅིང་རླུང་སེལ་ཏོ། །ཞི་ཏེའུ་ནི་མེའི་དྲོད་བསྐྱེད་དོ། །རླུང་དང་མཁྲིས་པ་སེལ་ཞིང་རོ་ཙ་བར་བྱེད་དོ། །པེཾ་ཏམ་ལ་སོགས་པ། ཁུར་བ་ཤ་དང་སྦྱར་བ་ནི། ཤ་སྐྱེ་བ་དང་ཉམས་སྟོབས་བསྐྱེད་ཅིང། མཁྲིས་པ་དང་རླུང་སེལ་ཏོ། །བེ་རག ་ཤ་དང། སྤོད་ལ་སོགས་པས་བརྫངས་པ་ནི། ལྕི་ཞིང་ཚིམ་པར་བྱེད་དོ། །འབྲས་བརྡུངས་པའི་ལྕེ་ཁུར་ནི་ལྕི་བ་ཡིན་ཏེ། དྲོད་ཆེ་ལ་བད་ཀན་དང་མཁྲིས་པ་བསྐྱེད་དོ། །མོན་སྲན་སྡེའུ་ལ་སོགས་པའི་ཁུར་བ་ནི། ལྕི་བ་ཡིན་ཏེ། བད་ཀན་བསྐྱེད་ཅིང་ཕྱི་ས་སླ་བར ་བྱེད་དོ། །ཁུ་བ་བུ་མར་གྱི་ནང་དུ་བཅོས་པ་ནི། རླུང་དང་མཁྲིས་པ་སེལ་ཅིང། ལུས་ཀྱི་མདོག་བཟང་བ་དང། མིག་རྣོ་བར་བྱེད་དོ། །ཁུར་བ་འབྲུ་མར་གྱི་ནང་དུ་བཅོས་པ་ནི། མིག་རྟུལ་བར་བྱེད་ཅིང། རླུང་སེལ་ལ་མཁྲིས་པ་བསྐྱེད་དོ།། །།ད་ནི ་ཚལ་ནན་གྱི་བྱེ་བྲག་བཤད་དེ། ཟན་ཟོས་པའི་འོག་ཏུ་ཚལ་ནན་བཏུང་བ་ནི་དོམ་པ་དང། འཇུ་བར་བྱེད་པ་དང། དགའ་བར་བྱེད་པ་དང། ཉམས་སྟོབས་བསྐྱེད་པ་དང། ཤ་སྐྱེ་བ་དང། ཡིག་འབྱེ་བ་དང། ཟན་ཟོས་པ་གནས་སུ་སོན་པར་བྱེད་དེ། རླུང་ནང ་ཅན?་ལ་ནི་ཚལ་ཅན་དུ། སྣུམ་བག་དང་དྲོན་པོ་དགེའོ། །མཁྲིས་པ་ཅན་ལ་ནི་ཚལ་ནན་དུ་མངར་པ་དང་བསིལ་བ་དགེའོ། །བད་ཀན་ཅན་ལ་ནི་ཚལ་ནན་དུ་རྩུབ་པ་དང། དྲོ་བག་དགེའོ། །ནང་ཁོང་སྐོམ་ཡོད་བ་ལ་ནི། ཆ་ལ་ནན་དུ་ཤ་ཁུ་བཟང་ངོ། །བུད ་མེད་ཀྱིས་དུབ་པ་དང། ལམ་གྱིས་དུབ་པ་དང། སྨྱུང་བས་དུབ་པ་དང། མང་དུ་སྨྲས་པས་དུབ་པ་དང། ཚ་བས་གདུངས་པས་དུབ་པ་དང། དེ་རྣམས་ལ་ནི་ཚལ་ནན་དུ་འོ་མ་བཟང་ངོ། །ཤ་ཆེ་བ་ལ་ནི་ཚལ་ནན་དུ་སྦྲང་རྩི་དང་ཆུ་སྦྱར་པ་བཟང་ངོ། །རིང་པ་ལ་ནི་ཚལ་ནན་དུ་ཆང ་བཟང་ངོ། །གློ་འགྲམས་བ་དང། སྐད་འགགས་པ་དང། དབུགས་མི་བདེ་བ་དང། ལུད་པ་དང། སྐྱིགས་བུ་དང། མི་ཆ་ལམ་མང་དུ་འབྱུང་བ་དང། ནམ་ཆོད་ཡན་ཆད་ཀྱི་ནད་ཀྱིས་ཉམ་ཐག་པ་ལ་ནི། ཚལ་ནན་འཐུངས་ན་མི་བཟང་ངོ། །དེ་ལྟར་ཁ་ཟས་དང ་བཏུང་བ་རྣམས་གཞུང་ལ་བརྟེན་ཏེ། ཅི་རིགས་པར་སྦྱར་ན། ནད་པ་ཡང་འཚོལ། སྨན་པ་དེའང་འཇིག་རྟེན་ན་གྲགས་པ་ཆེན་པོ་ཐོབ་པར་འགྱུར་རོ། །ཟས་ལྕི་བ་ནི་ཉུང་དུ་བཟའ་། ཟས་ཡང་བ་ནི་མང་དུ་ཟ་ཞིང། དུས་དང། མེའི་དྲོད་དང། ཚོད་ཤེས་པར་སྦྱར ་བའི་བྱེ་བྲག་དང། གོམས་པ་དང། མེའི་དྲོད་ཤེས་པར་བྱས་ནས། ཅི་རིགས་པར་བྱས་ན་ནི། ཁ་ཟས་ལྕི་བ་ཡང་ཡང་བར་འགྱུར་ལ། ཡང་བ་ཡང་ལྕི་བར་འགྱུར་བ་དག་ཀྱང་ཡོད་དོ། །ཁ་ཟས་དང། བཏུང་བའི་ཆོ་ག་བཤད་པའི་ལེའུ་སྟེ་གསུམ་པའོ།། །། ་རིམས་ནད་གསོ་བའི་ལེའུ་བཤད་པར་བྱའོ། །རིམས་ནད་ནི་ནད་དོ་ཅོག་གི་རྒྱལ་པོ་ཡིན་པར་བཤད་དོ། །དེ་བས་ན་འདིར། དེ་གསོ་བའི་ཆོ་ག་འདི་ཐོག་མ་ཁོ་ནར་བཤད་དེ། རིམས་ནི་ཐོག་མ་ལྷ་ཆེན་པོ་དྲག་པོ་ཞེས་བྱ་བ་ལ། དྲང་སྲོང་ཤེས་ཉེན་ཅན་ཞེས་བྱ་བས ་བརྙེས?་ཏེ། ལྷ་ཆེན་པོ་དྲག་པོ་ཁྲོས་ནས་དབུགས་བཏང་བ་ལས་བྱུང་བ། རླུང་དང་མཁྲིས་པ་དང། བད་ཀན་སོ་སོའི་རིམས་དང། རླུང་དང་མཁྲིས་པ་འདུས་པའི་རིམས་དང། མཁྲིས་པ་དང་བད་ཀན་གཉིས་འདུས་པའི་རིམས་དང། རླུང་དང་མཁྲིས་པ ་དུ?་བད་ཀན་གསུམ་འདུས་པའི་རིམས་དང། གློ་བུར་གྱི་རིམས་དང། རིམས་རྣམ་པ་བརྒྱད་དུ་གྱུར་ཏོ། །དེ་ལ་རིམས་ཐོག་མར་བྱུང་བའི་ཐབས་ནི། ཁ་ཟས་ཀྱི་ཉེས་པ་དང། འདུག་ཉལ་ལ་སོགས་པའི་གནས་པའི་ཉེས་པ་ལས་ནད་གཞི་རྣམས་སོ་པོ་? ་ནང་དུ་ཞུགས་ཏེ། ཁོང་པའི་དྲང་ཕྱི་རོལ་ཏུ་བཏོན་པ་དེ་དང། དངས་མ་དང་འདུས་ཤིང་གནས་པར་གྱུར་པ་ནི་རིམས་བསྐྱེད་པར་བྱེད་དོ། །དེ་ལ་རླུང་ལས་གྱུར་བའི་རིམས་ཀྱི་མཚན་མ་ནི། ལུས་གྲང་ཞིང་འདར་བ་དང། མགོ ་འཁོར་བ་དང། སླ་བ་དང། བ་སྤུ་ལངས་པ་དང། གླལ?་ཞིང་བྱ་རྨྱང་བྱེད་པ་དང། མགོ་པོ་དང།། རྐང་པ་དང། བརླ་དང་རྩིབ་ལོགས་ན་ཞིང། བྱིན་སྙིང་སྐྱུར་བ་དང། སྐོམ་དང་ཆེ་བ་དང། མིག་དང་པགས་པའི་མདོག་དང། སེན་མོ་དང། ཕྱིན ་དང། གཅིན་རྣམས་མདོག་གནག་ཅིང་ཁར་རོ་བསྐ་བ་བྲོ་བ་དང། འགྲམ་པ་ན་བ་དང། དབུགས་མི་བདེ་ཞིང་ལུང་པ་འགོགས་སུ་མི་བཏུབ་བ་རྣམས་ཡིན་ནོ། །མཁྲིས་པ་ལས་གྱུར་པའི་རིམས་ཀྱི་མཚན་མ་ནི། ལུས་ཤིན་ཏུ་ཚ་བ་དང། ཁོང་ཕ་ཚ་བ ་དང། སྐོམ་དང་ཆེ་བ་དང། བརྒྱལ་བ་དང། རྡུལ་འབྱུང་བ་དང། ཁའི་རོ་ཚ་བར་བྲོ་བའམ། མགོ་འཁོར་བ་དང། སླ་བ་དང། སྣའི་ནད་དང། ཁའི་ནད་དང། མཆུ་དང་ལྐོག་མ་རྣམས་སུ་འབྲུམ་པ་འབྱུང་བ་དང། ཁྲོ་ཞིང་ཤིན་ཏུ་ཁྲོ་བ་དང། བསིལ་བ ་འདོད་པ་དང། མིག་དང། སེན་མོ་དང། པགས་པའི་མདོག་དང། ཕྱི་ས་དང། གཅིན་རྣམས་ཀྱི་མདོག་སེར་བ་དང། སྒྲེགས་པའི་རོ་ཁ་བ་དང། འཁྱུ་བ་རྣམས་ཡིན་ནོ། །བད་ཀན་ལས་གྱུར་པའི་རིམས་ཀྱི་མཚན་མ་ནི། དབུགས་མི་བདེ་བ་དང། ལུད ་པ་ལུ་བ་དང། ཆམ་པ་དང། མཆིལ་མ་མང་བ་དང། ཡིག་འཆུས་བ་དང། སྐྱུག་བ་དང། གཉིད་ཆེ་བ་དང། ལུས་ལྕི་བ་དང། དང་ག་མེར་མེར་པོར་གྱུར་པ་དང། སློང་བར་གྱུར་པ་དང། །བར་ན་ངར་བ་བྲོ?་བ་དང། གྲང་འབྲུམ་འབྱུང་བ་དང། མིག་དང ་སེན་མོ་དང། པགས་བའི་མདོག་དང། ཕྱི་ས་དང། གཅིན་གྱི་མདོག་སྐྱ?་བ་དང། དྲོ་བ་འདོད་པ་རྣམས་ཡིན་ནོ། །རླུང་དང་མཁྲིས་པ་གཉིས་འདུས་པ་ལས་གྱུར་པའི་རིམས་ཀྱི་མཚན་མ་ནི། སྐོམ་དང་ཆེ་བ་དང། ལུས་ཚ་བ་དང། ལྐོག་མངར། ཁ ་སྒམ་པ་དང། སྦུ་ལངས་པ་དང། གཉིད་མི་འོང་བ་དང། སྐྱུག་བ་དང། ཚིགས་དང། ཀླད་པ་རབ་ཏུ་ན་བ་རྣམས་ཡིན་པར་བཤད་དོ། །རླུང་དང་བད་ཀན་གཉིས་འདུས་པ་ལས་གྱུར་པའི་རིམས་ཀྱི་མཚན་མ་ནི། སྙོམ་པ་དང། སློད་པར་གྱུར་པ་དང། ལུས་ཚ་བ་དང། ཚིགས ་དང་།ཀླད་པ་ན་བ་དང། ལུས་ལྕི་བ་དང། ལུས་གྲང་བ་དང། ལུད་བ་དང། ཡི་ག་འཆུས་པ་དང། ལུས་རྡུལ་བ་རྣམས་ལས་རྟོགས་པར་བྱའོ། །མཁྲིས་པ་དང་བད་ཀན་གཉིས་འདུས་པ་ལས་གྱུར་པའི་རིམས་ཀྱི་ཚུལ་ནི། ཕྱེད་གྲང་ཕྱེད་ཚ་བ་དང། ཡིག་འཆུས་པ་དང། ་རྡུལ་འབྱུང་བ་དང། ལུ་བ་དང་སྙོམ་པ་དང། ཁར་རོ་ཁ་བ་བྲོ་དང། རྨོངས་པ་དང། སྒྱིད་ལུག་པ་དང། སྐོམ་དང་ཆེ་བ་རྣམས་ཡིན་ནོ། །རླུང་དང་མཁྲིས་པ་དང། བད་ཀན་གསུམ་འདུས་པ་ལས། རིམས་ནང་དུ་གྱུར་པའི་ཚུལ་ནི། ཚིགས་དང་རུས་པ་དང། ཀླད་པ་ན་བ་དང། ་བྱེད་གྲང་ཕྱེད་ཚ་བ་དང། སྙོམ་པ་དང། ཡིག་འཆུས་པ་དང། མགོ་འཁོར་བ་དང། ལྐོག་མ་དར་དར་བྲེར?་བ་དང། རྣ་བར་ཟུག་པ་དང། མིག་དམར་ཞིང་ཡོན་པར་གྱུར་པ་དང། ཁ་ནས་མཁྲིས་པ་དང། ཁྲག་འབྱུང་བ་དང། སྐྱུག་པ་དང། སྐོམ་དང་ཆེ་བ་དང། ་ནུབ་མོ་གཉིད་མི་འོང་བ་དང། ལྕེ་ཚིག་པ་བཞིན་ནག་པོར་གྱུར་ཞིང། རེག་ན་རྩུབ་པ་དང། ལུས་ཀྱི་མདོག་སྔོ་བསངས་སུ་གྱུར་ཅིང། འབྲུམ་བུ་དམར་པོ་འཐོན་པ་དང། འཛག་སྒོ་རྣམས་ནས་འབྲུམ་བུ་འབྱུང་བ་དང། སྐྱུག་པ་དང། དབུགས་མི་བདེ་བ ་རྣམས་ཡིན་ཏེ། རྣམ་པ་འདི་དག་ཐམས་ཅད་ཚང་བར་གྱུར་ན་གསོར་མི་རུད་ངོ། །ཚད་པར་གྱུར་ན་གསོ་དཀའ་བར་བཤད་དེ། གློ་བུར་གྱི་རིམས་ནི། སྣང་པ་དང། སྔགས་དྲག་པོ་སྤྱོད་པ་དང། དམོད་པ་དང། གདོན་གྱིས་བཏབ་པ་ལས་གྱུར་བ་དང། ་སེམས་འཁྲུག་པའི་གདུད་པ་ལས་མཁྲིས་པའི་རིམས་ཚ་བར་འགྱུར་ཏེ། དེ་ཡང་འདོད་པ་དང། མྱ་ངན་དང་།འཇིགས་པ་དང། །བྲོ་པ་རྣམས་ལས་སེམས་འཁྲུགས་ཏེ། རིམས་སུ་གྱུར་ཏེ། །དེ་དག་ལྟ་བུ་ལས་རིམས་སུ་གྱུར་ནས་ནི་ནད་གཞི་རླུང་དང་ ་མཁྲིས་པ་དང། བད་ཀན་གསུམ་གང་བྱུང་བ་ལས་རིམས་སུ་གྱུར་པ་དེ་དག་སོ་སོའི་མཚན་མས་བསྟན་ཏོ། །རིམས་ནད་གསོ་པའི་ཐབས་ནི། རིམས་ཐོག་མ་བྱུང་མ་ཐག་ཏུ་ཉམས་སྟོབས་ལ་མི་གནོད་པར་སྨྱུང་བའི་ཆོ་ག་བྱའོ།།? ་རླུང་དང་དལ་བ་དང། ཁྲོ་བ་དང། མྱ་ངན་དང། ལུད་པ་ལུ་བ་དང་།བློ་རྡོལ་བ་རྣམས་ལ་རིམས་སུ་གྱུར་པ་ལ་ནི་སྨྱུང་བའི་ཆོ་ག་མི་བྱའོ། སྨྱུང་བར་བྱ་བའི་ཚད་ནི་བཀྲེས་ཤིང་སྐོམ་པར་གྱུར་པ་དང། ཕྱི་ས་དང་གཅིན་ཚུལ་བཞིན་དུ་འབྱུང་བར་གྱུར་? ་དང། ལུས་ཡང་བར་གྱུར་ན་སྨྱུང་བའི་ཆོ་ག་ལེགས་པ་ཡིན་ནོ། །སྨྱུང་བའི་ཆོ་ག་ཧ་ཅང་དྲགས་ན་ནི་སྐེམ་པའི་ནད་དང། སྙོམ་པ་དང་མགོ་འཁོར་བ་དང། དབུགས་མི་བདེ་བ་དང། ངལ་བའི་ནང་དུ་འགྱུར་རོ། །དེ་ལ་བད་ཀན་དང་རླུང་གི་རིམས ་ལ་ནི་སྐོམ་དུ་ཆུ་སྐོལ་པ་དྲེན་པོ་བླུད་དོ། །མཁྲིས་བ་དང། ཆང་དང། དུག་ལས་གྱུར་པའི་རིམས་ལ་ནི་སྐོམ་པའི་ཁུ་བ་གྲང་མོ་བླུང་དོ། །བཅའ་སྒ་དང། བ་ལེ་ཀ་དང། ལྡུམ་བུ་སྐྲོལ་དང། པུ་ཤེལ་ཙེ་དང། གླ་སྒང་དང་ཙན་དང་རྣམས་སྐོལ ་པའི་ཁུ་བ་གྲང་མོ་བླུད་ན་ཡང་སྐོམ་པ་དང་སྐྱུག་པ་དང། རིམས་དང། ལུས་ཚ་བ་སེལ་ཏོ། །སྨྱུང་པའི་ཆོ་ག་བྱས་པའི་རྗེས་ལ། ཁ་ཟས་སྨིན་བ་ནི་རླུང་དང་མཁྲིས་པ་དང་བད་ཀན་སོ་སོའི་ཆོས་པར་བྱེད་པའི་སྨན་གང་ཡིན་པའི་ཁུ་བ་ལས་གཞི ་བླངས་པའི་ཐུག་པ་ཕན་ཞིང་འཕྲོད་པར་བླུད་དོ། །ཡང་ན་འབྲས་ཡོས་བཏགས་པའི་ཐུག་པ་སླ་བ་བཅའ་སྒས་བཏབ་པ་བླུད་དོ། །ཡང་ན་རླུང་གི་རིམས་ལ་ནི། ས་ལུའི་ཆན་རི་དགས་དང། རི་བྱའི་ཤ་ཁུ་བཅད་དང་བཅས་པ་སྦྱིན་ནོ། །ངེས་ཞི ་བར་མ་གྱུར་ན། ཞག་བདུན་ལོན་པའི་འོག་ཏུ་ཆོས་པར་བྱེད་པའི་སྨན་དང། ཞི་བར་བྱེད་པའི་སྨན་བླུད་དོ། །ཞག་བདུན་གྱི་སྔ་རོལ་རིམས་གསར་བུ་བྱུང་པའི་ཚེ། སྨན་བཏང་བ་ནི་སྨན་དེ་ཉིད་ཀྱིས་ནང་གཞི་ཤིན་ཏུ་སྐྱེད་པར་བྱེད་ད། །དེ་ལ་རླུང ་ལས་གྱུར་པའི་རིམས་ལ་ནི་ཆོས་པར་བྱེད་པའི་སྨན་བིལྦ་ལ་སོགས་པ་རྩ་བ་ལྔ་སྐོལ་བའི་ཁུ་བ་བླུད་དོ། །ཡང་ན་བི་བི་ལིང་གི་རྩ་བ་དང། སླེ་ཏྲེས་དང། བཅའ་སྒ་རྣམས་ལྷན་ཅིག་སྐོལ་བའི་ཁུབ་བླུད་དོ། །ཡང་ན་སླེ་ཏྲེས་དང་།ཀླ་སྤང་དང། གྱི་ཙེར་དང། བཅས ་སྒ་རྣམས་ལྷན་ཅིག་སྐོལ་བའི་སུ་བ་བླུད་དོ། །ཡང་ན་སྐྱུ་རུ་ར་དང། གླ་སྒང་དང། རྩ་པ་ལྔ་པ་དང། སླེ་ཏྲེས་དང། འུ་སུའི་འབྲས་བུ་རྣམས་ལྷན་ཅིག་སྐོལ་པའི་ཁུ་བ་བླུད་དོ། །ཡང་ན་རྩ་མཁྲིས་དང། གླ་སྒང་དང། སླེ་ཏྲེས་དང། བ་ལ་ཀ་དང། བྲིག་ཏཱི་རྣམ་གཉིས ་དང་།གཟེམ་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་དོ། །ཡང་ན་སྠི་ར་དང། ཀ་ལ་ཤི་དང། བཅའ་སྦ་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་ན་རླུང་ནད་ལ་ཕན་ནོ། །ཡང་ན་ཐལ་ཏྲེས་དང། པི་པི་ལིང་དང། རྒུན་དང། ཤུ་ཏིའི་འབྲས་བུ་དང། ཏ་དེ་ནུ་པ་རྣམས་ལྷན ་ཅིག་སྐོལ་བའི་ཁུ་བ་བླུད་དོ། །ཡང་ན་ཐང་ཤིང་དང། བྲི་ཀྵ་ད་ན་དིར། སྨན་ར་སྣ་དང། སྒྲོན་ཤིང་དང། ཨེ་ལ་བ་ལུ་ཀ་རྣམས་ལྷན་ཅིག་སྐོལ་བའི་ལུ་བ་བླུད་དོ། །ཡང་ན། སླེ་ཏྲེས་དང། ཨཾ་ཤུ་མ་ཏི་དང། རྒུན་དང་པ་ཏྱ་ལ་ཀ་རྣམས་ལྷན་ཅིག་སྐོལ་པའི་ཁུ་བ ་བླུད་དོ། །ཡང་ནང་སྣ་དང། ཤིང་མངར་དང། དོད་ཀ་རང། ཏི་པ་ལ་དང། ཤལ་མ་ལི་དང། བ་ལ་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་དོ། །ཡང་ན་ཁྱི་ལྕེ་བ་དང། རྐུན་དང་ཤི་རི་སར་ནི་དང། ཐལ་ཏྲེས་དང། སླེ་ཏྲེས་རྣམས་ལྷན་ཅིག་སྐོལ་བའི་ལུ་བ་བླུད་དོ།། ་འདི་རྣམས་ནི་རླུང་ལས་གྱུར་པའི་རིམས་སེལ་པར་བྱེད་དོ། །གོང་ནས་ཐལ་ཏྲེས་ཞེས་སྨོས་པ་མན་ཆད་ཀྱི་སྦྱོར་བ་ལྔ་པོ་འདི་དག་ཀུན་གྱི་ཞུ་པ་ནི་བུ་རམ་དང་སྤང་པར་བྱའོ། །མཁྲིས་པ་ལས་གྱུར་པའི་རིམས་ལ་ནི། ཚོས་པར་བྱེད་པའི་སྨན་སྐྱུ་རུ་ར་དང ་རྒུན་དང། བ་ལ་ཀ་དང། རྩ་མཁྲིས་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་དོ་།ཡང་ན་བུ་ཙ་ཤལ་དང། རྒུན་དང། ནམཔི་དང། ཤིང་མངར་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་དོ། །མང་ན་ཨམ་བྲ་དང། རྩ་མཁྲིལ་བ་དང། བྱ་ཚེར་པ་དང་སྨོ་ལོ་རྣམས ་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་དོ། །ཡང་ན་དུག་མོ་ཉུང་དང། པུ་ཙེ་ཤལ་དང། གླ་སྒང་དང། ཤིང་མངར་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་དོ། །ཡང་ན་གསེར་ཕྲོམ་དང། མེ་ཏོག་ཨུཏཔ་ལ་དང། པདྨ་དང། ཐལ་ཏྲེས་དང། ་སླེ་ཏྲེས་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་ཁར་དང་སྦྱར་པའམ། ཡང་ན་སྐྲོ་ལོ་སྐོལ་བའི་ཁུ་བ་གྲང་བ་བླུད་ན་མཁྲིས་པའི་རིམས་སེལ་ཏོ། །ཡང་ན་ཁྱི་ལྕེ་པ་དང། སྐྲོ་ལོ་དང། བ་ལ་ཀ་དང། པུ་ཚེ་ཤེལ་དང། རྩ་མཁྲིས་དང། བྱི་ཚེར་རྣམས ་ལྷན་ཅིག་ཏུ་སྐོལ་བའི་ཁུ་བ་བསྒྲངས་པ་སྦྲང་རྩི་དང་སྦྱོར་ཞིང་བླུད་ན་མཁྲིས་པའི་རིམས་སེལ་ཏོ། །ཡང་ན་པུ་ཙེ་ཤེ་ལ་དང། རྩ་མཁྲིས་དང། བྱི་ཚེར་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བསྒྲངས་བ་སྦྲང་རྩི་དང་སྦྱར་ཏེ་བླུད་ན་མཁྲིས་པའི་རིམས ་སེལ་ཏོ། །ཡང་ན་བུ་ཙེ་ཤེལ་དང། ཀཏབལ་དང། དུག་མོ་ཉུང་དང། གླ་སྒང་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་དོ། །ཡང་ན་གོང་དུ་སྨན་གྱི་སྡེ་ཚན་བཤད་པའི་སྐབས་ནས་སྨོས་པ། ཐལ་ཏྲེས་ལ་སོགས་པའི་སྡེ་ཚན་དང། ཨུཏཔལ་སོགས་པའི་སྡེ་ཚན ་གཉིས་སོ་སོར་སྐོལ་བའི་ཁུ་བ་ཁར་དང་སྦྱར་བ་སོ་སོར་བླུད་དོ། །ཡང་ན་གླ་སྒང་དང། ཨ་རུ་ར་དང། རྒུན་དང། པུ་ཙོ་ཤེལ་དང། དོང་ཀ་དང། སྐྲ་ལོ་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་དོ། །ཡང་ན་བུ་ཙེ་ཤེལ་བཏགས་ཏེ་ཁ་ར་དང་སྦྱར་ཏེ་བཏང་ན་མཁྲིས ་པའི་རིམས་ནང་སེལ་ཏོ། །ཡང་ན་བུ་ཙེ་ཤེལ་དང། བྱི་ཆེར་དང། རྩ་མཁྲིས་དང། རྩ་ཤྱ་མ་དང། སྐྲོ་ལོ་དང། བ་ཤ་ཀ་རྣམས་ལྷན་ཅིག་སྐོལ་ཏེ་བསྒྲངས་པའི་ཁུ་བ་ཁར་དང་སྦྱར་ཏེ་བླུད་ན། ཁྲག་དང་མཁྲིས་པ་ལས་གྱུར་པའི་རིམས་སེལ་ཏོ།། ་བད་ཀན་ལས་གྱུར་པའི་རིམས་ལ་ནི། ཆོས་པར་བྱེད་པའི་ཁ་ལུང་གི་རྩ་བ་དང། བཅའ་སྒ་དང། སླེ་ཏེས་དང། པི་པི་ལིང་གི་རྩ་བ་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་ནས་ཚིག་འཁྲུས་པའི་ཐལ་པ་དང་སྦྱར་བའམ། ཡང་ན་པི་པི་ལིང་ལ་སོགས་པའི་སྡེ ་ཚན་སྔར་བསྟན་པ་རྣམས་སྐོལ་བའི་ཁུ་བ་ནས་ཚིག་འཁུས་པའི་ཐལ་བ་དང་སྦྱར་བ་བླུད་དོ། །ཡང་ན་བུ་ཅེ་ཤེལ་དང། ཨ་རུ་ད་དང། དབྱི་མོ་དང། དབྱི་མོ་དང། ཐང་ཤིང་དང། ཡུང་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་དོ། །ཡང་ན་ཨམ་བ་ཏ་དང། པུ་ཅ་ཤེལ་དང། མུན་དང ་ཨ་རཉྫ་དང། ཨ་རི་ཏ་དང། ཀུ་ལ་ཀ་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་ངོ། །ཡང་ན་བཅའ་སྒ་དང། བོང་ད་དཀར་པོ་དང། རུ་རྟ་དང། ཐང་ཤིང་དང། བྱི་ཚེར་དང། གླ་སྒད་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་དོ། །ཡང་ན་ཚ་བ་གསུམ་ཞེས་བྱ་བ། བཅའ་ ་སྒ་དང། པི་པི་ལིང་དང། མ་ལེ་ཤམ་རྣམས་དང། སྨན་ན་གཏམ་ལ་དང། ཤི་རི་པརྞི་དང། སྒྲོན་ཤིང་དང། སླེ་ཏྲེས་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་དོ། །ཡང་ན་ནཱ་གེ་ག་སར་དང། ཡུང་དང། སྐྱེར་པ་དང། ཚ་བ་གསུམ་དང། པུ་ཙེ་ཤེལ་དང། དུག་མོ ་ཉུང་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་ངོ། །ཡང་ན་བཅའ་སྒ་དང། བྱི་ཚེར་དང། བ་ཤ་ཀ་དང། གླ་སྒང་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་དོ། །ཡང་ན་དོང་ག་དང། དུག་མོ་ཉུང་ཀྱི་ཤུན་ལྦགས?་དང། མུ་རྦ་དང། བྱེའུ་རུག་པ་དང། ཀེའུ་ཀ་རྣམས་ལྷན་ཅིག ་སྐོལ་པའི་ཁུ་པ་བླུང་ངོ། །སྨན་གྱི་སྦྱར་བ་བདུན་པོ་འོད་དང་ཀྱང། བད་ཀན་གྱི་རིམས་སེལ་ཏོ། །ཡང་ན་ནིམ་པ་དང། བཅའ་སྒ་དང། སླེ་ཏྲེས་དང། ཐང་ཤིང་དང། ལི་ཟུང་པ་དང། རྩ་མཁྲིས་དང། མ་རུ་དང། པི་པི་ལིང་དང། བྲི་ཧ་ཏཱི་རྣམས་ལྷན་ཅིག་ཀོལ ་པའི་ཁུ་བ་བླུད་ན་བད་ཀན་གྱི་རིམས་སལ་ཏོ། །ཡང་ན་ས་པཏ?་པརྞི་དང། སླེ་ཏྲེས་དང། ནིམ་པ་དང། སྟག་མ་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བསྒྲངས་པ་སྦྲང་རྩི་དང་སྦྱར་ཏེ་བླུད་ན་པད་ཀན་གྱི་རིམས་སེལ་བར་བྱེད་དོ། །རླུང་དང་མཁྲིས་པ་གཉིས ་འདུས་པའི་རིམས་ལ་ནི་ཆོས་པར་བྱེད་པའི་སྨན། ཀཎྜ་ཀ་རི་དང། བལ་དང། ར་སྣ་དང། ཁྱི་ལྕེ་བ་དང། སླེ་ཏྲེས་དང། རྩ་ཤྱ་མ་རྣམས་སྐོལ་བའི་ཁུ་བ་བླུད་ན་སེལ་བར་བྱེད་དོ། །ཡང་ན་འབྲས་བུ་གསུམ་དང། ཤ་མ་ལི་དང། ར་སྣ་དང། དོད་ཀ་དང། ་བ་ཤི་རྣམས་ལྷན་ཅིག་བསྐོལ་བའི་ཁུ་བ་བླུད་ན། རླུང་དང། མཁྲིས་པ་ལས་གྱུར་པའི་རིམས་མྱུར་དུ་སེལ་ཏོ། །ཡང་ན་ཤིང་མངར་དང། ཐལ་ཏྲེས་དང། རྒུན་དང། ཙན་དན་དང། མེ་ཏོག་མ་བྷུ་ཀ་དང། ཨུཏཔ་ལ་དང། ཏཾ? ་པ་ལ་དང། ཤུག་པ་དང། གསེང་ཕྲོམ་དང། འབྲས་བུ་གསུམ་དང། པདྨའི་ཟེ་བ་དང། བ་རུ་ཤ་ཀ་དང། པུ་ཤེལ་ཙོ་རྣམས་ཆུ་བཟང་པོའི་ནང་དུ་སྐོལ་ཏེ། བསྒྲངས་ལ་ཞག་ཡོན་པར་བྱས་པའི་ནང་དུ། འབྲས་སོ་བརྡོས་ལ་ཕུབ་མ་བསལ ་ཏེ་བཏགས་པ་དང། སྦྲང་རྩི་དང། ཁར་དང་སྦྱར་ཏེ་བླུང་ན། རླུང་དང། མཁྲིས་པའི་རིམས་དང། ལུས་ཚ་བ་དང། སྐོམ་པའི་ནད་དང། བརྒྱལ་བ་དང། སྨྱུག་བྲོ་བ་དང། མགོ་འཁོར་བ་དང། ཁྲག་ལུང་པའི་ནད་རྣམས་སེལ་ཏོ། སྤྲིན་ལ་རླུང ་བབ་པ་བཞིན་ནོ། །རླུང་དང་བད་ཀན་གཉིས་འདུས་པ་ལས་གྱུར་པའི་རིམས་ལ་ནི། ཚོས་པར་བྱེད་པའི་སྨན་པའི་སྨན་བི་པི་ལིང་དང། རྒུན་ལྷན་ཅིག་ཏུ་སྐོལ་བའི་ཁུ་བ་བསྒྲངས་ཏེ་སྦྲང་རྩི་དང་སྦྱར་བ་བླུད་དོ། །ཡང་ན་དོང་ཀ་ལ་སོགས་པའི་སྨན་གྱི་སྡེ་ཚན་སྔར ་བསྟན་པ་རྣམས་ལྷན་ཅིག་ཏུ་སྐོལ་བའི་ཁུ་བ་གོ་སྙོད་བཏགས་པ་དང། བུ་རམ་དང་སྦྱར་ཏེ་བླུད་དོ། །ཡང་ན་ཐང་ཤིང་དང། སྐྲོ་ལོ་དང། བརྒི་དང། གླ་སྒང་དང། ཤུད་བ་དང། འུ་སུའི་འབྲས་བུ་དང། ཀཏཔལ། ། རུ་ར་དང། བཅའ་སྒ་དང། རྩཝ་བུ ་ཏིཀ་རྣམས་ལྷན་ཅིག་ཏུ་སྐོལ་བའི་ཁུ་བའི་ནང་དུ། ཤིང་ཀུན་དང། སྦྲང་རྩི་ཤས་བསྐྱེད་དེ་སྦྱར་བ་འཐུངས་ན། བད་ཀན་དང། རླུང་གི་རིམས་དང། སྐྱིགས་བུ་དང། དབུགས་མི་བདེ་བ་དང། ལྐོག་ནང་ལྷ་གོར་དང། ལུད་པ་དང། སྐེམ་པའི་ནང ་དང། མཆིལ་མ་མང་དུ་འབྱུང་བ་རྣམས་སེལ་ཏོ། །ཤིང་ལ་ཐོག་ཤོག་འབབ་པ་བཞིན་ནོ། །བད་ཀན་དང། མཁྲིས་པ་གཉིས་འདུས་བ་ལས་གྱུར་པའི་རིམས་ལ་ནི། ཚོས་པར་བྱེད་པའི་སྨན་ཤིང་མངར་དང། །བལ་དང། ཨ་ར་ཤ་དང། བ ་ཏོལ་དང། འབྲས་བུ་གསུམ་དང། འདི་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་འཐུངས་ན་མྱུར་དུ་སེལ་བར་བྱེད་དོ། །ཡང་ན་ཡུང་དང་སྐྱེར་མ་དང། གླ་སྒང་དང། བུ་ཤེལ་ཙོ་དང། ཤིང་མངར་དང། དོད་ག་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བསྒྲངས་ཏེ། སྦྲང་རྩི ་དང། སྦྱར་ཏེ་བླུང་ན། བད་ཀན་དང། མཁྲིས་པའི་རིམས་མེད་པར་བྱེད་དོ། །ནད་གཞི་རླུང་དང། མཁྲིས་པ་དང། བད་ཀན་གསུམ་ཆར་འདུས་པ་ལས་གྱུར་པའི་རིམས་གསོ་བའི་ཐབས་ནི། གཉིས་ཤས་ཆེལ། གཅིག་ཤས་ཆུང་ན་གང་ཤས་ཆུང ་བ་དེའི་སྟོབས་བསྐྱེད་པར་བྱའོ། །གཅིག་ཤས་ཆེ་ལ་གཉིས་ཤས་ཆུང་ན། གང་ཤས་ཆེ་བའི་སྟོབས་དབྲི་བར་བྱའོ། །ཡང་ན་གང་ཤས་ཆུང་བདེའི་སྟོབས་བསྐྱེད་པར་བྱ་སྟེ། དེ་ལྟར་ཤས་ཆེ་ཆུང་མི་མཉམ་པ་ལ་ནི། མདོར་ན་གང་ཤས་ཆེ་བའི་སྟོབས ་ནི་དབྲི། གང་ཤས་ཆུང་བའི་སྟོབས་ནི་བསྐྱེད་དེ། ཅི་ནས་ཀྱང་སྟོབས་མཉམ་ཞིང་ཆ་མཐུན་པར་བྱའོ། །གསུམ་ཆར་ཤས་མཉམ་དུ་འཁྲུག་པ་ལ་ནི། ཐོག་མར་བད་ཀན་གཞི་ལ་བའི་ཆོ་ག་བྱའོ། །དེའི་འོག་ཏུ་མཁྲིས་པ་གཞིལ་བའི་ཆོ་ག་བྱའོ།། ་དེ་ནས་རླུང་གཞིལ་པའི་ཆོ་ག་བྱ་སྟེ། དེ་ལྟ་བུའི་ཚུལ་གྱིས་ནད་གཟི་གསུམ་ལས་གྱུར་པའི་རིམས་གཞོམ་པར་བྱའོ། །དེ་ལ་གསུམ་འདུས་པའི་རིམས་ལ་ནི་ཚོས་པར་བྱེད་པའི་སྨནདྷམ་ཀ་དང། །འབྲས་བུ་གསུམ་དང། ཐང་ཤིང་དང། ཤུག ་པ་དང། ཙན་དན་དང། བུ་ཤེལ་ཙ་དང། པུ་ཙོ་ཤེལ་དང། ཤིང་པ་རུ་ཤ་ཀ་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་དོ། །ཡང་ན་རྩ་བ་གསུམ་དང། གླ་སྒང་དང། འབྲས་བུ་གསུམ་དང། པུ་ཙ་ཤེལ་དང། པ་ཏོ་ལ་དང། ཧ་རི་སྟ་དང། དུག་མོ་ཉུང་དང། ་རྩ་མཁྲིས་དང། སླེ་ཏྲེས་དང། པ་ཏ་རྣམས་ལྷན་ཅག་སྐོལ་བའི་ཁུ་བ་ཡང་ནང་གཞི་གསུམ་ལས་གྱུར་པའི་རིམས་སེལ་ཏོ། །གསུམ་འདུས་པའི་རིམས་དེའི་མཇུག་ཏུ་སྣ་དྲུང་དུ་སྐྲང་བར་གྱུར་ན་དེ་ནི་གསོ་དཀའ་བ་ཡིན་ཏེ། གཏར་ཏེ་ཁྲག་དབྱུང ་བ་དང། སྨན་གྱིས་བསྐུ་བ་དང། མར་བཏུང་བས་གཞིལ་བར་བྱའོ། །ནད་གཞི་གསུམ་འདུས་པས། ལུས་དང། ངག་དང། སེམས་ཀྱི་སྤྱོད་པ་རྣམས་རོ་བཞིན་དུ་བྱ་པ་མི་བྱེད་པར་བསྡུས་ནས། སྲོག་ལ་ཐུག་པའི་ནད་རོང་འབྱིན? ་པ་ཞེས་བྱ་བ་བསྐྱེད་པར་བྱེད་དེ། རོང་འབྱིན་པའི་ནད་དེ་མི་ལ་ཐེབས་པར་གྱུར་ན། ཤི་བའི་ཁོངས་སུ་བཅུག་སྟེ། སོ་ཤི་བསྔོ་བར་དམ་བཅས་ནས། སྣོད་ཆུར་བྱིང་བ་བསྙེག་བ་བཞིན་དུ། བང་བྱ་སྟོད་ལ་མྱུར་ཏུ་ཉམས་སུ་བླང་ཞིང་གསོ་བར་བྱའོ།། ་དེ་ལ་གསོ་བའི་ཐབས་ནི། ཤིང་ཏོག་ཁ་ལུང་གི་ཁུ་བ་ཤིང་ཀུན་དང། བཅའ་སྒ་དང། སྨན་རོ་ཚ་བ་དང། ཁ་བ་དང། རྣོ་བ་དག་དང། སྦྱར་བའི་ཁུ་བ་བཙགས་པ་སླར་དྲན་པར་མ་གྱུར་གྱི་བར་དུ་ཁར་བླུགས་སོ། །ཤིང་མ་དྷུ་ཀའི་སྙིང་པོ་དང། ་རྒྱམ་ཚ་དང། ཤུ་དག་དང། ན་ལེ་ཤམ་དང། པི་པི་ལིང་རྣམས་ཆ་མཉམ་ལ་ཚུའི་ནང་དུ་བདར་ཏེ། བཙགས་ནས་སྣར་བླུགས་ན་ཡང་སླར་དྲན་པར་འགྱུར་རོ། །ཤི་རི་ཤའི་འབྲས་བུ་དང། པི་པི་ལིང་དང། ན་ལེ་ཤམ་དང། རྒྱམ་ཚ་དང། ་སྦྱར་ཁཎྜ་དང། གྱི་སྐུ་དང། ལྡོར་རོས་དང། ཤུ་དག་རྣམས་ཆ་མཉམ་ལ། བ་གཅིན་གྱི་ནང་དུ་བདར་ཏེ། བཅགས་ནས་མིག་ཏུ་བསྐུས་ན་ཡང་དྲན་པར་འགྱུར་རོ། །གང་ཆོ་ག་དེ་ལྟར་བྱས་ཏེ། ཡང་ན་སླང་དྲན་པར་གྱུར་པ་དེ་ནི་འཕྲལ་བ་འམ། རྐང་པ ་གཉིས་ཀྱི་རྟིང་པར་ལྕགས་ཀྱི་ཐུར་མས་བསྲེག་གོ། བྱ་གྷྲི་དང། བྱི་ཚོར་དང། བྷ་གི་དང། ལི་ཟུར་བ་དང། བུ་བྲན་ཤིང་དང། མ་ནུ་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་འཐུངས་ན་ཡང། བད་ཀན་དང། རོར་འབྱིན་པའི་ནད་རིམས་རྨོང་དུ་ཞི་བར་བྱེད་དོ།། ་ཁ་ལུ་བ་དང། ཤིང་ལྐ་སྨ་བྷི་དང། བིལྦ་དང། བྱ་གྲི་དང། པཱ་ཐཱ་དང། ཨེ་རཎྜའི་རྩ་བ་རྣམས་སྐོལ་བའི་ཁུ་བ་ལན་ཚྭ་དང་བ་གཅིན་དང་སྦྱར་ཏེ་བླུད་ན་ཡང་རོར་འབྱིན་པའི་ནད་དང། ལྟོ་སྦོ་ཞིང་རྟུལ་བའི་ནད་སེལ་ཏོ། །ཀ་ར་བི་དང། མ་ནུ་དང། ཨེ ་རཎྜའི་རྩ་བ་དང། ཁྱི་ལྕེ་བ་དང། བ་ཤ་ཀ་དང། སླེ་ཏྲེས་དང། སྔར་བཤད་པའི་རྩ་བ་ལྔ་པ་ཆེན་པོ་ཞེས་བྱ་པ། བིལྦ་ལ་སོགས་པ་དང། རྩ་བ་ལྔ་པ་ཆུང་ངུ་ཞེས་བྱ་བ། པྲིཥྞ་པརྞི་ལ་སོགས་པ་དང། ལྔ་ཚན་ཆེ་ཆུང་གཉིས་བསྡུས་པའི་མིང་ནི། རྩ་བ་བཅུ་བ་ཞེས་བྱ་སྟེ། ་བཅུ་བོ་དེ་དག་དང། ལི་ཟུར་བ་དང། བུ་བྲན་ཤིང་དང། བྱི་ཚ་ར་དང། བྷ་རྒི་དང། བུ་ན་སྣ་བ་དང། འདི་རྣམས་ཆ་མཉམ་ལ་བ་གཅིན་གྱི་ནང་དུ་སྐོལ་ཏེ་འཐུངས་ན་ཡང་དྲན་པ་སོར་ཆུད་པར་འགྱུར་ཞིང། རོར་འབྱིན་པ་ཞེས་བྱ་བའི་རིམས་ཚངས་ཆེན་པོ་དང། ་ངལ་བའི་ནད་ཚབས་ཆེན་པོ་ཡང་མྱུར་དུ་སེལ་བར་བྱེད་དོ། །ཀ་རལྦ?་དང། ཀྲུ་ཏྲུག་ཏྲེས་དང། བཙོད་དང། ཁྱི་ལྕེ་བ་དང། བིལྦ་དང། ཀུ་ལ་ཀ་ཛ་དང། བྲི་ཧ་ཏཱི་རྣམ་གཉིས་དང། ཀ་ར་བཱི་དང། ཚ་བ་གསུམ་དང། འདི་རྣམས་སྐོལ་བའི་ཁུ་བ་འཐུངས་ན་ཡང། ་རོར་འབྱིན་པའི་ནད་ཀྱི་རྐྱེན་གྱིས་མིད་པ་འགགས་ཤིང་སྒྲ་དང་ངར་པོར་གྱུར་པ་ཡང་སེལ་བར་བྱེད་དོ།། །།ད་ནི་རིམས་ལྡང་བུབ་གྱི་དུས་མི་འདྲ་བར་བཤད་དེ། དངས་མ་ལ་སོགས་པ་ལུས་ཟུངས་བདུན་གྱི་གནས་རྣམས་རླུང་ལ་སོགས་པ ་ནད་གཞི་གསུམ་པོ་རྣམས་ཞུགས་པ་ལས་རིམས་ལྡང་དུབ་ཅན་དུ་གྱུར་ཏེ། དེ་ཡང་རྒྱུན་ཆགས་ཀྱི་རིམས་དང། རྟག་པའི་རིམ་དང། ཉིན་རེ་བའི་རིམས་ཉི་མ་གཉིས་ཤིང་ལན་གཅིག་གི་ལྡང་བའི་རིམས་དང། ཉི་མ་གསུམ་ཞིང་ལན་གཅིག་ལྡང་བའི་རིམས་དང། རྣམ་པ་ལྔར ་?་ཏེ་དེ་དག་གསོ་བའི་ཐབས་ནི། ཆོས་པར་བྱེད་པའི་སྨན་ཤིང་ནིམ་པ་དང། ཨ་རུ་ར་དང། སླེ་ཏྲེས་དང། གླ་སྒང་དང་པ་ཏོ་ལ་དང། དུག་མོ་ཉུངས་ཀྱི་འབྲས་བུ་གསུམ་དང། པ་ཐ་ཤ་ཀ་ཤ་མས་ཆ་མཉམ་སྟེ་ལྷན་ཅིག་སྦྱར་བ་དང། ཙན་དན་དཀར་པོ་དང། བུ་ཤེལ་ཙེ་དང། འུ་སུའི་འབྲས་བུ་དང ་གླ་སྐང་དང། སླེ་ཏྲེས་དང། བཅའ་སྒྲ་རྣམས་ཆ་མཉམ་སྟེ་ལྷན་ཅིག་སྦྱར་བ་དང། ཐང་ཤིང་དང། སྠི་ར་དང། བཅའ་སྒ་དང། བ་ཤ་ཀ་དང། སྐྱུ་རུ་ར་དང། ཨ་ཀ་རུ་རྣམས་ཆ་མཉམ་སྟེ་ལྷན་ཅིག་སྦྱར་བ་དང། སྨན་གྱི་སྦྱོར་བ་ལྔ ་པོ་འདི་དག་སོ་སོར་སྐོལ་བའི་ཁུ་བ་བསྒྲངས་པའི་ནང་དུ་སྦྲང་རྩི་དང། ཤ་ཁ་རས་བསྐྱེད་དེ། སྦྱར་བ་སོ་སོར་འཐུངས་ན། སྨན་གྱི་སྦྱོར་བ་རེ་རེས་གོང་དུ་སྨོས་པའི་རིམས་ནད་རྣམ་པ་ལྔ་པོ་རེ་རེ་སེལ་བར་བྱེད་དོ།། །།རིམས་ནད་ཀྱི་གྲངས་དང ་སྨན་གྱི་སྦྱོར་བའི་གྲངས་ཀྱི་གོ་རིམ་བཞིན་དུ་སོ་སོར་སྦྱར་རོ། །ཡང་ན་རིམས་ལྔ་པོ་རེ་རེ་ཞིང་ཡང་སྨན་གྱི་སྡེ་ཚན་ལྔ་ཆར་གྱིས་སོ་སོ་ནས་སེལ་བར་ཡང་བཤད་དོ། །དེ་ལྟར་ཚོས་པར་བྱེད་པའི་ཆོ་ག་བཤད་ནས། རིམས་ནད་ཅན་གྱི་ཁོང་ན། ནད་གཞི ་ཚོས་པར་གྱུར་པ་ན་གནས་པ་སླར་མ་ཕྱིན་ན་ཡང་གནོད་པ་ཆེན་པོར་གྱུར་ཏེ། དེ་བས་ན་ཁོང་ན་ནད་གཞི་ཚོས་བར་གྱུར་པ་དང། ཚོས་པར་མ་གྱུར་པ་ཡོད་པ། ཉམ་སྟོབས་དང། དུས་དང། ནང་ལས་དཔགས་ཏེ། ཅི་རིགས་པར་བཀྲུ་སྨན་གྱིས་དབྱུང་བར ་བྱའོ། །དེ་ལ་བསྐུ་སྨན་ནི་ཤིང་མངར་དང། དོར་ག་དང། རྒུན་དང། པུ་ཙེ་ཤེལ་དང། པ་ཐ་དང། འབྲས་བུ་གསུམ་དང། པ་ཏོལ་རྣམས་ལྷན་ཅིག་སྐོལ་བའི་ཁུ་བའི་ནང་དུ། ཨ་རུ་རའི་ཕྱེ་མ་བཏབ་པ་ནི་བསྐྲུ་བར་བྱེད་དེ་རིམས་སེལ་ཏོ། །པ་ཏོ་ལ་དང། དོང ་བ་དང། པུ་ཙེ་ཤལ་དང། བི་ཤ་ལ་དང། འབྲས་བུ་གསུམ་དང། ཤིང་ཉེ་རོང་རྣམས་སྐོལ་བའི་ཁུ་བ་ནས་ཚིག་འཁུས་པའི་ཐལ་བ་དང་སྦྱར་བ་ནི་འཁྲུ་བར་བྱེད་དོ། །རིམས་ཐམས་ཅད་སྦྱོར་རོ། །པུ་ཙེ་ཤེལ་དང། ཨ་རུ་ར་དང། ཤིང་ཉེ་རོང་དང། ་?་བརྩེ་བ་དང། ཁྱི་ལྕེ་བ་དང། དོང་ག་དང། ནས་ཚིག་འཁུས་པའི་ཐལ་བ་དང། མར་དང། རྒྱམ་ཚ་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་ཡང་འཁྲུ་བར་བྱེད་དེ། རིམས་སེལ་ཏོ། །འབྲས་བུ་གསུམ་དང། པི་པི་ལིང་དང། ཤིང་ཉེ་རོང་དང་?་རྩཝ་ཤྱ ་མ་རྣམས་ཞབ་ཏུ་བཏགས་ལ། བ་ར་དང། སྦྲང་རྩི་དང་སྦྲུས་ཏེ། རི་ལུར་བྱས་པ་ཡང་འཁྲུ་བར་བྱེད་པ་ཡིན་ཏེ། འདུས་པའི་རིམས་དང། འོར་ནད་སྐྲང་བ་དང། ཁྲག་ལུང་པའི་ནད་སེལ་ཏོ། །རིམས་རྙིང་དང། བད་ཀན་ཟད་པར་གྱུར་བ་ལ་ནི་འོ་མ་བདུད་རྩི ་དང་འདྲའོ། །རིམས་གསར་བུ་ལ་ནི་ཛེ་དུག་དང་འདྲ་སྟེ་མི་གསོང་བར་བྱེད་དོ། །དེ་ལ་འོ་མ་བཏང་བའི་ཐབས་ནི། འོ་མ་རྩ་བ་ལྔ་པ་དང་སྐོལ་ཏེ་བསྒྲངས་པ་འམ། ཡང་ན་འོ་མ་ཆུ་བཞི་འགུར་དང་སྐོལ་ཏེ་ཆུ་དུ་བར་བྱས་པ་འམ། ཡང་ནའོ་མ་ཤིཾ་ཤ་པའི་སྙིང་པོ ་དང་སྐོལ་བ་འམ། ཡང་ན་འོ་མ་བཞོས་པའི་འཕྲོལ་དྲོན་པོ་འཐུངས་ན་རིམས་སེལ་ཏོ། །འོ་མ་པི་པི་ལིང་དང། ཤིང་མངར་དང། རྒུན་དང། ལྡུམ་བུ་བ་ལ་དང། ཙན་དན་དཀར་པོ་དང། ཐལ་ཏྲེས་རྣམས་དང། ལྷན་ཅིག་སྐོལ་ཏེ་འཐུངས་ན་རིམས་མྱུར་དུ ་སེལ་ཏོ། འོ་མ་ཤིང་བིལྒ་གཞོན་ནུ་དང་སྐོལ་བ་འམ། ཡང་ན་ཨེ་རཎྜའི་རྩ་བ་དང། སྐོལ་བ་འཐུངས་ན་དེ་མ་ཐག་ཏུ་གདུག་པའི་རིམས་སེལ་བར་བྱེད་དོ། །འོ་མ་བུ་རམ་དང། བཅའ་སྒ་དང། བ་ལ་དང། བྱ་གྷྲི་དང། གཟེ་མ་དང་ལྷན་ཅིག་སྐོལ་ཏེ་བསྒྲངས ་པ་འཐུངས་ན། སྐྲང་བ་དང། རིམས་དང། ཕྱིས་དང། གཅིན་འགགས་པ་ཞི་བར་བྱེད་དོ། །འོ་མའི་ཚོགས་ཀྱང་མ་སློན་ཏེ། རིམས་ཀྱི་དྲོད་ཀྱིས་མདངས་མེད་པར་བྱས་པ་ལ་ནི་གསོ་བའི་ཐབས་གཞན་བྱ་སྟེ། མར་ཁུ་ཉེ་ཚེ་འམ། ཡང་མར་སྨན་དང་བསྐོལ ་བའི་མེའི་དྲོད་ལས་དཔགས་ཏེ་བཏུང་བར་བྱའོ། །དེ་ལ་མར་སྨན་དང་བསྐོལ་བ་ནི། རྒུན་དང་སྐོལ་བའམ། ཡང་ན་བ་ལ་དང་སྐོལ་པའམ། ཡང་ན་ཤིང་མངར་དང་སྐོལ་བ་འམ། ཡང་ན་འབྲས་བུ་གསུམ་དང་སྐོལ་བ་འམ། ཡང་ན་སླེ་ཏྲེས་དང་སྐེལ་བའི་མར ་བཞུངས་ན། དེ་མ་ཐག་ཏུ་རིམས་སེལ་བར་བྱེད་དོ། །བ་ཤ་ཀ་ཆེན་པོའི་མར་ཞེས་བྱ་བ་ནི། ཤིང་བ་ཤ་ཀ་དང། ཤིང་ཨ་རི་ཤཏ་དང། སླེ་ཏྲེས་དང། བྷརྒི་དང། རྩ་བ་ལྔ་པ་དང། འབྲས་བུ་གསུམ་དང། བྱི་ཚེར་དང། ཤིང་མངར་དང། རྒུན་དང། བཏང་ ་པ་ལ་རྣམས་བཏགས་བའི་ཕྱེ་མ་ཞོ་གཉིས་གཉིས་མར་སྲང་སུམ་ཅུ་རྩ་གཉིས་དང། ཆུ་མར་གྱི་བཞི་འགྱུར་དང། །སྐོལ་ཏེ་ཆུ་དུ་བར་བྱས་པའི་མར་འདིའི་མིང་ནི་བ་ཤ་ཀ་ཆེན་པོའི་མར་ཞེས་བྱ་སྟེ། དེ་ལ་ཚོད་རན་པར་འཐུངས་ན་རིམས ་ཐམས་ཅད་སེལ་ཏོ། །བ་ཤ་ཀ་ཆུང་དུའི་མར་བྱ་བ་ནི། ཤིང་བ་ཤ་ཀ་སྐོལ་བའི་ཁུ་བ་དང། བ་ཤ་ཀ་ཉིད་ཕྱེ་མར་བཏགས་པ་རྣམ་པ་གཉིས་ཀྱིས་མར་སྐོལ་ལ་སྨན་གྱི་ཁུ་བ་དུ་བར་བྱས་ཏེ་བསྒྲངས་ནས་སྦྲང་རྩི་དང་སྦྱར་བའི་མིང་ནི། བ་ཤ་ཀ་ཆུང་དུའི་མར ་ཞེས་བྱ་སྟེ། དེ་ལས་ཚོད་རན་པར་འཐུངས་ན། རིམས་དང་གློ་གཅོད་ཆེན་པོ་ཟད་བྱེད་ཀྱི་ནད་དང། དབུགས་མི་བདེ་བ་དང། ལུང་པ་དང། སྐྱ་རྦབ་དང། མཁྲིས་པ་དང། ཁྲག་ལུང་པའི་ནད་སེལ་ཏོ། །དགེ་བའི་མར་ཞེས་བྱ་བ་ནི། རུ་རྟ་དང། སུག ་སྨེལ་དང། རྒྱ་སྤོས་དང། བལ་བུ་དང། དནྟིའི་རྩ་བ་དང། ཐང་ཤིང་དང། ཨེ་ལ་བ་ལུ་ཀ་དང། ཙན་དན་དཀར་པོ་དང། ཨུཏཔ་ལ་དང། བཙོད་དང། བི་ཤ་ལ་དང། བྲི་ཧ་ཏི་རྣམ་གཉིས་དང། ཡུད་དང། སྐྱེར་བ་དང། ཐལ་ཏྲེས་རྣམ་གཉིས་དང། པརྞི ་རྣམ་གཉིས་དང། ཧ་རེ་ནུ་ཀ་དང། པདྨའི་ཟེ་བ་དང། བྱི་དང་ཀ་དང། འབྲས་བུ་གསུམ་དང། རྩཝ་ཤྱ་མ་དང། སྲི་ཤིང་རྣ་མའི་མེ་ཏོག་དང། བལ་པོ་སེའུ་རྣམས་ཆ་མཉམ་སྟེ། ཞོ་གཉིས་གཉིས་ཞིབ་ཏུ་བཏགས་ལ་མར་སྲང་སུམ་ཅུ་རྩ་གཉིས་དང། ་ཆུ་མར་གྱི་བཞི་འགྱུར་དང། ལྷན་ཅིག་ཏུ་སྐོལ་ནས། །ཆུ་དུ་བར་བྱས་པ་ནི་དགེ་བའི་མར་ཞེས་བྱ་སྟེ། འདི་ནི་ཉམས་སྟོབས་བསྐྱེད་ཅིང་བཞིན་མདོག་བཟང་བ་དང། བུ་མང་བར་བྱེད་ལ། རིམས་དང་བརྗེད་བྱེད་དང། སྨྱོ་བྱེད་དང། གཅིན་སྙི་བའི་ནད ་དང། བསྐྲང་བ་དང་དུག་སེལ་ཏེ། དྲེག་དང། སྐྱ་རྦབ་དང། སྐྲན་དང། དབུགས་མི་བདེ་བ་དང། སྐྱིགས་བུ་འོང་བ་དང། གཅིན་འགགས་པ་དྲག་པོ་རྣམས་ཀྱང་འཇོམས་པར་བྱེད་དོ། །དགེ་བ་ཆེན་པོ་ཞེས་བྱ་བའི་མར་ནི། །གོང་མ་དགེ་བའི་མར ་དེ་དང། སྨན་དེ་དག་ཉིད་ཀྱི་སྟེང་དུ། འཚོ་བྱེད་ཅེས་བྱ་བའི་སྨན་སྣ་བཅུ་སྟེ། ཛི་བ་ཀ་དང། རི་ཤ་བ་ཀ་དང། མེ་ད་དང། མ་ཧཱ་མེ་ད་དང། བུ་ཚང་རྟོ་དང། ར་མཉེ་བ་དང། མུངབ?་བརྞི་དང། ཀ་ཤ་པརྞི་དང། ཛི་བནྟི་དང། ཤིང་མངར་རྣམས་དང། རྩ་བ་བཅུ་སྔར ་སྨོས་པ་རྣམས་ཀྱིས་ཀྱང་མནན་ལ། འོ་མ་མར་གྱི་བཞི་འགྱུར་གྱི་ནང་དུ་སྐོལ་ཏེ། འོ་མ་དུ་བར་བྱས་པའི་མར་གྱི་མིང་ནི་དགེ་བ་ཆེན་པོའི་མར་ཞེས་བྱ་སྟེ། ནད་དོ་ཅོག་སེལ་ཏོ། །དུག་མོ་ཉུང་དང། བུ་ཤེལ་ཙེ་དང། ཏི་ར་དང། བུ་ཙེ་ཤེལ་དང། ཙན་དན ་དཀར་པོ་དང། བོད་ང་དཀར་པོ་དང། གླ་སྒང་དང། ཁྱི་ལྕེ་བ་དང། ཐལ་ཏྲེས་དང། བིལྦ་དང། རྒུན་དང། ཏ་མ་ལ་ཀ་དང། པི་པི་ལིང་དང། སྐྱུ་རུ་ར་དང། བྱ་གྷི་དང། འདི་རྣམས་ཞིབ་ཏུ་བཏགས་ཏེ། སྔར་ཕྱེ་མའི་སྨན་སྦྱར་བའི་ཐབས་བསྟན་པ་བཞིན་དུ ་སྐོལ་བའི་མར་ནི་རིམས་སེལ་ཞིང། གློ་གཅོད་ཆེན་པོ་ཟད་པར་བྱེད་པ་དང། ལུས་ཚ་བ་དང། ལུད་པ་འཇམ་བོར་བྱེད་དེ། གློ་འོད་དང་ཀླད་པ་ན་བ་ཡང་མེད་པར་བྱེད་དོ། །གླ་སྒང་དང། ཨ་རི་སྟ་དང། སྠི་ར་དང། བྱི་ཚར་དང། པ་ལ་དང། སྐྲ་ལོ་དང། གཟེ ་མ་དང། ཁྱི་ལྕེ་བ་དང། ད་པ་ནི་དང། བྱ་གྷི་དང་ཀ་ལ་ཤི་རྣམས་ལྷན་ཅིག་ཏུ་སྐོལ་བའི་ཁུ་བ་དང། མར་གྱི་ནང་དུ་ཕྱེ་མའི་སྨན་མ་ནུ་དང། རྒུན་དང། མེ་ད་དང། སྐྱུ་རུ་ར་དང། ཛ་ད་དང། དནྟའི་རྩ་བ་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མ་སྐོལ་ལ་སྨན་གྱི་ཁུ ་བ་དུ་བར་བྱས་ཏི་བཙགས་པའི་མར་ནི། རིམས་དང། གློ་གཅོད་ཟད་བྱེད་དང། ལུད་པ་དང། ཀླད་པའི་ནད་སེལ་ཏོ། །དཔྱད་དེ་དག་གིས་ཀྱང་རིམས་རྙིང་ཐམས་ཅད་ལ། ནང་གཞི་ལོང་ག་ན་གནས་པ་མ་ཕྱིན་ན། སྨན་མར་མས་བཏབ་བ་དང། བཀྲུ་སྨན ་དྲག་པོ་མས་བཏང་བ་གཉི་ག་ཆོ་ག་བཞིན་དུ་བྱའོ། །དེ་ལ་སྨན་མར་མས་བཏང་བ་ནི། ཙན་དན་དཀར་པོ་དང། མེ་ཏོག་ཨུཏཔལ་དང། ཏ་པ་ལ་དང། ཤིང་མངར་དང། ཨ་ཀ་རུ་དང། ཀུ་ལ་ཀ་རྣམས་དང། ཏིལ་མར་དང། ལྷན་ཅིག་སྐོལ་བ་མས་བཏང་ན ་རིམས་ཐམས་ཅད་སེལ་ཏོ། །ཡང་ན་བཏོལ་དང། བོ་སོན་ཆ་དང། ཨ་རི་སྟ་དང། སླ་ཏྲེས་དང། ཤིང་མངར་རྣམས་དང། ཏིལ་མར་ལྷན་ཅིག་པའི་སྨན་མར་མས་བཏང་ན། དེས་ཀྱང་རིམས་སེལ་ཏོ། །ཡང་ན་འཇམ་རྩི་མས་བཏང་བ་ལ་ཕན ་པ་ཞེས་བྱ་བའི་སྨན?། དྷ་བ་ནི་དང། བ་ཤི་ཀ་དང། ཐང་ཤིང་དང། སུག་སྨེལ་དང། བ་ཐ?་དང། ར་སྣ་དང། བ་ལ་དང། ཤུ་དག་དང། ཇི་བ་ཀ་དང། ཟང་རྩི་བ་དང། མེད་དང། མེད་ཆེན་པོ་དང། རུ་རྟ་དང། པརྞི་རྣམ་གཉིས་དང། པི་པི་ལིང་དང། སླེ་ཏྲེས་དང། ་ག་ཐ་མ་དང། བོ་སོན་ཆ་དང། བུ་བྲན་ཤིང་དང། ཤིང་མངར་དང། ཨར་སྟི་དང། བ་ཤ་ཀ་དང། ཨ་ཤྭ་གནདྷ་རྣམས་ལས་ཞོ་གཉིས་གཉིས་ཞིབ་ཏུ་བཏགས་པ། ཏིལ་མར་སྲད་བརྒྱ་ཉི་ཤུ་རྩ་བརྒྱད་དང། ཆུ་ཏིལ་མར་གྱི་བཞི་འགྱུར་དང། འདི་རྣམས ་ལྷན་ཅིག་ཏུ་སྐོལ་ལ། ཆུ་དུ་བར་བྱས་ནས་བཙགས་བའི་ཏིལ་མར་འདི་ལས་ཚོད་རན་བར་མས་བཏང་ན། རིམས་ནད་ཐམས་ཅད་སེལ་ཞིང། རླུང་ནང་ཚབས་ཆེན་བོ་ཐམས་ཅད་མེད་བར་བྱེད་དོ། །བཀྲུ་སྨན་དྲག་པོ་མས་བཏང་བ་ཞེས་བྱ་བ་ནི། བ་ཏོ་ལའི ་རྩ་བ་དང། བོ་སོན་ཆ་དང། བུ་ཙ་ཤེལ་དང། གཟེ་མ་དང། དོང་ག་དང། སྟི་ར་དང། བ་ལ་དང། ཨ་རི་ཤ་དང། གླ་སྒང་དང། བུ་ཤེལ་ཙ་རྣམས་ལྷན་ཅིག་ཏུ་འོ་མ་དང། ཆུ་འོ་མ་ཕྱེད་ཀྱི་ནང་དུ་སྐོལ་ལ། ཆུ་དུ་བར་བྱས་ཏེ། འོ་མ་ཉི་ཚེ་ལུས་བ་བསྒྲངས ་ལ། སྦྲང་རྩི་དང། མར་དང་སྦྲར་བའི་ནང་དུ། བོ་སོན་ཆ་དང། གླ་སྒྲང་དང། པོ་པོ་ལིང་དང། དུག་མི་ཉུང་དང། ཤིང་མངར་རྣམས་ཞིབ་ཏུ་བཏགས་བའི་ཕྱེ་མ་དང་སྦྱར་བ་འདི་རིམས་སོ་ཅོག་བསལ་བའི་ཕྱིར་མས་བཏང་ན། ནད་གཞི་ཕྱིར ་འབྱུང་ཞིང། ལུས་ཤིན་ཏུ་དག་པར་འགྱུར་ཏེ། དེ་མ་ཐག་ཏུ་རིམས་མེད་པར་བྱེད་དོ། །ཡང་ན་བཀྲུ་སྦན་དྲག་པོ་མས་བཏང་བ་ནི། །བོ་སོན་ཆ་དང། དོད་ག་དང། བུ་ཙ་ཤེལ་དང། ཤིང་མངར་དང། ལོ་མ་རྣམས་བཞི་ཞེས་བྱ་བ། ས་ལ་བརྟི ་དང། བྲིཥྞ་པརྞི་དང། མུངྒ་པ་རྞི་དང། མ་ཤ་བརྞི་རྣམས་སྐོལ་བའི་བུ་བ་དྲོན་མོའི་ནང་དུ། རྩཝ་ཤྱ་མའི་རྩ་བ་དང། ཉེའུ་ཤིང་གི་རྩ་བ་དང། གླ་སྒང་དང། ཤིང་མངར་དང། པོ་སོན་ཆ་རྣམས་ཞིབ་ཏུ་བཏགས་བའི་ཕྱི་མ་དང། སྦྲང་རྩི་དང། མར་དང། བུ་རམ་སྦྱར་བ་ནི ་བཀྲུ་སྨན་བཏང་བའི་ནང་ན་མཆོག་ཡིན་ཏེ། བཏང་མ་དག་ཏུ་རིམས་སྙིང་གི་གནོད་པ་ཐམས་ཅད་སེལ་ཏོ། །ཡང་ན་བཀྲུ་སྨན་དགྲ་བོམས་བཏང་བ་ནི། བྲིཥྞ་བརྞེ་དང། སྠིར་དང། བོ་སོན་ཆ་དང། བ་ལ་རྣམ་བསྐོལ་བའི་ཁུ་བ་དྲོན་མོའི་ནང་དུ། པི་པི་ལིང་དཔག ་བོ་སོན་ཆ་དང། ཤིང་མངར་དང། གླ་སྒང་རྣམས་ཞིབ་ཏུ་བཏགས་པའི་བྱ་མ་དང། མར་དང། སྦྲང་རྩི་དང། ཤ་རིའི་ཁུ་བ་དང། རྒྱ་མཚ་བྲོ་བ་ཙམ་དང། འདི་རྣམས་སྦྱར་ཏེ་མས་གཏང་ན་རིམས་སེལ་ཅིང་ཡིག་འཕྱེ་བ་དང། རྡུལ་ཕྱིར་བ་དང། ཉམས་སྟོབས ་སྐྱེ་བར་བྱེད་དོ། །སྨོན་ལམ་བཏང་བའི་ཆོ་ག་འདི་དག་གི་སྐབས་སུ། སྨན་གྱི་ཚད་ལ་སོགས་པ་ཆོག་བཞིན་དུ་མ་སྨོས་པ་ནི། འོ་གནས་ལས་ལྔའི་ལེའུ་ལས་རྒྱས་བར་འབྱོར་རོ། །རིམས་ལྡང་དུབ?་ཅན་གྱིས་གནོད་བར་གྱུར་བ་ལ་ནི། འོན་སྐོལ་བ་པི་པི་ལིང་གི ་ཕྱི་མ་དང་སྦྱོར་ཏེ། གཞན་མི་བསམ་བར་བཏུད་དོ། །ཡང་ན་འོ་མ་སྐོལ་བའི་ནང་དུ། །ཉིན་རེ་བཞིན་པི་པི་ལིང་བཅུ་བཅུར་བསྐྱེད་དེ་བཏབ་པ་འཐུངས་ལ། །པི་པི་ལིང་གི་གྲངས་བརྒྱར་ཕྱིན་ནས་བླ་བསང་ཉིན་དེ་བཞིན་བཅུ་བཅུ་བྲི་སྟེ་བཏུང་བར་བྱའོ། །འོ་མ་དང་མར ་སྐོལ་ཏེ། །བསྒྲངས?་?་བརྩི་དང། ཁར་དང། པི་པི་ལིང་དང། སྦྱར་ཏེ་དཀྲུགས་བ་འཐུངས་ན། རིམས་ལྡན་དུབ་ཅན་དང། སྙིང་ན་བ་དང། གློ་རྡོལ་པ་དང། ལུང་པ་དང། གློ་གཙང་ཟབ་བྱེད་ཀྱི་ནི་བསེལ་ཏོ། །པི་ཝའི་བྱེ་ཞུན་མར་དང་སྦྱར་བ་འམ། ཡང་ན་དར་བ་དང ་སྦྱར་?་མ་ཡང་ནའམ་དང། བ་ལང་གི་ལྕི་བའི། དུ་བ་དང་སྦྱར་བ་འཐུངས་ན་རིམས་ལྡང་དུབ་ཅན་སེལ་ཏོ། །ཐོག་མ་རིམས་ཀྱིས་འདེབས་བར་ཚེར་མ་ཐག་ཏུ་ནི་མར་ཁུ་མང་དུ་འཐུངས་ལ་ཕྱིར་སྐྱུག་པར་བྱའོ། །ཡང་ན་རིམས་ཀྱིས་ཐོག་མར་འདེབས་པ ་ཚོར་མ་ཐག་དུ། ཁ་ཟས་འདྲངས་བར་ཟོས་ལ། ཆད་ཞིམ་བོ་མང་དུ་འཐུངས་ཏེ་ཉལ་ན་འབྱུང་བར་འགྱུར་རོ། །ཡང་ན་ཤིང་ཀུན་དང། རྒྱ་མཚ་དང། མར་རྙིང་བ་གསུམ་སྦྱར་ཏེ་བླུགས་སོ། །ཡང་ན་རིམས་ལ། ལྡོང་རོས་དང། པི་པི ་ལིང་དང། རྒྱམ་ཆེ་རྣམས་ལས་འབྲས་ཀྱི་འབྲུ་ཙམ་རེ་རེ་ཞིབ་རབ་ཏུ་ཏིལ་མར་དང་ལྷན་ཅིག་བཏགས་ཏེ་མིག་ཏུ་བསྐུའོ། །རིམས་ལྡན་དུབ་ཅན་ལ་ནི། ནད་དང། ཡུངས་ཀར་དང། རུ་རྟ་དང། ནིམྦའི་ལོ་མ་དང། རྩ་བ་བ་ལ་ཤ་དང། ཤུ་དག་དང ་ཨ་རུ་ར་རྣམས་ཆ་མཉམ་སྟེ། ཞུན་མར་དང་བརྗེས་ལ་བསྲེགས་ཏ་སྣར་བདུག་པར་བྱའོ། །ཡང་ནས་ཏེ་དེ་བ་དང། ཤུ་དག་དང། གླེ་སྒང་ཆེན་པོ་དང། ན་ཁུ་ལི་རྣམས་བཏགས་ཏེ། ལྷན་ཅིག་ཏུ་སྒྱུར་བ་བསགས་ཏེ་སྣང་བདུག་གོ། །ཡར་རིམས་? ་བར་བྱ་བའི་ཕྱིར་སྨན་དེ་དག་གོང་མ་གཉིས་ཀྱིས་ལུས་བསྐུ་བའམ་ལུས་དྲིལ་བར་བྱའོ། །ཤི་རི་ཤ་དང། པིལྦ་དང། ཨ་མྲ་དང། ཨ་དྷིད་ཐ་དང། ཨ་རྫུན་རྣམས་ཀྱི་ལོ་མ་དང། སྐྱེ་བ་དང། སྐྱེར་བ་དང། འདི་རྣམས་བཏགས་ལ་ལྷན་ཅིག་ཏུ ་སྦྱར་ཏེ། བསྲེགས་བས་བདུགས་ན་ཡང་རིམས་སོ་ཙོག་དང། གདོན་ཐམས་ཅད་སེལ་ཏོ། །གུ་གུལ་དང། དྷཡ་མ་ཀ་དང། ཤུ་དག་དང། སྲ་རྩི་བོག་དང། ནིམཔ་དང། ཨརྐ་དང། ཨ་ཀ་རུ་དང། ཐང་ཤིང་དང། འདི་རྣམས་ལྷན་ཅིག་ཏུ་སྦྱར་བའི ་བདུག་པ་འདིའི་མིང་ནི། གཞན་ཀྱིས་མི་ཐུབ་པ་ཞེས་བྱ་སྟེ། དེས་འདུགས་ན་ཡང་རིམས་ནད་ཐམས་ཅད་སེལ་ཏོ། །རྒྱ་སྐྱེགས་ཀྱི་ཁུབ་དང། ཏིལ་མར་གཉིས་ལས་སྲང་སུམ་ཅུ་རྩ་གཉིས་གཉིས་དང། ཞོ་ཁ་ཆུ་ཏིལ་མར་གྱི་བཞི་འགྱུར ་གྱི་ནང་དུ། ཨ་ཤ་བནདྷ་དང། ཡང་དང། ཐད་ཤིང་དང། ཧ་རེ་ནུ་ཀ་དང། རུ་རྟ་དང། གླ་སྒང་དང། ཙན་དན་དཀར་པོ་དང། མུརྦ་དང། སྦོར་དང། ར་སྣ་དང། ཤུ་ཏི་དང། ལ་ཕུག་རྣམས་ཀྱི་ཕྱེ་མ་ལྷན་ཅིག་ཏུ་སྐོལ་ཏེ། ཏིལ་མར་འབའ་ཞིག ་ལུས་བའི་མིང་ནི་རྒྱ་སྐྱེགས་ལ་སོགས་པའི་མར་ཞེས་བྱ་སྟེ། ངེས་ལུས་བསྐུ་བ་ལ་སོགས་པ་བྱས་ན། རིམས་སོ་ཅོག་དང། ཟད་བྱེད་ཀྱི་ནད་དང། སྨྱོ་བྱེད་དང། དབུགས་མི་བདེ་བ་དང། བརྗེད་བྱེད་དང། རླུང་སེལ་ཅིང། གནོད་སྦྱིན་དང། སྲིན་པོ་དང། འབྱུང་བོ ་འཇོམས་བར་བྱང་ལ། སྦྲུམ་མ་རྣམས་ལ་ཡང་དགེ་བ་ཡིན་ནོ། །མི་མཁྲིས་བའི་ནང་དྲག་པོས་བཏབ། ལུས་ཤིན་ཏུ་ཚ་བར་གྱུར་བ་ལ་ནི། ཁང་བ་བ་མིལ་ཞིང་བསེར་བུ་འོང་བའི་གནས་སུ་གཞག་ལ། བསིལ་བའི་ཚིག་འོག་ནས་འབྱུང་བ་འདི་དག་བྱའོ། །དེ་ལ ་བསིལ་བར་བྱ་བའི་ཆོག་ནི་སྐྱ་རུར་མར་གྱི་ནང་དུ་བརྔོས་ཏེ། །བཏབས་པའི་ཕྱེ་མ་རྩབས་སྒྱུར་པོས་འདག་གུ་བྱས་བས་ལུས་ལ་བསྐུས་ན། ཚ་བ་ཞི་བར་འགྱུར་རོ། །ཡང་ན་ཆུའི་ཝུ་བའམ། རྒྱ་ཤུག་གི་ལོ་མ་བརྡུངས་ཏེ། རྩབས་སྐྱར་བས་བཏབ་པ་འམ། ཉ? ་ལྕིབས་ཤིན་ཏུ་བསིལ་བའམ། ཙ་དུརྦ་བྲ་བཏགས་བརྩབས་སྒྱུར་བས་བཏབ་བའམ། འདམ་ཤིན་ཏུ་བསིལ་བས་ལུས་ཐམས་ཅད་བསྐུ་བར་བྱའོ། །ཡང་ན་སྔར་སྨོས་བའི་ཤིང་མྱ་གྲོ་ད་ལ་སོགས་སྨན་གྱི་སྡེ་ཚན་ནམ། མེ་ཏོག་ཨུ་སྦལ་ལ་སོགས་པ་སྨན་གྱི་སྡེ ་ཚན་གྱི་མར་བྱས་ལ། རྩབས་སྐྱུང་པོ་དང་སྦྱར་བས་ལུས་ལ་བསྐུ་བར་བྱའོ། །ཡང་ན་སྨན་གྱི་སྡེ་ཚན་དེ་གཉིས་ལས། གང་ཡང་རུང་བསྐོལ་བའི་ཁུ་བ་བསྒྲངས་བའི་ནད་དུ། ཚ་བ་མི་བཟོད་བའི་མི་ཉིད་འཇུ་བར་བྱའོ། །ཡང་ན་བུ་རམ་ཆ་དང་མ། རྒུན་ཆད་གི ་?་འམ། ཆད་ཐམ་ལ་བའམ། རྩབས་སྐྱུར་བ་འམ། འོ་མའི་རྒུན་ལུས་ལ་བྱུག་ན་ཡང་ཚ་བསེལ་ཏེ་བཟང་ངོ། །ཤུག་བ་དང། མེ་ཏོག་ཨུཏཔལ་དང། ཀ་ལྷར་དང། པདྨའི་རྩ་ལག་དང། ལེ་བརྒན་རྩ་དང། པུ་ཤེལ་ཚེ་དང། བཅོད་དང། པདྨ་དང། ་བཙིག་ནང། ?་དང། ཐལ་ཏེས་རྣམ་གཉིས་དང། གསེང་བྲོམ་དང། གླ་སྒང་དང། རྒུན་དང། འབྲ་གོ་དང། ཙདན་དཀར་པོ་དང། བླུ?་རུ་ར་དང་ཉེའུ་ཤིང་རྣམས་ལྷན་ཅིག་ཏུ་སྐོལ་བའི་ཁུ་བའི་ནང་དུ། །སྨན་དེ་དག་ཉིད་ཀྱི་ཕྱེ་མ་དང། ་རྒྱ་སྐྱེགས་ཀྱི་ཁུ་བ་དང། འོ་མ་དང། ཚ་དང། རྩབས་ཀྱི་དངས་མ་དང། ཞོ་ཁ་ཆུ་དང་ཏིལ་མར་རྣམས་བླུགས་ཏེ་སྐོལ་ལ། ཏིལ་མར་ཉི་ཚེ་ལུས་བར་བྱས་ལ་བཙེགས་པ་འདི་ནི། པགས་པའི་མདོག་བཟང་ཞིང། ལུས་ཚ་བ་དང། ་སྐོམ་བའི་ནད་སེལ་བའི་མཆོག་ཡིན་ཏེ། ལུས་བསྐུ་བར་བྱའོ། །ཀ་ལིང་ཡ་ཀ་དང། རྒྱ་?་ཀ་དང། ཨ་དནྟ་དང། ཤིང་མངར་དང། བཙག་ཙམས་བཏགས་ལ་ཞུན་མར་དང་སྦྱར་ཏེ། མགོར་བསྐུས་དབང་སྐོམ་བའི་ནང་དང། །ལུས་ཆེ་བའི་གནོད་བ ་སེལ་ཏོ། །བལ་བོ་སེའུ་དང། རྒྱ་ཤུག་དང། གསེར་ཕྲོམ་དང། ད་དྷི་ཐ་དང། བ་ལུང་རྣམས་བཏགས་ལ། ཞུན་མར་དང་སྦྱར་འདི་འང་བསྐོམ་པའི་ནང་དང་ལུས་ཚ་བསེལ་ཏོ། །མགོ་བསྐུ་བར་བྱའོ། །པདྨའི་བའོ་མདང། །ཆུ་ཤིང་གི་ལོ་མ་དང་ཏི་སྔ་བའི་སྡེང་དུ ་ཉལ་ལ། ཤིང་ཏ་ལའི་ལོ་མ་ཙན་དན་བདར་བའི་ཁུ་བའི་ནང་དུ་དམྱུགས་བའི་བསིལ་གཡོབ་ཀྱིས་གཡབས་ན་ཡང་ཆགས་བ་ནོད་བ་སེལ་ཏོ། །རྗིད་བུའི་མེ་ཏོག་པདྨ་ཁ་བྱེ་བ་དང་ལྡན་བའི་ཕྱོགས་སམ། ཆུ་འདྲེན་བའི་འཁྲུལ་འཁོར་ཡོང་བའི ་ཕྱོགས་སུ་བསིལ་ཁང་བཟང་པོ་བྱས་པའི་ནང་དུ་འདུག་ཅིང། བུད་མེད་ཀྱི་ལུས་ཙན་དན་གྱི་འདག་གུས་བྱུགས་པས་མཐར་སྦྱར་ན་ཡང། ལུས་ཆ་བའི་གནོད་བ་སེལ་ཏོ། །དེ་ནི་བད་ཀན་དང། རླུང་གི་རིམས་ཀྱིས་ཐེབས་ཏེ། གྲང་པས་ཉེན་བའི་ཆོག ་བཤད་དེ། དེ་ལྟར་གྲང་བས་ཉེན་བ་ལ་ནི། ཁྱིམ་དྲོན་བོའི་ནང་དུ་འདུག་པ་རྡུལ་གདོན་པའི་དུགས་བྱ་ཞིང་གོས་ལྕི་བ་ལ་སོགས་པ་བགོ་བར་བྱའོ། །སྨན་ཀ་ཡ་སྟ་དང། ན་ཀུ་ལི་དང། བུ་ཙཻ་ཤེལ་དང། སླེ་ཏྲེས་དང། ཨ་ཀ་རུ་དང། ཞོག་ཏཾ་ཀུ་དང། ས ་ཧ་དེ་བ་དང། ཤུ་དག་གི་རྣམས་ལྷན་ཅིག་སྦྱར་བས་ལུས་བྱུག་ཅིང། དེ་དག་བསྲེགས་བས་ལུས་བདུགས་ན་ཡང་གྲང་བ་སེལ་ཏེ། །ཡང་ན་སྨན་དེ་དག་ཉིད་བཏགས་བའི་ཕྱེ་མ་དང། ལན་ཚྭ་དང། ནས་ཚིག་འཁུས་བའི་ཐལ་བ་དང། ཚྭ་དང་རྩ་བས་སྒྱུར་བ ་ལ་སོགས་པ་དང། ཏིལ་མར་རྣམས་ལྷན་ཅིག་ཏུ་སྐོལ་བའི་ཏིལ་མར་ཉི་ཚ་ལུས་བས་ལུས་ལ་བསྐུས་ན་ཡང་གྲང་བ་སེལ་ཏོ། །ཞོ་ཁ་ཆུ་འམ། བ་གཅིན་ནམ། ཚྭ་དྲོན་བོས་ལུས་ལ་བྱུག་གམ། ཡང་ན་བྱིའུ་རུག་བ་དང། ཟན་ཏིག་ལི་དང། ཤི་ཀྲུ་རྣམས་བརྡུངས་བས ་ལུས་ལ་བསྐུས་ན་ཡང་གྲང་བསེལ་ཏེ། །ཡང་ན་སྦྲེབས་བར་གྱུར་པ་ལ་ནི་རླུང་སེལ་བའི་རྩི་ཤིང་རྣམས་དང། གསོ་མ་བརྡུངས་བའི་ཁུ་བ་དྲོན་བོའི་ནང་དུ། །ལུམས་སུ་འཇུག་བར་བྱའོ། །ཡང་ན་ཐང་ཤིང་དང། ཨ་ཀ་རུ་བསྲེགས་བས་བདུག་གམ། ཡང་ན་བོག ་?་ཀྵ་བུ་ཀ་བསྲེགས་པས་བདུག་པར་བྱའོ། །བུད་མེད་ཡང་ཆོལ་བབ་པ་ནུ་མ་རྒྱས་ཤིང་འབུར་ལ་ཡིད་ཙམ་སྐྱིབས་དགུ་ཞིང། རྐེད་བ་ལེགས་པའི་ལུས། ཨ་ཀ་རུའི་ལྡེ་གུས་བྱུགས་བ་དང། མཐར་སྦྱར་ན་ཡང་གྲང་བ་ཤིན་ཏུ་སྦྲེ་བས་མ་མེད་བར་བྱེད་དོ།། ་བ་ནི་རིམས་ནད་ཅན་གྱི་ཁོ་ཟས་ཀྱི་བྱེ་བྲག་བཤད་དེ། རིམས་ནད་ཅན་ལ་ནི། །བཟས་འབྲས་མ་ལུ་ཤུན་ལྤགས་དམར་པོ་ལ་སོགས་བ་དང། འབྲས་ཞག་དྲུག་ཅུས་སྨིན་པ་བཟང་ངོ། །ཚོར་མ་དང། ཁུ་བཅུང་དུ་ནི། སྲན་ཆུང་དང། མོན་སྲན་ཙན་དང། མོན། ་སྲན་སྡེའུ་དང། རྒྱ་སྲན་དང། མོན་སྲན་ན་གུ་བཟང་ངོ། །བྱ་ན་དང། ཁུ་བཅུད་ནི། རི་བོང་དང། དགེ་བ་དང། འུ་ར་བ་དང། བྱ་བར་ཏིར་དང། བརྟ་ཀ་དང། གོང་མ་སྲེག་རྣམས་ཀྱི་ཤ་བཟང་ངོ། །ཚོད་མ་ནི་ཤིང་བ་ཏོ་ལའི་ལོ་མ་དང། བརྟ་ཀ་དང། ཀ་རྐོ་ཏ་ལ་སགས ་བྱ་བ་?་དོ། །དེ་ལ་ཆོ་གར་བསྲུང?་བའི་མོད་ནི། རིམས་ན་བའམ། རིམས་བྱང་ནས། ཉམས་མ་བརྟས་ཀྱི་བར་དུ། །བཟས་ལྕི་བ་དང། བསིལ་བ་དང། ཆུ་གྲང་མོ་དང། ཉིན་བར་ཉལ་བ་དང། མགོ་མི་འཐུབ་སྟེ་ངལ་བར་གྱུར་བ་རྣམས་ཤིན་ཏུ་བསྒྲིམས་ཏེ་སྤང་བར ་བྱའོ། །རིམས་ལ་ནད་བརླབ་ཉན་འབྱུང་བ་མགོ་འཁོར་བ་དང། དབུགས་མི་བདེ་བ་དང། སྐོམ་དང་ཆེ་བ་དང། སྐྱུག་པ་ལ་སོགས་པར་གྱུར་ན། རིམས་ཉིད་ལ་གནོད་བར་མི་འགྱུར་བའི་སོ་སོའི་སྨན་གང་འོས་བ་རྣམས་ཀྱིས་དེ་དག་བསལ་བར་བྱའོ། །རིམས ་དྲག་པོ་འབྱུང་དུ་མི་བཏུབ་ཅིང་ཆོ་ག་གཞན་གྱིས་མ་སློན་པ་ལ་ནི། སྨན་ཆེན་པོ་ལུས་ལ་གདགས་པ་དང། སྨན་གྱི་ཁུ་བ་འམ། སྔགས་ཆུས་ཁྲུས་བྱ་བ་དང། ཞི་བའི་ཆོ་ག་དང། སྦྱིན་སྲེག་དང། གཏོར་མ་སྦྱིན་པ་དང། དཀའ་? ་སྤྱད་པ་དང། གྲུབ་པའི་སྔགས་ཀྱི་ཆོ་ག་རྒྱས་པར་བྱ་བ་རྣམས་ཀྱིས་ཞི་བར་འགྱུར་རོ། །རིམས་ནང་བྱུང་བའི་མཚན་མ་ནི། ཁ་ཟས་འདོད་པ་དང། མོག་གཡའ་བ་དང། སྦྲིད་པ་འབྱུང་བ་དང། ལུས་ཡང་བ་དང། རྡུལ་འབྱུང་བ་དང། །བར་འགྱུར ་བ་འབྱུང་བ་རྣམས་ལ་རྟོགས་པར་བྱའོ། །རིམས་ནད་གསོ་བའི་ལེའུ་སྟེ་ལྔ་པ་རྫོགས་སོ།། །།འཆི་ལྟས་ཀྱི་ལེའུ་བཤད་པ། ནད་པ་ཟད་པར་མ་ཤེས་ཏེ། གྱ་ཚོམ་དུ་སྨན་གྱི་ལས་བྱས་ན། ངལ་གྱི་སྣོན་དེ་ལས་སྟོ་བར་ཐད ་དོ། །དེ་བས་ན་ཕྲིན་པ་དང། འཆི་ལྟས་དང། མཚན་མ་འདི་གསུམ་ལས་ཚེ་རྟོགས་པར་བྱའོ། །དེ་འཆི་ལྟས་ནི་འཆི་བར་འགྱུར་བ་དེའི་དང་ཚུལ་དང། ལུས་ཀྱི་མདོག་དང། དབང་པོ་དང། སྤྱོད་བའི་ཆུལ་རྣམས་འགྱུར་བ་གང་ཡིན་པ་དེ་དག་ནི། ་མདོར་ན་སྨན་པ་མཆོག་གིས་འཆི་ལྟས་སུ་རིག་པར་བྱའོ། །དེ་ལ་དབང་པོ་རྣམས་དོན་རྣམས་ལ་ལོག་པར་འཛིན་ལ། སྨན་པ་དང། མཇའོ་བླ་མ་ལ་སྡང་ཞིང། དགྲ་ལ་དགའ་བར་གྱུར་བ་གང་ཡིན་པ་དེ་ནི། འཆི་བར་འགྱུར་རོ། །ནམ་ཐང ་བ་ལ་སྤྲིན་དང། འཇའ་དང། གློག་མཐོང་ཞིང། གཞལ་མེད་ཁང་དང། བཞོན་པ་རྣམས་ཀྱིས་ནམ་མཁའ་ཁེབས་པར་མཐོང་བ་གང་ཡིན་པ་དེ་ནི་འཚོ་བར་མི་འགྱུར་རོ། །སྐར་མ་ལྷ་མོ་སྒྲིབ་མེད་ཅེས་བྱ་བ་དང། སྐར་མ་གོང་ཅུག་དང། ་དགུ་ཚིགས་མི་མཐོང་བ་དང། ས་ཆེན་པོ་གོམ་པ་བརྒྱད་ཁོར་ཁོར་ཡུག་ཙམ་དུ་ཆུང་དུར་མཐོང་བ་དེ་ནི། སོག་གི་དབང་པོ་འདས་ཟིན་པ་ཡིན་ནོ། །ཉིན་པར་སྐར་མ་མེ་འབར་བ་འདྲ་བ་མཐོང་བ་དང། ཉི་མའི་མདོག་ཁ་དོག་སྣ་ཚོགས ་སུ་མཐོང་བ་དང། རླུང་ལ་གཟུགས་ཡོད་པར་མཐོང་བ་གང་ཡིན་པ་དེ་ནི་ངེས་པར་འཆི་བར་བསྟན་ཏོ། །ཉི་མ་འཆར་བའི་ངོས་ལ་བུ་གུ་དོད?་པོར་མཐོང་བ་དང། མར་མེ་ཤི་བའི་དྲི་སྣར་མི་ཚོར་བ་དེ་ནི་འཆི་བར་འགྱུར་རོ། །མེ་ལོང་ལ་སོགས་པ་ལ་བདག་གི ་གཟུགས་བརྙན་ཡན་ལག་མཚང་བར་མཐོང་དམ། ཡང་ན་ཡེ་མེད་པར་མཐོང་བ་དང། སེམས་ཅན་སྣ་ཚོགས་ཀྱི་ཆ་བྱད་མཐོང་ན་དེ་ནི་གཤིན་རྗེའི་ཁྱིམ་ན་གནས་པ་ཡིན་ནོ། །མིག་གཡོན་པ་ཁུང་དུ་བྲོས་པའམ། ལྕེ་ནག་པོར་གྱུར་ཏམ། སྣའི་དབྱིབས ་འགྱུར་ཏམ། མཆུ་ནག་པོར་གྱུར་ཅིང་དབྱིབས་ཉམས་སམ། །བ་མནམ་པོར་གྱུར་པ་གང་ཡིན་པ་དེ་ནི་སྤང་བར་བྱའོ། །མིག་དམར་པོར་གྱུར་པ་དང། མིག་དམར་བར་གྱུར་བ་དང། མིག་མི་འགྱུར་བ་དང། མཆིམས་གང་བ་དང། ཡ་ཡོར་གྱུར་བ་དང། ་སྨིན་མ་ཞུམ་པ་དང། ཡ་ཡོར་གྱུར་བ་དེ་ནི་རོར་གྱུར་པར་ཤེས་པར་བྱའོ། །བཞིན་གྱི་མདོག་དམར་བ་དང། གནག་པ་དང། སེར་བ་དང། སྔོ་སངས་སུ་གྱུར་པ་དང། ངོ་ཚ་མེད་པ་དང། མདོག་མི་སྡུག་པར་གྱུར་པ་དང། དྲན་པ་ཉམས་པ་གང་ཡིན་པ་དེའི་ཚེ ་ནི་འདས་ཟིན་པར་ཤེས་པར་བྱའོ། །མགོ་བོ་ལ་བ་ལང་གི་ལྕི་བའི་ཕྱེ་མས་སྟུག་པོར་ཁབས་པ་ལྟ་བུར་སྣང་བ་དང། བསྐྲ་ཤི་བ་དང། སེན་མོ་དང། སོ་མདོག་མི་སྡུག་པར་གྱུར་ཅིང་ཞོ་བྱུང་བར་ཨགྱུར་ན། དེ་ནི་ཚེ་ཟད་པར་ཤེས་པར་བྱའོ། །དཔྲལ་རྩ ་སེར་སྐྱ་དང། དུང་ཀ་དང། དམར་བ་དང། སྔ་སངས་དང། ནག་པོ་དང། དཀར་པོ་ལྟ་བུར་གྱུར་པ་གང་ལ་སྣང་བ་ནི་གཤིན་རྗེའི་ཁྱིམ་དུ་འགྲོ་བར་འགྱུར་རོ། །དཔྲལ་བ་ལ་ཤིག་འགྲོ་བ་དང། གཏོར་མ་བྱ་རོག་མི་འདོད་པ་དང། ཧ་ཅང་གཉིད་ཆེ་བ་དང། ཧ་ཅང ་གཉིད?་མེད་པར་གྱུར་བ་དེའི་ཚེ་ནི་རིང་པོར་མི་ཐུབ་བོ། ལོང་བུ་དང། བུས་མོ་ལྷ་ང་དང། དཔྲལ་བ་དང། ཕྲག་པ་དང། མཁུར་ཆོས་དང། འགྲམ་པ་དང། མུར་འགྲམ་གྱི་ཤ་ལྷོད་པ་དང། ཤ་འཕྱང་བར་གྱུར་བ་གང་ཡིན་པ་དེ་ནི་སྲོག་རིང་པོར་མི་འོགས? ་བར་སྤོང་བར་འགྱུར་རོ། །ཤ་བྲོས་ལ་སྐད་ཀྱི་གདངས་ཚ?་བར་གྱུར་བ་དང། ཉམ་སྟོབས་ཡོད་བཞིན་དུ་སྐད་ཞོམ་པར་གྱུར་བ་དང། སྐྲ་མཚམས་བྱེ་བ་གང་ཡིན་པ་དེ། འཆི་བའི་དུས་ཀྱི་ཞགས་པས་ཟིན་པར་ཤེས་པར་བྱའོ། །ཁ་ཟས ་ཟོས་ཀྱང་ཤ་བྲོས་པ་དང། ཁ་ཟས་མ་ཟོས་ཀྱང་ཉམ་སྐྱ་བ་དང། བཞིན་གྱི་མདག་སྣུམ་བར་གྱུར་ཏམ། ཁ་དོག་གཞན་དུ་གྱུར་བ་དེ་ནི་སྲོག་གི་དབང་པོ་འདས་ཟིན་པ་ཡིན་ནོ། །གློ་བུར་དུ་དྲི་མི་ཞིམ་པ་དང། དྲི་མི་ཞིམ་པ་ཞིག་ཏུ་གྱུར་ཏམ། སྦྲང་མ་སྔོན་པོ ་འཁོར་བར་གྱུར་ན་དེ་འཆི་བར་འགྱུར་རོ། །ད་ནི་མཚན་མའི་བྱེ་བྲག་བཤད་དེ། རྨི་ལམ་དུ་ལུས་སྣུམ་གྱིས་བྱུགས་བ་དང། ལྷོ་ཕྱོགས་སུ་འགྲོ་བ་དང། ཕག་དང། མ་ཧེ་དང། གཅན་གཟན་དང། བོང་བུ་དང། རྔ་མོ་ལ་ཞོན་པ་རྨི་ལམ་མི་བཟང ་ངོ། །བུད་མད་སྐྲ་བཤིག་ཅིང་གོས་ནག་པོ་དང། དམར་བག་གྱོན་པས་བཅིངས་ཏེ་རྒོད་བཞིན་དུ་ལྷོ་ཕྱོགས་སུ་ཁྲིད་པ་རྨིས་ན་མི་འདོད་པ་ཡིན་ནོ། །གཤིན་དོག་དང། མུ་སྟེགས་ཅན་གྱི་རབ་ཏུ་བྱུང་བ་ལ་སོགས་པ་དང་ཕྲད་པ་དང། ད་དག ་དང་འབབ་པ་དང། སྦྲང་རྩི་དང། འབྲུ་མར་འཐུང་བ་དང། འཇི་བས་ལུས་བྱུགས་ཏེ་གར་བྱེད་པ་རྨིས་ན་མི་བཟང་ངོ། །རི་དང། བྲག་ལ་སོགས་པ་ལས་ལྷུང་བ་དང། བཅིང་བ་དང། གཞན་གྱིས་ཐུབ་བ་དང། བྱ་རོག་ལ་སོགས་པས ་མཆུས་བཙུགས་བ་དང། ལྷུང་པ་རྨིས་ན་མི་དགེའོ། །ལྷ་སྟེའི་ཤུག་ཏོ་དང། རྒྱ་སྐྱེགས་ཀྱི་ཤིང་དང། གྲོག་མཁར་དང། ཤིང་པ་རི་བཏྟ?་རྣམས་ལ་འཇེགས་པ་དང། འབྲུ་མར་དང། ཤིང་བལ་དང། འབྲུ་མར་བཙིར་བའི་ཚིགས་མ་དང། ་ལྕགས་རྙེད་པ་རྨིས་ན་མི་རུང་བར་འགྱུར་རོ། །རྨི་ལམ་ན་བག་མ་ལེན་པ་དང། མེ་ཏོག་དམར་པོའི་ཕྲེང་བ་ཐོགས་ཤིང་གོས་དམར་བག་གྱོན་པ་དང། ཆུས་ཁྱེར་བ་དང། ཤ་བཙོས་པ་ཟ་ཞིང་རྨི་བ་ནི་མི་འདོད་པ་ཡིན་ན། །རྨི་ལམ་དུ ་རྣམ་པ་འདི་ལྟ་བུ་དང། གཞན་ཡང་རྣམ་པ་སྣ་ཚོགས་དེ་འདྲ་བདག་མཐོང་ན། མིན་བ་ནི་ནད་ཀྱིས་འདེབས་བར་འགྱུར་རོ། །ན་བ་ནི་འཆི་བར་འགྱུར་རོ།། །།ད་ནི་མཚན་མ་བཟང་པོའི་བྱེ་བྲག་བཤད་དེ། །ལྷ་དང། བྲམ་ཟེ་དང། རྒྱལ་མཚན་དང ་གདུགས་དང། ཁྱུ་བ་དང། མེ་ཏོག་པདྨ་དང། རྒྱལ་པོ་དང། མེ་ཏོག་དཀར་པོ་དང། གོས་དཀར་པོ་དང། ཆུ་དང་བ་དང། མེ་འབར་བ་དང། མཛའ་བོ་གསོན་བོ་དང། མི་དགེ་ཞིང་དེས་པ་དང། བུད་མེད་རྒྱན་གྱིས་བརྒྱན་པ་མཐོང་ཞིང་རྨིས་ན་བཟང་ངོ།། ་རྨི་ལམ་དུ་ཁྱུ་བ་དང། རྟ་ཞོན་པ་དང། རིལ་འཛེག་པ་དང། ཤིང་འོ་མ་ཡོད་པ་དང། འབྲས་བུ་ཡོད་པ་ལ་འཆག་པ་དང། མེ་ལོང་དང། ཤ་རྗེན་པ་དང། མེ་ཏོག་གི་ཕྲེང་བ་རྙེད་པ་དང། ཆུ་ཆེན་པོ་ལས་བརྒལ་བ་རྨིས་ན། མིན་བས་ནི་ནོར་རྙེད་པར་འགྱུར། ་ནད་པ་ཞིག་ན་ནི་ནད་མྱུར་དུ་འཚོ་བར་འགྱུར་རོ།། །།ད་ནི་ཕྲིན་པའི་བྱེ་བྲག་བཤད་དེ། ཕྲིན་པ་རིགས་ངན་ནམ། ཡན་ལག་མཚང་པ་འམ། མུ་སྟེགས་ཅན་གྱི་རབ་ཏུ་བྱུང་བ་ལ་སོགས་པའམ། ཞགས་པ་དང། དབྱིག་པ་ལག་ན་ཐོགས་ཤིང། ་རྒོད་བག་ཏུ་གྱུར་བ་དང། གོས་དམར་པོ་དང། ནག་པོ་དང། རྙིང་བ་གྱོན་པ་དང། ཁྱེད་རེང་ཅན་དང། འདི་རྣམས་མི་འདོད་པ་ཡིན་པར་བཤད་དོ། །ཕྲིན་པ་ལག་པ་ཉེད་པ་དང། །མཆིམ་ཟག་པ་དང། མགོ་ལུས་མར་གྱིས་བྱུགས་པ་དང། རྩཝ་ཤིང་གཅོད་པ་དང། ་བུད་མེད་དང། མ་ནིང་ཕྲིན་པར་འོང་བ་དང། བུད་མེད་ཀྱི་རྩིག་གི་མིང་དང། ལྡན་པ་སྣ་ལ་སོགས་པ་དང། མ་ནིང་གི་རྩིག་གི་མིང་དང་ལྡན་པ། མིག་ལ་སོགས་པ་ལ་ལག་གིས་ནོམ་པ་དང། ཕོ་མཚན་གྱི་ཕྱོགས་སུ་ལག་པས་ནོམ་པ་དང། བོང་བུ་དང། རྔ་མོ ་དང། མ་ཧེ་ཞོན་ཏེ་འོངས་པ་དང། བལྡད་ཅིང་དུ་ཁར་སྨྲ་བ་འདི་དག་ནི་མི་རུང་བ་ཡིན་ནོ། །དེ་དག་ལས་ལྡོག་པ་ནི་དགེ་བ་ཡིན་ནོ། །སྨན་པ་ནད་པའི་གན་དུ་འགྲོ་བར་ཆས་པ་ན། གླང་པོ་ཆེའི་སྐད་ཐོས་པ་དང། འབྲུག་སྒྲ་དང། རྔ་སྒྲ་ལ་སོགས་པ་ཐོས་པ་དང། ་རིན་པོ་ཆེ་དང། མེ་ཏོག་གི་ཕྲེང་བ་དང། ཤ་རྗེན་པ་དང། གདུགས་དང། བུམ་པ་གང་བ་ལ་སོགས་པ་མཐོང་ན་བཟང་ངོ། །སྨན་པ་ཆས་ཏེ་འགྲོ་བ་ན། ཕོའི་མིང་དང་ལྡན་པ། བྱ་དང་བ་དང། ཕུག་རོན་ལ་སོགས་པ་གཡོན་ལོགས་ན་གན? ་ཤིང་སྣང་ལ། མོའི་མིང་དང་ལྡན་པ་སྐྱུང་ཀ་དང། རི་སྐྱེགས་ལ་སོགས་པ། གཡས་ལོགས་ན་གནས་ཤིང་སྣང་སྟེ། ནད་བའི་ཁྱིམ་གྱི་ནང་དུ་འགྲོ་བའི་ཚེ་ལེགས་པར་བསུན། བྱ་བ་དེ་དོན་དུ་འགྱུར་བར་ཤེས་པར་བྱའོ། །རྟ་བབས་དང། རྒྱལ་མཚན་དང ་ཤིང་འམ་ཅན་དང། འབྲས་བུ་དང། མེ་ཏོག་ཡོད་པའི་ཤིང་མཐོང་བ་དང། གཡས་ལོགས་སམ་གཡོན་ལོགས་ནས་བྱས་ཕུར་རམ། འདུག་ཅིང་སྐད་སྙན་བ་སྒྲོག་བ་ཐམས་ཅད་ཀྱང་དག་པ་ཡིན་ནོ། །ཁྱི་དང། ཝ་གཡས་ཕྱོགས་སུ་སོང་ན་དགེའོ།། ་སྲོག་ཆགས་གོ་དྷ་དང། སྦྲུལ་དང། ཀླུ་སྦྲུལ་མཐོང་བ་ནི་དུས་ཐམས་ཅད་དུ་མི་འདོད་བ་ཡིན་ནོ། །དེ་ལྟར་སྨན་པ་གང་གིས་བསྒྲིབས་ཏེ། ལེགས་པར་བརྟགས་ཤིང་བྱེ་བྲག་ཕྱེད་བར་བྱས་ནས། ལས་ངེས་པར་རྩོམ་བ་དེའི་གྲགས་པ་ནི། དགེ་བ ་མང་པོ་ཚོགས་བའི་ནང་དུ་མེ་ཏོག་གི་ཕྲེང་བ་རྙིང་བ་བཞིན་དུ་མཛས་པར་འགྱུར་རོ། །འཆི་ལྟས་ཀྱི་ལེའུ་སྟེ་དྲུག་པ་རྫོགས་སོ།། །།ད་ནི་འཁྲུ་བ་གསོ་བའི་ལེའུ་བཤད་བར་བྱའོ། །དེ་ལ་འཁྲུ་བ་ནི་ཁ་ཟས་མི་འཕྲོད་པ་དང། ཧ ་ཅང་ལྕི་བ་དང། ཧ་ཅང་སྣུམ་བ་དང། ཧ་ཅང་རྩུབ་པ་དང། ཧ་ཅང་ཚ་བཟ་ཞིང་འཐུང་བ་དང། ཧ་ཅང་མང་དུ་ཟ་བ་དང། ཧ་ཅང་ཉུང་དུ་ཟ་བ་ལ་སོགས་པས། མེ་དྲོད་མེད་པར་བྱས་ནས། ནད་གཞི་ཤས་རྙེད་བ་ལས། འཁྲུ་བར་འགྱུར་ཏེ། ད་ཡང་ནད ་གཞི་གསུམ་རེ་རེས་གྱུར་བ་དང། ཀུན་འདུས་པ་ལས་གྱུར་བ་དང། མྱ་ངན་ལས་གྱུར་བ་དང། འཇིགས?་པ་ལས་གྱུར་བ་དང་རྣམ་པ་དྲུག་ཡོད་དེ། དེ་དག་གི་མཚན་མ་ཡང་བཤད་པར་བྱ་སྟེ། དེ་ལ་རླུང་ལས་གྱུར་བའི་འཁྲུ་བའི་མཚན་མ ་ནི། ཕྱི་སའི་མདོག་རྩ་དམར་བ་དང། དབུ་བ་ཅན་དང་རྩུབ་པ་དང། ཉུང་དུ་ཉུང་བར་འགྱུར་བ་དང། ཡང་དང་ཡང་དུ་འབྱུང་བ་དང། བེའུ་སྣབས་སུ་འབྱུང་བ་དང། འཁྲེག་པ་དང། སྒྲ་དང་བཅས་སུ་འབྱུང་བ་རྣམས་སོ། །མཁྲིས་པ་ལས་གྱུར་བའི་འཁྲུ་བའི་མཚན་མ ་ནི། ཕྱི་སའི་མདོག་སེར་བ་དང། དམར་བ་དང། ནག་པ་དང། སྔོ་བ་དང། ལྗང་གུ་ཁར་འདུག་བ་དང། ཤིན་ཏུ་མནན་པ་དང། སླ་བ་དང། གཞར་?ཚ་འུར་འུར་བོར་གྱུར་ཅིང། འབྲུམ་པ་འབྱུང་བ་དང། སྐོམ་དང་ཆེ་བར་གྱུར་བ་རྣམས་ཡིན་ནོ། །བད་ཀན་ལས ་གྱུར་བའི་འཁྲུ་བའི་མཚན་མ་ནི། ཕྱི་སའི་མདོག་དཀར་བ་དང། དྲི་བཤུལ་བ་དང། བསྐ་བ་དང། སྣུམ་པ་དང། གྲར་བ་དང། ཆེར་མི་འཁྲེག་པ་དང། ཡི་ག་འཆུ་བ་དང། བྲང་ཚ་ཞིང་ཁ་ནས་ཆུ་འབྱུང་བ་རྣམས་ཡིན་ནོ། །ནད་གཞི་གསུམ་ཆར་འདུས ་པ་ལས་གྱུར་པའི་འཁྲུ་བའི་མཚན་མ་ནི། ཕྱིས་ཕག་ཚལ་འདྲ་བ་དང། མར་དང། འབྲུ་མར་འདྲ་བ་དང། ཤ་བཀྲུས་པའི་ཁུ་བ་འདྲ་བ་རྣམས་ཡིན་ཏེ། གསོ་དཀའ་བར་ཤེས་པར་བྱའོ། །ཕྱིས་སྦྲང་རྩི་འདྲ་བ་དང། མར་དང་འབྲུ་མར་འདྲ་བ་དང། ་མཆིན་པའི་དུམ་བུ་འདྲ་བར་འབྱུང་བ་དང། འོ་མ་འདྲ་བ་དང། ཤ་བརྡུངས་བརྡུངས་པ་འདྲ་བ་?་ཚོན་སྣ་ཚོགས་སུ་འདུག་པ་དང། དྲི་ཤིན་ཏུ་དཀུ་བ་དང། ཞག་ཚིག་ཚིག་པོ་ཡོད་པ་ནི་མི་འཚེ། གཞང་ཁར་འབྲུམ་པ་འབྱུང་བ་དང། གཞང་ཕྱིར་བྱུང་བ ་དང། ཤ་ཟད་པ་དང། དབུགས་མི་བདེ་བ་ལ་སོགས་པའི་ནང་བླ་བརྙན་གྱིས་ཐེབས་པ་དང། མེ་དྲོང་ཉམས་པ་དང། ཐར་ཟུག་ཏུ་ལྟོ་གང་བ་དང། མཁལ་རྐང་ན་བ་རྣམས་ཀྱང་མི་འཚོ་བའི་མཚན་མ་ཡིན་ནོ། །འཇིགས་པ་དང། མྱ་ངན་གཉིས་ལས ་གྱུར་པའི་འཁྲུ་པའི་མཚན་མ་ནི། རླུང་ལས་གྱུར་པའི་འཁྲུ་བའི་མཚན་མ་དང། འདྲ་ལར?་ཤེས་བར་བྱ་སྟེ། དེ་གཉིས་ལ་ཡང་རླུང་བསལ་བའི་ཆོ་ག་བྱ་ཞིང། དགའ་བ་བསྐྱེད་བ་དང། སྙིང་མལ་དུ་དབབ་པར་བྱའོ། །དེ་ལྟར་འཁྲུབ་རྣམས་པ་? ་པོ་ཐམས་ཅད་ཀྱང། སྨིན་པ་དང། མ་སྨིན་པའི་བྱེ་བྲག་གིས་རྣམ་པ་གཉིས་སུ་འགྱུར་ཏེ། དེ་ལ་འཁྲུ་བ་སྨིན་པ་ལ་ནི། སྨྱུང་བའི་ཆོ་ག་དང། སྐྱུག་བའི་ཆོ་གོ་རིམ་བཞིན་དུ་བྱའོ། །འདིའི་སྐོམ་དང། ཟས་ནི་བཅའ་སྒ་དང། ?་སྐོལ ་པའི་ཁུ་བ་དང། ཁ་ཟས་ཡང་བའི་བག་དགེའོ། །འཁྲུ་བམ་སྨིན་པ་བཅད་སྔས་ན། སྐྲན་དང། མཛེ་ལ་སོགས་པའི་ནང་དུ་འགྱུར་ཏེ། དེ་ལ་འཁྲུ་བ་མ་སྨིན་པ་ནི། བྱི་ས་ཆུའི་ནང་དུ་བཏང་ན་ཞབས་སུ་འགྲོ་བར་འགྱུར་རོ། །འཁྲུ་བ་སྨིན་པ་ནི་?་ནང་དུ་བཏང་ན ་སྟེང་དུ་འོང་ཞིང་ཁྱེར་བར་འགྱུར་རོ། །དེ་ལ་འཁྲུ་བ་མ་སྨིན་པ་ལ་ནི་སྨྱུང་བའི་ཆོ་ག་དང། སྐྱུག་པའི་ཆོག་གོ་རིམ་བཞིན་དུ་བྱའོ། །འདིའི་སྒོམ་དང། ཟས་ནི་བཅའ་སྒ་དང། བ་ལ་ཀ་སྐོལ་བའི་ཁུ་བ་དང། ཁ་ཟས་ཡང་བའི་བག་དགེའོ། །འཁྲུས་མ་སྨིན་པ ་གཅད་བ་སྡས་ན། སྐྲན་དང། མཛེ་ལ་སོགས་པའི་ནང་དུ་འགྱུར་ཏེ། དེ་བས་ན་ཐོག་མར་ཨ་རུ་རས་བཀྲུས་ལ་ཕྱིས་བཅད་བའི་ཆོ་ག་བྱས་ན་བཟང་ངོ། །དེ་ལ་བཅད་བའི་ཐབས་ནི། པི་པི་ལིང་ལ་སོགས་བའི་སྡེ་ཚན་སྔར་བཤད་བ་རྣམས་སྐོལ་བའི་སྨན ་གྱི་ཁུ་བ་ལས་གཞི་བླངས་ཏེ། འབྲས་ཐུག་དང། ཁུ་བཅུང་བྱས་བའམ། དང་བའི་ཐུག་བ་བླུད་དོ། །དེ་ལ་དར་བའི་ཐུག་པ་ཇི་ལྟར་སྦྱར་བའི་ཐབས་ནི། འོག་ནས་ཞིབ་ཏུ་སྟོན་ཏོ། །ཡང་ན་ཡུང་ལ་སོགས་པའི་སྡེ་ཚན་ནམ། ཤུ་དག་ལ་སོགས་པའི་སྡེ་ཚན་སྐོལ ་པའི་ཁུལ་ལས་གཞི་བླངས་ལ། འབྲས་ཐུག་བྱས་ཏེ། བླུང་ན་འཁྲུབ་མ་སྨིན་བཞི་བར་འགྱུར་རོ། །ཡང་ན་བཅའ་སྒ་དང། བོང་ད་དཀར་པོ་དང། ཤིང་ཀུན་དང། གླ་སྒང་དང། དུག་མོ་ཅུད་དང། ཀྲུ་ཏྲུག་ཏྲིས་རྣམས་ལྷན་ཅིག་ཏུ་སྦྱར་བ་དང། གླ་སྒང ་དང། ཏེ་ཛ་བ་ཏི་དང། བ་ཐ་དང། པི་པི་ལིང་དང། དུག་མོ་རྣམས་ལྟན་ཅིག་ཏུ་སྦྱར་བ་དང། རྒྱམ་ཚ་དང། དུག་མོ་ཉུང་གི་འབྲས་བུ་དང། ཤུ་དག་དང། བུ་ཙེ་ཤེལ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང། ཙབས་རུ་ཚ་དང། ཤུ་དག་དོར། ཨ་རུ་ར་དང། བ ་ཐཱ་དང། བྱི་དང་ཀ་དང། བཅའ་སྒ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང། སུག་སྨེལ་དང། དུག་མོ་ཉུང་གི་འབྲས་བུ་དང། ཤ་བ་རའི་གསེང་འཕྲོམ་དང། ཡུད་དང། སྐྱེར་བ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང། དུག་མོ་ཉུང་གི་ཤུན་ལྤགས་དང། བོ་དང་དཀར་པོ་དང། བཅའ་? ་དང། བླང་སྐད་རྣམས་ལྷན་ཅིག་ཏུ་སྦྱར་བ་དང། སྨིན་བར་བྱེད་པའི་སྨན་གྱི་སྦྱོར་བ་དྲུག་པོ་འདི་དག་ལས་གང་ཡང་རུང་བསྐོལ་བའི་ཁུ་བ་བླུད་དོ། །ཡང་ན། སྨན་གྱི་སྦྱོར་བ་འདི་དག་ལས། གང་ཡང་རུང་བ་ཞིབ་ཏུ་བཏགས་པའི་ཕྱེ་མ། ཆུག་ཙང་མ་སྐོལ་བའམ ་ཆད་དམ་རྩབས་སྐྱུར་པོའི་ནང་དུ་བཏབ་སྟེ་བླུད་དོ། །ཡང་ན། ཚབ་གསུམ་དང། བོང་ད་དཀར་པོ་དང། ཤིན་ཀུན་དང། ཤུ་དག་དང། ཁ་རུ་ཚ་དང། ཨ་རུ་ར་རྣམས་ཞིབ་ཏུ་བཏགས་བའི་ཕྱེ་མཆུ་སྐོལ་བའི་ནང་དུ་བཏབ་སྟེ་བླུད་ན་འཁྲུ་བ་མ་སྨིན་པ་ཚབས ་ཆེན་པོ་སེལ་བར་བྱེད་དོ། །ཡང་ན། ཤུ་དག་དང། བི་ལྦ་དང། པི་པི་ལིང་དང། བཅའ་སྒ་དང། ?་དང། གོ་སྙོད་དང། ཀུ་ལ་ཀ་དང། བྱི་དང་ཀ་རྣམས་ཞིབ་ཏུ་བཏགས་བའི་ཕྱེ་མཆུ་སྒོལ་བའི་ནང་དུ་བཏབ་སྟེ་འཐུངས་ན་འཁྲུ་བ་འཆད་དོ། །ད་ནི་འཁྲུ་བ་སྨིན ་པའི་ཆོ་ག་བཤད་དེ། དེ་ལ་ཕོ་བའི་དྲོང་ཆུང་སྟེ། འཁྲུ་བ་སྨིན་པ་ཡང་དང་ཡང་དུ་འབྱུང་བར་གྱུར་པ་ལ་ནི། གཅོད་སྨན་གྱི་ཆོ་ག་སྨྱུར་ཏེ་བྱའོ། །དེ་ལ་གཅོད་པའི་སྨན་ནི་ལྡུམ་བུ་ས་མང་ག་དང། ཤིང་ཤལམ་ལིའི་ལོམ་དང། གསེད་འཕྲོམ་དང། བ་ཐ་དང། ་དྷ་ཐཱ་དང། དྷ་ཏ་ཀའི་མེ་ཏོག་རྣམས་ལྷན་ཅིག་ཏུ་སྦྱར་བ་དང། ཤིང་ཝང་ཀོ་དང། གནདྷ་པྲི་ཡི་ཀུ་དང། མེ་ཏོག་པདྨ་དང། ཏི་རི་ཏྲ་དང། བིལྦའི་ཤིང་ཏོག་གི་ཤེགས་མ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང། ཤིང་དིར་གྷ་བྲིནྟིའི་ཤུན་ལྤགས་དང། བཅའ་ ་སྒ་དང། ཤིང་མངར་རྣམས་ལྟན་ཅིག་ཏུ་སྦྱར་བ་དང། དུག་མོ་ཉུང་གི་ཤུན་ལྤགས་དང། བལ་པོ་སེའུ་དང། གསེང་འཕྲོམ་དང། དྷ་ཏ་ཀི་དང། གནདྷ་མ་ལིག་ལྷན་ཅིག་ཏུ་སྦྱར་བ་དང། སྨན་གྱི་སྦྱོར་བ་འདི་བཞི་ལས་གང་ཡང་རུང་བ་ཞིབ་ཏུ་བཏགས ་པའི་ཕྱེ་མ། འབྲས་བཀྲུས་པའི་ཁུ་བ་སྦྲང་རྩི་དང་སྦྱར་བའི་ནང་དུ་བཏབ་སྟེ་འཐུངས་ན་འཁྲུ་བ་སྨིན་པ་གཅོད་བར་འགྱུར་རོ། །ཡང་ན་འཁྲུ་བ་སྨིན་པ་ལ། གླ་སྒང་སྐོལ་བའི་ཁུ་བ་བསྒྲངས་བ་སྦྲང་རྩི་དང་སྦྱར་ཏེ་བླུང་ངོ། །དེ་བཞིན་དུ་? ་ཕྲོ་མ་ལ་སོགས་པའི་སྡེ་ཚན་དང། ཨམ་པཤཏ?་ལ་སོགས་པའི་སྡེ་ཚན་སྔར་བཤད་པ་ཡོན་ཏན་ཆེན་པོ་འདི་གཉིས་ལས། གང་ཡང་རུང་བ་གཅིན་སྐོལ་བའི་ཁུ་བ་བསྒྲངས་པ་སྦྲང་རྩི་དང་སྦྱར་ཏེ་བླུད་དོ། །ཡང་ན་ཏཾ་པ་ལ་དང། མེ་ཏོག་པདྨའི་འདབ་མ་དང། ་ཤིང་རོ་ཚ་བའི་ཤུན་ལྤགས་རྣམས་ལྷན་ཅིག་ཏུ་སོལ་བའི་ཁུ་བ་བསྒྲངས་པ། པདྨའི་བྲེ་བ་དང། སྦྲང་རྩི་དང་སྦྱར་ཏེ་འཐུངས་ན་གཅོད་པར་འགྱུར་རོ། །ཤིང་ནྱ་གྲོ་དྷ་ལ་སོགས་པའི་སྡེ་ཆེན་སྔར་བཤད་པ་ཞིབ་ཏུ་བཏགས་པའི་ཕྱེ་མས་ཕྱ་སྲེག་བའི་ཁོ ་པ་བཀང་ལ། སྣོད་ཁ་བཅང་བའི་ནང་དུ་བཙོས་པའི་ཁུ་བ་ལས་བསྒྲངས་པ། སྦྲང་རྩི་དང། ཁ་ར་དང་སྦྱར་ཏེ་འཐུངས་ན། དམུ་རྫིང་སེལ་བར་བྱེད་ཅིང། འཁྲུ་བ་གཅོད་དོ། །ཡང་ན་རྩ་བ་ལྔ་པ་དང། བ་ལ་དང། བིལྤ་དང། འུ་སུའི་འབྲས་བུ་དང། ཨུཏཔ་ལ ་དང། བཙའ་སྒ་རྣམས་སྐོལ་བའི་ཁུ་བ་ལས་གཞི་བླངས་པའི་འབྲས་ཐུག་པ་ལ་པོ་སེའུས་སྐྱུར་བོར་བྱས་པའམ། ཡང་ན། ཁར་དང། སྦྲང་རྩི་དང། །རྒུན་ལ་སོགས་པས་མདར་བར་བྱས་པ་བླུད་དོ། །ཡང་ན་ཀཏཔལ་དང། བོད་ང་དཀར་པོ་དང། ་དང། བཙའ་སྒ་རྣམས་སྐོལ་བའི་ཁུ་བ་ལས་གཞི་བླངས་བའི་འབྲས་ཐུག་པ་ལ་པོ་སེའུས་སྐྱུར་བོར་བྱས་པ་འམ། ཡང་ན། ཁར་དང། སྦྲང་རྩི་དང། རྒུན་ལ་སོགས་པས་མངར་བར་བྱས་པ་བླུད་དོ། །ཡང་ན་ཀཏཔལ་དང། བོང་ང་དཀར་པོ་དང། ་གླ་སྒང་དང། དུག་མོ་ཉུང་དང། བཅའ་སྒ་རྣམས་སྐོལ་བའི་ཁུ་བ་བསྒྲངས་པ་སྦྲང་རྩི་དང་སྦྱར་ཏེ་བླུང་ན། མཁྲིས་པ་ལས་གྱུར་བའི་འཁྲུ་བ་སེལ་ཏོ། །ཡང་ན་ཨུཏཔལ་དང། དྷ་ཏ་ཀའི་མེ་ཏོག་དང། བཅའ་སྒ་དང། བལ་པོ་སེའུའི་ཤུན་ལྤགས ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང། ལྡུམ་བུས་མང་ག་དང། ཨུཏཔལ་ལ་དང། པདྨ་དང། གསང་ཕྲོམ་དང། ཆུ་ཤིང་གི་འབྲས་བུའི་ཁུ་བ་དང། ཏིལ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང། དུག་མོ་ཉུང་དང། གླ་སྒང་དང། རྩ་མཁྲིས་དང། སྐྱེར་ཁཎྜ ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང། ?་རྩ་བ་དང། ཙན་དན་དཀར་པོ་དང། གསེད་ཕྲོམ་དང། ཨུཏཔ་ལ་དང། བཅའ་སྒ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང། པ་ཐ་དང། བྱེ་ཚེར་དང། བཅའ་སྒ་དང། ཤིང་ཝང་ཁོ་དང། འཛམ་བུའི་ཤིང་ཏོག་གི་རུས་པ་དང། ཀཏཔ་ལ ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང། བིལྦ་དང། སྐྱེར་པའི་ཤུན་ལྤགས་དང། བྱི་ཚེར་དང། བ་ལ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང། དྷཏ་ཀི་དང། བོང་ད་དཀར་པོ་དང། བཅའ་སྒ་དང། དུག་མོ་ཉུང་གི་ཤུན་ལྤགས་དང། འབྲས་བུ་དང། སྐྱེར་ཁཎྜ་རྣམས ་ལྷན་ཅིག་ཏུ་སྦྱར་བ་དང། ཀོཏཔ་ལ་དང། ཤིང་མངར་དང། གསེང་ཕྲོམ་དང། བལ་པོ་སེའུའི་ཤུན་ལྤགས་རྣམས་ལྷན་ཅིག་ཏུ་སྦྱར་བ་དང། ཤིང་ཝང་ཁོ་དང། དྷ་ཏ་ཀའི་མེ་ཏོག་དང། ལྡུམ་བུ་ས་མང་ག་དང། པདྨ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང། ་དུག་མོ་ཉུང་གོ་ཤུན་ཝགས?་དང། སྐྱེར་བ་དང། པ་ཐ་དང། པི་པི་ལིང་གི་རྩ་བ་དང། བཅའ་སྒ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང། སྨན་གྱི་སྦྱོར་བ་བཅུ་བའང་དག་ལས་གང་ཡང་རུང་བ་ཞིབ་ཏུ་བཏགས་པའི་ཕྱེ་མ། འབྲས་བཀྲུས་བའི་ཁུ་བ་སྦྲང་རྩི་དང་སྦྱར ་བའི་ནང་དུ་བཏགས་ཏེ། འཐུངས་ན་མཁྲིས་པ་ལས་གྱུར་བའི་འཁྲུ་བ་སེལ་ཏོ། །མཁྲིས་པ་ལས་གྱུར་བའི་འཁྲུ་བ་ཡོད་བཞིན་དུ། མཁྲིས་པ་དང་མི་འཕྲོད་པའི་ཁ་ཟས་ཟོས་བས། །བྲག་འཁྲུགས་བར་བྱས་ནས། ཁྲག་ལས་གྱུར་བའི་འཁྲུ་བ་ཚབས ་ཆེན་པོར་གྱུར་པ་ཡིན་?། ཁྲག་ལུང་པའི་ནང་སེལ་པའི་ཆོག་མྱུར་ཏེ་བྱའོ། །དེ་ལ་ཁྲག་ལུད་པའི་ནང་བསལ་བའི་ཆོ་ག་ནི། ད་ཏུང་བ་དང། ཁ་ཟས་དང། མས་བཏང་བ་ཀུན་ལ་ཡང། རའི་འོ་མ་དང་སྦྱར་བར་བྱའོ། །བ་ཡ་སྱ་དང། ཐལ་དེས་དང། གསེད ་ཕྲོམ་དང། །?་དང། ཤིང་མང?་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མའོ་མ་གྲང་མོ་དང། སྦྲང་རྩི་སྦྱར་བའི་ནང་དུ་བཏབ་སྟེ་འཐུངས་ན་ཡང་ཁྲག་ནད་ལས་གྱུར་པའི་འཁྲུ་བ་སེལ་ཏོ། །པོག་དང། རྒྱ་ཤུག་དང། ཤིང་ཛམྦུ་དང། པི་ཡ་ལ་དང་? ་དང། ཨ་རྫུན་རྣམས་ལས་གང་ཡང་རུང་བའི་ཤུན་བགས་ཞིབ་ཏུ་བཏགས་པའི་ཕྱེ་མ། འོ་མ་དང། སྦྲང་རྩི་སྦྱང་བའི་ནང་དུ་བཏབ་སྟེ་འཐུངས་ན་ཡང། ཁྲག་ནད་ལས་གྱུར་བའི་འཁྲུ་བ་སེལ་ཏོ། །ུཏཔ་ལ་དང། ཨ ་མངྒ་དང། ཆུ་ཤིང་གི་འབྲས་བུ་དང། པདྨའི་ཟེ་བ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང། ཏིལ་དང། ཤ་བ་རའི་གསེད་ཕྲོམ་དང། ཤིང་མངའ་དང། ས་མཾ་ག་དང། ཐལ་ཏྲེས་དང། ཨུཏཔ་ལ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང། ཨུཏཔ་ལ་དང། ་ཤལམ་ལའི་ཤུན་ལྤགས་དང། ཤིང་དམར་དང། ཤ་བ་རའི་གསེང་ཕྲོམ་དང། ཏིལ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང། སྨན་གྱི་སྦྱོར་བ་འདི་དག་གསུམ་ལས། གང་ཡང་རུང་བ་བཏོགས་པའི་ཕྱེ་མ་འོ་མ་དང་སྦྲང་རྩི་སྦྱར་བའི་ནང་དུ་བཏབ ་སྟེ། འཐུངས་ན་ཡང་ཁྲག་ནང་ལས་གྱུར་པའི་འཁྲུ་བ་སེལ་ཏོ། །ཙན་དན་དཀར་བོ་འམ། གནདྷ་པྲི་ཡཾ་ཀུ་གཉིས་ལས། གང་ཡང་རུང་བའི་ཕྱེ་མ། འབྲས་བཀྲུས་བའི་ཁུ་བ་སྦྲང་རྩི་དང། །བར་སྦྱར་བའི་ནང་དུ་བཏབ་སྟེ་འཐུངས་ན་ཡང་ཁྲག ་ནད་ལས་གྱུར་བའི་འཁྲུ་བ་སེལ་ཏོ། །ཡང་ན་ཆར་བའི་ཆུ་དང། སྦྲང་རྩི་དང། བུ་རམ་གྱི་དབུ་བ་སྦྱར་བའི་ནང་དུ། དུག་མོ་ཉུང་གི་ཤུན་ལྤགས་ཞིབ་ཏུ་བཏགས་པའི་ཕྱེ་མ་བཏབ་སྟེ་འཐུངས་ན་ཡང་ཁྲག་ནད་ལས་གྱུར་པའི་འཁྲུ་བསེལ་ཏོ། ། ་ཡང་ན་ཤིང་མངར་དང། ཨུཏཔལ་དང། ཆུ་སྲིན་གྱི་སེན་མོ་དང། ཁར་རྣམས་ཀྱི་ཕྱེ་མ་ལྷན་ཅིག་ཏུ་སྦྱར་བ་བཏང་ངོ། །ཁྲག་ཚད་དང། ཕྱེས་ཐལ་བསྣལ་ཞི་བྱུང་བ་ལ་ནི་འོ་མ་ཡི་ནང་དུ་འབྲས་བུ་གསུམ་གྱི་ཕྱེ་མ་བཏབ་པའམ། ཡང་ན་འོ་མ ་བཞོས་མ་ཐག་པ་དྲོན་མོ་ཅི་རན་པར་འཐུངས་ཏེ་ལན་མང་དུ་འཁྲུས་ན་ཞི་བར་འགྱུར་རོ། །བད་ཀན་ལས་གྱུར་བའི་འཁྲུ་བས་གནོད་པར་གྱུར་བ་ལ་ན། ཁ་ཟས་སྨན་བུ་ཏི་ཀ་དང། ཚ་བ་གསུམ་དང། བིལྦ་དང། ཀྲུ་ཏྲུག་ཏྲེས་དང། དར ་བ་དང། བལ་བོ་སེའུ་དང། ཤིང་ཀུན་རྣམས་དང། ལེགས་པར་སྦྱར་བའི་ཁུ་བཅུང་དང་ལྡན་པ་བཟའ་བར་བྱའོ། །དབྱེ་མོང་དང། བོད་ད་དཀར་བོ་དང། དུ་རྟ་དང། བ་ཐ་དང། པུ་?་ཤེལ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང། ཨ་རུར་དང། གླ་སྒང་དང་བཅའ་སྒ་དང། ། ་བིལྦ་དང། ཀརྐ་ཏི་ཀ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང། ཀྲུ་ཏྲུག་ཏྲེས་དང། པི་པི་ལིང་དང། པི་པི་ལིང་གི་རྩ་བ་དང། པི་པི་ལིང་ཆེན་པོ་རྣམས་ལྷན་ཅིག་ཏུ་སྦྱར་བ་རྣམས་དང། བྱི་དང་ག་དང། ཤུ་དག་དང། ཤང་ཤིང་དང། འུ་སུའི་འབྲས་བུ་དང། ཚ་བ ་གསུམ་པོ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང། སྨན་གྱི་སྦྱོར་བ་འདི་བཞི་ལས་གང་ཡང་རུང་བ་ལྷན་ཅིག་ཏུ་སྐོལ་བའི་ཁུ་བ་བླུད་ན་ཡང་བཟང་སྟེ། མེ་དྲོད་དང། ཉམས་སྟོབས་བསྐྱེད་དོ། །ཡང་ན་ཨ་རུ་ར་དང། ཀྲུ་ཏྲུག་ཏྲེས་དང། པ་ཐ་དང། ཤུ་དག་དང། པི་པི་ལིང ་གི་རྩ་བ་དང། དུག་མོ་ཉུང་དང། བཅའ་སྒ་རྣམས་སྐོལ་བའི་ཁུ་བ་དྲོན་མོ་འམ། ཡར་ན་དེ་དག་གི་བྱེ་མའི་སྨན་བྱས་ན། བད་ཀན་ལས་གྱུར་བའི་འཁྲུབ་སེལ་ཏོ། །ཤིང་ཨཾ་ཀོ་ཏའི་རྩ་བ་དང། སྐྱེར་བར་རྣམས་ལས་སྲང་རོད་བཏགས་ཏེ། ཆར་བའི་ཆུས ་བརྫིས་ལ་ཞ་གཉིས་ཙམ་དེ་གྱུར་བྱས་ཏེ། མས་བཏང་ན་འཁྲུ་?་ཐམས་ཅད་ཀྱང་སེལ་བར་བྱེད་དོ། །བིལྦ་དང། གླ་སྒང་དང། དྷ་ཏ་ཀའི་མེ་ཏོག་དང། བ་ནཱ་དང། བཅའ་སྒ་རྣམས་ཀྱི་ཕྱེ་མ་དང། ཆུ་ཤིང་གི་འབྲས་བུའི་ཁུ་བ་རྣམས་ཆ་མཉམ་ལ་བུ་རམ་རྡང། ་དར་བ་སྦྱར་བའི་ནང་དུ་?་རབ་སྟེ་འཐུངས་ན་ཡང་འཁྲུ་བ་གཅོད་དོ། །ད་ནི་རླུང་ལས་གྱུར་བཱི་འཁྲུ་བའི་ཆོག་བཤད་དེ། ཁྲག་དང། ཕྱི་ས་བྱུང་བའི་རྗེས་ལ་རླུང་གི་མཐུས་ཕྱིས་འགེགས་ཏེ། བེའུ་སྣབས་དབུ་བ་འདྲ་བར་འབྱུང་ཞིང། འཁྲེག་བའི་ནད་ཀྱི་མིང ་ནི་བེའུ?་སྣབས་སུ་འབྱུང་ཞིང་འཁྲག་ལ་ཞེས་བྱ་སྟེ། དེ་ལ་ནི་མེ་དྲོང་ཆེན་པོ་ཞིག་ན། ཀྲུ་ཏྲུག་ཏྲེས་དང། བིལྦ་འོ་མ་དང། སྐྲོལ་བའི་ཁུ་བ། བུ་རམ་དང། ཏིལ་མར?་དང་སྦྱར་ཏེ་ནང་བར་འཐུངས་ན། ཕྱིས་འགགས་པ་བདེ་བར་འགྱུར་རོ། །འོ་མ་སྐོལ་ཏེ ་བྱུང་བའི་ནང་དུ། པི་པི་ལིང་གི་ཕྱེ་མའམ། ཡང་ན་ན་ལེ་ཤམ་གྱི་ཕྱེ་མ་བཏབ་སྟེ། ཞག་གསུམ་གྱི་བར་དུ་འཐུངས་ན་བེའུ་སྣབས་སུ་འབྱུང་ཞིང་འཁྲེག་བ་ཡུན་རིང་དུ་ཡོན་པ་ཡང་སེལ་ཏོ། །ཏིལ་མར་དང། མར་དང། ་སྦྲང་རྩི་དང། །བར་དང། བཅའ་སྒ་དང། བུ་རམ་གྱི་ཁུ་བ་རྣམས་ལྷན་ཅིག་ཏུ་སྦྱར་ལ་དཀྲུགས་ཏེ། འཐུངས་ན་ཡང་དེ་མ་ཐག་ཏུ་བེའུ་སྣབས་སུ་འབྱུང་ཞིང་འཁྲེག་པ་སེལ་ཏོ། །དྷ་ཏ་ཀའི་མེ་ཏོག་དང། རྒྱ་ཤུག་གི་ལོ་མ་དང། ཤིང་ཀ་པིཏྠ་དང ་དྲུབ་མར་ཅད་དང། གསེད་ཕྲོམ་རྣམས་ཀྱི་ཕྱེ་མ་ཞོ་དང་སྦྱར་ཏེ་འཐུངས་ན་ཡང་བེའུ་སྣབས་སུ་འབྱུང་ཞིང་འཁྲེགས་པས་ཉམ་ཐག་པ་སེལ་ཏོ། །བིལྦའི་འབྲས་བུའི་ཤགས་མ་དང། བུ་རམ་དང། གསེང་ཕྲོམ་དང། ཏིལ་མར་དང། ན་ལེ་ཤམ ་རྣམས་ལྷན་ཅིག་ཏུ་སྦྱར་ཏེ། ཟོས་ན་ཡང་བེའུ་སྣབས་སུ་འབྱུང་ཞིང། འཁྲེགས་པས་དུ་མར་གྱུར་པ་མྱུར་དུ་སེལ་ཞིང་བདེ་བར་འགྱུར་རོ། །དེས་ཀྱང་ཞི་བར་མ་གྱུར་ན། ཤིང་མངར་དང། ཏིལ་མར་མས་བཏང་བའི་ཆོ་ག་ནི། ཤིང་ཤལ་མ ་ལིའི་ལོ་མ་བཙོས་དཀྲིས་ལ། འཇིམ་པས་གཡོགས་ཏེ། མེ་མར་མུར་གྱི་ནང་དུ་བཅུག་ལ། འཇིམ་པ་ནི་སྐམས། ལོ་མ་ནི་ཚོས་པར་གྱུར་ནས། ལོ་མ་དེ་གཏུན་གྱི་ནང་དུ་ཞིབ་ཏུ་བརྡུངས་པའི་ཕྱེ་མ། མར་དང། ཤེད་མངར་གྱི་ཕྱེ་མ་དང ་ལྡན་པར་འོ་མ་སྲང་སུམ་ཅུ་རྩ་གཉིས་སྐོལ་ཏེ། ཕྱུང་བའི་ནང་དུ་བརྫིས་པའི་མིང་ནི། མས་བཏང་བའི་སྨན་འཇམ་ཞིང་འབྱིལ་པ་ཞེས་བྱས། འདི་མས་བཏང་ན། རིམས་དང། མཁྲིས་པ་ལས་གྱུར་པའི་འཁྲུ་བ་སེལ་ཞིང། སྐྲན་དང། ཚད ་རྙིང་འཛེམས་པར་བྱེད་ལ། ཕོ་བའི་ནད་དང། སྐྲང་བ་མེད་པར་བྱེད་དོ། །ད་ནི་ཕོ་བའི་མེ་དྲོད་ཉམས་པ་གསོ་བའི་ཆོག་བཤད་དེ། མེ་དྲོད་བྲི་ནས། ནད་གཞི་རྣམས་ཀྱིས་ཕོ་བའི་མེ་དྲོད་དཀྲུགས་པ་ལས། ཕོ་བའི་མ?་དྲོད་འཁྲུགས་པའི་ནང། ་རླུང་དང་མཁྲིས་པ་དང། བད་ཀན་གསུམ་སོ་སོ་ལས་གྱུར་བ་དང། ཀུན་འདུས་བ་ལས་གྱུར་པ་རྣམ་པ་བཞིར་གྱུར་ཏེ། དེ་དག་མཚན་མ་དང། གསོ་བའི་ཐབས་ནི་འཁྲུ་བ་དང་འདྲའོ། །དེ་ལ་རླུང་ལས་གྱུར་པའི་ཕོ་བའི་མེ་དྲོད་འཁྲུགས་པར་གྱུར་བའི་མཚན་མ་དང། ་གསོ་བའི་ཐབས་ནི། རླུང་ལས་གྱུར་པའི་འཁྲུ་བའི་མཚན་མ་དང། གསོ་བའི་ཐབས་དང་འདྲའོ། །མཁྲིས་པ་ལས་གྱུར་པ་དང། བད་ཀན་ལས་གྱུར་པ་དང། ཀུན་འདུས་པ་ལས་གྱུར་པ་ཡང་དེ་བཞིན་དུ་སོ་སོར་སྦྱར་རོ། །དེ་ལ་མེ་དྲོད་བསྐྱེད་པའི་ཐབས་ནི། ་སྨན་ཨ་ཛ་མོ་དང། གྲུ་དྲུག་ཏྲེས་དང། དབྱི་མོང་དང། ཚབ་གསུམ་དང། རྒྱམ་ཚ་དང། སྔར་བཤད་པའི་ཐལ་བ་རྣམ་གཉིས་དང། པི་པི་ལིང་གི་རྩ་བ་དང། ཤིང་ཀུན་རྣམས་ཤིང་ཏོག་ཁ་ལུང་གི་ཁུ་བས་རི་ལུར་བྱས་ཏེ་ཟོས་ན། མེ་དྲོད་བསྐྱེད་པར་བྱེད་དོ།། ་འབྲས་བུ་གསུམ་དང། ག་བྱེའི་འབྲས་བུ་དང། ཚབ་གསུམ་དང། རྒྱམ་ཚ་དང། ཁ་རུ་ཆ་དང། ཙབས་རུ་ཚ་རྣམས་བཏགས་ཏེ། རྫེའུ་ཁ་སྦྱར་གྱི་ནང་དུ་བཏབ་སྟེ་འཐུངས་ན། སྐྱ་རྦབ་ཀྱི་ནད་དང། ཕོ་བའི་ནད་དང། སྐྲན་དང། ཟུག་ཅིང་ན་བ་རྣམས་སེལ ་ཏོ།། སྨན་ལ་ལ་ཕུད་དང། ཚ་བ་གསུམ་དང། རྒྱམ་ཚ་དང། གོ་སྙོང་རྣམ་གཉིས་དང། ཤིང་ཀུན་རྣམས་ཀྱི་ཕྱེ་མ་མར་ཁུ་དང་བརྫིས་པ་ཁ་ཟས་ཀྱི་སྔ་རོལ་ཏུ་ཟེས་ན། རླུང་སེལ་ཅིང་མེ་དྲོང་བ་སྐྱེད་དོ། །ཤུ་ཏི་དང། འུ་སུའི་འབྲས་བུ་དང། བ་ཐཱ ་དང། བལྤི་དང། ཀྲུ་ཏྲུག་ཏྲེས་དང། བཅའ་སྒ་དང། ལ་ལ་ཕུད་དང། པི་པི་ལིང་གི་རྩ་བ་དང། རྒྱ་ཤུག་གི་འབྲས་བུ་རྣམས་ཀྱི་ཕྱེ་མ། མར་དང། ཞོ་མར་གྱི་བཞི་འགྱུར་དང། ལྡུམ་བུ་ཅང་གེ་རིའི་ཁུབ་མར་གྱི་བཞི་འགྱུར་དང། འདི་རྣམས་སྐོལ་ལ ་མར་ཉི་ཚེ་ལུས་པར་བྱས་ཏེ། ཇི་རན་པར་འཐུངས་ན། ཕོ་བའི་ནད་དང། གཞང་འབྲུམ་དང། གཞང་བྱུང་བ་དང། གཅིན་བསྲི་བ་དང། ལྟོ་སྦོ་བ་དང། བེའུ་སྣབས་སུ་འབྱུང་ཞིང་འཁྲིག་པ་དང། དབུགས་མི་བདེ་བ་དང། སྐྱ་རྦབ་ཀྱི་ནད་དང། སྐོམ ་པའི་ནད་དང། ལུད་པ་དང། དྲག་དུ་སྐྱུག་ཅིང་འཆད་དུ་མི་བཏུབ་པ་རྣམས་སེལ་ཅིང་ཡི་ག་འབྱེ་པར་བྱེད་དེ། མཁྲིས་པ་ལས་གྱུར་པའི་ཕོ་བའི་མེ་དྲོད་འཁྲུགས་པའི་ནད་ལ་ནི། སྐྱེར་བའི་ཁཎྜ་དང། བོད་དེ་དཀར་པོ་དང། བིལྤ ་དང། བྱི་ཚེར་གྱི་ཤུན་ལྤགས་དང། བྱི་ཚོར་གྱི་འབྲས་བུ་དང། གླ་སྒང་དང། པཱ་ཐཱ་དང། དྷ་ཏ་ཀི་དང། བུ་ཙེ་ཤེ་ལ་དང། བཅའ་སྒྲ་རྣམས་ཀྱི་ཕྱེ་མ་ཆར་པའི་ཆུ་སྦྲང་རྩི་དང་སྦྱར་པའི་ནད་དུ་བཏབ་སྟེ་འཐུངས་ན། གཞན་འབྲུམ་དང། བེའུ་སྣབས་སུ ་འབྱུང་ཞིང་འཁྲེག་པ་དང། ཁྲག་ནད་དང། མཁལ་རྐེད་ན་བ་དང། གཞང་ནད་རྣམས་སེལ་ཏོ། །དུག་མོ་ཉུང་གི་ཤིང་དང། ཚ་བ་གསུམ་དང། གླ་སྒང་དང། རྩ་མཁྲིས་དང། པུ་ཙེ་ཤེལ་རྣམས་ཆ་མཉམ་པ་དང། ཀྲུ་ཏྲུག་ཏྲེས་ཆའི་ཉིས་འགྱུར་དང། ་དུག་མོ་ཉུང་གི་ཤུན་ཁྲགས་ཆའི་བཅུ་དྲུག་འགྱུར་དང། འདི་རྣམས་ཀྱི་ཕྱེ་མ་འབྲས་བཀྲུས་པའི་ཁུབ་དང་སྦྱར་ཏེ་འཐུངས་ན། ཕོ་བའི་ནད་དང། མིག་སེར་དང། སྐྱ་རྦབ་ཀྱི་ནད་དང། གཅིན་ནད་དང། ཡིག་འཆུས་པ་དང། འཁྲུ་བ་དང། སྐྲན་དང། ་སྐེམ་པའི་ནང་དང་རིམས་སེལ་ཏོ། །བད་ཀན་ལས་གྱུར་པའི་ཕོ་བའི་མེ་དྲོད་འཁྲུགས་པའི་ནད་ལ་ནི། སྨན་ཤ་ཐི་དང། ཚ་བ་གསུམ་དང། ཨ་རུ་ར་དང། ཐལ་བ་རྣམ་གཉིས་དང། པི་པི་ལིང་གི་རྩབ་དང། ཁ་ལུང་གི་འབྲས་བུ་དང། རྒྱམ་ཚ་རྣམས་ཀྱི་ཕྱེ ་མ་ཆུ་སྐོལ་ཏེ། ཕྱུང་བའི་ནང་དུ་བཏབ་སྟེ་འཐུངས་ན་ཞི་བར་འགྱུར་རོ། །མ་དྷུ་ཀའི་མེ་ཏོག་སྐོལ་ཏེ། གདུས་པའི་ཁུ་བ་བསྒྲངས་པའི་ནད་དུ། སྦྲང་རྩི་དེའི་བཞི་ཆ་བླུགས་སྟེ་སྦྱར་ཏེ། བུམ་པའི་ནང་པདྨའི་རྩ་བ་དང། ཨ་ཀ་རུ་དང། ཏིལ་མར ་རྣམས་སྦྱར་པས་བྱུགས་པའི་ནང་དུ་བླུག་སྟེ། ཟླ་བ་གཅིག་གི་བར་དུ་ནས་ཀྱི་ནང་དུ་ནས་ཀྱི་ནང་དུ་བཞག་པ་ལས་རན་པར་འཐུངས་ན་མེ་དྲོད་བསྐྱེད་དོ། །པི་པི་ལིང་གི་རྩ་བ་དང། ཀྲུ་ཏྲུག་ཏྲེས་དང། ཨ་རུ་ར་དང། པི་པི་ལིང་དང། བྱི་ཏང་ག་རྣམས་ལྷན་ཅིག་ཏུ་སྦྱར ་བས་རྫམ་རི་ནང་དུ་བསྐུས་ལ། དེའི་ནང་དུ་དར་བ་བླུགས་ཏེ། ནས་ཀྱི་ནང་དུ་ཟླ་བ་གཅིག་གི་བར་དུ་བཞག་པ་ལས་རན་པར་འཐུངས་ན། ཕོ་བའི་ནད་དང། གཞང་འབྲུམ་དང། ལུད་པ་དང། སྐྲན་དང། སྲིན་བུ་རྣམས་སེལ་ཏོ། །དེ་ལྟར་ཕོ་བའི་མེ་དྲོད་འཁྲུགས ་པའི་ནད་ཀྱིས་ཐེབས་བ་ལ་ནི་མདོར་ན་ཚ་བས་ཆེ་ཆུང་ལ་སོགས་པ་ལས་དཔགས་ཏེ། ཤིན་ཏུ་བྱེ་བྲག་ཕྱེད་པར་བྱས་ནས། མེ་དྲོད་བསྐྱེད་པའི་ཁ་ཟས་དང། བཏུང་བ་དང། སྨན་གྱི་ཕྱེ་མ་དང། སྨན་གྱི་ཞུ་བ་བ་ཏུང་བ་དང། སྨན་མར་ལ་སོགས་པ་ཅི་རིགས ་བར་བཏང་ངོ།། །འཁྲུབ་དང། ཕོ་བའི་མེ་དྲོད་འཁྲུག་པའི་ནད་ལས། སྲིན་བུའི་ནད་འབྱུང་བའི་ཕྱིར། དེ་འོག་ཏུ་སྐབས་འདིར། སྲིན་བུའི་ནད་ཀྱི་བྱེ་བྲག་དང། དེའི་མཚན་མ་དང། གསོ་བའི་ཐབས་བཤད་དེ། དེ་ལ་སྲིན་བུའི་ནད་ཀྱི ་མཚན་མ་ནི། རིམས་ན་བར་འགྱུར་བ་དང། ཤ་མདོག་ངན་བ་དང། རུ་ཤིང་ན་བ་དང། སྙིང་ན་བ་དང། ལུས་སྤྲིང་པ་དང། མགོར་ཁོར་བ་དང། ཁ་ཟས་མཐོང་ན་ཡིད་དུ་མི་འོང་བ་དང། འཁྲུ་བིར་གྱུར་ན། ལྟོར་སྲིན་བུ་སྐྱེས་པའི་མཚན་མ་ཡིན་ནོ། །དེ ་གསོ་བའི་ཐབས་ནི། སྨན་བྱི་ཏང་ག་དང། རྒྱམ་ཚ་དང། ནས་ཚིག་འཁུས་པའི་ཐལ་བ་དང། ཀམཔི་ལྱ་ག་དང་ཨ་མ་རུ་ར་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མ། དར་བ་དང་སྦྱར་ཏེ་འཐུངས་ན། ཀསྲིན་བུ་ཐམས་ཅད་སེལ་ཏོ། །ཤི་ཀྲུ་དང། སྐྱེར་བ་དང། མུ་ཤད་ནི? ་དང། གླ་སྒར་དང། འབྲས་བུ་གསུམ་དང། འདི་རྣམས་སྐོལ་བའི་ཁུ་བའི་ནང་དུ། པི་པི་ལིང་དང། བྱ་ཏང་གའི་ཕྱེ་མ་བཏབ་སྟེ། སྦྱར་བ་འཐུངས་ན་ཡང་སྲིན་བུ་སེལ་ཏོ། །སུ་ཤ་པརྞི་བཏགས་པའི་ཕྱེ་མ་དང། འབྲས་བསྲེགས་པའི་ཁུ་བ་ཟོས་ལ། ཚལ་ནན ་དུ་རྩ་བས་སྐྱུར་པོ་འཐུངས་ན་ཡང་སྲིན་ནད་སྤྱོད་དོ། །བྱི་ཏང་གའི་ཕྱེ་མ་སྦྲང་རྩི་དང་སྦྱར་ཏེ་ཟོས་ན་ཡང་སྲིན་བུ་སེལ་ཏོ། །ཤིང་པིར་བྷད་ཏྲ་ཀའི་ལོ་མའི་ཁུ་བ་སྦྲང་རྩི་དང་སྦྱར་ཏེ་འཐུངས་ན་ཡང་སྲིན་བུ་སེལ་ཏོ། །ཡང་ན་འབྲས་བུ་གསུམ་དང། ཤུ་དག་དང། ་དནདའི་རྩ་བ་དང། ཀཾ་པའི་ལྱ་ཀ་རྣམས་ཀྱི་ཕྱེ་མ། མར་དང། བ་གཅིན་མར་གྱི་བཞི་གྱུར་གྱི་ནང་དུ་སྐོལ་ལ། བ་གཅིན་དུ་པར་བྱས་ནས་ཚིགས་མ་བཙགས་པའི་མར་ཇི་རན་པར་འཐུངས་ན་ཡང་སྲིན་བུ་སེལ་ཏོ། །འཁྲུ་བ་གསོ་བའི་ལེའུ ་སྟེ་བདུན་བ་རྫོགས་སོ།། །།དེ་ལ་ཁྲག་ལུང་པའི་ནད་ནི། ཉི་མ་དང། མེ་ལ་སོགས་པའི་ཚ་བ་བརྟེན་པ་དང། །བཟས་ལ་སོགས་པ་ཚ་ཆེས་པ་དང། སྐྱུར་བ་དང། ལན་ཚྭ་དང། ཐལ་བསྣོན་པོའི་སྨན་དང། རོ་ཚ་བའི་བག་ཟོས་པས། མཁྲིས་པ ་འཁྲུག་པར་གྱུར་པ་ལས་མཆིན་བ་དང། མཚེར་པའི་ནང་ན་ཁྲག་གནས་པ་ལུང་བར་གྱུར་ཏེ། ཡང་ཡང་འབྱུང་ལ། མར་ཡང་འབྱུང་བར་འགྱུར་རོ། །དེ་ལ་རླུང་ལས་གྱུར་པའི་ཁྲག་ལུང་བའི་མཚན་མ་ནི། ཁྲག་གི་མདོག་སྔོ་སྐྱར་འདུག་པ་དང། ་དམར་བ་དང། སླ་བ་དང། དབུ་བ་ཅན་རྣམས་ཡིན་ནོ། །མཁྲིས་པ་ལས་གྱུར་བའི་ཁྲག་ལུད་པའི་མཚན་མ་ནི། ཁྲག་གི་མདོག་གོས་ཚོན་ནག་པོར་བཙོས་པའི་ཁ་དོག་འདྲ་བ་དང། དུད་ཁར་འདུག་པ་དང། བ་གཅེན་གྱི་མདོག་འདྲ་བ་དང། སྐྱེར ་ཁདཌའི?་མདོག་འདྲ་བ་རྣམས་ཡིན་ནོ། །བད་ཀན་ལས་གྱུར་པའི་ཁྲག་ལུང་པའི་མཚན་མ་ནི། ཁྲག་གི་མདོག་སྣུམ་པ་དང། ཡིད་ཙམ་སྐྱ་བ་དང། འབྱིལ་བ་དང། སྐ་བ་རྣམས་ཡིན་ནོ། །ནད་གཞི་གཉིས་གཉིས་འདུས་པ་ལས་གྱུར་བའི་ཁྲག་ལུད ་པའི་མཚན་མ་ནི། འདྲེན་པར་འགྱུར་རོ། །ནད་གཞི་གསུམ་ཆར་འདུས་པ་ལས་གྱུར་པའི་ཁྲག་ལུད་པའི་མཚན་མ་ནི། ཀུན་གྱི་མཚན་མ་ཐམས་ཅད་དང་ལྡན་པ་ཡིན་ནོ། །དེ་ལ་ནད་གཞི་རེ་རེ་ལས་གྱུར་བའི་ཁྲག་ལུད་བའི་གྱེན་དུ་འབྱུང་བ་ནི ་གསོ་སླའོ། །ནད་གཞི་རེ་རེ་ལས་གྱུར་བ་དང། གཉིས་གཉིས་འདུས་ལས་གྱུར་པའི་ཁྲག་ལུད་བ་ཐུང་དུ་འབྱུང་བ་ནི། །བཟས་དང། སྨན་གྱི་ཆོ་གས་མི་ལྡང་བར་སོ་ཙམ་དུ་རུང་དེ། །ནད་གཞི་གསུམ་ཆར་འདུས་བ་ལས་གྱུར་པའི་ཁྲག་ལུང་པ་ནི། ་གྱེན་དུ་འབྱུང་བ་ཡང་རུང། ཐུར་དུ་འབྱུང་ཡང་རུང་སྟེ། ཤིན་ཏུ་གསོ་དཀའ་བ་ཡིན་ནོ། །ཁྲག་ལུང་བའི་རྐྱེན་གྱིས་སྐྱུག་བ་དང། བརྒྱལ་བ་དང། རིམས་དང། དབུགས་མི་བདེ་བ་དང། ལུད་པ་དང། སྐད་འགགས་བ་དང། ལུས་ཚ་བར་གྱུར་པ་དང། ཁྲག་གི ་མདོག་ཤིང་འཛམ་བུའི་འབྲས་བུ་འདྲ་བ་དང། འཇའའདྲ་བ་དང། མི་རོའི་དྲི་མནམ་པ་ནི་གསོ་བའི་ཐབས་མེད་དོ། །དེ་ལ་ཉམ་སྟོབས་དང་ལྡན་ཞིང་ཟ་ཕོང་བ་ནི། ནང་ཁྲག་ངན་པ་ཐོག་མ་ནས་བཅང་ན། དེ་ལས་ལྐོག་ནང་ལྟ་འོར་དང། སྐྲན་དང། གཞང་འབྲུམ་དང། ་རིམས་དང། མཇེ་ལ་སོགས་པའི་ནང་དུ་འགྱུར་རོ། །དེ་བས་ན་སྔར་བཅང་པར་མི་བྱའོ། །ཁྲག་ལུང་པ་ལ་ཐོག་མར་ནི། ཅི་ནུས་ཀྱིས་སྨྱུང་བའི་ཆོ་ག་བྱའོ། །དེའི་སྐོམ་ནི་ཅན་ངན་དཀར་པོ་དང། པུ་ཤེལ་ཙེ་དང། སྐྲེ་ལོ་དང། གླ་སྒང་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ ་བླུད་དོ། །ཁྲག་ལུང་པ་གྱེན་དུ་འབྱུང་བ་ལ་ནི་ཐོག་མར་བརྟབ་དང། བཀྲུ་སྨན་བྱའོ། །ཐུར་དུ་འབྱུང་བ་ལ་ནི། ཉམ་སྟོབས་དང་སྦྱར་ཞིང། ཐོག་མར་འབྲས་ཐུག་གི་ཆོ་ག་དང། སྐྱུག་པའི་ཆོ་ག་བྱའོ། །དེ་ལ་ལུས་བརྟབ་ནི། མར་དང། སྦྲང་རྩི་དང། འབྲས་བརྡོས་པའི་ཕྱེ ་མ་དང། ཁ་ར་རྣམས་སྦྱར་བའི་ནད་དུ། སྐྱུ་རུ་ར་དང། བལ་པོ་སེའུ་བཏབ་སྟེ། རོ་སྐྱུར་བར་བྱས་བ་བླུད་དོ། །དེ་ལ་བཀྲུ་སྨན་ནི་དང་གའི་ཚིག་གུ་དང། སྐྱུ་རུ་ར་དང། ཤིང་ཉེ་རོང་དང། ཨ་རུ་ར་འདི་རྣམས་ལས་གང་ཡང་རུང་བའི་ཕྱེ་མ་ཆུ་སྐོལ་ཏེ་བསྒྲངས་བའི་ནང ་དུ་བཏབ་ལ། ཁ་ར?་དང་སྦྲང་རྩིས་སྦྱར་ཏེ་བཏང་བར་བྱའོ།། །སྐྱུག་སྨན་ནི། གླ་སྒང་དང། དུག་མོ་ཉུང་དང། ཤིང་མངར་སྐོལ་བའི་ཁུ་བ་བསྒྲངས་བ། བོ་སེན་ཆའི་ཚིག་གུ་དོང། འོ་མ་དང་སྦྲང་རྩི་དང་སྦྱར་བ་ནི། ཁྲག་ལུང་པའི་ནད་སེལ་བའི་མཆོག་ཡིན་ཏེ་བཏུང ་པར་བྱའོ། །ཤ་ཟད་པ་དང། ཉམ་སྟེབས་ཟད་པ་དང། བྱིས་པ་དང། རྒད་པོ་དང། སྐེམ་པའི་ནང་ཡོད་པ་ལ་ནི། སྐྱུག་སྨན་དང། བཀྲུ་སྨན་བྱར་མི་རུང་སྟེ། ཁྲག་འབྱུང་བ་བཅད་པའི་ཆོ་ག་བྱའོ། །དེ་ལ་ཁྲག་འབྱུང་བ་བཅད་པའི་ཆོ་ག་ནི། བཏོལ་དང། སྣ་མའི།། ་མེ་ཏོག་དང། ནིམཔ་དང། ཙན་དན་རྣམ་གཉིས་དང། ཤུག་པ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང། མོན་སྲན་སྡེའུ་དམར་རུ་དང། བ་ཤ་ཀ་དང། གསེང་ཕྲོམ་དང། ས་ནག་པོ་དང། མ་ད་ཡན་ཏི་ཀ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང། ་ཀ་ཀོ་ལ་དང། ར་མཉེའི་རྩ་བ་དང། ཐལ་ཏྲེས་རྣམ་གཉིས་དང། ཤིང་མངར་དང། ཉེའུ་ཤིང་གི་རྩ་བ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང། འབྲས་སླར་དང། སྐྱ་རུ་ར་དང། དྷ་ཏ་ཀའི་མེ་ཏོག་དང། དུག་མོ་ཉུང་གི་ཤུན་ལྤགས་དང། སྐྲོ་ལོ་རྣམས་ལྷན་ཅིག་ཏུ ་སྦྱར་བ་དང། སྨན་གྱི་སྦྱོར་བ་འདི་བཞི་ལས་གང་ཡང་རུང་བ་ཆ་མཉམ་སྟེ་སྐོལ་པའི་ཁུ་བ་བསྒྲངས་པ་དང། ཁར་དང། སྦྲང་རྩི་དང། སྦྱར་པ་ནི་ཁྲག་ལུང་བའི་ནང་མྱུར་དུ་སེལ་བའི་མཆོག་ཡིན་ཏེ། ཤིན་ཏུ་གྲང་མོར་བཏུང་ངོ། །པྲི་ཡཾ་ཀུ་དང། སྐྱེར ་ཁཎ?་དང། ས་ཚིག་པ་དང། གསེར་ཕྲོམ་རྣམས་ལྷན་ཅིག་ཏུ་ཞིབ་ཏུ་བཏགས་པའི་ཕྱེ་མ། ལྡུམ་བུ་བཤ་ཀ་བརྡུངས་པའི་ཁུ་བ་འམ། སྒོལ་བའི་ཁུ་བ་བསྒྲངས་པ་གང་ཡང་རུང་བ་ཁར་དང། སྒྲང་རྩི་དང། སྦྱར་བའི་ནང་དུ་བཏབ་སྟེ། འཐུངས་ན ་ཡང་ཁྲག་ལུད་བའི་ནང་སེལ་ཏོ། །ཆུ་སྲིན་གྱི་སེན་མོ་དང། ཤུག་པ་དང། གནདྷ?་བྲི་ཡཾ་ཀུ་དང། གསེར་ཕྲོམ་དང། བཅིག་རྣམས་ལས་གང་ཡང་རུང་བའི་ཕྱེ་མ་ཆར་བའི་ཆུ་ཁར་དང་སྦྱར་བའི་ནང་ཏུ་བཏབ་སྟེ་འཐུངས་ན་ཡང་ཁྲག་འབྱུང་བ ་གཅོད་དོ། །སང་ལྡེང་དང། སཔཏ་པརྞ་དང། པརྠ་དང། ཤལམ་ལི་དང། ཀོ་བི་ད་ར་རྣམས་ཀྱི་མེ་ཏོག་གི་བྱེ་མ་སྦྲང་རྩི་དང་སྦྱར་ཏེ་ཟོས་ན་ཡང་ཁྲག་ལུང་བ་སེལ་ཏོ། །ུ་དུམ་བ་ར་དང། ཏཾ་པ་ལ་དང། ཨ་?་ར་དང། འབྲ་གོ་དང། རྒུན་རྣམས ་ཀྱི་འབྲས་བུ་སྨིན་པ་ལས་གང་ཡང་རུང་བ་སྦྲང་རྩི་དང་སྦྱར་ཏེ་ཟོས་ན་ཡང་ཁྲག་ལུང་པའི་ནང་སེལ་ཏོ། །ཀུ་ཤནམ་པའི་འབྲས་བུ་རློན་པ་ཤུན་ལྤགས་བཤུས་ལ་ནང་གི་ས་བོན་རྣམས་ཀྱང་བོར་ཏེ། བར་གྱི་ཤ་ཁི་ཚད་དུ་བཏུབས་ལ། བརྡོས ་བསྲང་བརྒྱད་བ་ཧྭཌ་སྲང་བརྒྱ་དང་ཞུན་མལ?་ཟང་པོ་སྲང་སུམ་ཅུ་རྩ་གཉིས་ལྷན་ཅིག་ཏུ་སྐོལ་བའི་ནང་དུ། དྲི་གསུམ་ཞེས་བྱ་བ། ཤིང་ཚ་དང། གནདྷ་པ་ཏྲ་དང། སུག་སྨེལ་རྣམས་དང། འུ་སུའི་འབྲས་བུ་དང། ན་ལེ་ཤཾ་དང། འདི་རྣམས་ལ་སྲང་ཕྱེད་ཕྱེད་དང། པི་པི་ལིང ་དང། བཅའ་སྒ་དང། གོ་སྙོད་དང་རྣམས་ལས་སྲང་གཉིས་གཉིས་དང། འདི་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མ་བཏབ་སྟེ་བསྒྲངས་ལ། སྦྲང་རྩི་ཞུན་མར་གྱི་ཕྱེད་དང་སྦྱར་ཏེ་ཟོས་ན་ཡང་ཁྲག་ལུད་པའི་ནང་སེལ་ཏོ། །གློ་རྡོལ་བ་དང། གློ་གཅོང་ཟང་བྱང ་ཀྱི་ནང་དང། དབུགས་མིང་དཔའ་ཨི་ནད་དང། སྙིང་སྟོང་ལྔར་བ་དང། ཐིབས་བྱེད་ཅེས་བྱ་བ་དང། རིམས་དང། སྐོམ་པའི་ནང་དང། ལུད་པ་དང། སྐྱུག་པ་རྣམས་ཀྱང་འཇོམས་པར་བྱེད་ལ། གློ་ལ་ཕན་ཞིང། ཤ་སྐྱེ་བ་དང། རོ་ཙ་བ་དང། ཉམ་སྟོབས ་བསྐྱེད་པ་དང། ཤ་མདོག་བཟང་བ་དང། སྐད་སྙན་པར་འགྱུར་རོ། །རྒུན་དང། འོ་མ་བཞི་པ་ཞེས་བྱ་བ། ས་ལ་པརྞི་དང། པྲི་ཤཾ་པརྞི་དང། མུངྒ་བརྞི?་དང། མ་ཤ་པ་རྞི་རྣམས་དང། བ་ལ་དང། བཅའ་སྒ་དང། གཟེ་མ་དང། ཉེའུ་ཤིང་གི་རྩ་བ་དང། འདི ་རྣམས་ལས་གང་ཡང་རུང་བ་འོ་མ་དང་སྐོལ་ཏེ་འཐུངས་ན་ཡང་ཁྲག་ནང་སེལ་ཏོ། །ཁར་དང། ཨེ་ཡ་བ་ལུ་ཀ་དང། རྩཝ་དུརྦ་དང། ཙན་དན་རྣམ་གཉིས་དང། གླ་སྒང་དང། ཤུག་པ་དང། མེ་ཏོག་ཨུཏཔ་ལའི་གཟེམ་དང། བཙོང་དང། པུ་ཤེལ་ཙེ་རྣམས ་ཀྱི་ཕྱེ་མ་ཆ་མཉམ་སྟེ། རའི་མར་དང། འོ་མ་མར་གྱི་བཞི་འགྱུར་དང། ཆར་པའི་ཆུའི་ནང་དུ་སྐོལ་ཏེ། མར་གྱི་ཉི་ཚེ་ལུས་པ་ལས་བཏུང་བ་དང་དང། མས་བཏང་བ་དང། ལུས་བསྐུ་བ་དང། སྣར་བླུགས་པ་གང་ཡང་རུང་བ་བྱས་ན་ཡང་ཁྲག་ལུད་པའི ་ནད་སེལ་ཏོ། །བི་ད་རི་དང། ཤིང་མངར་དང། མེ་ད་རྣམ་གཉིས་དང། དིན་ཏ་ལིའི་ཤིང་ཏོག་དང། བལ་པོ་སེའུ་དང། ཉེའུ་ཤིང་དང། ལྡུམ་བུ་ཀ་ཀོ་ལི་དང། ཁ་ལུང་གི་ཤགས་མ་དང། འདི་རྣམས་ཆ་མཉམ་སྟེ་ཞིབ་ཏུ་བཏགས་པའི་ཕྱེ་མ། མར ་དང། འོ་མ་མར་གྱི་བཞི་འགྱུར་དང། ཆུའི་ནང་དུ་སྦེལ་ཏེ། མར་ཉི་ཚེ་ལུས་པ་ལས་ཅི་རན་པར་ཟོས་ན། རིམས་སེལ་ཅིང་ཕྱིས་འགགས་པ་དང། ལྟོ་ཀློ་བ་དང། ཟུག་ཅིང་ན་བ་འཇོམས་པར་བྱེད་དེ། ལུད་བ་དང། ཁྲག་ལུང་བ་ནད ་མེད་པར་བྱེད་དོ། །སྣ་ནས་ཁྲག་འབྱུང་བ་ལ་ནི། དུང་དང། བཙག་དང། དྷ་ཏ་ཀའི་མེ་ཏོག་དང། ཤིང་མངར་རྣམས་གང་ཡང་རུང་བའི་ཕྱེ་མ་བཅགས་པ་བུད་མེད་གྱི་ནུ་ཞོ་དང་སྦྱར་ཏེ། སྣར་བླུགས་ན་གཅོད་པར་འགྱུར་རོ། །བལ་པོ་སེའུའི་ཁུ་བ་དང ་རྩཝ་དུ་རྦའི་ཁུ་བ་དང། ཤིང་ལོག་ཀོག་གི་ཚིག་གུ་དང། ཀུན་དོང་གི་ཁུ་བ་འདི་རྣམས་ལས་གང་ཡང་རུང་བ་སྣར་བླུགས་ན་ཡང་སྣ་ཁྲག་ཟག་པ་གཅོད་དོ། །ཁྲག་ལུང་བ་ཟུར་དུ་བྱུང་པ་ལ་ནི། ཁྲག་ཆང་ཀྱི་ཆོ་ག་སྔར་བཤད་པ་བཞིན་དུ་བྱའོ། །ཁྲག ་ལུང་པ་པོ་མཚན་ནས་འབྱུང་བ་ལ་ནི། མཁྲིས་པ་ལས་གྱུར་བའི་གཅིན་ནད་ཀྱི་ཆོ་ག་རྒྱས་པར་འོག་ནས་འབྱུང་བ་བཞིན་དུ་བྱའོ། །ཁྲག་ལུང་པ་བུད་མེད་ཀྱི་མོ་མཚན་ལས་འབྱུང་བ་ལ་ནི། འོ་མ་ཁ་ར་དང། སྦྲང་རྩི་དང་སྦྱར་བ་བླུད་ན་ཕན་ཏེ་ཞི་བར ་འགྱུར་རོ། །ཡང་ན་བཅག་ཡུག་སྣམ། ཤིང་འཛམ་བུའི་ལོ་མ་དང། ཨུཏཔ་ལའི་རྩ་བ་རྣམས་ལས་གང་ཡང་རུང་བའི་ཕྱེ་མ་འབྲས་བཀྲུས་པའི་ཁུ་བ་སྦྲང་རྩི་དང་སྦྱར་བའི་ནང་དུ་བཏབ་སྟེ། འཐུངས་ན་ཡང་མོ་མཚན་ནས་འབྱུང་བའི་ཁྲག་འཆང་པར ་འགྱུར་རོ། །ཡང་ན་སྨན་ཨ་ནནད་དང། གནདྷ་པྲི་ཡཾ་ཀུ་དང། ཙན་དན་དང། ནཱ་ག་གེ་སར་རྣམས་གང་ཡང་རུང་བའི་ཕྱེ་མ་ཆང་དང་སྦྱར་ཏེ་འཐུངས་ན་ཡང་མོ་མཚན་ནས་འབྱུང་བའི་ཁྲག་འཆད་པར་འགྱུར་རོ། །ཡང་ན་མོན་སྲན་སྣེའུ་དམར་རུའི་རྩ་བའི ་ཕྱེ་མ། སྦྲང་རྩི་དང། སྐྱེར་ཁཎྜེ་རྣམས་འབྲས་བཀྲུས་པའི་ཁུ་བ་དང་སྦྱར་ཏེ། དཀྲུགས་ལ་འཐུངས་ན་ཡང། མོ་མཚན་ནས་འབྱུང་བའི་ཁྲག་གི་རྣམ་གྲངས་ཐམས་ཅད་སེལ་བར་བྱེད་དོ། །ཡང་ན་ལྡུམ་བུ་བུ་ན་སྣ་བ་དང། ཤ་ལུ་ཀ་དང། སྲན ་ཆུང་དང་?་ཨ་ལམ་བུས་རྣམས་ལས་གང་ཡང་རུང་བ་བཅོས་བས་མོ་མཚན་ལ་དུགས་བྱས་ན་ཡང་ན་བ་སེལ་ཏོ། །ཡང་མུངྒ་བར་ནི་བཏགས་ཏེ། ཏིལ་མར་དང་བཙོས་པའི་ནང་དུ། སྲིན་བལ་ལམ། ཤིང་བལ་སྨྱུགས་ལ་མོ་མཚན་ཕྱི་ནང་དུ་བཞག་ན་ཡང་ཁྲག ་གཅོད་ཅིང། འཇམ་ལ་བདེ་བར་འགྱུར་རོ། །སྤྱིར་ན་ཁྲག་ལུང་བའི་ནང་ཡོང་བ་ལ་ནཾ?། ཆུ་གྲང་མོའི་ནང་དུ་འཇུག་བ་དང། ལུང་ལ་ཆུ་གྲང་མོ་ཐུགས་པར་སོགས་པ་དགེ་བ་ཡིན་ཏེ། ཁ་ཟས་ཀྱངས་ལུ་དང། མོན་སྲན་སྡེའུ་ལ་སོགས་བ་དང། རི་དགས ་དང་བྱའི་ཤ། བསིལ་བའི་བག་རྣམས་བཟང་ངོ། །ཁྲག་རྒྱས་པའི་ནད་གསོ་བའི་ལེའུ་སྟེ་བདུན་པ་རྫོགས་སོ།། །།དེ་ནས་གཅོང་ཆེན་པོ་གསོ་པའི་ལེའུ་བཤད་པར་བྱའོ། །དེ་ལ་གཅོད་ཆེན་པོའི་ནང་ནི། ནང་གཞི་བཞི་ལས་འབྱུང་སྟེ། དེ ་ཡང་བརྩལ་དྲགས་བ་དང། ཟད་ཕྱེད་ཀྱི་ནང་དང། ཕྱིས་དང། གཅིན་འགགས་པ་དང། དུས་སུ་མི་ཟ་བ་དང་འརྒྱུ་འདི་བཞི་ལས་འབྱུང་ངོ། །དེའི་མཚན་མ་ནི། སྐད་འགགས་པ་དང། ལུང་པ་དང། དབུགས་མི་བདེ་བ་དང་ཡི་ག་འཆུས་པ་དང། ་རིམས་དང། ཀླད་བ་ན་བ་དང། ཐལ་གོང་ན་བ་དང། རྩིབ་ལོགས་ན་བ་དང། སྙིང་ན་བ་དང། མཁལ་རྐེད་ན་པ་དང། ཁྲག་དང། བད་ཀན་སྐྱུག་བ་དང། རྣམ་བ་བཅུ་གཅིག་པོ་འདི་རྣམས་ཡིན་ནོ། །མཚན་མ་དེ་དག་གིས་ཉམ་ཐག་པར་གྱུར་ལ། ཤ་ཟད ་ཅིང་ཉམ་སྟོབས་མེད་པར་གྱུར་པ་ནི་ངོར་བར་བྱའོ། །དེ་མ་ཡིན་བ་གཞན་ནི་སྨན་དང། ལྡན་པ་ཞིག་ན་ཆོ་ག་སྨྱུར་ཏེ་བྱའོ། །ཁ་ནས་རྣག་འདྲ་བ་དང། བད་ཀན་དམར་པ་དང། སྔོ་སྐྱ་དང། ལྗང་གུ་དང། སྔོན་པོ་དང། སེར་པོ་འབྱུང་ལ་དབུགས་མི་བདེ་བ ་དང། ལུང་བས་དགར་ཏེ་ཉམ་ཐག་པ་དང། སྐད་འགགས་པ་ནི་མི་འཚོའོ། །ཁ་ཟས་ཕལ་ཆེར་ཕྱིས་དང། གཅིན་འབའ་ཞིག་ཏུ་གྱུར་ལ། ཤ་སྐམ་ཞྔ་ལུས་ཟུངས་ཟད་དེ། ཕྱིས་ཁོང་ན་ཡོད་པ་ཙམ་གྱིས། སྲོག་ཟུངས་བྱས་བ་གང་ཡིན་པ་དེ་ལ ་ནི་ཁོང་ན་ཡོད་པ་དེ་མི་བཀྲུ་བར་རྟག་ཏུ་བསྲུང་བར་བྱའོ། །ཉམ་སྟོབས་ཡོད་ལ་གཅོད་ཆེན་པོ་ན་བ་ལ་ནི། གསོ་བའི་ལས་སྐྱུག་སྨན་དང། བཀྲུ་སྨན་དང། སྨན་སྣང་བླུགས་པ་དང། བཀྲུ་སྨན་དྲག་པོ་མས་བཏང་བ་དང། འཇམ་རྩི ་ནས་བཏང་བའི་ལས་འདི་ལྔ་བྱའོ། །ལུས་ཀྱི་ཤ་ཟད་པ་ལ་ནི་ལས་ལྔ་པོ་འདི་དག་བྱས་ན། དེ་དག་ཉིད་དུག་དང་འདྲ་བར་འགྱུར་ཏེ་བྱར་མ་རུང་ངོ། །གཅོང་ཆེན་པོ་ན་བའི་ཁ་ཟས་ན། འབྲས་ས་ལུ་དང། འབྲས་ཞག་དྲུག་ཅུས་སྨིན་པ་དང། གྲོ་དང། ་ནས་དང། མོན་སྲན་སྡེའུ་ལ་སོགས་པ་དགེའོ། །སྐོམ་དུ་ནི་ཆང་བཟང་ངོ། །བྱ་ནང་ནི། བྱ་དང་རི་དགས་ཀྱི་ཤ་ནང་དེ་དང་འཕྲད་པའི་རྣམས་རུང་ངོ། །དེའི་སྨན་ནི་པི་པི་ལིང་དང། རྒུན་དང། ཁ་ར་རྣམས་ཀྱི་ཕྱེ་མ་ཏིལ་མར་དང། མར་སྤྲང་རྩིས་སྦྱར་བའམ། ཡང ་ན་ཨ་ཤྭ་ག་ནདྷ་དང། པི་པི་ལིང་དང། ཁ་ར་རྣམས་ཀྱི་ཕྱེ་མ་སྒྲང་རྩི་དང། ཞུན་མར་དང་སྦྱར་བ་ཟོས་ན་གཅོད་ཆེན་པོ་སེལ་བར་བྱེད་དོ། །ཡང་ན་བུ་བྲན་ཤིང་དང། རྒུན་དང། པི་པི་ལིང་དང། ཨ་རུ་ར་དང། བྲ་གོ་དང། བྱི་ཚེར་རྣམས་ལྷན་ཅིག་ཏུ་སྦྱར ་བ་དང། བུ་རམ་དང། སྐྱུ་རུ་ར་དང། འབྲས་ཡོས་དང། ཀྲུ་ཏྲུག་ཏྲེས་དང། པི་པི་ལིང་དང། བཅའ་སྒ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང། མ་ནུ་དང། ལི་ཟུར་བ་དང། ར་མཉེ་བ་དང། ཁ་ར་དང། བྱིའུ་རུག་པ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང། སྨན་གྱི ་སྦྱོར་བའི་ད་རྣམས་ལས་གང་ཡང་རུང་བའི་ཕྱེ་མ་མར་དང། སྤྲང་རྩི་ཤེས་བསྐྱེད་དེ། སྦྱར་བ་ཟོས་ན། ལུང་པ་དང། དབུགས་མི་བདེ་བསེལ་ཅིང། སྐད་འགགས་པ་འབྱང་པར་འགྱུར་རོ། །བལ་བུའི་ལོ་མ་དང། ན་ལེ་ཤམ་དང། བཅའ་སྒྲ ་དང། པི་པི་ལིང་རྣམས་ཡས་ཀྱི་རིམས་བཞིན་དུ་དང་པོ་ཆ་ལས་རེ་རེ་ས་པ་སྐྱེད་པ་དང། ཤིང་ཆེ་དང། སུག་སྨེ་ལ་དང། བལ་བུའི་ཚད་ཀྱི་ཕྱེད་ཕྱེད་དང། ཁ་ར་པི་པི་ལིང་གི་བརྒྱད་འགྱུར་དང། འདི་རྣམས་བཏང་སྟེ་ལྷན་ཅིག་ཏུ་སྦྱར་བའི་ཕྱེ ་མ་སྨན་ནི། ལུད་པ་དང། དབུགས་མི་བདེ་བ་དང། ཡིག་འཆུས་པ་དང། མཆེར་པ་ན་བ་དང། རིམས་དང། སྐེམ་པའི་ནང་དང། ཕོ་བའི་མེ་དྲོང་ཆུང་བ་རྣམས་སེལ་ཞིང་སྙིང་ལ་ཕན་ཏེ། འཁྲུ་བ་དང། སྐྲན་དང། གཞང་འབྲུམ་དང། སྐྱུག་པ་རྣམས་སེལ་ཏོ།། ་བཅའ་སྒ་དང། པི་པི་ལིང་དང། ན་ལེ་ཤམ་དང། ནཱ་ག་གེ་སར་གྱི་མེ་ཏོག་དང། ཤིང་ཚ་དང། སུག་སྨེལ་དང། འདི་རྣམས་མས་ཀྱི་རིམ་བཞིན་དུ། ཐ་མའི་ཆ་རེ་རེས་བསྐྱེད་པ་དང། དེ་རྣམས་བསྡོམས་པའི་ཚད་དང། མཉམ་པའི་ཁ་ར་དང། འདི་རྣམས ་བཏགས་ཏེ་སྦྱར་པའི་ཕྱེ་མ་ནི། ལྐོག་མ་འགགས་པ་ལ་ཕན་ཞིང། སྙིང་ན་བ་དང། སྐྲན་དང། གཞང་འབྲུམ་གྱིས་ཉམ་ཐག་པ་རྣམས་སེལ་ཏོ། །ཤིང་ཚ་དང། སུག་སྨེལ་དང། པི་པི་ལིང་དང། སྨྱིག་རྐང་དང། ཁ་ར་རྣམས་ཡས་ཀྱི་རིམ་བཞིན་དུ། ་དང་པོའི་ཆ་ཉིས་འགྱུར་ཉིས་འགྱུར་གྱི་བསྐྱེད་དེ། བཏགས་པའི་ཕྱེ་མ་སྦྲང་རྩི་དང། མར་གྱི་སྦྱར་བའི་ཕྱེ་མ་ནི། རྩིབ་ལོགས་ན་བ་དང། དབུགས་མི་བདེ་བ་དང། ལུང་པ་སེལ་ཞིང་ཡི་ག་འབྱེ་བར་བྱེད་དོ། །ཉེའུ་ཤིང་དང། པི་ད་རི་དང། ཨ་ཤྭ་གནདྷ་དང། ་ཨ་རུ་ར་དང། པུརྣ་ཎ་བ་དང། བ་ལ་དང། ཨ་ཏི་བ་ལ་དང། ན་ག་བ་ལ་དང། གཟེ་མ་རྣམས་ཀྱི་ཕྱེ་མ། མར་དང། སྦྲང་རྩི་དང་སྦྱར་ཏེ་ཟོས་ན། ཟད་བྱེད་ཀྱི་གཅོང་ཆེན་པོ་ཟད་པར་བྱེད་དོ། །བྲག་ཞུན་དང། སྦྲང་རྩི་དང། ཚ་བ་གསུམ་དང། དྲུག་མར་ཅིང་དང ་ལུགས་ཀྱི་ཕྱེ་མ་རྣམས་སྦྱར་ཏེ་ཟོས་ལ། ཁ་ཟས་སུ་འབྲས་ཅན་དང། འོ་མ་ལྡན་པར་ཟབ་གང་ཡིན་པ་དེའི་གཙང་ཆེན་པོ་ནི་མྱུར་དུ་འབྱང་བར་འགྱུར་རོ། །སྦྲང་རྩི་དང། དྲུབ་མར་ཅང་དང། བྱི་དང་ག་དང། བྲག་ཞུན་དང། ལྕགས་ཀྱི་ཕྱེ་མ་དང། མར ་དང། ཨ་རུ་ར་རྣམས་སྦྱར་བ་ཟ་ཞིང། ཁ་ཟས་མཐུན་ཞིང་འཕྲོད་པ་ཟ་བ་ནི། གཅོང་ཆེན་པོ་མི་ཟད་པ་སེལ་པར་འགྱུར་རོ། །ཡང་ན་གཅོད་ཆེན་པོའི་ནང་ཡོད་པས། ཁ་ར་དང། སྦྲང་རྩི་དང། མར་གསར་སྦྱར་བ་འམ། ཡང་ན་མར་དང། སྦྲང་རྩི་ཆ་མི ་མཉམ་པར་སྦྱར་བ་ཟོས་ལ། ཁ་ཟར་སུ་འབྲས་ཆན་དང། འོ་མ་དང་ལྡན་པར་ཟོས་ན་ཤ་བརྟ་བར་འགྱུར་རོ། །སྨན་ནིར་གུནྟིའི་རྩ་བ་དང། པོ་མ་དང་བཅས་བར་བརྡུངས་པའི་ཁུ་བ་མར་དེའི་བཞི་ཆ་དང། ལྷན་ཅིག་ཏུ་སྐོལ? ་ལ། མར་ཉི་ཚེ་ལུས་པ་ལས་རན་བར་འཐུངས་ན། གཅོད་ཆེན་པོའི་ནད་ཀྱིས་ལུས་ཟུངས་ཟད་པར་གྱུར་པ་ལས་སླར་ཉམ་སྟོབས་བསྐྱེད་ཅིང་བརྟ་བར་བྱེད་དེ། ནད་ངོ་ཅོག་ཀྱང་སེལ་ཏོ། །མནུ་དང། ལི་ཟུར་བ་དང། རྒུན་དང། བ་ལ་དང། མེ ་ཏོག་ཨུཏཔ་ལ་དང། པི་པི་ལིང་དང། ཛཧ་ཏ་དང། ཛི་བནྟི་དང། ཤིང་མངར་དང། བྱ་གཏི་དང། ཁྱི་ལྕེ་བ་དང། བྱི་ཚེར་དང། དུག་མོ་ཉུང་གི་ཤུན་ལྤགས་དང། གཟེ་མ་རྣམས་ཆ་མཉམ་སྟེ་བཏགས་པའི་ཕྱེ་མ། མར་དེའི་བཞི་འགྱུར་དང། ་ཆུ་མར་གྱི་བཞི་འགྱུར་དང། ལྷན་ཅིག་ཏུ་སྐོལ་ལ། མར་ཉི་ཚེ་ལུས་པར་བྱས་ཏེ། ཚགས་བ་ལས། ཚོད་ངན་པར་ཁུ་བཅུད་དང་སྦྱར་བ་འམ། ཤ་ཁཱུམ། འོ་མ་སྐོལ་བ་འམ། ཤིང་ཀུན་ལ་སོགས་པ་སྐོལ་བ་གང་ཡང་རུང་བ་དང་སྦྱར ་ཏེ་འཐུངས་ན། གཅོད་ཆེན་པོའི་མཚན་མ་རྣམ་པ་བཅུ་གཅིག་དང་ལྡན་པ་སེལ་བར་འགྱུར་རོ། །རའི་མར་དང། རའི་འོ་མ་དང། རའི་ཞོ་དང། རའི་གཅིན་དང། རའི་རིལ་མའི་ཁུ་བ་འདི་རྣམས་ལན་ཚྭ་རྣམ་པ་ལྔ་དང་སྐོལ་ཏེ། མར་ཉི ་ཚེ་ལུས་པ་ལས། ངན་པར་འཐུངས་ལ་དེའི་རྗེས་ལ། རའི་འོ་མ་འཐུངས་ན་གཅོད་ཆེན་པོ་སེལ་ཏོ། །ནས་ལས་བྱས་བ་འི་ཁ་ཟས་ཟོས་ལ། རའི་འབར་ཉལ་ཏེ། རའི་འོ་མ་འཐུང་ཞིང་པའི་རིལ་མ་དང། གཅིན་གྱིས་ལུས་དྲིལ་བ་དང། ཁྲུས ་བྱར་ན་ཡང་ཟད་བྱེད་ཀྱི་གཅོང་ཆེན་པོ་སེལ་ཏོ། །ཏིལ་མར་སྲང་སུམ་ཅུ་རྩ་གཉིས། འོ་མ་དེའི་བཞི་འགྱུར་དང། ཤིང་མདར་གྱི་ཕྱེ་མ་སྲང་གཅིག་དང། སྐོལ་ཏེ་འོ་མ་དུ་ནས་ཏིལ་མར་བཙགས་ཏེ། དང་ཞིང་དྲི་མ་མེད་པར་བྱས་ལ། ཡང་འོ་མ ་བཞི་འགྱུར་དང། ཤིང་མངར་གྱི་ཕྱེ་མ་སྲང་གཅིག་དང། སྐོལ་ཏེ་འོ་མ་དུ་ནས་ཏིལ་མར་བཅགས་ལ། འོ་མ་དང། ཤིང་མངར་གྱིས་སྔ་མ་བཞིན་དུ་བསྣན་ཞིང། སྐོལ་བ་དེ་ལྟ་བུའི་ཚུལ་དུ་ཤིན་ཏུ་བསྒྲིམས་ཏེ་ལན་བརྒྱར་སྐོལ་བའི་ཏིལ་མར་གྱི་བཏུང་བ་དང། ་སྣར་བླུགས་པ་དང། ལུས་བསྐུ་བ་དང། མས་བཏང་བ་རྣམས་བྱས་ན། གཅོང་ཆེན་པོ་དང། སྙིང་ན་བ་དང། རླུང་ནང་དང། སྐྱ་རྦབ་རྣམས་སེལ་ཅིང། ན་མཆོད་ཡན་ཅད་ཀྱི་ནང་དང། སྨྱོ་བྱེད་དང། ཁྲག་ལུང་པའི་ནང་དང། མེ་དཔལ་རྣམས་མེད་པར་བྱེད ་དོ། །བིལྦ་ལ་སོགས་པ་རྩ་བ་ལྔ་པ་དང། གླ་སྒང་དང། བ་ལ་དང། ལོ་མ་རྣམས་བཞི་སྟེ། ས་ལ་པརྞི་དང། སྲི་ཤན་པརྞི་དང། མུངྒ་པརྞི་དང། མ་ཤ་པརྞི་རྣམས་དང། ལྡུམ་བུ་རིཏྠི་དང། པི་པི་ལིང་དང། ལི་ཟུར་བ་དང། ཨ་རུ་ར་དང། ཚི་བ་ཀ་དང། ཟད ་རྩི་བ་དང། སླེ་ཏྲེས་དང། རྒུན་དང། པུན་སྣ་བ་དང། མེད་དང། ཛི་བནྟི་དང། ཀ་ཀ་ན་སི་ཀ་དང། མེ་ཏོག་ཨུཏཔ་པ་དང། སུག་སྨེལ་དང། ཛད་དང། བུ་བན་ཤིང་དང། བུ་ཚ་རྟོ་དང། བི་ཚེར་དང། ཙན་དན་དང། བྱི་ད་རི་དང། གཟེ་མ་དང། བྱ་དྷྲི་དང། མ་ནུ་རྣམས ་ལས་སྲང་རེ་རེ་དང། སྐྱུ་རུ་ར་འབྲུ་ལྔ་བརྒྱ་དང། འདི་རྣམས་ཆུ་ཕུལ་གང་ལ་སྲང་བརྒྱད་དུ་བརྩིས་པ་དེ་ལྟ་བུ་ཕུལ་དྲུག་ཅུ་རྩ་བཞིའི་ནང་དུ་སྐོལ་ཏེ། ཆུ་བཞི་ཆ་གཅིག་ལུས་པ་བཅགས་པ། ཁུ་བའི་ནང་དུ། ཏིལ་མར་དང། ཞུན་མར་ཕྱེད་མ། སྲང་བཅུ ་གཉིས་དང། ཁ་ར་སྲེད་ལྔ་བཅུ་བླུགས་ཏེ། ཡང་སྐོལ་ལ། བྱོག་ཏུ་རུང་པ་ཙམ་དུ་གྱུར་ཏེ། ཆོས་ནས་ཕྱུང་ལ། བསྒྲངས་པའི་ནང་དུ། པི་པི་ལིང་གི་ཕྱེ་མ་སྲང་གཉིས་དང། སྨྱིག་རྐང་སྲད་བཞི་དང། སྦྲང་རྩི་སྲང་དྲུག་དང། དྲི་སྣ་བཞི་ཞེས་བྱ་བ། ་ཤིང་ཚ་དང། གནདྷ་པ་ཏྲ་དང། སུག་སྨེལ་དང། ནཱ་ག་གེ་སར་རྣམས་ཆ་མཉམ་པ་སྦྱིར་སྲང་གཅིག་དང། འདི་རྣམས་སྦྱར་བའི་སྨན་གྱི་ལྡེ་གུའི་མིང་ནི། དྲང་སྲོང་ཙཡ་པ་ནའི་སྨན་ཞེས་བྱ་སྟེ། འདི་ལས་རན་བར་ཟོས་ན། སྙིང་ན་བ་དང། དབུགས་མི ་བདེ་བ་དང། སྐོམས་པའི་ནད་དང། ལུང་བ་དང། དྲེག་དང། ཟད་བྱེད་ཀྱི་གཅོད་ཆེན་བོ་རྣམས་ཀྱིས་ཉམ་ཐག་པ་སེལ་ཅིང། ཡིད་གཞུངས་པ་དང། སྐང་སྙན་པ་དང། རོ་ཙ་བར་བྱེད་དེ། སྨར་བཅུད་ཀྱིས་ལེན་དུ་འགྱུར་རོ། །ཤིང ་ཀ་པིཏྟའི་འབྲས་བུ་དང། བྱི་ཤལ་གཉིས་ལས་སྲང་བཅོ་ལྔ་བཅོ་ལྔ་དང། སྐྱུ་རུ་ར་རློན་པ་ཀྲང་སུམ་ཅུ་རྩ་གཉིས། སྐམ་ན་སྲང་བཅུ་དྲུག་དང། ཨ་རུ་ར་དེའི་ཕྱེད་དང། པི་པི་ལིང་དང། ཨེལ་བ་ལུ་ཀ་དང། གསེར་ཕྲོ་མ་དང། བྱི་དང། ་ག་དང། ན་ལེ་ཤམ་རྣམས་ལས་སྲང་གཉིས་གཉིས་ཆུ་ཕུལ་དྲུག་ཅུ་རྩ་བཞིའི་ནང་དུ་སྐོལ་ལ། བཞི་ཆ་གཅིག་ལུས་པའི་ཁུ་བ་བཙགས་ཏེ། བསྒྲངས་པའི་ནང་དུ་བུ་རམ་སྲང་ཉིས་བརྒྱ་བླུགས་ཏེ་སྦྱར་བ་དེ་འཐུངས་ན། གཞང་འབྲུམ་དང། ་གཅོང་ཆེན་པོ་དང། མཛ་ནད་སེལ་ཞིང། སྲང་བ་དང། སྐྱ་རྦབ་དང། རིམས་དང། མཆེད་བ་ན་བ་དང། སྙིང་ན་བ་དང། མཁལ་རྐེད་ན་བ་དང། སྐྲན་མེད་བར་བྱེད་ལ། ཕོ་བའི་ནད་དང། མིག་སེར་དང། ཤ་ཀྲ་དང། སྲིན་བུ་དང། ཡིག ་འཆུས་པ་རྣམས་སེལ་ཏོ། །གཅོང་ཆེན་པོའི་ནང་ལ་རིམས་ལ་སོགས་པའི་ནང་བླ་གཉན་གཞན་ཞིག་བྱུང་ན། གསོར་རུང་བ་གང་ཡིན་པ་དེ་དག་སོ་སོའི་གསོ་བའི་ཆོ་ག་བྱའོ། །མདོར་ན་སྐེམ་པའི་ནང་གཅོང་ཆེན་པོ་ཡོང་པ་ལ་ནི ་ལུས་བཀུར་བ་དང། དྲི་བལ་སོགས་པས་ལུས་བརྟ་ཞིང། ཉམ་སྟོབས་བསྐྱེད་བར་བྱའོ། །གཅོང་ཆེན་པོ་གསོ་བའི་ལེའུ་སྟེ་བརྒྱད་པའོ།། །།སྐྲིན་ཁ་ཟས་ཀྱི་ཉེས་པ་དང། འདུག་ཉལ་ལ་སོགས་པ་གནས་པའི་ཉེས ་པ་ལས་རླུང་ལ་སོགས་པ་ཤིན་ཏུ་འཁྲུགས་ནས། ཁོང་པའི་ནང་དུ་སྐྲན་ཕུར་མ་ལྟ་བུར་འདུག་པ་རྣམ་པ་ལྔར་འགྱུར་ཏེ། ལྔ་པ་དེ་དག་གི་གནས་ནི། བློ་གཡས་གཡོན་དང། སྙིང་ག་དང། ཆུ་སོ་རྣམས་ཡིན་ནོ། །གཞན་གང་དེའི་མཚན ་མ་དང། གསོ་བའི་ཐབས་དང་བཅས་པ་ཡང་བསྟན་པར་བྱ་སྟེ། དེ་ལ་སྐྲན་ནོ་ཅོག་ནི། ཡི་ག་འཆུས་པ་དང། ཕྱི་མ་དང། གཅིན་སྲི་བ་དང། རླུང་གི་ཤེས?་ཆེ་བ་དང། རྒྱུ་མ་འཁྲུགས་པ་དང། ལྟོ་སྦོ་བ་དང། སྒྲེགས་པ་མང་དུ་འོང་བའི་མཚན་མ་རྣམས་ཀྱིས་རྟོགས་པར་བྱའོ། །དེ ་ལ་རླུང་ལས་གྱུར་བའི་སྐྲན་གྱི་མཚན་མ་ནི། ཟུར་ཅིང་གཟེར་བ་དང། ལྟོ་སྦོ་བ་དང། ཕྱི་ས་དང། གཅིན་འགགས་པ་དང། སྐྲན་ཉིད་འཕར་བ་དང། གནས་འཕོ་བ་དང། ཆེ་ཆུང་དུ་འགྱུར་བ་དང། ལྟག་པ་དང། མགོ་བོ་དང། ཟ་འགྲམ་དུ་ཟུག་པ་དང། རུ་ཤིང་ན་བ ་རྣམས་ཡིན་པར་བསྟན་ཏོ། །མཁྲིས་པ་ལས་གྱུར་པའི་སྐྲན་གྱི་མཚན་མ་ནི། ལུས་ཆ་བ་དང། སྐོམ་དང་ཆེ་བ་དང། མགོ་འཁོར་བ་དང། རྡུལ་འབྱུང་བ་དང། སྒྲེགས་བ་སྐྱུར་བ་དང། ཁར་ཁ་བ་བྲོ་བ་དང། སྐྲན་ཉིད་རེག་ཏུ་མི་བཟོང་བ་རྣམས་ཡིན་པར ་བསྟན་ཏོ། །བད་ཀན་ལས་གྱུར་པའི་སྐྲན་གྱི་མཚན་མ་ནི། མཆིལ་མ་མང་བ་དང། ཡི་ག་འཆུས་པ་དང། བྲང་ཚ་ཞིང་ཁ་ནས་ཆུ་འབྱུང་བ་དང། དབུགས་མི་བདེ་བ་དང། ལུང་པ་དང། ཁ་ཟས་འཇུར་མི་བཏུབ་པ་དང། སྐྲན་ཉིས་ས་ཟིང་ཕྱིར་རློ་བ་དང ་སྐྱུག་པ་རྣམས་ཡིན་ནོ། །འདུས་པ་ལས་གྱུར་པའི་སྐྲན་གྱི་མཆན་མ་ནི། སྐྲན་ཉིད་མི་ཟད་པར་ན་ཞིང། ཚ་འུར་འུར་པོར་འདུག་པ་དང། རྡོ་བཞིན་དུ་སྲ་ཞིང་ཕྱིར་རློ་བ་དང། སེམས་དང། ལུས་དང། མེའི་དྲོང་ནམས་པར་བྱེད་པ་རྣམས་ཡིན་ཏེ། གསོར་མི ་རུང་ངོ། །བུད་མེད་ཀྱི་ཁྲག་སྐྲན་ནི། མངལ་རླུག་པ་དང། བུ་བྱུང་བ་དང། ཟླ་མཚན་འཛགས་པ་ལས་འགྱུར་ཏེ། སྐྲན་ཉིད་ན་ཞིང་ཚ་བ་འུར་འུར་བོར་འདུག་?་སྒྲུབ་མ་དང་འདྲ་བར་འགྱུར་རོ། །དེ་ལ་སྐྲན་གྱིས་ཉམ་ཐག་སྟེ། རུས་སྦལ་བཞིན་དུ་ཕྱི་རོལ་ཏུ་རློ་ཞིང ་རྩ་མངོན་ལ་ནང་མང་པོ་བླ་གཉན་གཞན་གྱིས་ཀྱང་ཐེགས་ཤིང། སྙིང་ག་དང། ལྟེ་བའི་ཕྱོགས་དང། རྐང་ལག་སྐྲངས་ཏེ་མི་བཟོད་པར་གྱུར་བ་ནི་སྦང་བར་བའོ། །དེ་ལ་རླུང་ལས་གྱུར་པའི་སྐྲན་ལ་ནི། ཐོག་མར་སྨན་མར་བླུད་དོ། །དེའི་འོག་ཏུ་ཕྱེ ་མའི་སྨན་དང། ལུས་སྣུམ་གྱིས་བསྐུ་བ་དང། དུག་དང། བཀྲུ་སྨན་དྲག་བ་མས་བཏང་བ་དང། འཇམ་རྩི་མས་བཏང་བ་རྣམས་ཀྱིས་གསོ་བར་བྱའོ། །དེ་ལ་སྨན་མར་ནི་བྱི་དང་ག་དང། འབྲས་བུ་གསུམ་དང། ཚ་བ་གསུམ་དང། ་དབྱི་མོའི་ལ་མ་དང། འུ་སུའི་འབྲས་བུ་དང། ཀྲུ་ཏྲུག་ཏྲེས་རྣམས་ཀྱི་མར་དང། འོ་མ་དང། ཆུའི་ནང་དུ་སྐོལ་ལ་མར་ཉི་ཚེ་ལུས་པ་ལས་རན་པར་འཐུངས་ན་རླུང་ལས་གྱུར་པའི་སྐྲན་སེལ་ཏོ། །ཁ་རུ་ཚ་དང། ནས་ཚིག་འཁུས་པའི་ཐལ་བ་དང། ་ཤུ་དག་དང། པུ་ཙེ་ཤེལ་དང། ཨ་རུ་ར་དང། ཀྲུ་ཏྲུག་ཏྲེས་དང། བྱི་དང་ག་དང། ཚ་བ་གསུམ་པོ་རྣམས་ཀྱི་ཕྱེ་མ། ཞོ་གཉིས་གཉིས། མར་སྲང་སུམ་ཅུ་རྩ་གཉིས་དང། འོ་མ་དེ་དང་མཉམ་པ་དང། ཆུ་མར་གྱི་བཞི་འགྱུར་གྱི་ནང་དུ་སྐོལ་ཏེ། མར ་ཉི་ཚེ་ལུས་པ་ལས་རན་པར་འཐུངས་ན་ཡང། རླུང་ལས་གྱུར་པའི་སྐྲན་ན་བ་དང། བཅན་དུ་སེལ་ཅིང་སྐྱིགས་བུ་དང། དབུགས་མི་བདེ་བ་དང། སྲིན་བུ་དང། མཆེར་པའི་ནང་དང། ལུད་པ་རྣམས་སེལ་ཏོ། །བཅའ་སྦ་དང། དབྱི་མོང་དང། ཀྲུ ་ཏྲུག་ཏྲེས་དང། པི་པི་ལིང་དང། ནས་ཚིག་འཁུས་པའི་ཐལ་བ་དང། རྒྱམ་ཚ་རྣམས་ཀྱི་ཕྱེ་མ་སྲང་རེ་རེ། སྨན་ཙི་རི་དང། བིལྦ་སྐོལ་བའི་ཁུབ་དང། མར་སྲང་སུམ་ཅུ་རྩ་གཉིས་ཀྱི་ནང་དུ་སྐོལ་ཏེ། མར་ཉི་ཚེ་ལུས་པར་བྱས་པ་ནི་སྐྲན་དང། ་རྟུག་སྐམ་དང། སྐྱ་རྦ་བ་དང། དབུགས་མི་བདེ་བ་དང། ཕོ་བའི་ནད་དང། ལུང་པ་རྣམས་སེལ་ཅིང། རིམས་དང། ཆམ་པ་དྲག་པོ་དང། མཆེར་པའི་ནད་དང། གཞང་འབྲུམ་རྣམས་ཞི་བར་བྱེད་པའི་མཆོག་ཡིན་ནོ། །ཤིང་ཀུན་དང། ་སྟང་པུ་དང། ཆ་བ་གསུམ་དང། བྱེའུ་རུག་པ་དང། སུག་སྨེལ་དང། ཤུ་དག་དང། ཅབས་རུ་ཚ་དང། ཁ་རུ་ཚ་དང། འུ་སུའི་འབྲས་བུ་དང། གོ་སྙོད་དང། ནས་ཚིགས་འཁུས་པའི་ཐལ་བ་དང། བལ་པོའི་སེའུ་དང། མ་ནུ་དང། ཨ་ཛ ་གནདྷ?་དང། ལི་ཟུར་པ་དང། ཀྲུ་ཏྲུག་རེས་དང། ལ་ལ་ཕུང་རྣམས་ཀྱི་ཕྱེ་མ། མར་དང། ཞོ་མར་དང་བཞི་འགྱུར་གྱི་ནང་དུ་སྐོལ་ཏེ། མར་ཉི་ཚེ་ལུས་པར་བྱས་བ་ནི། རླུང་ལས་གྱུར་པའི་སྐྲན་དང། ཟུག་ཅིང་ནང་དང། ལྟོ་སྦོ་བའི་ནང་རྣམས་སེལ་ཏོ། །སྤ་མའི ་འབྲུས་བུ་དང། སུག་སྨེལ་དང། ཀྲུ་ཏྲུག་ཏྲེས་དང། ཚ་བ་གསུམ་དང། དབྱི་མེད་དང། ལ་ལ་བུད་དང། རྒྱམ་ཚ་དང། གོ་སྙོད་དང། པི་པི་ལིང་གི་རྩ་བ་རྣམས་ཀྱི་ཕྱེ་མ། རྒྱ་ཤུག་གི་འབྲས་བུ་དང། ལ་ཕུག་ལྷན་ཅིག་ཏུ་སྐོལ་བའི་ཁུ་བསྐྱུར་པོར་གྱུར་པ། ་ཞོ་དང་མར་འོ་མར་ལྡན་པའི་ནང་དུ་སྐལ་ཏེ། །མར་ཉི་ཚེ་ལུས་པའི་སྐྲན་དང། ཟུག་ཅིང་ན་བ་དང། ཕྱིས་འགགས་པ་སེལ་ཅིང། མངལ་གྱི་ཉེས་པ་དང། བས་འཇུར་མི་བཏུབ་པ་དང། གཞང་འབྲུམ་དང། དབུགས་མི་བདེ་བ་དང། སྙིང་ན་བ་དང། རྩིབ ་ལོགས་ནི་བ་རྣམས་མེད་པར་བྱེད་དོ། །མར་དང་སྦྱོར་བའི་སྨན་བསྟན་པ་འདི་དག་ཉིད་ཞིབ་ཏུ་བཏགས་ཏེ་ཆུ་སྐོལ་པ་དང། ཞོ་ཁ་ཆུ་དང། ཆང་དང། རྩབས་སྐྱུར་པོ་དང། ཆ་རྣམས་ལས་གང་ཡང་རུང་བ་དང། སྦྱར་ཏེ་འཐུངས་ན་ཡང། སྐྲན་དང། ཟུག་ཅིང ་ན་བ་ལ་སོགས་པ་སེལ་བར་བྱེད་དོ། །ཤིང་ཀུན་དང། ཤུ་དག་དང། ཙ་བས་རུ་ཚ་དང། བཅའ་སྒ་དང། ལ་ལ་ཕུད་དང། ཨ་རུ་ར་དང། ཀྲུ་ཏྲུག་ཏྲེས་དང། རུ་རྟེ་རྣམས་ཡས་ཀྱི་རིམ་བཞིན་དུ། དང་པོའི་ཆ་རེས་བསྐྱེད་དེ་བཏགས་པའི་ཕྱེ་མ་ཆང་ལ་སོགS ་པ་གོང་དུ་སྨོས་པ་གང་ཡང་རུང་བ་དང་སྦྱར་ཏེ་འཐུགས་ན། སྐྲན་དང། ལྟོ་སྦོ་བ་དང། དམུ་རྫིང་སེལ་ཏེ། ཐུག་ཅིང་ན་བ་དང། གཞང་འབྲུམ་དང། དབུགས་མི་བདེ་བ་དང། ལུད་པ་འཛོམས་པར་བྱེད་ལ། པོ་བའི་དྲོད་བསྐྱེད་པར་བཤད་དོ། །ཤིང ་ཀུན་དང་?་ལུང་དང། སྟར་བུ་དང། བལ་པའི་སེའུ་དང། རྒྱམ་ཚ་དང། ཙ་བས་རུ་ཚ་རྣམས་ཀྱི་ཕྱེ་མ་ཆང་བཟང་པོ་དང་སྦྱར་ཏེ་འཐུངས་ན་ཡང་རླུང་ལས་གྱུར་པའི་སྐྲན་སེལ་ཏོ། །ཙ་བསྲུ་ཚ་དང། ཁ་རུ་ཚ་དང། སྟར་པུ་དང། ནས ་ཚིག་འཁུས?་པའི་ཐལ་བ་དང། ཤིང་ཀུན་རྣམས་ཀྱི་ཕྱེ་མ། ཞོ་ཁ་ཆུ་ལ་སོགས་བ་གང་ཡང་རུང་བ་དང་སྦྱར་ཏེ་འཐུངས་ན། སྐྲན་དང། ཟུག་ཅིང་ན་བ་དང། ཕྱིས་འགགས་པས་ཉམ་ཐག་བ་བདེ་བར་བྱེད་དོ། །བྱི་དང་ག་དང། ? ་ཧ་ཏཱི་དང། དནྟའི་རྩ་བ་དང། སྣུ་ཧ་ཀྵི་ར་དང། འབྲས་བུ་གསུམ་དང། རྒྱམ་ཚ་རྣམས་ཀྱི་ཕྱེ་མ་ཞོ་གཉིས་གཉིས་མར་སྲང་བརྒྱད་དང། ཆུ་མར་གྱི་བཞི་འགྱུར་གྱི་ནང་དུ་སྐོལ་ལ། མར་ཉི་ཚེ་ལུས་པ་ལས་ཉིན་རེ་སྲང་ཕྱེད་ཕྱེད་ཤ་ཁུ་དང ་སྦྱར་ཏེ་འཐུངས་པས། ཐུར་དུ་བཀྲུས་པས། ཁ་ཟས་ཤ་དང་ལྡན་པར་ཟོས་ན། སྐྲན་དང། རྟུག་སྐམ་དང། མཛེ་དང། གཞང་འབྲུམ་དང། མེའི་དོང་ཉམས་པ་དང། དམུ་རྫིང་རྣམས་མེད་པར་འགྱུར་རོ། །ཤིང་ཉེ་རོང་དང། སྣུམ་ཧ་ཀྵི་ར་དང ་དང། དབྱི་མོར་དང། ནས་ཚིག་འཁུས་པའི་ཐལ་བ་རྣམས་ཀྱི་ཕྱེ་རེ་རེ་དང། རྒྱ་མཚ་སྲང་ཕྱེད་དང། འདི་རྣམས་ཀྱི་ཕྱེ་མ་མར་སྲང་བརྒྱད་དང། ཆུ་མར་གྱི་བཞི་འགྱུར་གྱི་ནང་དུ་སྐོལ་ཏེ། མར་ཉི་ཚེ་ལུས་པའི་མིང་ནི་དྷི་བིནདུའི་མར་ཞེས་བྱ་སྟེ། ་འདི་ལས་ཉིན་རེ་ཞིང་ཞོ་གཉིས་གཉིས་འཐུངས་ལ། ཆུ་སྐོལ་བ་དྲོན་བོས་ཕུལ་ཏེ། ཐུར་དུ་བཀྲུས་ན། སྐྲན་ནོ་ཅོག་དང། དམུ་རྫིང་ཐམས་ཅད་འཇོམས་པར་བྱེད་དོ། །མཁྲིས་པ་ལས་གྱུར་པའི་སྐྲན་ཡོད་པ་ལ་ནི།། ཐོག་མར་བུ་ཚང་རྟོ་ལ ་སོགས་པའི་སྨན་མར་དང། མ་ཧཱ་ཏིཀྟ་ཞེས་བྱ་བའི་སྨན་མར་དང། བ་ཤ་ཀ་ལ་སོགས་པའི་སྨན་མར་རྣམས་ལས་གང་ཡང་རུང་བ་བཏང་སྟེ། ལྟོ་འཇམ་པོར་བྱས་པའི་རྗེས་ལ་བཀྲུ་སྨན་བཏང་ནས་དེའི་འོག་ཏུ་བཅུད་མས་བཏང་བར་བྱའོ། །ནྱ ་གྲོ་དྷ་ལ་སོགས་པའི་སྡོ་ཚན་དང། ཨུཏཔལ་ལ་སོགས་པའི་སྡེ་ཚན་སྔར་བཤད་པ་རྣམས་ལས་གང་ཡང་རུང་བ་སྐོལ་བའི་ཁུ་བ་དང། མར་གྱི་ནང་དུ་སྨན་འཚོ་བྱེད་ཅེས་བྱ་བ་སྣ་བཅུ་སྔར་བསྟན་པ་རྣམས་ཀྱི་ཕྱེ་མ་བཏབ་སྟེ་སྐོལ་ལ། མར་ཉི ་ཚེ་ལུས་པ་ལས་རན་པར་འཐུངས་ན་མཁྲིས་པ་ལས་གྱུར་པའི་ཁྲག་ལུང་པའི་སྐྲན་སེལ་ཏོ། ། རུ་རའི་ཕྱེ་མ་མར་ཨ་རུ་རའི་བཞི་འགྱུར་དང། སྐྱུ་རུ་ར་སྐོལ་བའི་ཁུ་བ་མར་གྱི་བཞི་འགྱུར་གྱི་ནང་དུ་བཏབ་སྟེ། སྐོལ་ལ་མར་ཉི་ཚེ་ལུས་པ་ལས་རན་པར་འཐུངས ་ན་ཡང་མཁྲིས་པ་ལས་གྱུར་པའི་སྐྲན་མྱུར་དུ་སེལ་ཏོ། །ཡང་ན་མཁྲིས་པའི་སྐྲན་ཡོད་པ་ལ་ནི་འབྲས་བུ་གསུམ་སྐོལ་བའི་ཁུ་པའི་ནང་དུ་ཤིང་ཉེ་རོང་གི་ཕྱེ་མ་བཏབ་བ་བླུད་དམ། ཡང་ན་ཁ་ར་དང། ཀམ་བྱི་ལའི་སྦྲང་རྩིས་སྦྱར་པ་བཏབ་སྟེ། ཐུར་དུ་བཀྲུ་བར་བྱའོ།། ་བད་ཀན་ལས་གྱུར་པའི་སྨན་ནི་དུགས་དང། བཅིང་བའི་དུགས་དང། སྨན་མར་བཏུང་བ་དང། བཀྲུ་སྨན་རྣོན་བོ་དང། འཇམ་རྩིམས་བཏང་བ་རྣོན་པོ་དང། བཀྲུ་སྨན་དྲག་པོ་མས་བཏང་བ་རྣོན་པོ་དང། སྔར་རླུང་སྐྲན་གྱི་ཆོ་གར་བསྟན་པ་རྣམས་ཀྱིས་ཀྱང ་གསེ་བར་བྱའོ། །དྲོད་བསྐྱེད་པ་ཞེས་བྱ་བའི་སྨན་བཅའ་སྒ་དང། པི་པི་ལང་དང། པི་པི་ལིང་གི་རྩ་བ་དང། ཀྲུ་རྡུག?་ཏྲེས་དང། དབྱི་མོར་དང། ནས་ཚིག་འཁུས་པའི་ཐལ་བ་རྣམས་ཀྱི་ཕྱེ་མ་སྲང་རེ་རེ་མར་དང་འོ་མ་སྲང་སུམ་ཅུ་རྩ་གཉིས་གཉིས་དང། ཆུ་མང ་གྱི་བཞི་འགྱུར་གྱི་ནང་དུ་སྐོལ་ཏེ། མར་ཉི་ཚེ་ལུས་པའི་མིང་ནི་སྲང་དྲུག་པའི་མར་ཞེས་བྱ་སྟེ། འདི་ལས་རན་བར་འཐུངས་ན་ཡང། བད་ཀན་ལས་གྱུར་པའི་སྐྲན་སེལ་ཏོ། །ཕོ་བའི་ནང་དང། སྐྱ་རྦབ་གྱི་ནང་དང། མཆེར་པའི་ནང་དང། ལུང་བ་དང། ་དབུགས་མི་བདེ་བ་དང། རིམས་འཇོམས་ཤིང་སྐྲང་བ་དང། རྟུག་སྐམ་མེད་པར་བྱེད་དོ། །དོང་ག་ལ་སོགས་པའི་སྡེ་ཚན་སྐོལ་བའི་ཁུ་བ་དང། མར་གྱི་ནང་དུ་དྲོད་བསྐྱེད་བ་ཞེས་བྱ་པའི་སྨན་རྣམ་བ་དྲུག་པོ་གོང་དུ་སྨོས་པའི་རྣམས་བཏགས་པའི ་ཕྱེ་མ་མར་ཉི་ཚེ་ལུས་པ་འམ། ཡང་ན་པི་པི་ལིང་ལ་སོགས་པ་དང། སྦྱར་བའི་མར་སྔར་བཤད་པ་ལས་རན་པར་འཐུངས་ན་ཡང། བད་ཀན་ལས་གྱུར་བའི་སྐྲན་སེལ་ཏོ། །ཁ་དུ་ཚ་དང། ཀྲུ་ཏྲུག་ཏྲེས་དང། ཤིང་ཀུན་རྣམས་ཀྱི་ཕྱེ་མ། ? ་བ་དང་སྦྱར་ཏེ་འཐུངས་ན་ཡང་མེའི་དྲོང་བསྐྱེད་དོ། །ཙབས་རུ་ཚ་དང། ལ་ལ་ཕུད་ཀྱི་ཕྱེ་མ་དང། དེར་བ་དང་སྦྱར་ཏེ་འཐུངས་ན་ཡང་བད་ཀན་དང། རླུང་དང་འཕྲོད། བུད་མེད་ཀྱི་མངལ་གྱི་ཁྲག་ལས་སྐྲན་དུ་ཆུར?་བཟླ་བ་བཅུ་འདས་ནས ་བུ་མ་ཡིན་ཏེ། སྐྲན་ཡིན་པར་གྱུར་ན། སྨན་མར་བླུད་པ་དང། དུགས་བྱས་བས་ལྟོ་འཇམ་པོར་བྱས་པའི་འོག་ཏུ། སྣུམ་བའི་ཆོ་ག་བྱ་སྟེ། བཀྲུ་སྨན་བཏང་ངོ། །ཤུ་ཏི་དང། ཅི་རི་བིལ་བའི་ཤུན་ལྤགས་དང། ཐང་ཤིང་དང། བརྒི་དང། པི་པི་ལིང ་རྣམས་ཀྱི་ཕྱེ་མ། ཏིལ་མར་སྐོལ་བའི་ཁུ་བ་དང་སྦྱར་ཏེ་འཐུངས་ན་ཡང། མངལ་གྱི་ཁྲག་ལས་གྱུར་པའི་སྐྲན་སེལ་ཏོ། །ཏིལ་སྐོལ་བའི་ནང་དུ། བུ་རམ་དང། ཚ་བ་གསུམ་དང། ཞུན་མར་དང། བརྒི་རྣམས་ཀྱི་ཕྱེ་མ་བཏབ་སྟེ་འཐུངས་ན་ཡང་ཁྲག ་གི་སྐྲན་སེལ་ཏོ། །བུད་མེད་ཟླ་མཚན་མི་འབྱུང་བ་ལ་ནི། སྐྱུ་རུ་ར་སྐོལ་བའི་ཁུ་བའི་ནང་དུ་ཤིང་ཀིདཤུ?་ཀའི་ཐལ་བ་བླུགས་ལ་སྐོལ་ཏེ་ཡང་བླུད་དོ། །ཡང་ན་ནས་ཚིག་འཁུས་པའི་ཁུ་བ་དང། ཚ་བ་གསུམ་གྱི་ཕྱེ་མ་ཆང་དང་སྦྱར་ཏེ་འཐུངས་ན་ཡང ་ཁྲག་གི་སྐྲན་སེལ་ཏོ། །ཁྲག་གི་སྐྲན་ཁོང་དུ་གྲུམ་སྟེ་མངལ་གྱི་ཁྲག་དྲག་ཏུ་འབྱུང་ཞིང་མི་ཆོད་པ་ལ་ནི། ཁྲག་ལུང་བའི་ཆོ་ག་སྔར་བསྟན་པ་དང། རླུང་ནད་སེལ་བའི་ཆོ་ག་སྔར་བསྟན་པ་རྣམས་ཀྱིས་བཅད་ཅིང། ནབ་ཡང་ཞི་བར་བྱའོ། །རླུང ་ལ་སོགས་པ་ལས་གྱུར་པའི་ནད་འབྱང་དུ་མི་བཏུབ་བ་ལ་ནི། སྨུན་པ་སྔོན་བྱེད་པ་མཐོང་ཞིང་གོམས་པས་ལག་པའི་རྩ་གཏར་ཞིང། བད་ཀན་དང། རླུང་ལས་གྱུར་པའི་སྐྲན་ལ་མེ་བཙའ་གདབ་པར་བྱའོ། །སྐྲན་ཅན་ལ་ནི་འདོར་ན། ཁ་ཟས ་ལྕི?་བ་དང། བད་ཀན་སྐྱེ་བར་འགྱུར་བའི་བག་སྤང་ཞིང། མེའི་དྲོད་དང། ཉམ་སྟོབས་རྟག་ཏུ་བསྲུང་བར་བྱ་སྟེ། ཁ་ཟས་དང། བཏུང་བ་རྣམས་ཚབས་ཆེ་ཆུང་ལས་དཔག་ཅིང་བཟའ་བར་བྱའོ། །སྐྲན་གསོ་བའི་ལེའུ་སྟེ་དགུ་པ་རྫོགས་སོ།། །། ་དེ་ནས་དམུ་རྫིད་གསོ་བའི་ལེའུ་བཤད་པར་བྱའོ། །དམུ་རྫིང་ནི་མེའི་དྲོད་ཆུང་བ་དང། ཁ་ཟས་མི་འཕྲོད་པ་ཟོས་བས་ནང་གཞི་འཁྲུགས་ནས། ལུས་རྡུལ་བ་དང། ཆུ་གྲང་མོ་འཐུངས་ཏེ་རྩ་དང་འཛག་སྒོ་རྣམས་འགགས་པ་ལས། དམུ་རྫིང་གི་ནད་མ་རུངས ་བ་རྣམས་བརྒྱད་སྐྱེ་བར་འགྱུར་རོ། །དེ་ལ་རླུང་ལས་གྱུར་པའི་དམུ་རྫིང་གི་མཚན་མ་ནི། ལྟོར་ཟུག་ཅིང་ན་བ་དང། རྡོལ་ལ་ཐུག་པ་ལྟར་ན་བ་དང། སྒྲ་འབྱུང་བ་དང། རྐང་ལག་དང། རླིག་པ་སྐྲང་བ་དང། གཉེར་མ་ནག་པོ་འབྱུང་ཞིང་རྩ་མངོན་པར ་འབྱུང་བ་རྣམས་ཡིན་པར་བཤད་དོ། །མཁྲིས་པ་ལས་གྱུར་བའི་དམུ་རྫིང་གི་མཚན་མ་ནི། ལྟོ་ཤ་རེག་ན་འཇམ་པ་དང། རིམས་ཀྱིས་འདེབས་བ་དང། རྡུལ་འབྱུང་བ་དང། སྐོམ་དད་ཚེ་བ་དང། ལུས་ཚ་བ་དང། མགོ་འཁོར་བ་དང། རྩ་སྔོན་པོ་དང། ་སེར་བོས་གཡོགས་པར་འདུག་པ་རྣམས་ཡིན་པར་བཤད་དོ། །བད་ཀན་ལས་གྱུར་པའི་དམུ་རྫིང་གི་མཚན་མ་ནི། མཆིལ་མ་མར་བ་དང། ལུས་ལྕི་བ་དང། དབུགས་མི་བདེ་བ་དང། གཉིད་ཆེ་བ་དང། སྐྲང་བ་དང་།ཡི་ག་འཆུས་པ་དང་།རིམས ་ཀྱིས་འདེབས་བ་དང། འབྱང་དཀའ་བ་དང། ལྟོ་འཁྲང་བ་དང། པགས་པ་སྟུག་པ་དང། རྩ་མདོག་དཀར་པོས་གཡོགས་པ་རྣམས་ཡིན་པར་ཤེས་པར་བྱའོ། །འདུས་པ་ལས་གྱུར་པའི་དམུ་རྫིང་ནི། བུད་མེད་ཀྱི་དབང་དུ་བྱ་བའི་ཕྱིར་སྐྲ་དང་སེན་མོ་ལ ་སོགས་བ་བྱིན་ཏེ་ཟོས་པ་དང། འབབས་པར་བྱེད་པ་དང། ལུས་མ་རུང་བར་བྱེད་བའི་དུག་ལས་ཀྱང་འབྱུང་སྟེ། མཚན་མ་ཐམས་ཅད་དང་ལྡན་པ་ཡིན་བར་ཤེས་བར་བྱའོ། །དམུ་རྫིང་གློ་གཡས་ཕྱོགས་སུ་འབྱུང་བ་ལ་ནི། མཆིན་པའི་དམུ་རྫིང་ཞེས ་བྱའོ། །གཡོན་ཕྱོགས་སུ་འབྱུང་བ་ནི། མཚེར་བའི་དམུ་རྫིང་ཞེས་བྱ་སྟེ། འདི་གཉིས་ཀ་ཡང་བད་ཀན་དང་ཁྲག་འཁྲུགས་པ་ལས་འབྱུང་སྟེ། མཁྲིས་པ་དང། བད་ཀན་གཉིས་འདུས་པ་ལས་གྱུར་པ་ཡིན་ནོ། །ཁ་ཟས་བྱ་སྒྲོ་དང། བུ་འདྲེས་བ་ཟོས ་ཏེ། རྒྱུ་མ་འགགས་ཏེ་ཕྱིས་མི་འབྱུང་བ་ལས་གྱུར་པའི་དམུ་རྫིང་སྙིང་ག་དང། ལྟེ་བའི་བར་གྱི་ནང་དུ་དམུ་རྫིང་སྐྱེ་བ་ནི་འབྱུང་དཀའ་བ་ཡིན་ཏེ་གཞང་འགགས་པའི་དམུ་རྫིང་ཞེས་བྱའོ། །ཁ་ཟས་ཟུག་རྔུ་དང་བཅས་པ ་བ་ཟོས་ནས་རྒྱུ་མ་ནང་ནས་བརྟོལ་ཏེ། ཁ་ཟས་ཀྱི་ཁུ་བ་ཕྱིར་ཟགས་པ་ལས་ནད་དུ་གྱུར་ཏེ། ལྟེ་བའི་འོག་ཏུ་ཟུག་ཅིང་ན་བ་བྱུང་བའི་མིང་ནི། རྒྱུ་མ་རྡོལ་བའི་དམུ་རྫིང་ཞེས་བྱ་སྟེ། དེའི་མཚན་མ་ནི། ཆུ་སོར་ཟུག་བའི་མཚན་མ་ལ་སོགས་བ ་སྔར་བཤད་པ་དང་འདྲའོ། །ཆུའི་དམུ་རྫིང་ཞེས་བྱ་བ་ནི། སྣུམ་བག་འཐུངས་སམ། སྐྱུག་སྨན་ནམ། བཀྲུ་སྨན་བཏང་བའི་རྗེས་ལ། ཆུ་གྲང་མོ་འཐུངས་བ་ལས་ནང་དུ་གྱུར་ན། ལྟོ་བའི་ཕྱོགས་སུ་ཟླུམ་ཞིང་ཆེར་གྱུར་ཏེ། མདོག་སྣུམ་ལ་ལྟོ ་རྐྱལ་པ་གང་བ་བཞིན་དུ་གྱུར་པ་ཡིན་ནོ། །དམུ་རྫིང་རྣམ་པ་བརྒྱད་པོ་འདི་རྣམས་ཀྱི་ནང་དུ། རྒྱུ་མ་བརྡོལ་བའི་དམུ་རྫིང་དང། གཞང་འགགས་པའི་དམུ་རྫིང་གཉིས་ནི་གསོར་མི་རུང་ངོ། །ལྷག་མ་གཞན་ནི་གསོ་དཀའ་བར་བཤད་དེ། དེ་དག ་ལས་ཀྱང་ཆུའི་དམུ་རྫིང་དུ་གྱུར་པ་ནི་སྤང་བར་བྱའོ། །དེ་ལ་རླུང་ལས་གྱུར་བའི་དམུ་རྫིང་ལ་ནི། སྨན་སྠི་ར་ལ་སོགས་པའི་སྡེ་ཚན་བཏགས་པའི་ཕྱེ་མ་དང། སྐོལ་བའི་སྨན་མར་བླུད་བ་དང། དུགས་བྱ་བ་དང། སྣུམ་བག་གི་བཀྲུ་སྨན ་བཏང་མ་ལྟོ་ཞི་བར་གྱུར་ནས། ལྟོ་ཕྱིར་མི་སྐྱེ་བར་རས་ཀྱིས་བཅིང་བ་དང། ནང་དེ་དང་འཕྲོད་པའི་སྨན་སྦྱར་བས་ལྟོ་བསྐུས་པའི་སྟེང་ནས། པགས་པ་དྲོད་ཆེ་ཞིང་སྤུ་འཇམ་ལ་མ་རུལ་བ་ལ་ལིག་ཏོ་བྱས་པ་འམ། དེ་མེད་ན་དར་སྲིན་བལ་ཅན་གྱི ་ལིག་ཏོའམ། ལུག་ལྤགས་ཀྱིས་བཅིངས་པའི་དུགས་བྱས་ལ། ཀྲུ་ཏྲུག་ཏྲེས་ཀྱི་ཕྱེ་མ་དང། ཏིལ་མར་ལྷན་ཅིག་སྐོལ་བའི་འཇམ་རྩི་མས་བཏང་བ་དང། སྨན་སྠི་ར་ལ་སོགས་པའི་སྡེ་ཚན་སྐོལ་བའི་ཁུ་བ་དང། སྦྱར་བབ་བཀྲུ་སྨན་དྲག ་པོམས་བཏང་བ་དང། ཁ་ཟས་འོ་མ་དང། ཁུ་བཅུད་དང། ཤ་ཁུ་གང་ཡང་རུང་བ་དང་ལྡན་པར་བཟའ་བ་རྣམས་རིམ་བཞིན་དུ་བྱའོ། །མཁྲིས་པ་ལས་གྱུར་བའི་དམུ་རྫིང་ལ་ནི། ཐོག་མར་འཇམ་རྩི་སྨན་རོ་མངར་བའི་ཕྱེ་མ་དང་མར་སྐོལ་བ་འཐུངས་ལ། ་དེའི་འོག་ཏུ་ཤིང་ཉེ་རོང་དང། འབྲས་བུ་གསུམ་གྱི་ཕྱེ་མ་མར་གྱི་ནང་དུ་སྐོལ་བའི་བཀྲུ་སྨན་བཏང་ངོ། །ཡང་ན་ཤིང་ནྱ་གྲོ་དྷ་ལ་སོགས་པའི་སྡེ་ཚན་སྐོལ་བའི་ཁུ་བ་མར་དང་སྐོལ་ལ་མར་ཉི་ཚེ་ལུས་པ་སྦྲང་རྩི་དང། ཁར་དང་སྦྱར་བས། བཀྲུ་སྨན་དྲག་པོ ་མས་བཏང་བ་བྱ་སྟེ། དེ་ཡང་སྔར་འཇམ་རྩིམས་བཏང་བ་དང་ལྡན་པར་བྱའོ། །འཇམ་རྩི་མས་བཏང་བ་ནི། ནྱ་གྲོ་དྷ་ལ་སོགས་པའི་སྡེ་ཚན་སྐོལ་བའི་ཁུ་བའི་ནང་དུ། སྨན་གྱི་སྡེ་ཚན་དེ་ཉིད་ཀྱི་ཕྱེ་མ་དང། ཏིལ་མར་དང་ལྷན་ཅིག་ཏུ་སྐོལ་ཏེ། ཏིལ་མར ་ཉི་ཚེ་ལུས་བ་བཅགས་བ་བཏང་ངོ། །དེ་ནས་འབྲས་ཀྱི་འོ་ཐུག་སྐབས་བཅིང་བའི་དུགས་བྱས་ཏེ། །བ་ཟས་ཀྱང་སྨན་སྠི་ར་ལ་སོགས་བའི་སྡེ་ཚན་སྐོལ་བའི་ཁུ་བ་འོ་མ་དང་སྐོལ་ལ། འོ་མ་ཉི་ཚེ་ལུས་བ་དང་ལྡན་པར་བཟའ་ཨོ། །བད་ཀན་ལས་གྱུར་པའི་དམུ ་རྫིང་ལ་ནི་ཐོག་མར་འཇམ་རྩི་པི་པི་ལིང་ལ་སོགས་པ་དང་སྦྱར་བའི་སྨན་མར་སྔར་བཤད་པ་བཏང་ནས་དུགས་བྱས་པའི་འོག་ཏུ། ཤིང་སྣུ་ཧག་ཤི་རི་དང། སྐོལ་བའི་མར་གྱི་བཀྲུ་སྨན་བཏང་ངོ། །དེ་ནས་སྨན་མུ་སྐ་ཀ་ལ་སོགས་བའི་སྡེ་ཚན་སྐོལ། ་པའི་ཁུ་བ་ཏིལ་མར་དང། བ་གཅིན་དང། ཚ་བ་གསུམ་གྱི་ཕྱེ་མ་རྣམས་དང། སྦྱར་བའི་བཀྲུ་སྨན་དྲག་པོ་མས་བཏང་བར་བྱ་སྟེ། འཇམ་རྩི་མས་བཏང་བའི་ཚིག་ཡང་བྱ་སྟེ། འཇམ་རྩིམས་བཏང་བ་ན་སྨན་གྱི་སྡེ་ཚན་གོང་མ་ཉིད་སྐོལ་བའི ་ཁུ་བའི་ནང་དུ། ཏིལ་མར་དང། ཚ་བ་གསུམ་གྱི་ཕྱེ་མ་ལྷན་ཅིག་ཏུ་སྐོལ་ཏེ། ཏིལ་མར་ཉི་ཚེ་ལུས་པ་བཙགས་པ་བཏང་ངོ། །དེ་ནས་ཕབས་དང། ལ་ཕུག་གི་ས་བོན་དང། ཡུངསྐར་རྣམས་སྦྱར་རོ་བས་བཅིང་བའི་དུགས་བྱའོ། །ཁ་ཟས་ནི་རྒྱ་སྲན་གྱི ་ཁུ་བཅུད་དམ། འོ་མ་ཚ་བ་གསུམ་དང་ལྡན་བས་དཔག་ཅིང་བཟའ་ཨོ། །འདུས་པ་ལས་གྱུར་བའི་དམུ་རྫིང་ལ་ནི། རླུང་ལས་གྱུར་པའི་དམུ་རྫིང་ལ་སོགས་གོང་དུ་སྨོས་པ་རྣམས་ཀྱི་ཆོག་སྔར་བསྟན་པ་དེ་དག་ཐམས་ཅད་ཀྱང ་སྦྱར་བར་བྱའོ། །ཡང་ན་འདི་ལ་ནི། བོ་ག་དང། ཤི་ཀི་ནིའི་ཕྱེ་མ་དང། མར་ལྷན་ཅིག་ཏུ་སྐོལ་བའི་བཀྲུ་སྨན་ཡང་བཏང་ངོ། །མཚེར་བའི་དམུ་རྫིང་ཅན་ལ་ཡང། འཇམ་རྩི་དང། དུགས་དང། བཀྲུ་སྨན་ལ་སོགས་པའི་ཆོག་བྱས་ལ། ལག་པ་གཡོན་པའི ་གྲུ?་མོའི་ནང་གི་རྩ་ཡང་གཏར་པར་བྱའོ། །བྱི་དང་ག་དང། ཀྲུ་ཏྲུག་ཏྲེས་དང། རྒྱམ་ཚ་དང། ཕྱེ་དང། ཤུ་དག་རྣམས་ཚ་མ་ཆམ་དུ་བརྡུངས་ལ་མར་གྱིས་བསྐུས་ཏེ། སྣོད་ཁ་སྦྱར་གྱི་ནང་དུ་བསྔོས་ནས། ཞིབ་ཏུ་བཏགས་ལ་འོ་མ་དང་སྦྱར་ཏེ་འཐུངས་ན ་ཡང། སྐྲན་དང། མཚེར་པའི་དམུ་རྫིང་སེལ་ཏོ། །ཡང་ན་ལེ་ཤམ་དཀར་བོ་སྐོལ་བའི་ཁུ་བ། རྒྱམ་ཚ་དང། ཀྲུ་ཏྲུག་ཏྲེས་དང། པི་པི་ལིང་རྣམས་ཀྱི་ཕྱེ་མ་དང། སྦྱར་བའམ། ཡང་ན་ན་ལེ་ཤམ་དཀར་བོ་སྐོལ་བའི་ཁུ་བ་ཤིང་བལ་ཤའི་ཐལ་བ་དང། ་ནས་ཚིག་འཁུས་བའི་ཐལ་བ་དང་སྦྱར་ཏེ་བླུང་དོ།། རོ་ཧི་ཏ་ཀ་དང། ཡ་རུ་རའི་བྱེ་མ་བ་གཅིན་ནམ། ཆུའི་ནང་དུ་སྤངས་ཏེ། འཐུངས་ན་ཡང་དམུ་རྫིང་ཐམས་ཅད་དང། མཚེར་བའི་ནང་དང། གཅིན་སྙི་བའི་ནད་དང། གཞང་འབྲུམ་དང། སྲིན་བུ ་དང། སྐྲན་སེལ་ཏོ། །ཡང་ན་རྒྱ་མཚོའི་ཉ་ལྕི་བས་བསྲེགས་པའི་ཐལ་བའོ་མ་དང་སྦྱར་ཏེ་ཚོར་རན་པར་བཏུང་བར་བྱའོ། །ཡང་ན་འཚེར་བའི་དམུ་རྫིང་ལ། བི་བི་ལིང་གི་ཕྱེ་མ་འོ་མ་དང་སྦྱར་ཏེ་བླུད་དོ། །མཆེར?་པའི་དམུ་རྫིང་གསོ་བའི་ཆོ་གར ་བསྟན་བ་དེ་ཐམས་ཅད་ནི། མཆིན་པའི་དམུ་རྫིང་ལ་ཡང་བཏང་བར་བྱའོ། །ཡང་ན་མཆིན་པའི་དམུ་རྫིང་ལ་ནི་།ལག་པ་གཡས་པའི་གྲུ་མོའི་ནང་གི་རྩ་གཏར་པར་བྱའོ། །དམུ་རྫིང་རྣམས་ལ་ནི་ཕྱི་ས་ལ་སོགས་བ་ལྟོའི?་དྲི་མ ་ཤས་ཆེ་བས་ནི། བཀྲུ་སྨན་ལན་མང་དུ་བྱ་བར་བསྟན་ཏོ། །དེ་ནས་དེའི་འོག་ཏུ་དམུ་རྫིང་གི་སྤྱིའི་ཆོ་གཅེས་བ་ཡང་བསྟན་པར་བྱ་སྟེ། དམུ་རྫིང་ལ་ནི་ཡེ་རཎྚའི་མར་འོ་མ་དང། བ་གཅིན་གང་ཡང་རུང་བ་དང་སྦྱར་ཏེ་ལན་མང་དུ་གཏུང་བར་བྱའོ། །ཡང་ན་ཏིལ ་མར་ཤིང་ཀུན་དང། སྭ་རྩི་ཀའི་ཐལ་བ་དང། སྦྱར་བའམ། སྨན་ཛཡོ་ཏི་ཀའི་ཕྱེ་མ་འོ་མ་དང་སྦྱར་བ་བླུད་དོ། །མར་སྲང་སུམ་ཅུ་རྩ་གཉིས་དང། འོ་མ་མར་གྱི་བརྒྱང་འགྱུར་གྱི་ནང་དུ། སྣུ་ཧ་ཀྵི་རི་སྲང་གཅིག་དང། ཤིང་ཉེ་རོང་གི་ཕྱེ་མ་སྲང་དྲུག་སྐོལ་ལ། ་མར་ཉི་ཚེ་ལས་བར་བྱས་ཏེ། བཙགས་པ་ལས་རན་བར་འཐུངས་ན་ཡང། དམུ་རྫིང་དང། སྐྲན་སེལ་ཏོ། །འབྲས་བུ་གསུམ་དང། བྱ་རྣུ་དང། བོག་དང། ཤི་དྲོད་དང། ཤུ་དག་དང། ཁྱི་ལྕེ་བ་དང། སྦ་མའི་འབྲས་བུ་དང། བུ་ཙོ་ཤེལ་དང། ཤིང་ཉེ་རོང ་དང། རྒྱམ་ཚ་དང། པི་པི་ལིང་གི་ཕྱེ་མ་པ་གཅིན་དང། ཆུ་སྐོལ་བ་དྲོན་མོ་དང། ཤ་ཁུ་རྣམས་ལས་གང་ཡང་རུང་བ་དང་སྦྱར་ཏེ་འཐུངས་ན་ཡང། སྐྲན་དང། དམུ་རྫིང་དང། མཚེར་བའི་ནད་དང། མཛེ་དང། གཞང་འབྲུ་མ་དང། ཁྲག་ཚང་དང། སྐྲད་པ་འོར ་ཐབ?་རྣམས་ཀྱིས་ཉམ་ཐག་པ་ཐམས་ཅད་སེལ་ཏོ།། སྨན་བིག་ཤ་ལ་དང། ཤིང་ཁི་ནི་དང། དནདའི་རྩ་བ་དང། ཤིང་ཉེ་རོང་དང། ཤིང་དོད་དང། འབྲས་བུ་གསུམ་དང། ཡུང་དང། བྱི་དང་ག་དང། ཀཾ་བི་ལྱེ་ཀ་རྣམས་ཀྱི་ཕྱེ་མ། བ་གཅིན་དང་སྦྱར་ཏེ་འཐུངས ་ན་ཡང་དམུ་རྫིང?་སོལ་ཏོ། །ཞག་བདུན་གྱི་བར་དུ་ཁ་ཟས་དང། སྐོམ་བཞིན་མི་བཟའ་མི་བཏུང་བར། མ་ཧེའི་གཅིན་དང། འོ་མ་སྦྱར་བ་འབའ་ཞིག་བཏུང་དམ། ཡང་ན་ཟླ་བ་གཅིག་གི་བར་དུ་ཁ་ཟས་དང། སྐོམ་གཞན་མི་བཟའ་མི་བཏུང་བར་།རྔ་མོའི ་འོ་མ་འབའ་ཞིག་འཐུངས་ན་ཡང། སྐྲང་བ་འོང་ཐབས་སུ་སྤང་བ་དང། དམུ་?་སེལ་ཏོ། །ཡང་ན་དམུ་རྫིང་ཅན་ལ་པི་པི་ལིང་གི་ཕྱེ་མ་ཤིང་སྣུ་ཧའི་འོ་མ་ཟགས་པའི་ནང་དུ། སྤངས་པ་ལས་ཅིར་ན་བར་བཏུང་ངོ། །ཡང་ན་དམུ་རྫིང་ཞི་བར་བྱ་བའི་ཕྱིར། ? ་སྨོད་དང། དནདའི་རྩ་བ་དང། གྲུ་ཏྲུག་ཏྲེས་དང། བྱི་དང་ག་དང། ཚ་བ་གསུམ་རྣམས་ཀྱི་ཕྱེ་མ་འོ་མ་དང་སྦྱར་བའམ། ཡང་ན་ཐང་ཤིང་དང། ཀྲུ་ཏྲུག་ཏྲེས་ཀྱི་ཕྱེ་མ་འོ་མ་དང། སྒ་སྐོལ་བའི་ཁུ་བ་གཉིས་ལས་གང་ཡང་རུང་བ་དང། ་སྦྱར་བའམ། ཡང་ན་དབྱི་མོང་དང། བཅའ་སྒའི་ཕྱེ་མ་འོ་མ་དང། སྒ་སྒོལ་བའི་ཁུ་བ་གཉིས་ལས་གང་ཡང་རུང་བ་དང་སྦྱོར་ཏེ་བཏུང་བར་བྱའོ། །ནས་ཚིག་འཁུས་བའི་ཐལ་བ་དང། སྭ་རྩི་ཀའི་ཐལ་བ་དང། ཀྲུ་ཏྲུག་ཏྲེས་དང། ཚ་བ་གསུམ་དང། ་ཤ་དོང་དང། ལན་ཚྭ་རྣམ་ལྔ་རྣམས་ཀྱི་ཕྱེ་མ་མར་ཁུ་དང་སྦྱར་ཏེ་འཐུངས་ན། སྐྲན་དང། དམུ་རྫིང་ཐམས་ཅད་སིལ་ཏོ། །དམུ་རྫིང་ངོ་ཅོག་གསལ་བའི་ཕྱིར། སྨན་བྱི་ཤ་ལ་དང། ཤིང་ཀི་ནི་དང། དནྟའི་རྩ་བ་དང། ཤི་དོད་དང། བྱི་ཚེར ་རྣམས་གྱི་ཕྱེ་མ་བ་གཅིན་དང་སྦྱར་ཏེ་བཏང་བར་བྱའོ། །མདོར་ན་དམུ་རྫིང་རོ་ཅོག་ནི། ཕལ་ཆེར་ནང་གཞི་མང་པོ་འདུས་བ་ལས་བྱུང་བས་ན། དེའི་ཕྱིར་དམུ་རྫིང་ངོ་ཅོག་ལ། རླུང་ལ་སོགས་པའི་ནང་གཞི་རྣམས་ཞི་བར་བྱ་བའི་ཆོ་ག་བྱའོ། ། ་རྒྱུ་མ་རྡོལ་བའི་དམུ་རྫིང་དང། ཆུའི་དམུ་རྫིང་དང། གཞང་འགགས་པའི་དམུ་རྫིང་འདི་གསུམ་ལ་ནི། སྨན་པ་ཆོག་ཤེས་བས་སོ་ཤི་རྡོ་བ་དང་དམ་བཅས་ལ་ལྟ་དབུག་བ་དང། དྲལ་བའི་ཆོ་ག་ཡང་བྱའོ། །དམུ་རྫིང་རྣམས་ཀྱིས་ཉམ་ཐག་བའི་ཁ་ཟས་སུ་ནི། ་འབྲས་ས་ལུ་རྣམས་དང། ནས་དང། མོན་སྲན་སྡེའུ་དང། འོ་མ་དང། སྲོག་ཆགས་རྣམས་སྐམ་ས་ན་གནས་པའི་ཤ་ཁུ་རྣམས་ཉམ་སྟོབས་ལས་དབགས་ཏེ་ཐལ་བཞིར་བཏུང་བར་བྱའོ། །དམུ་རྫིང་ཅན་ལ་ནི། ཆུ་བཏུང་བ་དང། ཉིན་པར་གཉིད་ལོག་བ ་དང། ཁམས་ལྕི་བ་དང། བད་ཀན་བསྐྱེད་བའི་བག་དང། དྲག་ཤུལ་གྱི་བག་མི་བྱའོ། །བཞོན་བ་ལ་ཞོན་བ་རྣམས་ཡོངས་སུ་སྤང་བར་བྱའོ། །དམུ་རྫིང་གསོ་བའི་ལེའུ་སྟེ་བཅུ་?་རྫོགས་སོ།། །།དེ་ནས་གཅིན་སྙི་བའི་ནད ་གསོ་བ་བཤད་པར་བྱ་སྟེ། ཁ་ཟས་མི་འཕྲོད་བཟོས་པ་དང། འདུག་ཉལ་ལ་སོགས་བ་གནས་བའི་ཉེས་པ་ལས། གཅིན་སྙི་བའི་ནད་རྣམ་བ་ཉི་ཤུར་འགྱུར་བར་བཤད་དེ། དེ་ཡང་གཅིན་སྙི་བའི་ནད་དུ་གྱུར་ན། ཤིན་ཏུ་མང་ཆོས་པར་གྱུར་པ་ནི། ་གཅིན་སྙི་བའི་ནད་ཡིན་ནོ་ཞེས། དྲང་སྲོང་ཐུབ་པ་རྣམས་ཀྱིས་གསུངས་སོ། །གཅིན་སྙི་བའི་ནད་དེས་ཐོག་མར་འདེབས་པའི་མཚན་མ་ནི། སོ་ལ་སོགས་པ་ཤིན་ཏུ་དྲི་མ་ཆེ་བར་འགྱུར་བ་དང། རྐང་ལག་ཚ་བ་དང། ལུས་ཀྱི་མདོག་དམར་པོར་གྱུར ་པ་དང། སྐོམ་དང་ཆེ་བ་དང། ཁར་མངར་བ་བྲོ་བ་རྣམས་ཡིན་ནོ། །དེ་ལ་བད་ཀན་ལས་གྱུར་པའི་གཅིན་སྙི་བའི་ནད་ཀྱི་མིང་ནི། ཆུ་འདྲ་བ་ཞེས་བྱ་བ་དང། བུ་རམ་ཤིང་གི་ཁུ་བ་དང་འདྲ་བ་དང། ཆང་འདྲ་བ་དང། འབྲས་ཕྱེ་འདྲ་བ་དང། ཕྱེ་མ་འདྲ་བ་དང ་བསྐབ?་དང། འབྲེང་བ་དང། ལན་ཚྭ་འདྲ་བ་དང། དབུ་བ་འདྲ་བ་དང། ཁུ་ཆུ་འདྲ་བ་ཞེས་བྱ་བ་དང་རྣམ་པ་བཅུའོ། །མཁྲིས་པ་ལས་གྱུར་བའི་གཅིན་སྙི་བའི་ནད་ཀྱི་མིང་ནི། ལྗང་སེར་ཞེས་བྱ་བ་དང། སྔོན་པོ་དང། བཙོང་ཁ་དང། ཐལ་ཁ་དང། ་ཁྲག་འདྲ་བ་དང། སཅུར?་བ་ཆོས་པ་ཞེས་བྱ་བ་དང་རྣམ་པ་དྲུག་གོ་།རླུང་ལས་གྱུར་པའི་གཅིན་སྙི་བའི་ནད་ཀྱི་མིང་ནི། མར་ཁུ་དང་འདྲ་བ་ཞེས་བྱ་བ་དང། སྦྲང་རྩི་འདྲ་བ་དང། གླང་པོ་ཆེའི་གཅིན་འདྲ་བ་དང། ཞག་འདྲ་བ་ཞེས་བྱ་བ་དང་རྣམ་པ་བཞིའོ། ། ་གཅིན་སྙི་བའི་ནད་བར་དགེ་ཐམས་ཅད་ཀྱི་མཚན་མ་ནི། སོ་སོའི་མིང་དུ་སྣོམ་པའི་དོན་བཞིན་དུ་ལྟའོ། །དེ་ལ་བད་ཀན་ལས་གྱུར་པ་རྣམས་ནི་གསོ་སླ་བར་བཤད་དོ། །རླུང་ལས་གྱུར་བ་རྣམས་ནི། གསོར་མི་རུང་བར་མཐོང་ངོ། །མཁྲིས་པ་ལས ་གྱུར?་པ་རྣམས་ནི། ཁ་ཟས་དང། སྨན་གྱིས་གས?་ཙམ་དུ་འཛེག་ནུས་སོ། །དེ་ལས་བད་ཀན་ལས་གྱུར་བའི་གཅིན་སྙི་བའི་ནད་ཡོད་པ་ལ་ནི། སྨན་ལ་ལ་ཕུང?་དང། པདྨའི་རྩ་བ་དང། སླ་ཏྲེ་ས་དང། ཨ་རུ་ར་རྣམས་ལྷན་ཅིག་ཏུ་སྦྱར་བ་དང། ང་ཐ་? ་སྐྱེར་པ་དང། བྱི་དང་ག་དང། ཡུང་དང། ཨརྫུན་དང། བྱི་ཚེར་རྣམས་ལྷན་ཅི་ཏུ་སྦྱར་བ་དང། བྱི་དང་ག་དང། ཡུང་དང། སྐྱེར་པ་དང། ཨ་རུ་ར་དང། རྒྱ་སྤོས་ལྷན་ཅིག་ཏུ་སྦྱར་བ་དང། ཤིངས་ལ་དང། ། རྫུན་དང། ཀང་མ་པ ་དང་སྐྱེར་པ་དང། ལ་ལ་ཕུད་རྣམས་ལྷན་ཅིག་ཏུ་སྦྱར་བ་དང། ཅན་དན་དཀར་པོ་དང། ཨ་ཀ་རུ་དང། རུ་རྟ་དང། ཐང་ཤིང་རྣམས་ལྷན་ཅིག་ཏུ་སྦྱར་བ་དང། ཀཏཔ་ལ་དང། གླ་སྒང་དང། པ་ཐ་དང། ཏི་རི་ཏ་དང། ཨ་རུ་རེ་རྣམས་ལྷན་ཅིག་ཏུ་སྦྱར་བ ་དང། ཨཾ་བ་ཤཐ་དང། སེང་ལྡེང་དང། སྐྱེར་པ་དང། ཨགནི་མནྠ་དང། འབྲས་བུ་གསུམ་བོ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང། སྨན་གྱི་སྦྱོར་བ་བདུན་པོ་འདི་རྣམས་ལས། གང་ཡང་རུང་བ་སྐོལ་བའི་ཁུ་བ་བསྒྲངས་ལ། སྦྲང་རྩི་དང་ཤས་ཆེར་སྦྱར ་ཏེ་བླུད་དོ། །མཁྲིས་པ་ལས་གྱུར་པའི་གཅིན་སྙི་བའི་ནད་ཡོད་པ་ལ་ནི། པ་ཊོ་ལ་དང། ནིམྦའི་ལོ་མ་དང། སླེ་ཏྲེ་ས་དང། སྐྱུ་རུ་ར་དང། གླ་སྒང་རྣམས་ལྷན་ཅིག་ཏུ་སྦྱོར?་བ་དང། ཨ་རུ་ར་དང། སྐྱུ་རུ་ར་དང། བུ་ཤེལ་ཙེ་དང། ནི་ལ་བ་རི་དང། ་གླ་སྒང་རྣམས་ལྷན་ཅིག་ཏུ་སྦྱར་བ་དང། པདྨའི་རྩ་བ་དང། ཤུག་པ་དང། བླ་སྒང་དང། ཨ་རུ་ར་དང། དུག་མོ་ཉུང་རྣམས་ལྷན་ཅིག་ཏུ་སྦྱར་བ་དང། ཨུ་དི་ཙཡ་དེང། དྷ་ཏ་ཀའི་མེ་ཏོག་དང། གསེར་འཕྲོམ་དང། ཀ་ལི་ཡ་ཀ་རྣམས་ལྷན་ཅིག་ཏུ ་སྦྱོར་བ་དང། ཨུཏཔལ་ལ་དང། བུ་ཤེལ་ཙ་དང། གསེང་ཕྲོམ་དང། ཨརྫུ་ན་དང། ཙན་དན་དཀར་པོ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང། སྨན་གྱི་སྦྱོར་བ་ལྔ་པོ་འདི་རྣམས་ལས་གང་ཡང་རུང་བསྐོལ་བའི་ཁུ་བ་བསྒྲངས་ལ། སྦྲང་རྩི་དང་སྦྱར་ཏེ་བླུད?་དང?། ། ་གཅིན་སྙི་མའི་ནང་ལ། རླུང་གཙོ་བོར་གྱུར་ལ། བད་ཀན་དང། མཁྲིས་པ་གཉིས་ལས། གཅིག་གྲོགས་སུ་གྱུར་ན། གང་གྲོགས་སུ་གྱུར་བ་རྟོགས་པར་བྱ་སྟེ། བད་ཀན་གྲོགས་སུ་གྱུར་བ་ལ་ནད་དང་འཕྲད་བའི་སྨན་རོ་ཚ་ཞིང་དྲོད་ཆེ་བའི་མཐུ ་དང་ལྡན་བ་རྣམས་ཀྱི་ཕྱེ་མ་ཏིལ་མར་དང། སྨན་གྱི་ཁུ་བ་ཏིལ་མར་གྱི་བཞི་འགྱུར་གྱི་ནང་དུ་སྐོལ་ཏེ། ཏིལ་མར་ཉི་ཚེ་ལུས་པ་ལས་ཅི་རན་པར་བླུད་དོ། །མཁྲིས་པ་གྲོགས་སུ་གྱུར་པ་ལ་ནི། དེ་དང་འགྲོད་བའི་སྨན་རོ་མངར་ཞིང་བསིལ་བའི་མཐུ་དང་ལྡན་བ་རྣམས་? ་མ། མར་དང། སྨན་གྱི་ཁུ་བ་མར་གྱི་བཞི་འགྱུར་གྱི་ནང་དུ་སྐོལ་ཏེ། མར་ཉི་ཚེ་ལུས་པ་ཅི་རན་པར་བླུད་དོ། །སླེ་ཏྲེས་སློན་པའི་ཁུ་བ་བཙིར་བ་འམ། སྐམ་བོ་སྐོལ་བའི་བསྒྲངས་པ་ལ། སྦྲང་རྩི་དང་སྦྱར་ཏེ་འཐུངས་ན་ཡང་གཅིན་སྙི་བའི་ནང་ཐམས་ཅད་སེལ ་ཏོ།། སྐྱུ་རུ་ར་རློན་བ་བཙིར་བའི་ཁུ་བ་འམ། སྐམ་པ་བཙོས་པའི་ཁུ་བ་བསྒྲངས་པའི་ནང་དུ་ཡུང་གི་ཕྱེ་མ་དང་སྦྱར་བའམ། ཡང་ན་འབྲས་བུ་གསུམ་དང། ཐང་ཤིང་དང། སྐྱེར་པ་དང། གླ་སྒང་རྣམས་སྐོལ་བའི་ཁུ་བ་བསྒྲངས་ལ། སྦྲང་རྩི་དང་སྦྱར་བ ་འམ། ཡང་ན་དུག་མོ་ཉུང་གི་ཤིང་སབཏརྞ?་དང། སྐྱེར་བ་དང། ཀྲུ་ཏྲུག་ཏྲེས་དང། འབྲས་བུ་གསུམ་བོ་རྣམས་བསྐོལ་བའི་ཁུབ་བསྒྲངས་བ་སྦྲང་རྩི་དང་སྦྱར་བ་འཐུངས་ན། གཅིན་སྙི་བའི་ནད་སེལ་ཏོ། །ཤིང་ས་ཁ་དང། སྦུ་སྐ་ར་དང། ཀཾ་པི་ཀ་རྣམས་ཀྱི ་ཕྱེ་མ་ཞོ་གཉིས་གཉིས་སྒྱུ་རུ་རའི་ཁུ་བ་དང་སྦྲང་རྩིར་སྦྱར་ཏེ་འཐུངས་ན་ཡང་གཅིན་སྙི་བའི་ནད་ཐམས་ཅད་སེལ་བའི་མཆོག་ཡིན་ནོ། །ཡང་ན་འབྲས་བུ་གསུམ་གྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བའམ། བྲག་ཞུན་སྦྲང་རྩི་དང་སྦྱར་བའམ། ལྕགས་ཀྱི་ཕྱེ་མ་སྦྲང ་རྩི་བར་སྦྱོར་བའམ། ཨ་རུ་རའི་ཕྱེ་མ་སྦྲང་རྩི་དང་སྦྱར་བ་འམ། སྨན་གྱི་ལྡེ་གུ་གཅིན་སྙི་བའི་ནང་བཟློག་པའི་ཕྱིར་བཟའ་བར་བྱའོ། །གསེར་ཕྲོམ་དང། སུག་སྨེལ་དང། ཀྲུ་ཏྲུག་ཏྲེས་དང། དནདའི་རྩ་བ་དང། བ་ཐ་དང་།གནདྷ་བ་ཏྲ་དང། ཤིང་ཙ་དང། ནཱ ་ག་གྲེ་སོར་དང། གླ་བ་དང། མོ་ནུ་དང། ཚ་བ་གསུམ་དང། རྩ་མཁྲིས་དང། ཐང་ཤིང་དང། དུག་མོ་ཧུང་དང། བི་ཤལ་དང། བོང་ད་དཀར་པོ་དང། བརྒི་དང། རུ་རྟ་དང། མུ་རྭ་དང། གནདྷ་པྲི་ཡཾ་ཀུ་དང། བྱི་དང་ཀ་དང། འབྲས་བུ་གསུམ་དང།། ་བུ་ཙེ་ཤེལ་དང། དབྱི་མོང་དང། པི་པི་ལིང་དང། རྩ་བ་དང། ལ་ལ་ཕུད་རྣམས་ཀྱི་ཕྱེ་མ་ཞོ་གཉིས་གཉིས་ཆུ་ཕུལ་གང་ལ་སྲང་བརྒྱད་དུ་བརྩིས་བ་ཕུལ་དྲུག་ཅུ་རྩ་བཞིའི་ནང་དུ་སྐོལ་ཏེ། ཆུ་བཞི་ཆ་གཅིག་ལུས་ནས་བསྒྲངས ་ཏེ་བཙགས་ལ། སྒྲང་རྩི་སྨན་གྱི་ཁུ་བ་གདུས་པ་དེའི་ཕྱེ་དང་སྦྱར་ནས། བུམ་པ་མར་སྣོད་དུ་བྱས་པའི་ནང་དུ་བླུགས་ཏེ། ཁ་བཅད་ལ་ཟླ་བ་ཕྱེད་ཀྱི་བར་དུ་ནས་ཀྱི་ནང་དུ་བཞག་པའི་སྦྲང་ཆང་འདི་ལས་ཉིན་དེ་བཞིན་སྲང་གཉིས་གཉིས་འཐུངས་ན་ཡང ་གཅིན་སྙི་བའི་ནད་སེལ་ཞིང། ཕོ་བའི་ནང་དང། སྐྱ་རྦབ་ཀྱི་ནད་དང། གཞང་འབྲུམ་དང། མཛེ་དང། ཡི་ག་འཆུས་པ་རྣམས་འཇོམས་བར་བྱེད་དོ། །གཅིན་སྙི་བའི་ནད་ཡོད་པའི་ཁ་ཟས་ནི། ཚོད་མ་ཁ་བའི་བག་དང། སྐམ་ས་ན་གནས་པའི་རི ་དགས་ཤ་བཀྲའི་ཤ་དང། བྱ་ཤ་དང། ནས་ལས་བྱས་པའི་ཁ་ཟས་དང། མོན་སྲན་སྡེའུ་དང། འབྲས་ས་ལུ་དང། ཞག་དྲུག་ཅུ་སྨིན་པ་རྣམས་དགེའོ། །སྐོམ་དུ་ནི་བུ་རམ་དང། རྒུན་ཆང་དང། སེང་ལྡེང་གི་སྙིང་པོ་ལ་སོགས་བ་སྐོལ་བའི་ཁུ་བ ་དང། སྦྲང་ཆང་དང། རྩ་ཀུ་ཤ་སྐོལ་བའི་ཁུ་བ་དང། འབྲས་བུ་གསུམ་སྐོལ་བའི་ཁུ་བ་རྣམས་གཅིན་སྙི་བའི་ནང་ལ་བསྔགས་པ་ཡིན་ནོ། །གཅིན་སྙི་བའི་ནད་ཀྱི་རྐྱེན་གྱིས་ཕོ་ལ་མིག་རྣམས་མང་པོ་འབྱུང་སྟེ། ཐོག་མ་འབྱུང་བའི་ཚེ་ནི་རྩ་ནས་ཁྲག ་འབྱུང་བར་བྱའོ། །ཕོལ་མིག་སྨིན་པ་ནི་བརྟོལ་ལ་རྨ་གསོ་བའི་ཆོ་ག་བཞིན་དུ་བྱའོ། །གཅིན་སྙི་བའི་ནད་གསོ་བའི་ལེའུ་སྟེ་བཅུ་གཅིག་པ་རྫོགས་སོ།། །།སྨན་དཔྱད་གཅེས་པ་གྲུབ་པ་ཞེས་བྱ་བ་བམ་པོ་བཞི་བའོ། །དེ་ནས་མཛེ་ནད ་གསོ་བའི་ལེའུ་བཤད་པར་བྱའོ། །མཛེ་ནད་ནི་སྡིག་ཅན་དང། ཁ་ཟས་ངན་བཟོས་ཏེ་ནད་གཞི་གསུམ་འཁྲུགས་ནས། པགས་བ་དང། ཤ་དང། ཁྲག་དང། ཆུ་སེར་རྣམས་མ་རུང་བར་གྱུར་པ་ལ། མཛེ་ནད་རྣམ་པ་བཅོ་བརྒྱད་དུ་འགྱུར་ཏེ། མཛེ ་ནད་ཨུ་དུམྦ་ར་ཞེས་བྱ་བ། ཨུ་དུམྦ་རའི་འབྲས་བུ་འདྲ་བ་དང། ཤ་གཟི་གུ་ཞེས་བྱ་བ་རུང་གི་ཁ་དོག་འདྲ་བ་དང། ཀ་ཀ་ན་ཞེས་བྱ་བའོ་མ་སེའི་འབྲས་བུ་སྨིན་པ་དང་འདྲ་བ་དང། པགས་པ་ཤུལ་གྲུབ་ཅེས་བྱ་བ་གླང་པོ་ཆེའི་པགས་པ་འདྲ་བ་དང། པདྨ་དཀར་པོ་ཞེས། ་བྱ་བ་རང་གི་མིང་གི་མདོག་འདྲ་བ་དང། རི་དགས་རི་ཤའི་ལྕེ་འདྲ་བ་ཞེས་བྱ་བ་རྩུབ་པོ་དང། རྨ་ཁ་བརྒྱ་པ་ཞེས་བྱ་བ་རྨ་མང་པོ་དང། ཁྱབ་བ་རྡུལ་མེད་ཅེས་བྱ་བ་དང། པགས་པ་མྱགས་བ་ཞེས་བྱ་བ་པགས་བཟང་པ་དང། རྐང་པ་ཞིགས་པ་ཞེས་བྱ་བ་རྐང་པ ་སེར་ག་མང་པོ་འགས་པ་དང། མཛེ་ནད་རྣམ་བ་བཅུ་པོ་འདི་དག་ནི་གསོར་མི་རུང་ངོ། །ལྷག་མ་བརྒྱད་ནི་གསོར་རུང་བ་ཡིན་ཏེ། མཛེ་ནད་གྱ་མོ་འདྲ་བ་ཞེས་བྱ་བ་མདོག་གནག་ཅིང་རྩུབ་པ་དང། མེད་བལ་ཞེས་བྱ་བ་རྨ་ཁ་ཆེན་པོ་དང། འབྲུམ་བུ་ཕྲ་མོ་ཞེས ་བྱ་བ་ཤ་སྨན་འདྲ་ཞིང། མདོག་སྔོ་སྐྱར་འདུག་པ་དང། ཤུ་བ་ཞེས་བྱ་བ་འབྲུམ་བུ་མང་པོ་ཕྱོགས་གཅིག་ནས་འབུང་བ་དང། ཤ་བཀྲ་ཞེས་བྱ་བ་ཀུ་བའི་མེ་ཏོག་འདྲ་བ་དང། ཐིག་ལེ་ཞེས་བྱ་བ་མཆོག་སྣུམ་ཞིང་འབྱར་དཀའ་བ་དང། གཡན་པ་ཞེས་བྱ་བ་འབྲུམ་བུ ་མདོག་དཀར་ཞིན་དམར་བ་དང། རྐང་ཤུ་ཞེས་བྱ་བ་འབྲུམ་བུ་འཛག་པ་རྣམས་སོ། །དེ་ལ་རླུང་ལས་གྱུར་པའི་མཛེ་ནི། མཁྲང་ཞིང་མདོག་སྔོ་སྐྱར་འདུག་པ་དང། དམར་ཞིང་རྩུབ་ལ་མི་བཟད་པར་ན་བ་ཡིན་ནོ། །མཁྲིས་པ་ལས་གྱུར་བའི་མཛེ་ནི་ལུས་ཚ་ཞིང་ཤིན་ཏུ ་མྱ་གསལ་ཁྲག་འཛག་པ་ཡིན་བར་བཤད་དོ། །བད་ཀན་ལས་གྱུར་པའི་མཛེ་ནད་ནི་ལུས་རུལ་ཞིང་བགས་བསྟུག་ལ་གཡའ་ཞིང་མདོག་སྣུམ་པ་དང་དཀར་ཞིང་ལྕི་བ་ཡིན་ནོ། །དེ་ལ་ནད་གཞི་གསུམ་ལས་གྱུར་པའི་མཛེ་ནད་ཀྱི་མཚན་མ་ནི་ཚུལ་ཐམས་ཅད་དང ་ལྡན་པ་འམ། ནང་བླ་གཉན་མང་པོས་ཐེབས་བ་གང་ཡིན་པ་དེ་ནི་སྤང་བར་བྱའོ། །མཛེ་བོ་ཅོག་ནི་ཕལ་ཆེར་ནང་གཞི་གསུམ་ཆར་འདུས་བ་དང། ཁྲག་རྒྱས་བ་ལས་འབྱུང་བར་བཤད་བས་ན། མཛེ་ནད་ཅན་ཚབས་ཆེན་པོ་ཉམ་སྟོབས་ཡོད་ལ་སྔར་ཡང་སྣུམ ་བཅུང་བཏང་བ་ལ་ནི་རྩ་གཏར་ཞིང་ཁྲག་དབྱུང་བར་བྱའོ། །མཛེ་ནད་ཚབས་ཆུང་དུ་ལ་ནི་ཞལ་ཞལ་གདབ་པ་དང། སྡབ་རུས་གཞིབ་པ་དང། ཀུ་བས་ཁྲག་དྲང་བ་དང། སྲིན་བུ་པང་པུ་འཇིབ་ཏུ་བཞུག་གོ་།ནད་གཞི་ཅི་འདྲ་བ་ལས་སྐྱུག ་སྨན་དང། བཀྲུ་སྨན་ཡང་བཏང་ངོ། །མཛེ་ནད་གཏར་ག་བྱར་མི་རུང་བ་དང། ཚོར་བ་མེད་པ་བེམ་བམ་པོ་ལ་ནི་སྨན་མུ་ཀའི་ཐལ་བ་དང། ཏིལ་གྱི་སོགས་མའི་ཐལ་བ་ལ་སོགས་པས་གདབ་བོ། །མཛེ་ཚོར་བ་མེད་པ་བེམ་བེམ་པོར་གྱུར་པ་དང། པགས་པ ་མཁྲང་པོར་འདུག་བ་དང། འབྱར་དུ་མི་བཏུབ་པ་རྣམས་ལ་ནི། མདའ་དུག་ལ་སོགས་བས་སྔགས་དང་ལྡན་པར་བྱ་སྟེ། ཁུས་ལ་བསྐུ་བར་བྱའོ། །པ་ཏོ་ལ་དང། འབྲས་བུ་གསུམ་དང་། རིཥཌ་དང། སླེ་ཏྲེས་དང། དྷ་བ་ནི་དང། བ་ཤ་ཀ་དང། ཀ ་རཉྫ་རྣམས་བཏགས་པའི་ཕྱེ་མ་དང། ཆུ་མར་གྱི་གཞི་འགྱུར་གྱི་ནང་དུ་སྐོལ་ཏེ། མར་ཉི་ཚེ་ལུས་པ་བཙགས་བའི་མིང་ནི་རྡོ་རྗེ་ཅན་ཞེས་བྱ་སྟེ། དེ་ལས་རན་པར་འཐུངས་ན་མཛེ་ནད་སེལ་ཏོ། །ཁ་བ་ཆེན་བོ་ཅི་སྐྲིགས་ཞེས་བྱ་བའི་མར་ནི། རྩ་མཁྲིས་དང། ་འབྲས་བུ་གསུམ་དང། པུ་ཤེལ་ཙེ་དང། བ་ཋ་དང། ཨ་རིཥྚ་དང། གླ་སྒང་དང། ཕྱི་ཚེར་དང། ཤིང་མངར་དང། ཐལ་ཏྲེས་རྣམ་གཉིས་དང། པུ་ཙེ་ཤེལ་དང། ཁྱི་ལྕེ་བ་དང། ཙན་དན་དཀར་པོ་དང། སླེ་ཏྲེས་དང། པི་པི་ལིང་དང། ཤུག་པ་དང ་ཤུ་དག་དང། པི་ཤ་ལ་དང། དུག་མོ་ཉུང་གི་འབྲས་བུ་དང། བ་ཤ་ཀ་དང། མུརྦ་དང། པ་ཊོ་ལ་དང། དོང་ཀ་དང། སྐྲོ་ལོ་དང། བོད་ད་དཀར་པོ་དང། ཡུང་དང། བ་མཁལ་དང། ཉེའུ་ཤིང་གི་རྩ་བ་དང། འདི་རྣམས་ཀྱི་ཕྱེ་མ་སྤྱིར་མར་གྱི་བཞི་ཆ ་གཅིག་དང། སྐྱུ་རུ་རའི་ཁུ་བ་མར་གྱི་ཉིས་འགྱུར་དང། ཆུ་མར་གྱི་བརྒྱད་འགྱུར་དང། འདི་རྣམས་མར་དང་སྐོལ་ཏེ་མར་ཉི་ཚེ་ལུས་བར་བྱས་ནས་བཙགས་ཏེ། དེ་ལས་རན་བར་ཟོས་ན་ཡང་རླུང་དང་མཁྲིས་བ་ལས་གྱུར་པའི་ནད་དྲག་པོ་དང། ་མཛེ་དང། འབྲས་དང། སྐྱ་རྦབ་རྣམས་སེལ་ཅིང། རིམས་དང་སྨྱོ་བ་དང། འབྲས་ཀྱི་ཕྲེང་བ་རྣམས་མེད་པར་བྱེད་དོ། །མཁྲིས་པ་དང། ཁྲག་ཤེས་ཆེ་བའི་མཛེ་ནད་ལ་ནི། མར་པ་ཊོ་ལའི་ཕྱེ་མ་དང་སྐོལ་བ་འམ། སྐྱེར་བའི་ཕྱེ་མ་དང་སྐོལ་བ་འམ། སེར ་ལྡེང་གི་ཕྱེ་མ་དང་སྐོལ་བ་འམ། ནིམ་པའི་ཕྱེ་མ་དང་སྐོལ་བ་མར་བླུང་དོ། །ཡང་ན་སྨན་ཨ་བརྟ་ཀའི་ཕྱེ་མ་སྲང་བརྒྱད་མར་སྲང་སུམ་ཅུ་རྩ་གཉིས་དང། ཆུ་སྲང་བརྒྱའི་ནང་དུ་སྐོལ་ཏེ། མར་ཉི་ཚེ་ལུས་པ་ལས་ཅི་རན་པར་རྩབས་དྲོན་པོ་དང་སྦྱར་ཏེ་འཐུངས ་ལ་སྨན་ཁོང་དུ་ཞུ་བའི་འོག་ཏུ་ཟས་སུ་ཀོ་དྲ་བའི་ཆན་བཟའ་བར་བྱ་སྟེ། ཞག་བདུན་གྱི་བར་དུ་ཉིན་དེ་བཞིན་ཚེ་ག་དེ་ལྟར་བྱས་པའི་འོག་ཏུ་ཞག་གསུམ་གྱི་བར་དུ་སྨན་མི་བཏང་བར་མཐུན་ཞིང་འཕྲོད་པའི་ཁ་ཟས་ཟོས་ལ། ཡང་ཞག་བདུན་གྱི་བར་དུ ་སྨན་གྱི་ཆོ་ག་སྔ་མ་ལྟར་བྱ་བ་དེ་ལྟ་བུར་མ་སོས་ཀྱི་བར་དུ་བྱས་ན། མཛེ་དང། སྐྲན་དང། དམུ་རྫིང་དང། མཚན་པར་རྡོལ་བའི་ནང་རྣམས་ལས་ཐལ་བར་འགྱུར་རོ། །ཡང་ན་ཛི་ཏི་ཀའི་འབྲས་བུ་དང། སྣ་མའི་མེ་ཏོག་དང། ཚ་བ་གསུམ་པ་རྣམས་བཏགS ་ལ། འབྲུ་མར་དང་སྦྱར་བ་འམ། ཡང་ན་ལྡོང་རོས་དང། ན་ལེ་ཤམ་བཏགས་པའི་ཏིལ་མར་དང། ཤིང་ཨརྒའི་ལོ་མ་དང། ལུས་བསྐུས་ན་ཡང་མཛེ་ནད་ཅོག་སེལ་ཏོ། ། རུ་ར་དང། ཀ་རཉྫ་དང། ཡུངས་ཀར་དང། ཡུང་དང། བལ་གུཉྫ་དང། རྒྱམ ་ཚྭ་དང་།བྱི་དགག་རྣམས་ལྷན་ཅིག་ཏུ་བཏགས་ལ། བ་གཅིན་དང་སྦྱར་ཏེ་ལུས་བསྐུས་ན་ཡང་མཛེ་ནད་སེལ་ཏོ། །རུ་རྟ་དང། ཨེ་རཎྚ་དང། ཨེ་ད་ག་ཛ་རྣམས་ལྷན་ཅིག་ཏུ་ཏིལ་མར་རམ། བ་གཅིན་དང་སྦྱར་ཏེ་ལུས་བསྐུས་ན་ཡང་མཛེ་ནད་ཐུབ་བོ།། ་གསེར་ཕྲོམ་དང། སྐྱེར་ཁཎྜ་དང། རྒྱམ་ཚྭ་དང། ཕྲ་པུཎྜ་རྣམས་ཀྱང་བསྐུ་བའི་རྣམ་གྲངས་སུ་བཤད་དོ། །རུ་རྟ་དང། རྒྱམ་ཚྭ་དང། ཡུངས་ཀར་དང། བྱི་དང་ག་དང་།ེ་ད་ག་ཛ་རྣམས་ལྷན་ཅིག་ཏུ་བཏགས་ལ། རྩབས་དང་སྦྱར་ཏེ་བསྐུས་ན ་ཡང་ཤུ་བ་དང། མཛེ་ཐིག་ལེ་ཞེས་བྱ་བ་སེལ་ཏོ། །མུ་ཟི་དང། བ་བླ་དང། ལྡོང་རོས་དང། རུ་རྟ་དང། སྨན་ཀ་ལི་དང། པུ་ཤེལ་ཙེ་དང། གནདྷ་པ་ཏྲ་རྣམས་བཏགས་ལ། ཆུ་དང་སྦྱར་ཏེ་བསྐུས་ན་ཡང། ཤ་ཀྲ་ལ་སོགས་བ ་མཛེ་ནད་དོ་ཅོག་སེལ་ཏོ། །གནདྷ་པ་ཏྲ་དང། ན་ལེ་ཤམ་དང། ནག་ཚུར་དང། རུ་རྟ་དང། ལྡོང་རོས་རྣམས་ཀྱི་ཕྱེ་མ་ཏིལ་མར་དང་སྦྱར་ལ། ཁར་བའི་སྣོད་ཀྱི་ནང་དུ་ཞག་བདུན་གྱི་བར་དུ་བཞག་སྟེ་ལུས་བསྐུས་ན་ཡང་ཤ་ཀྲ་དང། ཤ་གཟི་གུ་མེད ་པར་བྱེད་དོ། །མུ་ཟི་དང། ནས་ཚིག་འཁུས་པའི་ཐལ་བ་འམ། ཆུ་ཤིང་གི་ཐལ་བ་འམ། ཤིང་ཁ་རའི་མེ་ཏོག་གི་ཐལ་བ་གང་ཡང་རུང་བ་ཏིལ་མར་དང་སྦྱར་ཏེ་ལུས་བསྐུས་ན་ཡང་ཤ་བཀྲ་སེལ་བར་བྱེད་དོ། །སྨན་དཀུ་ན་ཏི་རྨ་བྱའི་མཁྲིས་པ ་དང་སྦྱར་བ་འམ་སྨན་པ་ལ་ཀའི་ཐལ་བ་རྨ་བྱའི་མཁྲིས་པ་དང་སྦྱར་བ་འམ། སྣ་མའི་མེ་ཏོག་གླང་པོ་ཆེའི་རྡུལ་ལས་སྦྱར་བ་རྣམས་ལས་གང་ཡང་རུང་བས་ལུས་ལ་བསྐུས་ན་ཡང་ཤ་གཟི་གུ་མེད་བར་བྱེད་དོ། །རུ་རྟ་དང། སྨན་ཨ་ཤུ་མར ་དང། ཤིང་ཨརྒའི་ཤུན་ལྤགས་དང། རྒྱམ་ཚྭ་དང། པུ་ཤེལ་ཙེ་དང། ཀྲུ་ཏྲུག་ཏྲེས་རྣམས་ཀྱི་ཕྱེ་མ། པ་གཅིན་དང། ཏིལ་མར་གྱི་ནང་དུ་སྐོལ་ཏེ་ཏིལ་མར་ཉི་ཚེ་ལུས་བས་ལུས་བསྐུས་ན་ཡང་མཛེ་ནད་སེལ་ཏོ། །རུ་རྟ་དང། ཨ་ཤྭ་མ་ར་དང། བྷིང་ག་ར ་ཛ་དང། ཨརྒ་དང། རྒྱམ་ཚྭ་རྣམས་ཀྱི་ཕྱེ་མ་བ་གཅིན་དང། ཤིང་སྨུ་ཧའི་ལོ་མ་དང། ཏིལ་མར་གྱི་ནང་དུ་སྐོལ་ལ། ཏིལ་མར་ཉི་ཚེ་ལུས་པའི་ནང་དུ་མདའ་དུག་ཅུང་ཟད་ཙམ་བཏབ་སྟེ་ལུས་བསྐུས་ན་ཡང་ཤུ་བ་དང། རྐང་ཤུ་ལ་སོགས་པ ་སེལ་ཏོ། །བཙོང་དང། འབྲས་བུ་གསུམ་དང་།རྒྱ་སྐྱེགས་དང། ཡུང་དང། ལྡོང་རོས་དང། བ་བླ་དང། མུ་ཟི་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མ་ཏིལ་མར་དང་སྦྱར་ཏེ་ཉི་ཚན་གྱི་དྲོད་ཀྱིས་སྲོས་པས་ལུས་བསྐུས་ན་ཡང་གཡན་བ་སེལ་བར་བྱེད་དོ།། ་སྨན་ཀ་ཀ་ན་སི་ཀ་དང། ཨུ་དུམྦ་ར་དང། ནིམཔ་དང། གླ་སྒང་དང། ཚ་བ་གསུམ་དང། བྱི་དང་ག་རྣམས་ཀྱི་ཕྱེ་མ་ནིམཔ་སྐོལ་བའི་ཁུབ་དང་སྦྱར་ཏེ་འཐུངས་ནི་ཡང་པགས་པའི་ཉེས་པའོ་ཅོག་སེལ་ཏོ། །སྲེ་ཏྲེས་སྐོལ་བའི་ཁུ་བ་དང། འབྲས་བུ་གསུམ་སྐོལ་བའི ་ཁུ་བ་དང། བ་གཅིན་སྐོལ་བ་དྲོན་མོ་རྣམས་ལས་གང་ཡང་རུང་པ་གུ་གུལ་དང་སྦྱར་ཏེ་ཟླ་བ་གཅིག་གི་བར་དུ་འཐུངས་ན་ཡང་པགས་བའི་ཉེས་བ་དང། རྨ་དང། ལུས་སྐེམ་པར་རྣམས་སེལ་ཏོ། །བྲག་ཞུན་དང། ཡུང་དང། སྐྱེར་ཁཎྜ་རྣམས་ལས་གང་ཡང ་རུང་བ་སྦྲང་རྩི་དང། བ་གཅིན་གྱིས་སྦྱར་ཏེ་ཟླ་བ་གཅིག་གི་བར་དུ་འཐུངས་ན་ཡང། མཛེ་དང། སྐྱ་རྦབ་ཀྱི་ནད་སེལ་ཏོ། །ཞག་བདུན་གསུམ་གྱི་བར་དུ་ཁང་བ་དྲོན་བོ་འམ། ཉི་མ་ཚ་བ་ལ་འདུག་ཅིང། སྨན་ཚ་བ་སྐོལ་བའི་ཁུ་བ་དྲོན་མོ་དང། སྨན་པ་ཀུ་ཙིའི་ཁུ་བ ་དང་སྦྱེར་ཏེ་འཐུངས་ལ་ཁ་ཟས་འོ་མ་དང་ལྡན་པར་ཟོས་ན་ཡང་མཛེ་ལས་ཐར་བར་འགྱུར་རོ། །བ་ཀུ་ཅིའི་ཕྱེ་མ་མར་སར་དང་སྦྲང་རྩིར་ཏེ་ཟོས་ལ། དེའི་རྗེས་ལ་དར་བ་འཐུངས་ཤིང། ཁ་ཟས་ཀྱང་དར་བ་དང་སྤགས་ཏེ་ཟོས་ན་མཛེ་ནད་ཀྱི་འཇིགས་པ་མེད་དོ། །ཏིལ་དང། ་མར་དང། འབྲས་བུ་གསུམ་དང། སྦྲང་རྩི་དང། ཚ་བ་གསུམ་དང། གོ་བྱེ་དང། ཁ་ར་དང། རྣམ་པ་འདི་བདུན་ཆ་མཉམ་སྟེ་སྦྱར་བའི་མིང་ནི་བདུན་ཆ་མཉམ་བ་ཞེས་བྱ་སྟེ། དེ་ལས་ཅི་རན་པར་ཟོས་ན་རོ་ཙ་ཞིང་ཡིད་གཞུངས་པར་བྱེད་ལ། མཛེ་ནད་སེལ་ཏེ་འདི ་ལ་ཆོ་ག་བསྲུང་བ་མེད་དོ། །བྱི་དང་ག་དང། ཀྲུ་ཏྲུག་ཏྲེས་དང། ཁ་ར་དང། སྐྱུ་རུ་ར་དང། ལྕགས་ཀྱི་སོ་དོག་དང། པི་པི་ལིང་རྣམས་ཀྱི་ཕྱེ་མ་ཏིལ་མར་དང་སྦྱར་ཏེ་ཟོས་ན་མཛད་ནད་དེ་ཙོག་ཤིན་ཏུ་ཚ་བས་ཚེ་བ་ཡང་སེལ་བར་འགྱུར་ཏེ། ཨ་རུ་ར་དང། ཏིལ་དང། ་བོ་བྱེ་རྣམས་ཀྱི་ཕྱེ་མ་བུ་རམ་དང་སྦྱར་ཏེ་བརྫིས་པ་ཟོས་ན་ཡང་མཛེ་ནད་སེལ་ཏོ།། གོ་བྱེ་དང། ཕྱི་དང་ག་དང། སོ་མར་ཅི་ཀ་རྣམས་ཀྱི་ཕྱེ་མ་བུ་རམ་དང་བརྫིས་པ་འམ། ཕྱི་དང་ག་དང། འབྲས་བུ་གསུམ་དང། པི་པི་ལིང་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་བརྫིས ་པ་ཐོས་ན་ཡང། མཛེ་དང། སྲིན་བུ་དང། གཅིན་སྙི་བའི་ནང་དང། རྨ་འཁྱིམས་པ་དང། མཚན་བར་རྡོལ་གྱི་ནང་རྣམས་སེལ་བར་བྱེད་དོ། །པགས་པའི་ཉེས་པ་ཞི་བར་བྱ་བ་ལ་དུག་མོ་ཉུང་གི་ཕྱེ་མ་མར་ཁུ་དང་སྦྱར་བ་ཡང་བཏུང་བར་བྱའོ། ་ཡང་ན་ཏིལ་དང། སོ་མར་ཛ་ཀའི་ཕྱེ་མ་ཆ་མཉམ་སྟེ་སྦྱར་བ་ཆོ་ག་བསྲུངས་བཞིན་དུ་ལོ་གཅིག་གི་བར་དུ་བཟའ་འོ། །སེང་ལྡེང་དང། བྲག་ཞུན་དང། སྦྲང་རྩི་དང། ཞུན་མར་དང། བྱི་དང་ག་རྣམས་སྦྱར་ཏེ་ཟོས་ལ། ཆོ་ག་བཞིན་དུ་བསྲུངས་ན། སྐྲད་མཛེ ་དང། སྐྲང་བའི་ནད་རིང་པོ་མི་ཐོགས་པར་འབྱང་བར་འགྱུར་རོ། །སེར་ལྡེང་གི་རྩབ་བསེགས་པའི་ཁུ་བ་བུམ་པའི་ནང་དུ་བཟགས་པ། སྐྱུ་རུ་རའི་ཁུ་བ་དང། མར་དང། སྒྲང་རྩི་དང་སྦྱར་ཏེ་ཟོས་ན་ཡང་མཛེ་ནད་སེལ་ཞིང་སྨན་བཅུད་ཀྱིས་ལེན་དུ ་འགྱུར་རོ།། སེང་ལྡེང་སྐོལ་བའི་ཁུ་བ་བསྒྲངས་པ། སྦྲང་རྩི་དང། སྐྱེར་ཁཎྜ་དང་སྦྱར་བའམ། ཡང་ན་འབྲས་བུ་གསུམ་དང། བྱི་དང་གའི་ཕྱེ་མ་མར་དང། སྦྲང་རྩི་དང། མར་གྱིས་སྦྱར་ཏེ་ཟོས་ན་ཡང་མཛེ་ནད་སེལ་ཏོ། །སེང་ལྡེང་སྐོལ་བའི་ཁུ་བས་ལུས་བསྐུ་བ ་དང། ལུས་དྲིལ་བ་དང། ཁྲུས་བྱ་བ་དང། བཏུང་བ་དང། ཁ་ཟས་གཡོ་བའི་ཆུ་ལ་སོགས་པ་སྤྱད་ཅིང་རྟག་ཏུ་འཐུངས་ན་མཛེ་ནད་པགས་པའི་ཉེས་པ་ཐམས་ཅད་སེལ་ཏོ། །ཇི་ལྟར་སེང་ལྡེང་མཛེ་ནད་བཟློག་པའི་ཚེ་གར་སྦྱར་བ་བཞིན་དུ་།ཤི་ཤ་པ་དང། དོད་ཀ ་དང། ཨ་རིཥྚ་དང། སྐྱེར་པ་དང། ཤིང་རོ་ཧི་ཏ་ཀ་དང། ཨ་ས་ན་རྣམས་ཀྱང་དེ་བཞིན་དུ་བྱའོ། །མཛེ་ནད་ཅན་ལ་ནི་ཁ་ཟས་སུ་འབྲས་ས་ལུ་དང། ཀོ་དྲ་བ་དང། གྲོ་དང། ནས་དང། མོན་སྲན་སྡེའུ་ལ་སོགས་པ་གང་བུ་ཅན་རྙིང་པ་རྣམས་དང། ཚོད་མ་རོ་ཁ ་བའི་བག་དང། རི་དགས་སྐམས་ན་གནས་པའི་ཤིང་དང། སྦྱར་བ་རྣམས་ཕན་ཞིང་འཕྲོད་པ་ཡིན་ནོ། །མཛེ་ནད་གསོ་བའི་ལེའུ་བཅུ་གཉིས་པ་རྫོགས་སོ།། །།དེ་ནས་གཞང་འབྲུམ་དང། མཚན་བར་རྡོལ་གྱི་ལེའུ་བཤད་པར་བྱའོ། །དེ་ནས་གཞར? ་འབྲུམ་ནི་ནང་གཞི་གསུམ་རེ་རེ་ལས་གྱུར་པ་དང། ཀུན་འདུས་པ་ལས་གྱུར་པ་དང། །བྲག་ནད་ལས་གྱུར་པ་དང། ཐོག་མ་ནས་ལྷན་ཅིག་སྐྱེས་བ་དང། རྣམ་བ་དྲུག་ཡོད་དེ། གཞང་ཀའི་གཉེར་མ་གསུམ་ཡོད་པའི་གནས་སུ་འབྱུང་བར་རིག་བར་བྱའོ། །དེ་ལ་རླུང ་ལས་གྱུར་བའི་གཞར་འབྲུམ་གྱི་མཚན་མ་ནི། འབྲུམ་བུ་ཆུང་ཞིང་མ་རྒྱས་པ་དང། སྐམ་པ་དང། རྩ་དམར་ཞིང་སྔོ་སྐྱར་འདུག་དང། སྣུམ་བག་མེད་ཅིང་རྩུབ་པ་དང། འབྲུམ་བུ་རྣམས་མཐོང་མན་ཡོད་ཅིང་མི་མཉམ་པ་དང། ན་ཞིང་འགག་པར་བྱེད་བ་ལ ་སོགས་པ་རླུང་གི་ཚུལ་ཐམས་ཅད་དང་ལྡན་རྣ་བ་ཡིན་ནོ།། མཁྲིས་པ་ལས་གྱུར་པའི་གཞང་འབྲུམ་གྱི་མཚན་མ་ནི། མདོག་དམར་ཞིང་སེར་ལ་གནག་སྟེ་རེག་ཏུ་མི་བཟོད་ཅིང། འཇམ་ལ་ཁྲག་འཛག་ཅིང་ཆུ་སེར་ཅན་ལ་མགོ་འཁོར་ཞིང་ལུས་ཚ་བ་ལ་སོགས ་པ་མཁྲིས་བའི་ཚུལ་རྣམས་དང་ལྡན་པ་ཡིན་ནོ། །བད་ཀན་ལས་གྱུར་པའི་གཞང་འབྲུམ་གྱི་མཚན་མ་ནི། མདོག་དཀར་བ་དང་སེར་སྐྱར་འདུག་དང། འབྱར་དཀའ་བ་དང། སྣུམ་ཞིང་འབྱིལ་བ་དང། འབྲུམ་བུ་ཆེ་ཞིང་ཚོར་བ་མེད་པ་དང། བད་ཀན་གྱི་ཚུལ ་རྣམས་དང་ལྡན་པ་ཡིན་ནོ། །ཀུན་འདུས་པ་ལས་གྱུར་པའི་གཞར་འབྲུམ་དང་།ཐོག་མ་ནས་ལྷན་ཅིག་སྐྱེས་པའི་གཞར་འབྲུམ་གྱི་ཚུལ་ནི། ཐམས་ཅད་ཀྱི་མཚན་མ་དང་ལྡན་པ་ཡིན་ནོ། །ཁྲག་ལས་གྱུར་པའི་གཞར་འབྲུམ་གྱི་མཚན་མ་ནི། མདོག ་དམ་པར་ཞིང་ཁྲག་འཛེག་བ་ཡིན་པར་བསྟན་ཏོ། །དེ་ལ་ནང་གི་གཉེར་མེའི་གནས་སུ་འབྱུང་བ་དང་།ནད་གཞི་གསུམ་འདུས་པ་ལས་གྱུར་བ་དང། ཐོག་མ་ནས་ལྷན་ཅིག་སྐྱེས་པ་འདི་གསུམ་ནི་སྤང་བར་བྱའོ། །ལྷག་མ་གཞན་རྣམས་ནི་གསོ་དཀའ་བར་བཤད་དོ། ་གཞད་འབྲུམ་ཅན་ལ་ནང་སླ་ཐབས་སྐྱུག་པ་དང་།མོར་མོད་བའི་ནད་དང་།དུ་ཤིང་ན་བ་དང། སྐོམ་དང་ཆེ་བ་དང། རིམས་དང། སྙིང་ན་བ་དང། ཚུ་སོན་བ་དང། ཁར་འབྲུམ་པ་འབྱུང་བ་དང། གཞར་ཀང་འབྲུམ་པ་ཕྲེའུ་འབྱུང་བ་དང། ཤ་ཟད་བ་རྣམས་? ་བར་བྱའོ། །ཡང་ན་གཞར་འབྲུམ་ནི་རྣམ་བ་གཉིས་སུ་འདུས་ཏེ། གཞར་འབྲུམ་སྐམ་བ་ནི་བད་ཀན་དང་རླུང་གཉིས་འདུས་པ་ལས་གྱུར་པ་ཡིན་ནོ། །མ་བྲོས་པ་དང། ཁྲབ་ནང་འདུས་བ་ལས་གྱུར་པ་ནི། གཤེར་ཞིང་འཛག་པ་ཡིན ་པར་ཤེས་པར་བྱ་སྟེ། དེ་ལ་ཐོག་མར་གཞར་འབྲུམ་སྐམ་པོའི་ཆོག་བཤད་པར་བྱ་སྟེ། གཞར་འབྲུམ་ཞི་བར་བྱ་བ་ལ། བ་ལང་གོ་ལྕེ་བའི་དུགས་དང། ཟན་དྲོན་གྱི་དུགས་དང། ལ་ཕུག་གི་དུགས་དང། ཤུ་ཏའི་དུགས་རྣམས་གང་ཡང་རུང་བ་བྱ་ཞིང་།གསོ ་མ་སྐོལ་བའི་ཁུ་བ་བླུགས་པ་དང། སྤྲུལ་ནག་པོ་དང། བྱི་ལ་དང། རྔ་མོ་དང། ཕག་དང། སྲོག་ཆགས་ཛ་དུ་ཀ་རྣམས་གང་ཡང་རུང་བའི་ཚིལ་བསྲེགས་པའི་དུར་པས་བདུག་པ་དང། ཡང་ན་ཡུད་གི་ཕྱེ་མ་ཤིང་སྣུ་ཧའི་འོ་མ་དང་སྦྱར་ཏེ་བསྐུ་བ་དང། ཡང ་ན་པི་པི་ལིང་དང། ཡང་གི་ཕྱེ་མ་པ་ལང་གི་མཁྲིས་པ་དང་སྦྱར་བས་བསྐུ་བར་བྱའོ། །ཡང་ན་སྭ་རྫི་ཀའི་ཐལ་བ་དང། དནདའི?་རྩ་བ་དང། ལུང་ག་ལའི་རྩ་བ་དང། ཀྲུ་ཏྲུག་ཏྲེས་རྣམས་ཀྱི་ཕྱེ་མ་བ་གཅིན་དང། པི་པི་ལིང་དང། ཤིང་ཤིང་ཤའི་ས ་བོན་དང། ཤིང་ཨརྒའི་འོ་མ་དང། རུ་རྟ་དང། རྒྱམ་ཚ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང། ཡུང་དང། བྱ་གག་གི་རྟུག་བ་དང། འོ་མ་སེའི་འབྲས་བུ་དང། པི་པི་ལིང་རྣམས་ཀྱི་ཕྱ་མ་བ་གཅིན་དང་སྦྱེར་བ་དང། བསྐུ་བའི་སྨན་རྣམ་བ་འདི་གསུམ་ནི། ་གདོན་མི་ཟ་བ་ཡིན་ཏེ། གང་ཡང་རུང་བས་བསྐུས་ན་གཞང་འབྲུམ་མེད་པར་བྱེད་དོ། །དནདའི་རྩ་བ་དང། ཨ་ཤྭ་མར་དང། ནག་ཚུར་དང། ཕྱི་དང་ག་དང། བ་བླ་དང་།ཀྲུ་ཏྲུག་ཏྲེས་དང། རྒྱམ་ཚ་རྣམས་ཀྱི་ཕྱེ་མ། ཤིང་ཨརྒའི་འོ་མ་དང། ཏིལ་མར ་གྱི་ནང་དུ་སྐོལ་ཏེ། ཏིལ་མར་ཉི་ཚེ་ལུས་ལ་བཙགས་བས་བསྐུས་ན་ཡང་གཞར་འབྲུམ་སེལ་ཏེ། །ཡང་ན། ཨ་རུ་ར། བུ་རམ་དང་སྦྱར་བ་འམ། ཡང་ན་ཨ་རུ་ར་ཞག་གཅིག་གི་བར་དུ་བ་གཅིན་གྱི་ནང་དུ་སྤངས་བ་འམ། ཡང་ན། ཨ་རུ་ར་དང་བི་བི་ལིང་མར ་གྱི་ནང་དུ་བརྔོས་བའམ། ཡང་ན་ཨ་རུ་ར་དང། ཤིང་ཉེ་རོང་དང་།དན་དའི་རྩ་བ་རྣམས་སྦྱར་བ་བཟའ་བར་བྱའོ། །ཡང་ན་།གོ་བྱེ་བཏགས་པའི་ཕྱི་དང་།དར་བ་སྦྱར་བ་འམ། ཡང་དར་བ་དང་།ཕྱེ་ཀྲུ་ཏྲུག་ཏྲེས། །ལ་ལ་ཕུང་བཏགས་པའི་ཕྱེ་མར་དང་སྦྱར་བའམ། ཡང་ན ་དར་བ་དང། ཕྱེ་བཅའ་སྒ་དང། བིལྦ་དང་སྦྱར་བ་ནན་ཏན་དུ་བྱས་ཏེ་བཏུང་ངོ། །ཡང་ན་རྫ་མ་ཀྲུ་ཏྲུག་ཏྲེས་ཀྱིས་བསྐུས་པའི་ནང་དུ་ཞོ་མནན་དེ་ལངས་ནས། ཞོ་ལམ་དར་བ་གང་ཡང་རུང་བ་བཏུང་ངོ། །ཡང་དེ་ཉིད་ཀྱི་ཆོ་ག་བཞིན་དུ། པི་རྒ་དང། པོ་ཏ་དང། ་སླེ་ཏྲེས་རྣམས་ཀྱིས་རྫ་མ་བསྐུས་པའི་ནང་དུ་ཞོ་མནན་ལ། ཞོ་འམ་དར་བ་གང་ཡང་རུང་བ་བཏུང་ངོ། །ཡང་ན་དབྱི་མོང་དང། ཀྲུ་ཏྲུག་ཏྲེས་ཕྱེ་མ་ཆང་དང་སྦྱར་ཏེ། རྟག་ཏུ་འཐུངས་ན་གཞང་འབྲུམ་སེལ་ཏོ། །ཡང་ན་བཅའ་སྒོ་དང། ཀྲུ་ཏྲུག་ཏྲེས་རྣམས་ཀྱི་ཕྱེ ་མ་བུ་རམ་དང། ཆང་དང་སྦྱར་ཏེ་བཏུང་ངོ། །ཡང་ན་གཞར་འབྲུམ་ཅན་ལ། ད་ནདའི་རྩ་བ་དང་།གོ་བྱེ་དང། ཀྲུ་ཏྲུག་ཏྲེས་དང། འབྲས་བུ་གསུམ་དང། འདི་རྣམས་ཆ་མཉམ་པ་དང། རྒྱམ་ཚ་ཆ་ཉིས་འགྱུར་རྣམས་སྣོད་ཁ་སྦྱར་གྱི་ནང་དུ་བརྡོས་ལ། ཚིག ་མར་གྱུར་བའི་ཕྱེ་མ་ཁ་ཟས་གཞན་དང་སྦྱར་ཞིང་བཟའ་བར་བྱའོ། །ཏིལ་ནག་པོ་ཞོ་གཉིས་གཉིས་ནང་པར་བཞིན་ཟོས་ལ། ཆུ་གྲང་མོས་ཕུལ་ན་ཡང་གཞང་འབྲུམ་ཞི་བར་འགྱུར་ཞིང། སོ་བརྟན་ལ་ཤ་སྐྱེ་བར་འགྱུར་རོ། །མར་དང། ཤིང་པ་ལ་ཤའི་ཐལ་བའི་ཁུ་བ ་མར་གྱི་ཚི་སུམ་འགྱུར་གྱི་ནང་དུ། ཚ་བ་གསུམ་གྱི་ཕྱེ་མ་སྐལ་ཏེ། མར་ཉེ་ཚེ་ལུས་པ་ལས་རན་པར་འཐུངས་ན་ཡང། ཐེ་ཚོམ་མེད་པར་གཞར་འབྲུམ་འབྱང་བར་འགྱུར་རོ། །འབྲས་བུ་གསུམ་དང། རྩ་བ་བཅུ་དང། ཀྲུ་ཏྲུ་།ཏྲེས་དང། དནདའི་རྩ་བ་རྣམས་ཀྱི་ཕྱེ ་?་རེ་རེ་ཆུ་ཕུལ་གང་ལ་སྲང་བརྒྱ་འདུ?་བརྩིས་བ་ཕུལ་དྲུག་ཅུ་རྩ་བཞིའི་ནང་དུ་སྐོལ་ཏོ། ཆུ་བཞི་ཆ་གཅིག་ལུས་པ་བཙགས་ལ། བུ་རམ་སྲང་བརྒྱ་དང་སྦྱར་ཏེ། མར་སྣོད་ཀྱི་ནང་དུ་བླུགས་ལ། ཨིཟླ་བ་གཅིག་གི་བར་དུ་མནན་པའི་མིང་ནི། དནདའི་རྩ་བའི་ཆང་ཞེས་ ་བྱ་སྟེ། འདི་ལས་རན་པར་འཐུངས་ན། གཞང་འབྲུམ་དང། ཡིག་འཆུས་པ་དང། རྟུག་སྐམ་དང། ཕོ་བའི་ནང་དང། སྐྱ་རྦབ་ཀྱི་ནང་རྣམས་སེལ་ཏོ། །བི་ཤལ་དང། ཀ་བིཏྠ་དང། ཀྲུ་ཏྲུག་ཏྲེས་དང། པ་ཐ་རྣམས་ལས་སྲང་གཉིས་གཉིས་དང ་ཨ་རུ་ར་དང། སྐྱུ་རུ་ར་སྲང་སུམ་ཅུ་རྩ་གཉིས་གཉིས་དང། འདི་རྣམས་ཀྱི་ཕྱེ་མ་ཆུ་ཕུལ་བརྒྱ་ཉི་ཤུ་རྩ་བརྒྱད་ཀྱི་ནང་དུ་སྐོལ་ཏེ། ཆུ་བཞི་རྩ་གཅིག་ལུས་པ་བཅགས་ལ། བུ་རམ་སྲང་བརྒྱ་དང་སྦྱར་ཏེ། མར་སྣོད་ཀྱི་རྫ་མར་བླུག་ལ། ཟླ་བ་ཕྱེད་ཀྱི་བར་དུ ་མནན་པའི་མིང་ནི། འབྲས་བུའི་ཆང་ཞེས་བྱ་སྟེ། འདི་ལས་རན་པར་འཐུངས་ན་ཕོ་བའི་ནང་དང། གཞང་འབྲུམ་དང། སྐྲན་སེལ་ཏོ། །གཞར་འབྲུམ་ན་ཞིང་འཁྲུ་བ་ལ་ནི། རླུང་ལས་གྱུར་པའི་འཁྲུ་བའི་ཆོ་ག་སྔར་བསྟན་པ་བཞིན་དུ་བྱའོ། །གཞང་འབྲུམ ་ན་ཞིང་ཕྱིས་སྐམ་སྟེ་འབྱུང་དུ་མི་བཏུབ་བ་ལ་ནི། རྟུག་སྐམ་གྱི་ཆོ་ག་འོག་ནས་འབྱུང་བ་བཞིན་དུ་ལན་མང་དུ་བྱའོ། །ཤུ་ཏི་དང། བིལྦ་དང། པི་པི་ལིང་དང། ཀྲུ་ཏྲུག་ཏྲེས་དང། ཤུ་དག་དང། ཤིང་མངར་དང། ཐང་ཤིང་དང། མནུ་དང། ལི་ཟུར་བ་དང། ་རུ་རྟ་དང། པོ?་སོན་ཆ་རྣམས་བཏགས་པའི་ཕྱེ་མ་རྟིལ་མར་དང། འོ་མ་ཏིལ་མར་གྱི་བཞི་འགྱུར་གྱི་ནང་དུ་སྐལ་ལ། ཏིལ་མར་ཉེ་ཆེ་ལུས་པར་བྱས་ཏེ། བཙགས་པ་ལས་རན་པར་འཇམ་རྩིས་མས་བཏང་ན། རླུང་དང་འཕྲོད་ཅིང། བྱས་བེལ་སྣབས་སུ ་འགྱུར་བ་དང། གཞར་འབྲུམ་དང། གཞར་ན་བ་དང། གཅིན་འགག་བ་རྣམས་སེལ་ཏོ། །པུ་ཙེ་ཤེལ་ལ་སོགས་པའི་སྡེ་ཚན་དང། རྩ་བ་བཅུ་སྔར་བཤད་བ་འདི་གཉིས་ལས་གང་ཡང་རུང་བ་དང། བོ་སོན་ཚ་དང། ཤིང་མངར་དང། ཤུ་ཏི་དང། རུ་རྟ ་དང། གནདྷ་པྲི་ཡང་ཀུ་དང། གླ་སྒང་དང། རྒྱམ་ཚ་རྣམས་ཀྱི་ཕྱེ་མ། མཁྲིས་པ་དང། རླུང་གང་ལས་གྱུར་པའི་ནད་ཀྱི་སྐབས་དང་སྦྱར་ཏེ། མར་དང། ཏིལ་མར་གཉིས་ལས་གང་འོས་པ་ཞིག་དང། འོ་མ་ཆུའི་ནང་དུ་སྐོལ་ཏེ། མར་རིམ། ཏིལ་མར་ཉི་ཚེ་ཡུས ་བས། བཀྲུ་སྨན་དྲབ་ཁོམས་བཏང་བར་བྱའོ། །གཞང་འབྲུམ་ན་བ་ལ་ཁྲག་འཛག་པར་རྟོགས་ན་ཁྲག་ལུང་པའི་ནང་ཀྱི་ཆོ་ག་བཞིན་དུ་བྱ་ཞིང། ཐོག་མ་སྨན་དང། ཁ་ཟས་ལ་སོགས་པ་ཁ་བའི་བག་ལས་སྦྱར་ཞིང་ཟོས་ན་།མེའི་དྲོད་བསྐྱེད་ཅིང་ནད་གཞི་ཆོས ་པར་བྱེད་དོ། །ཁྲག་ནང་ཀྱི་གཞང་འབྲུམ་ཅན་ལ་ཚོས་བར་བྱེད་པའི་སྨན་པུ་ཤེལ་ཙེ་དང། ཡ་རི་ཏ་དང། སྐྱེད་པའི་ཤུན་ལྤགས་རྣམས་ལྷན་ཅིག་ཏུ་སྐོལ་བའི་ཁུ་བ་བསྒྲངས་པ་འམ། ཡང་ན་བཅའ་སྒ་དང། ཙན་དན་དང། རྩ་མཁྲོས་དང། བྱ་ཆེར? ་རྣམས་སྐྲོལ་བའི་ཁུ་བ་བསྒྲངས་པ་བླུད་དོ། །ཡང་ན་སྐོམས་པའི་ནང་དང་ཁྲག་ནད་ཞི་བར་བྱ་བའི་ཕྱིར། ནིམྦའི་ཤུན་ལྤགས་དང། དུག་མོ་ཉུང་གི་འབྲས་བུ་དང། སྐྱེར་ཁཎྜ་དང། པོད་དཀར་པོ་རྣམས་ཀྱི་ཕྱེ་མ། སྦྲང་རྩི་དང། འབྲས་བསྐུས་པའི་ཁུ་བ་དང ་སྦྱར་བ་བླུད་དོ། །ས་མིག་དང། ཨུཏཔལ་དང། ཆུ་ཤིང་གི་འབྲས་བུ་དང། ཏི་རིད་དང། ཏིལ་དང། ཙན་དན་རྣམས་ཀྱི་ཕྱེ་མ་རའི་འོ་མ་དང་སྦྱར་ཏེ་འཐུངས་ན་ཡང་གཞང་འབྲུམ་ཁྲག་འཛག་པ་སེལ་ཏོ། །ཡང་ན་ཁྲག་ནད་ཀྱི་གཞང་འབྲུམ་ཅན་ལ། ཁ་ཟས་པའི ་འོ་མ་དང་ལྡན་པར་བཟའ་ཞིང་།སྨན་དུག་མོ་ཉུང་གི་ཤུན་ལྤགས་དང། སྦྲང་རྩི་དང། བུ་རམ་གྱི་སྦུབ་རྣམས་སྦྱར་བའམ། ཡང་ན་སླེན་མ་ཡུང་ཀའི་ཕྱེ་མ། སྦྲང་རྩི་དང། འབྲས་བསླུས་པའི་ཁུ་བ་དང་སྦྱར་བའམ། ཡང་ན་པདྨ་ཟེ་བ་སྦྲང་རྩི་དང། མར་སར་དང ་སྦྱར་བའམ། །ཡོད་ན་པདྨའི་?་རོ་དང་སྦྱར་བ་ཟོས་ན། གཞང་འབྲུམ་ཁྲག་འཛག་པ་བདེ་བར་འགྱུར་རོ། །དཔྱི་མོའི་ལོ་མ་དང། པའི་ཁུའི་ལོ་མ་དང། ན་ལ་ཤམ་རྣམས་ལས་སྲད་རེ་རེ་དང། པི་པི་ལིང་དང། པི་པི་ལིང་གི་རྩ་བ་སྲང་གཉིས་གཉིས་དང། དྲི་སྣ ་?་ཞེས་བྱ་བ། ཤིང་རྩ་དང། སུག་སྨེལ་དང། གནདྷུ་པ་ཏྲ་དང། ནཱ་ག་གེ་སར་རྣམས་དང། པུ་ཤལ་ཙེ་དང། འདི་རྣམས་ལས་ཞོ་གཉིས་གཉིས་དང། བཅའ་སྒ་སྲང་གསུམ་དང། བུ་རམ་སྨན་སྤྱིར་བསྡོམས་པའི་སུམ་འགྱུར་དང། འདི་རྣམས་སྦྱར་ཏེ་རི་ལུར ་བྱས་པའི་མིང་ནི། བལ་བུའི་རི་ལུ་ཞེས་བྱ་སྟེ། འདི་ལས་རན་པར་ཟོས་ལ། ཆད་དང། ཁུ་བ་ཅུད་དང། ཤ་ཁུ་དང། འོ་མ་དང། ཞོ་ཁ་ཆུ་དང། རྩ་བས་རྣམས་ལ་གང་ཡང་རུང་བས་ནད་གཞི་གང་ཤས་ཆེ་བ་དང་སྦྱར་ཏེ་ཕུལ་ན།? ་དྲོད་བསྐྱེད་ཅིང་གཞང་འབྲུམ་ཐམས་ཅད་དང། སྐྱུག་པ་དང། སྙིང་ན་བ་དང། ལུང་པ་དང། སྐྲན་དང། རིམས་རྣམས་སེལ་ཏོ། །ཆོ་ག་དེ་རྣམས་ཀྱིས་ཀྱང་ཞི་བར་མ་གྱུར་ན། སྨན་པ་མཁས་ཤིང་སྔོན་བྱེད་པ་མཐོང་བས། ནད་པ་རྐང་པ་དགུག་ཅིང། ་བཅིང་བ་ལ་སོགས་པ་ཅི་ནས་ཀྱང་གཞར་ལྟར་སྣང་བའི་ཐབས་བྱས་ཏེ། འབྲུམ་བུ་ག་ལ་འདུག་པ་བརྟག་ན། རྭ་འམ། ལྕས་ཀྱི་སྦུགས་འཇམ་པོ། །བའི་ནུ་སོར་གྱི་དབྱིབས་འདྲ་བ། ཁའི་སྦོམས་སོར་བཞི། སྲིད་དུ་སོང་ལྔ་ཡོད་པར་བྱས་ལ། གློ ་ལོགས་སུ་བུ་ཆེན་པོ་གསུམ་ཙམ་བྱས་ཏེ། རྐུབ་ཏུ་བརྫངས་ལ། གློའི་བུ་གུད་འབྲུམ་བུ་གལ་ཡོད་པའི་ཐད་ཀར་གཏད་དེ། འབྲུམ་བུ་སྦུབས་ཀྱི་ནད་དུ་བྱུང་བ་ལ། རླུང་དང། བད་ཀན་ལས་གྱུར་པའི་གཞར་འབྲུམ་ཞིག་ཡིན་ན། འབྲུམ་བུ་མཚོན ་གྱིས་བཅད་ལ། འགྲོ་ལྕགས་ཀྱིས་བསྲེག་གོ་།ཡང་ན་མི་བཅད་པར་བསྲེག་གོ་།ཡང་ན། གཞང་འབྲུམ་རྣམ་པ་དྲུག་པོ་གང་ཡང་རུང་སྟེ། འབྲུམ་བུ་གང་གི་ནད་དུ་བྱུང་བ་ལ། སྨན་མུ་ཀ་ཀའི་ཐལ་བ་ཕྲད་དར་སྦྱར་བས་བསྐུ་པར་བྱའོ། །གཞང་འབྲུམ་? ་ལ་ནི་མདོར་ན་གང་ཅི་ཡང་རུང་སྟེ། མིའི་སྟོབས་བསྐྱེད་པ་དང། རླུང་དང་འཕྲོད་པའི་སྨན་དང། ཁ་ཟས་དང། བཏུང་བ་གང་ཡིན་པ་དེ་འབའ་ཞིག་ལས་ཆབས་ཆེ་ཆུང་དང་སྦྱར་ཞིང་བཏང་བར་བྱའོ། །གཞང་འབྲུམ་ཅན་གྱིས་ནི་ནད་གཞི་སོ་སོའི་འཁྲུག་པར་འགྱུར ་པའི་ཁ་ཟས་དང། སྟན་མཁྲད་པོ་ལ་འདུག་པ་དང། ཙོག་ཙོག་པུར་འདུག་པ་དང། ཕྱིས་དང། གཅི་ན་ཕྲོ་བཞིན་དུ་?་ནགས་པ་དང། རྟ་ལ་སོགས་པ་ཞོན་པ་རྣམས་སྤང་བར་བྱའོ།། །།ད་ནི་མཚན་པར་བརྡལ་བའི་བྱེ་བྲག་བཤད་པར་བྱ་སྟེ། རྐུབ་ཁ ་ནས་སོར་གཉིས་ཀྱི་ཚུ་རོལ་གྱི་གློ་ལོག་སུ་ཉམ་ཐག་པར་བྱེད་པའི་ཕོལ་མིག་འབྱུང་སྟེ། དེ་བརྡོལ་བའི་མིང་ནི་མཚན་བར་བརྡོལ་ཅེས་བྱ་སྟེ། དེ་ཡང་རྣམ་པ་ལྔ་ཡོད་པར་བཤད་དོ། །དེ་ལ་རླུང་ལས་གྱུར་པའི་ཕོལ་མིག་གི་མིང་ནི་རྨ་ཁ་བརྒྱ་པ་ཞེས་བྱ་སྟེ། མདོག ་དམར་ལ་མི་བཟད་པར་ཟུག་ཅིང་ན་བ་ཡིན་ནོ། །མཁྲིས་པ་ལས་གྱུར་པའི་མིང་ནི། རྔ་མེ་མགྲིན་ཞེས་བྱ་སྟེ། མདོག་དམར་ལ་མེ་འབར་བ་བཞིན་དུ་ཚ་བ་ཡིན་པར་བཤད་དོ། །བད་ཀན་ལས་གྱུར་པའི་མིང་ནི། ཀུན་ཏུ་འཛག་པ་ཞེས་བྱ་སྟེ། མདོག་དཀར་ལ་གཡའ ་བ་ཡིན་པར་བཤད་དོ། །ནད་གཞི་གསུམ་འདུས་པ་ལས་གྱུར་པའི་མིང་ནི། དུར་འཁྱིལ་བ་ཞེས་བྱ་སྟེ། ཐམས་ཅད་ཀྱི་མཚན་མ་དང་ལྡན་པ་ཡིན་ནོ། །ཁ་ཟས་ཟུག་རྡུ་དང་བཅས་པ་ཟོས་ཏེ། གཅིན་ནི་འོད་བའི་སྦུབས་སུ་ཟུག་པ་ལས་གྱུར་པའི་མིང་ནི། ལོག་པར་སོང ་བ་ཞེས་བྱ་སྟེ། འདི་རྣམས་ལས་ནང་གཞི་གསུམ་འདུས་པ་ལས་གྱུར་པ་དང། ཟུག་རྔུ་ཟུག་པ་ལས་གྱུར་པ་གཉིས་ནི་སྤང་བར་བྱའོ། །ལྷག་མ་རྣམས་ནི་གསོ་དཀའ་བ་ཡིན་ནོ། །དེ་ལ་ཕོལ་མིག་དང་པོ་བྱུང་སྟེ་མ་སྨིན་པ་ལ་ནི། དེའི་ཉེན་འཁོར་འམ་རྩ་ནས་ཁྲག ་འབྱུང་བ་དང། ནན་རྩིས་བསྐུ་བ་དང། ནད་བཞི་གང་ལས་གྱུར་པ་དང། འཕྲོད་པའི་སྨན་སྐོལ་བའི་ཁུ་བ་གྲང་དྲོ་གང་འོས་པས། སྟེང་དུ་བླུགས་པ་དང། ཏིལ་མར་དང། ནད་དང་འཕྲོད་པའི་སྨན་སྦྱར་བར་བསྐུ་ཞིང་མཉེ་བ་དང། བསྐུ་སྨན་བཏང་བའི་བར་དུ ་ཚོག་རིམ་བཞིན་དུ་བྱའོ། །བརྡོལ་བར་གྱུར་པའི་ཆོ་ག་ཡང་བཤད་པར་བྱ་སྟེ། དང་པོར་བརྡོལ་བའི་རྨ་ཟབས་ཅི་ཙམ་ཡོད་པ་དང། སྲོལ་གང་ལོགས་སུ་བྱུང་བ། ལྕགས་ཀྱི་ཐུར་མ་འཇམ་པོས་བརྟག་པ་དང། རྨའི་སྲོལ་གང་གྱུར་པར་དྲལ་བ་དང། སྨན ་མུ་སྐ?་ཀ་ལ་སོགས་པའི་ཐལ་བས་གདབ་བ་དང། བསྲེག་པ་ལ་སོགས་པ་གོ་རིམ་བཞིན་དུ་མཐར་གྱིས་བྱས་ནས། རྨ་གསོ་བའི་ཆོ་ག་བཞིན་དུ་།ནང་གཞི་གང་ལས་གྱུར་པ་དང་ཡང་སྦྱར་ཞིང་མཐུན་མཐུན་སྨན་བྱའོ། །དེ་ལ་རྨ་གིས་བའི་ཆོ་ག་ནི། དོད་?? ་ཡུང་དང། རྒྱ་ཤུག་གི་འབྲས་བུ་རྣམས་ཀྱི་ཕྱེ་མ། མར་དང། སྦྲང་རྩི་དང་སྦྱར་ཏེ། གཅིན་འཛེག་པའི་རྨ་མཚན་བར་བརྡོལ་ལ་བསྐུས་ན། རྨ་སྦྱོང་ཞིང་མི་མཆེད་པར་འགྱུར་རོ། །ཤིང་ཉེ་རོང་དང། ཏེ་ཛོ་བ་ཏི་དང། དནདའི་རྩ་བ ་དང། བཙོད་དང། ཡུད་དང། སྐྱེར་བ་དང། སྐྱེར་ཁཎྜ་དང། ནིམྦའི་ལོ་མ་རྣམས་སྦྱར་བས་བསྐུས་ན་ཡང་རྨ་འཁྱིམས་པ་སེལ་ཏོ། །མཚན་བར་བརྡོལ་གྱི་ནང་ལ། ཀ་ར་བི་ར་དང། ཡུང་དང། དནདའི་རྩ་བ་དང། ཁང་ཀའི་ལི་དང། རྒྱམ་ཆ་དང། ཀྲུ ་ཏྲུག་ཏྲེས་དང། ཁ་ལུང་དང། ཨརྐ་དང། དུག་མ་ཡུངས་རྣམ། སྐོལ་བའི་ཁུ་བ་དང། ཏིལ་མར་གྱི་ནང་དུ། སྨན་དེ་དག་ཉིད་ཀྱི་ཕྱེ་མ་སྐོལ་ལ། ཏིལ་མར་ཉེ་ཚེ་ལུས་པ་བཙགས་པ་རྨ་ལ་བསྐུས་པར་བྱའོ། །མཚན་བར་རྡོལ་གྱ་ནད་ཡོད་པའི ་མས་ནི། རྨ་སོས་བའི་འོག་ཏུ་ཡང་ལོ་གཅིག་གི་བར་དུ་ཕྱུགས་ཞོན་པ་དང། ཉལ་པ་དང། སྟོབས་འགྱེད་པ་དང། བརྩལ་བ་དང། ཁ་ཟས་ལྕི་བ་རྣམས་ཤིན་ཏུ་བསྒྲིམས་ཏེ་སྤང་བར་བྱའོ། །གཞང་འབྲུམ་དང། མཚན་བར་བརྡོལ ་གསོལ་བའི་ལེའུ་སྟེ་བཅུ་གསུམ་པ་རྫོགས་སོ།། །།དེ་ནས་སྐྱ་རྦབ་ཀྱི་ནད་གསོ་བའི་ལེའུ་བཤད་པར་བྱ་སྟེ། སྐྱ་རྦབ་ཀྱི་ནད་ནི། ཁ་ཟས་ལ་སོགས་པ་རྣོ་བ་དང། སྐྱུར་བ་དང། ལན་ཚྭ་དང། སྔོན་མ་གོམས་པའི་ཁ་ཟས་དང་ནས? ་ཞག་རྣམས་ལས། ཧ་ཅང་མང་དུ་ཟོས་པ་ལས། སྐྱ་རྦབ་ཀྱི་ནང་དུ་འགྱུར་ཏེ། དེ་ཡང་ནད་གཞི་གསུམ་སོ་སོར་ནས་གྱུར་པ་དང། ཀུན་འདུས་པ་ལས་གྱུར་པའི་བྱེ་བྲག་གིས་རྣམ་པ་བཞིར་འགྱུར་རོ། །དེ་ལ་རླུང་ལས་གྱུར་པའི་སྐྱ་རྦབ་ཀྱི་མཚན ་མ་མི་ལུས་ཀྱི་མདོག་གནག་ལ། རླུན་གི་མཚན་མ་དང། རླུང་ནད་ཀྱིས་བླ་གཉན་རྣམས་དང་ཡང་ལྡན་པ་ཡིན་ནོ། །མཁྲིས་པ་ལས་གྱུར་པའི་སྐྱ་རྦབ་ཀྱི་མཚན་མ་ནི། མཁྲིས་པ་ལས་པ་རྣམས་འབྱུང་ཞིང། མིག་དང། པགས་པ་དང ་ཕྱི་ས་དང། གཅིན་ཅམས་སེར་བ་ཡིན་ནོ། །བད་ཀན་ལས་གྱུར་པའི་སྐྱ་རྦབ་ཀྱི་མཚན་མ་ནི། མདོག་དཀར་ལ་བད་ཀན་ལས་གྱུར་པའི་ནད་རྣམས་དང་ལྡན་པ་ཡིན་ནོ། །ནད་གཞི་གསུམ་འདུས་པ་ལས་གྱུར་པའི་སྐྱ་རྦབ་ཀྱི་མཚན་མ་ནི། ཐམས་ཅད་ཀྱི་མཚན་མ ་དང་ལྡན་པར་ཤེས་པར་བྱའོ། །དེ་ལ་སྐྱ་རྦབ་ཀྱི་ནད་ཡོད་ལ། ཁྲག་ཟད་པ་དང། གློ་འགྲམས་པ་དང། ཤ་ཟད་པ་དང། སྐྱུག་པ་དང་།སྐམ་པ་ལ་སོགས་པའི་བླ་གཉན་ཡོད་པ་དང། མདོག་སེར་ཞིང་སྣང་ངོ་ཅོག་དཀར་པོར་མཐོང་བ་ནི། འཆི་བར་འགྱུར་རོ། ་སྐྱ་རྦ་བགྱི་ནད་ཐམས་ཅད་ལ། དང་པོར་ནི་སྨན་མར་བཏུང་བས་ཁོང་འཇམ་པོར་བྱས་ལ། དེའི་འོག་ཏུ་ནད་གཞི་དང་སྦྱར་ཞིང། གྱེན་དུ་སྐྱུག་པ་དང། ཐུར་དུ་བཀྲུ་བའི་སྨན་རྣོན་པོས་སྦྱར་བར་བྱའོ། །དེའི་སྨན་མར་ནི་མུར་བ་དང། པུ་ཙེ་ཤེལ་དང། ཡུད་དང་།བྱི ་ཚེ?་ར?་དང། པི་པི་ལིང་དང། ཙན་དན་དང། སྐྲ་ལོ་དང། ཁྱི་ལྕེ་བ་དང། དུག་མོ་ཉུང་དང། རྩ་མཁྲིས་དང། བ་ཏོལ་དང། གླ་སྒང་དང། ཐང་ཤིང་རྣམས་ཀྱི་གྱེ་མ་ནོ་གཉིས་གཉིས། མར་སྲད་སུམ་ཅུ་རྩ་གཉིས་དང། འོ་མ་མར་གྱི་བཞི་འགྱུར་གྱི་ནང་དུ་སྐོལ་ཏོ། ་མར་ཉི་ཚེ་ལུས་པ་བཙགས་པ་ལས། རན་པར་འཐུངས་ན། སྐྱ་རྦབ་དང། རིམས་དང། འབྲུམ་བུ་དང། སྐྲང་བ་དང། གཞང་འབྲུམ་དང། ཁྲག་ལུད་པའི་ནད་རྣམས་སེལ་ཏོ། །འབྲས་བུ་གསུམ་དང། སླེ་ཏྲེས་དང། བཤད་ཀ་དང། བུ་ཙེ་ཤེལ་དང། རྩ་མཁྲིས་དང། ་ནིམཔ་རྣམས་སྐོལ་བའི་ཁུ་བ་བསྒྲངས་པ་སྦྲང་རྩི་དང་སྦྱར་ཏེ་འཐུངས་ན་ཡང། སྐྱ་རྦབ་ཀྱི་ནད་དང། མིག་སེར་དང་ཅན་དུ་སེལ་ཏོ། །ཡང་ན་སྐྱ་རྦབ་ཀྱི་ནད་ཡོད་པ་ལ། ཨ་རུ་ར་དང། བ་གཅིན་དང་སྦྱར་བ་བཏུང་ཞིང། ཁ་ཟས་འོ་མ་དང་ལྡན་པར་བཟང་བར་བྱའོ། །ཡང ་ན་ལུགས?་ཀྱི་ཕྱེ་མ་བ་གཅིན་གྱི་ནང་དུ་ཡུན་རིང་དུ་སྤངས་པ་བཟའ་ཞིང་འོ་མས་དབུལ་ལོ། །འབྲས་བུ་གསུམ་དང། ཀྲུ་ཏྲུག་ཏྲེས་དང། གླ་སྒང་དང། བྱི་དང་ག་དང། ཚ་བ་གསུམ་རྣམས་ཀྱི་ཕྱེ་མ་དང། ལྕགས་ཀྱི་བྱེ་མ་དང། སྨན་དེ་རྣམས་སྤྱིར་བསྡོམས་པའི ་ཚད་དང་མཉམ་པ་དང། འདི་རྣམས་སྦྲང་རྩི་དང་མར་དང་སྦྱར་ཏེ་ཟོས་ན་ཡང། སྐྱ་རྦབ་དང། མིག་སེར་དང། སྐྲང་བ་དང། གཅིན་ནད་སེལ་ཏོ། །ཏིལ་དང། ཚ་བ་གསུམ་དང། རྒྱ་ཤུག་གི་འབྲས་བུ་དང། དྲུབ་མར་ཅད་རྣམས་ཀྱི་ཕྱེ ་མ་དང། ལྕགས་ཀྱི་ཕྱེ་མ། སྨན་དེ་རྣམས་སྤྱིར་བསྡོམས་པའི་ཚད་དང་མཉམ་པ་དང། འདི་རྣམས་སྦྲང་རྩི་དང་སྦྱར་ཏེ་མ་བརྫིས་པ་ལས། རན་པར་ཟོས་ན་ཡང། སྐྱ་རྦབ་ཀྱི་ནང་དྲག་པོ་དང། སྐྲངས་བ་སེལ་ཏོ། །མིག་སེར་གྱི་ནད་ནི། སྐྱ་རྦབ་ཀྱི་ནང་ཡལ་བར ་བོར་བ་ལས། མཁྲིས་པ་འཁྲུགས་ནས། མིག་སེར་གྱི་ནང་དུ་འགྱུར་པས་ན། དེ་ཡང་སྐབས་འདིར་བཤད་དེ། དེའི་མཚན་མ་ནི། མིག་དང་ལུས་ཀྱི་མདོག་སེར་བ་ཡིན་ནོ། །མིག་སེར་ཆེན་པོ་ཞེས་བྱ་བ་ཡང། མིག་སེར་གྱི་ནང་ལས་བོར་བོར་ནས། ་ཚབས་ཆེན་པོར་གྱུར་པ་ལས་འབྱུང་སྟེ། དེ་གཉིས་ལ་ནི་སྣུམ་པའི་བཀྲུ་སྨན་བཏང་ངོ། །བ་ལ་དང། ཡུང་དང་།ནིམཔ་དང། འབྲས་བུ་གསུམ་དང། ཤིང་མངར་རྣམས་ཆ་མཉམ་སྟེ། བཏགས་ལ་འོ་མ་དང། མ་ཧེའི་མར་དང། སྐོལ་ནས་མར་ཉི་ཚེ ་ལུས་པ་བཙགས་པ་ལས་རན་པར་འཐུངས་ན་ཡང་མིག་སེར་གྱི་ནང་སེལ་ཏོ། །སླེ་ཏྲེས་དང། འབྲས་བུ་གསུམ་དང། སྐྱེར་པ་དང། ནིམཔ་རྣམས་གང་ཡང་རུང་བའི་ཁུ་བ་སྦྲང་རྩི་དང་སྦྱར་ཏེ། ནད་པར་བཞིན་རྟག་ཏུ་འཐུངས་ན་ཡང། མིག་སེར་གྱི ་ནད་སེལ་ཏོ། །ལུགས་ཀྱི་ཕྱེ་མ་དང། ཡུད་དང། སྐྱེར་པ་དང། འབྲས་བུ་གསུམ་དང། པུ་ཙེ་ཤེལ་རྣམས་ཀྱི་ཕྱེ་མ། སྦྲང་རྩི་དང། མར་དང་སྦྱར་ཏེ་ཟོས་ན་ཡང། མིག་སེར་གྱི་ནད་སེལ་ཏོ། །སྐྱུ་རུ་ར་དང། ལྕགས་ཀྱི་ཕྱེ་མ་དང། ཚ་བ་གསུམ ་དང། ཡུད་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང། མར་དང། ཁ་ར་དང་སྦྱར་ཏེ་ཟོས་ན། མིག་སེར་ཚབས་ཆེན་པོ་ཡང་མྱུར་དུ་སེལ་ཏོ། །པི་པི་ལིང་དང། པི་པི་ལིང་ཆེན་པོ་དང། པི་པི་ལིང་གི་རྩ་བ་དང། ཀྲུ་ཏྲུག་ཏྲེས་དང། ལ་ལ་ཕུད་དང། ན་ལེ་ཤ་ཟ་དང། ་རྒྱམ་ཚ་དང། ཕྱི་དང་གདང། འབྲས་བུ་གསུམ་དང། འུ་སུའི་འབྲས་བུ་དང། རྒྱ་ཤུག་གི་འབྲས་བུ་དང་།གོ་སྙོད་དང། ནུ་ཤིང་གི་འབྲས་བུ་རྣམས་ཀྱི་ཕྱེ་མ་སྲང་རེ་རེ་དང། ཤིང་ཉི་རོང་གི་ཕྱེ་མ་དང། ཏིལ་མར་སྲང་བརྒྱད་བརྒྱ་དང། སྐྱུ་རུ་རའི་ཁུ་བསྲང་དགུ་བཅུ ་རྩ་དྲུག་དང་།བུ་རམ་སྲང་ལྔ་བཅུ་དང། འདི་རྣམས་ལྷན་ཅིག་ཏུ་སྐོལ་བའི་མིང་ནི། སྨན་གྱི་ལྡེ་གུ་དགེ་བ་ཞེས་བྱ་སྟེ། འདི་ལས་རན་པར་ཟོས་ན་ཡང། སྐྱ་རྦབ་དང། མིག་སེར་དང་།གཞང་འབྲུམ་དང། སྦྱར་བའི་དུག་རྣམས་སེལ་ཅིང། གཅིན་ནང་དང། མཛེ་དང། ་རིམས་དང། དབུགས་མི་བདེ་བ་དང། བོ་གཞི་ནང་རྣམས་མེད་པར་བྱེད་ལ། སྨན་བཅུད་ཀྱི་ལེན་དུ་ཡང་འགྱུར་རོ། །མིག་སེར་གྱིས་ཉམ་ཐག་པ་ནི། སྨན་དྲོན་བུ་ཤི་བའི་ཁུ་བའི་མིག་བཟང་ངོ། །ཡང་ན་ཡུད་དང་བཙག་དང། སྐྱུ་རུ་རའི་ཕྱེ་མ་ཞི་བ་མོ་སྒྱུར་བས ་ཀྱང་བསྐུ་བར་བྱའོ། །ཡང་སྨན་ཀ་རྐོ་ཏ་ཀའི་རྩ་བའི་ཕྱེ་མ་འམ། ཛ་ལི་ནི་ལ་འབྲས་བུའི་ཕྱེ་མ་སྣར་བླུགས་སོ། །ཡང་ན་མིག་པར་གྱིས་ཉམ་ཐག་པ་ལ། ཨརྞ་དང། པི་པི་ཡིད་གི་ཕྱེ་སྦྱར་བ་སྣར་བླུགས་སོ། །ནད་ལྗང་གུ་ཁ་ཞེས་བྱ་བ་ནི་།རླུང་དང་མཁྲིས་པ་ལ་འབྱུང་སྟེ། ་དེའི་མཚན་མ་ནི། ལུས་ཀྱི་མདོག་ལྗང་གུ་ཁར་འདུག་པ་དང། སྔོ་སངས་དང། སེར་བ་དང་།རིམས་ཀྱིས་འདེབས་པ་དང་།སྐོམ་དང་ཚེ་བ་དང་།མེའི་དྲོད་ཆུང་པར་བྱེད་ཅིང། སྒྱིང་ལུག་པ་དང། སྙོམ་པ་རྣམས་ཡིན་ཏེ། སྐྱ་རྦབ་ཀྱི་མང་ཡོད་པ་ལ་འགྱུར་རོ། །དེ་ནི་ཁ ་ས?་དང། སྐོམ་མངར་དགུ་དང། རླུང་དང་མཁྲིས་པ་སེལ་བའི་སྨན་རྣམས་ཀྱིས་ཐུག་པར་འགྱུར་ཏེ། མིག་སེར་དང། སྐྱ་རྦབ་ཀྱི་ནད་ཀྱི་ཆོ་གར་བསྟན་པ་བཞིན་དུ། ནང་ལྡང་ཁུ་ཁ་འདི་ལ་ཡང་སྦྱར་བར་བྱའོ། །སྐྱ་རྦབ་ཀྱི་ནད་གསོ་བའི་ལེའུ་སྟེ་བཅུ་བཞི་པ་རྫོགས ་?། །དེ་ནས་སྐྱིགས་བུའི་ནད་དང། དབུགས་མི་བདེ་བའི་ནད་གསོ་བའི་ལེའུ་བཤད་པར་བྱ་སྟེ། སྐྱིགས་བུ་དང། དབུགS་མི་བདེ་བ་ལ་ནི། རླུང་མཁྲིས་པའི་ནང་ལས་འདས་ཏེ། བད་ཀན་གྱི་རྗེས་སུ་འབྲང་བར་གྱུར་པ་ལས། སྐྱིགས་བུ་དང། རླུང? ་མི་བདེ་བ་དྲག་པོ་སྐྱེ་བར་འགྱུར་རོ། །དེ་གཉིས་རེ་རེ་ལ་ཡང་རྣམ་པ་ལྔ་ལྔ་ཡོད་དོ། །དེ་ལ་སྐྱིགས་བུའི་ནང་རྣམ་པ་ལྔ་ནི། སྐྱིགས་བུ་ཆེན་པོ་ཞེས་བྱ་བ། །སྒྲ་ཆེ་ཞིང་ཤུགས་དྲག་ལ། གནད་ལ་གནོད་པ་དང། སྐྱིགས་བུའི་ནད་ཟབ་མོ་ཞེས་བྱ་བ། ་ལྟེ་བའི་ཕྱོགས་ནས་ལྗང་ཞིང་སྒྲ་ཟབ་དུ་འབྱུང་བ་དང། སྐྱིགས་བུའི་ནད་བཏུང་མ་ཞེས་བྱ་བ། སྐྱིགས་བུ་གཉིས་གཉིས་བཏུད་ཅིང་ཤུགས་དྲག་ཏུ་འབྱུང་ལ། མི་བཟད་པར་ན་ཞིང་མགོ་འདམ་པར་བྱེད་པ་དང། སྐྱིགས་བུ་ཆུང་ངུ་ཞེས་བྱ་བ་ཤུགས་དལ་ལ། བྲང ་དང། ནམ་ཚོད་ནས་ལྡང་ཞིང་འབྱུང་བ་དང། སྐྱིགས་བུ་ཟས་ལས་འབྱུང་བ་ཞེས་བྱ་བ། ཧ་ཅང་མང་དུ་ཟོས་ཞིང་འཐུངས་བས་རླུང་གི་གནས་དོག་པར་གྱུར་པ་ལས་འབྱུང་བ་རྣམས་ཡིན་ཏེ། འདི་རྣམས་ཀྱི་ནད་ན་སྐྱིགས་བུ་ཆུང་ངུ་དང། ཟས་ལས་འབྱུང ་བ་ཞེས་བྱ་བ་གཉིས་ནི་གསོ་སླ་བ་ཡིན་ནོ། །ལྷག་མ་རྣམས་ནི་སྲོག་གཅོད་པར་བཤད་དོ། །དབུགས་མི་བདེ་བ་རྣམ་པ་ལྔ་ལ། སྒྲ་ཆེན་པོ་ཞེས་བྱ་བ། དབུགས་ཆེ་ཞིང་རན་པ་དང། སྙིང་དང། ལྟ་བ་རྣམས་ལོག་པར་བསྒྱུར་ཞིང། སྔ་མ་པ་ཞེས་བྱ ་བ་གྱེན་དུ་ལྟ་ཞིང། དབུགས་དྲག་ཏུ་འབྱུང་ལ། མྱོས་པར་བྱེད་ཅིང། སྙིང་དང། རྩིབ་ལོག་སུ་བྲུག་པ་དང། །སྐབས་སུ་ལ་ཆད་པ་ཞེས་བྱ་བ། དབུགས་སྐབས་སྐས་སུ་འཆང་ཅིང་།དྲག་ཏུ་འབྱུང་བ་གང་ཡིན་པ་དང། རྨུགས་བྱེད་ཅེས་བྱ་བ། ཆམ ་པ་དྲག་པོས་འདེབས་ཤིང། སྙིང་མྱོས་ལ། ནམ་ལངས་པའི་ཚི་ལྷག་པར་ཚབས་ཚ་བར་འགྱུར་བ་དང། དབུགས་ཆུང་ངུ་ཞེས་བྱ་བ་མི་དགའ་བ་ལས་འབྱུང་ལ། དལ་ཞིང་གནོད་བ་མི་བྱེད་པ་རྣམས་ཡིན་ཏེ། དེ་དག་གི་ནད་ན་དབུགས་ཆུང་ངུ་ཞེས་བྱ ་བ་ནི་གསོ་སླ་བ་ཡིན་ནོ། །རྨུགས་བྱེད་ཅེས་བྱ་བ་ནི། ཁ་ཟས་དང། སྨན་གྱིས་སོ་ཙམ་དུ་འཇོག་ནུས་སོ། །ལྷག་མ་རྣམས་ནི་འཆི་བར་བྱེད་པ་ཡིན་ཏེ་སྤང་བར་བྱའོ། །དེ་ལ་སྐྱིགས་བུའི་ནད་དང། དབུགས་མི་བདེ་བའི་ནད་ཀྱིས་ཐེབས་པ་ལ་ནི། ་དང་པོར་ཏིལ་མར་གྱིས་ལུས་བསྐུ་བ་དང། དུགས་བྱས་ན་བཟང་ངོ། །ཉམ་སྟོབས་ཡོད་པ་ལ་ནི་གྱེན་དུ་སྐྱུག་པ་དང། ཐུར་དུ་བཀྲུ་བས་སྦྱང་བར་བྱའོ། །རིང་ཅིང་ཉམ་ཆུར་བ་ལ་ནི་ཞི་བར་བྱ་བའི་སྨན་བྱ་བར་བཤད་དོ། །སྐྱིགས་གུའི་ནད་གསོ་བའི་ཆོ་ག་ནི། རྒྱ་ཤུག་གི ་ཚིག་གུ་དང། སྐྱེར་ཁཎྜ་དང། འབྲས་ཡོས་རྣམས་ལྷན་ཅིག་ཏུ་སྦྱར་བ་དང། བུ་ཙེ་ཤེལ་དང། བཙག་ལྷན་ཅིག་ཏུ་སྦྱར་བ་དང། པི་པི་ལིང་དང། སྐྱུ་རུ་ར་དང་།ཁར་དང། བཅའ་སྒ་རྣམས་ལྷན་ཅིག་སྦྱར་བ་དང། ནག་ཆུར་དང། པོག་དཀར་པོ་ལྷན་ཅིག་ཏུ་སྦྱར་བ་དང ་ཤིང་པ་ཊ་ལའི་འབྲས་བུ་དང། མེ་ཏོག་ལྷན་ཅིག་ཏུ་སྦྱར་བ་དང། པི་པི་ལིང་དང། བྲ་གྲོའི་ཡལ་གའི་ཐོར་ཏོ་དང་ལྷན་ཅིག་ཏུ་སྦྱར་བ་དང། སྨན་གྱི་སྦྱོར་བ་རྣམ་པ་དྲུག་པོ་འདི་རྣམས་ལས་གང་ཡང་རུང་བ། སྦྲང་རྩི་དང་སྦྱར་ལ་སྨན་གྱི་ལྡེ་གུར་བྱས་ཏེ་ཟོས་ན། སྐྱིགས ་བུའི་ནད་སེལ་ཏོ། །ཤིང་མངར་དང་སྦྲང་རྩི་དང་སྦྱར་བ་དང། པི་པི་ལིང་ཁར་དང་སྦྱར་བ་དང། བཅའ་སྒ་བུ་རམ་དང་སྦྱར་བ་འདི་གསུམ་ལས་གང་ཡང་རུང་བ་སྣར་བླུགས་ན་ཡང་སྐྱིགས་བུའི་ནད་སེལ་ཏོ། །སྦྲང་མའི་རྟུག་པ་བུད་མེད་ཀྱི་ནུ་ཞོ་འམ། ལེ་བརྒན་རྩིའི ་ཁུ་བ་གང་ཡང་རུང་བ་དང་སྦྱར་བ་འམ། ཡང་ན་ཙན་དན་དཀར་པོ་བུད་མེད་ཀྱི་ནུ་ཞོ་ལས་བདར་ཏེ། སྣར་བླུགས་ན་ཡང་སྐྱིགས་བུའི་ནད་སེལ་ཏོ། །ཡང་ན་སྐྱིགས་བུའི་ནད་ཞི་བར་བྱ་བ་ལ། ལྡོང་རོས་དང་།བ་ལང་གི་རྭ་དང། རུ་རྟ་དང། སྲ་རྩིའི་པོག་དང། རྩཝ་ཀུ་ཤ ་རྣམས་ལས་གང་ཡང་རུང་བ་མར་དང་སྦྱར་ཏེ། སྣོད་ཁ་སྦྱར་གྱི་ནང་དུ་བསྲེགས་ལ། འུའི་ནད་ནས་དུང་བ་དྲང་ཤིང། ཁ་སྣར་བརྡུབས་ན་ཡང་སྐྱིགས་བུའི་ནད་སེལ་ཏོ། །མར་བཟང་པོ་སྲང་གཉིས་བཞུ་སྟེ། ཆོས་བར་བྱས་ལ། རྒྱམ་ཚ་སྲང་གཅིག་དང་སྦྱར་བ་འམ ་ཡང་ན་ནས་ཚིག་འཁུས་བའི་ཐལ་བ། མར་བཟང་པོ་བཞུས་ཏེ་ཆོས་པར་བྱས་པའི་ནང་དུ་བཏབ་པ་འཐུངས་ན་ཡང་སྐྱིགས་བུའི་ནད་ཀྱིས་ཉམ་ཐག་བ་སེལ་ཏོ། །དབུགས་མི་བདེ་བའི་ནད་གསོ་བའི་ཆོ་ག་ནི། བྱི་ཚེར་དང། པི་པི་ལིང་དང། རྒུན་དང། བུ་བྲན? ་ཤིང་དང། ཨ་རུ་ར་རྣམས་ཞིབ་ཏུ་བཏགས་ལ། སྦྲང་རྩི་དང། མར་དང་སྦྱར་ཏེ་ཟོས་ན། དབུགས་མི་བདེ་བ་དང། ལུད་པ་དང། རླུང་ནད་རྨུགས་བྱེད་རྣམས་སེལ་ཏོ། །བུ་རམ་དང། ན་ལེགས་དང། ཡུང་དང་རླ་རྣ་དང། རྒུན་དང་བི་པི་ལིང ་རྣམས་བཏགས་ལ། ཏིལ་མར་དང་སྦྱར་ཏེ་ཟོས་ན་ཡང་དབུགས་མི་བདེ་བའི་ནད་དྲག་པོ་སེལ་ཏོ། །ཡང་ན་སྦྲང་རྩི་དང། མར་དང་ག་བྲའི་རྩ་བ་དང། ཤིང་མངར་གྱི་ཕྱེ་མ་སྦྱར་ཏེ་བཟའ་བར་བྱའོ། ། རུ་ར་དང། རྩ་མཁྲིས་དང། པི་པི་ལིང་དང། བྱི ་ཆར་རྣམས་ཀྱི་ཕྱེ་མ་སྦྲང་རྩི་མར་དང་སྦྱར་ཏེ་ཟོས་ན་ཡང་དབུགས་མི་བདེ་བའི་ནད་སེལ་ཏོ། །ཤིང་རམ་བྷ་དང། ཀུནད་དང། ཤི་རི་རྣམས་ཀྱི་མེ་ཏོག་དང་།པི་པི་ལིང་རྣམས་བཏགས་ལ། འབྲས་བཀྲུས་པའི་ཆུ་དང་སྦྱར་ཏེ་འཐུངས་ན་ཡང་དབུགས་མི ་བདེ་བའི་ནད་སེལ་ཏོ། །ཡང་ན་སྐྱིགས་བུའི་ནད་དང། དབུགས་མི་བདེ་བའི་ནད་ལ་ག་བྲའི་རྩ་བ་དང། བཅའ་སྒའི་ཕྱེ་མ། ཆུ་སྐོལ་བ་དྲོན་མོ་དང་སྦྱར་ཏེ་བཏུད་པར་བྱའོ། །ཡང་ན་བཅའ་སྒ་དང། ཁ་ར་དང་ག་བྲའི་རྩ་བ་དང། ཁ་རུ་ཚྭ་རྣམས་ཀྱི་ཕྱེ་མ་ཆུ་སྐོལ ་བ་དྲོན་པོ་དང་སྦྱར་ཏེ་བཏུད་པར་བྱའོ། །ཡང་ན་ཤིང་ཚ་དང། སུག་སྨེལ་དང། ཟ་ལ་ཀ་དར་ལི་ཟུར་བ་དང། བཅའ་སྒ་དང། ཛི་བནདི་དང། མནུ་དང། ཛཏཏ་དང། བཅའ་བ་དང། ཨ་ག་རུ་དང། པི་པི་ལིང་དང། གླ་སྒང་དང། བྱིའུ་རུག་པ་དང། སྦང་སྤོས ་རྣམས་ཆ་མཉམ་སྟེ་བཏགས་པའི་ཕྱེ་མ་དང་ཁ་ར་སྨན་དེ་རྣམས་སྤྱིར་བསྡོམས་པའི་བརྒྱད་འགྱུར་དང་སྦྱར་བའི་ཕྱེ་མའི་སྨན་བ་?་ན། སྐྱིགས་བུའི་ནད་དང། དབུགས་མི་བདེ་བའི་ནད་སེལ་ཞིང། ལུད་པ་དང། རིམས་དང། སྙིང་ན་བ་དང། རྩིབ ་ལོགས་སུ་ཟུག་བ་རྣམས་མེད་པར་བྱེད་དོ། །རྨ་བྱའི་རྐང་པ་འམ། སྒྲོའི་རྩ་བ་གང་ཡང་རུང་བ་བསྲེགས་པའི་ཐལ་བ། མར་དང། སྒང་རྩི་དང་སྦྱར་བ་འམ། ཡང་ན་བྱི་ཐུར་གྱི་ཤ་བསྲེགས་ལ། མར་དང་སྦྲང་རྩི་དང་སྦྱར་ཏེ། ཟོས་ན་ཡང་སྐྱིགས་? ་ནད་དང། དབུགས་མི་བདེ་བའི་ནད་སེལ་ཏོ། །སྐྱིགས་བུའི་ནད་དང། དབུགས་མི་བདེ་བའི་ནད་ཀྱིས་ཤིན་ཏུ་ཉམ་ཐག་པའི་སྐོམ་དུ་ནི། རྩ་བ་བཅུ་པ་སྐོལ་བའི་ཁུ་བ་འམ། ཐིང་ཤིང་སྐོལ་བའི་ཁུ་བ་འམ། ཆང་རྣམས་ལས་རན་པར་འཐུང་བར་བྱའོ། །སྐྱིགས་བུའི་ནད་དང། ་དབུགས་མི་བདེ་བའི་ནད་ཡང་པ?་ལ། སྨན་པས་ཚབས་ཆེ་ཆུང་ལ་སོགས་པའི་བྱེ་བྲག་ཤིན་ཏུ་ཕྱེད་པར་བྱ་སྟེ། བད་ཀན་དང་རླུང་སེལ་བའི། བ་ཟས་དང། བཏུང་བའི་ཆོ་ག་སྦྱིན་པར་བྱའོ། །སྐྱིགས་བུའི་ནད་དང། དབུགས་མི་བདེ་བའི་ནད་གསོ་བའི་ལེའུ་སྟེ ་བཅོ་ལྔ་པ་རྫོགས་སོ།། །།དེ་ནས་ལུད་པའི་ནད་གསོ་བའི་ལེའུ་བཤད་པར་བྱ་སྟེ། ལུད་པ་ནི་ནད་གཞི་གསུམ་རེ་རེ་ལས་གྱུར་པ་དང། གློ་འགྲམས་པ་ལས་གྱུར་པ་དང། ནད་ཁོང་སྐམས་ལས་གྱུར་པ་དང། རྣམ་པ་ལྔ་ཡོད་དེ། དེ་དག་ཀྱང་རླུང་རྣམ་པ ་ལ་པོ། དབུགས་རྒྱུ་བར་བྱེད་པ་ཞེས་བྱ་བ་དང། དག་འབྱུང་བར་བྱེད་པ་དང། ལེགས་པར་འཇོག་པ་དང། སྐྱོང་པ་དང། དྲི་མ་འབྱིན་པ་ཞེས་བྱ་བ་རྣམས་འཁྲུགས་པ་ལས་འབྱུང་སྟེ། སྙིང་ག་དང། བྲང་དང་།ཕྲག་བ་དང། ལྐོག་མ་ལ་སོགས་པ་ནད་འདྲུ་ཞིང། རྐོ ་བ་ནི་ལུད་པ་ཞེས་བྱའོ། །དེ་ལ་རླུང་ལས་གྱུར་བའི་ལུད་པའི་མཚན་མ་ནི། སྙིང་ན་བ་དང། ཀླད་པ་ན་བ་དང་།རྩིབ་ལོགས་སུ་ཟུག་པ་དང། ལུད་པ་སྐམ་ཞིང་འགོགས་སུ་མི་བཏུབ་པ་དང། སྐད་འགགས་པ་རྣམས་ཡིན་པར་བཤད་དོ། །མཁྲིས་པ་ལས་གྱུར་པའི ་མཚན་མ་ནི། སྐོམ་དང་ཆེ་བ་དང། ལུས་ཚ་བ་དང། །བར་ཚ་བྲོ་བ་དང། སྐྱུགས་པའི་རོ་ཚ་ཞིང་མདོག་སེར་ལ། ཚ་བ་རྣམས་ཡིན་ནོ། །བད་ཀན་ལས་གྱུར་པའི་ལུང་པའི་མཚན་མ་ནི། ལུས་ལྕི་ཞིང་མཆི་ལམ་མང་དུ་འོང་བ་དང། ཆམ་པས་འདེབས་ཤིང་ཡི ་ག་ལ་ཆུས་བ་རྣམས་ཡིན་ནོ། །གློ་འགྲམས་པ་ལས་གྱུར་པའི་ལུད་པའི་མཚན་མ་ནི། ལུད་པ་ཁྲག་ཏུ་འོང་བ་དང། དུ་ཤིང་ན་བ་དང། དབུགས་མི་བདེ་བ་དང། གློ་ལས་རྣག་འབྱུང་བ་རྣམས་ཡིན་ནོ། །ནད་ཁོང་སྐོམ་ལས་གྱུར་པའི་ལུད་པའི་མཚན་མ་ནི། ་ཁུད་པ་ཁྲག་དང། རྣག་ཏུ་འབྱུང་ཞིང། ནད་གཞི་གསུམ་འདུས་པ་ལས་བྱུང་བ་ཡིན་ནོ། །དེ་རྣམས་ཀྱི་ནད་ན་གློ་འགྲམས་བ་ལས་གྱུར་པའི་ལུད་པ་ནི་ཁ་ཟས་དང། སྨན་ལ་སོགས་པས་སོ་ཙམ་དུ་འཇོག་ནུས་སོ། །ནད་ཁོང་སྐེམས ་ལས་གྱུར་པའི་ལུད་པ་ནི་མི་འཚོའོ། །ལྷག་མ་གསུམ་པོ་རྣམས་ནི་གསོར་རུང་ངོ། །དེ་ལ་གསོ་བའི་ཆོག་ནི། བཅའ་སྒ་དང། བྱི་ཚེར་དང། བུ་བྲན་ཤིང་དང། རྒུན་དང་ལི་ཟུར་པ་དང། ཁར་རྣམས་བཏགས་པའི་ཕྱེ་མ། ཏིལ་མར་དང་སྦྱར་ཏེ་ཟོས་ན། ་རླུང་ལས་གྱུར་པའི་ལུང་པ་མི་བཟད་པ་སེལ་ཏོ། །ལི་ཟུར་བ་དང། བུ་བྲན་ཤིང་དང། པི་པི་ལིང་དང། ག་བྲའི་རྩ་བ་དང། གླ་སྒང་དང། བྱི་ཚར་རྣམས་ཀྱི་ཕྱེ་མ། བུ་རམ་དང། ཏིལ་མར་དང། སྦྱར་བའི་སྨན་གྱི་ལྡེ་གུ་འདིའི་མིང་ནི་གཞན་གྱིས་མི་ཐུབ་པ་ཞེས་བྱ་སྟེ། རླུང ་ལས་གྱུར་པའི་ལུད་པ་སེལ་ཏོ། །ཀོན་ཏི་དང། རྒྱམ་ཚྭ་དང། ཚབ་གསུམ་དང། བྱི་དང་གདང། རུ་རྟ་དང། ཤིང་ཀུན་རྣམས་ཀྱི་ཕྱེ་མ་མར་དང། སྦྲང་རྩི་དང། སྦྱར་བའི་སྨན་གྱི་ལྡེ་གུ་འདི་ནི་ལུད་པའི་ནད་དང། སྐྱིགས་བུའི་ནད་ལ་བསྔགས་པ་ཡིན་ནོ། །མཁྲིས་པ ་ལས་གྱུར་པའི་ལུད་པའི་ནད་ཡོད་པ་ལ་ནི། པི་པི་ལིང་དང། ཁར་དང། སྨྱིག་རྐང་དང། འབྲས་ཡོས་དང། སྐྱུ་རུ་ར་དང། རྒུན་རྣམས་ཀྱི་ཕྱེ་མ་ལྷན་ཅིག་ཏུ་སྦྱར་བ་དང། ཤིང་མངར་དང། པི་པི་ལིང་གི་རྩ་བ་དང། མུརྦ་དང། རྒུན་དང། བཅའ་སྒ་རྣམས་ཀྱི་ཕྱེ ་མ་ལྷན་ཅིག་ཏུ་སྦྱར་བ་དང། པི་པི་ལིང་དང། བྲ་གོ་དང། སྨྱིག་རྐང་དང། གཟེམ་རྣམས་ཀྱི་ཕྱེ་མ་ལྷན་ཅིག་ཏུ་སྦྱར་བ་དང། སྨན་གྱི་སྦྱོར་བ་འདི་གསུམ་ལས་གང་ཡང་རུང་བ། མར་དང། སྦྲང་རྩི་དང་སྦྱར་ལ། སྨན་གྱི་ལྡེ་གུར་བྱ་སྟེ་བཟའ་བར་བྱའོ། །བད་ཀན་ལས ་གྱུར་པའི་བུད་པའི་ནང་ཡོད་པ་ལ་ནི། གླ་སྒང་ཆེན་པོ་དང། ཨ་རུ་ར་དང། སྐྱུ་རུ་ར་དང། པི་པི་ལིང་དང། ཏ་མལྐ་རྣམས་ཀྱི་ཕྱེ་མ་ལྷན་ཅིག་ཏུ་སྦྱར་བ་དང། ཨ་རུ་ར་དང་པི་པི་ལིང་དང་གླ་སྒང་དང། ཐང་ཤིང་དང་བཅའ་སྒ་རྣམས་ཀྱི་ཕྱེ་མ་ལྷན་ཅིག་ཏུ་སྦྱར་བ་དང། ་ཀྲུ་ཏྲུག་ཏྲེས་དང། པི་པི་ལིང་དང་།པི་པི་ལིང་གི་རྩ་བ་དང་པི་པི་ལིང་ཆེན་པོ་རྣམས་ཀྱི་ཕྱེ་མ་ལྷན་ཅིག་ཏུ་སྦྱར་བ་དང། སྨན་གྱི་སྦྱོར་བ་རྣམ་པ་འདི་གསུམ་ལས་གང་ཡང་རུང་བ། སྦྲང་རྩི་དང་སྦྱར་ལ་སྨན་གྱི་ལྡེ་གུར་བྱས་ཏེ་ཟློས་ན་བད་ཀན་ལས་གྱུར་བའི་ལུད་པའི་ནད ་སེལ་བར་རིག་པར་བྱའོ། །བཅོད་དང། སྐྱེར་ཁཎྜ་དང་མུརྦ་དང་ཀྲུ་ཏྲུ་ག་ཏྲེས་དང་བཱ་ཐཱ་དང། པི་པི་ལིང་དང། ཡུད་རྣམས་ཀྱི་ཕྱེ་མ་སྦྲང་རྩི་ཤས་བསྐྱེད་དེ། སྦྱར་བཟོས་ན་གོ་འགྲམས་པ་ལས་གྱུར་པ་དང། ནད་ཁོང་སྐེམས་པ་ལས་གྱུར་བའི་ལུད་པའི་ནད་སེལ ་ཏོ། །ཐང་ཤིང་དང་བལ་དང། ར་སྣ་དང་འབྲས་བུ་གསུམ་དང། ཚ་བ་གསུམ་དང་ཤུག་པ་དང་བྱེ་དང་ག་རྣམས་ཀྱི་ཕྱེ་མཁ་ར་སྨན་དེ་རྣམས་སྤྱིར་བསྡོམས་པའི་ཚད་དང་ཊ་ཉིས?་པ་དང། སྦྱར་བའི་ཕྱེ་མའི་སྨན་འདིས་ནི། ལུད་པའི་ནད་རྣམས་ལྔ་ཆར་སེལ་ཏོ། ། ག་ས ་སྟི་ཞེས་བྱ་བའི་སྨན་གྱི་ལྡེ་གུ་སྦྱར་བའི་ཐབས་ནི། སྨན་ཤ་ད་ཀ་པུ་ཤི་པ་དང། སྲང་མ་ཨཏྨ་གུཔཏ་དང། ཀྲུ་ཏྲུག་ཏྲེས་དང། རྩ་བ་བཅུ་དང། ལི་ཟུར་བ་དང་བ་ལ་དང། རྒྱ་ཤུག་གི་འབྲས་བུ་དང། ག་བྲའི་རྩ་བ་དང། ཤིང་ཨ་པ་མརྒ་དང། པི་པི་ལིང་གི་རྩ་བ་དང། ་?་ནུ་རྣམས་ལས་སྲང་གཉིས་དང། ཨ་རུ་ར་འབྲུ་བརྒྱ་དང་།ནས་བུ་ཕུལ་བུ་བཅུ་དྲུག་དང། འདི་རྣམས་ལྷན་ཅིག་ཏུ་ཆུ་ནས་ཀྱི་ལྔ་འགྱུར་གྱི་ནང་དུ་སྐོལ་ཁ། ནས་ལེགས་པར་ཆོས་ནས་ཕྱུང་སྟེ་བཅགས་པའི་ཁུ་བའི་ནང་དུ་། རུ་ར་དེ་རྣམས་བུ་རམ་སྲང་བརྒྱ་དང ་མར་སྲང་བརྒྱད་དང། ཏིལ་མར་སྲང་བརྒྱད་དང། པི་པི་ལིང་གི་ཕྱེ་མ་སྲང་བརྒྱད་དང། ལྷན་ཅིག་ཏུ་མེ་མི་ཚེ་བར་ཡང་སྙོལ་ཏེ། ནུ་ནུར་བོ་སྐྱ་བས་དྲང་དུ་རུང་བ་ཙམ་དུ་གྱུར་བ་ཕྱུང་སྟེ་བསྒྲངས་པའི་ནང་དུ། སྦྱར་རྩི་སྲང་བརྒྱད་བླུགས་ཏེ། སྦྱར་བའི་སྨན ་བཅུད་ཀྱི་ལེན་འདི་ལས་ནང་ར་བཞིན་ཨ་རུ་ར་འབྲུ་གཉིས་གཉིས། སྨན་གྱི་ལྡེ་གུ་དང་བཅས་ཏེ་ཟོས་ན་བ་ལུང་བ་ལ་ནད་ཐམས་ཅད་དང། དབུགས་མི་བདེ་བའི་ནད་དང། ནད་ཁོང་སྐེམས་རྣམས་སེལ་ཅིང། ཕ་བའི་ནད་དང་ཡིག་འཆུས་བ་དང། སྐྱིགས་བུའི ་ནད་དང། གཞང་འབྲུམ་དང། རིམས་དང། སྙིང་ན་བ་དང། སྐྲད་པ་རྣམས་སེལ་ཏེ། ཀཏཌ་ཀ་རི་སྐོལ་བའི་ཁུ་བའི་ནང་དུ། ར་སྣ་དང། བ་ལ་དང་ཚ་བ་གསུམ་དང། གཟེ་མ་རྣམས་ཀྱི་ཕྱེ་མ་མར་དང་ལྷན་ཅིག་ཏུ་སྐོལ་ཏེ། མར་ཉི་ཚེ ་ལུས་པ་བཙགས་པ་ལས་རན་པར་འཐུངས་ན་ཡང་ལུད་པའི་ནད་རྣམས་པ་ལྔ་ཆར་སེལ་ཏོ། །ལྡོང་རོས་དང། བ་ལ་དང། ཨ་ཀུ་ཏ་དང། ཤིང་མངར་དང། གླ་སྒང་དང། སྤང་སྤོས་རྣམས་བསྲེགས་པའི་དུད་པ་ཁ་སྣར་བདུག་ཅིང་།དེའི་རྗེས་ལ་བུ ་རམ་དང་འོ་མ་སྦྱར་བ་འཐུངས་ཏེ། ཐབས་དེ་ལྟར་ཞག་གསུམ་གྱི་བར་དུ་བྱས་ན་ཡང་ལུད་པའི་ནད་ཐམས་ཅད་སེལ་ཏོ། །ལུད་པའི་ནད་གསོ་བའི་ལེའུ་སྟེ་བཅུ་དྲུག་པ་རྫོགས་སོ།། །།དེ་ནས་སྐྱུག་པའི་ནད་དང་སྐོམ་པའི་ནད་གསོ་བ་བཤད ་པར་བྱ་སྟེ། དེ་ལ་སྐྱུག་པའི་ནད་ནི་ནད་གཞི་གསུམ་འཁྲུགས་པ་རེ་རེ་ལས་གྱུར་པ་དང། གསུམ་ཆར་འདུས་པ་ལས་གྱུར་པ་དང། མི་སྡུག་ཅིང་ཡིད་དུ་མི་འོང་བ་དང། རུལ་ཞིང་མྱགས་པ་ལ་སོགས་པ་མཐོང་བ་དང་རེག་པ་དང། བསྣམ་པ་དང་གཏམ ་ཐོས་པ་དང། བསམས་པ་རྣམས་ལས་གྱུར་པ་དང། རྣམ་པ་ལྔ་ཡོད་དེ། དེ་དག་གི་མཚན་མ་བསྟན་པར་བྱའོ། །དེ་ལ་རླུང་ལས་གྱུར་པའི་སྐྱུག་པའི་མཚན་མ་ནི། སྐྱུགས་པའི་རོ་སྐ་ཞིང་དང་ལ་མདོག་གནག་པ་དང། དབུ་བ་ཅན་དང། ཤུགས་དྲག ་ཅིང་ན་བ་རྣམས་ཡིན་ནོ། །མཁྲིས་པ་ལས་གྱུར་པའི་མཚན་མ་ནི། སྐྱུགས་པ་ཚ་ཞིང་སེར་བ་དང། དམར་བ་དང་ལྗང་གུར་འདུག་ལ། ལུས་ཚ་བ་རྣམས་ཡིན་ནོ། །བད་ཀན་ལས་གྱུར་པའི་མཚན་མ་ནི། སྐྱུགས་པ་འབྱིལ་ཞིང་རོ་མངར་ལ་གྲང་ཞིང་སྐ ་བ་རྣམས་ཡིན་ནོ། །ཀུན་འདུས་པ་ལས་གྱུར་པའི་མཚན་མ་ནི། མཚན་མ་ཐམས་ཅད་དང་ལྡན་པར་ཤེས་པར་བྱའོ། །མི་སྡུག་ཅིང་ཡིད་དུ་མི་འོང་བ་ལས་གྱུར་པའི་མཚན་མ་ནི། དུལ་བ་དང། མི་སྡུག་པ་དང། སེམས་གདུངས་པ་ལ་སོགས་པ། ཐོག་མ ་བསྐྱེད་པའི་རྒྱུར་སྨོས་པ་དེ་དག་ཉིད་ལས་རྟོགས་པར་བྱའོ། །དེ་ལ་སྐྱུགས་པ་ཁྲག་དང་བཅས་པར་འབྱུང་ཞིང་།ཞག་ཚིག་ཚིག་པོ་ཡོད་ལ་ཤ་ཟད་དེ་ཉམ་ཆུང་བ་དང། ནད་བླ་གཉན་གཞན་གྱིས་ཀྱང་ཐེབས་པ་ནི་མི་འཚོ་སྟེ། སྤང་བར་བྱའོ། །སྐྱུག་ནད་ཐམས ་ཅད་ནི་མ་ཞུ་བའི་གནས་ཕོ་བ་ལས་འབྱུང་བས་ན། རླུང་ལས་གྱུར་པའི་སྐྱུགས་པ་མ་གཏོགས་པར་དང་པོར་སྨྱུང་བའི་ཆོ་ག་བྱས་ལ་དེས་མ་ཞི་ན་ཕྱིས་བཀྲུ་སྨན་བཏང་ངོ། །རླུང་ལས་གྱུར་པ་ལ་ནི་དང་པོར་དེ་དང་འཕྲོད་པའི་སྨན་གྱིས་ཞི་བར་བྱའོ། །དེ་ལ་བཀྲུ ་སྨན་ནི་ཨ་རུ་རའི་ཕྱེ་མ་སྦྲང་རྩི་དང་སྦྱར་ཏེ་ལྡེ་གུར་བྱས་པའམ། ཡང་ན་བཀྲུ་སྨན་ཞིམ་ཞིང་ཡི་གར་འོང་བ་གཞོན་ཡང་བཏང་བར་བྱའོ། །ཉམ་སྟོབས་ཡོད་པ་ལ་ནི། སྐྱུག་སྨན་དང། བཀྲུ་སྨན་བྱའོ། །རིང་ཅང་ཉམ་ཆུང་བ་ལ་ནི། ཞི་བར་བྱ་བའི་སྨན་བཏང ་བར་བྱའོ། །དེ་ལ་རླུང་ལས་གྱུར་པའི་སྐྱུག་པའི་ནད་ཞི་བར་བྱ་བའི་ཆོ་ག་ནི། རྒྱམ་ཚྭ་དང། མར་སྦྱར་བ་བཏུང་བ་འམ། ཡང་ན་རྒྱམ་ཚྭ་དང། ཁ་རུ་ཚྭ་དང། ཙབས་རུ་ཚ་བ་དང། ཚ་བ་གསུམ་དང། འདི་རྣམས་ཀྱི་ཕྱེ་མ་མར་དང་སྦྱར་ཏེ་བཏུང་བར་བྱའོ།། ་མཁྲིས་པ་ལས་གྱུར་པའི་སྐྱུག་པའི་ནད་ཞི་བར་བྱ་བ་ལ་ནི། བ་ལ་དང། བཙག་གི་ཕྱེ་མ་འབྲས་བཀྲུས་པའི་ཁུ་བ་དང་སྦྱར་བ་འམ། པུ་ཤེལ་ཙེའི་ཕྱེ་མ་འབྲས་བསྒྲུས་པའི་ཕྱི་མ་དང་སྦྱར་བའམ། ཡང་ན་པུ་ཤེལ་ཙེའི་ཕྱེ། སྐྱུ་རུ་རའི་ཁུ་བ་གྲང་མོ་དང་སྦྱར ་ཏེ་བཏུད་པར་བྱའོ། །བད་ཀན་ལས་གྱུར་པའི་སྐྱུག་པའི་ནང་ཡོད་པ་ལ་ནི། ཕྱི་དང་ག་དང་།འབྲས་བུ་གསུམ་དང། ནིམྦ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བ་འམ། ཡང་ན་བྱི་དང་ག་དང་གླ་བ་དང། བཅའ་སྒ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་ཏེ་བཟའ་བར ་བྱའོ། །ཤི་ར་ཕེ་ལ་དང་།སླ་ཏྲེས་དང། མུརྦ་རྣམས་ལས་གང་ཡང་རུང་བ་སྐོལ་བའི་ཁུ་བ་བསྒྲངས་པ་སྦྲང་རྩི་དང་སྦྱར་བ་འམ། ཡང་ན་མུརྦའི་ཕྱེ་མ་འབྲས་བཀྲུས་པའི་ཁུ་བ་དང་སྦྱར་ཏེ་འཐུངས་ན། རླུང་ལས་གྱུར་པ་དང། བད་ཀན་ལས ་གྱུར་བ་དང། མཁྲིས་པ་ལས་གྱུར་པ་རྣམས་ཀྱི་སྐྱུག་པའི་ནད་སེལ་ཏོ། །པི་པི་ལིང་དང། ན་ལེ་ཤམ་དང། ལྡོད་རོས་རྣམས་ཀྱི་ཕྱེ་མ་དང། དེ་རྣམས་སྤྱིར་བསྡོམས་པའི་ཚེད་དང་མཉམ་པའི་འབྲས་ཡོས་ཀྱི་ཕྱེ་མ་དང། སྦྲང ་རྩི་རྣམས་ཀ་བིཏྠའི་འབྲས་བུ་དང། ཁ་ལུང་གི་འབྲས་བུ་སྐོལ་བའི་ཁུ་བ་གྲང་མོའི་ནང་དུ་བླུགས་ཏེ་འཐུངས་ན་ཡང། སྐྱུག་པའི་ནད་སེལ་ཏོ། །རྒྱ་ཤུག་གི་ཚིག་གུ་དང། པི་པི་ལིང་དང། སྐྱུ་རུ་ར་རྣམས་ཀྱི་ཕྱེ་མ་དང། ལྷན་ཅིག་ཏུ་སྦྱར་བ་དང། འབྲས་ཡོས ་དང། འབྲས་བུ་གསུམ་དང། བཅའ་སྒྲ་རྣམས་ཀྱི་ཕྱི་མ་ལྷན་ཅིག་ཏུ་སྦྱར་བ་དང། རྩ་ཤྱམ་ཀ་དང། སྐྱེར་ཁཎྜ་དང། གླ་སྒང་དང། རྒྱ་ཤུག་གི་རུས་པ་རྣམས་ཀྱི་ཕྱེ་མ་ལྷན་ཅིག་ཏུ་སྦྱར་བ་དང། སྦྲང་མའི་རྟུག་པ་དང། ཁ་ར་དང། པི་པི་ལིང་རྣམས ་ཀྱི་ཕྱེ་མ་ལྷན་ཅིག་ཏུ་སྦྱར་བ་དང། པི་པི་ལིང་དང། ན་ལེ་ཤམ་དང། ཀ་པིཏྠ་དང། བལ་རྣམས་ཀྱི་ཕྱེ་མ་ལྷན་ཅིག་ཏུ་སྦྱར་བ་དང། ཤིང་ཚ་དང། སུག་སྨེལ་དང། གནདྷ་པ་ཏྲ་རྣམས་ཀྱི་ཕྱེ་མ་ལྷན་ཅིག་ཏུ་སྦྱར་བ་དང། སྨན་གྱི་སྦྱོར་བ་རྣམས་པ་དྲུག་པོ་འདི ་རྣམས་ལས་གང་ཡང་རུང་བ་སྦྲང་རྩི་དང་སྦྱར་ཏེ། སྨན་གྱི་ལྡེ་གུར་བྱས་པ་ཟོས་ན་ཡང་སྐྱུག་པའི་ནད་སེལ་ཏོ། །སྐྱུག་པའི་ནད་རིང་དུ་ལོན་བ་ལ་ནི། དགེ་བ་ཞེས་བྱ་བའི་སྨན་མར་དང། འོ་མའི་སྨན་དང་རོ་ཙ་བར་བྱེད་པའི་སྨར་དང། ཤའི་ཁུ་བཅུ་བ་ལ ་སོགས་པ་རླུང་སེལ་པའི་ཆོ་ག་རྣམས་བྱའོ། །སྐོམ་པའི་ནད་ཀྱང། ནད་གཞི་གསུམ་སོ་སོ་ལས་གྱུར་པ་དང། ཟས་མ་ཞུ་བ་ལས་གྱུར་བ་དང། གློ་འགྲམས་མ་ནང?་ཁོང་སྐེམ་དུ་གྱུར་པ་ལས་འབྱུང་བ་དང། རྣམ་པ་ལྔ་ཡོད་དེ་སྐོམ་པའི་ནང་དོ་ཅོག ་གི་གཞི་ནི། ཤས་ཚེར་རླུང་དང། མཁྲིས་པ་གཉིས་ཡིན་པས་ན། སྐོམ་པའི་ནང་ལ་ཐོག་མར་དེ་གཉིས་བསལ་བའི་ཆོ་ག་བྱའོ། །དེ་ལ་སྐེམ་པའི་ནང་ཡོད་པའི་སྐོམ་དུ་ནི། སྦྲང་རྩི་ཆར་པའི་ཆུ་དང་སྦྱར་བ་འམ། དེ་མ་རྙེད་ན་ཆུ་ཐ་མལ་བ་དང་སྦྱར ་བ་བཏུང་བར་བྱའོ། །ཡང་ན་བོང་བ་བསྲེགས་པ་ཆུར་བཅུག་བའི་ཁུ་བ་འབྲས་བརྡོས་པའི་ཕྱེ་དང། སྦྲང་རྩི་ཁར་དང་སྦྱར་བ་བཏུང་བར་བྱའོ། །ཡང་ན་ཁ་ར་དང། ནཱ་ག་གེ་ས་དང། པི་པི་ལིང་དང། ཐ་བེ་དང་།བལ་པོ་སེའུ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བའི་སྨན་གྱི་ལྡེ ་བུ་འམ་པི་པི་ལིང་དང། ཤིང་འོ་མ་ཅན་གྱི་མྱུ་གུ་སྦྲང་རྩི་དང་སྦྱར་བའི་སྨན་གྱི་ལྡེ་དགུ་གང་ཡང་རུང་བ་ལ་ཟོས་ན་ཡང་སྐོམ་པའི་ནད་སེལ་བར་འགྱུར་རོ། །ཡང་ན་ཤིང་བ་ཏའི་ཡལ་གའི་ཐོར་ཏོ་དང། རུ་རྟ་དང། འབྲས་བརྡོས་པའི་ཕྱེ་དང། ཨུཏཔལ་སྔོན་པོ་དང། ་འབྲས་བུ་གསུམ་རྣམས་ཀྱི་བྱེ་མ་སྦྲང་རྩི་དང་སྦྱར་བའི་རི་ལུ་ཁར་བཞག་ན་ཡང་སྐོམ་པའི་ནད་མྱུར་དུ་སེལ་ཏོ། །རྒུན་དང་བུ་རམ་ཤིང་གི་ཁུ་བ་དང། འོ་མ་དང། སྦྲང་རྩི་རྣམས་ཀྱི་ནད་དུ་ཤིང་མངར་དང། ཨུཏཔལའི་ཕྱེ་མ་བླུགས་ཏེ་འཐུངས་ན་ཡང་སྐོམ་པའི ་ནང་གདོན་མི་ཟ་བར་བྱེད་དོ། །འོ་མ་དང། བུ་རམ་ཤིང་གི་ཁུ་བ་དང། རྒུན་ཆད་དང། བུ་རམ་ཆད་དང། བུ་རམ་ཆབ་དང། སྦྲང་ཆབ་དང། སྟར་བུའི་ཁུ་བ་དང། རྩ་བས་སྐྱུར་པོ་རྣམས་གང་ཡང་རུང་བ། ཁར་ཡུན་རིང་དུ་བཞག་ཅིང། ཕྱིར་ཕོན་ཡང་རྐན ་སྐམས་པ་སེལ་བར་བྱེད་དོ། །སྐྱུག་པའི་ནང་དང། སྐོམ་པའི་ནད་གསོ་བའི་ལེའུ་སྟེ་བཅུ་བདུན་པ་རྫོགས་སོ།། །།བམ་པོ་ལྔ་པའོ། །དེ་ནས་གཅིན་སྲི་བའི་ནད་གསོ་བའི་ལེ་རུ་བཤད་པར་བྱའོ།། །།གཅིན་སྲིབ་ལ་སོགས་པའི་ནད་ནི། ཁ་ཟས་ལ་སོགས ་བ་ཤིན་ཏུ་རྣོ་བཟ?་ཞིང་འཐུང་བ་དང། ཤིན་ཏུ་མང་བར་ཟ་ཞིང་འཐུངས་པའི་གནོད་བ་ལས་གཅིན་སྲི་བའི་ནད་རྣམ་པ་བརྒྱད་དུ་འགྱུར་ཏེ། དེ་ལས་རླུང་ལས་གྱུར་པའི་གཅིན་སྲི་བའི་ནད་ནི་ཤིན་ཏུ་མི་བཟད་པར་ན་བ་ཡིན་ནོ། །མཁྲིས་པ་ལས་གྱུར ་པ་ནི་གཅིན་ཉིད་ཚ་རབ་ཏུ་འོང་བ་ཡིན་ནོ། །བད་ཀན་ལས་གྱུར་བ་ནི་ཆུ་སོའི?་ཕྱོགས་ལྕི་བ་བེམ་པོར་འདུག་ཅིང་སྐྲང་བ་ཡིན་ནོ། །ནད་གཞི་ཀུན་འདྲུས་པ་ལས་གྱུར་བ་ནི་མ་རུངས་བ་ཡིན་ནོ། །ཁྲག་ནད་ལས་གྱུར་བ་ནི་གཅིན་ཁྲག་ཏུ་འོད་བ་ཡིན་ནོ།། ་ཁུ་ཆུ་ལས་གྱུར་པ་ནི་ཁུ་ཆུ་འགགས་པ་ལས་འབྱུང་བ་ཡིན་ནོ། །གཅིན་རྡེའུས་འགགས་པ་ནི་རླུང་གིས་ཁུ་ཆུ་དང་བད་ཀན་བསྒོངས་ནས་རྡོ་འདྲ་བར་གྱུར་པ་ཡིན་ནོ། །གཅིན་བསྟུས་པ་ནི་ཆུ་སོ་ལྒང་པའི་ཁ་མི་བཟད་པར་ན་ཞིང་རྡེ་འུ་? ་ཞིག་པས་གཅིན་འགགས་པར་གྱུར་པ་ཡིན་པར་བཤད་དོ། །དེ་དག་གསོ་བའི་ཐབས་ནི་སྨན་མར་དང། ཏིལ་མར་གྱིས་ལུས་བསྐུ་བ་དང། སྨན་མར་བཏུང་བ་དང། དུགས་བྱ་བ་དང། བཀྲུ་སྨན་དྲག་པོ་མས་བཏང་ཞིང། དེའི་རྗེས་ལ་འཇམ་རྩི ་མས་བཏང་བ་རྣམས་བྱའོ། །དེ་ལ་རླུང་ལས་གྱུར་པའི་གཅིན་སྲི་བ་ལ་ནི། རྩ་ཀུ་ཤལ་སོགས་པའི་སྡེ་ཚན་ནམ། སྨན་ཏི་རི་ལ་སོགས་པའི་སྡེ་ཚན་གང་ཡང་རུང་བ་སྐོལ་བའི་ཁུ་བས་བཅོས་པའི་ཤ་ཁུ་དང་ལྡན་པར་ཁ་ཟས་བཟའ་ཨོ། །མཁྲིས་པ་དང ་ཁྲག་ནད་ལས་གྱུར་པ་ལ་ནི། སྐྱུ་རུ་ར་སྐོལ་བའི་ཁུ་བའི་ནད་དུ་སྐྱེད་པའི་རྩ་བའི་ཕྱེ་མ་དང། སྦྲང་རྩི་བླུགས་པའམ། ཡང་ན་ཨེལ་བ་ལུ་ཀའི་ས་བོན་དང། ཤིང་མངར་དང། སྐྱེར་པ་རྣམས་ཀྱི་ཕྱེ་མ་འབྲས་བཀྲུས་པའི་ཁུ་བའི་ནང་དུ་བཏབ་པ་བཏུང ་བར་བྱའོ། །བད་ཀན་ལས་གྱུར་པའི་གཅིན་སྲི་བཞི་བར་བྱ་བ་ལ་ནི། སུག་སྨེལ་ཞིབ་ཏུ་བཏགས་པའི་ཕྱེ་མ། བ་གཅིན་དང། ཆང་དང། ཆུ་ཤིང་གི་ཁུ་བ་བཙིར་བ་རྣམས་ལས་གང་ཡང་རུང་བ་དང་སྦྱར་ཏེ་བཏུང་བར་བྱའོ། །ཁྲ་ཆུ ་འགགས་པ་ལས་གཅིན་སྲི་བར་གྱུར་བ་ལ་ནི། བྲག་ཞུན་སྦྲང་རྩི་དང་སྦྱར་བའི་སྨན་གྱི་ལྡེ་གུ་བཟའ་བར་བྱའོ། །ཡང་ན་རོ་ཙ་བར་བྱ་བའི་སྨན་གྱིས་ལུས་གཟུངས་བདུན་བརྟས་ལ། ན་ཆུང་བཟོད་མེ་དང་ཉལ་པོ་བྱའོ། །གཅིན་སྲི ་བའི་ནང་རྣམས་ལ། ལེ་བརྒན་རྩའི་ས་བོན་བཏགས་པའི་ཕྱེ་ན། སྦྲང་རྩི་དང། འབྲས་བཀྲུས་པའི་ཁུ་བ་དང་སྦྱར་བའམ། ཡང་ན་བྲག་ཞུན་དང། སྲུ་སྲུ་དང། པི་པི་ལིང་དང། སུག་སྨེལ་རྣམས་ཀྱི་ཕྱེ་མ། སྦྲང་རྩི་དང། ་འབྲས་བཀྲུས་པའི་ཁུ་བ་དང་སྦྱར་ཏེ་བཏུང་བར་བྱའོ། །རྒུན་དང། ཁ་རའི་ཕྱེ་མ་ཞོ་ཁ་ཆུ་དང་སྦྱར་བའམ། ཡང་ན་འོ་མ་སྐོལ་བའི་དྲོན་མོ་བུ་རམ་དང་སྦྱར་བ་ལས་ཇི་ཙམ་ནུས་པ་འཐུངས་ན་ཡང་གཅིན་སྲི་བའི་ནད་སེལ་ཏོ། །ཁ་ར་དང། ནས་ཚིག། ་འཁུས་པའི་ཐལ་བ་དང་སྦྱར་ཏེ་ཟོས་ན་ཡང་གཅིན་སྲི་བའི་སྣ་གྲངས་ཐམས་ཅད་སེལ་ཏོ། །ཤི་བུའི་རྩ་བསྐོལ་བའི་ཁུ་བའམ། ཡང་ན་སྨན་རོ་ཚ་ཞིང་དྲོང་ཆེ་བའི་བག་གང་ཅི་ཡང་རུང་བ་ཟོས་ཤིང་འཐུངས་ན་རྡེའུས་འགགས་པ་སེལ་བར་བྱེད་དོ།། ་གཟེ་མ་དང། ཨེ་རཎྜ་དང། ཧ་རེ་ནུ་ཀ་དང། སུག་སྨེལ་དང། ཤིང་མངར་དང། པི་པི་ལིང་དང། སྲུ་སྲུའི་རྩ་བ་རྣམས་སྐོལ་བའི་ཁུ་བའི་ནང་དུ། བྲག་ཞུན་གྱི་ཕྱེ་མ་བཏབ་སྟེ། འཐུངས་ན་ཡང། གཅིན་བསྟུས་པ་དང། རྡེའུས་འགགས ་པ་མྱུར་དུ་སེལ་ཏེ། །སྨན་ཀ་ཏ་བང་ཀའི་རྩ་བ་བཏགས་པའི་ཕྱེ་མ་ཆར་ལ་སོགས་པ་དང་སྦྱར་ཏེ། འཐུངས་ན་ཡང་རྡེའུས་འགགས་པ་སེལ་ཏོ། །སྨན་པ་རུ་ནའི་རྩ་བའི་ཤུན་ལྤགས་སྐོལ་བའི་ཁུ་བ་བཙགས་པའི་ནད་དུ། དེ་ཉིད་ཀྱི་ཕྱེ་མ ་བཏབ་སྟེ་སྦྲང་རྩི་དང་སྦྱར་བ་འམ། ཡང་ན་བཅའ་སྒ་དང། ནས་ཚིག་འཁུས་པའི་ཐལ་བ་དང། ཨ་རུ་ར་དང་།ཀ་ལི་ཡ་ག་རྣམས་ཀྱི་ཕྱེ་མ། ཞི་ཁ་ཆུ་དང་སྦྱར་ཏེ་འཐུངས་ན་ཡང་རྡེའུས་འགགས་པ་ནང་ཤིན་ཏུ་དྲག་པོ་ཡང་མྱུར་དུ་སེལ ་ཏོ། ཡང་ན་སྨན་བི་ར་ཏར?་ལ་སོགས་པའི་སྡེ་ཚན་གྱི་སྦྱོར་བའི་ཐབས་ཀྱི་རྣམ་པ་ཐམས་ཅད་ཀྱང་སྦྱར་བར་བྱའོ། །ཆོ་ག་དེ་དག་གིས་ཀྱང་ཞི་བར་མ་གྱུར་ན། སོ་ཤི་བརྡོ་བར་དམ་བཅས་ལ་།རྡེའུ་འབྱིན་པ་ཤེས་པས་དྲལ་ཏེ ་འབྱུང་བར་བྱའོ། །ད་ནི་ཕོ་མཆན་གྱི་ནད་བཤད་པར་བྱ་སྟེ། ཕོ་མཚན་གྱི་ནད་ནི། སེན་མོས་བསྣད་པ་དང། རྨོས?་ཟིན་པ་དང། དྲག་ཤུལ་ལས་རྨ་བྱུང་བ་དང། བུད་མེད་མི་གཙང་བ་དང་ཉལ་བ་ལ་སོགས་པ། ནད་? ་རྣམས་ལས་འབྱུང་ངོ། །དེ་ཡང་རྣམ་བ་ལྔ་ཡོད་པར་བཤད་དོ། །རླུང་ལས་གྱུར་པའི་ཕོ་མཚན་གྱི་ནད་ནི། པགས་པ་འགགས་ཤིང་ན་ལ། ཡེ་བགྲང་བ་དང། མདོག་སྔོ་སྐྱར་འདུག་ཅིང་རྩུབ་བ ་ཡིན་ནོ། །མཁྲིས་པ་ལས་གྱུར་བ་ནི་ཚ་ཞིང་མདོག་དམར་བ་ཡིན་ནོ། །བད་ཀན་ལས་གྱུར་བ་ལ་ནི་གཡའ་ཞིང་མ་བྲང་བ་ཡིན་ནོ། །ཁྲག་ནད་ལས་གྱུར་པ་ལ་ནི་ཁྲག་འཛག་ཅིང་འབྲུམ་བུ་ནག་པོ་འབྱུང་ལ། ཤིན་ཏུ་ཚ་བ་ཡིན་ནོ། ་ནད་གཞི་གསུམ་ཆར་འདུས་པ་ལས་གྱུར་བ་ནི། མཚན་མ་ཐམས་ཅད་དང་ལྡན་པར་ཡིན་ནོ། །དེ་རྣམས་ཀྱི་ནད་ན་སྲིན་བུ་ཞུགས་པ་ནི་ཕོ་མཚན་ཞིག་པར་འགྱུར་རོ། །འདི་རྣམས་ལ་ཐོག་མར་ནི་ཕོ་མཚན་མར་གྱིས་བསྐུ་ཞིང ་དུགས་བྱས་ལ། ཕོ་མཚན་གྱི་རྐེད་དུ་གཏར་ཀ་བྱའོ། །ཡང་ན་སྲིན་བུ་པདྨ་འཇིབ་ཏུ་གཞུག་པ་དང། ཡང་སྐྱུག་པ་དང། ཐུར་དུ་བཀྲུ་བའི་ཆོ་ག་བྱའོ། །རླུང་ལས་གྱུར་པའི་ཕོ་མཚན་གྱི་ནད་ལ་ནི། བྲ་བུཎྜའི་ཀ་དང། ཤིང ་མངར་དང། སྒྲོན་ཤིང་དང། ཨ་ག་རུ་དང། ཐང་ཤིང་དང། ར་སྣ་དང། རུ་རྟ་དང། སྨན་བྲི་ཤཙི་བ་རྣམས་ལྷན་ཅིག་ཏུ་བདར་ཏེ་བསྐུ་བ་དང། སྐོལ་པའི་ཁུ་བ་དྲོན་མོས་བླུག་པར་བྱའོ། །མཁྲིས་པ་ལས་གྱུར་བའི ་ཕོ་མཚན་གྱི་ནད་ལ་ནི། སྐྱེར་ཁཎྜ་དང། ཨུཏཔལ་དང། བཅོད་དང། པུ་ཤེལ་ཙོ་དང། བཙག་དང། ཤིང་མདང་དང། ཤུག་པ་རྣམས་ཀྱི་ཕྱེ་མ་ཆུ་དང་སྦྱར་བས་བསྐུའོ། །ཡང་ན་འོ་མ་དང། ནུ་གྲང་མོ་རྣམས་གང་ཡང ་རུང་བས་སྟེང་དུ་བླུགས་སོ། །བད་ཀན་ལས་གྱུར་པའི་ཕོ་མཚན་གྱི་ནད་ལ་ནི། ཤིང་དྷ་བ་དང། ཐར་མས་དང། ཤིང་ས་ལ་རྣམས་ཀྱི་ཕྱེ་མ་ཆུ་དང་སྦྱར་བས་བསྐུ་བར་བྱའོ། །ཡང་ན་དོང་ག་ལ་སོགས་པའི་སྡེ་ཚན་སྐོལ་བའི་ཁུ ་བས་བླུག་ན་བཟང་ངོ། །ཕོ་མཚན་ལ་རྣ་གཞུགས་ན། ཕོ་མཚན་ཟད་པར་བྱེད་པས་ན། ཅི་ནས་ཀྱང་རྣག་ཏུ་མི་འགྱུར་བར་སྨན་གྱིས་བསྐུ་བ་དང། སྨན་གྱི་ཁུ་བ་ལ་སོགས་པས་སྟེང་དུ་བླུགས་པ་རྣམས་ཀྱིས་བསྒྲིམས་ཏེ་བསྲུང་བར ་བྱའོ། །རྣག་འཇུག་པ་ལྟ་ན་གཏར་ཀ་མྱུར་ཏེ་བྱས་ལ། རྨ་གསོ་བའི་ཆོ་ག་བཞིན་དུ་བྱས་ཏེ། མེ་ཏོག་ཀུ་མུ་ད་དང། ཨུཏཔ་ལ་དང། ཀ་ལ་ལྷ་ར་དང། པདྨ་རྣམས་ཀྱི་ཕྱེ་མས་གདབ་བོ། །ཡང་ན་འབྲས་བུ་གསུམ་མར་དང་ལྷན་ཅིག་ཏུ ་སྣོད་ཁ་སྦྱར་གྱི་ནད་དུ་བརྡོས་པའི་ཚིགས་མས་བསྐུ་བར་བྱའོ། །ཡང་ན་སྐྱེར་ཁཎྜ་དང། ཤི་རི་ཤའི་ཕྱེ་མ་དང་སྦྱར་བ་འམ། ཨ་རུ་རའི་ཕྱེ་མ་སྦྲང་རྩི་དང་སྦྱར་བ། གང་ཡང་རུང་བས་བསྐུས་ན་ཕོ་མཚན་གྱི་ནང་ཐམས་ཅད་སེལ ་ཏོ། །ཕོ་མཚན་གྱི་ནད་འདུས་པ་ལས་གྱུར་པོ་དང། ཁྲག་ནང་ལས་གྱུར་པ་གཉིས་ནི་སོ་ཞི་བརྡོ་བར་དམ་བཅས་ལ། ནད་གཞི་རྣམས་ཀྱི་ཤས་ཆེ་ཆུང་བྱེ་བྲག་ཕྱེད་པར་བྱས་ནས། གང་ཤས་ཆེ་བ་དག་གཞིལ་བའི་ཆོ་ག་བའོ། །ད ་ནི་རླིག་བླུགས་ཀྱི་ནང་བཤད་པར་བྱ་སྟེ། རླིག་རླུགས་ཀྱི་ནད་ནི་གཞི་གསུམ་གྱིས་རླིག་པའི་འབྲས་བུ་དང། པགས་པ་མ་རུང་བར་བྱས་པ་ལས། རླིག་རླུགས་ཀྱི་ནད་རྣམ་པ་བདུན་འབྱུང་བར་འགྱུར་རོ། །དེ་ལ་རླུང་ལས་གྱུར་པའི་རླིག་རླུགས ་ཀྱི་ནད་ནི། རླིག་པ་ལྒང་བ་རླུང་གིས་གང་བ་འདྲ་བ་ཡིན་ཏོ། །མཁྲིས་པ་ལས་གྱུར་པ་ནི། ཨུ་དུཾ་བ་རའི་ཤིང་ཐོག་འདྲ་བར་དམར་བ་ཡིན་ནོ། །བད་ཀན་ལས་གྱུར་པ་ནི་མཁྲད་ཞིང་ཟླུམ་བ་ཡིན་ནོ། །ཁྲག་ནད་ལས་གྱུར་པ་ནི་མཁྲིས་པའི ་མཚན་ཡང་དེ་འདྲའོ། །ཚིལ་རྒྱས་པའི་ནང་དུ་གྱུར་བ་ནི་ཆེ་མ་འཇམ་མོ། །གཅིན་ལས་གྱུར་པ་གདབ་བཞིན་དུ་འདུག་པ་ཡིན་ནོ། །རྒྱུ་མ་རླུགས་པ་ལས་གྱུར་བ་ནི། རླུང་གིས་རླིག་པའི་འདབ་དུ་རྒྱུ་མའི་ལྟབ་མ་མཐར་གྱིས ་ཕུལ་ནས་རླིག་པ་རྐྱལ་པ་བུས་པ་བཞིན་དུ་རིང་པོར་འགྱུར་བ་ཡིན་ཏེ། རླིག་རླུགས་ཀྱི་ནང་དེ་ནི་མི་འཚོའི། དེ་ལ་རླུང་ལས་གྱུར་པའི་རླིག་རླུགས་ཀྱི་ནང་ལ་ནི། སྨན་མང་བཏུང་ཞིང་བསྐུ་བ་དང། དུགས ་ཀྱིས་བདུག་པ་དང། སྨན་གྱི་ཁུ་བས་བླུགས་པ་དང། སྣུམ་པའི་བཀྲུ་སྨན་བཏང་བ་དང། བཀྲུ་སྨན་དྲག་བོ་མས་བཏང་བ་དང། འཇམ་རྩི་མས་བཏང་བ་རྣམས་བྱ་བར་བཤད་དོ། །དེ་ལ་སྣུམ་གྱི་བཀྲུ་སྨན་ནི། འོ་མ་དད?། ་ཨེ་རཎྜའི་མར་སྐོལ་ཏེ་སྦྱར་བ་ཉམ་སྟོབས་ལས་དཔགས་ཏེ་བཏུང་བར་བྱའོ། །མཁྲིས་པ་དང། ཁྲག་ནད་ལས་གྱུར་པ་ལ་ནི། སྲིན་བུ་པད་པ་རླིག་པ་ལས་ཁྲག་འཇིབ་ཏུ་གཞུག་པ་དང། སྨན་པ་སིལ་བས་བསྐུ་ཞིང། སྨན ་གྱི་ཁུ་བ་གུད་མོས་སྟེང་དུ་བླུགས་ན་ཞི་བར་འགྱུར་རོ། །བད་ཀན་ལས་གྱུར་པ་ལ་ནི། སྨན་དྲོང་ཆེ་བ་བཏགས་པའི་ཕྱེ་མ་བ་གཅིན་དང་སྦྱར་བ་སྲིན་པོས་བསྐུ་ཞིང་སྐྱེར་པའི་རྩ་བ་སྐོལ་བའི་ཁུ་བ་གཅིན་དང་སྦྱར་བ་བཏུང་བཾ་ར ་བྱའོ།། ཚིལ་རྒྱས་བ་ལས་གྱུར་པའི་རླིག་རླུགས་ཀྱི་ནད་ལ་ནི། དུགས་བྱ་བ་དང། བྱིའུ་དུག་པ་ལ་སོགས་པའི་སྡེ་ཚན་བཞི་ཏུ་བཏགས་ཏེ་ཆུ་དང་སྦྱར་བས་བསྐུ་བར་བྱའོ། །གཅིན་ལས་གྱུར་བ་ལ་ནི། དང་པོར་རླིག་པ་དུགས ་བྱས་པའི་རྗེས་ལ་རླིག་པའི་འོག་གི་སྲུབས་ནས་བརྟོལ་ཏེ་རེ་ཞིག་རྣ་རྩི་མི་སྦྱར་བར་གཅེ་འུས་བསུ་ཞིང་རིང་དུ་འཛག་ཏུ་གཞུག་གོ། རྒྱུ་མ་རླུགས་པ་ལས་གྱུར་པའི་རླིག་རླུགས་ད་དུང་ཚབས་ཆེན་པོར་གྱུར་པ་ལ་ནི། བསྲེག་པ ་དང། རླུང་སེལ་བའི་སྨན་རྣམས་བྱའོ། །བསྲེག་གཅིག་ལ་ནི་བསྲེགས་པའི་འོག་ཏུ་རྣ་ལ་ཆོ་ག་ཇི་ལྟར་བྱ་བ་བཞིན་དུ་བྱའོ། །གཅིན་སྲི་པའི་ནད་སེལ་བའི་ལེའུ་སྟེ་བཅོ་བརྒྱད་པ་རྫོགས་སོ།། །།དེ་ནས་སུ་ཆག་སྐམ ་གྱི་ནད་གསོ་བའི་ལེའུ་བཤད་པར་བྱའོ། །རྟུག་སྐམ་གྱི་ནད་ནི། དྲི་མ་འབྱིན་བ་ཞེས་བྱ་བའི་རླུང་ལོད་ཀ་ན་གནས་པ་འཁྲུགས་ཏེ་ཤེས་ཆེ་བར་གྱུར་པས་ཕྱི་ས་བསྐམས་ནས་ཐུར་དུ་འོང་བའི་ལམ་འགགས་ཏེ་གྱེན་དུ་འཁྱིལ་བར་གྱུར་བ་ནི་རྟུག ་སྐམ་གྱི་ནད་བསྐྱེད་པར་བཤད་དོ། །དེའི་མཚན་མ་ནི་སྙིང་དང་མཁལ་སྐེད་དང། རྩིབ་ལོགས་ན་བ་དང། ལྒང་པ་ཆུ་སོ་སྐྲང་བ་དང། ལྟོ་སྦོ་བ་དང། སྐད་འགག་ཅིང། ལྐོག་ནད་ལྷ་འོར་དུ་འགྱུར་བ་དང། རིམས་ཀྱིས་འདེབས་ཤིང ་སྐྱུག་པ་དང། མིག་ལྡོངས་ཤིང་འོན་བར་འགྱུར་བ་དང། སྐོམ་པའི་ནད་ལ་སོགས་པ་ནད་ཀྱི་སྣ་གྲངས་འདི་རྣམས་སྐྱེ་བར་འགྱུར་ཏེ། །རྟུག་སྐམ་གྱི་ནང་ཡོད་པ་ལ་ནི་དང་པོར་ལུས་སྐམ་གྱིས་བསྐུ་ཞིང་དྲིལ་བ་དང། དུགས་བྱས་ལ་སྨན་གྱི་རེང ་བུས་གཞུག་པ་དང། བཀྲུ་སྨན་དྲག་པོ་མས་བཏང་བ་དང། སྨན་མར་བཏུང་བ་དང། འཇམ་རྩིམས་བཏང་བ་དང། བཀྲུ་སྨན་བཏང་བའི་ལས་རྣམས་བྱའོ། །དེ་ལ་སྨན་རེང་བུ་མས་བཏང་བའི་ཆོ་ག་ནི་པོ་སོན་ཆ་དང། ཁྱིམ་གྱི་དུ་བ་དང། ་ཙ་བས་རུ་ཆེ་དང། ཚ་བ་གསུམ་དང། བུ་རམ་རྣམས་ཀྱི་ཕྱེ་མ་བ་གཅིན་གྱི་ནང་དུ། ཁཎྜ་ཚོས་པ་ཙམ་དུ་སྐོལ་ཏེ་རེང་བུ་མཐེ་བོ་ཙམ་དུ་བས་ནས་མར་གྱིས་བསྐུས་ཏེ་མས་བཏང་ན་ཕྱི་ས་འབྱུང་བར་འགྱུར་ལ་ལྟོ་སྦོ་ཞིད་ན་བ་ཡང་སེལ་ཏོ། །ཡང ་ན་ཁྱིམ་གྱི་དུ་བ་དང། པི་པི་ལིང་དང། པོ་སོན་ཆ་དང། ཡུངས་ཀར་དང། བུ་རམ་རྣམས་ཀྱི་ཕྱེ་མ་བ་གཅིན་གྱི་ནང་དུ་ཁཎྜ་ཚོས་པས་ཙམ་སྐོལ་ཏེ་སྔ་མ་བཞིན་དུ་རེང་བུར་བྱས་པ་ཡང་བཟང་ངོ། །ཡང་ན་ཤིང་ཀུན་དང། ཤུ་དག་དང། ་རུ་རྟས་དང། སྭ་རྩི་ཀའི་ཐལ་བ་དང། ཙོབས་རུ་ཚ་རྣམས་ཡས་ཀྱི་རིམ་བཞིན་དུ་དང་པོའི་ཆ་གཉིས་ཀྱིས་བསྐྱེད་དེ་བཏགས་ལ་ཚུ་སྐོལ་བ་དྲོན་བོ་དང་སྦྱར་ཏེ་འཐུངས་ན་ཡང་ལྟོ་སྦོ་བ་དང། ཟུག་ཅིང་ན་བ་དང། སྙིང་ནབ་དང། སྐྲན་རྣམས ་སེལ་ཏོ། །ཤིང་ཉེ་རོང་ཆ་གཉིས་དང། པི་པི་ལིང་ཆ་བཞི་དང། ཨ་རུ་ར་ཆ་ལྔ་རྣམས་བཏགས་ཏེ་དེ་རྣམས་སྦྱར་བ་བསྡོམས་པའི་ཚད་དང་མཉམ་པའི་བུ་རམ་གྱི་ནང་དུ་ཁཎྜ་ཚོས་པ་ཙམ་དུ་སྐོལ་ལ་རིལ་ལུར ་བྱས་བ་དེ་ནི་ཕྱི་ས་འགགས་པའི་ནད་སེལ་པར་བྱེད་དོ། །ཁ་ཟས་སུ་ནི་ནས་རྗེན་པ་ཁྲམ་ཁྲོམ་དུ་བཏགས་པའི་ཆན་འོ་མ་འམ་ཤ་ཁུ་དང་ལྡན་པ་འམ། གཞན་ཡང་གང་དེ་དང་འཕྲོད་པའི་ཁ་ཟས་རྣམས་བཟའ་བར་བྱའོ། །ད་ལྟ ་རླུང་གི་གཡོས་ཕྱིས་འགགས་པར་འགྱུར་བ་ལས་མཁྲིས་པ་དང་བད་ཀན་བླ་གཉན་དུ་གྱུར་པ་ལ་ནི་དེ་གཉིས་ལ་ཕན་པའི་སྨན་མས་བཏང་བ་རྣམ་གཉིས་བྱའོ། །རླུང་ལས་གྱུར་པའི་ཕྱིས་འགག་པའི་ནང་ན་ཆུ་སོར་ཟུག་པར་བྱེད་དོ། ་མཁྲིས་པ་ལས་གྱུར་པ་ནི་ལྟེ་བའི་ཕྱོགས་ཚ་བ་ཡིན་ནོ། །བད་ཀན་ལས་གྱུར་པ་ནི་སྙིང་ན་བ་དང། དང་ཀ་མེར་མེར་པོ་དང། ཁ་ནས་ཆུ་འབྱུང་བར་བྱེད་དོ། །ནད་བཞི་གསུམ་ཆར་འདུས་པ་ལས་གྱུར་པ་ནི་མཚན་མ་ཐམས་ཅད ་དང་ལྡན་པ་ཡིན་ཏེ་སྤང་བར་བྱའོ། །དེ་ལ་རླུང་ལས་གྱུར་པའི་ཕྱིས་འགག་པའི་ནད་ལ་ནི། ལ་ལ་ཕུད་དང། ཤིང་ཀུན་དང། རྒྱམ་ཚྭ་དང། ནས་ཚིག་འཁུས་པའི་ཐལ་བ་དང། ཁ་རུ་ཚྭ་དང། ཨ་རུ་ར་རྣམས་ཀྱི་ཕྱེ་མཆང་ཞིམ་པོ ་དང་སྦྱར་ཏེ་འཐུངས་ན་སེལ་བར་བྱེད་དོ། །ཡང་ན་ཁ་རུ་ཚྭ་དང་ཤུ་དག་དང། གོ་སྙོད་དང། ན་ལེ་ཤམ་རྣམས་ཡས་ཀྱི་རིམ་བཞིན་དུ། སྔ་མ་སྔ་མ་ལས་ཉིས་འགྱུར་དུ་བསྐྱེད་དེ་བཏགས་པའི་ཕྱེ་མ་ཁ་ལུད་གི་ཁུ་བ་དང་སྦྱར་ཏེ ་བརྫིས་པའི་རིལ་བུ་ཟོས་ན་ཡང་རླུང་ལས་གྱུར་བའི་ཕྱིས་འགག་པའི་ནད་སེལ་ཏོ། །ཡང་ན་རླུང་ལས་གྱུར་པའི་ཕྱིས་འགག་པའི་ནད་ལ། ཚྭ་དང་སྟར་བུ་དང། ཚ་བ་གསུམ་དང། ལ་ལ་ཕུད་དང། རྒྱམ་ཚྭ་དང། ཁ་རུ་ཚྭ ་དང། ཙབས་རུ་ཚ་རྣམས་ཀྱི་ཕྱེ་མ། ཁ་ལུང་གི་ཁུང་དང་སྦྱར་ཏེ་རི་ལུར་བྱས་པ་བཟའ་བར་བྱའོ། །ལྡུམ་བུ་སེ་ཡབ་དང། ཨ་རུ་ར་དང། ཤིང་ཀུན་དང། མ་ནུ་དང། རྒྱམ་ཚྭ་དང། ཁ་རུ་ཚ་དང། ཙབས་རུ་ཚ་རྣམས་ཀྱི་ཕྱེ་མ་ནས་བཙོས་པའི་ཁུ་བ་དང ་སྦྱར་ཏེ་འཐུངས་ན་ཡང་རླུང་ལས་གྱུར་པའི་ཕྱིས་འགག་པ་དང་སྐྲན་དང། རླུང་ནད། རྨུགས་བྱེད་རྣམས་སེལ་ཏོ། །མཁྲིས་པ་ལས་གྱུར་པའི་ཕྱིས་འགགས་པའི་ནད་ལ་ནི། སྐྱུ་རུ་རའི་ཁུ་བ་དང། བི་ད་རིའི་ཁུ་བ་དང། ཁྱི་ལྕེ་བའི། བུ ་བ་དང། རྒུན་གྱི་ཁུ་བ་རྣམས་ལས་གང་ཡང་རུང་བ་ཁ་ར་དང་སྦྱར་ཏེ་འཐུངས་ན་དེ་མ་ཐག་ཏུ་སེལ་ཏོ། །ཡང་ན་སྐྱུ་རུ་རའི་ཕྱེ་མ་དང། སྦྲང་རྩི་དང་སྦྱར་བའི་འབྲས་བརྔོས་པའི་ཕྱེ་མ་དང། ཁར་སྦྲང་རྩི་དང་སྦྱར་བ་བཏུང་ངོ། །བད་ཀན ་ལས་གྱུར་པའི་ཕྱིས་འགགས་པའི་ནད་ལ་ནི། ཤུ་དག་དང། གླ་སྒང་དང། ཀྲུ་ཏྲུག་ཏྲེས་དང། ཨ་རུ་ར་དང། པུ་ཙེ་ཤེལ་རྣམས་ཀྱི་ཕྱེ་མ་བ་གཅིན་དང་སྦྱར་བ་འམ། ཡང་ན་བིལྦ་ལ་སོགས་པའི་སྡེ་ཚན་སྐོལ་བའི་ཁུ་བ་དྲོན་མོ་ནས ་ཚིག་འཁྲུས་པའི་ཐལ་བ་དང་སྦྱར་བ་བཏུང་བར་བྱའོ།། །།ད་ནི་སྙིང་ན་བའི་བྱེ་བྲག་བཤད་པར་བྱ་སྟེ། སྙིང་ན་བལ་ནི། རླུང་ལ་སོགས་པ་ནད་གཞི་གསུམ་སོ་སོ་ལས་གྱུར་པ་དང། ཀུན་འདུས་པ་ལས་ནད་དུ་གྱུར་པ་དང ་སྲིན་བུའི་ཉེས་པ་ལས་གྱུར་པ་དང། རྣམ་པ་ལྔ་ཡོད་དེ། ཐམས་ཅད་ཀྱང་ཟུག་ཅིང་ན་བ་ཡིན་ནོ། །བྱེ་བྲག་ཏུ་ན་སྲིན་བུ་ལས་གྱུར་པ་ནི། སྙིང་གཡའ་ཞིང་ན། དེ་ལ་རླུང་ལས་གྱུར་པའི་སྙིང་ན་བ་ལ་ནི། ཙང་ཤུ་བསྲེས་པའི་ནད་དུ། ་ཏིལ་མར་དང། རྒྱམ་ཚ་བླུགས་ཏེ་བཏུང་པར་བྱའོ། །ཡང་ན་ཏིལ་མར་སྐོལ་བ་བག་ཅིན་དང་སྦྱར་ཏེ་འཐུངས་ན། སྤྲན་དང། ཟུག་ཅིང་ན་བ་དང། ལྟོ་སྦོ་བ་ཡང་སེལ་ཏོ། །ཡང་ན་ཨ་རུ་རའི་འབྲུམ་བུ་ལྔ་བཅུའི་ཕྱེ་མ་དང། ཁ་རུ ་ཚ་སྲང་གཉིས། མར་སྲང་སུམ་ཅུ་རྩ་གཉིས་དང། ཆུ་མར་གྱི་བཞི་འགྱུར་གྱི་ནང་དུ་སྐོལ་ཏེ། མར་ཉི་ཚེ་ལུས་པ་ལས་ངན་པར་འཐུངས་ན་སྙིང་ན་བ་དང་དབུགས་མི་བདེ་བ་དང། སྦན?་རྣམས་སེལ་ཏོ།། ་བཅའ་སྒ་དང། ཁ་རུ་ཚ་དང། ཤིང་ཀུན་དང་བལ་པོ་སེའུ་དང། སྟར་བུ་རྣམས་ཀྱི་ཕྱེ་མ་ཆུ་སྐོལ་བ་དྲོན་པོ་དང་སྦྱར་ཏེ་འཐུངས་ན་ཡང་དབུགས་མི་བདེ་བ་དང། སྙིང་ན་བ་སེལ་ཏོ། །མཁྲིས་པ་ལས་གྱུར་བའི་སྙིང་ན་བ་ལ་ནི། སྨན ་བསིལ་བའི་ཁུ་བ་ལ་སོགས་པས་ལུས་པ་བླུགས་པ་དང། སྨན་བསིལ་བའི་ལྡེ་གུས་བསྐུ་བ་དང། སྨན་མངར་ནག་གི་བཀྲུ་སྨན་བཏང་ངོ། །ཡང་ན་བུ་ཙོ་ཤེལ་གྱི་ཕྱེ་མའམ། ཤིང་མངར་གྱི་ཕྱེ་མ་གང་ཡང་རུང་བ་ཁ་ར་ཆུ་དང་སྦྱར ་བའི་ནང་དུ་བླུགས་ཏེ་བཏུང་ངོ། །སྨན་སྟིར་ལ་སོགས་པའི་སྡེ་ཚན་བཏགས་པའི་ཕྱི་མ། མར་དང། ཆུ་མར་གྱི་བཞི་འགྱུར་དང། འོ་མ་དང། བུ་རམ་ཤིང་གི་ཁུ་བ་དང། རྒུན་གྱི་ཁུ་བ་གསུམ་ལས་གང་ཡང་རུང་བ་མར་གྱི་ཚད་དང ་མཉམ་པའི་ནང་དུ་སྐོལ་ཏེ། མར་ཉ་ཚེ་ལུས་པ་བཙགས་པ་ལས་རན་པར་འཐུངས་ན་ཡང་མཁྲིས་པ་ལས་གྱུར་པའི་སྙིང་ན་བསལ་ཏོ། །བད་ཀན་ལས་གྱུར་པའི་སྙིང་ན་བ་ལ་ནི། པི་པི་ལིང་དང། ལི་ཟུར་བ་དང། ཤུ་དག་དང། ར་སྣ་དང། ་བཅང?་སྒ་དང། ཨ་རུ་ར་དང། མ་མུ་རྣམས་ཀྱི་ཕྱེ་མ་བ་གཅིན་བསྲོས་པ་དང། སྦྱར་བ་བཏུང་དམ། ཡང་ན་སྨན་དེ་དག་ཉིད་བ་གཅིན་དང་སྒོལ་ཏེ་བཞི་ཆ་ལུས་པ་བཏུང་བར་བྱའོ། །ནད་གཞི་གསུམ་འདུས་པ་ལས་གྱུར་པའི་སྙིང་ན་བ་? ་ནི། ཐོག་མར་?་པའི་ཆོ་ག་བྱས་ལ་དེའི་འོག་ཏུ་ཉམ་སྟོབས་དང་སྦྱར་ཞིང། རླུང་དང། མཁྲིས་པ་དང། བད་ཀན་གང་ཤེས་ཆེ་བའི་ཆོ་ག་བྱའོ། །སྲིན་བུ་ལས་གྱུར་པའི་སྙིང་ན་བ་ལ་ནི། བྱི་དང་ག་དང། རུ་རྟའི་ཕྱེ་མ་བ་གཅིན་དང ་སྦྱར་ཏེ་བཏུང་བར་བྱའོ། །རྟུག?་སྐམ་གསོ་བའི་ལེའུ་སྟེ། བཅུ་དགུ་བ་རྫོགས་སོ།། །།དེ་ནས་སྨྱོ་བྱེད་དང། བརྗེད་བྱེད་ཀྱི་ནད་གསོ་བའི་ལེའུ་བཤད་པར་བྱའོ། །དེ་ལ་སྨྱོ་བྱེད་ཀྱི་ནང་ནི་གཞན་གྱིས་ངན་དུ་བྱས་བ་དང། །བ་ཟས ་དང། སྐོམ་མི་གཙང་བཟོས་ཤིང། འཐུངས་པ་དང། འཇིགས་ཤིང་སྡངས་པ་དང། མྱ་ངན་གྱིས་གདུངས་ནས། ཡིད་དང། བློ་དང། དྲན་པ་ལོག་ཅིང་འཁྲུག་པ་ཡིན་ནོ། །དེ་ཡང་རྣམ་པ་ལྔ་ཡོད་པར་བཤད་དེ། དེ་ལ་རླུང་ལས་གྱུར་པའི ་སྨྱོ་བྱེད་ཀྱི་མཚན་མ་ནི། རང་ཉིད་ལ་ཚམ་རྔམ་བྱ་ཅིང་རྡེག་པ་དང། དུ་བ་དང། རྒོད་པ་དང། གླུ་ལེན་པ་རྣམས་ཡིན་པར་ཤེས་པར་བྱའོ། །མཁྲིས་པ་ལས་གྱུར་པའི་མཚན་མ་ནི། ཁྲོ་བ་དང། བསལ་བ་འདོད་པ་དང། སྡིགས་པ་དང། སྙིངས་པ ་ལ་སོགས་པ་རྣམས་ཡིན་ནོ། །གང་ཀན་ལས་གྱུར་པའི་མཚན་མ་ནི། གཉིད་ཆེ་བ་དང། སྨྲ་བ་ཉུང་པ་དང། འུང་མེད་ལ་དགའ་ཞིང་སྟེག་པ་དང། ཁ་ཟས་མི་འདོད་པ་རྣམས་ཡིན་ནོ། །ཀུན་འདུས་པ་ལས་གྱུར་བ་ནི་མཚན་མ་ཐམས་ཅད་དང ་ལྡན་ཏེ། མར?་ངེས་པ་ཡིན་གྱིས་སྤང་བར་བྱའོ། །གློ་བུར་ལས་གྱུར་པའི་སྨྱོ་བྱེད་ནི། ལྷ་ལ་སོགས་པའི་གདོན་འཁྲུགས་པས་ངན་དུ་བྱས་པ་ལས་གྱུར་པ་ཡིན་ཏེ། མི་མ་ཡིན་པའི་ཤེས་པ་དང། ཤེས་ཉེན་དང། སྟོབས་དང། ཚིག་དང། དཔའ་བལ ་སོགས་པ་དང་ལྡན་པར་ཤེས་པར་བྱའོ། །དེ་ལ་རླུང་ལས་གྱུར་པའི་སྨྱོ་བྱེད་ཀྱི་ནང་ལ་ནི། ཐོག་མར་སྨན་མར་བཏུང་བར་བྱའོ། །མཁྲིས་པ་ལས་གྱུར་བ་ལ་ནི། ཐོག་མར་བཀྲུ་སྨན་བཏང་ངོ། །བད་ཀན་ལས་གྱུར་པ་ལ་ནི་ཐོག་མར་སྒྱུག་སྨན་བཏང ་དོ། ?་།དེ་ལྟར་སོ་སོའི་ཆོ་ག་སྔར་བ་བ་རྣམས་བྱས་པའི་འོག་ཏུ་འཇམ་རྩིམས་བཏང་བ་དང། བཀྲུ་སྨན་དྲག་པོ་མས་བཏང་བ་ལ་སོགས་པའི་ཆོ་ག་རིམ་བཞིན་བྱའོ། །དེའི་འོག་ཏུ་ཡུང་དང། སྐྱེར་བ་དང། འབྲས་བུ་གསུམ་དང། ཤིང་ཉེ་རང་དང།། ་བུ་དག་དང། ཡུངས་ཀར་དང། ཤིང་ཀུན་དང། ཤི་རི་ཤ་དང། ཀཊ་བྷི་དང། ཤྭེ་ཏ་དང། བཅོ་ད་དང། ཚར་གསུམ་དང། ཐང་ཤིང་དང། ཀ་རཉྫ་རྣམས་ཀྱི་ཕྱེ་མ་མར་དང་བ་གཅིན་གྱི་ནང་དུ་སྐོལ་ཏེ། མར་ཉི་ཚེ ་ལུས་པ་བཙགས་པ་ལས་རན་པར་འཐུངས་ན་སྨྱོ་བྱེད་ཀྱི་ནད་སེལ་ཏོ། །ཡང་ན་སྨན་ད་དག་ཉིད་ཀྱི་ཕྱེ་མ་མར་དང་ར་གཅིན་གྱི་ནང་དུ་སྐོལ་ཏེ། མར་ཉི་ཚེ་ལུས་པ་བཙགས་པའི་མིང་ནི། སྨན་གནོད་སེལ་ཅེས་བྱ་སྟེ། འདི་ཟོས་ན་བརྗེད་བྱེད ་ཀྱི་ནད་དང། དུག་སེལ་བར་བྱེད་དོ། །སྨན་པ་ཐ་དང། ཨ་རུ་ར་དང། ཤིག་གྲུ་དང། ཤུ་དག་དང། ཚ་བ་གསུམ་དང། རྒྱམ་ཚ་རྣམས་ཀྱི་ཕྱེ་མ་སྲང་རེ་རེ་དང། མར་སྲང་སུམ་ཅུ་རྩ་གཉིས་རའི་འོ་མའི་ནང་དུ་སྐོལ་ཏེ། མར་ཉི་ཚེ་ལུས་པ ་བཙགས་པའི་མིང་ནི་ལྕེ་བདེ་བར་བྱེད་པ་ཞེས་བྱ་སྟེ། འདི་ལས་རན་པར་ཟོས་ན། དྲན་པ་གསལ་བ་དང། ཡིད་གཞུངས་པར་འགྱུར་ཞིང་འོན་པ་དང། ད?ིག་པ་དང། ལྐུག་པ་རྣམས་ཀྱང་དེའི་མཐུས་སེལ་བར་བྱེད་དོ། །ཡང་ན་ཤིང་མངར་དང། ་ཤིང་ཀུན་དང། ཤུ་དག་དང། རྒྱ་སྤོས་དང། ཤར་ཤི་དང། སྤོག་སྐྱ་དང། རུ་རྟ་རྣམས་ར་གཅིག་གྱི་ནང་དུ་བདར་ཏེ་བཙགས་པའི་ཁུ་བ་སྣར་བླུགས་ཤིང། མིག་ཏུ་བསྐུ་བར་བྱའོ།། །།སྨྱོ་བྱེད་ཀྱིས་ཐེབས་ཕ་ལ། ཐོག་མར་ནི།། ་བཅིང་བ་དང། ཐེག་པ་དང། གར་ཡང་མི་བཏང་བར་བསྲུང་ཞིང། ཐབས་རྣམ་པ་སྣ་ཚོགས་ཀྱིས་བསྡིགས་ལ་དེའི་འོག་ཏུ་ཚིག་འཇམ་པོས་གཞམ་པར་བྱའོ། །གློ་བུར་ལས་གྱུར་པའི་སྨྱོ་བྱེད་ཀྱི་ནད་ཀྱིས་ཐེབས་པ་ལ་ནི། སྨན་པ་གཙང་ཞིང་རེ་བ་མང ་པས་མཆོད་པ་དང། གཏོར་མ་དང། བཤོས་དང། མཆོད་སྦྱིན་དང། སྦྱིན་སྲེག་དང། སྔགས་དང། མིག་ཏུ་བསླུ་བ་དང། སྣར་བླུགས་པ་ལ་སོགས་པས་ཆོ་ག་ཇི་ལྟ་བ་བཞིན་དུ་བསལ་བར་བྱའོ།། །།ད་ནི་བརྗེད་བྱེད་ཀྱི་བྱེ་བྲག་བཤད་པར་བྱ ་སྟེ། བརྗེད་བྱེད་ནི། མུན་པ་འདྲ་བས་སེམས་ནོན་ནས་ནད་གཞི་ཤས་ཆེར་བ་ཁྲུགས་པ་ལས་དྲན་བ་ཉམས་ཤིང་ཁྲོ་བར་གྱུར་བ་ལ་བརྗེད་བྱེད་ཀྱི་ནད་ཅེས་བྱའོ། །དེ་ཡང་རྣམ་པ་བཞི་སྟེ་མ་རུངས་པ་ཡིན་པར་ཤེས་པར་བྱའོ། །དེ་ལ་རླུང་ལས་གྱུར་བ་དང། ་ན་མཁྲིས་བ་ལས་གྱུར་བ་དང། བད་ཀན་ལས་གྱུར་བ་རྣམས་ཀྱི་མཚན་མ་ན། མདོག་གནག་པ་དང། སེར་བ་དང། དཀར་བ་རྣམས་ཡིན་ཏེ་གོ་རིམ་བཞིན་དུ་སྦྱར་བ་དང། ནི་མཐོང་ངོ་ཅོག་ཀྱང་དེ་དག་སོ་སོའི་རྣམ་པ་མཐོང་བ་ཡིན་ནོ།། ་དེ་གཞི་གསུམ་ཅར་འདུས་པ་ལས་གྱུར་བའི་བརྗེད་བྱེད་ཀྱི་ནད་ནི། མཚན་མ་ཐམས་ཅད་དང་ལྡན་པ་སྟེ། གསོ་དཀའ་བ་ཡིན་དེ་དག་ལ་ཐོག་མར་ནི་བཀྲུ་སྨན་དྲག་པོ་མས་བཏང་བ་དང། འཇམ་རྩིམས་བཏང་བ་དང། སྐྱུག་སྨན་བཏང་བ་དང། ་བཀྲུ་སྨན་བཏང་བ་དང། སྨིན་སྣར་བླུགས་པ་དང། ཆོ་ག་རྣམ་པ་ལྔ་པོ་འདི་རྣམས་ནད་གཞི་ཇི་ལྟ་བ་བཞིན་དུ་བཏང་བར་བྱའོ། །དེ་ལ་རླུང་ལས་གྱུར་པ་ལ་ནི་བཀྲུ་སྨན་དྲག་པོ་མས་བཏང་བ་དང། འཇམ་རྩིམས་བཏང་བར་བྱའོ། །མཁྲིས ་པ་ལས་གྱུར་པ་ལ་ནི་བཀྲ་སྨན་བཏང་ངོ། །བད་ཀན་ལས་གྱུར་པ་ལ་ནི་སྐྱུག་སྨན་བཏང་ངོ། །སྨན་སྣར་བླུགས་པ་ནི་སོ་སོའི་སྨན་ལས་སྦྱར་ན་ཀུན་ལ་ཡང་ཕན་ནོ། །ཀུན་འདུས་པ་ལས་གྱུར་པ་ལ་ནི། གང་ཤས་ཆེ་བ་དང་ཡང་སྦྱར་ཞིང ་ཆོས་དེ་རྣམས་ལས་གང་འོས་?་བ་བཏང་བར་བྱའོ། །ཆོ་ག་དེ་དག་གིས་ལུས་རབ་ཏུ་དག་པར་གྱུར་ནས། དེའི་འོག་ཏུ་ནི་སྨྱོ་བྱེད་ཀྱི་ནད་བསལ་བའི་ཆོ་ག་སྔར་བསྟན་པ་བཞིན་དུ་བྱའོ། །ཡང་ན་སྨན་ཤད་ཀ་པུ་ཤི་བ་དང། ཤུ་དག་དང། རུ་? ་རྣམས་ཀྱི་ཕྱེ་མ་སྨན་བྲམ་?་ཁུ་བ་དང། མར་རྙིང་པ་ལོ་དུ་མ་ལོན་པའི་ནང་དུ་སྐོལ་ལ་མར་ཉི་ཚེ་ལུས་པ་བཙགས་ཏེ་ཅི་རན་པར་འཐུངས་ན་བརྗེད་བྱེད་དང། སྨྱོ་བྱེད་ཅན་སེལ་ཞིང་ཡིད་གཞུངས་པར་བྱེད་པའི་མཆོག་ཡིན་ནོ། །མར་དང་ཏིལ? ་མར་སྲང་སུམ་ཅུ་རྩ་གཉིས་གཉིས་དང། འོ་མ་མར་གྱི་བཅུ་དྲུག་ནི་ནང་དུ་འཚོ་བྱེད་ཅེས་བྱ་བའི་སྨན་སྣ་བཅུ་ལྔར་བཤད་བ་རྣམས་ཀྱི་ཕྱེ་མ་སྲད་རེ་རེ་སྐོལ་ལ་མར་དང་ཏིལ་མར་ཉི་ཚེ་ལུས་པ་བཙགས་ཏེ་ར་ན་བར་འཐུངས ་ན་ཡང་བརྗེད་བྱེད་ཀྱི་ནང་སེལ་ཏོ། །ཤིང་ཀྲུ་དང། རུ་རྟ་དང། ལྡོང་རོས་དང། གོ་སྙོང?་དང། སློག་སྐྱ་དང། ཚ་བ་གསུམ་དང། ཤིང་ཀུན་རྣམས་ཀྱི་ཕྱེ་མར་གཅིན་དང། ཏིལ་མར་གྱི་ནང་དུ་སྐོལ་བའི་མར་ཉི་ཚེ་ལུས་པ་བཙགས་ཏེ་སྣར་བླུགས ་ན་ཡང་བརྡེད་བྱེད་ཀྱི་ནད་སེལ་ཏོ། །སྨྱོ་བྱེད་ཀྱི་ནང་དང། བ་རྗེད་བྱེད་ཀྱི་ནང་ལ། ཆུ་དང། མེ་དང། ཤིང་དང། བྲག་ལ་སོགས་པ་གནས་ངན་པ་རྣམས་ནི་སྤང་བར་བྱའོ། །སེམས་གསལ་ཞིང་ཡིད་གཞུངས་པར་འགྱུར་བའི་སྨན་བཅུད་ཀྱིས ་ལེན་ནི་བསྒྲིམས་ཏེ་རྟག་ཏུ་བཟའ་བར་བྱའོ། སྨྱོ་བྱེད་ཀྱི་དང། བརྗེད་བྱེད་ཀྱི་ནང་གསོ་བའི་ལེའུ་སྟེ། ཉི་ཤུ་པ་རྫོགས་སོ།། །།དེ་ནས་རླུང་ནང་གསོ་བའི་ལེའུ་བཤད་པར་བྱའོ། །རླུང་ནང་རྣམ་པ་བརྒྱད་ཅུ་ནི། རླུང་འཁྲུགས་པ་ལས ་འབྱུང་སྟེ། དེ་རྣམས་སྤྱིའི་མཚན་མ་ནི་ན་བ་དང། ཡན་ལག་ཆག་པ་སྙམ་བྱེད་པ་དང། ཟུག་པ་དང། ཡན་ལག་འཁུམས་བ་དང། ཤ་སྐམ་པ་དང། དྲག་ཏུ་བཙིར་བ་འདྲ་བར་ན་བ་རྣམས་ཡིན་ནོ། །དེ་ལ་རླུང་ནད་དམ་པོ་ཞེས་བྱ་བ་ནི་རང ་པའང་མེད་པར་ལུས་འགུལ་བ་ཡིན་ནོ། །རླུང་ནང་སྦུར་བོ་གཞུ་འཁུམས་བཞིན་དུ་འབུག་པའོ། །རླུང་ནད་གཞོགས་ཕྱེད་ན་བཞེས་བྱ་བ་ནི། ལུས་ཀྱི་གཞོགས་ཕྱེད་རིལ་གྱིས་ན་བར་བྱེད་པའོ།། །རླུང་ནང་ལག་པ་ལ་གཅིག་འཛེས་པ་ཞེས་བྱ ་བ་ནི། རླུང་གིས་ཕྲག་པའི་རྩལ་ཁུམས་པར་བྱས་པ་ཡིན་པར་ཤེས་པར་བྱའོ་རླུང་ནང་དབྱི་མིག་མན་ཅད་ཟུག་པའི་ད་སྐྲུན་ནི། བརླ་མན་ཆད་དུ་ན་སྟེ། སྨྱང་བསྐུམ་མི་ནུས་ཏེ། རྟིང་པ་ལས་སོར་མོའི་བར་དུ་ན་ཞིང་འགྲོ་མི་ཤེས་པར་བྱས་པ་ཡིན་ནོ། །རླུང ་ནང་ཁ་ཡོན་ཞེས་བྱ་བ་ནི། རླུང་གིས་ཁ་ཕྱོགས་གཅིག་ཏུ་ཡོ་བར་བྱས་པ་ཡིན་པར་བཤད་དོ། །རླུང་ནད་པུས་མོ་སྐྲང་བ་ཞེས་བྱ་བ་ནི། རླུང་དང་ཁྲག་རྒྱས་པས་བུས་མོའི་ལྷ་ད་སྐྲང་བར་བྱེད་པ་ཡིན་ནོ། །དེ་ལ་སྨན་མར་གྱིས་ལུས་བསྐུ་བ་དང། དུགས་བྱ་བ ་དང། སྨན་མས་བཏང་དང། སྣར་བླུགས་པ་དང། སྣུམ་གྱིས་བཀྲུ་སྨན་བཏང་བ་དང། ཁ་ཟས་སྣུམ་པ་དང། སྐྱུར་པ་དང། ལན་ཚྭ་དང། མངར་པ་དང། རོ་ཙ་བར་བྱེད་པའི་བག་རྣམས་ནི་རླུང་ནང་སེལ་ཏོ། །སྨན་པ་ལ་དང། མེ་རི་ཡ་གང་ཡང་རུང་བ་སྐོལ ་བའི་ཁུ་བའི་ནང་དུ་དེ་ཉིད་ཀྱི་ཕྱེ་མ། ཏིལ་མར་དང། འོ་མ་ལྷན་ཅིག་ཏུ་སྐོལ་ལ། ཏིལ་མར་ཉི་ཚེ་ལུས་པ་བཙགས་ཏེ་འཐུངས་ན། རླུང་ནང་ཀྱི་སྣ་གྲངས་ཐམས་ཅད་སེལ་ཏོ། །ཡང་ན། ཏོ་ལེ་མར་དང། འོ་མ་སྲང་སུམ་ཅུ་རྩ་གཉིས་གཉིས་དང། སྨན ་ཨ་ཤྭེ་གནདྷ་སྲང་ལྔ་བཅུ་སྐོལ་བའི་ཁུ་བ་མར་གྱི་བཞི་འགྱུར་གྱི་ནང་དུ། སྤང་སྤོས་དང། ཤིང་ཙ་དང། གནདྷ་བ་ཏྲ་དང། བཙོད་དང། ཏྲ་བནྟི་དང། བྱིའུ་རུག་བ་དང། ཛ་ཏི་དང། བ་ལ་དང། ཐང་ཤིང་དང། སྟི་ར་དང། ཤིང་མངར་དང། ར་སྣ་དང། ་སུག་སྨེལ་དང་?་མ་དུ་དང། ཤུ་དག་རང། གཟིམ་དང། དུ་རྟ་དང། བུ་ཏི་ཀོ་དང། ཤུ་ཏི་དང། པུཌཎ་ཎ་བ་དང། བྲི་ཧ་ཏཱི་དང། པུ་ཤེལ་ཙོ་དང། བ་རི་རི་རྣམས་བཏགས་པའི་ཕྱེ་མ་ཞོ་གཉིས་གཉིས་ལྷན་ཅིག་ཏུ་སྐོལ་ཏེ་ཏིལ་མར་འབའ་ཞིག་ལུས་པ་བཙེགས ་པའི་མིང་ནི་ཡང་?་སོགས་པའི་རིལ་མར་ཞེས་པ་སྟེ། བཏུབ་པ་དང། ལུས་བསྐུ་བ་དང། སྣར་བླུགས་པ་དང། མས་བཏང་པ་རྣམ་པ་བཞི་པོ་དག་ཏུ་སྦྱར་ན་རླུང་ནད་ཐམས་ཅད་སེལ་ཏོ། །ཏིལ་མར་དང། ལ་ཕུག་གི་ཁུ་བསྲང་སུམ་ཅུ་རྩ་གཉིས ་གཉིས་དང། ཞོ་དང། རྩ་པས་སྐྱུར་ལོ་དང། ཀཱོ་མ་རྣམས་ལས་རེ་རེ་ཡང། ཏིལ་མར་གྱི་བཞི་འགྱུར་བཞི་འགྱུར་དང། འདི་རྣམས་ཀྱི་ནང་དུ། ཤུ་དག་དང། བ་ལ་དང། ར་སྣ་དང། མ་ནུ་དང། བཅའ་སྒ་དང། ཀྲུ་ཏྲུལ་ཏྲེས་དང། ཤི་ཀྲུ་དང། རྒྱམ ་ཚ་དང། གཟེ་མ་དང། པི་པི་ལིང་རྣམས་ཀྱི་ཕྱེ་མ་སྐོལ་ལ་ཏིལ་མར་ཉི་ཚེ་ལུས་པ་བཙགས་པའི་ཏིལ་མར་གྱི་སྨན་ཡང་རླུང་ནད་ཀྱིས་ཉམ་ཐག་པ་ཐམས་ཅད་སེལ་བ་ཡིན་ནོ། །ཏིལ་མར་དང། འོ་མ་སྲང་སུམ་ཅུ་རྩ་གཉིས ་གཉིས་དང། སྨན་བྲས་ར་ནི་སྲང་བརྒྱ་སྐོལ་བའི་ཁུ་བ་ཏིལ་མར་གྱི་བཞི་འགྱུར་དང། འདི་རྣམས་ཀྱི་ནང་དུ་སྨན་ཇི་བ་ཀ་དང། རི་ཤ་བྷ་ཀ་དང། མེད་རྣམ་གཉིས་དང། བུ་ཚད་རྟོང་དང། ར་མཉེ་དང། རུ་རྟ་དང། ཙན་དན་རྣམ་གཉིས་དང། ཤུ་ཏི ་དང། ཐང་ཤིང་དང། བཙོང་དང། ར་སྣ་རྣམས་ཀྱི་ཕྱེ་མ་སྐོལ་ལ་ཏིལ་མར་ཉི་ཚེ་ལུས་པ་བཙགས་པ་འདི་ལས་མས་བཏང་བ་ལ་སོགས་པར་སྦྱར་ན་ཡང་རླུང་སེལ་ཏོ། །ཏིལ་མར་དང། འོ་མ་སྲང་སུམ་ཅུ་རྩ་གཉིས་གཉིས་དང། གཟེ་མའི ་ཁུ་བ་ཏིལ་མར་གྱི་བཞི་གྱུར་གྱི་ནང་དུ་བུ་རམ་དང། བཅའ་སྒའི་ཕྱེ་མ་སྲང་བརྒྱད་བརྒྱད་ལྷན་ཅིག་ཏུ་སྐོལ་ལ་རྟིལ་མར་ཉི་ཚེ་ལུས་པ་བཙགས་ཏེ་རན་པར་འཐུངས་པའི་འོག་ཏུ་འོ་མ་འཐུངས་ལ་ཐུར་དུ་འཁྲུས་པ་ཆོད་བའི་རྗེས་ལ། བཅའ་སྒ་དང ་བུ་ར་མ་སྦྱར་བ་ཟོས་ནས་སྨན་སྔ་མ་བཏང་བ་དང། ཞུ་བར་གྱུར་པའི་འོག་ཏུ་ཁ་ཟས་འོ་མ་དང་ལྷན་ཅིག་ཏུ་ཟོས་ན་རླུང་ནད་མི་བཟང་པ་ཐམས་ཅད་སེལ་ཏོ། །མར་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང། སྒོག་སྐྱ་སྲང་བརྒྱ་སྐོལ་བའི་ཁུ་བ་མར་གྱི ་བཞི་འགྱུར་རྣམས་ཀྱི་ནང་དུ་དབྱི་མོ་དང། ཀྲུ་ཏྲུག་ཏྲེས་དང། པི་པི་ལིང་རྣམས་ཀྱི་ཕྱེ་མ་ཞོ་གཉིས་གཉིས་དང། བཅའ་སྒ་དང། ཤིང་ཀུན་དང། ལན་ཚྭ་རྣམ་ལྔ་དང། འདི་རྣམས་ལས་སྲང་རེ་རེ་དང། སྟར་བུ་སྲང་ཕྱེད་དང། འདི་རྣམས ་ལྷན་ཅིག་ཏུ་སྐོལ་ལ་མར་ཉི་ཚེ་ལུས་པ་གཙགས་པའི་མིང་ནི་སྒོག་སྐྱ་ལ་སོགས་པའི་སྨན་མར་ཞེས་བྱ་སྟེ། འདི་ལས་རན་པར་འཐུངས་ན་རླུང་ནད་དང། རླུང་ནད་རྐང་ཟུག་ཡ་གཅིག་འཇས་པ་དང། རླུང་ནད་གཞོགས་བྱེད་ན་བ་དང། སྐྲན་ལས ་སོགས་པ་སེལ་ཏོ། །དབྱི་མོ་དང། ཁ་རུ་ཚྭ་དང། ཚ་བ་གསུམ་དང། ཤིག་གྲུ་དང། རྒྱམ་ཚྭ་དང། འོ་སུའི་འབྲས་བུ་རྣམས་ཀྱི་ཕྱེ་མ་ཞོ་གཉིས་གཉིས་དང། མར་སྲང་སུམ་ཅུ་རྩ་གཉིས་དང། ལ་ཕུག་གི་ཁུ་བ་དང། སྒྲེའུ་གཤེར་གྱི་ཁུ་བ་དང། ཤ་ཁུ་དང ་ཚྭ་དང། རྩབས་སྐྱུར་པོ་དང། ཞོག་ཆུ་དང་།དར་བ་རྣམས་ལས་སྲང་སུམ་ཅུ་རྩ་གཉིས་གཉིས་དང། འདི་རྣམས་ཀྱི་ནང་དུ་སྐལ་ལ་མར་ཉི་ཚེ་ལུས་པ་བཙགས་པ་ལས་རན་པར་འཐུངས་ན་ཡང་རླུང་ནད་སེལ་ཏོ། །རླུང་ཉི་ཚེའི་ནད་ལ་ནི། སྣུམ་རྣམ་བ་བཞི ་པོ། ཞག་དང་རྐང་དང། མར་དང། ཏིལ་མར་རྣམས་ཀྱི་སྨན་བཏང་བར་བྱའོ། །རླུང་ཡོད་བའི་སྟེང་དུ། བད་ཀན་དང། མཁྲིས་པའི་བླ་གཉན་གྱིས་ཐེབས་པ་ལ་ནི་རེ་ཞིག་བླ་གཉན་བཙན་པར་བྱས་ཏེ་དེ་ཞི་བར་བྱ་བའི་ཆོ་ག་ཇེ་བྱའོ། །དེ་ལ་བད་ཀན་ལ་ནི་སྨན ་དྲོང་ཆེ་ཞིང་རྣོ་བ་རྣམས་བཏང་ངོ། །མཁྲིས་པ་ལ་ནི་སྨན་མངར་ཞིང་བསིལ་བའི་བག་བཏང་བར་བྱའོ། །རླུང་ནད་རྐང་ཟུག་ཡ་གཅིག་འཇས་པ་དང། རླུང་ནང་པུས་མོར་སྐྲང་བ་ལ་ནི། ཐོག་མར་གཏར་ཏེ་ཁྲག་ཕྱུང་ལ། དེ་ནས་རླུང་ནད་སེལ་བའི་ཆོ་ག་ཐམས་ཅད ་བྱའོ། །བརླའི་ནང་ན་བད་ཀན་དང། ཚིལ་འདུག་པ་གཉིས་ལྡན་པས་རླུང་ནོན་ཏེ། བརླ་རིངས་པའི་ནང་དྲག་པོ་བསྐྱེད་པའི་ནད་ཀྱི་མཚན་མ་ནི་ཤིན་ཏུ་ལྕི་བར་གྱུར་ཅིང་སྐྱིད་ལུག་པ་ཡིན་ཏེ། དེ་ལ་ནི། ཐོག་མར་བད་ཀན་སེལ་བའི་སྨན་རྩུབ་པོ་ཅོག་གི ་ཚོག་བྱས་ལ། དེའི་འོག་ཏུ་རླུང་བསལ་པའི་ཆོ་ག་ཐམས་ཅད་བྱའོ།། །།དྲེག་ནི། མི་སྐྱེད་དེ་བར་འདུག་ཅིང་སྡུག་མ་མྱོང་བ་ལས་ངལ་བ་ལ་སོགས་པ་དྲག་ཤུལ་གྱི་བག་བྱས་པས་རླུང་དང་ཁྲག་འཁྲུགས་པ་ལས་འབྱུང་སྟེ། ་ཐོག་?་ནི་གང་ལག་གི་ནང་ན་གནས་ལ་བྱིས་ལུས་ལ་འཇུག་བར་འགྱུར་རོ། །དེ་ལ་རླུང་ཤས་ཆེ་བའི་དྲེག་གི་མཚན་མ་ནི། ན་བ་དང། རུས་པ་གྲུམ་ཞིང་འགས་པ་དང། ལུས་སྐམ་པ་དང། རྩུབ་པ་དང། མདོག་གནག་པ་རྣམས་ཡིན་བར ་བཤད་དོ། །ཁྲག་དང་མཁྲིས་པ་ལས་གྱུར་པའི་དྲེག་གི་མཚན་མ་ནི། མདོག་དམར་ཞིང་སྒྲར་བ་དང། ལྷང་ལྷང?་པོ་ན་བ་དང། ཆུ་སེར་འཇུག་ཅིང་འཇིག་པ་དང། ན་བ་དང། ལུས་ཚ་བ་དང། མདོག་འཇམ་པ ་རྣམས་ཡིན་ནོ། །བད་ཀན་ལས་གྱུར་བའི་དྲེག་གི་མཚན་མ་ནི། ཆེར་མིན་ལ། ལུས་གཡའ་ཞིང་རེངས་པ་དང། ཆེར་སྐྲངས་པ་རྣམས་ཡིན་ནོ། །ནད་གཞི་གཉིས་གཉིས་འདུས་བ་དང། གསུམ་ཆར་འདུས་པ་ལས་གྱུར་པའི་དྲེག་གི་མཚན ་མ་ནི། མཆན་མ་གོང་དུ་བསྟན་པ་རྣམས་ཆ་འདྲེས་པ་ལས་རྟོགས་པར་བྱའོ། །དྲེག་ནད་གཞི་གཅིག་ལས་བྱུང་ལ། གསར་བ་ནི་གསོ་སླ་བ་ཡིན་ནོ། །ནད་གཞི་གཉིས་འདུས་པ་ལས་བྱུང་བ། ལོ་གཅིག་ཚུན་ཆད་ལོན་པ་ནི། ཁ་ཟས་དང ་སྨན་གི་སོ་ཅམ་དུ་འཇོག་ནུས་སོ། །ནང་གཞི་གསུམ་ཆར་འདུས་བ་ལས་བྱུང་ལ། རྨ་རྡོལ་ཅིང་འཛག་སྟེ་རུས་པ་འགས་པ་གང་ཡིན་པ་ནི། གསོར་མི་རུང་སྟེ་སྤང་བར་བྱའོ། །དེ་ལ་དྲེག་གསོ་བའི་ཐབས་ནི། ཐོག་མར་སྨན་མར་བླུད་དེ། ་ཉམ་སྟོབས་བསྐྱེད་པའི་འོག་ཏུ། རླུང་ནི་ཚེ་ལས་གྱུར་པ་མ་གཏོགས་པ། གཞན་རྣམས་ལ་གཏར་ག་གདབ་ཅིང་ཁྲག་དབྱུང་ངོ། །དེའི་འོག་ཏུ་ནད་གཞི་གང་ཡིན་པ་དང་སྦྱར་ཞིང་བཀྲུ་སྨན་དྲག་པོ་མས་བཏང་བ་དང། འཇམ་རྩིམས་བཏང ་བ་དང། སྐྱུག་སྨན་དང། བཀྲུ་སྨན་དང། སྨན་སྣར་བླུགས་པ་དང། ཆོ་ག་རྣམ་པ་ལྔ་པོ་སྔར་བསྟན་པ་འདི་རྣམས་ལས་གང་འོས་བཏང་བར་བྱ་སྟེ། རླུང་ལས་གྱུར་པ་ལ་ནི། སྨན་མས་བཏང་བའི་ཆོ་ག་བའོ། །མཁྲིས་པ་ལས་གྱུར ་པ་ལ་ནི། བཀྲུ་སྨན་བཏང་ངོ། །བད་ཀན་ལས་གྱུར་པ་ལནི་སྐྱུག་སྨན་བཏང་ངོ། །ཡང་ན་རླུང་ཤས་ཆེ་བ་ལས་གྱུར་པའི་དྲེག་ལ་ནི། བག་ཆེ་མར་དང། རའི་འོ་མ་དང་སྦྱར་བས་བསྐུས་ན་སེལ་བར་འགྱུར་རོ། །ཡང་ན་ཏིལ་བརྡོས ་པའི་ཕྱེ་མ་འོ་མ་དང་སྦྱར་བ་འམ། ཟར་མའི་ཕྱེ་མ་འོ་མ་དང་སྦྱར་བ་འམ། ཤུ་ཏའི་ཕྱེ་མའོ་མ་དང་སྦྱར་བ་འམ། ཨེ་རཎྜའི་ས་བོན་གྱི་ཕྱེ་མའོ་མ་དང་སྦྱར་བ་གང་ཡང་རུང་བས་བསྐུ་བར་བྱའོ། །ཡང་ན་ཆུ་ན་གནས་པའི་སྲོག་ཆགས་ཉ་ལ་སོགས་པའི་ཤ་གང ་ཡང་རུང་བ་ཞིབ་ཏུ་བརྡུངས་པ་སྟེ། སྤོང་སྣ་ཚོགས་ཀྱིས་བཏབ་ལ་ལེགས་པར་བཙོས་པས་བསྐུ་བར་བྱའོ། །མཁྲིས་བ་ཤས་ཆེ་བ་ལས་གྱུར་པའི་དྲེག་ལ་ནི། ཤིང་མངར་གྱི་ཕྱེ་མ་མར་དང། འོ་མ་དང། ཕྱེ་རྣམས་སྦྱར་བའི་ལྡེ་གུས་བསྐུའོ། །ཡང་ན ་འཚོ་བྱེད་ཅེས་བྱ་བའི་སྨན་སྣ་བཅུ་པེ་རྣམས་བཏགས་པའི་ཕྱེ་མ་མར་དང་སྦྱར་བས་བསྐུ་བར་རེ་བའོ། །བད་ཀན་ཤས་ཆེ་བ་ལས་གྱུར་པའི་དྲེག་ལ་ནི། ཨ་ཤྭ་གནདྷ་དང། ཏིལ་གྱི་ཕྱེ་མ་འམ། ཡང་ན་ཡུངས་ཀར་གྱི་ཕྱེ་མ་འམ། ཡང་པུ་རྞ་རྣ་བ་དང། ཤི ་བུའི་ཕྱེ་མ་དང། འདི་རྣམས་གང་ཡང་རུང་བ། བ་གཅིན་དང་སྦྱར་ཏེ་བསྐུ་བར་བའོ། །དྲེག་གོ་ཅོག་ལ་ནི་ཨ་རུ་རའི་ཕྱེ་མ་བུ་རམ་དང་སྦྱར་བ་བཟའ་བར་བྱའོ། །ཡང་ན་སླེ་ཏྲེས་བསྐོལ་བའི་ཁུ་བ་བཏུང་བར་བྱའོ། །ཡང་ན་པི་པི་ལིང་འོ་མ་དང་བསྐོལ་བའི ་སྨན་བཅུད་གྱིས་ལེན་བཏུང་བར་བྱ་སྟེ། །ཉིན་གཅིག་བཞིན་དུ་པི་པི་ལིང་ལྔ་ལྔས་བསྐྱེད་དེ། པི་པི་ལིང་གི་གྲངས་བརྒྱར་ཕྱིན་ནས། ཉིན་གཅིག་བཞིན་པི་པི་ལིང་ལྔ་ལྔས་?་སྟེ། པི་པི་ལིང་ལྔ་ལ་ཐུག་ནས་ཡང་སྔ་མ་བཞིན་དུ་བསྐྱེད་དེ། བསོལ ་བ་དང་ལྟ་བུ་ཆོ་ག་ལེགས་བར་བསྲུང་ཞིང། རྟག་ཏུ་བཏུང་བར་བྱའོ། །རླུང་ནད་གསོ་བའི་ལེའུ་སྟེ། ཉི་ཤུ་རྩ་གཅིག་བ་རྫོགས་སོ།། །།དེ་ནས་ཆང་ནད་གསོ་བའི་ལེའུ་བཤད་པར་བྱའོ། །དུག་ལ་ཕན་གནོད་རྣམ་པ་བཅུ་ཡོད་པར་བསྟན་པ ་གང་ཡིན་པ་དེ་རྣམས་ནི་ཆང་ལ་ཡང་ཡོད་དེ། དེ་བཏུང་ཉེས་པ་ལས་ནད་གཞི་རླུང་དང། མཁྲིས་པ་དང། བད་ཀན་རྣམས་འཁྲུགས་ནས། ཆད་ནད་དྲག་པོ་སྐྱེ་བར་འགྱུར་རོ། །དེ་ལ་རླུང་གིས་ཚུལ་གྱུར་པའི་མཚན་མ་ནི། སྨྲ་བ་ཐོགས ་པ་དང། མང་དུ་སྨྲ་བ་དང། སྨྲལ་ལ་བསྐམ་པ་དང། ཚིག་མི་བརྟན་ཞིང་ཁྲལ་ཁྲུལ་བ་དང། ལུས་རྩུབ་ཅིང་མདོག་སྔོན་པོར་འགྱུར་པ་དང། དམར་བོར་འགྱུར་བ་དང། མྱོས་པ་རྣམས་ཡིན་ནོ། །མཁྲིས་པས་ཚུལ་གྱུར་བའི ་མཚན་མ་ནི། མདོག་དམར་ཞིང་སེར་བ་དང། ཁྲོ་ཞིང་འཐབ་པར་དགའ་བ་ཡིན་ན། །བད་ཀན་གྱིས་ཚུལ་འགྱུར་བའི་མཚན་མ་ནི། སྨྲ་བ་ཉུང་བ་དང། ཚིག་འབྲེལ་པ་དང། སེམས་པ་དང། བཞིན་མདོག་དཔལ་སྐྱ་བ་དང། རྒྱུད་ཞན ་པ་རྣམས་ཡིན་ནོ། །ནད་གཞི་ཀུན་འདུས་པ་ལས་ཚུལ་གྱུར་པ་ནི་དེ་དག་ཐམས་ཅད་དང་ལྡན་པ་ཡིན་ནོ། །དེ་ལ་རླུང་ལས་གྱུར་པའི་ཆད་ནད་ཀྱི་མཆན་མ་ནི། སྙིང་དང། ཀླང་པ་དང། རྩིབ་ལོག་ན་བ་དང། ལུས་རེངས་པ་དང། སྐྱེགས ་བུས་འདེབས་པ་དང། ལུང་པ་ལུ་བ་རྣམས་ཡིན་ནོ། །མཁྲིས་པ་ལས་བྱུང་བའི་ཆང་ནང་ཀྱི་མཚན་མ་ནི། སྐོམ་དང་ཆེ་བ་དང། ལུས་ཆ་བ་དང། རྡུལ་འབྱུང་བ་དང། མདོག་སེར་པོར་འགྱུར་བ་དང། མི་དྲན་ཞིང་མྱོས་པ་རྣམས་ཡིན་ནོ། །བད ་ཀན་ལས་གྱུར་པའི་ཆད་ནད་ཀྱི་མཚན་མ་ནི། མེར་མེར་བོ་དང། ཁ་ནས་ཆུ་འབྱུང་བ་དང། ཡིག་འཆུས་པ་དང། སྐྱུག་པ་དང། ལུས་རེངས་པ་རྣམས་ཡིན་ནོ། །ནང་གཞི་གསུམ་འདུས་པ་ལས་གྱུར་པའི་ཆང་ནང་ནི། མཚན་མ་ཐམས་ཅད་དང ་ལྡན་པར་རིག་པར་བྱའོ། །དེ་ལ་རླུང་ལས་གྱུར་པའི་ཆང་ནང་ལ་ནི། ཆང་སྔ་མ་འཐུངས་བཞུ་བར་གྱུར་པའི་འོག་ཏུ། ཆང་གི་ནང་དུ་ཁ་རུ་ཚྭ་དང། ཚ་བ་གསུམ་གྱི་ཕྱེ་མ་དང། ཆུ་ཉུང་ཟད་ཅིག་བླུགས་ཏེ་འཐུངས་ན་སེལ་བར་བྱེད་དོ། །ཡང་ན་ཆང་གི ་ནང་དུ་ཚྭ་དང་ཁ་རུ་ཚྭ་དང། ན་ལེ་ཤམ་དང། ཟིམ་ཐིག་ལེ་དང། ལ་ལ་ཕུང་རྣམས་ཀྱི་ཕྱེ་མ་བླུགས་ཏེ་འཐུངས་ན་ཡང། རླུང་ལས་གྱུར་པའི་ཆང་ནང་དྲག་པོ་སེལ་ཏོ། །ཡང་ན་རླུང་ལས་གྱུར་པའི་ཆང་ནད་བསལ་བའི་ཕྱིར། ཆང་འོས་ཀོན་གྱི ་སྐྱོ་མར་བྱས་བའི་ནང་དུ། རྒྱ་ཤུག་གི་འབྲུམ་བུ་དང། བལ་པོ་སེའུ་དང། ཏིནྟི་ལའི་འབྲས་བུ་དང། ལ་ལ་བུད་དང། རྒྱམ་ཚྭ་རྣམས་ཀྱི་ཕྱེ་མ་བླུགས་ཏེ་ལྟུང་བར་བྱའོ། །སྐོམ་དུ་ནི་ཁ་ལུང་དང། བལ་པོ་སེའུ་སྐུར་ཆུའི་ནང་དུ་མཉེས་ཏེ། ཏུང་བར་བྱའོ། །རི? ་དགས་སྐམ་ས་ན་གནས་བའི་ཤ་ཁུ་སྣུམ་དང་ལྡན་པའམ། རྒྱམ་ཚྭ་དང། བལ་པོ་སེའུ་དང། སྦྱར་བ་ཡང་བཏུང་བ་དང། ཁ་ཟ་ས་སྤག་བར་བཟང་ངོ། །མཁྲིས་པ་ལས་གྱུར་པའི་ཆད་ནད་ལ་ནི། ཆང་དང་ཆུ་ཕྱེད་མར་བྱས་ལ། སྦྲང་རྩི་དང། ཁ་ར་དང ་སྦྱར་ཏེ་བཏུང་བར་བྱའོ། །ཡང་ན་སྨན་མངར་བག་བསྐོལ་བའི་ཁུ་བ་ཁ་ར་དང་སྦྱར་བ་འམ། མོན་སྲན་སྡེའུའི་ཁུ་བཅུང་ཁ་ར་དང་སྦྱར་བ་འམ། སྨན་མངར་བག་བསྐོལ་བའི་ཁུ་བ་ལས་ཤ་བཙོས་ཏེ་བསྡུས་པའི་ཁུ་བ་རྣམས་ལས་གང་ཡང ་རུང་བ་བཏུང་བར་བྱ་སྟེ། ཐམས་ཅད་ཀྱང་གྲང་མོས་བྱས་པ་ཡིན་ནོ། །བད་ཀན་ལས་གྱུར་པའི་ཆང་ནད་ལ་ནི་སྐྱུག་སྨན་ཆང་དང་སྦྱར་ཏེ་སྐྱུག་ཏུ་གཞུག་པ་དང། ཉམ་སྟོབས་དང་སྦྱར་ཏེ་སྨྱུང་བའི་ཆོ་ག་ཡང་བྱའོ། །ཡང་ན་དྲོད་བསྐྱེད ་པའི་སྨན་གྱི་ཕྱེ་མ་ཆད་དང་སྦྱར་བ་འམ། འབྲས་བུ་གསུམ་བསྐོལ་བའི་ཁུ་བ། ཚ་བ་གསུམ་གྱི་ཕྱེ་མ་དང། སྦྱར་བ་བཏུང་ཞིང་ཆོག་བསྲུང་བར་བྱའོ། །ཁ་ཟས་ནི་ནས་ལས་བྱས་པའི་ཁ་ཟས་ལ་ཕུག་སྐམ་པོའི་ཁུ་བཅུད་དང། རྒྱ་སྲན ་གྱི་ཁུ་བཅུང་གང་ཡང་རུང་བས་སྤོང་ཚ་བས་ཤ་སྐྱེད་དེ་སྦྱར་བ་དང། རི་དགས་སྐམས་ན་གནས་པའི་ཤ་སྣུམ་བག་ཆུང་བ་དང། ལྷན་ཅིག་ཏུ་བཟའ་ཨོ། །ཆད་ནད་ཀྱི་རྐྱེན་གྱིས་བསྐོས་པའི་ནང་དང། རིམ་དང། ལུང་པ་དང། རྩིབས་ལོག་ན་བ་དང། ་འཁྲུ་བ་ལ་སོགས་པའི་ནང་བླ་གཉན་གང་ཡང་རུང་སྟེ། དེ་དག་ལ་ནི་སོ་སོའི་སྨན་བཏང་བས་ཞི་བར་བྱའོ། །ཆང་གིས་ལུས་ཀྱི་ཤ་ཟད་པར་གྱུར་བ་ལ་ནི། བརྐུ་སྨན་དྲག་པོ་མས་བཏང་བ་དང། འཇམ་རྩིམས་བཏང་བ་དང། སྣུམ་གྱིས ་ལུས་བསྐུ་ཞིང་དྲིལ་བ་དང། ཁྲུས་བྱ་བ་དང། སྨན་མར་དང། འོ་མ་བླུང་པ་རྣམས་ཀྱིས་བརྟ་བར་བྱའོ། །དེ་ལ་སྨན་མར་ནི་ཉེའུ་ཤིང་དང། བུརྞ་རྞ་བ་དང། ཤིང་མངར་གྱི་ཕྱེ་མ་མར་ཆུ་མར་གྱི་བཞི་འགྱུར ་གྱི་ནང་དུ་བསྐོལ་ཏེ། མར་ཉི་ཙེ་ལུས་བ་ལས་རན་བར་བཏུང་ངོ། །ཡང་ན་བ་ལ་དང། ཨ་ཏི་ལ་བ། བསྐོལ་བའི་ཁུ་བ་འོ་མ་དང་སྦྱར་བ་འཐུངས་ན་ཟད་བྱེད་ཀྱི་ནད་སེལ་ཏོ། །ཐུ་ན་རྣ་བ་བསྐོལ་བའི་ཁུ་བའི་ནང་དུ། མར་དང། འོ་མ་དང། ་ཤིང་མངར་གྱི་ཕྱེ་མ་བླུགས་ཏེ། བསྐོལ་ལ་མར་ཉི་ཚེ་ལུས་པ་བཙིར་བ་ལས་རན་པར་འཐུངས་ན་ཡང། ཆང་འཐུངས་བས་མདངས་མེད་བར་བྱས་པ་ཕྱིར་བརྟ་ཞིང་སོར་ཆུད་པར་བྱེད་དོ། །ཆད་ནད་གསོ་བའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་བ་རྫོགས ་སོ།། །།དེ་ནས་མེ་དཔལ་གསོ་བའི་ལེའུ་བཤད་པར་བྱའོ། །མེ་དཔལ་ནི། ལན་ཚྭ་དང། སྒྱུར་བ་དང། ཚ་བ་དང། དྲོང་ཆེ་ཞིང་རྣོ་བ་ལ་སོགས་པའི་ཁ་ཟས་རྟག་ཏུ་ཟོས་པས་ནད་གཞི་འཁྲུགས་པར་བྱས་པ་ལས་མེ་དཔལ་རྣམ་བ་བདུན ་དུ་ཤེས་པར་བྱ་སྟེ། མེ་དཔལ་ཞེས་བྱ་བ་ནི་ལུས་ཐམས་ཅད་དུ་མཆེད་ཅིང་འཇུག་པ་ཡིན་ནོ། །དེ་ལ་རླུང་ལས་གྱུར་བའི་མེ་དཔལ་གྱི་མཚན་མ་ནི། འབྲུམ་བུ་འཇམ་ཞིང་མདོག་གནག་པ་དང། སྐྲང་བ་དང། རིམས་ཀྱིས་འདེབས་པ་དང། ་གཟར་བ་རྣམས་ཡིན་ནོ། །མཁྲིས་པ་ལས་གྱུར་པའི་མེ་དཔལ་གྱི་མཚན་མ་ནི། འབྲུམ་བུའི་མདོག་སེར་ཞིང་དམར་བ་དང། ལུས་ཚ་དང། རིམས་ཀྱིས་འདེབས་པ་རྣམས་ཡིན་ནོ། །བད་ཀན་ལས་གྱུར་པའི་མེ་དཔལ་གྱི ་མཚན་ནི། འབྲུམ་བུའི་མདོག་དཀར་ཞིང་དཔལ་སྐྱ་བ་དང། གཡའ་ཞིང་བད་ཀན་གྱི་རིམས་འདེབས་བ་ཡིན་ནོ། །ཀུན་འདུས་པ་ལས་གྱུར་པའི་མེ་དཔལ་ནི་མཚན་མ་ཐམས་ཅད་དང་ལྡན་པ་ཡིན་ནོ། གློ་རྡོ་?་ལས ་གྱུར་པའི་མེད་པ་ལ་ནི། ཁྲག་དང། མཁྲིས་པ་གཉིས་ལས་འབྱུང་སྟེ། འབྲུམ་པའི་མདོག་གནག་བ་དང། སྔོ་སྐྱར་འདུག་པ་དང། དམང་བ་དང། སྤང་བ་དང་བ་རྣགས་ནས་རྡོལ་བ་དང། ལུས་ཚ་བ་དང། རིམས་བདོ་བར་བྱེད་བ་རྣམས་ཡིན་པར ་བཤད་དོ། །མེའི་མེ་དཔལ་ཞེས་བྱ་བ་ནི། རླུང་དང། མཁྲིས་བ་དག་ལས་འབྱུང་སྟེ། འབྲུམ་བུའི་མདོག་མས་བསྲེགས་པ་འདྲ་ལ། ཉེན་བསྐོར་མེ་མདག་བཞིན་དུ་དམར་ཞིང། ལུས་ཆོ་བ་དང། སྐོམ་དད་ཆེ་བ་དང། འཁྲུ་བ་ལ་སོགས་པའི ་མཚན་མ་ལས་རྟོགས་པར་བྱའོ། །མེ་དཔལ་རྫ་བ་འདྲ་ཞེས་བྱ་བ་ནི། བད་ཀན་དང་མཁྲིས་པ་ལས་འབྱུང་སྟེ། ?་པའི་མདོག་དཔལ་སྐྱ་ཞིང་དམར་བ་དང། གནག་ཅིང་འཚེར་ཏེ་དྲི་མས་གཡོགས་པ་དང། ཚ་ཞིང་ཉ་སྐོར་དུ་ཆུ་སེར་གྱི ་འདམ་ཞིང་དུ་འདུག་པ་རྣམས་ཡིན་ནོ། །དེ་ལ་ནད་གཞི་གསུམ་སོ་སོ་ལས་གྱུར་བའི་མེ་དཔལ་ནི་གསོ་སླ་བ་ཡིན་ནོ། །ལྷག་མ་གཞན་རྣམས་ནི་གསོར་མི་རུང་བར་བཤད་དོ། །ལུས་ཀྱི་ཕྱི་ནང་གཉིས་ཀར་བྱུང་བ་དང། ཚིགས་ཀྱི་སྟེང་དུ ་བྱུང་བ་ནི། བདུན་ཆར་ཡང་ལྷག་པར་གསོར་མི་རུང་ངོ། །དེ་ལ་རླུང་ལས་གྱུར་པའི་མེ་དཔལ་ལ་ནི། རྩ་བ་ལྔའི་སྨན་ལྔ་ཕུགས་ལྔ་སྔར་བཤད་པའི་ནད་ནས། ?་བལྟ་བ་མ་གཏོགས་པར་རྩ་བ་ལྔ་པ་རྣམ་པ་བཞི་པོ་རྣམས་ལས་གང ་ཡང་རུང་བས་ལུས་བསྐུ་བ་དང། ནད?་ཀྱི་སྟེང་དུ་བླུགས་བ་དང། སྨན་མར་སྦྱར་བ་ལ་སོགས་བ་བྱའོ། །ཡང་ན་འབྲས་དང། ནས་དང་ཤིང་མངར་རྣམས་ཀྱི་ཕྱེ་མ་མར་དང། འོ་མའི་ནང་དུ་བསྐོལ་ཏེ་།ཐུག་བ་ཚོས་པར་བྱས་བས་ན་བའི་སྟེང་དུ ་བསླུ?་བར་བྱའོ། །ཡང་ན་འོ་མས་ན་བའི་སྟེང་དུ་བླུགས་པར་བྱའོ། །ཡང་ན་མར་གྱི་སྙིང་པོས་སྟེང་དུ་བླུགས་པར་བྱའོ། །འཁྲིས་པ་ལས་གྱུར་པའི་མེ་དཔལ་ལ་ནི། སྨན་པ་བུཎྜ?་རཱི་ཀ་དང། བཅོད་དང། ཤུག་བ་དང། བུ་ཤེལ་ཅི་དང། ཙན་དན་དང། ་ཤིང་མངར་དང། ཨུཏཔ་ལ་རྣམས་ཀྱི་ཕྱེ་མའོ་མ་དང་སྦྱར་ཏེ་བསྐུ་བར་བྱའོ། །ཡང་ན་ཤིང་ནྱ་གྲོ་དྷ་ལ་སོགས་པའི་སྡེ་ཚན་སྔར་བཤད་པས་ནད་ཀྱི་སྟེང་དུ་ཁུ་བ་བླུགས་པ་དང། བསྡུ་བ་དང། སྨན་མར་སྦྱར་བ་རྣམས ་བྱས་ན་བཟང་ངོ། །ཡང་ན་མར་གཞུ་ཞིང་འཁྱེག་དུ་བཅུག་པ་དེ་ལྟ་བུར། ལན་བརྒྱའི་བར་དུ་བྱས་ཏེ། རུལ་བར་གྱུར་པའི་ནང་དུ། ཤིང་མངར་གྱི་ཕྱེ་མ་ཤས་ཚེར་བླུག་སྟེ་སྦྱར་བས་བསྐུ་བར་བྱའོ། །ཡང་ན་ལི་ཀླུ་མིག་དང། པུ་ཤེལ་ཙི་དང། ་ཙན་དན་དང། གླ་སྒང་དང། མུ་ཏིག་དང། ནོར་བུ་རིན་པོ་ཆེ་དང། བཙག་རྣམས་ཀྱི་ཕྱེ་མ། མར་དང། འོ་མར་སྦྱར་ཏེ། བསྐུས་ན་མཁྲིས་པ་ལས་གྱུར་པའི་མེ་དཔལ་སེལ་ཏོ། །བད་ཀན་ལས་གྱུར་པའི་མེ་དཔལ་ལ་ནི། སེང་ལྡེང་དང། སཔཏ་པརྞ་དང། ་གླ་སྒང་དང། ཤིང་དྷ་བ་དང། དོང་ག་དང། ཐང་ཤིང་དང། ཀུ་རཎྚ་རྣམས་བདར་བའི་ལྡེ་གུས་བསྐུས་ན་ཞི་བར་འགྱུར་རོ། །ཡང་ན་ཤིང་མངར་དང། འབྲས་བུ་གསུམ་དང། བུ་ཚང་རྟོ་དང། ཤི་རི་ཤ་རྣམས་བདར་བའི་ལྡེ་གུས་བསྐུའོ། །ཡང་ན་བད་ཀན ་ལས་གྱུར་པའི་མེ་དཔལ་ལ། སྨན་པ་རུ་ན་ལ་སོགས་པའི་སྡེ་ཚན་གྱིས་བསྐུ་བ་དང། ཁུ་བས་བླུགས་པ་དང། སྨན་མར་སྦྱར་བ་ལ་སོགས་པ་བྱས་ན་བཟང་ངོ། །པོ་ཏ་ལ་དང། ནིམཔ་དང། སྐྱེར་པའི་རྩ་བའི་ཤུན་ལྤགས་དང། པུ་ཙེ་ཤེལ་དང། ་ཁྱི་ལྕེ་བ་དང། ཤིང་མངར་རྣམས་བསྐོལ་བའི་ཁུ་བ་མཐུང་ན་ཡང་མེ་དཔལ་ཐམས་ཅད་སེལ་ཏོ། །གླ་སྒང་དང། ནིམཔ་དང། པོ་ཏོ་ལ་རྣམས་བསྐོལ་བའི་ཁུ་བ་མཐུངས་ན་ཡང། མེ་དཔལ་ལོ་ཅོག་སེལ་ཏོ། །ཡང་ན་སྐྱུ་རུ་ར་དང། པ?་ཏོ་ལ་དང། མོན ་སྨན་སྡེའུ་རྣམས་བསྐོལ་བའི་ཁུ་བ་མར་དང་སྦྱར་ཏེ་བཏུང་པར་བྱའོ། །མདོར་ན་མེ་དཔལ་ལ་ནི། དང་པོར་སྐྱུག་སྨན་དང། བཀྲུ་སྨན་གྱི་སྦྱང་བ་དང། གཏར་ཞིང་ཁྲག་དབྱུང་བ་རྣམས་ཀྱང་བྱའོ། །ཆོ་ག་དེ་ལྟར་བྱས་པ་ལས་ཀྱང་འབྲུམ་བུ ་རྣམ་ག?་ཏེ་རྡོལ་བ་ལས་གྱུར་པ་ལ་ནི། མ་གསོ་བའི་ཆོ་གང་བསྟན་པ་ཐམས་ཅད་བྱའོ། །མེ་དཔལ་གསེལ་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པ་རྫོགས་སོ།། །།སྨན་དཔྱད་གཅེས་བ་གྲུབ་བ་ཞེས་བྱ་བ། བམ་པོ་དྲུག་བའོ། །དེ་ནས་སྐྲང་བའི ་ནད་གསོ་བའི་ལེའུ་བཤད་བར་བྱའོ། །སྐྲང་བའི་ནད་ནི་།མི་ཟད་པས། ཁ་ཟས་ལྕི་བ་དང། སྐྱུར་བ་དང། བད་ཀན་སྐྱེ་བར་འགྱུར་བའི་ཟས་ཟོས་ནས། ནད་གཞི་རྣམས་འཁྲུགས་པ་ལས་སྐྲང་བའི་ནད་མི་བཟད་པ་རྣམ་པ་དྲུག་འབྱུང་བར ་འགྱུར་ཏེ། སྐྲང་ངོ་ཙོག་གི་མཚན་མ་ནི་གསོ་སླ་བ་ཡིན་ནོ། །དེ་ལ་རླུང་ལས་གྱུར་པའི་སྐྲང་པའི་ནད་ཀྱི་མཚན་མ་ནི། སྐྲང་པ་ཉིད་ཕན་ཆུན་ངུ་འཕོ་ཞིང། གར་མནན་པའི་མ་ལ་ཤོད་དར་འདུག་པ་དང། མདོག་གནག་ཅིང་དམར་བ་དང། ་མི་བཟད་པར་ན་བ་རྣམས་ཡིན་ནོ། །མཁྲིས་པ་ལས་གྱུར་པའི་སྐྲད་བའི་མཚན་མ་ནི། མྱུར་དུ་སྨིན་ཅིང་རྡོལ་བ་དང། མདོག་འཛམ་པ་དང། སེར་ཞིང་དམར་བ་དང། ཚ་བ་དང། ལུས་ཚ་བར་བྱེད་པ་རྣམས་ཡིན་ནོ། །བད་ཀན་ལས་གྱུར་པའི ་སྐྲང་བའི་མཚན་མ་ནི་མདོག་སྣུམ་ཞིང་དཀར་བ་དང། དབལ་སྐྱེ་བ་དང། ཁྲང་བ་དང། གཡའ་བ་རྣམས་ཡིན་ནོ། །ཁྲག་ལས་གྱུར་བ་དང། བློ་བུར་གྱི་སྐྲང་བའི་མཚན་མ་ནི། མཁྲིས་པའི་མཚན་མ་དང་འདྲའོ། །ཀུན་འདུས་པ་ལས ་གྱུར་བའི་སྐྲད་བའི་མཚན་མ་ནི། ཐམས་ཅད་དང་ལྡན་པ་ཡིན་ནོ། །དེ་ལ་ནད་གཞི་ཕོ་བའི་ནང་ན་གནས་ན་ནི། རོ་སྟོང་སྐྲད་པར་འགྱུར་རོ། །ནད་གཞི་ལོང་གའི་ནང་ན་གནས་ན་ནི། རོ་སྨད་དུ་སྐྲང་པར་འགྱུར་རོ། །ནད་གཞི་བར་ན་གནས་ན་ནི་བར་དུ ་སྐྲང་བར་འགྱུར་རོ། །ནད་གཞི་ཐམས་ཅད་དུ་བྱ་བ་ན་ནི། ལུས་རིལ་གྱི་སྒྲད་པར་འགྱུར་རོ། །དེ་ལ་སྐྲད་པའི་ནད་གཞི་གཅིག་ལས་གྱུར་པ་ཡིན་ལ། ནད་བླ་གཉན་གཞན་གྱིས་ཀྱང་མ་ཐེབས་ཏེ། མི་ཉལ་སྟོབས་ཆེན་བོ་ཞིག་ལ་བྱུང་ན་ནི་གསོ་སླ་བ ་ཡིན་ནོ། །ལུས་རིལ་གྱིས་སྐྲང་བ་དང། མས་ཡར་མཆེད་དེ་སྐྲང་བ་ནི་མ་རུངས་པ་ཡིན་ནོ། །སྐྲང་པའི་ནད་ལ་སྨན་པས་ནད་གཞི་དང་སྦྱར་ཞིང་ནད་གཞི་སོ་སོའི་སྨན་གྱི་སྡེ་ཚན་རྣམས་ཀྱིས་སྨན་མར་སྦྱར་བ་དང ་ཏིལ་མར་གྱི་སྨན་སྦྱར་བ་དང། བསྐུ་བ་དང། ནད་ཀྱི་སྟེང་དུ་བླུགས་པ་དང། བཏུང་བ་རྣམས་སུ་སྦྱར་བར་བྱའོ། །ལས་རྣམ་པ་ལྔ་པོ་བཀྲུ་སྨན་དྲག་པོ་མས་བཏང་བ་དང། འཇམ་རྩི་མས་བཏང་བ་དང། སྐྱུག་སྨན་དང། སྐྲུ་སྨན ་དང། སྨན་སྣར་བླུགས་པ་རྣམས་ཀྱང་ཚབས་ཆེ་ཆུང་དང་སྦྱར་ཞིང་ཆོ་ག་བཞིན་དུ་བཏང་བར་བྱའོ། །དེ་མ་ཡིན་པ་སྐྲང་བའི་ནད་ཞི་བར་བྱ་བའི་སྤྱིའི་ཆོ་ག་གཞན་ཡང་བཤད་པར་བྱ་སྟེ། ཐང་ཤིང་དང། ཨ་རུ་ར་དང། བཅའ་སྒ་དང ་པུ་ན་རྣ་བ་རྣམས་ཀྱི་ཕྱེ་མ་ཆུ་བསྐོལ་བ་དྲོན་པོ་དང་སྦྱར་བ་འམ། ཡང་ན་བྱི་དང་ག་དང། བོ་དང་དཀར་པོ་དང། དུག་མ་ཡུངས་ཀྱི་ཤུབ་ན་ལྤགས་དང། བཅའ་སྒ་དང། ཐང་ཤིང་དང། ན་ལེ་ཤམ་རྣམས་ཀྱི་ཕྱེ་མ་ཆུ་བསྐོལ་བ་དྲོན་པ་དང ་སྦྱར་བ་འམ་ཡང་ན་ཚ་བ་གསུམ་དང། ལྕགས་ཀྱི་ཕྱེ་མ་དང། ནས་ཚིག་འཁུས་བའི་ཐལ་བ་རྣམས་ཀྱི་ཕྱེ། འབྲས་བུ་གསུམ་བསྐོལ་བའི་ཁུ་བ་དང་སྦྱར་ཏེ་འཐུངས་ན་ཡང་སྐྲང་བའི་ནད་སེལ་ཏོ། །ཡང་ན་པུ་ཙེ་ཤེལ་དང། ལྕགས་ཀྱི་ཕྱེ ་མ་དང། ཚ་བ་གསུམ་དང། ཤིང་ཉེ་རོང་རྣམས་ཀྱི་ཕྱེ་མ། འབྲས་བུ་གསུམ་བསྐོལ་བའི་ཁུ་བ་དང་སྦྱར་བའམ། ཡང་ན་གུ་གུལ་དཀར་པོ་བག་ཅིན་དང་སྦྱར་བ་དང། ཡང་ན་པི་པི་ལིང་གི་ཕྱེ་མ་འོ་མ་དང་སྦྱར་བ་བཏུང་བར་བྱའོ། །ཡང ་ན་བུ་རམ་ཨ་རུ་རའི་ཕྱེ་མ་དང་ཆ་བསྙམས་ཏེ་སྦྱར་བ་འམ། ཡང་ན་བུ་རམ་གཅའ་སྒ་དང་ཆ་བསྙམས་ཏེ་སྦྱར་བ་བཟའ་བར་བྱའོ། །ཡང་ན་བུ་རམ་དང། སྒེའུ་གཤེར་ཚོད་རན་བར་བཟའ་ཨོ། །རླུང་ལས་གྱུར་པ་ལ་ནི་ཁ་ཟས་ཤ་ཁུ་དང ་ལྷན་ཅིག་བཟའ་ཨོ། །མཁྲིས་པ་ལས་གྱུར་བ་ནི་ཁ་ཟས་འོ་མ་དང་ལྷན་ཅིག་བཟའ་ཨོ། །བད་ཀན་ལས་གྱུར་པ་ལ་ནི་ཁ་ཟས་ཁུ་བཅུད་རྩུབ་པའི་བག་དང་ལྷན་ཅིག་བཟའ་བར་བྱའོ། །ཆོ་ག་དེ་ལྟར་བྱས་ན་སྐྲང་བའི་ནད་དང། སྐེམ་པའི་ནད་དང། དམུ་རྫིང་དང། ་སྨྱོ་བྱེད་དང། སྐྲན་དང། གཞང་འབྲུམ་དང། དབུགས་མི་བདེ་བ་རྣམས་འབྱད་པར་འགྱུར་རོ། །ཐང་ཤིང་དང། པུ་ན་རྣ་བ་དང། གཅའ་སྒ་རྣམས་ཀྱི་ཕྱེ་མ་འོ་མ་དང་སྦྱར་བ་འམ། ཡང་ན་ཀྲུ་ཏྲུག་ཏྲེས་དང། ཚ་བ་གསུམ་དང། ཤིང་ཉེ་རོང་དང། ཐང ་ཤིང་རྣམས་བསྐོལ་བའི་ཁུ་བ་འཐུངས་ན་ཡང་སྐྲང་བའི་ནད་སེལ་ཏོ། །རྐང་འབམས་ནས་བྱ་བ་ནི་ཚིལ་དང། ཤའི་ནད་ལས་འགྱུར་ཏེ། རྐང་བ་གཉིས་བུམ་པ་འདྲ་བར་སྐྲང་བ་ཡིན་ནོ། །དེ་ཡང་ནད་གཞི་གསུམ་ལ་བད་ཀན་ཤས་ཆེ་བ་ལས་གྱུར ་པའི་བྱེ་བྲག་གིས་།རྣམ་པ་གསུམ་ཡོད་དེ་ནད་གཞི་སོ་སོའི་མཚན་མས་བསྟན་ཏོ། །དེ་ནི་དུས་ཐམས་ཅད་དུ་གྲང་ཞིང་སེར་ཚ་ལ། སྐམ་དུ་མི་བཏུབ་པའི་སར་སྐྱེ་བར་འགྱུར་ཏེ། ལོ་གཅིག་ལྷག་བ་དང། རྐང་འབམ་གྲོག་མཁར་ལྟ་བུ་ནི་མི་འཚོའོ ་དེ་ལ་གསོ་བའི་ཆོ་ག་ནི་ནད་གཞི་དང་འཕྲོད་པའི་སྨན་གྱི་བསྐུ་བ་དང། དུགས་བྱ་བ་དང། གཏར་ཏེ་ཁྲག་དབྱུང་བ་ལ་སོགས་བའི་ཆོ་ག་དང། སྐྲང་བའི་ནད་གསོ་བའི་ཆོ་གར་བསྟན་བ་ཐམས་ཅད་ཀྱང། ཅི་རིགས་པར་བྱ་བར་བཤད་དོ། །དབའ་བ་ནི་རླུང ་ལས་གྱུར་པ་དང། ཚི་ལས་གྱུར་བ་དང། བད་ཀན་ལས་གྱུར་པའི་བྱེ་བྲག་གིས་རྣམ་པ་གསུམ་ཡོད་དེ། དེ་ལ་རླུང་ལས་གྱུར་བའི་དབའ་བའ་ཨི་མཚན་མ་ནི། མདོག་ནག་ཅིང་དམར་བ་དང། ཁ་དྲི་མི་ཞིམ་པ་དང། རྐན་སྐམ་པར་བྱེད་པ་ཡིན་ནོ། །ཚིལ་ལས ་གྱུར་བ་ཡི?་དཔའ་བའ་ཨི་མཚན་མ་ནི། འཇམ་ཞིང་སྣུམ་བ་ཡིན་ནོ། །བད་ཀན་ལས་གྱུར་བའི་དབའ་བའ་ཨི་མཚན་མ་ནི་ཤིན་ཏུ་ཆེ་ཞིང་ས་བ་ཡིན་ནོ། །དེ་ལ་རིད་དེ་པ་ལ་བྱུང་བ་དང། ལོ་གཅིག་ཕན་ཆད་ལོན་པ་ནི། གསོར་མི་རུང་ངོ། །འབྲས་ཀྱི་ཕྲེང་བ ་ཞེས་བྱ་བ་ནི། ལྐོག་མར་བད་ཀན་དང། ཚིལ་གཉིས་ལས་སྐྱུ་རུ་རའི་རུས་བ་འདྲ་བར་སྨིན་བུར་གྱུར་པ་མང་བོས་བསྐོར་བའི་མིང་ནི། འབྲས་ཀྱི་ཕྲེང་བ་ཞེས་བྱ་སྟེ། ཡུན་རིང་དུ་མི་འབྱང་བར་འདུག་པ་ཡིན་ནོ། །དེ་ལ་དག? ་བ་གསོ་བའི་ཆོ་ག་ནི། སྨན་པས་ནད་གཞི་དང་སྦྱར་ཞིང། ནད་གཞི་སོ་སོའི་སྨན་གྱི་སྡེ་ཚན་གྱིས་དུགས་བྱ་བ་དང། བསྐུ་བ་དང། ལུམས་བྱ་བ་དང། གཏར་ཞིང་ཁྲག་དབྱུང་བ་དང། སྐྱུགས་སྨན་དང། ཀྲུ་སྨན་བཏང་བ་དང། ཚིལ་མར ་གྱི་སྨན་བཏུང་བ་རྣམས་ཀྱིས་དབའ་བ་མེད་པར་བྱའོ། །འབྲས་ཀྱི་ཕྲེང་བ་ལ་ནི། སྨན་ཤ་ཀ་ཏ་ཀའི་ཤུན་ལྤགས་ཀྱི་ཕྱེ་མ། ཏིལ་མར་དང། ཆུའི་ནང་དུ་བསྐོལ་ཏེ། ཏིལ་མར་ཉི་ཚེ་ལུས་པ་བཙགས་བ་འམ། ཡང་ན་ནིམཔ་དང། ཨ་ཤྭ་མ ་ར་དང། ནི་རྒུནྟི་རྣམས་ཀྱི་ཕྱེ་མ་ཏིལ་མར་དང་ཆུའི་ནང་དུ་བསྐོལ་ལ། ཏིལ་མར་ཉི་ཚེ་ལུས་པ་བཙགས་ཏེ་སྣར་བླུགས་སོ། །ཡང་ན་འབྲས་ཀྱི་ཕྲེང་བ་མ་སྨིན་པ་ལ་ནི། དྲལ་ཏེ་སྨིན་བུ་ཕྱུང་ལ། རྨ་ཁ་སྲེགས་གོ་།སྨིན་ཅིང་རྡོལ་བ་ལ་ནི་སྨན་མུ་ག ་ཀའི་ཐལ་བའི་སྨན་སྦྱར་བས་བསྐུ་ཞིང་སྦྱངས་ལ། ཞིང?་གཉི་ག་ཡང་རྨའི་ཆོ་ག་བཞིན་དུ་གསོ་བར་བྱའོ། །ཡང་ན་རྟིང་པ་ནས་སོར་བཅུ་གཉིས་ཀྱི་གང་དུ་བྱིན་པ་དྲལ་ཏེ། བྱིན་པའི་ནང་ན་ཚིལ་གྱི་རྨིན་བུ་ཉའི་སྒོ་ང་འདྲ་བ་འདུག་པ་རྣམས ་བྱུང་ལ། རྨ་ཁ་སྲེགས?་ཏེ་རྨ་གསོ་བའི་ཆོ་ག་བཞིན་དུ་བྱའོ། །ཤ་རྨེན་ནི་ནད་གཞི་གསུམ་སོ་སོ་ལས་གྱུར་ཏེ། ཁྲག་དང། ཤ་དང། ཚིལ་རྣམས་ཀྱི་རྨིན་བུ་ཡིན་ནོ། །དེ་ནི་ནད་བཞི་སོ་སོའི་མཚན་མ་ལས་ཤེས་པར་བྱ་སྟེ། དེ་ལ་ཁྲག་དང ་ཤ་གྲས?་གྱུར་པའི་ཤ་རྨིན་ནི། གསོར་མི་རུང་ངོ། །ཤ་སྨིན་གསོ་བའི་ཐབས་ནི། དཔའ་བ་གསོ་བའི་ཆོ་གར་བཤད་པ་བཞིན་དུ་བྱའོ། །ཡང་ན་དྲལ་བ་དང། བསྲེག་པ་དང། སྨན་གྱི་ཐལ་བས་གདབ་པ་རྣམས་ཀྱང་བྱ་ཞིང། རས་མ ་འམ་ལོ་མ་སོག?་ལོག་པར་བྱའོ། །སྐྲང་བའི་ནད་གསོ་བའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པ་རྫོགས་སོ།། །།དེ་ནས་རྨ་གསོ་བའི་ལེའུ་བཤད་བར་བྱའོ། །རྨ་ནི་ལུས་ཉིད་ལས་འབྱུང་བ་དང། བློ་བུར་དུ་འབྱུང་བའི་བྱེ་བྲག་གིས ་རྣམ་པ་གཉིས་ཡོད་བར་རིག་པར་བྱའོ། །དེ་ལ་སྔ་མ་ནི་ནད་གཞི་རྣམས་ལས་གྱུར་པ་ཡིན་ནོ། །ཕྱི་མ་ནི་མཚོན་ལ་སོགས་པས་རྨས་པ་ཡིན་ནོ། །དེ་ལ་རླུང་ལས་གྱུར་བའི་རྨའི་མཚན་མ་ནི། རྨའི་ཉེན་སྐོར་རྩུབ་ཅིང་མདོག་དམར་ལ་སྔོ་སྐྱར་བདག? ་པ་དང། འཛག་པ་ཉུང་ཞིང་འདང་བ་དང། ཚེར་མིན་བ་རྣམས་ཡིན་ནོ། །མཁྲིས་པ་ལས་གྱུར་བའི་རྨའི་མཚན་མ་ནི། རྨ་དང། ཉན་སྐོར་གྱི་མདོག་སེར་ཞིང་དམར་ལ་སྔོ་བ་དང། འཛག་པ་ཆ་བ་དང། ལུས་ཆ་པ་རྣམས་ཡིན་ནོ། །བད་ཀན་ལས ་གྱུར་བའི་རྨའི་མཚན་མ་ནི། མཁྲད་ཞིང་དཔལ་སྐྱ་བ་དང། ཆུ་སེར་སྐྱ་བ་འཛག་ཅིང་གྲང་ལ། སྐ་བ་རྣམས་ཡིན་ནོ། །ཁྲག་ནད་ལས་གྱུར་པའི་རྨའི་མཚན་མ་ནི། མདོག་དམར་ཞིང་ཁྲག་འཛག་པ་ཡིན་ནོ། །ནད་གཞི་གཉིས་འདུས་བ་ལས་གྱུར ་པ་དང། གསུམ་འདུས་བ་ལས་གྱུར་བའི་རྨའི་མཚན་མ་ནི་།གང་དང་གང་འདུས་བ་དེ་དང་དེའི་མཚན་མ་འདྲེས་པས་བསྟན་ཏོ། །དེ་ལ་ཐོག་མ་མ་སྨིན་པའི་ཚེ་ནི། ཞི་བར་འགྱུར་བའི་ནན་རྩིས་བསྐུའོ། །རྣགས་སུ་ཚ་བ་ལ་ནི་སྨིན་གར ་བྱ་བའི་ཆོ་ག་བྱའོ། །རྣགས?་ཟིན་པ་ལ་ནི་བརྟོལ་ཏེ་འཇིབ་བའི་སྨན་གྱིས་རྣག་དང་ཆུ་སེར་དག་པར་བསལ་ནས། རྨའི?་ཤའུ་སྐྱེའི་སྨན་བྱའོ། །དེ་ལ་རྣགས་པར་བྱ་བའི་སྨན་ནི། ཏིལ་དང། ཕབས་དང། ཟར་མ་དང། རུ་རྟ་རྣམས་ཀྱི་ཕྱི ་བ་དང། །ཕྱེ?་དང། རྒྱམ་ཚ་རྣམས་ཞོ་སྐྱུར་པོ་དང་སྦྱར་ཏེ། བརྫིས་པའི་གོང་བུ་ནི་སྨིན་པར་བྱེད་བའི་མཆོག་ཡིན་པར་འདོད་དོ། །དེ་ལ་རྣགས་སུ་ཚ་བའི་མཚན་མ་ནི་ཚ་བ་འུར?་འུར?་བོར་འདུག་བ་དང། ན་ཞིང་ཟུག་པ་དང། མདོག་དམར་བ་དང ་སྐྲད་པ་རྣམས་ཡིན་བར་བཤད་དོ། །རྣགས་བའི་མཚན་མ་ནི་གྲོང་མ་སྨིན་དུ་ཆེ་བའི་མཚན་མ་རྣམས་རྩེ་གཞིལ་བར་འགྱུར་ལ། གཉེར་མ་འདུས་ཤིང་ཕྱོགས་གཅིག་ཏུ་མཐོན་བོ་ཅོག་ཅོག་པོར་འབྱུང་བ་ཡིན་ནོ།། ་རྡོལ་བར་བྱ་བའི་སྨན་ནི། ཤིང་ཉེ་རོང་དང། སྣུ་ཧ་ཀྵི་ར་དང། ཨསྨ་རི་དང། ཙི་རི་བིལ་བ་ལ་སོགས་པའི་སྡེ་ཚན་དང། ཀྲུ་ཏྲུག་ཏྲེས་དང། ཐི་བ་དང། བྱ་གག་དང། མཆིལ་བའི་ཏུག་པ་རྣམས་ཀྱི་ཕྱེ་མ་སྦྱར་བ་འམ། ་ཡང་ན་མུ་སྐའི་ཐལ་བའི་སྨན་སྦྱར་བས་བསྐུ་བ་ནི་རྡོལ་བར་བྱ་བའི་སྨན་གྱི་ནང་ན་མཆོག་ཡིན་ནོ། །འཇིབ་པའི་སྨན་གྱི་རྣག་དང། ཆུ་སེར་བསལ་བའི་ཐབས་ནི། ཏིལ་དང། རྒྱམ་ཚ་དང། ཤིང་མངར་དང། ནིམཔའི་ལོ་མ་དང། ་ཡུང་དང། སྐྱེར་བ་དང། ཤིང་ཉེ་རོང་རྣམས་ཀྱི་ཕྱེ་མ་མར་དང་སྦྱར་ཏེ་བསྐུ་བར་བྱའོ། །ཡང་ན་ནིམཔ་བ་ཏྲ་དང། ཏིལ་གྱི་ཕྱེ་མ་སྤྲང་རྩི་དང་སྦྱར་ཏེ་བསྐུས་ན་ཡང་རྨ་སྦྱོང་བར་བྱེད་དོ། །རྨའི་ཤའུ་སྐྱེ་བའི་སྨན་ནི། ནས་རྗེན་པར་བཏགས ་པའི་ཕྱེ་མ། མར་དང། སྦྲང་རྩི་དང་སྦྱར་ཏེ། བསྐུས་ན་རྨ་འདྲུབ་པར་འགྱུར་རོ། །རྨ་རུབ་པའི་མཚན་མ་ནི། སྐྲང་བ་མེད་ལ། འཇམ་ཞིང་སྣུམ་བ་དང། ལྕེའི་མདོག་འདྲ་བར་དམར་བ་དང། ན་བ་མེད་ཅིང་འཛག་པ་ཆད་པ་དང། རློ་བ ་མེད་པ་རྣམས་ཡིན་ཏེ། རྨ་དག་པར་འགྱུར་བའི་རྟག་སུ་བཤད་དོ། །དེ་ལ་རླུང་ལས་གྱུར་བའི་རྨ་ལ་ནི། སྨན་རྩ་བ་ལྔ་བའི་སྡེ་ཚན་ཆེ་ཆུང་གཉིས་ཆོ་ག་ཐམས་ཅད་དུ་སྦྱར་བར་བྱའོ། །མཁྲིས་པ་ལས་གྱུར་པའི་རྨ་ལ་ནི། ཤིང ་ནྱ?་གྲོ་དྷ་ལ་སོགས་བའི་སྡེ་ཚན་ཆོ་ག་ཐམས་ཅད་དུ་སྦྱར་བར་བྱའོ། །བད་ཀན་ལས་གྱུར་པའི་རྨ་ལ་ནི། དོང་ག་ལ་སོགས་པའི་སྡེ་ཚན་ཆོ་ག་ཐམས་ཅད་དུ་སྦྱར་བར་བྱའོ། །ཡང་ཨུཏཔལ་སྔོན་པོ་དང་ཁ?་ལ་དང། སྐྱེར་བ་དང། མེད ་དང། །ཤིང་མངར་དང། ཙན་དན་དང། ས་མངྒ་དང། དྷ་ཏ་ཀི་རྣམས་ཀྱི་ཕྱེ་མ་མར་དང་སྦྱར་ཏེ་བསྐུས་ན་ཡང་རྨའི་ཤའུ་སྐྱེ་བར་བྱེད་དོ། །ཡང་ན་ཤིང་འོ་མ་ཅན་གྱི་མྱུ་གུའི་ཕྱེམ་མར་དང་སྦྱར་བ་འམ། ཡང་ན་འབྲས་བུ་གསུམ་དང། ཤིང་བ་ཏའི? ་ཡལ་གའི་ཐོར་ཏོ་དང། སེང་ལྡེང་དང། གསེང་ཕྲོམ་རྣམས་ཀྱི་ཕྱེ་མ་མར་དང་སྦྱར་བས་བསྐུས་ན་རྨ་ཁ་འདྲུབ་པར་འགྱུར་རོ། །ཡང་ན་ཤིང་ཨརྫུ་ན་དང། ཨུ་དུམ་བ་ར་དང། ཨ་ཤ་ཐ་དང། གསང་ཕྲོམ་དང། ཛམ་བུའི་ཤུན་ལྤགས་དང། ཤིང་མངར ་དང། ཀཏཔ་ལ་དང། རྒྱ་སྐྱགས་རྣམས་ཀྱི་ཕྱེ་མས་བཏབ་པ་ན་ཡང། རྨའི་ཤའི་བུ་སྐྱེ་བར་འགྱུར་རོ། །པུ་ཙེ་ཤེལ་དང། བྲ་ཚིལ་དང། ཡུང་དང། ཤིང་མངར་དང། ནཀྟ་མ་ལའི་འབྲས་བུ་དང། ལོ་མ་དང། མ་ལ་ཏི་དང། ནིམཔའི་ལོ་མ་རྣམས ་ཀྱི་ཕྱེ་མ་མར་དང་ཆུའི་ནང་དུ་བསྐོལ་ཏེ། མར་ཉི་ཚ་ལུས་པ་ཡང་རྨ་ལ་ཕན་པ་ཡིན་ནོ། །ཡང་ན་པྲ་པུཎྚ་རིང?་ཀ་དང། ཤིང་མངར་དང། བུ་ཚང་རྟོ་དང། ར་མཉེ་དང། ཙན་དན་རྣམས་ཀྱི་ཕྱེ་མ། ཤིང་འོ་མ་ཅན་བསྐོལ་པའི་ཁུ་བ་དང། ཏིལ་མར ་གྱི་ནང་དུ་བསྐོལ་ཏེ། ཏིལ་མར་ཉི་ཚེ་ལུས་པ་བཙགས་པ་ཡང་རྨ་འཚོ་བར་བྱེད་དོ། །རྨ་ཁ་སྨན་གྱིས་བསྐུས་པའི་སྟེང་དུ། ཤིང་ཀ་རཉྫ་དང། པཱཀྵ་དང། ཛམ་བུ་ལ་སོགས་པའི་ལོ་མས་གླན་ལ། དེའི་སྟེང་དུ་རས་ལ་སོགས་པས་དཀྲི་བ་ནི ་བཟང་སྟེ། རྨ་སྦྱོང་ཞིང་འཚོ་བར་བྱེད་དོ། །རྨ་ལ་འབུ་ཞུགས་པ་ལ་ནི་བྱིའུ་རུག་པ་ལ་སོགས་པའི་སྡེ་ཚན་སྦྱར་བས་རྨ་ཁ་དང། རྨའི་ནང་བཅུས་ན་ཕན་ནོ། །རྨ་སོས་པའི་མལ་ཤོད་དུ་གྱུར་པ་ལ་ནི། སྲན་མ་དང། མོན་སྲན་སྡེའུ་ལ་སོགས ་པ་སྲན་མའི་རིགས་རྣམས་ཀྱི་ལོ་མའི་སྐྱེ་མ་ཆུ་དང་སྦྱར་བའམ། །ཡང་ན་ཤིང་ཏོག་ཀོ་ཤ་འམ། ཤིང་ལྦང་ཀོ་བཏགས་པའི་ཕྱེ་མ་ཆུདང་སྦྱར་བས་བསྐུས་ན་སླར་གང་བར་འགྱུར། །རྨ་འཁྱིམས་པ་ལ་ནི། ཆོ་ག་ཤེས་པས་རྨའི་? ་གང་བྱུང་བ་བརྟགས་ཏེ། མཚོན་གྱིས་དྲལ་ལ་དག་པར་བསལ་ཞིང། རྣག་དང། ཆུ་སེར་འཇིབ་པའི་སྨན་གྱིས་བསྐུས་ཏེ་མྱང་བ་སྟེ། རྨ་བ་ཤའི་བུ་སྐྱེ་ཞིང་འདྲུབ་བའི་སྨན་ལ་སོགས་པ་རྨའི་ཆོ་ག་ཐམས་ཅད ་རིམ་བཞིན་དུ་བྱའོ། །རྔུ་བ་ཁོང་ན་ཡོད་པའི་རྨ་ལ་ནི། རྔུ་བ་སྐམ་བས་དྲངས་ཏེ་ཕྱུང་ལ། རྨ་གསོ་བའི་སྨན་གྱི་ཆོ་ག་བསྟན་བའི་རིམས་བཞིན་དུ་བྱའོ། །རྨ་རྙིང་རིང་དུ་ལོན་པའི་རྐྱེན་གྱིས་ཤ་ཟད་ཅིང་སྐམ་པར་གྱུར་བ་ལ་ནི། ཤ ་རྟ་པའི་སྨན་གྱི་ཆོ་ག་ཡང་བྱ་ཞིང། རྨ་ཡང་གསོ་བར་བྱའོ། །རྨ་རང་པ་ལ་ནི། རྨའི་ཉན་སྒོར་གཏར་ཞིང་ཁྲག་དབྱུང་བ་དང། སྐྱུག་སྨན་དང། བཀྲུ་སྨན་བཏང། བློ་བུར་གྱི་རྨ་ལ། རྨ་བྱུང་བའི་མོད་ལ། མར་དང། སྤང་རྩི ་དང་སྦྱར་པ་ས་བསྐུས?་ཏེ། བཅིངས་ལ། མཁྲིས་པ་དང། ཁྲག་གི་དྲོད་ཚ་བ་དཔྲི་ཞིང་བསིལ་བའི་ཆོ་ག་རྣམས་བྱའོ། །རུས་བ་ཆག་གམ། ཚིགས་བྱུང་བ་ལ་ནི། ཆོ་ག་ཤེས་པས་སྲད་ཞིང། ཚིགས་བཅུག་ལ། མར་དང ་ཤིང་མངར་གྱིས་བསྐུས་ཏེ། བཅིངས་ལ་རས་ཀྱིས་དམ་དུ་དཀྲིས་ལ། ཤིང་འོ་མ་ཅན་གྱི་ཤུན་ལྤགས་ཀྱིས་མི་མགུལ་བར་དབང་དུ། བྱས་ཏེ། ཅི་ནས་ཀྱང་མ་རྣགས་པར་ནན་ཏན་དུ་བསྲུང་བར་བྱའོ། །རྨ་དང། ཆས ་གྲུགས་དང་བུར་པའི་ཁ་ཟས་ནི་འབྲས་ས་ལུ་དང། མོན་སྲན་སྡེའུ་དང། ནས་ལ་བྱས་པ་དང། རི་དགས་སྐམས་ན་གནས་པའི་ཤ་རྣམས་བཟའ་ཨོ། །ཞོ་དང། འོ་མ་དང། སྒྱུར་བག་དང། ཁ་ཟས་ལྕི་བའི་བག་དང ་ཉལ་པོ་རྣམས་སྤང་བར་བྱའོ། །རྨ་གསོ་བའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་བ་རྫོགས་སོ།། །།དེ་ནས་མིག་སྨན་གྱི་རྒྱུད་ཀྱི་ལེའུ་བཤད་པར་བྱའོ། །མིག་སྨན་གྱི་རྒྱུད་ཅེས་བྱ་བ། ལུས་འཕགས་ཀྱི་རྒྱལ་པོས ་བཤད་པ་གང་ཡིན་པ་ནི་རྒྱ་ཆེས་པས་ན། འདིར་དེ་དག་ཐམས་ཅད་མི་བཤད་པར་ཆ་ཙམ་ཞིག་བཤད་པར་བྱའོ། །དེ་ལ་མིག་གི་རང་བཞིན་ནི་གོང་བུར་འདུག་པ་དང། དམར་བ་དང། དཀར་ང་དང། གནག་པ་ཡིན་ནོ། །དེ་ཡང་འབྱུང་བ་ཆེན་པོ་ས་དང། ་ཆུ་དང། མེ་དང། རླུང་རྣམས་དང་ལྡན་པར་བཤད་དོ། །གནས་བུང་བུ་ཡིན་པས་ན་ནམ་མཁའ་དང་ཡང་ལྡན་ནོ། །དེ་ལ་རླུང་དང། མཁྲིས་པ་དང། བད་ཀན་དང། ཁྲག་གི་ཉེས་བ་རྣམས་ཀྱི་བྱེ་བྲག་ལས། མིག་ནད་མཆི་མ་འཛག་པ་ཞེས་བྱ་བ། དྲག ་བོ་རྣམ་པ་བཞིར་འགྱུར་ཏེ། དེ་ནི་ཕལ་ཆེར་མི་གནད་དོ་ཅོག་འབྱུང་བའི་གཞི་ཡིན་ནོ། །དེ་ལ་རླུང་ལས་གྱུར་བའི་མིག་ནད་མཆི་མ་འཛག་བའི་མཚན་མ་ནི། མཆི་མ་གྲང་བ་དང། རྡུ་མ་སྐམ་པོ་ཡོད་པ་དང། ན་ཞིང་ཧ་རེ་འདུག་པ་རྣམས་ཡིན་པར ་བཤད་དོ། །མཁྲིས་བ་ལས་གྱུར་བའི་མིག་ནད་མཆི་མ་འཛག་བའི་མཚན་མ་ནི། མཆི་མ་ཚ་བ་དང། རྡུ་མ་སེར་བ་དང། ཚ་བ་འུར་བུར་པོར་འདུག་ཅིང?་རྩ་དམར་བ་རྣམས་ཡིན་ནོ། །བད་ཀན་ལས་གྱུར་བའི་མིག་ནད་མཆིམ་འཇོག་པའི་མཚན་མ་ནི། རྡུམ་དཀར ་པོས་ལོགས་པ་དང། མཆི་མ་འབྱར་འབྱར་པོ་དང། གཡའ་ཞིང་སྐྲང་བ་རྣམས་ཡིན་ནོ། །ཁྲག་གི་ཉེས་བ་ལས་བྱུང་བའི་མིག་ནད་མཆི་མ་འཛག་པའི་མཚན་མ་ནི། མིག་དམར་ནིང་ཚ་བ་འུར་འུར་བོར་འདུག་ལ། དམར་པོ་ཤར་ཤར་པོར་འབྱུང ་ཞིང། མཆིམ་རྩ་དམར་བ་རྣམས་ཡིན་ནོ། །ཁ་ཟས་མི་འཕྲོད་པ་ཟོས་བ་དང། དུས་བཞིན་དུ་མི་ཟ་བའི་རྐྱེན་གྱིས་མིག་ནད་མཆི་མ་འཛག་པ་ཞེས་བྱ་བ་ཚབས་ཆེན་བོར་གྱུར་པ་ལ་ནི་མིག་ནད་རྡུང་བ་ཞེས་བྱ་བར་གྱུར་ཏེ། མིག་དང་ཀླད་པའི་ཕྱེད་མི? ་བཟད?་པར་ན་བར?་འགྱུར་རོ། །དེའི་མཚན་མ་ཡང་གོང་དུ་སྨོས་པ་བཞིན་དུ་ནད་གཞི་སོ་སོའི་མཚན་མ་དང་སྦྱར་ཞིང་རྟོགས་པར་བྱའོ། །དེ་ལ་རླུང་ལས་གྱུར་བའི་མིག་ནད་གསོ་བའི་ཚིག་ནི། ཁ་ར་དང། གསེར་ཕྲོམ་དང། རྒྱམ་ཚ་རྣམས་གྱི་ཕྱེ་མ་ཆུ་འཇམ་ཙམ?་ ་དང་སྦྱར་ཏེ་བཙགས་པའི་ཁུ་བ་འམ། ཡང་ན་ཁ་ར་དང། བཅའ་སྒ་དང། ཤ་བ་རིའི?་གསེང་ཕྲོམ་རྣམས་ཆོ་ག་གོང་མ་བཞིན་དུ་བྱས་ཏེ་།མིག་ཏུ་བླུགས་པར་བྱའོ། །ཡང་ན་ཀུནྟའི་མེ་ཏོག་དང། ཤིང་མངར་དང། ཁ་ར་དང། གཅའ ་སྒ་རྣམས་ཀྱི་ཕྱེ་མ་ཞོ་ཁ་ཆུ་འཇམ་ཙམ་དང་སྦྱར་ཏེ་བཙགས་པ་འམ། ཡང་ན་བཅའ་སྒ་དང། རྒྱམ་ཚ་དང། ཤིང་མངར་དང། གསེང་ཕྲོམ་རྣམས་ཀྱི་ཕྱེ་མ་མར་གྱི་ནང་དུ་བརྡོས་པའི་ཁུ་བས་མིག་ཏུ་བླུགས་སོ། །ཡང་ན་ཤིང་མངར་དང། ཙན་དན ་དང། བཙོད་དང། གསེང་ཕྲོམ་དང། བཙག་ཡུག་སྣམ་རྣམས་ཀྱི་ཕྱེ་མ་ཆུ་འཇམ་ཙམ་དང་སྦྱར་ཏེ་བཙགས་པ་འམ། ཡང་ན་བིལྦ་ལ་སོགས་པའི་སྡེ་ཚན་བསྐོལ་བས་མིག་གི་ནང་དུ་བླུགས་ན་ཡང་མིག་ནད་མི་ཟད་པར་ན་བ་སེལ་ཏོ།། ་ཡང་ན་ཨེ་རཎྚའི་རྩ་བ་རའི་འོ་མའི་ནང་དུ་བསྐོལ་ཏེ། འཇམ་ཙམ་དུ་བསྒྲངས་ལ། མིག་གདངས་ཏེ། རས་དཀར་པོ་གཙང་མས་གཡོགས་པའི་སྟེང་དུ་།མིག་འགྲམ་ལོགས་ནས་རྒྱུན་མ་ཆད་པར་བླུགས་པ་ནི། མིག་སྨན་ཚགས ་ལས་བཏང་བ་ཞེས་བྱ་བའི་མཆོག་ཡིན་ནོ། །ཡང་ན་པི་པི་ལིང་དང། བ་ལ་ཀ་དང། ཤིང་མངར་དང། རྒྱམ་ཚ་རྣམས་རའི་འོ་མ་དང་བསྐོལ་ཏེ། འཇམ་ཙམ་དུ་སྒྲངས་པ་སྔ་མ་བཞིན་དུ་ཚགས་ལས་བཏང་བའི་སྨན་བྱས་ན་ཡང། ་མིག་ནང་མི་བཟང་པ་ན་བ་སེལ་ཏོ། །ཡང་ན་ལྕགས་སམ་ཟངས་ཀྱི་སྣོད་དུ་རྒྱམ་ཚ་དང་ཞོ་སྦྱར་བ་འམ། ཡང་ན་ཟངས་སམ་ལྕགས་ཀྱི་གཏུན་གྱི་ནད་དུ་ཁར་བའི་གཏུན་བུས་ཡུང་དང། པི་པི་ལིང་ཞིབ་དུ་བརྡུངས་ལ་ཞོ་དང་སྦྱར་ཏེ ་སྣོད་དེ་ཉིད་ཀྱི་ནང་དུ་ཞག་ལོན་པར་བཞག་པ་ཟངས་དང། ལྕགས་ཀྱི་མིག་སྨན་གྱི་ཐུར་མས་བླང་ཞིང་མིག་ཏུ་བསྐུས་ན། མིག་མི་བཟང་པར་ན་བ་སེལ་ཏོ། །མཁྲིས་པ་ལས་གྱུར་པའི་མིག་ནད་ལ་ནི་པྲ་པུཎྚ་རཱི་ཀ་དང། ཤིང ་མངར་དང། ཡུང་དང། སྐྱུ་རུ་ར་དང། ཐུག་པ་རྣམས་བསྐོལ་བ་བསྒྲངས་པ་སྦྲང་རྩི་དང། ཁ་རས་སྦྱར་ཏེ་སྔར་བསྟན་པ་བཞིན་དུ། ཆགས་ལས་བཏང་ཞིང་རྒྱུན་ཏུ་བླུགས་ན་མིག་ནད་སེལ་ཏོ། །ཡང་ན་ཙན་དན་དང། ཨ་རི་ཤཏའི་ལོ་མ་དང། ཤིང ་མངར་དང། སྐྱེར་པ་དང། ལྕེ་མྱང་ཚ་རྣམས་ཀྱིས་ཕྱེ་མ་ཆུ་གྲང་མོ་དང་སྦྱར་ཏེ། སྦྲང་རྩི་དང། ཁ་ར་དང་ལྡན་པས་བྱས་ལ་ཚགས་ལས་བཏང་ཞིང་རྒྱུན་ཏུ་བླུགས་སོ། །བད་ཀན་ལས་གྱུར་པའི་མིག་ནད་ལ་ནི། དུད་པ་དང། ཡུངས་ཀར་ཆ་རེ་དང། ་ཡུང་དང། སྒྱེར་པ་ཆ་གཉིས་གཉིས་དང། འདི་རྣམས་ཀྱི་ཕྱེ་མ་ཆུ་འཇམ་ཙམ་དང་སྦྱར་ཏེ། ཚགས་ལས་བཏང་ཞིང་རྒྱུན་ཏུ་བླུགས་ན། མིག་ནད་མཆི་མ་འཛག་པ་སེལ་ཏོ། །ཡང་ན་སྣོད་ཁ་སྦྱར་ནིམ་པའི་ཁུ་བ་བསྐུས་པའི་ནང་དུ་།གསེང ་ཕྲོམ་ཆ་བཞི་དང། དུད་པ་དང། ཡུངས་ཀར་ཆ་རེ་རྣམས་ཀྱི་ཕྱེ་མ་ཚིག་མར་བརྔོས་ཏེ། བཏགས་ནས། ཆུ་འཇམ་ཙམ་དང་སྦྱར་བ་ཡང་ཚགས་ལས་བཏང་ཞིང། རྒྱུན་ཏུ་བླུགས་པར་བྱའོ། །ཁྲག་ལས་གྱུར་པའི་མིག་ནད་ལ་ནི། སྨན ་ཏི་རི་ཏ་དང། འབྲས་བུ་གསུམ་དང། ཤིང་མངར་དང། ཁ་ར་དང། གླ་སྒང་ཆེན་པོ་རྣམས་ཀྱི་ཕྱེ་མ་ཆུ་གྲང་མོ་དང་སྦྱར་ཏེ། ཚགས་ལས་བཏང་ཞིང་རྒྱུན་ཏུ་བླུགས་ན་མིག་ནད་མཆི་མ་འཛག་པ་སེལ་ཏོ། །གསེང་ཕྲོམ་དང། ཤིང་མངར་དང། ་མདོང་རས་དང། སྐྱེར་བ་དང། སྐྱེར་ཁཎྚ་རྣམས་ཀྱི་ཕྱེ་མ་རའི་འོ་མ་དང་སྦྱར་བ་འམ། ཡང་ན་སྐྱེར་པའི་ཁུ་བ་བསྒྲངས་ཏེ། སྦྲང་རྩི་དང་སྦྱར་བ་ཐུར་མས་བླངས་ལ་མིག་ལ་ལ་བསྐུས་ན། མིག་ནད་མཆི་མ་འཛག་པ་ཐམས་ཅད་སེལ ་ཏོ། །ཐོག་མ་མིག་ནད་ཀྱིས་བཏབ་སྟེན་བ་བོད་པ་ལ་ནི། གསེང་ཕྲོམ་དང། སྐྱུ་རུ་ར་ཁྲེལ་ཕུར་སྦྱང་བ་མར་གྱི་ནང་དུ་བསྔོས་ཏེ། ཞིབ་ཏུ་བཏགས་ལ་ལྡོང་རོས་དང་སྦྱར་ཏེ། ཆུ་དང་བརྫིས་པས་མིག་གི་ཕྱི་རོལ་པགས་པའི་སྟེང་དུ ་བསྐུའོ། །ཡང་ན་མིག་སྨན་ཙུཀྵ?་རག་གཙང་མའི་ནང་དུ་ཕུར་ལ། བ་ལང་གི་ལྕི་བའི་ནང་དུ་བཙོས་ཏེ། ཆན་ཆོས་རབ་ཏུ་གྱུར་པའི་ཤུན་ལྤགས་མེད་པར་བྱས་ཏེ། བསྐམས་ལ་ཞིབ་ཏུ་བཏགས་པའི ་ཕྱེ་མཉལ་གར་ལན་ཅིག་རྒྱ་མིག་ཏུ་བླུགས་པ་ཙམ་གྱིས། དེ་མ་ཐག་ཏུ་མིག་ནད་མི་བཟང་པར་བདོ་བ་ཡང་མེད་པར་བྱེད་དོ། །ཡང་ན་མིག་ན་སྟེ་བོད་བལ། ཤི་ཀྲུའི་ས་བོན་ཆ་གཅིག་དང་གསེང་ཕྲོམ་ཆ་བརྒྱད་དང། ལྡོང་རོས་ཆ ་གསུམ་དང། འདི་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མ་སྦྱར་བས། རས་གཙང་མ་ལ་ཞེན་པར་བཏབ་སྟེ། མིག་གཡོག་པར་བྱའོ། །ཡང་ན་སྐྱེར་ཁཎྚ་དང། ཨ་རུ་ར་དང། སྐྱེར་པ་དང། བཙག་དང། རྒྱམ་ཚ་རྣམས་ལྷན་ཅིག་ཏུ ་ཆུ་དགས་མར་བྱས་ལ། མིག་གི་ཕྱི་རོལ་པགས་པའི་སྟེང་དུ་བསྐུས་ན་ཡང་མིག་ནད་དོ་ཅོག་སེལ་ཏོ། །མིག་ནད་རྡུང་བ་ཐམས་ཅད་ལ་ནི། དཔྲལ་རྩ་གཏར་ཏེ་ཁྲག་ཕྱུང་ལ། མིག་ནད་མཆི་མ་འཛག་པའི་སྐབས་སུ་སོ་སོའི་རྐྱེན་ཏུ། སྨན ་གྱི་ཆོ་ག་ཇི་ལྟར་བསྟན་པ་རྣམས་ཀྱང་མཐུན་མཐུན་དུ་བྱའོ། །མིག་གི་འབྲས་བུ་ན་གུའི་སྟེང་དུ་དཀར་བོའི་ཐིག་ལེ་བྱུང་བ་ནི། ལིང་ཏོག་ཅེས་བྱ་སྟེ། བད་ཀན་ལས་གྱུར་པར་ཤེས་པར་བྱའོ། །མིག་གི་སྤྲིན་གྱི་སྟེང་དུ་དམར་པོ་བྱུང ་བ་ནི། ལིང་ཏོག་དམར་པོ་ཞེས་བྱ་སྟེ། ཁྲག་གི་ཉེས་པ་ལས་འབྱུང་བ་ཡིན་ནོ། །དེ་ལ་ལིང་ཏོག་དཀར་པོ་ཞི་བར་བྱ་བའི་ཐབས་ནི། དྲུབ་མར་ཆང་དང། མེ་ཏོག་མ་དྷུ?་ཀའི་ཤིང་གི་སྙིང་པོ་དང། བ་དུ་རའི་ཆེ་གུ་དང། རྒྱམ་ཚ ་རྣམས་ལས་གང་ཡང་རུང་བའི་ཕྱེ་མ་སྦྲང་རྩི་དང་སྦྱར་ཏེ། མིག་ལ་བསྐུས་ན་ལིང་ཏོག་མེད་བར་འགྱུར་རོ། །ཡང་ན་ག་བུར་དང། ན་ལེ་ཤམ་དང། ཤིང་མངར་དང། དུང་དང། བ་ལང་གི་སོ་དང། རྒྱམ་ཚ་དང། ལྡོང་རོས་དང། ་ཙན་དན་རྣམས་ཀྱིས་ཕྱེ་མ་ཤིག་གྲུའི་ཁུ་བ་དང་སྦྱར་ཏེ་རི་ལུར་བྱས་པས་བསྐུས་ན་ཡང་ལིང་ཏོག་དཀར་པོ་སེལ་བར་བྱེད་དོ། །རྒྱ་མཚོའི་སྦུ་བ་དང། ཁྱིམ་བྱའི་སྒོ་ངའི་ཤུན་པགས་དང། རྒྱམ་ཚ་དང། དུང་དང། ཤི་ཀྲུའི་འབྲས་བུའི་ཆི་གུ་རྣམས་ཀྱི ་ཕྱེ་མ་ཆུ་དང་སྦྱར་ཏེ་རི་ལུར་བྱས་པས་བསྐུས་ན་ཡང་ལིང་ཏོག་ལ་སོགས་པ་གྲིས་བཞོགས་པ་བཞིན་དུ་མེད་པར་བྱེད་དོ། །ཁྱིམ་བྱའི་སྒོ་ངའི་ཤུན་ལྤགས་དང། ལྡོང་རོས་དང། དུང་དང། མཆིང་བུ་དང། ཙན་དན་དང། རྒྱམ་ཚ་རྣམས་ཀྱི་ཕྱེ ་མ་ཆ་བསྙམས་པའི་སྟེང་དུ་།མིག་སྨན་གྱི་ཐུར་མ་བསྒྲེས་པས་མིག་བྱུག་ན་ཡང། ལིང་ཏོག་དང། མིག་འཛེར་ལ་སོགས་པ་མེད་པར་བྱེད་དོ། །ཙན་དན་དང། རྒྱམ་ཚ་དང། ཨ་རུ་ར་དང། རྒྱ་སྐྱགས་རྣམས་ཀྱི་ཕྱེ་མ་ཡས་ཀྱི་རིམ་བཞིན་དུ ་དང་པོའི་ཆ་རེས་བསྐྱེད་དེ་སྦྱར་བའི་ནང་དུ་མིག་སྨན་གྱིས་ཐུར་མས་བསྒྲེས་པས་མིག་བྱུགས་ན་ཡང། ལིང་ཏོག་དང། མིག་མཛེར་ལ་སོགས་པ་མེད་པར་བྱེད་དོ། །སྣ་མའི་མེ་ཏོག་ཁ་མ་འབུས་པ་དང། རྒྱ་སྐྱགས་དང། བཙག་ཡུག་སྣམ་དང། ་ཙན་དན་རྣམས་ཀྱི་ཕྱེ་མ་ཆ་མཉམ་ལ་ཆུ་དང་སྦྱར་བའི་རི་ལུས་མིག་བསྐུས་ན་ཡང་མིག་སྣང་ཅིང་རྨ་བྱུང་བ་དང། ལིང་ཏོག་རྣམས་སེལ་ཞིང་ཁྲག་གིས་རྒྱས་པ་དང་བར་བྱེད་དོ། །ལིང་ཏོག་དམར་པོ་ལ་ནི་དུང་གི་ཕྱེ་མ་སྦྲང་རྩི་དང་སྦྱར་བ ་འམ། ཀ་ཏ་ཀའི་འབྲེས་བུ་རྒྱམ་ཚ་དང་སྦྱར་བ་འམ། རྒྱ་མཚོའི་དབུ་བ་ཁ་ར་དང། སྦྱར་བ་རྣམས་ལས། གང་ཡང་རུང་བས་མིག་བྱུག་པར་བྱའོ། །སྣ་མའི་ལོ་མའི་ཁུ་བ་དང་སྦྲང་རྩི་དང། ཡུང་དང། སྐྱེར་པའི་ཕྱེ་མ་དང། སྐྱེར་ཁཎྚ་རྣམས ་ཀྱི་མིག་སྨན་ནམ། ཡང་ན་པི་པི་ལིང་ངས?་གསོལ?་མའི་ནང་དུ་ཕུར་ཏེ། བ་ལང་གི་ལྕི་བའི་ཁུ་བའི་ནང་དུ་བཙོས་ལ། སྒམས་པའི་ཕྱེ་མས་མིག་བྱུགས་ན། མཚན་མོ་མི་མཐོང་བའི་མིག་ནད་སེལ་ཏོ། །ལྡོང་རོས་དང། ཡུང་དང། སྟང་ཟིལ ་དང། ཚ་བ་གསུམ་བ་ལང་གི་མཁྲིས་བས་སྦྲུས་ལ། སྲན་ཙམ་གྱི་རེང་རེང་པོ་དྲིལ་ལ། ཆུ་ལས་བདར་བ་འམ། ཡང་ན་ཐང་ཤིང་གི་ཕྱེ་མ། ར་གཅིན་གྱིས་སྦང་ཞིང་བསྐམ་པ་དེ་ལྟ་བུར་ལན་གྲངས་མང་དུ་བྱས ་པས་མིག་བསྐུས་ན། མིག་མཆི་མས་གང་བ་སེལ་ཏོ། །ཡང་ན། བ་བླ་དང། ཐང་ཤིང་དང། ཤུ་དག་རྣམས་ཀྱི་ཕྱེ་མ། བྱེའུ་རུག་པའི་ལོ་མའི་ཁུ་བ་དང་སྦྱར་ཏེ། རི་ལུར་བྱས་ལ་གྲིབ་མར་བསྐམས་པས་མིག་བསྐུས་ན་ཡང ་མིག་ཚག་རྙིང་སེལ་ཏོ། །བ་བླ་དང། སྟང་ཟིལ་དང། དེ་གཉིས་སྡོམ་པའི་གཉིས་འགྱུར་གྱི་ཟངས་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མའི་ནང་དུ་།མིག་སྨན་གྱི་ཐུར་མ་བསྒྲེས་པས་མིག་བྱུག་གམ། ཡང་ན་ཚ་བ་གསུམ་གྱི་ཕྱེ་མ ་དང། སྐྱེར་ཁཎྚ་དང། ཆུ་དང་སྦྱར་ཏེ་བསྐུས་ན་ཡང། མིག་ཚག་པོ་སེལ་ཏོ། །མིག་ནད་རབ་རིབ་དུ་གྱུར་པ་ཐམས་ཅད་ཀྱི་སྤྱིའི་མཚན་མ་ནི། ཤིན་ཏུ་ཟི་ཟི་པོར་གྱུར་པ་ཡིན་པར་ཤེས་པར་བྱའོ། །སོ་སོའི་བྱེ་བྲག་གཞན་ནི ་ད་བཤད་དེ། དེ་ལ་རླུང་ལས་གྱུར་པའི་རབ་རིབ་ཀྱི་མཚན་མ་ནི། ཅི་མཐོང་ངོ་ཅོག་རྩ་དམར་ཞིང་གཡོ་བ་དང། ལོ་ལོང་པོར་སྣང་བ་ཡིན་ནོ། མཁྲིས་པ་ལས་གྱུར་པའི་རབ་རིབ་ཀྱི་མཚན་མ་ནི། ཁ་དོག་སྔོན་པོ་དང། སེར་པོར ་སྣང་ཞིང། མེ་འབར་བ་དང། སྲིན་བུ་མེ་ཁྱེར་དང། གློག་ལྟ་བུ་མཐོན་བ་རྣམས་ཡིན་ནོ། །བད་ཀན་ལས་གྱུར་པའི་རབ་རིབ་ཀྱི་མཆན་མ་ནི། མཐོང་ངོ་ཅོག་མདོག་འཇམ་ཞིང་སྐྱ་བ་དང། བསྟན་པར་སྣང་སྣ་རྣམས་ཡིན་ནོ། །འདུས་པ་ལས ་གྱུར་བའི་རབ་རིབ་ཀྱི་མཚན་མིན། མཚན་མ་དེ་དག་ཐམས་ཅད་ལྟ་བུར་མཐོང་བ་ཡིན་ནོ། །ཁྲག་ལས་གྱུར་པའི་རབ་རིབ་ཀྱི་མཚན་མ་ནི། མཐོང་ངོ་ཅོག་ཤིན་ཏུ་དམར་བར་མཐོང་བ་ཡིན་ནོ། །མིག་ནད་རབ་རིབ་ཅེས་བྱ་བ་ཡལ ་བར་བོར་ཏེ། ཚབས་ཆེན་པོ་ལས་གྱུར་པ་ལས་ནི། མིག་ནད་པྲིས་གཡོགས་པ་ཞེས་བྱ་བར་གྱུར་ཏེ། དེའི་མཚན་མ་ཡང་ཐོག་མ་ནི་ནད་གཞི་གང་ལས་གྱུར་པའི་མཚན་མ་རབ་རིབ་ཀྱི་སྐབས་སུ་བཤད་པ་དང་འདྲ་བ་ལས། ཕྱིར་ཞིང་འཁྲུལ ་ཚབས་ཆེ་བ་དང། མི་མཐོང་བར་འགྱུར་བར་ཤེས་པར་བྱའོ། །དེ་རྣམས་ཀྱི་ནང་ན་བད་ཀན་ལས་གྱུར་པའི་མིག་ནད་པྲིས་གཡོགས་པ་ནི་གསོ་སླ་བ་ཡིན་ཏེ་རྩ་གཏད་ཞིང་ཁྲག་ཕྱུང་ན་བཟང་ངོ། །དེ་ལ་རབ་རིབ་གསོ་བའི་ཆོ་ག་ནི། ཨ་རུ་རའི ་ཚི་གུ་དང། ཤིང་མངར་དང། སྐྱུ་རུ་ར་དང། ན་ལེ་ཤམ་དང། སྤངས་མ་རྣམས་ཆུ་དགས་སུ་བྱས་པའི་རི་ལུས་བསྐུས་ན་མིག་ནད་རབ་རིབ་རྣམས་སེལ་ཏོ། །ཚ་བ་གསུམ་དང། ལྕགས་ཀྱི་ཕྱེ་མ་དང། རྒྱམ་ཚ་དང། འབྲས་བུ་གསུམ་དང། སྟང ་ཟིལ་རྣམས་ཆུ་དགས་སུ་བྱས་ཏེ། ལེགས་པར་སྦྱར་བའི་རི་ལུའི་མིང་ནི། རི་ལུ་ནག་པོ་ཞེས་བྱ་སྟེ། འདིས་བསྐུས་ན་ཡང་མིག་ནད་རབ་རིབ་སེལ་ཏོ། །ཡུང་དང། སྐྱུ་རུ་ར་དང། པི་པི་ལིང་དང། ཀ་ཏ་ཀའི་འབྲས་བུ་དང། ཡུངས་ཀར་རྣམས ་ཀྱི་ཕྱེ་མ་ཆར་པའི་ཆུ་དང་སྦྱར་ཏེ། རི་ལུར?་བྱས་པས་བསྐུས་ན་ཡན། མིག་ནད་དོ་ཅོག་སེལ་ཏོ། །བྱ་གྷྲི?་དང། གླ་སྒང་དང། ཤིང་ཐོག་ཨ་མྲ་དང། ཤིང་མངར་དང། པི་པི་ལིང་དང། རྒྱམ་ཚ་རྣམས་ཀྱི་ཕྱེ་མ་ཟངས་ཀྱི་སྣོད་ཀྱི་ནང་དུ ་རའི་འོ་མ་དང་སྤངས་པའི་རི?་ལུས་བསྐུས་ན་ཡང། མིག་ནད་ཐམས་ཅད་སེལ་ཏོ། །སྐང་བཞི་པ་ཕྱུགས་ལ་སོགས་པ་གང་ཡང་རུང་བའི་སོ་དང། རྒྱ་སྐྱེགས་དང། ཀ་རཉྫའི་འབྲས་བུ་དང། པྲི་ཧ་ཏཱིའི་འབྲས་བུ་དང། གླ་བ་དང། རྔ་མོའི? ་རུས་པ་དང། ཉ་རུས་དང། བྱི་དང་ཀ་ར་དང། ཚ་བ་གསུམ་དང། རུ་རྟ་རྣམས་ཆ་བསྙམས་ཏེ། ཚུ་དགས་སུ་བྱས་པའི་རི་ལུའི་མིང་ནི། སོའི་རི་ལུ་ཞེས་བྱ་སྟེ། འདིས་བསྲུས་ན་མིག་ནད་རབ་རིབ་དང། པྲིས་གཡོགས་པ་དང། མིག་འཛེར་དང།། ་འབྲུམ་པ་བྱུང་བ་དང། རྨ་བྱུང་བ་དང། ལིང་ཏོག་ལ་སོགས་པ་སེལ་ཏོ། །ལྡོང་རོས་དང། རྒྱམ་ཚ་དང། ནག་ཚུར་དང། དུང་དང། ཚ་བ་གསུམ་དང། སྐྱེར་ཁཎྚ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བའི་ཁུ་བའི་མིག ་སྨན་གྱིས་བསྐུས་ན་ཡང། མིག་ནད་བྲིས་གཡོགས་པ་དང། ལིང་ཏོག་དང། མིག་འཛེར་དང། རབ་རིབ་རྣམས་སེལ་ཏོ། །ཤིང་ཀ་པིཏྟའི་ཁུ་བ། མུ་ཟིའི་ཁུ་བ་ཉིས་གྱུར་དང་སྦྱར་བའམ། ཡང་ན་སྐྱེར་ཁཎྚ་དང། སྟད་ཟིལ་དང། ་གླ་སྒང་གི་བཞི་གྱུར་གྱི་ཕྱེ་མ་དང་སྦྱར་བའི་ནང་དུ་མིག་སྨན་གྱི་ཐུར་མ་བསྒྲེས་ཏེ། མིག་བྱུགས་ན་ཡང་རབ་རིབ་སིལ་ཏོ། །ཡང་ན་ལི་ཤི་ཆ་གཅིག་དང། ཟངས་ཆ་གཉིས་དང། སྟད་ཟིལ་ཆ་གསུམ་དང། མུ་ཟི་ཆ་ལྔ་དང། །ན་ག་གེ ་སར་ཆ་གསུམ་དང། འདི་རྣམས་ཀྱི་ཕྱེ་མ་སྣོད་ཁ་སྦྱར་གྱི་ནང་དུ་ཚིག་བར་བརྡོས་ལ་ཞིབ་ཏུ་བཏགས་པས་མིག་སྨན་གྱི་ཐུར་མ་ལ་མགོ་ཞིང་རྟག་ཏུ་མིག་བྱུག་པར་བྱའོ། །སྟང་ཟིལ་འམ། སྐྱུ་རུ་ར་གང་ཡང་རུང་བའི་ཕྱེ་མ་མར་དང། སྦྲང ་རྩིས་སྦྱར་ཏེ། ཨ་རུ་རའི་སྙིང་པོ་ཕྱུང་བའི་སྐྱིན་པར་ཁོང་དུ་བཅུག་ལ་སླར་ཁ་སྦྱར་ཏེ། བག་ཟན་གྱིས་གཡོགས་ནས། རྒྱ་ཤུག་གི་མེའི་ནང་དུ་སྲེགས་ལ། བག་ཟན་ཚིག་སྟེ་དུད་བ་ཆད་ནས་སླར་བྱུང་སྟེ། བསྒྲངས་ལ། ཨ་རུ་རའི་ཁོང་ན་སྨན ་འདུག་པ་བཏགས་པའི་ཕྱེ་མས་མིག་སྨན་གྱི་ཐུར་མ་ལ་བསྒོ་ཞིང། མིག་བྱུག་པ་ནི་རབ་རིབ་སེལ་པའི་མཆོག་ཡིན་ནོ། །ཡུང་དང། སྐྱེར་པ་དང། ཨ་རུ་ར་དང། སྤང་སྤོས་དང། རུ་རྟ་དང། པི་པི་ལིང་རྣམས་ཞིབ་ཏུ་བཏགས་པའི ་ཕྱེ་མ་འདིའི་མིང་ནི། སངས་རྒྱས་པའི་མིག་སྨན་ཞེས་བྱ་སྟེ། སྔ་མ་བཞིན་དུ་མིག་སྨན་གྱི་ཐུར་མ་ལ་བསྒོ་ཞིང། མིག་ལ་བྱུགས་ན་མིག་ནད་ཐམས་ཅད་སེལ་ཏོ། །ཡང་ན་སྟང་ཟིལ་དང། སྤང་སྤོས་དང། གནདྷ་བ་ཏྲ་རྣམས་ཀྱི་ཕྱི ་མ་མར་དང་སྦྱར་ལ། སྦྲུལ་ནག་པོ་ཤི་བའི་མགོ་བཅད་པའི་ཁར་བཅུག་ལ། འཇིམ་པས་གཡོགས་ཏེ་བསྲེགས་ལ། འཇིམ་པ་ཚིག་སྟེ་དམར་པོར་གྱུར་ནས་ཕྱུང་སྟེ་བསྒྲངས་ལ། དེའི་ནང་གི་སྨན་ཞིབ་ཏུ་བཏགས་བའི་ཕྱེ་མས་མིག ་སྨན་གྱི་ཐུར་མ་ལ་བསྒོ་ཞིང་མིག་བྱུགས་ན་ཡང་རབ་རིབ་སེལ་ཏོ། །དུག་མོ་ཉུང་གི་ས་བོན་མར་དང་སྦྱར་ལ། ཤིང་པ་ཏའི་ལོ་མའི་ནད་དུ་ཕུར་མར་བྱས་ཏེ། ཆུའི་ནད་དུ་བསྐོལ་ལ་ཚོས་བར་གྱུར་ནས། ནང་གི་ཁུ་བ་བསྒྲངས་པ ་མིག་ཏུ་བླུགས་བ་འམ། ཡང་ན་དུག་མོ་ཉུང་གི་ས་བོན་གྱི་སྐྱིན་བར་བྱ་སྐམས་ན་གནས་པའི་སྒོ་ང་སྔ་མ་བཞིན་དུ་བཅོས་པའི་ཁུ་བ་མིག་ཏུ་བླུགས་ན་མིག་བལྟ་བར་འགྱུར་རོ། །ཡང་ན་འབྲས་བུ་གསུམ་དང། ལྕགས་ཀྱི་ཕྱེ་མ ་དང། ཤིང་མངར་རྣམས་ཀྱི་ཕྱེ་མ་མར་དང། སྦྲང་རྩི་དང་སྦྱར་བ་ཉལ་ཁར་རྟག་ཏུ་ཟོས་ན། མིག་ནད་དོ་ཅོག་སེལ་ཅིང། རོ་ཙ་བར་ཡང་འགྱུར་རོ། །འབྲས་བུ་གསུམ་བསྐོལ་བའི་ཁུ་བ་དང། འོ་མ་དང། མར་གྱི་ནང་དུ་འབྲས ་བུ་གསུམ་གྱི་ཕྱེ་མ་བསྐོལ་ཏེ། མར་ཉི་ཚེ་ལུས་བ་ལས་ནུབ་མོ་ཞིང་རན་པར་འཐུངས་ན་ཡང། རིང་མོ་མི་ཐོགས་པར་རབ་རིབ་སེལ་ཏོ། །སྨན་ར་སྣ་དང། འབྲས་བུ་གསུམ་དང། རྩ་བ་བཅུ་པ་རྣམས་བསྐོལ་བའི་ཁུ་བ ་དང། མར་གྱི་ནང་དུ་སྨན་འཚེ་བྱེད་ཅེས་བྱ་བ། སྣ་བཅུ་པའི་ཕྱེ་མ་བསྐོལ་ཏོ། །མར་ཉི་ཚེ་ལུས་པ་ལས། རན་པར་འཐུངས་ན་ཡང་རབ་རིབ་སེལ་ཏོ།། །།ད་ནི་རྣ་བའི་ནད་ཀྱི་ཆོ་ག་བཤད་བར་བྱ ་སྟེ། དེ་ལ་རླུང་ལས་གྱུར་པའི་རྣ་བའི་ནད་ཀྱི་མཚན་མ་ནི། རྣ་བ་གཉི་སུ་ཟུག་ཅིང་ན་ལ། འོན་ཞིང་སྒྲ་འབྱུང་བ་དང། འཛག་པ་རྣམས་ཡིན་ནོ། །མཁྲིས་པ་ལས་གྱུར་པ་ནི་ཚ་བ་འུར་འུར་པོར་འདུག་པ་ཡིན་ནོ། །བད་ཀན་ལས ་གྱུར་པ་ནི་རྣ་བའི་ནང་སྐམ་ལ་དྲི་མནམ་པ་ཡིན་ནོ། །དེ་དག་གསོ་བའི་སྨན་ནི། སྨན་མུ་རཾ་ག་དང། ཆུ་ཤིང་དང། ཤི་ཀྲུ་དང། ལ་ཕུག་དང། སྒེའུ་གཤེར་རྣམས་ལས་གང་ཡང་རུང་བའི་ཁུ་བ་རྒྱམ་ཚ་དང ་སྦྱར་བ་དྲོན་པོས་རྣ་བ་གང་བར་བླུགས་ལ། ནད་དུ་ཆུབ་བར་བསྒུལ་ཞིང་ཕྱིར་ཕོ་ན་རྣ་བའི་ནད་སེལ་ཏོ། །རྒྱམ་ཚ་བཏགས་པ་ཤིང་ཨརྐའི་ལོ་མ་སེར་པོའི་ནད་དུ་ཕུར་ལ། དེའི་ཕྱི་རོལ་ཏུ་ཡང། ཨརྒའི་ལོ་མ་རིམ་བདུན་གྱིས ་གཡོགས་ཏེ། མེ་མར་མུར་གྱི་ནང་དུ་བཅུག་ལ། ལོ་མ་ནད་རིམ་མ་ཚིག་ཙམ་དུ་བསྲེགས་ནས། ལོ་མ་ཕྱི་རིམ་རྣམས་ཀྱང་བོར། ནང་གི་རྒྱམ་ཚ་ཡང་བོར་ལ། ནང་རིམ་གྱི་ལོ་མ་སེར་པོ་ལ་གཤེར་བག་ཡོད་པ་བཙིང་བའི་ཁུ ་བ་རྣ་བར་བླུགས་ན་ཡང་རྣ་བའི་ནད་སེལ་ཏོ། །བིལྦ་ལ་སོགས་པའི་སྡེ་ཚན་དང། ཐང་ཤིང་དང། སྒྲོན་ཤིང་རྣམས་ལས་གང་ཡང་རུང་བའི་ཤིང་བུའི་ཐོར?་ཏོ་རས་ཀྱིས་དཀྲིས་ཏེ། ཏིལ་མར་གྱི་ནད་དུ་སྨྱུགས་ལ་གསྲེགས་ཏེ། འབར ་དུ་བཅུག་པའི་ཁུ་བཟགས་བ་དྲོན་བོ་རྣ་བ་ར་བླུགས་ན་ཡང་རྣ་བའི་ནད་སེལ་ཏོ། །རུ་རྟ་དང། བུ་བྲན་ཤིང་དང། ཤུ་དག་དང། ཐང་ཤིང་དང། ཤུ་ཏི་དང། ཤིང་ཀུན་དང། རྒྱམ་ཚ་རྣམས་ཀྱི་ཕྱེ་མར་གཅིན་དང། ཏིལ་མར་གྱི ་ནད་དུ་བསྐོལ་ཏེ། ཏིལ་མར་ཉི་ཚེ་ལུས་པ་དྲོན་པོ་རྣ་བར་བླུགས་ན་ཡང་རྣ་བའི་ནད་ཀྱི་ཉམ་ཐག་པ་སེལ་ཏོ། །རུ་རྟ་དང། ཨ་རུ་ར་ལ་སོགས་པ་བསྐོལ་བའི་ཁུ་བའི་ནད་དུ་ཤིང་མངར་དང། བུ་ཚངས་སྟོ་དང། མོན་སྲན ་སྡེའུ་དང། འོ་སུ་དང། ཕག་ཚིལ་རྣམས་བསྐོལ་ཏེ། ཕག་ཚིལ་གྱི་ཞག་ཉི་ཆེ་ལུས་པ་ལས་རྣ་བར་བླུགས་ན་ཡང་རྣ་བ་ན་ཞིང་སྒྲ་བྱུང་བ་སེལ་ཏོ། །རྣ་བ་མི་བཟད་པར་ན་ཞིང། སྒྲ་འབྱུང་ལ། ཆུ་སེར་འཛག་པ་ལ་ནི་ར་གཅིན ་བསྲོས་པ་དྲོན་པོ་དང། ལྕེ་མྱང་ཚ་སྦྱར་བར་རྣ་བར་བླུགས་སོ། །ཡང་ན་ཤིང་བ་རུ་ན་དང། ཀ་པིཏྟ་དང། ཨ་མྲ་དང། ཛམྦུ་རྣམས་ཀྱི་ལོ་མའི་ཕྱེ་མ་ཏིལ་མར་དང་ཆུའི་ནང་དུ་བསྐོལ་ཏེ། ཏིལ་མར་ཉི་ཚེ་ལུས་བ་འམ། ཡང་ན་སྣ་མའི་ལོ་མའི་ཁུ་བ ་རྣ་བར་བླུགས་ན། རྣ་བ་ནས་རྣག་འཛག་པའི་ན་བ་སེལ་ཏེ། ཐབས་དེ་ལྟར་བྱས་པ་ལས་ཀྱང། རྣག་སྐམ་པོ་ནང་དུ་ལུས་པ་ལ་ནི། སྔར་ཏིལ་མར་རམ། སྨན་མར་གྱིས་སྦྱར་ཞིང་འབྱུང་དུ་བཏུབ་བར་བྱ་བའི་སྨན་སྣུམ་བག་བླུགས་པ་དང ་དུགས་ཀྱིས་བདུག་བ་རྣམས་བྱས་ནས། དེའི་འོག་ཏུ་སྐྲ་གཞར་འཇམ་པོས་རུལ་བར་བྲུ་བར་བྱའོ། །ད་ནི་སྣའི་ནད་ཀྱི་བྱེ་བྲག་བཤད་དེ། དེ་ལ་སྣའི་ནད་ཆམ་པ་ཞེས་བྱ་བ་ནི། ནད་གཞི་རྣམ་པ་གསུམ་ལས་འགྱུར་ཏེ། རླུང་ལས་གྱུར་པ ་ནི་སྣ་ནས་འཛག་པ་སླ་བ་ཡིན་ནོ། །མཁྲིས་པ་ལས་གྱུར་པ་ནི་འཛག་པའི་མདོག་སེར་བ་ཡིན་ནོ། །བད་ཀན་ལས་གྱུར་པ་ནི་འཛག་པ་དཀའ་བ་ཡིན་ནོ། །ནད་གཞི་ཀུན་འདུས་པ་ལས་གྱུར་པ་ནི་མཚན་མ་ཐམས་ཅད་དང་ལྡན་པ་ཡིན་ནོ། །དེ་ལ་ཆམ ་བའི་སླན་ནི། མགོ་སྣུམ་གྱིས་བསྐུ་བ་དང། དུགས་བྱ་བ་དང། སྣར་སྨན་བླུག་པ་དང། སྐྱུག་སྨན་བཏང་བ་དང། སྨན་མར་བཏུང་བ་དང། །བ་ཟས་ནོ?་ཚ་ཞིང་སྐྱུར་བ་བཟའ་བ་ལ་སོགས་པ་སྨན་པས་ཆོ་ག་བཞིན་དུ་བྱའོ། །ཡང་ན་ཆམ་པ་ལ ་ནི་སྨན་དྲི་ཞི་མོ་ཅོག་སྣང་ཁ་སྦྱར་གྱི་ནད་དུ་བསྲེགས་པའི་དུད་པ་སྤྱིའུས་དྲངས་ཏེ། །བ་སྣར་བརྡུབ་བར་བྱའོ། །ཡང་ན་དྲི་སྣ་བཞི་ཞེས་བྱ་བ། ཤིང་ཙ་དང། སུག་སྨེལ་དང། གནདྷ?་བ་ཏྲ་དང། ན་ག་གེ་སར་རྣམས་ལྷན་ཅིག་ཏུ་སྦྱར་བའི། ་ཡང་ན་?་?་ནག་པོ་ཕུར་མང་ཕུར་ཏེ། སྣར་སྣམ་པར་བྱའོ། །ལི་ཟེར་བ་དང། ཏ་མ་ལ་དང། ཚ་བ་གསུམ་གྱི་ཕྱེ་མ་མར་དང་བུ་རམ་གྱི་ནད་དུ་བསྐོལ་ཏེ། སྦྱར་བ་ཟོས་ན་ཡང་ཆམ་པ་དང། གློ་བརྡོལ་བ་དང། རྩིབས་ལོགས་ན་བ་དང། ་སྙིང་ན་བ་དང། མཁལ་རྐེད་ནུབ?་རྣམས་སེལ་ཏོ། །བྱ་གྷཱི་དང། དནདའི་རྩ་བ་དང། ཤུ་དག་དང། ཤི་ཀྲུ་དང། བྱིའུ་དུག་པ་དང། ཚ་བ་གསུམ་དང། རྒྱམ་ཚ་རྣམས་ཀྱི་ཕྱེ་མ་ཏིལ་མར་དང། ཆུའི་ནང་དུ་བསྐོལ་ཏེ། ཏིལ ་མར་ཉི་ཚེ་ལུས་པ་སྣར་བླུགས་ན། ཆམ་པ་ཡལ་བར་བོར་བ་ལས་སྣ་ལས་རྣག་འཛག་པའི་ལུང་སེལ་ཏོ།། །།ད་ནི་ལྕེ་ནང་ཀྱི་ཆོ་ག་བཤད་པར་བྱ་སྟེ། དོ་ལ་ལྕེ་ནད་ནི་རྣམ་པ་གསུམ་སྟེ། རླུང་ལས་གྱུར་པའི་ལྕེ་ནད་ནི། ཁ་ཟས་ཀྱི ་རོ་མི་ཚོའི་ཞིང་སློ་སློ་བོར་གྱུར་པ་དང། འགགས་པ་དང། ཤིང་ཨ་ཤ་ཀའི་ལོ་མ་བཞིན་དུ་དམར་བ་རྣམས་ཡིན་ནོ། །མཁྲིས་པ་ལས་གྱུར་པའི་མཚན་མ་ནི། ལྕེ་རྩུབ་ཅིང་ཚ་བ་འུར་འུར་བོར་འདུག་ལ་ཙག་ཙག་ཚ་བ་ཡིན་ནོ། །བད་ཀན་ལས་གྱུར་བའི་མཚན ་མ་ནི། ལྕེ་རིལ་གྱིས་སྟུག་པོ་བེམ་བེམ་པོར་འདུག་པ་ཡིན་ནོ།། །དེ་ལྟར་ལྕེ་བེམ་བེམ་པོར་གྱུར་པ་ལ་ནི། ལྕེ་བཞར་ཞིང་ནད་ཁྲག་དན་པ་ཕྱུང་ལ་ནད་གཞི་གང་ལས་གྱུར་བ་དང་སྦྱར་ཏེ། ནད་གཞི་སོ་སོའི་སྨན་གྱི་སྡེ་ཚན་ལས་སྣར་བླུགས་པ་དང། མཁུར་བ ་བཀང་ཞིང་ཕྱིར་དབོ་བ་དང། ལྕེ་ལ་བསྐུ་བ་རྣམས་ཀྱི་ཆོ་ག་བྱའོ།། །དེ་ནི་སོ་ན་བའི་ཆོ་ག་བཤད་དེ། སོ་ནང་ཟུག་ཅིང་ན་པ་དང། བརྩེ་བ་རྣམས་གཉིས་ནི། རླུང་ལས་གྱུར་པ་ཡིན་ཏེ། དེ་གཉིས་ལ་ཡང། མར་རམ་ཏིལ་མར་རླུང ་སྨན་དང་སྦྱར་བ་དྲོན་བོའམ། རླུང་སྨན་བསྐོལ་བའི་ཁུ་བ་དྲོན་པོས་ཁ་བཤལ་ཞིང་ཕྱིར་དབོ་པ་འམ་ཡང་ན་པུ་ཙེ་ཤེལ་དང། གླ་སྒང་དང། ཏེ་ཛོ་བ་ཏི་དང། བ་ཐ་དང། ཡུང་དང། སྐྱེར་པ་དང། གསེང?་ཕྲོམ?་དང། ?་རྟ་དང། ས་མངྒ ་རྣམས་ཀྱི་ཕྱེ་མས་སོ་དྲུང་ན། སོའི་དྲུང་གཡའ་བ་དང། སོ་ཁྲག་འཛག་བ་དང། ཟུག་ཅིང་ན་བ་རྣམས་སེལ་ཏོ། །བཅའ་ལྡན་ཞིང་ཁ་ནས་འབྲུམ་པ་འབྱུང་བ་ནི། ཁྲག་དང་མཁྲིས་པ་འཁྲུགས་པ་ལས་འགྱུར་ཏེ། དེ་ལ་ནི་ཁྲག་འབྱུང་བ་དང ་བཀྲུ་སྨན་བཏང་བ་དང། མར་དང། ཏིལ་མར་དང། སྦྲང་རྩི་དང། འོ་མ་དང། བ་གཅིན་རྣམས་ལས་གང་ཡང་རུང་བས་།བ་བཀང་ལ་རིང་དུ་བཞག་ལ་ཕྱིར་དཔོའོ། །ཡང་ན་སྣ་མའི་ལོ་མ་དང། སླེ་ཏྲེས་དང། རྒུན་དང་བྱི་ཚེར་དང། སྐྱེར་བ་དང། འབྲས ་བུ་གསུམ་བརྣམས་བསྐོལ་བའི་ཁུ་བ་སྒྲངས་པ་སྦྲང་རྩི་དང་སྦྱར་བས་མཁུར་བ་བཀང་ཞིང་ཕྱིར་ཕོ་ན་ཚ་ལྡན་ཞིང་བར་འབྲུམ་པ་བྱུང་བ་སེལ་ཏོ། །རྐན་གྱི་ཕུག་ནས་ལྕེའུ་ཆུང་བ་འདུག་པའི་སྐྲད་པའི་ནད་ནི། བདག་ན་དང། ཁྲག་འཁྲུགས ་པ་ལས་གྱུར་པ་ཡིན་ཏེ། །དེ་ནི་བརྟོལ?་ལ། ཚ་བ་གསུམ་དང། རྒྱམ་ཚ་དང། །ཤུ་དག་དང། སྦྲང་རྩི་རྣམས་སྦྱར་བ་ཁར་བ་ཞག་ཅིང་ཁུ་བ་ཕྱིར་ད་བོ་བས་བད་ཀན་དྲང་བར་བྱའོ།། །།ལྐོག་མའི་ནད ་ཤ་ལུ་ཀ་ཞེས་བྱ་བ། ལྐོག་མའི་ནད་དུ་འབྲུམ་པ་རྒྱ་ཤུག་གི་འབྲས་བུ་འདྲ་བ་རིལ་རིལ་པོར་འགྱུར་བ་ནི། བད་ཀན་ལས་གྱུར་པ་ཡིན་ཏེ། དེའི་ཆོ་ག་ནི་གཏར་བའི་དབྱེད་མཛུབ་མོ་བཙགས་བུ་ཕྲེའུ་བཅིངས་པས་རྟོལ་ཏེ། སྔ་མ་བཞིན ་དུ་དེ་དང་འཕྲོད་པའི་སྨན་མུར་ཞིང། །ཕུ་བ་ཕྱིར་དབོ་བར་བྱའོ། །ལྐོག་མའི་ནད་རོ་ཧི་ནི་ཞེས་བྱ་བ། ལྐོག་མའི་ནང་དུ་།ཤ་ལྷག་མྱུ་གུ་ལྟར་སྐྱེ་པ་རིང་པོ་ཞིག་འབྱུང་བ་ནི། ནད་གཞི་གསུམ་པོ་རེ་རེ་དང། ཀུན་འདུས་པ་དང། ཁྲག་གི་ཉེས་པ ་རྣམས་ལས་གྱུར་བ་ཡིན་ཏེ། སོ་སོའི་མཚན་མའི་སྒོ་ནས་རྟོགས་པར་བྱའོ། །དེའི་ཆོ་ག་མཆིས་ཏེ་ཚེར་སྐྱེས་ན། སྲོག་ལ་ཡང་འབབ་པར་བྱེད་པས་ན་ཆོ་ག་མྱུར་ཏེ་བྱའོ། །དེ་ལ་ཆོ་ག་ནི་དེ་དག་ཐམས་ཅད་ལ་ཡང་གཏར་ག་བྱ་ཞིང་ཁྲག་ཕྱུང ་པ། ནད་གཞི་སོ་སོ་གང་ལས་གྱུར་བའི་སྨན་སྦྱར་བས་ཁ་ན་?་བཞག་ཅིང་བད་ཀན་དྲང་བར་བྱའོ། །དེ་ལས་རླུང་ལས་གྱུར་པ་ལ་ནི། རྒྱམ་ཚ་དང། །ཁ་རུ་ཚྭ་དང། ཙབས་རུ་ཚྭ་རྣམས་སྦྲང་རྩི་དང་སྦྱར་བ་ཁར་བཞག་ཅིང་ཁུ་བ་ཕྱིར་དཔེ་གར ་བྱའོ། །མཁྲིས་པ་དང། ཁྲག་ལས་གྱུར་བ་ལ་ནི། ཁ་རེ་དང། རྨ་ཤིང་གི་ཕྱེ་མ་སྦྲང་རྩི་དང་སྦྱར་བ་ཁ་ན་བཞག་ཅིང་བད་ཀན་ལས་གྱུར་པ་ལ་ནི། ཁྱིམ་གྱི་དུ་བ་དང། ཚ་བ་གསུམ་གྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བ་ཁར་བཞག་ཅིང་ཁུ་བ ་ཕྱིར་དབོ?་པར་བྱའོ། །སྨན་ར་སྣ་དང། ཁ་རུ་ཚ་དང། ཚ་བ་གསུམ་དང། ཁྱིམ་གྱི་དུ་བ་དང། གླ་སྒང་དང། ནས་ཚིག་འཁུས་པའི་ཐལ་བ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་ཏེ། ཁང་བཞག་ཅིང་ཁུ་བ་ཕྱིར་ཕོན་ཡང་།ལྐོག་མའི་ནད་ཅོག་འབྱང་བར་བྱེད་དོ།། ་ཡང་ན་རྒྱམ་ཚ་དང། བ་བླ་དང། ལྡོང་ངོས་དང། རྒྱ་སྐྱག་དང། སྐྱེར་པ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་ཏེ། ཁར་བཞག་ཅིང་བད་ཀན་དྲང་བ་ནི། ལྐོག་མའི་ནད་རྣམས་དང། ཁ་ནད་རྣམས་སེལ་བའི་མཆོག་ཡིན་ནོ། །ཤིང་ཚ་དང། སུ་ག་སྨེལ་དང། གན ་དྷི?་པ་ཏྲ་དང། ན་ལེ་ཤམ་དང། ནས་ཚིག་འཁུས་པའི་ཐལ་བ་དང། ཤིང་པ་ཏའི་ཐལ་བ་དང། ཤིང་ཀུ་ཤའི་ཐལ་བ་དང། ཚ་བ་རྣམ་ལྔ་ལ་པི་པི་ལིང་དང། པི་པི་ལིང་གི་རྩ་བ་དང། དབྱི་མོ་དང། ཀྲུ་ཏྲུག་ཏྲེས་དང། བཅའ་སྒ་རྣམས་ཀྱི་ཕྱི་མ་བུ་རམ ་དང་ཆུ་བསྐོལ་ཏེ། ཆོས་པར་བྱས་ནས་ཕྱིར་ཕྱུང་བ་དང་སྦྱར་ཏེ། རི་ལུར་བྱས་པ་ཁར་བཞག་ཅིང། ཁུ་བ་ཕྱིར་ཕོ་ན་ཡང་ལྐོག་མའི་ནད་སེལ་ཏོ། །སྐྱེར་པའི་རྩ་བའི་ཤུན་ལྤགས་དང། ཏེ་ཛེ་བ་ཏི་དང། པི་པི་ལིང་དང། སྐྱེར་ཁཎྜ་རྣམས་ཀྱི་སྔ་མ་བཞིན་དུ་བུ ་རམ་བསྐོལ་བ་དང་སྦྱར་ཏེ་རི་ལུར་བྱས་པ་ཁར་བཞག་ཅིང་ཁུ་བ་ཕྱིར་ཕོན་ཡང། ལྐོག་མའི་ནང་རྣམས་དང། ཁར་འབྲུམ་པ་འབྱུང་བའི་ནད་རྣམས་སེལ་ཏོ། །དུག་མོ་ཉུང་དང། བོ་ད་དཀར་པོ་དང། ཐང་ཤིང་དང། པ་ཐ་དང། པུ་ཙེ་ཤེལ་དང། གླ ་སྒང་རྣམས་བ་གཅིན་གྱི་ནང་དུ་བསྐོལ་ལ། བཞི་ཆ་ལུས་པ་བསྒྲངས་ཏེ། བཙགས་ནས་སྦྲང་རྩི་དང་སྦྱར་བ་མཐུངས་ན་ཡང་ལྐོག་མའི་ནར་སེལ་ཏོ།། །།ད་ནི་ཀླད་པའི་ནང་ཀྱི་བྱེ་བག་བཤེད། རླུང་ལས་གྱུར་པའི་ཀླད་པའི་ནང་ནི། ཀླད་པ་སྟོང ་པར་འདུག་པ་སྙམ་བྱེད་དང། ཟུག་ཅིང་ན་བ་ཡིན་ནོ། །མཁྲིས་པ་ལས་གྱུར་པ་ནི་ཤིན་ཏུ་ཚ་པ་ཡིན་ནོ། །བད་ཀན་ལས་གྱུར་པ་ནི་ལྕི་བ་བེམ་བེམ་པོར་འདུག་པ་ཡིན་ནོ། །གསུམ་ཆར་འདུས་པ་ལས་གྱུར་པ་ནི་མཚན་མ་ཐམས་ཅད་དང་ལྡན་པ་ཡིན་ནོ།། ་ཀླད་པའི་ནང་ན་སྲིན་བུ་ཡོད་པའི་ནད་ནི། གཡའ་ཞིང་བུག་སྟེ་ན་བ་ཡིན་ནོ། །ཀླད་པའི་ནང་ཉི་མ་བཞིན་དུ་འཁོར་བ་ཞེས་བྱ་བ་ཉི་མ་ཤར་ནས་ལྡང་བ་ཉི་མ་ནུབ?་ནས་ཞི་བར་འགྱུར་བ་དང། ཀླད་པའི་བྱེད་ན་བ་དང། འདི་གཉིས་ནི་རླུང་དང་མཁྲིས་པ་ལས ་གྱུར་པར་ཤེས་པར་བྱའོ། །ཀླད་པའི་ནང་ཟ་འགྲམ་དུ་ཟག་ཅིང་མི་བཟང་པར་ན་བ་ནི། རླུང་དང། ཁྲག་དང། བད་ཀན་ལས་གྱུར་པ་ཡིན་ཏེ། གསོར་མི་རུང་གི་སྤང་བར་བྱའོ། །དེ་ལ་རླུང་ལས་གྱུར་པའི་ཀླད་པའི་ནད་ལ་ནི། རླུང་ནད་གསོ་པའི ་སྨན་གྱི་ཆོ་ག་རྣམས་པའོ། །ཡང་ན་རླུང་སེལ་བའི་སྨན་གྱི་ཁུ་བ་ལས་གཞི་བླངས་ཏེ་སྦྱར་ཐུག་ཅེས་བྱ་བ། འབྲས་དང་ཏིལ་དང་མོན་སྲན་སྡེའུ་གསུམ་བསྲེས་པའི་ཐུག་པ་འམ། འབྲས་ཀྱི་འོ་ཐུག་ལ་སོགས་པས་མགོ་བསྐུ་ཞིང་དུགས་པར? ་བྱའོ། །ཡང་ན་པི་པི་ལིང་དང། རུ་རྟ་དང། ཤུ་ཏི་དང། ཨུཏཔལ་དང། ཙན་དན་རྣམས་ཀྱི་ཕྱི་མ། ཤིང་ཀརྐོ་ཏའི་ཁུ་བ་དང། ཏིལ་མར་གྱི་ནང་དུ་བསྐོལ་ཏེ། ཏིལ་མར་ཉི་ཚེ་ལུས་བ་བཙགས་པ་སྣར་བླུགས་སོ། །ཡང་ན་སྨན་གྱི་ཕྱེ་མ་དང། སྨན་གྱི་ཁུ ་བ་རྣམས་མ་དེ?་དང་སྦྱར་ཏེ། མགོ་བསྐུ་བར་བྱའོ། །ཡང་ན་ཤིང་མངར་དང། བ་བླ་དང། ར་སྣ་དང། རྩ་བ་བཅུ་པ་རྣམས་བསྐོལ་བའི་ཁུ་བ་དང། མར་གྱི་ནང་དུ་སྨན་འཚོ་བྱེད་ཅེས་བྱ་བ་སྣ་ཅུ་ལ་སོགས་པ་སྨན་རོ་མངར་བ་རྣམས་ཀྱི་ཕྱི? ་ཁ?་བསྐོལ་ལ། མར་མཚོ?་ལུས་བ་བཙགས་པ་ལས་རན་པར་འབུ་ངས?་ན། ནམ་ཚོང་ཡན་ཅད་ཀྱི་ནང་ཐམས་ཅད་སེལ་ཏོ། །ཇི་བ་ཀ་དང། རྦར་རྩི་བ་དང། རྐུན་དང། ཁ་ར་དང། ཤིང་མངར་དང། བ་ལ་དང། ཨུཏཔལ་རྣམས་ཀྱི་ཕྱེ་མ ་ཏིལ་མར་དང། འོ་མ་ཕྱེད་མའི་ནང་དུ་བསྐོལ་ལ། ཏིལ་མར་ཉི་ཚེ་ལུས་པ་བཙགས་ཏེ། རན་ཕར་སྣང་བླུགས་ན་རླུང་དང་མཁྲིས་པ་ལས་གྱུར་པའི་ཀླད་པའི་ནད་སེལ་ཏོ། །མཁྲིས་པ་ལས་གྱུར་པའི་ཀླད་པའི་ནད ་ལ་ནི། བལ་དང། སྟག་གི་སེན་མོ་དང། བུ་ཤེལ་ཙེ་དང། ཤིང་མངར་དང། ཨུཏཔལ་དང། ཙན་དན་རྣམས་ཀྱི་ཕྱེ་མ་འོ་མ་དང་ལྷན་ཅིག་ཏུ་བཏགས་ཏེ་མགོ་སྐུའོ། །ཡང་ན་འོ་མ་འམ། སྨན་བསིལ་བའི་ཁུ་བ་ལ་སོགས་པས་མགོ ་བོད་བླུགས་སོ། །ཡང་ན་ཤིང་ཙ་དང། གནདྷ་པ་ཏྲ་དང། ཁ་ར་རྣམས་ཀྱི་ཕྱེ་མ་འབྲས་བཀྲུས་པའི་ཁ་བ་དང་སྦྱར་ཏེ་བཙགས་ཏེ་སྣང་བླུགས་སོ། །ཡང་ན་རྒུན་དང། ཁར་དང། ཤིང་མངར་རྣམས་ཀྱི་ཕྱེ་མོ་མར་བང། འོ་མའི་ནང་མུ་བསྐོལ་ལ། མར་ཉི ་ཚེ་ལུས་པ་བཙགས་ཏེ་སྣར་བླུགས་སོ། །བད་ཀན་ལས་བྱུང་པའི་ཀླང་པའི་ནང་ཀྱིས་ཉམ་ཐག་པ་ལ་ནི། སྔར་ཤིང་མ་དྷ་ཀའི་སྙིང་པོ་ཆམ་ཆོམ་དུ་བརྡུངས་ཏེ་བསྐོལ་བའི། ཕུར་མས་ཕུར་བས་ཀླད་པ་དུགས་ཀྱིས་བདུག་གམ། ཡང་ན ་ཐང་ཤིང་དང། རོ་ཧི་ཤ་དང། ཤ་རཾ་ག་ཏ་དང། རྒྱམ་ཚ་དང། སྒྲེན?་ཤིང་རྣམས་ཀྱི་ཕྱེ་མ་ཆུ་དང་ལྷན་ཅིག་ཏུ་བཏགས་པས་མགོ་བསྐུས་ལ། དེའི་འོག་ཏུ་སྨན་སྣར་བླུགས་པས། སྣ་ནས་ཆུ་སེར་འབྱུང་བར་བྱའོ། །དེ་ལ་སྣ་ལས་ཆུ་སེར ་འབྱུང་པའི་སྨན་ནི། ཤུ་ཏི་དང། ཨེར་ཏཊའི?་རྩ་བ་དང། ཤུ་དག་དང། རྒྱ་སྦོས་དང། བྱ་གྷིའི་འབྲས་བུ་རྣམས་ཀྱི་ཕྱེ་མ། ཏིལ་མར་དང། ཆུའི་ནང་དུ་བསྐོལ་ལ། ཏིལ་མར་ཉི་ཚ་ལུས་པ་སྔར་བླུགས་ན། བླང་དང། བད་ཀན་ལས་གྱུར ་པའི་མིག་གནང་རབ་རིབ་དང། ནམ་ཚོང?་ཡིན་ཆད་ཀྱི་ནད་ཐམས་ཅད་སེལ་ཏོ། །ནད་གཞི་གསུམ་ག་ལས་གྱུར་པའི་ཀླད་པའི་ནད་ཡོད་པ་ལ་ནི། མར་རྙིང་པ་བཏུང་བར་བྱའོ། །ཡང་ནི་ནད་གཞི་གསུམ་ལ། ཕན་པའི་སྨན་གྱི། ཆོ་ག ་གང་ཡིན་བ་རྣམས་ཀྱང་བྱའོ། །སྲིན་བུ་ལས་གྱུར་པའི་ཀླད་པའི་ནད་ཡོད་པ་ལ། ཚ་བ་གསུམ་དང། །རྒྱ་སྤོས་དང། ཤིག་གྲུའི་ས་བོན་རྣམས་བསྐོལ་བའི་ཁུ་བ་སྣར་བླུགས་ན་སྲིན་བ་སེལ་ཏོ། །ཡང་ན་ཤིང་ཨ་བ་མརྒའི་འབྲས་བུ ་དང། ཚ་བ་གསུམ་དང། ཡུང་དང། བཤའ་བ་དང། ཤིང་ཀུན་དང། བྱི་དང་ཀ་དང། རྣམས་ཀྱི་ཕྱེ་མ་བ་གཅིན་དང། ཏིལ་མར་གྱི་ནང་དུ་བསྐོལ་ལ། ཏིལ་མར་ཉི་ཚ་ལུས་པ་བཙགས་ཏེ་སྣར་བླུགས་ན་སྲིན་པུ་སེལ་ཏོ། །གྲང་པའི ་ནད་ཉི་མ་གར་ནས་ནུབ་ཀྱི་བར་དུ་ན་བ་དང་ཀླད་པའི་ཕྱེད་ན་བ་གཉིས་ལ་ནི། ཐལ་ཏྲེས་དང། ཤིང་མངར་དང། རུ?་རྟ་རྣམས་ཀྱི་ཕྱེ་མ་རྩ་བས་སྐྱུར་པོ་དང་སྦྱང་ཏེ་མགོར་བྱུག་གོ། ཡང་ན་རླུང་དང་མཁྲིས་པ་ལ་ཕན་པའི་སྨན་བསྐོལ ་བའི་ཁུ་བས་མགོ་ར་བླུངས་པར་བྱའོ། །ཁ་ཟས་ནི་ཞི་ཏིའུ་ལ་སོགས་པ་རླུང་དང་མཁྲིས་པ་ལ་ཕན་བའི་ཁ་ཟས་བཟང་བར་བྱའོ། །སྣ་མའི་ཐལ་པ་དང། གླ་སྒང་དང། ཤིང་ཚ་དང། རས་བལ་གྱི་འབྲས་བུ་རྣམས་བསྐོལ་བའི་ཁུ་བ་དང། ་འམ། །?་ཞ་ཤིང་མངར་གྱི་ཕྱེ་མ་མར་དང་བསྐོལ་ལ་བཙགས་ཏེ་སྣར་བླུགས་ན་ཀླང་པའི་ནད་ཐམས་ཅད་སེལ་ཏོ། །ཡང་ན་གཅའ་སྒ་དང། བྱི་དང་ཀ་དང། ཤིང་མངར་རྣམས་ཀྱི་ཕྱེ་མ། བྲིང་གང་ཛ་བསྐོལ་བའི་ཁུ་བ་དང། ་མའི་ཕྱི་ནང་དུ་བསྐོལ་པ་ལས་ཐེགས་པ་དྲུག?་སྨར་བླུགས?་ན་ནམ་ཆོང?་ཡན་ཆད་ཀྱི་ནད་ཐམས་ཅད་སེལ་ཏོ།། །ད་ནི་སྦ་དཀར་པོའི་རྩི་བཤད་དེ། པྲ་བུཎྜ་རི་ཀ་དང། ཤིང་མངར་དང། པི་པི་ལིང་དང། ་ཨུཏཔལ་དང། ཙན་དན་རྣམས་ཀྱི་ཕྱེ་མ། སྐྱུ་རུ་ང་བསྐོལ་པའི་ཁུ་བ་དང། ཏིལ་མར་གྱི་ནང་དུ་བསྐོལ་ལ། ཏིལ་ཉིན་ལུས་པ་སྣར་བླུགས་ན། སྐྲ་དཀང་བ་དང། སྐྲ་སེང་བ་མེད་པར་བྱེད། །ཡང་ན་སྨན་ར་མ་དང། ཤེ་ལུ་དང་ཏིལ་དང ་བ་རུ་ར་རྣམས་ཀྱི་མར་བྲིང་ག་ར་ཛ་དང། ནི་ལི་དང། ཀུ་རན་དྷ་དང། ཤྲི་ཤ་རྣམས་ཀྱི་ཁུ་བ་དང་བསྐོལ་ཏེ། མར་ཉི་ཚེ་ལུས་པ་ལས་རྟག་ཏུ་སྣར་བླུགས་ན་སྐྲ་དཀར་མེད་པར་གྱུར། །རྨ་བྱའི་མཁྲིས་པ་དང། པདྨའི་རྩ ་བ་དང། ཤིང་ལ་ཀོ་དང། མ་ཏ་ཡན་ཏི་དང། སྟང་ཟིལ་དང། ཨུཏཔལ་དང། ནི་ལི་དང། བྷིང་ག་ར་ཛ་དང། ནག་ཚུར་རྣམས་ཀྱི་ཕྱེ་མ། བ་རུ་རའི་མར་དང། ཆུའི་ནང་དུ་བསྐོལ་ཏེ། བ་རུ་རའི་མར་ཉི་ཚེ་ལུས་པ་བཙགས་ལ་ཟླ་བ་གཅིག ་གི་བར་དུ་ལྕགས་ཀྱི་སྣོད་དུ་བཞག་སྟེ། མགོ་བསྐུ་ཞིང་སྣར་བླུགས་ན། དེ་མ་ཐག་ཏུ་དུས་ལ་མ་བབ་པར་སྐྲ་དཀར་བ་དང། དུས་ལ་བབ་སྟེ་སྐྲ་དཀར་བ་མེད་པར་བྱེད་དོ། །ལྕགས་ཀྱི་ཕྱེ་མ་དང། རྒྱམ་ཚ་དང། འབྲས་རྣམས་རྩ་བས་སྐྱུར ་བོ་དང། ཚྭ་དང། ཞོ་ཁ་ཆུ་རྣམས་གང་ཡང་རུང་བའི་ནང་དུ་བསྐོལ་བས་ནུབ་མོ་མགོ་ལ་བྱུགས་ལ། ནད་བར་འབྲས་བུ་གསུམ་བསྐོལ་བའི་ཁུ་བས་བཀྲུས་ན་སྐྲ་ནག་པོར་འགྱུར་རོ། །སྐྲ་འཁོར་ལིང་དུ་བྱི་བ་ལ་ནི། སྨན་སྲ་ཧ་ཏའི ་ཁུ་བ་སྦྲང་རྩི་དང་སྦྱར་ཏེ། བསྐུས་ན་སྐྱེ་བར་འགྱུར་རོ། །ཡང་ན་འོ་མ་སེའི་རྩ་བ་དང། འབྲས་བུ་གང་ཡང་རུང་བ་བ་གཅིན་དང་སྦྱར་བའམ། ཡང་ན་གོ་བྱེའི་ཁུ་བས་བྱུག་པར་བྱའོ། །ཤིང་བ་ཏའི་མྱུ་གུ་དང། བྲིང་ག་ར་ཛའི་ཕྱི་མ། སླེ ་ཏྲེས་ཀྱི་ཁུ་བ་དང་སྦྱར་ཏེ། ཉིན་ཚན་གྱི་དྲོད་ཀྱིས་བསྲོས་པས་བསྡུས?་ན་ཡང། སྐྲ་མི་སྐྱེ་བ་སྐྱེ་བར་འགྱུར་རོ། །མིག་ནད་ལ་ཕན་པར་འདོད་པས་ནི་རྟག་ཏུ་མར་བཏུང་བ་དང། འབྲས་བུ་གསུམ་གྱི་སྨན་སྦྱར་བ་དང། གཏར་ག་གདབ་པ ་དང། བཀྲུ་སྨན་བཏང་ཞིང་ཁ་ཟས་སུ་འབྲས་དང། མོན་སྲན་སྡེའུ་དང། ནས་དང། རི་དགས་སྐམས་ན་གནས་པའི་ཤ་བཟའ་བར་བྱའོ། །མིག་སྨན་གྱི་རྒྱུད་ཀྱི་ལེའུ་རྩ་དྲུག་བརྫོགས་སོ།། །།སྨན་དཔྱད་གཅེས་པ ་གྲུབ་བ་ཞེས་བྱ་བ། བམ་པོ་བདུན་པ་སྟེ་ཐ་མའོ། །དེ་ནས་དུག་གསོ་པའི་རྒྱུད་ཀྱི་ལེའུ་བཤད་པར་བྱའོ། །དུག་ནི་རྩི་དུག་དང། སྡིག་སྤྲུལ་གྱི་ཟ་དུག་དང། རྣམ་པ་གཉིས་སོ། །དེ་ལ་རྩི་དུག་ནི་རྩ་བ་ལ་སོགས་པའི་རང་བཞིན། །ཕྱི་མ་ནི་སྦྲུལ་ལ ་སོགས་པ་ལས་བྱུང་བ་ཡིན་ནོ། །དུག་ལ་ཕན་གནོད་རྣམ་པ་བཅུ་ཡོད། ཡ་ང་བ་དང། རོ་མི་བོ་བ་དང། ཆ་ཕྲས་ཏེ་རྩར་འགྲོ་བ་དང། རྩུབ་པ་དང། དྲོད་ཆེ་བ་དང། མྱུར་བ་དང། ཁྱབ་པ་དང། བད་ཀན་བསྡུད་ཅིང་འདྲེན་པ་དང། དྲི་སྦྱོར ་བ་དང། རྣོ་བ་སྣམས་ཡིན་པར་བཤད་དོ། །སྦྲུལ་ནི་མགོ་ཆེ་བའི་རིགས་དང། ལུས་འཁྱིལ་བའི་རིགས་དང། ཁྲ་བོའི་རིགས་འདི་གསུམ་གྱི་བྱེ་བྲག་ལས་?་རླུང་གི་རང་བཞིན་ཅན་དང། མཁྲིས་པའི་རང་བཞིན་ཅན་དང། བད་ཀན ་གྱི་རང་བཞིན་ཅན་དང་གསུམ་ཡོད་པར་བཤད་དེ། གོ་རིམ་བཞིན་དུ་སོ་སོར་སྦྱར་རོ། །རིགས་འདྲེས་པ་ནི་མཚན་མ་གཉིས་གཉིས་འདྲེས་པ་དང་ལྡན་པ་ཡིན་ནོ། །དེ་ལ་སྦྲུལ་མགོ་ཆེན་པོའི་རིགས་ཀྱིས་ཟིན་པ་ནི། རྨ་ཁ་གནག་པ་ཡིན ་ནོ། །རླུང་ནད་ཀྱི་ནམ་གྲངས་དང། མཚན་མ་ཐམས་ཅད་བསྐྱེད་དོ། །སྦྲུལ་ལུས་ཁྱིལ་བའི་རིགས་ཀྱིས་ཟིན་བ་ནི། རྨ་ཁ་ཆེ་ལ་མདོག་སེར་ཞིད་སྐྲང་པ་ཡིན་ཏེ། མཁྲིས་པའི་ནད་གྱི་སྣ་གྲངས་དང། མཚན་མ་ཐམས་ཅད་སྐྱེད་དོ།། ་སྦྲུལ་ཁྲ་བོའི་རིགས་ཀྱིས་ཟིན་པ་ནི། སྨ་དཔལ་སྐྱ་ཞིང། སྒང་བ་མྱུར་དུ་འཇུབ་ཏུ་མི་བཏུབ་ལ་འབྱིལ?་ཞིང་སྣུམ་པ་དང། ཁྲག་འཛག་པ་ཤིན་ཏུ་སྐ་བ་རྣམས་ཡིན་ཏེ། བད་ཀན་གྱི་ནད་ཀྱི་སྣ་གྲངས་དང། མཚན་མ་ཐམས་ཅད་སྐྱེད་དོ།། ་རྒྱུ་སྐར་མཆུ་དང། ལག་དང། སྨིན་དྲུག་དང། སྐག་དང། བྲ་ཉི་དང། གྲེ་དང། ཆུ་སྟོད་དང། ཁྲུམ་སྨད་རྣམས་ཀྱི་ཉེས་པར་སལ་གྱིས་ཟིན་པ་ནི་ཤིན་ཏུ་བསྒྲིམས་ན་འགའ་ཞིག་འཚོ་བར་འགྱུར་རོ། །ཚེས་བཞི་དང། ལྔ་དང། ་དྲུག་དང། དགུ་དང། ཉི་ཤུ་དགུ་དང། དུས་ཚིགས་གཉིས་ཏེ། ནམ་ལངས་ཀ་དང། ནམ་ཚབ་ཚུབ་དང། འདི་རྣམས་ཀྱི་དུས་ཀྱི་སྦྲུལ་གྱིས་ཟིན་པ་ཡང་མི་བཟང་པ་ཡིན་པར་བཤད་དོ། །སྦྲུལ་གྱིས་?་པ ་ལས། སྐར་འབྱི་བ་དང། ལུས་ཕྲུགས་སམ། བླུད་ན། རྗེས་མི་སྣང་བ་དང། ཤིན་ཏུ་གྲང་མོས་ཀྱང་བ་སྤུ་མི་ལྡང་ཞིང། གྲང་འབྲུམ་མི་འབྱུང་བ་གང་ཡིན་པ་དེ་ནི་སྤང་བར་བྱའོ། །དེ་ལ་ཐོག་མ་ཟིན་མ་ཐག་ཏུ་སྙིང་ལ་དུག་མི་འཛེན་པར ་བསྲུང་བའི་ཕྱིར་སྨྱུར་ཏེ་མར་སྦྱིན་ནོ། །དེ་ནས་གང་ཟིན་པ་བཅིང་བ་དང། བརྡབས་རུ་ལ་སོགས་པས་གཞིབ་ཅིང་དྲང་བ་དང། གར་ཟིན་པ་ཆུབ་ཀོར་དུ་བཅས་པ་དང། རྨ་ཁ་སྲེག་པ་དང། རྨ་ཁ་དང། ཉེན་ཀོར་ནས་གཏར་ཞིང ་ཁྲག་དབྱུར་བ་རྣམས་བྱ་བར་བཤད་དོ། །དེ་ལ་སྦྲུལ་མགོ་ཆེན་པོའི་རིགས་ཀྱིས་ཟིན་པ་ལ་ནི། ནིར་རྒུན་ཐི་དང། ཤྭེ་ཏའི་ཁུ་བ་འཐུངས་ན་སེལ་བར་འགྱུར་རོ། །ཡང་ན་སྲིན་བུ་བ་ར་ཛའི་རྩ་བའི་ཕྱེ་མ་རང་གི་ཁུ་བ་དང་བརྫིས་ཏེ་སྐམས་ལད་སླར ་ཡང་རྫི་ཞིང་སྐམ་པ་དེ་ལྟ་བུར་ལན་མང་དུ་བསྐོལ་ཏེ་བཏུང་བར་བྱའོ། །སྦྲུལ་ལུས་འཁྱིལ་བའི་རིགས་ཀྱིས་ཟིན་པ་ལ་ནི། ཤིང་པ་ཏའི་ཡལ་གའི་ཐོར་ཏོ་དང། བཙོད་དང། ཛི་བ་ཀ་དང། ཟད་ཙི་བ་དང། ཁ་ར་དང། ཏཾ?་པལ་དང། ་ཤིང་མངར་རྣམས་ཀྱི་ཕྱེ་མ་འབྲས་བཀྲུས་པའི་ཁུ་བ་འམ། ཆུ་བསྐོལ་ཏེ་བསྒྲངས་པ་དང་སྦྱར་བ་བཏུང་ངོ། །སྦྲུལ་ཁྲ་བོའི་རིགས་ཀྱིས་ཟིན་པ་ལ་ནི། ཧ་རེ་ནུ་ཀ་དང། རུ་རྟ་དང། རྒྱ་སྤོས་དང། ཚ་བ་གསུམ་དང། བུ་རྩེ་ཤེལ་དང། བོ་ང ་དཀར་པོ་དང། ཤིང་མངར་དང། ཁྱིམ་གྱི་དུད་པ་རྣམས་ཀྱི་ཕྱེ་མཆུ་བསྐོལ་བ་གྲང་མོ་དང་སྦྱར་ཏེ། འཐུངས་ན་དུག་སེལ་བར་བྱེད་དོ། །སྤང་སྤོས་དང། ཙན་དན་དང། རྒྱམ་ཚ་དང། པི་པི་ལིང་དང། ཤིང་མངར་དང། ན་ལེ་རྣམ?་དང ་ཨུཏཔལ་དང། བ་ལང་གི་མཁྲིས་པ་རྣམས་ཀྱི་ཕྱེ་མ་ཆུ་དང་སྦྱར་ཏེ་བཙགས་ལ་མིག་བསྐུས་ན་དུག་གིས་ཕོག་སྟེ་བརྒྱལ་བ་སླར་ལངས་པར་འགྱུར་རོ། །ཡང་ན་ནཀྟ་མ་ལ་དང། པོ་སོན་ཆ་དང། ཚ་བ་གསུམ་དང། བིལྦའི་རྩ་བ་དང། ཡུང་དང། ་སྐྱེར་པ་དང། བྱིའུ་རུག་གི་མེ་ཏོག་དང། འདི་རྣམས་ཕྱེ་མར་གཅིན་དང་སྦྱར་ཏེ་བཙགས་པས་མིག་བསྐུས་ན་ཡང་སླར་དྲན་པར་འགྱུར་རོ། །མ་ཡུ་ར་ཀའི་ས་བོན་དང། ཤི་རི་ཤའི་ས་བོན་དང། རྒྱམ་ཚ་རྣམས་ཀྱི་ཕྱེ་མ་འཾ། ་ཡང་ན་ནས་དང། པོ་སོན་ཆའི་ས་བོན་དང། པ་ཏ་རྣམས་ཀྱི་ཕྱེ་མ་ཆུ་དང་སྦྱར་ཏེ་བཙགས་པ་སྣར་བླུགས་ན་ཡང་སླར་དྲན་པར་འགྱུར་རོ། །སྨན་ཀརྐོ་ཏའི་རྩ་བའི་ཕྱེ་མ་ར་གཅིན་གྱིས་ལན་མང་དུ་བསྒོས་ལ། རྩབས་དང། ་ལྷན་ཅིག་ཏུ་བཏགས་ཏེ་བཙགས་པ་སྣང་བླུགས་ན་ཡང་དུག་གིས་སེམས་ཉམས་པར་བྱས་པ་ལས་སླར་དྲན་པར་འགྱུར་རོ། །ཤི་རི་ཤ་དང། ཨ་རི་ཤཏ་དང། ནཀྟ་མ་ལ་དང། བ་ལ་དང། ཀོ་ཤ་ཏ་ཀའི་འབྲས་བུ་རྣམས་ཀྱི་ཕྱེ་མ ་པ་གཅིན་དང་ལྷན་ཅིག་ཏུ་བཏགས་ཏེ། བཙགས་པ་ནི་དུག་སྨན་གྱི་མཆོག་ཡིན་ཏེ། བཏུང་བ་ལ་སོགས་པ་བྱས་ན་དུག་སེལ་བར་བྱེད་དོ། ། ཀོ་ཏ་དང། ཨ་རིཤཏ་དང། དྷ་ཏུ་ར་དང། སྣུ་ཧ་ཀྵི་རི་དང། ཀ་རཉྫ་དང། ཨ་ཤོ་མ ་ར་དང། པུ་ན་རྣ་བ་དང། ཀྲུ་ཏྲུག་ཏྲེས་དང། ཕ་ལི་དང། སྣ་མའི་མེ་ཏོག་དང། དུག་མོ་ཉུང་གི་ཤུན་ལྤགས་དང། ཨརྐ་རྣམས་སྦྱར་བ་ཡང་དུག་སྨན་ཆེན་པོ་ཡིན་ནོ། །རྒྱ་སྤོས་དང། ན་ལེ་ཤམ་དང། ལྡོང་རོས་དང། ཐང་ཤིང ་དང། ནཀྟ་མ་ལ་དང། ཨརྐ་དང། ཡུད་དང། སྐྱེར་པ་དང། ཤི་རི་ཤ་དང། པི་པི་ལིང་རྣམས་སྦྱར་བ་ཡང་དུག་སྨན་གྱིན་ཏེ། དུག་སེལ་བར་བྱེད་དོ། །སྐུ་བ་རོ་ཁ་བའི་ས་བོན་བ་ལང་གི་མཁྲིས་པ་དང་ལྷན་ཅིག་ཏུ་བཏགས་པ་འདི་ནི། ་ཚངས་པའི་དུག་སྨན་ཅེས་བྱ་སྟེ། བཏུང་བ་ལ་སོགས་པ་བྱས་ན་དུག་ཐམས་ཅད་སེལ་ཏོ། །ཤི་རི་ཤིའི་རྩ་བ་དང། ཤུན་ལྤགས་དང། ལོ་མ་དང། མེ་ཏོག་དང། ས་བོན་རྣམ་པ་འདི་ལྔ་བ་གཅིན་དང་ལྷན་ཅིག་ཏུ་བཏགས་པའི་སྨན ་འདི་ཡང་དུག་སེལ་བ་ཡིན་ནོ། །བཙོད་དང། སུག་སྨེལ་དང། ཡུང་དང། སྐྱེར་པ་དང། རྒྱ་སྐྱགས་དང། སྤང་སྤོས་དང། ཤིང་མངར་དང། ཧ་རེ་ནུ་ཀ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བ་འདི་ཡང། དུག་སྨན་ཡིན་ཏེ། དུག་སེལ་བ་དང། བརྒྱལ་བ་ལས ་སླར་དྲན་པར་བྱེད་པ་ལ་སོགས་པའི་ལས་ཐམས་ཅད་བྱེད་དོ། །ལན་ཚྭ་རྣམ་པ་ལྔ་དང། ཤིང་ཉེ་རོང་དང། དནྟི་མུ་ལ་དང། བ་ཤི་ལ་དང། ཚ་བ་གསུམ་དང། ཡུང་དང། སྐྱེར་པ་དང། བཅོད་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བའི་དུག་སྨན་དྭའི་ནང ་དུ་བཞག་པ་ཡང་ལས་ཐམས་ཅད་བྱེད་པ་ཡིན་ནོ། །ཙན་དན་དང། བ་བླ་དང། ལྡོང་རོས་དང། རུ་རྟ་དང། ཤིང་ཚ་དང། གནདྷ་པ་ཏྲ་དང། སུག་སྨེལ་དང། གླ་སྒང་དང། ཡུངས་ཀར་དང། སྤང་སྤོས་དང། ཤུག་པ་དང། རྒྱ་སྦོས་དང། གུར་གུམ ་དང། བྱེའུ་རུག་པ་དང། ཨེ་ཀ་ཧཱ་དང། སྨྱིག་རྐང་དང། སྤྲི་ཀ་དང། ཤིང་ཀུན་དང། བ་ལ་ཀ་དང། ལ་མཙྪ་དང། ཤུ་ཏི་དང། གནདྷ་པྲི་ཡཾ་ཀུ་རྣམས་ཀྱི་ཕྱེ་མ་སྦྱར་བའི་དུག་སྨན་གྱི་མིང་ནི། ཟླ་ཤར་ཅེས་བྱ་སྟེ་དུག་ཐམས་ཅད་འཇོམས་པར་བྱེད་དོ། །ཤིང ་ཉེ་རོང་དང། ནག་གེ་སར་དང། པ་ཏ་ལི་དང། པི་པི་ལིང་དང། བཙོད་དང། ཀི་ནི་ཧི་དང། ལྡོང་རོས་དང། གོ་བྱི་ཏ་ར་དང། ན་ལེ་ཤམ་དང། རྒྱ་སྤོས་དང། ཡུང་དང། སྐྱེར་པ་དང། པོག་དཀར་པོ་དང། ཨ་བ་ར་ཛི་ཏ་དང།། བྲི་ཧ་ཏཱི་དང། ཤིང་མངར ་རྣམས་ཀྱི་ཕྱེ་མ་བ་གཅིན་དང་ལྷན་ཅིག་བཏགས་པའི་དུག་སྨན་འདིའི་མིང་ནི། གཉི་ཤར་ཅེས་བྱ་སྟེ། དུག་དང། གདོན་ཐུབ་བོ། །ི་ཤྭ་ར་དང། ཆུ་ཤིང་དང། ན་གི་དང། ཙན་དྲ་དང། ཤྭེ་ཏ་དང། མོན་སྣེའུ་དམར་རུ་དང། ནི་རྒུན་ཏི་རྣམས ་སྦྱར་བ་འམ། ཡང་ན་རེ་རེ་ཡང་རུང་སྟེ་དུག་གསོད་པའི་མཆོག་ཡིན་ནོ། །རྒྱ་སྐྱགས་ཤིང་གི་ཐལ་བ་བ་ཆུ་དང་སྦྱར་ཏེ་བཙགས་ལ། དྲི་མ་དང། སྙིགས་མ་བོར་བའི་ནང་དུ་།ཧ་རེ་ནུ་ཀ་དང། རུ་རྟ་དང། རྒྱ་སྤོས་དང། ཚ་བ་གསུམ་དང། བྱེའུ་རུག་པ་དང། ཐལ ་ཏྲེས་དང། གླ་སྒང་དང། སྤང་སྤོས་དང། ཤིན་ཀུན་དང། ཡུང་དང། སྐྱེར་པ་དང། ཤིང་མངར་དང། བྱི་དང་ག་དང། རྒྱམ་ཚ་རྣམས་ཀྱི་ཕྱེ་མ་བསྐོལ་ཏེ། གཟར་བུ་ལ་ཆགས་སུ་བཏུབ་པ་ཙམ་དུ་ཚོས་ནས། རྭའི་ནང་དུ་བཞག་པ་ལས་ནང་རེ་བཞིན་ཀྱ་ཤུག ་གི་འབྲུམ་བུ་ཙམ་རེ་རེ་འབྲས་བཀྲུས་པའི་ཁུ་བའམ། འོ་མ་འམ་ཆར་པའི་ཆུ་གང་ཡང་རུང་བ་དང་སྦྱར་ཏེ་འཐུངས་ན་དུག་གོ་མཐུ་ཆེན་པོ་ཡང་སེལ་ཅིང། གཅོང་དང། སྐྲན་དང། དམུ་རྫིང་དང། གཞང་འབྲུམ་དང། གཅིན་སྙི་བའི་ནད་དང། དྲོད་ཆུད ་པ་དང། རིམས་རྣམས་མེད་པར་བྱེད་དོ། །ཡང་ན་དུག་འཐུངས་པ་ལ། བ་ལང་གི་གཅི་བའི་ཁུ་བ་སྦྲང་རྩི་དང་སྦྱར་བའི་སྐྱུགས་སྨན་བླུད་དེ་སྐྱུག་ཏུ་གཞུག་གོ། དུག་སྨན་གྱི་སྦྱོར་བ་མང་པོ་རྣམས་ལས་གང་གཏོང་ཡང་རུང་སྟེ། ཐོག་མར་སྙིང་ལ་དུག ་མི་འཇེན?་པར་བསྲུང་བའི་ཕྱིར། སྨྱུར་ཏེ་མར་བླུད་པར་བྱའོ། །རྩ་བའི་དུག་དང། མངའ་དུག་ཅན་གྱིས་རྨས་པ་ལ་ནི། ཡུང་དང། རྒྱམ་ཚ་དང། སྦྲང་རྩི་རྣམས་སྦྱར་པའི་མར་མཆོག་ཏུ་བཟང་སྟེ་བཏུང་བར་བྱའོ། །ཟངས་དང། གསེར་གྱི་ཕྱེ་མ ་ཁ་ར་དང་སྦྲང་རྩིས་སྦྱར་བའི་ལྡེ་གུ་ཟོས་ན་དུག་སྦྱར་མ་ཤིན་ཏུ་དྲག་པོ་ཐམས་ཅད་ཀྱང་ཞི་བར་བྱེད་དོ། །སྡིག་པས་ཟིན་པ་ལ་ནི། ཤིང་ཏ་ལའི་ལོ་མ་དང། ནིམཔའི་ལོ་མ་དང། སྐྲ་དང། རས་རྙིང་པ་རྣམས་མར་དང་སྦྱར་ཏེ། བསྲེགས་པའི་དུད ་པ་དང། ཡང་ན་རྨ་བྱའི་སྒྲོ་འོ་མ་དང་སྦྱར་ཏེ་བསྲེགས་པའི་དུད་པས་བདུག་པར་བྱའོ། །ཡང་ན་པ་ལ་ཤའི་ས་བོན་ཤིང་ཨ་རྐའི་འོ་མ་དང་ལྷན་ཅིག་བཏགས་པའི་ལྡེ་གུ་དང། ཡང་ན་པི་པི་ལིང་དང། ཤི་རི་ཤའི་འབྲས་བུ་སྦྱར་བའི ་ལྡེ་གུས་རྨ་ཁར་བསྐུས་ན་སྡིག་པའི་དུག་གིས་ཉམ་ཐག་པ་སེལ་ཏོ། །ཡང་ན་ལྡོང་རོས་དང། རྒྱམ་ཚ་དང། ཤིང་ཀུན་དང། སྣ་མའི་ལོ་མ་དང། བཅའ་སྒ་རྣམས་ཀྱི་ཕྱེ་མ་བ་ལང་གི་ལྕི་བའི་ཁུ་བ་དང་སྦྱར་ཏེ། ? ་ལ་རི་ལུ་བྱས་པ་ཡང་སྡིག་པའི་དུག་གིས་ཉམ་ཐག་པ་སེལ་ཏོ། །བྱི་བའི་སོས་ཟིན་པའི་དུག་ལ་ནི་།ཏིལ་གྱི་རྩ་བ་དང། ཀརྐོ་ཏའི་རྩ་བ་དང། ཏི་ལ་ཀའི་རྩ་བ་དང། གིརྣི་ཀརྣི་ཀ་རྩ་བ་རྣམས་ཀྱི་ཕྱེ་མ་ཁར་དང། སྦྲང་རྩི་དང་མར་དང ་སྦྱར་ཏེ། འཐུངས་ན་བྱི་བས་ཟིན་པའི་དུག་སེལ་ཏོ། །ཡང་ན་བྱི་བས་ཟིན་པའི་དུག་ལས། ཧ་ཙ་རའི་རྩ་བའི་ཕྱེ་མ་དང། སྦྲང་རྩི་འབྲས་བཀྲུས་པའི་ཁུ་བ་དང་སྦྱར་བ་འམ། །ཡང་ན་ཏིལ་ཀའི་མེ་ཏོག་དམ། ལོ་མ་གང་ཡང་རུང་བ ་འོ་མ་དང་ལྷན་ཅིག་ཏུ་བཏགས་ཏེ་བཏུང་བར་བྱའོ། །ཡང་ན་བྱི་ལའི་ཤ་འ་མ། ནེའུ་ལེའི་ཤ་གང་ཡང་རུང་བ་བཙོས་པའི་ཁུ་བ་འཐུངས་ནི། བྱི་བས་ཟིན་པའི་དུག་བླ་གཉན་གྱི་ནང་དང་བཅས་པ་ཡང་མྱུར་དུ་སེལ་ཏོ། །ཁྱི་སྨྱོན་གྱིས ་ཟོས་པ་ལ་ནི། ཤིང་ཨ་ཀོ་ཏའི་ཡལ་ཀའི་ཐོར་ཏོ་དང། རྩ་བ་བསྐོལ་ཏེ། གདུས་པའི་ཁུ་བ་སྲང་གསུམ་གྱི་ནང་དུ་།ཞུན་མར་སྲང་གཅིག་བཏབ་སྟེ། འཐུངས་ན་ཁྱི་སྨྱོན་གྱིས་ཟིན་པའི་དུག་སེལ་ཏོ། །ཡང་ན་བུ་མར་དང། ཏིལ་བཏགས ་པའི་ཕྱེ་མ་ཤིང་ཨརྐའི་འོ་མ་དང། ཏིལ་མར་གྱིས་སྦྱར་ཏེ། འཐུངས་ན་ཁྱི་སོ་གདུག་པས་ཟིན་པའི་དུག་འཚོ་དཀའ་བ་ཡང་མྱུར་དུ་སེལ་བར་བྱེད་དོ། །སྲོག་ཆགས་ཕྲ་མོའོ་ཅོག་གིས་ཟིན་པའི་དུག་སྨན་ནི། ནས་ཚིག་འཁུས་བའི་ཐལ ་བ་དང། སྭ་རྩི་གའི་ཐལ་བ་དང། ཚེ་བ་གསུམ་དང། ཤུ་དག་དང། ཤིང་ཀུན་དང། བྱི་ད་ཀ་དང། རྒྱམ་ཚ་དང། རྒྱ་སྤོས་དང། ཨཾ་བརྟ་དང། བོ་ར་དཀར་པོ་དང། རུ་རྟ་རྣམས་ཀྱི་ཕྱེ་མ། འབྲས་བཀྲུས་པའི་ཁུ་བ་དང་བཏང་ཞིང ་བསྐུ་བར་བྱའོ། །ཤིང་ཉེ་རོང་གི་རྩ་བ་དང། མོན་སྣེའུ་དམར་རུའི་ཕྱེ་མ་ཆ་བསྙམས་ཏེ། མར་དང་སྦྱར་བ་འཐུངས་ན་ཡང་སྲོག་ཆགས་ཕྲ་མོ་ཐམས་ཅད་ཀྱི་དུག་ཤིན་ཏུ་མཐུ་ཆེ་བ་ཡང་མྱུར་དུ་སེལ་ལོ། །ཡང་ཕུག་རོ་ནི་གྱི་རྟུག་པ་དང། དན་ཏི་མུལ་དང། ? ་གི་སོ་དང། རྒྱམ་ཚ་དང། ཤིང་ཉེ་རོང་དང། ལེ་བརྒན་རྩིའི་ས་བོན་དང། སླུ་ཧ་ཤི་རི་དང། ཀྲུ་ཏྲུག་ཏྲེས་དང། ཀརཱི་ཀར་རྣམས་སྦྱར་བ་ཡང་སྲོག་ཆགས་ཕྲ་མོའི་དུག་སེལ་བའི་མཆོག་ཡིན་ནོ། །ཙནདན་དང། ཤུག་པ་དང། རུ་རྟ་དང། རྒྱ་སྤོས་དང། པུ་ཤེལ ་ཙེ་དང། པ་ཏ་ལ་དང། ནི་རྒུན་ཐི་དང། ཐལ་ཏྲེས་དང། ཤེལ་ལུ་རྣམས་སྦྱར་བ་ནི་སྲོག་ཆགས་ཕྲ་མོ་ཁ་དུག་གོ་ཅོག་གི་དུག་སེལ་བའི་སྨན་ཡིན་ནོ། །ཀ་པིཏྠ་དང། པ་ཏ་ལི་དང། ཤེ་ལུ་དང། ཤི་རི་ཤ་དང། པུ་ན་རྣ་བ་རྣམ་གཉིས་དང། ཤྭེ་ཏ་རྣམ་གཉིས་དང། ་འདི་རྣམས་སྦྱར་བ་ཡང་སྲོག་ཆགས་ཕྲ་མོ་ཁ་དུག་གོ་ཅོག་གི་དུག་ཐམས་ཅད་སེལ་བའི་སྨན་ཡིན་ནོ། །སྡིག་པས་ཟིན་པའི་དུག་མ་གཏོགས་པ། དུག་གིས་ཉམ་ཐག་པ་གཞན་ཐམས་ཅད་ལ་ནི། ཁ་ཟས་དང། སྨན་ལ་སོགས་པ་བསིལ་བའི་ཚོགས་རྣམས ་བའོ?། །དུག་གིས་ཕོ་གོ་ཅོག་ལ་ཁྲོ་བ་དང། ཉི་མ་ལ་འདུག་པ་དང། ཉིན་པར་ཉལ་པ་དང། ཉལ་པོ་རྣམས་བྱར་མི་རུང་ངོ། །དུག་གིས་ཕོག་པ་ལས་རིམ་པ་ལ་སོགས་པའི་བླ་གཉན་གྱིས་ནང་གཞན་གྱིས་ཐེབས་བ་རྣམས་ལ་ནི། སོ་སོའི་སྨིན་གང ་ཡིན་?་།?་ཏེ་གསོ་བར་བྱའོ། །དུག་གིས་ཉམ་ཐག་བ་རྣམས་ལ་ཁ་ཟས་ཀྱང་ཚ་བ་བསྐྱེད་པར་མི་འགྱུར་བའི་རྣམས་བཟའ་ཞིང་བཏུང་བར་བྱའོ། །དུག་གསོ་བའི་རྒྱུད་ཀྱི་ལེའུ་སྟེ། ཉི་ཤུ་རྩ་བདུན་པ་རྫོགས་སོ།། །།དེ་ནས ་སྤྲན་བཅུད?་ཀྱིས་ལེན་དང། རོ་ཙ་བར་བྱ་བའི་རྒྱུད་ཀྱི་ལེའུ་བཤད་པར་བྱའོ། །དེ་ལ་སྨན་གང་སྐྲ་དཀར་བ་དང། ན་བ་མེད་པར་བྱེད་པ་དེ་ནི་བཅུད་ཀྱི་ལེན་ཅེས་བྱ་བ་ཡིན་ནོ། །དེ་ཡང་ན་ཚེད་དང། ཕོ་གཞོན་ནུའི་ཚེ་འམ། ཡང་ན་བར་མའི ་ཚེ་བསྒྲུབ་པར་བྱས་ཏེ། སྔར་སྐྱུགས་སྨན་དང། བཀྲུ་སྨན་དང། ཁྲུས་ལ་སོགས་པས་ལུས་ཀྱི་ཕྱི་ནང་དག་བར་བྱས་ནས་རྩམ་པར་བྱའོ། །དེ་ལ་སྒྲུབ་པའི་ཐབས་ནི། མར་དང། སྦྲང་རྩི་དང། ལྕགས་ཀྱི་ཕྱེ་མ་དང། ་སྐྱུ་རུ་རའི་འབྲས་བུའི་ཕྱེ་མ་རྣམས་སྦྱར་བས་བུམ་པ་བཀང་ལ། ལོ་ཕྱེད་ཀྱི་བར་དུ་ནས་ཀྱི་དཀྱིལ་དུ་བཞག་པ་ལས་རྒྱུན་ཏུ་དྲན་པར་ཟོས་ན། སྐྲ་དཀར་པོར་གྱུར་པ་མེད་པར་བྱེད་དོ། །ཡང་ན་ཨ་རུ་ར་དང། པི་པི་ལིང་དང། བྱི་དང ་ག་དང། སྐྱུ་རུ་ར་དང། ཁར་རྣམས་ཀྱི་ཕྱེ་མ་དང། ལྕགས་ཀྱི་ཕྱེ་མ་རྣམས་མར་དང། ཏིལ་མར་དང་སྦྱར་ཏེ་ཟོས་ན་རྒ་བས་མི་ཚུགས་སོ། །བྱི་དང་ག་དང། སཔཏ་པརྣ་དང། སྐྱུ་རུ་ར་དང། ལྕགས་ཀྱི་ཕྱེ་མ་རྣམས་སྒྲང་རྩི་དང། མར་དང ་ཏིལ་མར་རྣམས་དང་སྦྱར་བ་ཇི་སྟེ་མིས་ཟོས་ནས་གཞོན་ནུར་གྱུར་པ་དེ་ནི་ངོ་མཚར་མི་ཆེའོ། །བྱི་དང་ཀ་དང། འབྲས་བུ་གསུམ་དང། པི་པི་ལིང་རྣམས་ཀྱི་ཕྱེ་མ་དང། ལྕགས་ཀྱི་ཕྱེ་མ་རྣམས་མང་དང། ཁ་ར་དང། སྦྲང་རྩི་རྣམS ་དང་སྦྱར་ཏེ། རྒྱུན་ཏུ་ཟོས་ན་ཡང་རྒ་བ་དང། སྐྲ་དཀར་པོར་གྱུར་པ་སེལ་ཏོ། །ལྕགས་ཀྱི་ཕྱེ་མ་དང། ཁ་ར་དང། བཅའ་སྒ་དང། པི་པི་ལིང་རྣམས་ཀྱི་ཕྱེ་མ་དང། མར་དང། ཏིལ་མར་རྣམས་འབྲས་བུ་གསུམ་བསྐོལ་བའི་ཁུ ་པའི་ནད་དུ་བླུགས་ཏེ། གཟར་བུ་ལ་ཆགས་སུ་བཏུབ་པ་ཙམ་དུ་བསྐོལ་བ་ཡང། སྨན་བཅུད་ཀྱིས་ལེན་དུ་འགྱུར་རོ། །ལྕགས་གླེབས་ཏེ་དམར་པོར་བསྲེགས་ལ་འབྲས་བུ་གསུམ་བསྐོལ་བའི་ཁུ་བ་བསྒྲངས་པའི་ནང་དུ་སྨྱུག ་ཅིང་ཁོལ་བཅད་པར་བྱ་བ་དེ་ལྟ་བུར་ལན་མང་དུ་བྱས་པའི་ལྕགས་ཏེ། སེ་བདར་གྱིས་བདར་བའི་ཕྱེ་མ་སྦྲང་རྩི་དང། མར་དང་སྦྱར་ཏེ། ཟོས་ན་ཡང་ཚེ་རིང་བར་འགྱུར་རོ། །ཡང་ན་སྐྱུ་རུ་ར་བསྐོལ་པའི་ཁུ་བ་དང། མར་སྦྲང་རྩི ་རྣམས་ཆ་བསྙམས་ཏེ། སྲང་བརྒྱ་བརྒྱ་དང། ལྕགས་ཀྱི་ཕྱེ་མ་སྲང་ཉིས་བརྒྱ་དང། འདི་རྣམས་སྦྱར་བ་ལྕགས་ཀྱི་སྣོད་དུ་བླུགས་ཏེ། བཞག་པ་ཡང་ཚེ་རིང་བར་བྱེད་པའི་མཆོག་ཡིན་ནོ། །དྲུབ་མར་ཅང་དང། འབྲས་བུ་གསུམ་གྱི་ཕྱེ་མ་དང། སྦྲང་རྩི་དང་སྦྱར་ཏེ་ཟོས་ན ་ཡང། གཤིན་རྗེའི་སྔ་ལྟས་སྐྲ་དཀར་པོར་གྱུར་པ་མེད་པར་བྱེད་དོ། །བྱི་དང་གའི་ཕྱེ་མ་དང། མར་དང། སྦྲང་རྩི་དང། ལྕགས་ཀྱི་ཕྱེ་མ་རྣམས་ཆ་བསྙམས་ཏེ། སྦྱར་བ་བུམ་པའི་ནང་དུ་བླུགས་ལ། མོན་སྲན་སྡེའུ་འི་དཀྱིལ་དུ་བཞག་པ་ལས་ངན ་པར་ཟོས་ན་།སྐྲ་མཐིང་གར་འགྱུར་ཞིང་སྟོབས་དང་ལྡན་པར་འགྱུར་རོ། །ཏཾ་པ་ལ་ཕྱེ་མ་སྲང་བརྒྱ་དང། མར་དང། སྦྲང་རྩི་སྲང་བརྒྱ་སྦྱར་ཏེ། ཟླ་བ་གཅིག་གི་བར་དུ་སྣོད་ཀྱི་ནང་དུ་བཞག་པ་ལས། རྒྱུན་ཏུ་ཟོས་ལ། པ་ཟས་འོ་མ་དང་ལྡན་པར ་ཟོས་ན། སྒྲ་དཀར་པོ་མད་པར་བྱེད་ཅིང། ཟླ་བ་བཞིན་དུ་མཛས་པར་འགྱུར་རོ། །སྨན་བ་ར་ཧིའི་རྩ་བའི་ཕྱེ་མ་སྲང་བརྒྱ་སྦྲང་རྩི་དང་སྦྱར་ཏེ། མཐར་གྱིས་ཇ་ཞིང་འོ་མས་ཕུལ་ལ་ཁ་ཟས་འོ་མ་དང་མར་དང་ལྡན་བར་ཟ་ཞིང། ནང་ཏན་དུ ་བྱས་ན་ལང་ཚོ་དང་ལྡན་པར་འགྱུར་རོ། །ཡང་ན་ཟླ་བ་གཅིག་གི་བར་དུ་སྨན་བར་ཧི་ཞིབ་ཏུ་བཏགས་པའི་ཕྱེ་མ་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་ཟོས་ལ། དེའི་འོག་ཏུ་བ་ར་ཧིའི་ཕྱེ་མ་འོ་མ་དང་བསྐོལ་ཏེ། བསྲངས་ལ་བ་ཙགས་པ་འཐུངས་ན་ཡང ་སྨན་པ་ཅུད་ཀྱི་ལེན་དུ་འགྱུར་རོ། །པུ་ན་རྣ་བའི་རྩ་བ་ཞིབ་ཏུ་བཏགས་པའི་ཕྱེ་མ་སྲང་ཕྱེད་འོ་མ་བསྐོལ་ཏེ། ཕྱུང་བའི་ནང་དུ་བཏབ་སྟེ་ཟླ་བ་གཉིས་སམ། ལོ་གཅིག་གི་བར་དུ་རྒྱུན་ཏུ་འཐུངས་ན་ཡང་རྒ་བ་མེད་པར་འགྱུར་རོ། །ཉེའུ་ཤིང་དང། ་ས་བཏ་པརྞ་དང། པུ་ཤི་ལོ་ཙོ་དང། པ་ཐ་དང། བ་ལ་དང། ནག་བ་ལ་དང། བི་དི་ར་དང། ཐལ་ཏྲེས་དང། བྱ་གྷྲོ་རྣམས་ཀྱང་རེ་རེ་ནས་བུ་ན་རྣ་བའི་ཆོག་གོང་དུ་བཤད་པ་བཞིན་དུ་བྱས་ན། ཡོན་ཏན་དེ་བཞིན་དུ་འགྱུར། །ཤ་སྐྱེ་བར་འདོད་པ ་ལ་ནི། ཟླ་བ་ཕྱེད་ཀྱི་བར་དུ་།སྨན་ཨ་ཤོ་གནདྷའི་ཕྱེ་མ། ཏིལ་མར་དང། མར་དང་འོ་མ་དང། ཆུ་བསྐལ་བ་དྲོན་མོ་རྣམས་ལས་གང་ཡང་རུང་བ་དང་སྦྱར་ཏེ་འཐུངས་ན་ཁ་ཟས་འཕྲོད་པ་བཟའ་བར་བྱའོ། །སྨན ་བཅུད་ཀྱིས་ལེན་སྒྲུབ་པར་འདོད་པ་རྣམས་ཀྱིས་ནི། རྟག་ཏུ་ཁ་ཟས་འབྲས་ཞག་དྲུག་ཅུས་སྨིན་པའི་ཆན་འོ་མ་དང། མན་སྲན་སྡེའིའུ?་ཁུ་བཅུད་དང། རྐང་འགྲོས་དང། རི་དགས་སྐམ་ས་ན་གནས་པའི་ཤ་ཁུ་རྣམས་ལས་གང་ཡང ་རུང་བ་དང། སྦག་ཅིང་བཟའ་བར་བྱའོ། །རོ་ཙ་བར་བྱ་བའི་ཆོ་ག་ནི། ཤིང་མངར་གྱི་ཕྱེ་མ་ཞོ་གཉིས་མར་དང། སྦྲང་རྩི་དང་སྦྱར་ཏེ། རྟག་ཏུ་ཟོས་ལ་དེའི་རྗེས་ལ་འོ་མ་འཐུངས་ན་རྒན་པོ་ཡང་རོ་ཙ་བར་བྱེད་དོ། །མོན་སྲན་སྡེའུ་སྲང་རེ་རེ་ཆོ ་ག་གོང་མ་ལྟར་བྱས་ན་ཡང་དེ་བཞིན་དུ་འགྱུར་རོ། ། ཏྨ་གུཔཏའི་ས་བོན་དང། གཟེ་མའི་རྩ་བ་དང། ཁ་ར་རྣམས་ཀྱི་ཕྱེ་མའོ་མ་དང་སྦྱར་བའམ། ཡང་ན་སྨན་ཨུཙྪ་དེའི་ཕྱེ་མ་ཁ་ར་དང། འོ་མ་དང་སྦྱར་བ་འཐུངས་ན་ཡང། རོ་ཙ ་བར་འགྱུར་རོ། །བྱི་ད་རའི་ཕྱེ་མ་དེ་ཉིད་ཀྱི་ཁུ་བས་ལན་མང་དུ་བསྒོས་པ་བཏགས་ཏེ་།མར་དང། སྦྲང་རྩི་དང་སྦྱར་བའི་ལྡེ་གུས་ནི་ཤིན་ཏུ་རོ་ཙ་བར་བཤད་དོ། །ར་དུག་པའི་ལྡག་པའི་འབྲས་བུ་འོ་མའི་ནང་དུ་ལེགས་པར ་བཙོས་ཏེ་ཞུ་བར་བྱས་པའི་ནང་དུ་།ཏིལ་ལན་མང་དུ་བསྒོས་པ་ཟོས་པའི་རྗེས་ལ། འོ་མ་འཐུངས་པ་གང་ཡིན་པ་དེའི་ཕོ་མཚན་རྟག་ཏུ་བསྒྲེན་མར་འགྱུར་རོ། །ཡང་ན་མོན་སྲན་སྡེའུ་ཤུན་ལྤགས་བཤུས་ཏེ། ཞིབ་ཏུ་བཏགས ་པའི་ཕྱེ་མ་འོ་མ་དང། མར་གྱི་ནང་དུ་བསྐོལ་ཏེ། ?་པ་སྐ་རབ་ཏུ་གྱུར་ནས་ཕྱུང་ལ་བསྒྲངས་ཏེ། སྦྲང་རྩི་དང་སྦྱར་བའི་རི་ལུ། ཤིང་བིལྦའི་འབྲས་བུ་ཙམ་དུ་བྱས་པ་ཉིན་གཅིག་བཞིན་དུ་ཟོས་ན་ཡང། ཕོ་མཚན་བསྒྲེན ་ཅིང། ཉལ་བོ་ནུས་པར་འགྱུར་རོ། །འབྲས་བྱེའི་ནང་དུ་ཏིལ་དང། ཨདམ་གུཔཏ་དང། མོན་སྲན་སྡེའུ་རྣམས་ཀྱི་ཕྱེ་མས་བསྲེས་ཏེ་།འོ་མ་དང་སྦྲུས་པའི་ཁུ་བ་མར་གྱི་ནང་དུ་བཙོས་པ་ཟོས་ན་ཡང། ཤིན་ཏུ་རོ་ཙ་བར་བཤད། །ཁ་ཟས་དང་།བཏུང་བ ་རྣམ་པ་སྣ་ཚོགས་དང། རོལ་མོ་སྒྲ་སྐད་ཡིད་དུ་འོང་པ་དང། སྤོས་དང། བྱུག་པ་ལ་སོགས་པ་དྲི་ཞིམ་པོ་སྣ་ཚོགས་དང། མེ་ཏོག་དང། ཕྲེང་བ་དང། གོས་དང། རྒྱན་བཟང་པོ་ལ་སོགས་པ་ཡང་མི་རོ་ཙ་བར་བྱེད་པའི་རྒྱུ་ཡིན་ནོ། །སྨན་བཅུད ་ཀྱིས་ལེན་དང། རོ་ཙ་བའི་རྒྱུད་ཀྱི་ལེའུ་སྟེ། ཉི་ཤུ་རྩ་བརྒྱད་པ་རྫོགས།། །།དེ་ནས་བྱིས་པའི་རྒྱུད་ཀྱི་ལེའུ་བཤད་བར་བྱའོ། །དེ་ལ་བུད་མེད་ནི་དགའ་བར་བྱའོ། །གནས་དམ་པ་ཡིན་ལ། བུ་རིན་ཐང་མེད་པ་བསྐྱེད ་པ་ཡིན་བས། དེའི་མོ་མཚན་ལན་ད་བྱུང་ན་དགའ་བ་དང། བུ་འབྱུང་བ་གཉི་ག་མེད་པར་འགྱུར་ཏེ། དེ་བས་ན་དེ་གསོ་བའི་ཆོ་ག་ཇེ་བཤད་པར་བྱའོ། །དེ་ལ་རླུང་ལས་གྱུར་པ་མོ་མཚན་གྱི་ནད་ཀྱི་མཚན་མ་ནི། མོ་མཚན་ན་བ་དང། མདོག ་རྩུབ་པ་དང། ཡོན་པོར་འགྱུར་པ་དང། མཁྲང་བ་དང། ཕལ་ཕལ་བྱེད་པ་རྣམས་ཡིན་ནོ། །མཁྲིས་པ་འཁྲུགས་པའི་མཚན་མ་ལས་གྱུར་པ་ནི། མོ་མཚན་ཚ་བ་འུར་འུར་པར་བྱེད་བ་དང། ཁྲག་འཛག་པ་དང། རིམས་ཀྱིས་འདེབས་པ་རྣམས ་ལས་རྟོགས་པར་བྱའོ། །བད་ཀན་འཁྲུགས་པ་ལས་གྱུར་བའི་མོ་མཚན་གཡ་བ་དང། གྲང་བ་དང། བེམ་བེམ་པོར་འདུག་པ་དང། འབྲས་ཁུ་འདྲ་བར་དཀར་ཞིང། སྦྱིན་པོ་འབྱར་འབྱད་པོ་འཛག་པ་རྣམས་ཡིན་ནོ། །དེ་ལ་རླུང་ལས ་གྱུར་པའི་མོ་མཚན་གྱི་ནད་གསོ་བའི་ཆོ་ག་ནི། འབྲས་ཀྱི་འོ་ཐུག་གི་དུགས་ས་མ། མོན་སྲན་སྡེའུའི་ཆན་གྱི་དུགས་སམ། ཡང་ན་རས་མ་འཇམ་པོ། །ཏིལ་མར་དྲོན་པོའི་ནང་དུ་སྨྱུགས་པ་ནང་དུ་བཙའ་ཞིང་དུགས་བྱའོ། །མདོར་ན ་རླུང་ལས་གྱུར་པའི་མོ་མཚན་གྱི་ནད་ལ་ནི། སྨན་མར་བཏུང་བ་དང། དུགས་བྱ་བ་དང་།སྨན་མས་བཏང་བ་རྣམས་བཟང་ངོ། །ཡང་ན་མོ་མཚན་གྱི་ནད་ལ་ནི། པི་པི་ལིང་གི་རྩ་བ་དང། ཟིན་ཐིག་ལེའི་རྩ་པའི ་ཕྱེ་མ་ཆང་དང་སྦྱར་བ་འམ། ཡང་ན་པི་པི་ལིང་དང། ཨུ་བ་ཀུན་རྩི་ཀའི་ས་བོན་དང། ཁ་རུ་ཚྭ་རྣམས་ཀྱི་ཕྱེ་མ་ཆང་དང་སྦྱར་ཏེ་བླུད་དོ། །ཕ་བོང་གི་དྲེག་པ་དང་།འབྲས་བུ་གསུམ་དང། བྷརྒི་དང། ར་སྣ་དང། སླེ་ཏྲེས་དང། ཉེའུ་ཤིང་དང། ་ཡུང་དང། སྐྱེར་པ་དང། པུ་ན་རྣ་བ་དང། མེ་ད་དང། འདི་རྣམས་ཀྱི་ཕྱེ་མ་ཞོ་གཉིས་གཉིས། མར་སྲང་སུམ་ཅུ་རྩ་གཉིས་དང། འོ་མ་མར་གྱི་ཚད་ཀྱི་ནང་དུ་བསྐོལ་ཏེ། མར་ཉི་ཚེ་ལུས་པ་བཙག་པ་ལ་རན་པར་འཐུངས་ན་ཡང་རླུང ་ལས་གྱུར་པའི་མཚན་གྱི་ནད་སེལ་ཞིང། མཁྲིས་པ་ལས་གྱུར་པའི་མོ་མཚན་གྱི་ནད་ལ་ཡང་བཟང་ལ། བུ་ཆགས་པར་བྱེད་པའི་མཆོག་ཀྱང་ཡིན་ནོ། །མཁྲིས་པ་འཁྲུགས་པ་ལས་གྱུར་པའི་མོ་མཚན་གྱི་ནད་ལ་ནི། ཁྲག་ལུས ་པའི་ནང་བསལ་བའི་ཆོ་ག་སྔར་བཤད་པ་བཞིན་དུ་བྱའོ། །བད་ཀན་ལས་གྱུར་པའི་མོ་མཚན་གྱི་ནས་ལ་ནི། དོང་ག་ལ་སོགས་པའི་སྡེ་ཚན་གྱི་བཏུང་བ་དང། བཀྲུ་བ་དང། སྟེང་དུ་བླུག་པ་དང། བྱུག་པ་ལ་སོགས ་པ་ཐམས་ཅད་བྱའོ། །དེ་ལྟར་མོ་མཚན་གྱི་ཉེས་པ་དང། ནད་མེད་པར་བྱས་ནས་བུ་ཆག་པར་བྱ་བའི་ཐབས་ནི། སྐྱེས་པ་སྔ་ནས་སྨན?་དང། ཁ་ཟས་བཟང་པོས་ལུས་བརྟ་ཞིང་ཉལ་པོ་མི་བྱ་བར་འདུག་ལ། བུད་མེད་ཟླ་མཚན ་བྱུང་ནས་ཞག་བཞི་ལོན་པའི་འོག་ཏུ་ཁྲུས་བྱས་ནས་ཉལ་ན་བུ་འཆགས་པར་འགྱུར་ཏེ། དེ་ལ་ཟླ་མཚན་བྱུང་ནས་ཞག་བཞི་ལོན་པ་དང། ཞག་དྲུག་དང། བརྒྱད་དང། བཅུ་དང། བཅུ་གཉིས་ལོན་པའི་ཚེ། ཉལ་ན་?་ཁྱེའུར ་འགྱུར་རོ། །ཟླ་མཚན་བྱུང་ནས་ཞག་ལྔ་དང། བདུན་དང། དགུ་དང། བཅུ་གཅིག་ལོན་ལོན་པའི་ཚེ་ཉལ་ན། བུ་མོར་འགྱུར་རོ། །དེ་ལ་སྐྱེས་པའི་ཁུ་བ་མངལ། བུད་མེད་ཁྲག་ཉུང་ན་ནི་ཁྱེའུ་ར་འགྱུར་རོ། །སྐྱེས་པའི་ཁུ་བ་ཉུང་ལ། བུད་མེད་ཀྱི་ཁྲག་མང་ན་ནི་བུ་མོར ་འགྱུར་རོ། །ཟླ་མཚན་བྱུང་ནས་ཞག་བཅུ་གསུམ་ལོན་ཕན་ཆད་ནི་བུར་མི་འགྱུར་རོ། །དེ་ལ་ཁྱེའུར་འགྱུར་བར་འདོད་ན། རྒྱམ་ཚ་འམ་ཤིང་པ་ཏའི་ཡལ་གའི་རྩེ་མོ་གང་ཡང་རུང་བའི་ཕྱེ་མ་འོ་མ་དང་བཏགས་ཏེ་བཙགས་པའི་ཁུ་བ་ལས་ཐིགས་པ ་བཞི་མཉལ་བའི་སྔ་རོལ་ཏུ་བུད་མེད་ཀྱི་སྣ་གཡོན་པར་བླུགས་ན་ཁྱེའུར་འགྱུར་རོ། །བུད་མེད་ཟླ་མཚན་དང་ལྡན་པའི་ཚེ། ཁ་ལུང་ག་ས་བོན་ནམ། ན་ག་གེ་སར་གང་ཡང་རུང་བའི་ཕྱེ་མ་མར་ཁུ་དང་སྦྱར་ཏེ། བུད་མེད་ཀྱིས་འཐུངས་ལ ་སྐྱེས་བ་དང་ཉལ་ན་ཡང་བུ་ཆགས་པར་འགྱུར་རོ། །དེ་ལ་བུ་འཆགས་པའི་མཚན་མ་ནི་ནུ་མའི་ཐོར་ཏོ་མདོག་སྔོ་སྐྱེ་བ་འདུག་གི་ན་བུ་ཡོད་པར་ཤེས་པར་གྱིས་ཤིག་དེ་ལྟར་?་མ་མར་གྱུར་ནས་ལས་དྲག་ཤུལ་ཅན་དང། མྱ་ངན་དང། ་འཚོར་བ་དང། ཁྲོ་བའི་བག་བསྲུང་ཞིང། གང་ཡིད་ལ་འདོད་པ་དང། འཕྲོད་པ་རྣམས་སྦྱིན་པར་བྱའོ། །འཇིགས་ཤིང་སྐྲག་པ་དང། བརྡེགས་ཤིང་སྣད་བ་དང་ཁ་ཟས་དང། སྐོམ་ར་ཚ་བ་ད་དང་དྲོད་ཆ་ཆེས་པ་ཟོས་ཤིང་འཐུངས་ན ་ནི། བུ་འབྱིས་པར་འགྱུར་ཏེ། དེ་ཡང་ཁྲག་འཛག་ཅིང་ན་བའི་མཚན་མས་ཤེས་པར་བྱས་ལ་སླར་གསོ་བའི་ཆོ་ག་བྱའོ། །དེ་ལྟ་བུ་གསོ་བ་ལ་ནི། སྨན་གྱི་ཁུ་བ་གྲང་མོ་ལུས་ལ་བླུགས?་པ་དང་སྨན་གྱི་ཁུ་བ་གྲང་མོའི་ནང་དུ་འཇུག་པ་དང ་སྨན་བསིལ?་བའི་བག་གིས་ལུས་བྱུག་པ་རྣམས་བཟང་ངོ། །གཞན་ཡང་བུ་འབྱིལ་དུ་བྱེད་པ་སླར་གསོ་བའི་སྨན་ནི། སྨན་འཚོ་བྱེད་སྣ་བཅུའོ་མ་ངང་བསྐོལ་ཏེ། བ་ཙེགས་ལ་ཁང?་དང་སྦྱར་ཏ་བླུད་དོ། །ཡང་ཙན་དན་དཀར་པོ་དང། བུ་ཚང་རྟོ་དང། ་རྒུན་དང། པུ་ཤེལ་ཅེ?་དང་།ཁ་ར་རྣམས་ཀྱི་ཕྱེ་མ་ལྷན་ཅིག་ཏུ་སྦྱར་བ་དང། ཤིང་མངར་དང། རྒྱ་ཤུག་གི་འབྲས་བུ་དང་།སུག་སྨེལ་དང། བཙོད་དང། དྷ་ཏ་ཀའི་མེ་ཏོག་དང། ཁ་ར་རྣམས་ཀྱི་ཕྱེ་མ་ལྷན་ཅིག ་སྦྱར་བ་དང། ཁ་ར་དང། ཨུཏཔལ་དང། ཤིང་མངར་དང། གསེང་ཕྲོམ་དང། ཙན་དང་དཀར་པོ་དང། ཐལ་ཏྲེས་རྣམས་ཀྱི་ཕྱེ་མ་ལྷན་ཅིག་ཏུ་སྦྱར་བ་དང། སྨན་གྱི་སྦྱོང་བ་འདི་གསུམ་ལས་གང་ཡང་རུང་བ། འབྲས་བཀྲུས་པའི་ཁུ་བ ་དང་སྦྱར་ཏེ་བླུད་དོ། །ཡང་ན་སྨན་གྱི་སྡེ་ཚན་སྔར་ཤད་པའི་ནང་ནས། ཨུཏཔལ་ལ་སོགས་པའི་སྡེ་ཚན་སྨོས་པ་རྣམས་བཏགས་ལ། ཁ་ར་དང། འོ་མ་དང་སྦྱར་ཏེ་བླུད་དོ། །ཡང་ན་ནྱ་གྲོ་དྷ་ལ་སོགས་བའི་སྡེ་ཚན་རྣམས་ཀྱི་ལོ་མ ་གཞོན་ནཱུམ། ཡང་ན་རྣམས་ཀྱི་ཤུན་ལྤགས་ཀྱི་ཕྱེ་མ་གང་ཡང་རུང་བ་ཁར་དཔའ་ཨོ་མས་སྦྱར་རམ་སྦྱར་ཏེ་བླུད་དོ། །ཡང་ན་པདྨ་ལ་སོགས་པའི་ནུབ?་ནིང་ནས་སྐྱེ་བའི་རྩ་བའི་སྨན་རྣམས་བསྐོལ་བའི་ཁུ་བ་བཙགས་པ་འབྲས་ཕྱེ་དང་ཁ་རས་སྦྱར ་བ་འམ། ཡང་ན་རྩ་བའི་སྨན་དེ་རྣམས་འོ་མ་དང་བསྐོལ་ཏེ་བཙགས་ལ་ཁ་ར་དང་སྦྱར་བ་བླུད་དོ། །སྦྲུམ་པའི་ཁ་ཟས་ནི་ཐོག་མ་སྦྲུམ་ནས། ཟླ་བ་གཅིག་དང་།གཉིས་དང་།གསུམ་ལོན་གྱི་བར་དུ་མངར་བག་དང་།བསིལ་བའི་ཁ་ཟས་སྦྱིན ་ནོ། །ཟླ་བ་བཞིལ་བབ་པའི་ཚེ་ནི་ཁ་ཟས་མར་དང་ལྡན་པར་སྦྱིན་ནོ། །ཟླ་བ་ལྔ་ལ་བབ་པའི་ཚ?་ནི་ཁ་ཟས་ཞུན་མར་དང། འོ་མ་དང་ལྡན་པར་སྦྱིན་ནོ། །ཟླ་བ་དྲུག་དང། བདུན་ལ་བབ་པའི་ཚེ་ནི་ཐུག་པ་བཟང་པོ་དང། གཟེ་མ་ལ་སོགས་པའི་སྨན་མར ་?། སྔར་བསྟན་པས་བཏབ་པ་བླུད་དོ། །ཟླ་བ་བརྒྱད་པའི་ཚེ། ཁ་ཟས་འོ་མ་དང་ལྡན་པར་སྦྱིན་ཞིང། ཏིལ་མར་དང། ཤིང་མངར་དང། འོ་མ་དང་བསྐོལ་ཏེ་ཏིལ་མར་ཉི་ཚེ་ལུས་པ་བཙགས་པའི་བཅུད་མས་བཏང་ངོ། །དེ་ཕན་ཆད་ཀྱི་ཁ་ཟས་ནི ་ཐུག་བ་དང། རྐང་འགྲོས་དང། རི་དགས་སྐམས་ན་གནས་བའི་ཤ་ཁུ་སྣུམ་ཆེ་བས་སྦག་ཅིང་ཟོས་ན་བཟང་ངོ། །དེ་ནས་བྱིས་པ་བཙས་ན། དེའི་ལྟེ་བ་སོར་བརྒྱད་ཙམ་ལུས་བ་བཅད་དེ། ཆུ་དྲོ་འཇམ་ཙམ་གྱིས་བྱིས་བ་བཀྲུས་ལ། ཞུན་མར་དང། སྒྲང ་རྩི་ཆ་མི་མཉམ་པ་མང་དུ་སྦྱར་བ་ཅུང་ཟད་ཙམ་ཁར་གཞུག་གོ། དེ་ནས་གསེར་གྱི་ཕྱེ་མ་དང། ཤུ་དག་དང། སྨན་བྲསྟི་དང། ཨ་རུ་ར་དང། རུ་རྟ་རྣམས་ཀྱི་ཕྱེ་མ་ཞིབ་མོ་ཞུན་མར་དང། སྦྲང་རྩི་དང་སྦྱར་བའི་ལྔ་གུ་འམ། ཡང་ན་གསེར་གྱི་ཕྱེ ་མ། སྨན་བྲ་མཧི་བསྐོལ་བའི་ཁུ་བ་དང། སྦྱར་བ་ལས་ཉུང་ངུ་ཉུང་ངུ་རྒྱུན་ཏུ་བྱིན་ན། བུ་དེ་ཡིད་གཞུངས་ཤིང། མདོག་བཟང་བར་འོང་ངོ། །བུད་མེད་བུ་མ་བྱུང་བ་དེ་ནི། ཐོག་མ་བུ་བྱུང་ནས་ཞག་གསུམ་འམ། ཞག་ལྔའི་བར་དུ་།ཏྲིལ་མར་རམ། ་མར་ཁུ་ཆོད་རན་པར་བླུད་ཅིང། ཁ་ཟས་སྣུམ་བག་ཡོད་པ་སྦྱིན་ནོ། །ཤ་མ་འབྱུང་དུ་མི་བཏུབ་པ་ལ་ནི། བི་པི་ལིང་ལ་སོགས་པའི་སྡེ་ཚན་སྔར་བཤད་བ་རྣམས་ཀྱི་ཕྱེ་མ་ཆད་དང་སྦྱར་བ་འམ། ཡང་ན་འབྲས་ཀྱི་རྩ་བའི་ཕྱེ་མ་ཞོ་གཉིས་ཙམ ་བ་གཅིན་རྩ་བས་སྐྱུར་བོ་གང་ཡང་རུང་བ་དང་སྦྱར་ཏེ་བླུད་ན་འབྱུང་བར་འགྱུར་རོ། །ཟླ་བ་གྲངས་ཚང་བ་ཡང། འབྱུང་དུ་མི་བཏུབ་པ་ལ་ནི། ཤིང་བ་དུ་ཤ་ཀའི་རྩ་བ་དང། ལང་ག་ལི་དང། བ་ཤ་ཀ་རྣམས་ལས་གང་ཡང་རུང་བའི་ཕྱེ་མ་མར ་དང་སྦྱར་བས་མོ་མཚན་དང། ལྟེ་བ་བསྐུས་ན་འབྱུང་བར་འགྱུར་རོ། ཁུ་བྱུང་བའི་འོག་ཏུ་བུད་མེད་ལ་ནང་ཨ་ལ་ཀ་ཞེས་བྱ་བ་འབྱུང་སྟེ། དེའི་མཚན་མིན་སྙིང་ན་བ་དང། ཀླད་པ་དང་།ཀླད་བ་ཆུ་སོར་ཟུག་ཅིང་ན་བ་ཡིན་ཏེ། དེ་ལ་ནས་ཚིག ་འཁུས་པའི་ཐལ་བ་མང་རམ་ཡང་ན་ཆུ་བསྐོལ་བ་དྲོན་པོ་གང་ཡང་རུང་བ་དང་སྦྱར་བའམ་ཡང་ན་པི་པི་ལ་སོགས་པའི་སྡེ་ཚན་བསྐོལ་བའི་ཁུ་བ་རྒྱ་མཚ་དང་སྦྱར་བ་འམ། ཡང་ན་ལུ་སུའི་འབྲས་བུ་བསྐོལ་བའི་ཁུ་བ། བུ་མང ་དང། ཚ་བ་གསུམ་དང་།དྲི་སྣ་གསུམ་ཞེས་བྱ་བ། ཤིང་ཚ་དང། སུག་སྨེལ་དང། གནདྷ་པ་ཏྲ་རྣམས་ཀྱི་ཕྱེ་མ་དང་སྦྱར་ཏེ་བླུད་དོ། །ཡང་ན་བུ་བྱུང་བ་ལས་ནད་དུ་གྱུར་པ་ལ་ནི། རྩ་བ་ལྔ་བསྐོལ་བའི་ཁུ་བའི་ནང་དུ ་ལྕགས་དམར་པོ་བསྲེག་པ་གཞུག་ཅིང་།དེ་ལྟ་བུར་ལན་མང་དུ་བྱས་པ་འམ། ཡང་ན་ཆང་གི་ནང་དུ་སྔ་མ་ལྟར་ལྕགས་བསྲེགས་པ་བཅུག་སྟེ། བླུད་ན་ཞི་བར་འགྱུར་རོ། །བུའི་མ་འམ། ནུ་མ་སྨུན་པའི་མ་མས་ཁ་ཟས་དང་བཏུང་བ་ལྕི ་བའི་བག་ཟོས་ཤིང་འཐུངས་པ་དང། དུས་སྔ་ཕྱི་དང། ཚད་ཆེ་ཆུང། ཟོས་ཤིང་འཐུངས་པས་རླུང་ལ་སོགས་པའི་ནང་གཞི་གསུམ་འཁྲུག་ནས་ནུ་ཞོ་མ་རུང་བར་གྱུར་པ་ལས་ནི། བུ་ལ་ནང་རྣམ་པ་སྣ་ཚོགས་འབྱུང་བར་འགྱུར་རོ། །དེ་ལ ་ནུ་ཞོ་རླུང་གིས་མ་རུང་བར་བྱས་པའི་མཚན་མ་ནི། ནུ་ཞོ་ཉིད་རོ་བསྐ་ཞིང་ཆུའི་ནང་དུ་བླུགས་ན་སྟེང་དུ་འབྱུང་བར་འགྱུར་བ་ལས་རྟོགས་པར་བྱའོ། །ནུ་ཞོ་མཁྲིས་པ་ལས་མ་རུངས་པར་བྱས་པའི་མཚན་མ་ནི། ནུ་ཞོ་རོ་ཚ་སྐྱུར། ནུ་ཞོ ་ཆུའི་ནང་དུ་བླུགས་ན་སྟེང་དུ་སེར་པོ་ཤར་ཤར་བོར་འབྱུང་བ་ཡིན་ནོ། །ནུ་ཞོ་བད་ཀན་གྱིས་མ་རུངས་པར་བྱས་པའི་མཚན་མ་ནི་ནུ་ཞོ་སྐམ་ཞིང་ཤིན་ཏུ་ལྕི་བ་འབྱར་འབྱར་པོ་ཆུའི་ནང་དུ་བླུགས་ན་ཞབས་སུ་འབྱིང་བ་ཡིན་ནོ། །ནུ་ཞོ་ནང་གཞི་རྣམས ་ཀྱིས་མ་རུངས་པར་གྱུར་པ་མ་ཡིན་པ་ཐ་མ་ལ་ནི། ཆུའི་ནང་དུ་བླུགས་ན་ཆུ་དང་འདྲེས་པར་གྱུར་ཅིང་།མདོག་སྐྱ་བོར་འདུག་པ་ཡིན་ནོ། །དེ་ལ་ནད་གཞི་རྣམས་ཀྱིས་ནུ་ཞོ་མ་རུང་བར་གྱུར་པའི་ཉེས་པ་བསལ་ཞིང་སླར་གསོ་བའི་ཐབས་ནི་།བུའི ་མ་འམ་?་བསླུན?་པའི་མ་མ་ཐོག་མར་།མར་ཁུ་བླུད་ལ། དེའི་འོག་ཏུ་པི་པི་ལིང་གི་ཕྱེ་མ་དང། སྦྲང་རྩི་ནིམཔ་བསྐོལ་བའི་ཁུ་བ་དང། སྦྱར་བའི་སྐྱུགས་སྨན་བླུ་དེ་།སྐྱུག་ཏུ་གཞུག་གོ། ཁ་ཟས་ནི་མོན་སྲན་སྡེའུ?་ཁུ་བཅུད་དང། ཤ་ཁུ ་དང་ལྡན་པར་སྦྱིན་ནོ། །ཡང་ན་ནུ་ཞོ་མ་རུངས་པར་གྱུར་པ་ལ་ནི། ཚོས་པར་བྱེད་པའི་སྨན། བརྒི་དང། ཐང་ཤིང་དང། ཤུ་དག་དང། པ་ཐ་དང། བོང་དཀར་པོ་རྣམས་བསྐོལ་བའི་ཁུ་བ་འམ། ཡང་ན་དོད་ག་ལ་སོགས་པའི་སྡེ་ཚན་བསྐོལ་བའི་ཁུ་བ ་འམ། ཡང་ན་གླ་སྒང་ལ་སོགས་པ་སྡེ་ཚན་བསྐོལ་བའི་ཁུ་བ་འཐུངས་པས། སྦྱངས་བར་བྱའོ། །བྱིས་པའི་རིམས་ཀྱིས་ཐེབས་པ་ལ་ནི། འབྲས་བརྔོས་པའི་དང། སྐྱེར་ཁཎྜ་དང། ཁ་ར་དང་།སྨྱིག་རྐང་དང། ཤིང་མངར་རྣམས་ཀྱི་ཕྱེ་མ་ཆ་བསྙམS ་ཏེ། སྦྲང་རྩི་དང། སྦྱར་བའི་ལྡེ་གུ་བྱིན་ན་རིམས་ཐམས་ཅད་སེལ་ཏོ། །ཡང་ན་པི་པི་ལིང་དང། བོ་ང་དཀར་པོ་དང། བུ་བྲན་ཤིང་རྣམས་བཏགས་པའི་ཕྱེ་མ་སྦྲང་རྩི་དང་སྦྱར་བ་འམ། ཡང་ན་བོང་ད་དཀར་པོ་གཅིག་པུའི་ཕྱེ་མ་སྦྲང་རྩི་དང་སྦྱར་བའི་ལྔ ་གུ་བྱིན་ན། རིམས་དང་།ལུད་པ་དང། སྐྱུགས་བའི་ནང་རྣམས་སེལ་ཏོ། །འབྲས་ཡོས་དང། རྒྱམ་ཚ་དང། ཤིང་ལོང་ཀོག་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་བྱིན་ན་སྐྱུག་པའི་ནད་སེལ་ཏོ། །སྨྱིག་རྐང་དང། སྦྲང་རྩི་དང། སྦྱར་བའི་ལྡེ་གུ ་བྱིན་ན་ཡང། བྱིས་པའི་ལུད་བ་དང། དབུགས་མི་བདེ་བའི་ནད་སེལ་ཏོ། །འབྲས་ཡོས་དང་།རྒྱམ་ཚའི་ཕྱེ་མ། ཁ་ལུང་གི་ཤིང་ཐོག་གི་ཕྱེ་མས་སྦྱར་བའི་ལྡེ་གུ་འམ། ཡང་ན་འབྲས་ཡོས་དང། ཁ་ར་དང། རྒྱམ་ཚ་དང། མར་དང་།སྦྲང་རྩི་རྣམས ་སྦྱར་བའི་ལྡེ་གུ་བྱིན་ན་ཡང་སྐྱུགས་པ་དང། སྐྱིགས་བུའི་ནད་སེལ་ཏོ། །པི་པི་ལིང་ཆེན་པོ་དང། དྷ་ཧ་ཀི་དང། གསེང་ཕྲོམ་དང། བིལྦ་དང་།བ་ལ་ཀ་རྣམས་བཏགས་པའི་ཕྱེ་མ་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་འམ། ཡང་ན་སྨན་དེ་དག་ཉིད་བསྐོལ་བའི ་ཁུ་བ་བསྒྲངས་པ་སྦྲང་རྩི་དང་སྦྱར་བ་བྱིན་ན། ཕྱིས་པའི་དམུ་རྫིང་དང། ལྟོ་བ་ཆེར་སྐྱེས་སེལ་ཏོ། །ས་མཾ་ག་དང། དྷ་ཏ་ཀའི་མེ་ཏོག་དང། ཐལ་ཏྲེས་དང་།གསེང་ཕྲོམ་རྣམས་བསྐོལ་བའི་ཁུ་བ་བསྒྲངས་ལ། སྦྲང་རྩི་དང་སྦྱར་ཏེ་བྱིན་ན་ཡང་དམུ ་རྫིང་སེལ་ཏོ། །བྱིས་བ་རྣམས་ཀྱི་མིག་ནང་དང། ཀུ་ཀུ་ལ་ཞེས་བྱ་བ་དང། བོང་ཐ་ཀ་ཞེས་བྱ་བ་ལ་ནི། ལ་ལ་བུད་དང། བྱི་དང་ཀ་དང་ཁ་ལ་དང། ལྡོང་རོས་དང་།སྐྱེར་པ་དང། རྒྱ་སྐྱེགས་དང། བཙག་ཡུག་སྣམ་རྣམས་ཀྱི་ཕྱེ་མའི ་མིཀ་སྨན་བླུགས་པར་བྱའོ། །ཡང་ན་ཐང་ཤིང་དང། བཙག་དང་།གླ་སྒང་རྣམས་ཀྱི་ཕྱེ་མ། རའི་འོ་མ་དང་ལྷན་ཅིག་ཏུ་བཙགས་པའི་ལྡེ་གུས་མིག་གི་ཕྱི་རོལ་བསྐུས་ན་མིག་ནང་སེལ་ཏོ། །བྱིས་པའི་ཁར་འབྲུམ་པ་བྱུང་སྟེ་བཅའ་ལངས་པ་ལ་ནི། ཤིང ་ཨ་ཤོ་ཐའི་ཤུན་ལྤགས་དང། རུ་རྟའི་ཕྱེ་མ་སྦྲང་རྩི་དང་སྦྱར་བའི་ལྡེ་གཱུམ། ཡང་ན་སྐྱེར་པ་དང། ཤིང་མངར་དང། ཨ་རུ་ར་དང། སྣ་མའི་ལོ་མ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བ་བསྐུ་བར་བྱའོ། །སྨན་གོའུ་རི་དང། ཤིང་མངར་དང། ་ཉེའུ་ཤིང་གི་རྩ་བ་དང། གསེར་ཕྲོམ་དང། ས་ལ་པརྞ་དང། པྲིཥྞ་པརྞ་དང། ར་ཛ་ད་ན་དང། ཁ་ར་དན། ཤུག་པ་དང། ཙན་དན་དང། རྒུན་དང། མེ་ཏག་པདྨ་དང། ཀུ་མུ་ཏ་དང་།ུཏཔལ་དང། ཛི་བ་ཀ་དང་།ཟང་རྩི་བ་དང། མེ་ཏ་དང་།བུ་ཚང ་རྟོ་དང། མར་ཉེ་བ་དང། ཐལ་ཏྲེས་རྣམ་གཉིས་དང་།འདི་རྣམས་ཀྱི་ཕྱེ་མ་དང། འོ་མ་སྲང་སུམ་ཅུ་རྩ་གཉིས་གཉིས་དང། ཤུན་ལྤགས་རྣམས་ལྔ་ཞེས་བྱ་བ། ཤིང་ནྱ་གྲོ་དྷའི་ཤུན་ལྤགས་དང། ཨུ་དུམྦ་རའི་ཤུན་ལྤགས་དང་། ཤྭཏྠའི ་ཤུན་ལྤགས་དང། ?་ཤུན་ལྤགས་དང། བ་ཏའི་སའི་ཤུན་ལྤགས་རྣམས་དང། རྩ་བ་ལྔ་པ་དང། འདི་རྣམས་བསྐོལ་བའི་ཁུ་བ་མར་གྱི་བཞི་གྱུར་གྱི་ནང་དུ་བསྐོལ་ཏེ། མར་ཉི་ཚེ་ལུས་པ་བཙགས་པའི་མིང་ནི། གོའུ་རེ་ལ་སོགས་? ་སྨན་མར་ཞེས་བྱ་སྟེ། ནང་རྒྱ་ཧི་ཀ་ཞེས་བྱ་བ་དང་།མཁྲིས་པ་ལས་གྱུར་པའི་མེ་དབལ་དང། བཙའ་ནང་ཁར་འབྲུམ་པ་འོང་བ་དང། གདོན་གྱིས་ཟིན་པ་རྣམས་ལ་བཟང་སྟེ། རན་བར་བླུད་ན་བྱིས་པའི་ནད་དོ་ཅོག་སེལ་ཏོ། །བྱིས་པ་མཚན་མོ་གཉིད ་ལོག་ཏུ་མི་བཏུབ་པར་དུ་ཞིང་ནུར་མི་བཏུབ་པ་དང། དྲི་ནི་ཞིམ་པར་གྱུར་པ་དང། ལུས་དང་རྐང་ལག་གཡོ་བ་ལ་སོགས་པ་ཚུལ་སྣ་ཚོགས་བྱེད་དེ། སོ་འཆའ་ཞིང་སེན་མོ་འབྲད་པར་བྱེད་པ་རྣམས་ནི་གདོན་ནད་ལས་གྱུར་པ་ཡིན་ཏེ། དེ་ལ་ནི་སྒོག་སྐྱ་དང། ་ནིམ་པའི་ལོ་མ་དང། རྒྱ་སྐྱེགས་དང། སྨྱིག་མའི་ཤུན་ལྤགས་ལྷན་ཅིག་ཏུ་སྦྱར་བ་དང། ཡུངས་ཀར་དང། ནིམཔའི་ལོ་མ་དང། སྐྱིག་མའི་ཤུན་ལྤགས་དང་།རྒྱ་སྐྱགས་རྣམས་ལྷན་ཅིག་ཏུ་སྦྱར་བ་དང། སྦྲུལ་གྱི་ལྤགས་པ་རྗེས་པ་དང། སྐྲ་དང། ལྷ་ལ ་ཕུལ་བའི་མེ་ཏོག་རྙིང་པ་དང་།ཡུངས་ཀར་རྣམས་ལྷན་ཅིག་ཏུ་སྦྱར་བ་དང། བདུག་པ་སྦྱར་བ་རྣམ་པ་འདི་གསུམ་ལས་གང་ཡང་རུང་བ་མར་དང་སྦྱར་ཏེ་བསྲེགས་པའི་དུ་བས་བདུགས་ན་གདོན་ཐམས་ཅད་སེལ་ཏོ། །ཤིང་སཔཏ་པརྞའི་ཤུན ་ལྤགས་དང་།མུརྦ་དང་།པུ་ཙེ་ཤལ་རྣམས་བཏགས་པའི་ཕྱེ་མ་ཆུ་དང་སྦྱར་བས་བྱིས་པའི་ལུས་དྲིལ་ན་ཡང་གདོན་ཐམས་ཅད་སེལ་ཏོ། །མ་དྷུ་ཀའི་མེ་ཏོག་དང། ཤིང་ཨ་ཤྭཏྠ་དང། སཔཏ་པརྞ་དང། པེ་ལུ་ཀ་དང་།འདི་རྣམས་ཀྱི་ལོ་མ་ལྷན་ཅིག ་བསྐོལ་བའི་ཁུ་བ་གྲང་མོས་ཁྲུས་བྱས་ན་ཡང་གདོན་སེལ་ཏོ། །ཡང་ན་གདོན་ཞི་བར་བྱ་བའི་ཕྱིར་ལས་ཐམས་ཅད་བྱེད་པའི་སྔགས་འདིས་གཏོར་མ་སྦྱིན་པ་དང། ཞི་བའི་སྦྱིན་སྲེག་གི་ལས་རྣམས་བྱ་བ་དང་།སྔགས་ཀྱི་སྐུད་བ་གདགས་པ་ལ་སོགS ་པ་བྱའོ། །དེ་ལ་སྔགས་ནི། ན་མོ་སྤག་བ་སྟེ། ག་རུ་ཌཱ་ཡ། ན་མ་སྟམ་བ་ཀ་ཡ། སཏྱ་སཏྱ་ཏ་ནུ་ཏེ་སྭཱཧཱ། བྱིས་པའི་རྒྱུད་ཀྱི་ལེའུ་སྟེ་ཉི་ཤུ་དགུ་པ་རྫོགས་སོ།། །།དེ་ནས་ལས་རྣམ་ལྔའི་ལེའུ་བཤད་པར་བྱའོ། །ལས་རྣམས་ལྔ་ནི། སྐྱུག་སྨན ་དང། བཀྲུ་སྨན་དང། སྨན་སྣར་བླུགས་པ་དང། བཀྲུ་སྨན་དྲག་པོ་མས་བཏང་བ་དང། འཇམ་རྩི་མས་བཏང་བ་རྣམས་ཡིན་པར་ཤེས་པར་བྱ་སྟེ། དེ་དག་གི་ཆོ་ག་བཤད་པར་བྱའོ། །དེ་ལ་སྐྱུག་སྨན་མས་བཏང་བའི་ཐབས་ནི། ཐོག་མར ་སྨན་བས། ནད་པ་མར་དང། ཏིལ་མར་ལ་སོགས་པ་སྣུམ་བག་གང་ཡང་རུང་བ་འཇམ་རྩི་བླུད་ལ། དེའི་འོག་ཏུ་དུགས་རྣམ་ལྔ་ཞེས་བྱ་བ་ཁྱིམ་དྲོན་པོར་ལུས་མེས་བསྲོ་བ་དང། རྡོ་བསྲེགས་པའི་སྟེང་དུ་ཆུ་བླུགས ་པའི་རླངས་པས་བདུག་ཅིང་རྡུལ་གདོན་པ་དང། ཉི་ཆན་གྱིས་བདུག་པ་དང། དུགས་ཀྱི་སྨན་བསྲོས་པའི་ཕུར་མས་དུགས་བྱ་བ་དང། གོས་དང། རྡོ་ལ་སོགས་པ་བསྲོས་པའི་དུགས་རྣམ་པ་འདི་ལྔ་གང་ཡང་རུང་བས་ལུས་ལེག?་ག་པར ་དྲོས་པར་བྱས་ནས་གོས་དྲོན་པོ་བསྐོན་ཏེ། སྐྱུག་སྨན་བཏང། རྐུབ་རྟེན་པུས་མོར་ཕྱིན་ཙམ་གྱི་སྟེང་དུ་བདུག་སྟེ། ཨེརཎྜའི་སྡོང་བུ་འམ། བྱ་སྒྲོ་ལ་སོགས་པ་འཇམ་པོས་གྲེ་པ་ནས་དཀྲུག་ཅིང་།སྐྱུག་ཏུ་བཞུག་གོ། དེ་ལ་སྒྱུག་སྨན་ནི། པི་པི ་ལིང་དང། པོ་སོན་ཆ་དང། རྒྱམ་ཚ་རྣམས་ཀྱི་ཕྱེ་མ་དང། སྦྲང་རྩི་དང། ཤིང་མངར་བསྐོལ་བའི་ཁུ་བ་དང་སྦྱར་བ་འདི་ནི། སྐྱུག་སྨན་གྱི་མཆོག་ཡིན་ཏེ། དྲོན་པོར་འོག་དྲོས་ཀྱིས་གཟུང་སྟེ། བླུང་ལ་སྐྱུག་དུ་བཞུག་གོ་།ཡང་ན་སྦྱར་དུག ་ཅེས་བྱ་བ། འབྲས་དང་ཏིལ་དང། མོན་སྲན་རྡེའུ་གསུམ་བསྲེགས་པའི་ཐུག་པ། པོ་སོན་ཆ་དང། ལེགས་པར་བཙོས་པའམ། ཡང་ན་པོ་སོན་ཆའི་ས་བོན་འོ་མ་དང་སྒྱར་ཏེ་བསྐོལ་བ་འམ། ཡང་ན་པི་པི་ལིང་ལ་སོགས་པའི་སྐྱུག ་སྨན་སྦྲང་རྩི་དང་ལྡན་པ་གོང་དུ་སྨོས་པ་རྣམས་པོ་སོན་ཆའི་འབྲས་བུ་ལྔ་བསྐོལ་བའི་ཁུ་བ་དང་སྦྱར་ཏེ་དྲོན་པོར་འཐུངས་ན་སྙིང་ཚིམ་པར་སྐྱུག་པར་འགྱུར་རོ། །ཀུ?་བ་རོ་ཁ་བ་དང། ཐང་ཤིང་དང་།དུག་མོ་ཉུང་གི་འབྲས་བུ་དང། ཀྲི་ཏ་? ་དང། དྷ་མ་རྒ་བ་རྣམས་ཀྱང་སྨྱུག་སྨན་ཡིན་ཏེ་།སོ་སོར་པོ་སོན་ཆ་དང་འདྲ་བར་སྦྱར་རོ། །དེ་ནས་སྐྱུགས་པའི་རྗེས་ལ། མཁྲིས་པ་བྱུང་བ་དང། ལྟོ་དང། སྙིང་ཁ་དང་།མགོ་བོ་ཡང་བར་གྱུར་ན་སྐྱུག་སྨན་ལེགས་པ་ཡིན་ནོ། །འདི་ལྟར་མ་གྱུར ་པ་ནི། སྐྱུག་སྨན་མ་ལེགས་བ་ཡིན་པར་བཤད་དོ། །སྐྱུག་པའི་ཚོད་མ་རིག་སྟེ་།གྲགས་ན་ནང་དུ་འགྱུར་ཏེ། དེའི་མཚན་མ་ནི། སྙིང་གར་ན་བ་དང། གློ་འགྲམས་པ་དང། མགུལ་པ་སྣང་པ་དང། དྲན་བ་ཉམས་ཤིང་མྱོས་པ་དང། ལུས་འདར་བ་དང། །བྲག ་སྐྱུག་པ་རྣམས་ལས་རྟོགས་པར་བྱའོ། །དེ་ལ་སྐྱུག་སྨན་ནི་།བད་ཀན་ལས་གྱུར་པའི་ནད་དང། ཆམ་པ་དྲག་པོ་དང། གཅིན་སྙི་བའི་ནད་དང། མཛེ་ནད་དང། ལྐོག་ནད་ལྟ་འོར་དང་།དུག་འཐུངས་པ་དང། བསུད་པ་རྣམས་ལ་ཉམས་སྟོབས་དང ་སྦྱར་ཏེ། བཏང་བར་བྱའོ། །མིག་ནད་རབ་རིབ་ཡོད་པ་དང། དམུ་རྫིང་ཅན་དང། སྐྲན་དང། སྐོམ་པའི་ནང་དང། རྟུག་སྐམ་གྱི་ནད་ཀྱིས་ཉམ་ཐག་པ་དང། སྦྲུམ་པ་དང། རླུང་ནད་ཅན་དང། སྐྱ་རྦབ་ཀྱི་ནད་ཡོད་པ་རྣམས་ལ་ནི། སྐྱུག་སྨན་དུ་བཏང་དུ ་མི་རུང་པོ། །བཀྲུ་སྨན་བཏང་པའི་ཐབས་ནི། ཐོག་མར་སར་དང་།ཏིལ་མར་ལ་སོགས་པ་སྣུམ་བག་གང་ཡང་རུང་བའི་འཇམ་རྩི་བླུད་ལ། དེའི་འོག་ཏུ་སྔར་བཤད་པ་བཞིན་དུ་དུགས་ཀྱིས་ལུས་བསྲོས་ཏེ་སྐྱུག་སྨན་བཏང་ལ། དེའི་འོག་ཏུ ་བཀྲུ་སྨན་བཏང་ངོ། །བཀྲུ་སྨན་བཏང་བའི་ཐབས་དེ་ལྟར་མ་བྱས་ཏེ། ཆོ་ག་ལོག་པར་བྱས་ན་ཕོ་བའི་ནད་སྐྱེད་པར་བཤད་དོ། །དེ་ལ་མཁྲིས་པའི་རང་བཞིན་ཅན་གྱི་མི་ནི། ལྟོ་སྙིའོ། །རླུང་དང་བད་ཀན་ཅན་གྱི་རང་བཞིན་ཅན་གྱི་མི་ནི་ལྟོ་སྲབ་ཡིན་ནོ། །ནད ་གཞི་རྣམས་སྟོབས་མཉམ་པའི་?་ནི་འབྲིང་སྟེ། དེ་དག་ལ་སྨན་གྱི་ཚོང་ཅི་རིགས་པར་དཔག་ཅིང་བཏང་བར་བྱའོ། །དེ་ལ་རླུང་ལས་གྱུར་པའི་ནད་ཀྱིས་མཉམ་ཐག་པའི་མི་ལ། བཀྲུ་སྨན་བཏང་བའི་ཐབས་ནི། ཤིང་ཉེ་རོང་དང། རྒྱམ་ཚ་དང་ཁབ? ་སྒ་རྣམས་ཀྱི་ཕྱེ་མ་རྩབས་སྐྱུར་པོ་འམ། རྐང་འགྲོས་དང། རི་དགས་སྐམ་ས་ན་གནས་པའི་ཤའི་ཁུ་བ་གང་ཡང་རུང་བ་དང་སྦྱར་ཏེ། བཏུང་བར་བྱའོ། །མཁྲིས་པ་ལས་གྱུར་པའི་ནང་ཡོད་པ་ལ་ནི། ཤིང་ཉེ་རོང་ཕྱེ་མ་སྨན་ནོག་མངར? ་དང། ཁབ་ལ་སོགས་པ་མཁྲིས་བའི་ནད་ལ་ཕན་བའི་སྨན་གང་ཡང་རུང་བ་བསྐོལ་བའི་ཁུ་བ་དང་སར་བའི་བཀྲུ་སྨན་བཏང་བར་བྱའོ། །བད་ཀན་ལས་གྱུར་པའི་ནད་ཀྱིས་གནོད་པར་གྱུར་པ་ལ་ནི། འབྲས་བུ་གསུས་བསྐོལ ་བའི་ཁུ་བ། ཆ་བ་གསུམ་གྱི་ཕྱེ་མ་དང་བ་གཅིན་གྱིས་སྦྱར་བའི་བཀྲུ་སྨན་བཏང་བར་བྱའོ། །པི་པི་ལིང་དང། བཅའ་སྒ་དང། ཤིང་ཉེ་རོད་དང། ནས་ཚིག་འཁུས་པའི་ཐལ་བ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་འདི་ནི། བད་ཀན་ལས ་གྱུར་པའི་ནོད་ཙོག་གི་བཀྲུ་སྨན་གྱི་མཆོག་ཡིན་ཏེ། བཟའ་བར་བྱའོ། ། རུ་ར་དང། རྒྱམ་ཚ་དང། པི་པི་ལིང་རྣམས་ཀྱི་ཕྱེ་མ་ཆུས་བསྐོལ་བའི་དྲོན་པོ་དང་སྦྱར་བའི་བཀྲུ་སྨན་ལྕགས་མངའ་ཞེས་བྱ་བ་འདི་ནི་ནང་དོ་ཙོག་སེལ ་བའི་བཀྲུ་སྨན་གྱི་མཆོག་ཡིན་ཏེ་བཏུང་བར་བྱའོ། །ཧྭག་སྲང་གཅིག་དང། ཤིང་ཉེ་རོང་གི་ཕྱེ་མ་སྲང་གཅིག་དང། པི་པི་ལིང་གི་ཕྱེ་མ་ཞོ་གཉིས་དང་འདི་རྣམས་སྦྲང་རྩི་དང་སྦྱར་བའི་ལྡེ་གུའི་བཀྲུ་སྨན་ལས་རེན་པར་ཟོས་ན་ཡང་ནོད ་ཅོག་སེལ་ཏོ། །ཚ་བ་གསུམ་དང་།དནདའི་རྩ་བ་དང། ཤིང་ཉེ་རོང་དང། ཨ་རུ་ར་དང། ཤིང་དོད་རྣམས་ཀྱི་ཕྱེ་མ་དང། དྲི་སྣ་གསུམ་ཞེས་བྱ་བ། ཤིང་ཚ་དང། སུག་སྨེལ་དང་།གནདྷ་པ་ཏྲ་རྣམས་ཀྱི་བཏབ་ལ། བུ་མར་དང་སྦྱར་ཏེ། ་གོང་བུར་དགོངས་པའི་བཀྲུ་སྨན་གྱིས་ཀྱང་ནད་དོ་ཅོག་སེལ་ཏོ། །དམུ་རྫིང་ལ་སོགས་པ་ལ་ནི། ཤིང་ཉེ་རོང་དང། ཤིང་དོད་ཀྱི་ཕྱེ་མ། ཤིང་སྣུ་ཧའི་ལོ་མས་ལན་མང་དུ་བསྒོས་ལ། བུ་མར་དང་།སྦྲང་རྩི་སྦྱར་ཏེ། དྲི་སྣ་གསུམ་གྱིས ་བཏབ་བའི་ལྡེ་གུས་བཀྲུ་སྨན་བཏང་ངོ། །དེ་ནས་ཁྲུས་པའི་རྗེས་ལ། བད་ཀན་བྱུང་བ་དང། བཀྲེས་པར་གྱུར་པ་དང། ལུས་ཡང་བ་དང་།མདངས་གསལ་བར་གྱུར་ན་བཀྲུ་སྨན་ལེགས་པ་ཡིན་ནོ། །ལུས་གཡའ་བ་དང། ལུས་ལ ་ཐིག་ལེ་ཁྲ་བོར་བྱུང་བ་དང། ལུས་ལྕི་བར་གྱུར་པ་རྣམས་ནི། བཀྲུ་སྨན་མ་ལེགས་པའི་མཚན་མར་ཤེས་པར་བྱའོ། །བཀྲུ་སྨན་དྲགས་བའི་མཚན་མ་ནི། ན་བ་དང། བརྒྱལ་བ་དང་།གཞང་འབྱུང་བ་དང་།རླུང་འཇུག་བ་དང་།དྲན་པ་ཉམS ་པ་དང། ཤ་རྗེན་བཀྲུས་པའི་ཁུ་བ་འདྲ་བ་འཐུར་དུ་འབྱུང་བ་རྣམས་ཡིན་ནོ། །དེ་ལ་བཀྲུ་སྨན་ནི། མཛེ་དང། གཞང་འབྲུམ་དང་།སྲིན་བུའི་ནད་དང། མེ་དབལ་དང། དྲེག་དང་སྐྱ་སྦབས་ཀྱི་ནང་ཡོད་པ་རྣམས་ལ་བཏང་བར་བྱའོ། །ཟང་ཀྱི་ནང ་ཡོད་པ་དང། རིད་པ་དང་།བུད་མེད་སྦྲུམ་མ་རྣམས་ལ་ནི། བཀྲུ་སྨན་བཏང་དུ་མི་རུང་ངོ། །སྐྱུག་སྨན་བཏང་བ་ལས་ཧ་ཅང་མང་དུ་སྐྱུག་ཅིང། འཆད་དུ་མི་བཏུབ་པ་ལ་ནི། སྨན་པས་བཀྲུ་སྨན་ཞིམ་ཞིང་ཡིད་གར་འོང་བ་ལས་ཆུང་ཟད་ཙམ ་བྱིན་ན་སྐྱུག་པ་འཆད་པར་འགྱུར་རོ། །བཀྲུ་སྨན་བཏང་བ་ལས་ཧ་ཅང་མང་དུ་འཁྲ་ཞིང་།འཆད་དུ་མི་བཏུབ་པ་ལ་ནི། སྐྱུག་སྨན་ཅུང་ཟད་བཏབ་ན་འཆད་པར་འགྱུར་རོ། །བཀྲུ་སྨན་ཧ་ཅང་དྲགས་པ་ནི། ཤུག་པ་དང། པུ་ཤེལ་ཙེ་དང། ནག་གི ་སར་དང། ཙནདན་རྣམས་ཀྱིས་ལུས་བྱུགས་པ་དང། ལུས་བླུགས་པ་དང། བཏུང་བ་རྣམས་བྱའོ། །སྨན་སྣར་བླུགས་པ་ཞེས་བྱ་བ་ནི། མར་དང། ཏིལ་མར་འམ། སྨན་སྣར་བླུགས་པ་ཡིན་ཏེ། དེ་ཡང་མར་རམ། ཏིལ་མར་ཉི་ཚེ་སྣར ་བླུགས་པ་དང། སྨན་མར་རམ། སྨན་གྱི་ཏིལ་མར་བླུགས་ཤིང། བད་ཀན་དང་།ཆུ་སེར་སྣ་ནས་དྲད་བ་དང། སྣུམ་གྱིས་སྣའི་ནང་བསྐུ་བ་དང། སྨན་གྱི་ཕུར་མ་སྣ་གོར་རྩིར་ཞིང་བླུགས་པ་དང། སྨན་གྱི་ཕྱེ་མ་ལྕེའི་ནང་དུ་བླུགས་ཏེ། ་སྣར་བུད་པ་དང་།རྣམ་པ་ལྔ་ཡོད་བར་ཤེས་པར་བྱ་སྟེ། སྨན་སྣར་བླུགས་པའི་རྣམ་གྲངས་དེ་དག་བཏང་བའི་ཐབས་ནི། ནང་ཐང་བའི་ཉིན་པར། ཟན་མ་ཟོས་པའི་སྔ་རོལ་དུ་ལག་པ་གཉིས་དྲག་དུ་དྲུང་པའི?་དྲོད་ཀྱིས་ ་ཁ་སྣ་དང་།གདོང་ཐམས་ཅད་ལེགས་པར་མཉེ་ཞིང་བསྲོས་ལ། ཁ་སྣ་དང། མཚུལ་བའི་དྲི་མ་ཐམས་ཅད་ཞག་པར་བསལ་ནས་མགོ་སྨད་དེ་བཏང་བར་བྱའོ། །སྨན་སྣར་བླུགས་པའི་ཆོ་ག་བྱེད་པ་དེས་མགོ་བཀྲུ ་བ་དང། ཁྲོ་བ་དང། ཉལ་པོ་དང། ཉིན་པར་གཉིད་ལོག་པ་ལ་སོགས་པ་མི་རུང་བ་རྣམས་སྤང་བར་བྱའོ། །དེ་ལ་མར་དང་ཏིལ་མར་སྣར་བླུགས་པའི་ཚོད་ནི། ཐིགས་པ་བརྒྱད་དམ། ཡང་ན་མཛུབ་མོའི་ཚིགས་པ་གཉིས་ཕན་ཅད་།ལན ་གཅིག་སྨྱུགས་པ་ལ་ཅི་ཆགས་པ་སྣར་བླུགས་སོ། །ཆེད་རྣམ་གཅིག་ནི་།སྲང་ཕྱེད་སྣར་བླུགས་པ་ཡིན་ནོ། །ཚད་རྣམ་གཅིག་ནི་ཉམ་སྟོབས་ཆེ་ཆུང་ལས་དཔགས་ཏེ་ཐིགས་པ་བཞི་འམ། དྲུག་གམ། བརྒྱད་བླུགས་པར་བྱ་སྟེ་།ཚད ་ཀྱི་སྣ་གྲངས་མང་པོ་བསྟན་པ་འདི་ཀུན་ཀྱང་ནད་བའི་ཉམ་སྟོབས་ཆེ་ཆུང་དང་སྦྱར་ཞིང་བཏང་བར་བྱའོ། །སྨན་མར་རམ། ཏིལ་མར་སྣར་བླུགས་ཤིང་།བད་ཀན་དང་ཆུ་སེར་སྣ་ནས་དྲང་བ་ནི་ནམ་ཚོང་ཡན་ཆད་ཀྱི་ནད་རྣམས་ལ ་བཏང་བ་ཡིན་ནོ། །ད་ནི་སྨན་མར་གྱི་འཇམ་རྩི་དང། བཅུད་མས་བཏང་བའི་ཆོ་ག་བཤད་དེ་།སྨན་མས་བཏང་བའི་དཔྱད་ནི། ལྕགས་དང་ཟངས་ལ་སོགས་པ་གང་ཡང་རུང་བ་ལས་བྱས་པའི་གཅེའུ་སྲིང་སོར་བཅུ་གཉིས་པ་ལ། གནག་གི་མཇུག ་སྙིང་གི་དབྱིབས་བཞིན་དུ་བྱིན་གྱིས་ཕྲ་ཞིང་ཟླུམ་པར་བྱས་ལ། རྩ་བ་སྤོམ་པ་ནི་ཐེ་འོང་ཤོང་ཙམ་དུ་བྱ། ཐོར་ཏོ་ཕྲ་མོ་ནི་སྲན་ཤོང་ཙམ་ལ། འཇམ་པོར་བྱས་ཏེ། ཐོར་ཏོ་ཕྲ་མོ་ལོགས་ནས་སོར་གསུམ་གྱི་ཚུ་རོལ་དུ་ཕང་ལོ་ཙམ་ཞིག་གགS ་བྱས་ལ། རྩ་བ་སྦོམ་པོ་ལོགས་ཀྱི་ཁར་ཡང་སྨན་བླུགས་པའི་སྣོད་གནག་གི་ལྒང་པ་བཟང་པོ་དམ་པོར་གདགས་ཤིང། ལྒང་པ་མི་འབུད་པའི་གགས་ཅི་རན་པ། ཁ་གཉིས་སུ་བཅད་ལ། དེའི་བར་དུ་ལྒང་བའི་ཁ་བཅིང་བར་བྱའོ། །དེ་ནས་སྨན? ་བཏང་བའི་ཚེ། སྔར་ཁ་ཟས་ཟོས་ནས་གློ་གཡོན་ཕྱོགས་ཀྱི་ཉལ་ལ། རྐང་པ་གཡོན་པ་ནི་བརྐྱང་།གཡས་པ་ནི་བསྐུམས་ཏེ། གཞང་ཁ་དང། ལྕེའུ་སྣུམ་གྱིས་བྱུགས་ལ། སྨན་ཤུ་ཏི་དང་།རྒྱམ་ཚའི་ཕྱེ་མ་མར་རམ་།ཏིལ་མར་དང། ཆུ་དང་ལྡན་པར་བསྐོལ་ལ། མར་ཉི ་ཚེ་ལུས་པ་བཙགས་པ་འམ། སྨན་གཞན་ཡང་རུང་སྟེ། ཚད་སྲང་གཉིས་སམ། སྲང་གསུམ་མམ། སྲང་བཞི་མི་ཉིད་ཀྱི་ཉམ་སྟོབས་དང་སྦྱར་ཞིང། ཚོང་རན་པ་དང། དྲོན་པོར་མས་བཏང་ཞིང། གཅེའུའི་རྩེ་མོ་ནང་དུ་བཅུག་ལ། གགས་ལ་ཐུག་པར་བྱས་ཏེ། ་ལག་པ་གཡོན་བས་གཅེའུའི་སྐད་བ་ནས་དམ་དུ་བཟུང་ཞིང། ལྒང་བའི་ནང་དུ་རླུང་མ་སོང་བར་བྱས་ཏེ། ཧ་ཅང་མི་དྲག་ཡི་ངལ་བ་དང། བར་དུ་མི་གདའ་མི་བཅད་ཅིང། རྒྱུན་ཆགས་པར་ལན་གཅིག་གིས་རྫོགས་པར་ལག་པ་གཡས་པས་ལྒང་པ་བཙིར་ལ ་རླུང་ནད་དུ་མི་འགྲོ་བར་བྱ་བའི་ཕྱིར། སྨན་གྱི་ལྷག་མ་ཆུང་ཟད་ཙམ་ལུས་པར་བྱའོ། །སྨན་བཏང་ཟིན་ནས། གན་རྐྱལ་དུ་བསྙལ་ཏེ། རྐང་ལག་བཞི་ཆར་གྱེན་དུ་བཏེག་ལ། ལན་གསུམ་གྱི་བར་དུ་དྲག་ཏུ་བརྐྱང་ཞིང། བསྐུམ་པ་བྱས་ནས། ཁ་སྒྲུབ་ཏུ་ཟློག ་སྟེ། བདག་ཉིད་ཀྱི་རྟིང་པས་རྐུབ་ཚོས་ལ་ལན་གཉིས་གསུམ་དུ་བརྡབས་ལ། དེའི་འོག་ཏུ་མི་གཞན་གྱིས་རྐང་པའི་མཐིལ་དུ་ཁུ་ཚུར་གྱི་ལན་གཉིས་གསུམ་དུ་བརྡེགས་ནས། རོ་སྨང་སྟོད་ཉལ་དུ་གཞུག་གོ། །སྨན་མར་གྱི་ཆོ་ག་འདི་ནི་ཞག་ལོན་གྱི་བར་དུ་འགྱིལ ་ཏེ། ཕྱིར་མ་བྱ?་བ་ཡང་མི་རུང་བར་འགྱུར་རོ། །དེ་བས་ཀྱང་ཡུན་རིང་དུ་ཕྱིར་འབྱུང་དུ་མ་བཏུབ་ན། ཕྱིས་འགག་པའི་ཆོ་ག་སྔར་བསྟན་པ་བཞིན་དུ་།སྨན་གྱི་རེང་བུ་མས་གཞུག་པའམ། ཡང་ན་བཀྲུ་སྨན་འཇམ་པོས་མྱུར་དུ་འགྱུར་ཞིང་སྤྱད་བར ་བྱའོ། །ཇི་སྟེ?་ཕྱིར་མ་བྱུང་ཡང་མི་བདེ་བ་འམ། ལྕི་བའི་བག་མེད་ཅིང་།ཐ་མལ་བར་འདུག་པ་ལ་ནི། བཀྲུ་སྨན་ལ་སོགས་པ་བཏང་མི་དགོས་ཏེ། ཆུ་བསྐོལ་བའི་དྲོན་པོ་འཐུངས་པས་ཀྱང་འབྱུང་བར་འགྱུར་རོ། །དེ་ལ་མར་དང་ཕྱིས་འདྲེས་པ་འབྱུང་བ ་ནི། སྨན་ལེགས་བའི་མཚན་མ་ཡིན་ནོ། །ཕྱིས་མ་འདྲེས་པར་མར་ཉི་ཚེ་འབྱུང་བ་དང། ལུས་ཚ་བར་གྱུར་བ་ནི། སྨན་མ་ལེགས་པའི་མཚན་མ་ཡིན་ནོ། ཕྱིས་ནི་ཐ་མལ་པར་བྱུང་ལ། ལྟོ་མི་བདེ་བའི་? ་ཏུ་མ་གྱུར་ན་ཡང་མེའི་དྲོད་ཆེ་བས་སྨན་ཁོང་དུ་ཞུ་བར་གྱུར་པ་ཡིན་ཏེ། མི་རུང་བ་མེད་དོ། །ཁ་ཟས་ནི་སྨན་བཏང་ནས་ནམ་བཀྲེས་པར་གྱུར་ན། གདོང་ཡང་ཞིང་འཕྲོད་པའི་བག་ལས་བཟའ་ཨོ། །སྨན་མས་བཏང་ནས་རིང་པོ་མ་ལོན་པར་ཕྱིར་བྱུང་ན་སྨན་དོན་དུ་མ ་གྱུར་པ་ཡིན་ཏེ། ཡང་ན་ཆོ་ག་སྔ་མ་བཞིན་དུ་བཟླས་ཏེ་བཏང་བར་བྱའོ། །དེ་ལ་སྨན་མར་གྱི་འཇམ་རྩིའི་བཅུད་མས་བཏང་བ། བཀྲུ་སྨན་དྲག་པོ་མས་བཏང་བའི་གཉི་ག་ཡང། རླུང་ནད་ཀྱི་བག་ཡོད་པ་ལ་བཏང་བར་བྱའོ། །ཟང་བྱེད་ཀྱི་ནད་དང། མཛེ་ནད་དང། ་གཞང་འབྲུམ་དང། སྐྱུག་པའི་ནད་དང། གཅིན་སྙི་བའི་ནང་དང། དམུ་རྫིང་ཡོད་པ་ལ་སོགས་པ་ལ་ནི་བཏང་དུ་མི་རུང་ངོ། །བཀྲུ་སྨན་དྲག་པོ་མས་བཏང་བའི་ཆོ་ག་ནི། སྔར་ཞག་གཉིས་གསུམ་གྱི་སྔ་རོལ་དུ་།སྨན་མར་གྱི་འཇམ་རྩི་མས་བཏང་ལ་བཀྲུ ་སྨན་དྲག་པོ་ཉིད་མས་བཏང་བའི་ཉིན་པར། ཉི་མ་དྲོན་པོ་ལ་སྔ་དྲོ་ནས་ལུས་སྣུམ་གྱིས་བྱུག་ཅིང་མཉེ་བ་དང། དུགས་སྣ་ཚོགས་ཀྱིས་ལུས་ཤིན་ཏུ་དྲོས་ཤིང། ཤ་གྲོལ་བར་བྱས་ལ་།ནད་པར་ནས་ཁ་ཟས་ཀྱི་བག་མི་བཟའ་མི་བཏུང་བར། ཉི་མ ་ཕྱད་ཡོལ་ཙམ་ན། སྨན་མས་བཏང་བར་བྱའོ། །དེ་ལ་བཏང་བའི་ཐབས་ནི་གན་རྐྱལ་དུ་བསྙལ་ལ། སྨན་མར་གྱི་བཅུང་མས་བཏང་བ་བཞིན་དུ་གཅེའུ་དང། ལྒང་བར་སྦྱར་ནས། སྨན་ཧ་ཅང་མི་ཚ་ཧ་ཅང་མི་གྲང་པར་དྲོན་པོར་བྱས་ཏེ། ལྒད་པ་ལག་པས་བཙིར་ལ། ་ཧ་ཅང་མི་དྲག་མི་དལ་བ་དང། བར་དུ་མི་གདའ་མི་བཅད་པར་རྒྱུན་ཆགས་པར་ལན་གཅིག་གིས་རྫོགས་པར་བཏང་ངོ། །དྲི་མ་བྱུང་བའི་སྣོད་དམ། ཁུང་བུ་ཡང་སྔ་ནས་གྲུབ་དུ་བསྙེན་ལ། སེམས་གུད་དུ་མི་གཡེང་བར་སྨན་ལྟོ་ན་འདུག་པ་རྣམས ་འབྱུང་ལ་ཐུག་གོ་སྙམ་དུ་བསམ་པ་གཏང་པར་བྱའོ། །དེ་ལ་དབྱུང་བའི་ཚོད་ནི། སྨན་མས་བཏང་ནས་ཡི་གའི་འབྲུ་སུམ་ཅུ་དྲག་དལ་རན་ཙམ་དུ་བརྗོད་ཅིང་ཟིན་ཙམ་ན་འབྱུང་བའི་རིགས་ཏེ། །ཐ་མལ་བ་ཅོག་ཅོག་པོར་འདུག་ལ་དབང་བར ་བྱའོ། །དེ་ནས་ནད་མ་ཕྱིན་ཏམ། མ་ཞག་པར་གྱུར་ན་བསྣན་བཟོད་དང་མི་བཟོད་མིའི་ཉམ་སྟོབས་ལས་སྤགས་ཏེ། བཟོད་པ་འདྲ་ན་སྔ་མ་བཞིན་དུ་ལན་གཉིས་ལན་གསུམ་གྱི་བར་དུ་བསྣན་ཏེ། བཀྲུས་ནས། དེའི་འོག་ཏུ། ཆུ་དྲོན ་པོས་ཁྲུས་བྱས་ལ། ཁ་ཟས་ཤ་ཁུ་དང་ལྡན་པ་བཟང་པོ་ཟོས་ནས་དེའི་རྗེས་ལ། ལུས་རླུང་འཇུག་པ་ལྟ་ན་། དེའི་མོད་ལ་མར་གྱི་འཇམ་རྩིའི་བཅུད་མས་བཏང་བ་ཆོ་ག་སྔར་བཤད་པ་བཞིན་དུ་བྱའོ། །འཕྲལ་དུ་རླུང་འཇུག ་དའི་དོགས་པ་མར་ན། ཞག་གཉིས་སམ་གསུམ་གྱིས་གཅང་དེ། གདོང་མར་གྱི་འཇམ་རྩིའི་བཅུད་མས་བཏང་ངོ། །བཀྲུ་སྨན་དྲག་པོ་ཁོང་དུ་བཏང་བ་དེས་མ་བྱུང་ན་།གྱིས་འགགས་པའི་ནད་དང། ཟུག་ཅིང་ན་བ་དང། ལྟ་སྤོ་བ ་ལ་སོགས་པའི་ནད་མང་པོར་འགྱུར་ཏེ། ཉིན་ཆེ་བས་ན་དེ་ལ་ནི། དུ་འགྱུར་རན?་པའི་དུས་ལས་ཡལ་མ་ཐག་ཏུ་འཇམ་རྩི་སྨོན་པོ་མས་བཏང་བ་དང། བཀྲུ་སྨན་བཏུང་བ་དང། སྐྲག་པར་བྱ་བ་ལ་སོགས་པའི་ཆོ་ག་བྱས་ན་བཟང་ངོ། །བཀྲུ ་སྨན་དྲག་པོ་མས་བཏང་བའི་ཆོ་ག་འདི་ནི། ཕན་ཡོན་ཆེ་ཞིང་ཉེན་ཡང་ཆེ་བས་ན། གྱ་ཚོམ་དུ་བཏང་དུ་མི་རུང་སྟེ། ཚེ?་ག་དེ་ལ་མཁས་པའི་སྨན་པ་མང་པོ་ཆགས་པས་ལེགས་པར་དཔྱད་ཅིང་བཏང་བར་བྱའོ། །དེ་ལ་བཀྲུ་སྨན་དྲག་པོ ་མས་བཏང་བ་ལ་ནི། སྨན་?་བུ་?་སྤོང་དྲུག་དང། མར་ངམ་ཏིལ་མར་ཆ་གཅིག་དང་།སྨན་གྱི་ཕྱེ་མ་སྲང་གསུམ་དང་།རྒྱལ་ཚ་དང། སྦྲང་རྩི་ཅི་རན་པ་དང་།འདི་རྣམས་ནི་སྤྱིའི་ཆོ་ག་ཡིན་ཏེ། གཞི་འདི་རྣམས་ཀྱི་སྟེང་དུ་།རླུང་དང་།མཁྲིས ་པ་དང། བད་ཀན་གང་གི་སྨན་དུ་བཏང་བ་ལས། དེ་དག་སོ་སོའི་སྨན་འོག་ནས་འབྱུང་བ་བཞིན་དུ་བསྣན་ཏེ། སྐམ་གཤེར་སྤྱིད་སྲང་ཉི་ཤུ་རྩ་བཞི་བྱུང་བར་གྲངས་བཀང་ཞིང་ཆོ་ག་འོག་ནས་རྒྱས་པར་འབྱུང་བ་བཞིན་དུ ་སྦྱར་རོ། །དེ་ལ་རླུང་ནད་བསལ་བའི་བཀྲུ་སྨན་དྲག་པོ་མས་བཏང་བ་ནི། རླུང་སེལ་བའི་སྨན་གང་ཡིན་པ་རྣམས་བསྐོལ་བའི་ཁུ་བ་དང། ཤིང་ཉེ་རོང་གི་ཕྱེ་མ་དང། རྒྱམ་ཚ་བྲོ་བཅོམ་དང། རྩབས་སྐྱུར་པོ་རྣམས་ལྷན་ཅིག་ཏུ་སྦྱར་ཏེ ་དྲན་བོར་བཏང་ངོ། །རྒྱ་ཤུག་ལ་སོགས་བའི་སྡེ་ཚན་དང། རྩ་བ་བཅུ་དང། རྒྱ་སྲན་དང། ལ་བུག་སྐམ་པོ་རྣམས་ལས་སྣ་རེ་རེ་ཡང་སྲང་གཉིས་གཉིས་ལྷན་ཅིག་ཏུ་ཆུ་ཕུལ་གང་ལ་སྲང་བརྒྱད་དུ་རྩིས་པ་ཕུལ་ཏོག་དྲུག་ཅུ་རྩ་བཞིའི ་ནང་དུ་བསྐོལ་ཏེ། ཚུལ?་བརྒྱད་ཆ་གཅིག་ལུས་པ་བཙགས་པ་དང། ཤུ་དག་དང། ཨུ་པ་ཀུཉྫི་ཀ་དང། པི་པི་ལིང་དང། ཤུ་ཏི་དང། རྒྱམ་ཚ་དང། གླ་སྒང་ནམས་ཀྱི་ཕྱེ་མ། སྦྲང་རྩི་དང་།རྩ་བསྐྱུར་བོ་དང། བ་གཅིན་རྣམས་སྦྱར་བའི། ་བཀྲུ་སྨོན་དྲག་བ་མས་བཏང་བ་ཡང་རླུང་ནང་སེལ་བར་བྱེད་དོ། །མཁྲིས་པ་བསལ་བའི་བཀྲུ་སྨན་དྲག་པོ་མས་བཏང་བའི་སྨན་ནི། ཤིང་ནྱ་གྲོ་དྷ་ལ་སོགས་པའི་སྡེ་ཚན་བསྐོལ་བའི་ཁུ་བ་དང། བུ་ཚང་རྟོ་ལ་སོགས་པའི་སྡེ་ཚན ་བཏགས་བའི་ཕྱེ་མ་དང། མར་དང། འོ་མ་དང། ཁ་ར་རྣམས་སྦྱར་བ་བཏང་ན་མཁྲིས་པ་སེལ་ཏོ། །བད་ཀན་སེལ་བའི་བཀྲུ་སྨན་དྲག་པོ་མས་བཏང་བའི་སྨན་ནི། དོད་ག་ལ་སོགས་བའི་སྡེ་ཚན་བསྐོལ་བའི་ཁུ་བ་དང་།པི་པི་ལིང ་ལ་སོགས་པའི་སྡེ་ཚན་བཏགས་པའི་ཕྱེ་མ་དང་ཁ་གཅིན་དང་སྦྲང་རྩི་རྣམས་ཏེ་བཏང་ན་བད་ཀུན་སེལ་ཏོ། །པུ་ཙེ་ཤེལ་དང་།གླ་སྒང་དང། པུ་ཤེལ་ཅི་དང། བཅོད་དང། བ་ལ་དང་།ར་སྣ་དང། བུ་ན་རྣ་བ་དང། བྲོ་ཧ་ཏཱི་དང། སླེ་ཏྲེས་དང ་ས་ལ་བྲྞོ?་དང། པྲིའཎ་པདཎི?་དང། བ་རུ་ར་དང། གཟེ་མ་དང། པོ་སོན་ཆ་རྣམས་ལས་ཕྲ་རེ་རེ་རེ་ལྷན་ཅིག་ཏུ་ཆུ་ཕུལ་དྲུག་ཅུ་རྩ་བཞིའི་ནང་དུ་བསྐོལ་ཏེ། ཁུ་བ་བརྒྱད་ཆ་གཅིག་ལུས་པ་བཙགས་ལ། འོ་མ་ཕུལ་བརྒྱད་དང་བསྐོལ་ཏེ། འོ་མ་ཉི ་ཚེ་ལུས་བའི་ནང་དུ། གནདྷ་པྲི་ཡཾ་གུ་དང། ཤིང་མངར་དང། ཤ་ཏི་དང། དུག་མོ་ཉུང?་གི་ཤུན་ལྤགས་དང། བ་རུ་ར་རྣམས་ཀྱི་ཕྱེ་མ་ཞོ་གཉིས་གཉིས་དང། རྒྱམ་ཚེ་དང། མར་དང། སྦྲང་རྩི་དང་།སྲོག་ཆགས་སྐམ་ས་ན་གནས་པའི་ཤ་ཁུ་རྣམས ་ཅི་རན་པ་དང། འདི་རྣམས་སྦྱར་བའི་བཀྲུ་སྨན་དྲག་པོ་མས་བཏང་བ་འདི་ནི། རླུང་དང་མཁྲིས་བ་སེལ་བ་ཡིན་ཏེ། རོ་ཙ་བར་བྱེད་ཅིང་མེ་དྲོད་ཤིན་ཏུ་བསྐྱེད་པ་དང་ན་བ་དང་།སྐྲན་དང། གློ་རྡོལ་བ་དང། གཅོད་ཆེན་པོ་ཟ་བྱེད་ཀྱི་ནད་དང། གཅིན ་འགག་པ་དང། ཕྱི་ས་འགགས་པ་རྣམས་ཀྱང་སེལ་ཏོ། །སྦྲང་རྩི་དང་།ཏིལ་མར་ཆ་བསྙམས་ལ་དེ་གཉིས་བསྡོམས་པའི་ཚད་ཀྱི་ཀྲུ་ཏྲུག་ཏྲེས་བསྐོལ་བའི་ཁུ་བ་དང། ཤུ་ཏེའི་ཕྱེ་མ་སྲང་གཅིག་དང། རྒྱམ་ཚ་ཞོ་གཉི་འདི་རྣམས་སྦྱར ་པའི་བཀྲུ་སྨན་དྲུག་པོ་མས་བཏང་བ་འདི་ནི་ཆོ་ག་བསྲུང་མི་དགོས་ཏེ། རོ་ཙ་བར་བྱ་བ་དང། མེའི་དྲོད་བསྐྱེད་པ་དང། ཤ་སྐྱེ་བར་བྱ་བ་དང། ཕྱི་ས་འགག་པ་དང། སྲིན་བུ་དང། སྐྲན་རྣམས་བསལ་བལ་དགེ་བ་ཡིན་ཏེ་།གནོད་པའི་ཉེན་དུ་མི ་འགྱུར་རོ། །རྩི?་དང། མར་དང་།འོ་མ་དང། ཏིལ་མར་རྣམས་ལས་སྲང་གཉིས་གཉིས་དང། སྔ་མའི་འབྲས་བུ་དང། རྒྱམ་ཚ་ཞོ་གཉིས་གཉིས་དང་།འདི་རྣམ་སྦྱར་བའི་བཀྲུ་སྨན་དྲག་བོ་མས་བཏང་བ་ནི། བརྟག་པར་བྱེད་པའི་མཆོག་ཡིན ་ཏེ། ?་མར་གྱི་འཇམ་རྩིའི་?་དམས?་བཏང་བའི་ཚད་ནི་སྦྱིར་སྲང་གསུམ་དུ་བྱའོ། །བཀྲུ་སྨན་དྲག་པོ་མས་བཏང་བའི་ཚད་ནི། དེའི་བརྒྱད་དུ་བྱའོ། །ཆོས་པར་བྱེད་པའི་སྨན་དང་།བཀྲུ་སྨན་གཉིས་ལ་ནི། སྨན་གྱི་ཕྱེ་མ་སྲང་རེ་རེ་བཏང་ངོ། ་ཡང་ཉམ་སྟོབས་ཀྱི་ཇི་ཙས་ནུས་པ་དང་སྦྱར་རོ། །ཇི་ལྟར་ཤིང་གི་རྩ་བ་ཆུས་བྲན་ན། ལོ་མ་སྔོ་ཞིང་སྣུམ་པ་སྐྱེ་བ་དེ་བཞིན་དུ་མེ་ལ་ཡང་མར་གྱི་འཇམ་རྩིའི་བཅུད་མས་བཏང་བ་དང་།བཀྲུ་སྨན་དྲག་པོ་མས་བཏང ་བའི་ཆོ་ག་འདི་དག་ལྟར་བཏང་ན། མདོག་སྣུམ་ཞིང་ཉམ་སྟོབས་དང་ལྡན་པར་འགྱུར་རོ། །ལས་རྣམས་ལྔའི་ལེའུ་སྟེ་སུམ་ཅུ་པ་རྫོགས་སོ།། །།ད་ནི་ཆོ་གའི་ལེའུ་བཤད་པར་བྱའོ། །སྒོག་སྐྱ་ལ་ནི་རོ་རྣམ་པ་དྲུག་ལས། ་སྐྱུར་བ་མ་གཏོགས་པར་མངར་བ་དང་ཁ་བ་དང་ཚ་བ་དང། བསྐ་བ་དང། ལན་ཚྭའི་རོ་འདི་ལྔ་ཡང་ཡོད་དེ། དེ་ནི་ཚིམ་པ་མེད་པར་བྱེད་པ་ཡིན་ནོ། །དེ་སྨན་གཞན་དང་སྦྱར་ན་ནད་གཞི་གསུམ་ཆ་ང་ཡང་སེལ་ཏོ། །དེ་ལ་མི་མིན་པ་ཉམ་སྟོབས་སྐྱེ་བར ་འདོད་པས་ནི། དཔྱིད་ཟླ་འབྲིང་པོའི་རོ་ལ་བཟའ་བར་བྱའོ། །ནད་ཡང་པ་ལ་ནི་དུས་ཀུན་ཡང་བཟའ་བར་བྱའོ། །སྒོག་སྐྱ་ཞར་སོན་ཅིང་རྡོ་གུ་གྲུར་པོར་གྱུར་ལ། སྐྱོན་མེད་ཅིང་ཡོན་ཏན་དང་ལྡན་པ་དེ་ཉིད་ཀྱི་ཁུ་བ་ཆོ་ག་བསྲུང་བཞིན་དུ་།ཉིན་རེ་ཞིང ་ཞོ་གཉིས་གཉིས་ཀྱིས་བསྐྱེད་དེ་བཏུང་པར་བྱའོ། །དེ་ལ་སྲང་གཉིས་སམ་བཞི་འམ། དྲུག་པར་དུ་རབ་འབྲིང་ཐ་མའི་ཚང་ལས་ཉམ་སྟོབས་དང་སྦྱར་ཞིང་བཏང་བར་བཤད་དོ། །དེ་ལ་རླུང་དང་བད་ཀན་གཉིས་ལS་ནི། སྨན་པས་རྩབས་སྐྱུར་པོ་དང། ་ཚྭ་དང། ཚང་ལ་སོགས་པས་དབུལ། །མཁྲིས་པ་ལ་ནི་འོ་མ་འམ། ཁུ་བ་མངར་བོ་རྣམས་ཀྱིས་དབུལ་ལོ། །ཁ་ཟས་ནི་གྲོ་ལས་བྱས་པའི་བག། སྐབ་སན་གནས་པའི་བྱ་ན་ཤ་གང་ཡིན་པ་རྣམས་ཀྱི་ཤ་ཁུ་དང་ལྡན་པར་ཟ་ཞིང་།ཁྲོ་བ་དང། ་ཉལ་པོ་དང་།མྱ་ངན་ལ་སོགས་པ་དང་།སྨན་དང། ཁ་ཟས་མི་འཇུ་བ་རྣམས་སྤང་བར་བྱའོ། །དེའི་ཆོ་ག་ནི་ནང་ལས་དཔག་ཅིང་།ཞག་བདུན་ནམ་བདུན་གཉིས་སམ། ཞག་བདུན་གསུམ་གྱི་བར་དུ་ཚད་རབ་འབྲིང་རྣམ་པ་གསུམ་དུ ་ཤེས་པར་བྱའོ། །དེ་ལ་སྒོག་སྤྱིའི་ཁུ་བ་མར་དང་སྦྱར་བ་ནི་མཁྲིས་བ་སེལ་ཏོ། །ཏིལ་མར་དང་སྦྱར་བ་ནི་བད་ཀན་དང་རླུང་སེལ་ཏོ། །ཚིལ་འམ་རྐང་དང་སྦྱར་བ་ནི་གློ་བརྡོལ་བའམ། ཟད་བྱེད་ཀྱི་ནང་ལས་བརྟ་བར་བྱེད་དོ། །སྒོག་སྐྱ་ཞིབ་ཏུ་བརྡུངས་ལ་ལོ ་མ་དང་བསྐོལ་ཏེ། ཁ་ར་དང་སྦྱར་བ་འཐུང་ཞིང་།སྨན་ཞུ་བའི་འོག་ཏུ། ཁ་ཟས་འོ་མའམ། ཤ་ཁུ་དང་ལྡན་བར་ཟོས་ན། ཁྲག་ལུང་བས་ཉམ་ཐག་བ་དང། ཟད་བྱེད་ཀྱི་ནད་དང། རླུང་ནད་དང། དབུགས་མི་བདེ་བ་དང། སྨྱོ་བྱེད་དང། བརྗེད་བྱེད་རྣམས་སེལ ་ཞིང་ཚེ་ག་གྲུགས་བྱུང་བ་དང། ཟུག་ཅིང་ན་བར་དང་།སྲིན་བུའི་ནད་དང། ཁུ་བ་ཟད་བ་དང། མོ་གཤམ་རྣམས་ལ་བཟང་ངོ། །གཞང་འབྲུམ་ཅན་དང། ཚད་པ་བེའུ་སྣབས་སུ་འབྱུང་བས་ཉམ་ཐག་པ་དང། འབྲས་ཀྱི་ཕྲེང་བ་ཡོད་པ་དང། ལུས་ཤིན་ཏུ ་རིང་བ་དང། བུད་མེད་སྦྲུམ་བ་དང། བུད་མེད་བུ་ནུ་བཞིན་བ་རྣམས་ཀྱིས་ནི་བཏུང་བར་མི་བྱའོ། །ཀུན་དོང་ནི་སྒོག་སྐྱ་ལས་ཆུང་ཟད་ཙམ་གྱིས་མཐུ་ཆུང་སྟེ། དེ་ཡང་ཆོ་ག་བཞིན་དུ་བཟའ་བར་བྱའོ། །རླུང་ནད་ཙམ་ལ་ནི། ཨེ་རཎྚའི་མར་ཆད་དང། ་རྩ་བས་སྐྱར་པོ་དང། རྩ་བ་ལྔ་བ་བསྐོལ་བའི་ཁུ་བ་དང། སྲོག་ཆགས་སྐམས་ན་གནས་པའི་ཤ་ཁུ་རྣམས་ལས་གང་ཡང་རུང་བ་དང་སྦྱར་ཏེ། བསྲོས་ལ་ཉམ་སྟོབས་དང་སྦྱར་ཞིང་།ཚོད་རན་པར་བཏུང་བར་བྱའོ། །ེ་རཎྚའི་མར་འབྲས་བུ ་གསུམ་བསྐོལ་བའི་ཁུ་བ་དང་སྦྱར་ཏེ་བཏང་ན་།བད་ཀན་དང་མཁྲིས་པ་སེལ་ཏོ། །རྩ་བ་བཅུ་པ་བསྐོལ་བའི་ཁུ་བ་དང་སྦྱར་ཏེ་བཏང་ན་རླུང་དང་མཁྲིས་པ་ལས་གྱུར་པའི་ནད་སལ་ཏོ། །རའི་འོ་མ་འམ། རྒུན་ཆང་གང་ཡང་རུང་བ་དང་སྦྱར་ཏེ ་འཐུངས་ན་གཅིན་སྒྲི་བ་དང། རྡེའུས་འགགས་པ་སེལ་ཏོ། །འོ་མ་དང་སྦྱར་ན་རླུང་སྲན་སེལ་ཏོ། །མིག་སེར་དང། སྐྱ་རྦབ་དང། ཚད་བར་འཁྲུ་བ་དང། སྐྱུག་པ་དང་།མཛེ་དང་།རིམས་དང་།བད་ཀན་ཉི་ཚེ་དང། ཁྲག་ལུས་པ་ཉི་ཚེན་པ་རྣམS ་ཀྱིས་ནི་བཅུང་བར་མི་བྱའོ། །གོ་བྱེའི་ཆོ་ག་ནི་གོ་བྱེའི་འབྲས་བུ་ལྔ་ཆོག་བཞིན་དུ་།བའི་གཅིན་གྱི་ནང་དུ་བསྐོལ་ཏེ། བཞི་ཆ་ལུས་ནས་མཉེས་ལ། ཚིག་མ་བོར་བའི་ཁུ་བ་གྲང་མོ་མཆུ་དང་རྐན་མར་གྱིས ་བསྐུས་ཏེ། བཏུང་ཞིང་ཐབས་དེ་ལྟར་ཉིན་གཅིག་བཞིན་དུ། གོ་བྱེའི་འབྲས་བུ་ལྔ་ལྔས་བསྐྱེད། གོ་བྱའི་འབྲས་བུ་བདུན་ཅུ་ལ་ཐུག་གི་བར་དུ་།སྔ་མ་བཞིན་དུ་བཏུང། །དེ་ནས་ཉིན་རེ་བཞིན་ལྔ་ལྔས་ཕྲི་སྟེ། འབྲུམ་བུ་ལྔ་ལ་ཐུག་ནས ་སླར་ཡང་དེ་བཞིན་དུ་བསྐྱེད་ཅིང་དབྲིའོ། །སྨན་འཐུངས་པ་ཞུ་བར་གྱུར་པའི་འོག་ཏུ་ཁ་ཟས་ནི་འབྲས་ཆན་གྲང་མོ་མར་དང་འོ་མ་བསྐོལ་ཏེ་བསྒྲངས་པ་དང་ལྡན་པར་བཟའ་བྱ་སྟེ། སྨན་བཅུད་ཀྱི་ལེན་གྱི་ཚིག་འདི་ནི། ཡིད་གཞུངS ་པར་བྱེད་ཅིང་།གཉེར་མ་དང། སྐྲ་དཀར་མེད་པར་བྱེད་ལ། མཛེ་དང། གཞང་འབྲུམ་དང། ཁྲག་ཚང་དང་སྲིན་བུའི་ཉེས་པ་རྣམས་སེལ་ཏོ། །ཁུ་ཆུལ་ནད་ཡོད་པར་གྱུར་པ་ཡང་སྦྱོང་བར་བྱེད་དོ། །གོ་བྱེའི་མར་ཉམ་སྟོབས་དང་སྦྱར་ཞིང། ་ཟླ་བ་གཅིག་གི་བར་དུ་རན་བར་འཐུངས་ན། ནད་ཀྱི་གནོད་པ་ཐམས་ཅད་ལས་ཐར་ཏེ། ལུས་བརྟན་པོར་ལོ་བརྒྱའི་བར་དུ་འཚོ་བར་འགྱུར་རོ། །མེ་གཞུགས་པའི་དང། ཉི་མ་འདེབ་དང། ཉེན་པར་གཉིད་ལོག་པ་དང། འབྲུ་མར་དང། ་ཁ་ཟས་ལྕི་བ་རྣམས་ནི་སྤང་བར་བྱའོ། །སྨན་གྱི་མཇུག་བཅད་ནས་ཀྱང་ཇི་སྲིད་ཀྱི་བར་དུ་སྨན་བཏང་བའི་དུས་ཀྱི་གཉིས་འགྱུར་གྱི་བར་དུ་ཆོ་ག་བསྲུང་བར་བྱའོ། །མཁྲིས་པ་ཤས་ཚེ་བའི་མི་ལ་ནི། སྨན་འདི་བྱེད་པའི་ཚེ་ཁར་འབྲུམ ་པ་འབྱུང་བ་དང། ལས་སྐྲུང་བ་དང། རིམས་ལ་སོགས་པས་འདེབས་པར་འགྱུར་ཏེ། དེ་ལན་སྨན་བསིལ་བའི་ལྡེ་གུ་འམ་ཁུ་བ་གྲང་མོས་ལུས་བྱུག་པ་དང་།སྟེང་དུ་བླུགས་པ་དང། བཏུང་བ་རྣམས་བྱའོ། །པི་པི་ལིང་བསྐྱེད་པའི ་ཆོག་ནི། འོ་མ་བསྐོལ་ཏེ་ཕྱེད་དུ་ནས་ཕྱུང་བའི་ནང་དུ་།པི་པི་ལིང་འབྲུམ་བུ་ལྔ་བཏགས་ཏེ་བཏུང་ཞིང་།དེ་ལྟར་ཞག་བཅུའི་བར་དུ་ཉིན་རེ་ཞིང་། པི་པི་ལིང་འབྲུམ་བུ་ལྔ་ལྔས་བསྐྱེད་དེ་བཏུང་བར་བྱའོ། །དེ་ནས་ཉིན་རེ་ཞིང་པི་པི་ལིང་ལྔ་ལྔས་ཕྲི་སྟེ། པི་པི་ལིང ་འབྲུམ་བ་ལྔ་ལ་ཐུགས་ནས་ཡང་།སྔ་མ་བཞིན་དུ་བསྐྱེད་ཅིང་ཕྲིལ། ཁ་ཟས་འོ་མ་དང་ལྡན་པར་བཟའ་ཞིང་ཆོ་ག་བསྲུངས་ན། དྲེག་དང། སྐྱ་རྦབ་དང། སྐྲན་དང། གཞང་འབྲུམ་དང། དབུགས་མི་བདེ་བ་དང། སྤང་བ་དང། དམུ་རྫིང་རྣམས་སེལ་ཅིང། ་རིམས་ལྡང་དུབ་ཀྱིས་དུས་མི་འདྲ་བ་མེད་པར་བྱེད་དེ། །རོ་ཙ་བར་འགྱུར་རོ། །ཁྲག་ཞུན་གསེར་དང། ལྕགས་ལ་སོགས་པ་ལས་འབྱུང་སྟེ། དེ་དག་ནི་མཐུ་དང་ལྡན་ཞིང་།དེ་དག་གི་མདོག་དང་འདྲ་ལ། བ་གཅིན་གྱི་དྲི་བྲོ་བ་དང། སྣུམ་ཞིང་ལྕི་ལ ་རྡོ་མེད་པ་བཟང་སྟེ། དེས་ཆུ་ཆུས་བཀྲུ་བ་དང། བ་གཅིན་གྱི་ནང་དུ་མཉེ་བས་ཆོ་ག་བཞིན་དུ་བཏུལ་ནས། དེའི་ཕྱེ་མས་ནད་གཞི་གསུམ་གང་གི་སྨན་དུ་བཏང་བ་དེའི་སྨན་གྱི་སྡེ་ཚན་བསྐོལ་བའི་ཁུ་བས་ལན་མང་དུ་བསྒོ་ཞིང་སྐམ་ལ། ་ནད་གཞི་གང་གི་སྨན་དུ་བཏང་བ་དེའི་སྨན་གྱི་སྡེ་ཚན་བསྐོལ་བའི་ཁུ་བ་དང་སྦྱར་ཏེ་འཐུངས་ན་ནད་ངོ་ཅོག་སེལ་ཏོ།། །ཆོ་ག་དེ་བཞིན་དུ་དྲུག་མར་ཆང་གི་བྱེ་མ་ཡང་སྨན་བསྐོལ་བའི་ཁུ་བས་བསྒོ་ཞིང་སྦྱར་ཏེ་འཐུངས་ན་ནོད་ཅོག ་སེམ་ཏོ། །སྨན་འདི་གཉིས་ཀྱི་ཆོ་ག་བྱེད་བས་ཐི་བའི་ཤ་དང། རྒྱ་སྲན་བཟའ་བར་མི་བྱའོ། ། རུ་རའི་ཆོ་ག་ནི། ཨ་ངུ་རའི་ཕྱེ་མ་རྒྱམ་ཚ་དང་སྦྱར་ན་རླུང་སེལ་ཏོ། །མར་དང་སྦྱར་ན་མཁྲིས་བ་སེལ་ཏོ། །གཅའ་སྒ་དང་སྦྱར་ན་བད་ཀན་སེལ་ཏོ། །བུ། ་མང་དང་སྤྱད?་ན་ནད་ཙོག་སེལ་ཏོ། །སྒྱུ་རུ?་རའི་ཆོ་ག་ནི། སྐྱུ་རུ་རའི་ཁུ་བ་ཕུལ་གང་ལ། སྲང་བརྒྱད་དུ་རྩིས་པའི་ཕུལ་བཅུ་དྲུག་བཙགས་ལ། བུམ་པ་སྦྲང་རྩིས་བསྤྲུས?་པའི་ནང་དུ་བླུགས་ཏེ། ཁ་བཅད་ནས་ཡུན་རིང་དུ་བཞག་ལ་ ་དགུན་ནམ། དགུན་སྨད་དམ། དབྱར་བཏུང་བར་བྱ་སྟེ། སྐྱེར་ཁཎྜ་དང། འོ་མར་སྦྱར་ན། ཁྲག་ལུད་པ་གྱེན་དུ་འབྱུང་བ་དང། མཁྲིས་བ་སེལ་ཏོ། །ཁ་ར་དང་སྦྱར་ན་སྐྱ་རྦབ་ཀྱི་ནང་སེལ་ཅིང། མོ་མཚན་གྱི ་ཁྲག་མི་ཆོད་བ་ཆོད་པར་བྱེད་དོ། །སྦྲང་རྩིས་སྦྱར་ན། བད་ཀན་གྱི་ནད་སེལ་ཏོ། །ཚབ་གསུམ་དང་སྦྱར་ན། དྲོད་ཆུང་བ་ལས་དྲོད་བསྐྱེད་བར་བྱེད་དོ། །སྨན་སོ་མ་ར་ཛ་དང་སྦྱར་ན། མཛེ་ནད་སེལ་ཏོ། །དུག་མོ་ཉུད་གི་ཤུན་ལྤགས ་དང་སྦྱར་ན་གཞང་འབྲུམ་སེལ་ཏོ། །འདི་ལྟར་བདག་གིས་ཚེའི་རིག་བྱེད་ཀྱི་རྒྱ་མཚོ་དྲང་སྲོང་གཞུང་ལ་སྐྱེས་ཀྱི་བུ་དང། དྲང་སྲོང་རྒྱུན་ཤེས་ཀྱི་བུ་ལ་སོགས་བའི་གཞུང་རྣམས་བལྟས་ནས། གསོ་བའི་དབྱར་ཀྱི་ཟེར་ཙམ་གྱི་རྒྱུད་ལེའུ ་སུམ་ཅུ་རྩ་གཅིག་པོ་འདི་རྣམས་རིམས་སུ་ཕབ་ཅིང་སྦྱར་བ་ནི། ཕོ་བེ་ལྷ་བསྲུངས་སྐྱ་རྦབ་ཀྱི་ནད་ཀྱིས་བཏབ་པས་བྱེད་དུ་བཅུག་ནས། དེའི་ཕྱིར་སྨན་དཔྱད་འདི་ཉི་མས་བསྲུངས་པས་བྱས་སོ། །ཆོ་གའི་ལེའུ་སྟེ་སུམ་ཅུ ་རྩ་གཅིག་བའོ།། །།སྨན་དཔྱད་གཅེས་པ་གྲུབ་པ་ཅེས་བྱ་བ། ནུབ་ཕྱོགས་པ་རྟ་མཁན་བགྲོད་དཀས་བསྲུངས་པའི་བུ། ཉི་མས་བསྲུངས་པས་བྱས་པ་རྫོགས་སོ།། །། ་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང། ཨ་ཏི་རྒྱ་ཝ་རྨི་དང། ལོ་ཙ་བ་བནདྷེ་ཙནྡྲས་བསྒྱུར་ཏེ་གཏན་ལ་ཕབ་པའོ། །བདག་གིས་རིག་མཆོག་ཅེས་གྲུབ་འདི་བྲིས་བས། །རླུང?་མཁྲིས་བད་ཀན་ནད་གཞི་དུག་གསུམ་དང། །འཕྲལ་གྱི་རྐྱེན་གྱུར ་ཉོན་མོངས་གསུམ་བརྒྱད་ཀྱིས། །མནར་མེད་སེམས་ཅན་མཛའ་ཡས་ཐམས་ཅད་ཀུན། །སྨན་རྣམས་བདུད་རྩིར་གྱུར་ནས་ཉམ་ཐག་པའི། །རླུང་མཁྲིས་དུག་གསུམ་ལ་སོགས་གཏན་སྤངས་ཏེ། །ས་རབ་བགྲོད་དཀའ་ལམ་གྱི་ཉེས་བསལ་ནས ་གཡུང་དྲུང་བླ་མེད་ཆེན་པོ་མྱུར་ཐོབ་ཤོག།། །།འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་བའི་མན་ངག་ཟབ་མོ་བཞུགས། །སྲིད་བ་གསུམ་གྱི་བླ་མ་ལ་ཕྱག་འཚལ་ལོ། །འཕགས་པ་ཀླུ་སྒྲུབ་ཞལ་སྔ་ནས། །བཀོད་བར་གྱུར་བ་རྩ་བའི་མཛོད། །སེམས་ཅན་ཀུན་ལ་རྗེས་བརྩེ ་ཟེར་ཏེ་ཐུན་ཚང་ས་བ་གསུམ་ནས་བཞིའི་བར་ནང་གཞི་ཆེ་ཆུང་དང་བསྟུན་ནས་གཏོང། དེ་ཁ་བསྒྱུར་བྱེད་ལུགས་ནི་`་ག་པུར་ཅུང་ཟད་དང་མཉམ་དུ་ཟོས་ན་ཁའི་དྲི་ངན་པ་སེལ། `་ཛ་ཏི་ཉིས་འགྱུར་བསྲེས་ནས་བཏང་ན ་ལུས་ཀྱི་སྟོབས་འཕེལ་བར་འགྱུར། ཡང་བ་མར་དང་མཉམ་དུ་བཏང་ཀྱང་ནུས་པ་གོང་དང་འདྲ། `་ཏུ་ལ་པའི་ལོ་མའི་ཐང་ཆུ་དང་བསྲེས་ནས་བཏང་ན་དངས་མ་ཆ་གྲང་གང་གིས་འཛག་པ་ཡང་ཆོད། `་ཤེལ་དཀར་དང་མཉཾ ་དུ་བཏང་ཀྱང་ནུས་པ་གོང་དང་འདྲ། `་བ་མར་སར་པས་རྟ་བྱས་བཏང་ནས་མཁྲིས་པ་ཤ་སེར་དང་གྲང་རླུང་ལ་ཕན། `་ར་མའི་ཆུས་རྟ་བྱས་བཏང་ན་རླུང་གིས་ལྟོ་བ་སྦོས་པ་སེལ། `་ཚ་ལ་མེར་བསྲེས་པའི་ཕྱེ་མ་དང་མཉམ་དུ་བཏང་ན ་ཁྲག་སྐྲན་ཐོན་པར་འགྱུར། `་ཡུང་བ་དང་མཉམ་དུ་བཏང་ན་ཁྲག་མཁྲིས་ཐོན་པར་འགྱུར་ཞིང་གྲང་མཁྲིས་ལ་ཕན། `་བྱེ་ཀར་དང་མཉམ་དུ་བཏང་ན་བད་ཀན་སྨུག་པོ་ལ་ཕན། `་པཱ་ན་དང་མཉམ་དུ་བཏང་ན་དངས་མ་འཕེལ་། ་`་པི་པི་ལིང་དང་མཉམ་དུ་བཏང་ན་དངས་ཁ་འབྱེད། འོ་མས་རྟ་བྱས་བཏང་ཀྱང་གོང་དང་འདྲ། `་ཨ་རུ་ར་དང་མཉམ་དུ་བཏང་ན་སྟེང་རླུང་དང་དབུགས་ཁ་མི་བདེ་བ་ལ་ཕན། `་ས་མུ་དྲ་ཕ་ལ་དང་མཉམ་དུ་བཏང་ན་སྣའི ་ནས་ལ་ཕན། `་ལི་ཤི་དང་མཉམ་དུ་བཏང་ན་ཕོ་ནད་ལ་ཕན། `་གླ་རྩི་དང་མཉམ་དུ་བཏང་ན་རྡོ་རྗེ་ལས་སུ་རུང་ཞིང་འདོད་པ་སྤྱོད་ནུས་པར་འགྱུར་རོ། །`་ཡང་ཁང་བྱིལ་གྱི་བྲུན་ཆུར་སྦྱངས་ལ་ལྟེ་བར་བྱུགས་ཏེ་སྨན ་ཆས?་ཀྱང་ནུས?་པ་གོང་དང་འདྲ། `་གོ་ཡུའི་ཕྱེ་མ་དང་མཉམ་དུ་བཏང་ན་མ་འཇུག་བའི་ནང་སེལ། `་སྒོག་སྐྱ་དང་མཉམ་དུ་བཏང་ན་ཡན་ལག་གུམ་པ་ལ་ཕ། `་བ་དར་དང་མཉམ་དུ་བཏང་ན་མིག་སེར་ལ་ཕན་།` ་བེས་འབྲུའི་ཤིང་གི་ལོ་མ་དང་མཉམ་དུ་བཏང་ན་སྒྱུགས་སྨན་གྱི་མཆོག་ཏུ་འགྱུར་ཏེ་ཟས་སྤྱོད་སྐབས་དང་སྦྱར་རོ། །`་དན་འདྲའི་རྩ་བ། འུ་སུའི་རྩ་བ། སླེ་ཏྲེས། གླ་སྒང། པུ་རྣ་ན་བ། ལྒ་རྣམས་ཆ་མཉམ་གྱི་ཐང་ཆུ་གསུམ་གཉིས ་བདུས་ཏེ་ཨ་ནཱ་ར་བཏང། རླུང་ལ་བརྟེན་པའི་ནང་ཐམས་ཅད་ལ་ཕན། `་གླ་སྒང། ལྒ། ཀུ་ཊ་ཀི། ཏི་ག་ཏ། འུ་སུའི་འབྲུ་རྣམས་ཆ་མཉམ་གྱི་ཐང་གོང་བཞིན་གུ་རུ་ཚ་བཏང་ན་མཁྲིས་པ་ལ་བརྟེན་པའི་ནང་ཐམས་ཅད་ལ་ཕན། འབའ་ཞོ ་རྒུན་འབྲུམ་ལི་ཤི། པི་པི་ལིང། ཨ་ཀ་ར། ལྒ། ལ་ལ་ཕུབ་ཆུང་བ་རྣམས་ཆ་མཉམ། །ཅིར་ཡང་ཙཱི་རཱ་ཡ་ཏ་ཆ་གཉིས་བཅས་ཆུར་བཏབ་ལ་གསུམ་གཉིས་བསྡུས་པའི་ཐང་ཞག་གསུམ་གྱི་བར་དུ་བཏང་ན་ཆད་བའི་ནད་རིགས་ཀུན ་ལ་ཕན་ཞིང?་གོས་ཀྱིས་བྱིབས་ལ་རྡུལ་ཀྱང་འདོ་དཀར?་ན་ནོ། །`་ཤིང་ཀུན་ཆ་གཅིག། ཟི་ར་ཀར་པོ་དང་ལྒ་ཆ་གསུམ་རེ། ཁ་རུ་ཚ་ཆ་གཉིས་རྣམས་ཆུ་ལ་བསྡུས་པའི་ཐང་བཏང་ན་རླུང་དང་པོ་བའི་ནང་ལ་ཚ་ལོག་བྱེད་པ་ནས་མ་འཇུབ ་རྣམས་ལ་ཕན། `་རྒྱ་སྐྱགས། འུ་སུ། ལ་ལ་ཕུང་རྣམས་ཆ་མཉམ་ཆུར་ཞག་གཅིག་སྤངས་པའི་ཐང་ཀ་རས་རྟ་བྱས་ཐོ་རེངས་བཏང་ན་ལུས་དྲོང་མ་ལྟར་འབར་བ་ལ་ཕན། ལེ?་སུ་དང་ཁ་རུ་ཚྭ་མཉམ་པའི་ཐང་བཏང་ན་རླུང་དང་པོ ་པའི་ནང་ལ་ཚ་ལོག་བྱེད་པ་ཟས་མ་འཇུག་བ་རྣམས་ལ་ཕན། `་ཨ་ཀ་རྐཱ་ར། ལ་ལ་ཕུང། ཀུ་བ། ཁ་རུ་ཚྭ། ལྒ་རྣམས་ཆ་མཉམ་གྱི་ཐང་གོང་བཞིན་བསྡུས་ལ་བཏང་ན་བད་ཀན་ལ་བརྟེན་པའི་ནང་ཐམས་ཅད་ལ་ཕན། `་སླ་ཏྲེས་? ་གླ་སྒང། ཨུ་ཏཱི་སའི་རྩ་བ། འུ་སུའི་འབྲུ། ལྒ། ཀུ་བ་རྣམས་ཚ་མཉམ་གྱི་ཐང་གོང་བཞིན་བསྐོལ་ཏུཾ་པར་ནས་བཏང་ན་འདུས་པའི་ནང་ཐམས་ཅད་ལ་ཕན་ནོ། །`་གུར་གུཾ། གླ་རྩི། གི་ཝང་།གྷོ་རོན་ལ་ག་པུར། ཤྲཱི་?་གང་པོ་ཁཎྜ?་རྣམས་?་མཉམ?་ ་