| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། ཤ་ལི་ཧོ་ཏྲ་ཡ་ཡཱ་མ་ཤྭཱ་ཡུརྦ་དྷ་སིང་ཧ་ཏ་ནཱ་མ། བོད་སྐད་དུ། རྟའི་ཚེའི་རིག་བྱེད་ཤ་ལི་ཧོ ་ཏྲས་བསྡུས་པ་ཞེས་བྱ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཁྱབ་འཇུག་གི་ནི་བཙུན་མོའི་མཆོག། ལྷ་མོ་དཔལ་མོ་རྟ་ཡི་མངལ། ། ་ཕྱག་འཚལ་ནས་ནི་རྟ་རྣམས་ཀྱི། །ཚེ་ཡི་རིག་བྱེད་རྟོགས་བཤད་བྱ། །གང་ལས་གང་ཕྱིར་གང་དོན་ཡིན། །དེ་དག ་ཀུན་ཀྱང་བརྗོད་པར་བྱ། །ཁ་བ་ཅན་གྱི་བྱང་ཕྱོགས་ན། །ལྷ་ཡི་དབང་པོའི་གནས་འདྲ་བར། །ཤ་ལི་ཧོ་ཏྲ་དྲང་སྲོང་ཆེ།། ་སྦྱིན་སྲེག་བྱས་ནས་འདུག་པའི་ཚེ། །ལེགས་ཐོས་ཐོས་པ་ཕུན་ཚོགས་ལྡན། །བུ་ཡིས་ཕ་ལ་དྲིས་གྱུར་པ། །ལེགས་ལྡན་ཆོས་རྣམས ་ཐམས་ཅད་མཁྱེན། །རྟ་ཚེའི་རིག་བྱེད་མཁས་ལགས་ན། །རྟ་རྣམས་ཀྱི་ནི་གསོ་བ་འདི། །ཇི་ལྟར་བྱུང་བར་གྱུར་པ་ལགས། །དྲང་སྲོང ་གཟི་བརྗིད་ཆེན་པོ་ཡིས། །དེ་ལ་མཉན་པར་གྱིས་ཞེས་སྨྲས། །སྔོན་ཚེ་རྟ་རྣམས་རང་དགར་ནི། །མཁའ་ལ་རྒྱུ་ཞིང་གནས་བྱེད་ཅིང།། ་ཟས་དང་སྤྱོད་པ་སྤྱི་དགའ་བར། །དེ་རྣམས་རང་དགར་སྤྱོད་པ་ཡིན། །ཐམས་ཅད་ལ་ཡང་ལུས་ཀྱི་ནི། །གོམས་པས་ནད་ནི་བྱུང་མ་གྱུར། །གང་ནས་བརྩམས་ཏེ ་ང་ཡིས་བུ། །གཞོན་པ་ཉིད་དུ་བྱས་གྱུར་པ། །དེ་ནས་བརྩམས་ཏེ་གནོད་བྱེད་པའི། །ནད་ཀུན་གྱིས་ནི་གཟིར་བ་ཡིན། །དེ་ནས་དེ་ལ་སེམས་གདུང་སྐྱེས།། ་ང?་ཡིས་དཀའ་ཐུབ་ཆེན་པོ་བྱས། །ཚངས་པ་ལྷ་ནི་མཉེས་བྱས་ནས། །དེ་ཡི་གསོ་བ་རྙེད་པ་ཡིན། །ཟུག་རྡུ་ལུས་ཀྱི་གསོ་བ་དང། །དེ་བཞིན་ཆ་བྱད་ཉིད་དང ་ནི། །རྟེའུ་ཡི་ནི་གསོ་བ་དང། །དུག་གི་རང་བཞིན་སྨན་དང་ནི། །བཅུད་ལེན་གདོན་ནད་གསོ་བ་དང། །རོ་ཙ་བྱེད་པ་བརྒྱད་པ་ཡིན། །དེ་ལྟར་རྟ་ཡི་ཚེའི་རིག ་བྱེད། །འདི་ནི་ཡན་ལག་བརྒྱད་དུ་བཤད། །ཡན་ལག་བརྒྱད་པོ་འདི་ཡི་གནས། །རྒྱས་པར་བུ་ཡིས་མཉན་པར་གྱིས། །མདོ་ཡི་གནས་ནི་དང་པོ་སྟེ།། ་དེ་ཡི་ཕྱི་མ་གཉིས་པ་ཡིན། །གསུམ་པ་འདིར་ནི་ལུས་ཡིན་ལ། །བཞི་པ་ཉིད་ནི་གསོ་བ་ཡིན། །ལྔ་བ་རྟེའུའི་སྨན་ཡིན་ཏེ། །དྲུག་པ་ཕྱི་མའི་ཕྱི་མ ་ཡིན། །བྱ་བ་དེ་དང་དེ་བསྟན་པ། །གྲུབ་པའི་གནས་ནི་བདུན་པ་ཡིན། །གསང་བ་གནས་ནི་བརྒྱད་པ་སྟེ། །ཚེ་ཡི་རིག་བྱེད་བསྡུས་པ་ཡིན། །ལེའུའི་རིམ་པ་ངེས་པ་ནི།། ་གནས་གནས་སུ་ནི་ངས་བཤད་བྱ། །ཚེ་ཡི་རིག་བྱེད་བྱུང་བ་དང། །དེ་བཞིན་སློབ་མ་སྦྱང་བ་དང། །ངེས་པའི་ཚིག་དང་བྱུང་ཚུལ་དང། །དེ་ནས་མངལ་དུ་ཆགས་གྱུར་དང།། ་རང་བཞིན་དང་ནི་སྐྱེ་གནས་དང། །དེ་བཞིན་རིགས་ནི་བཞི་དག་དང། །ཡན་ལག་ཐམས་ཅད་བརྟག་པ་དང། །བཤད་པ་དང་ནི་ཚད་གཞལ་དང། །ཡན་ལག་བཅུ་ཡི་ཆ་དབྱེ ་དང། །སྡུག་དང་མི་སྡུག་ཤེས་བྱ་དང། །ཆད་ཤེས་བྱ་དང་ཟས་སྦྱོར་བ། །མཛེས་དང་མཚན་གྱི་ལེའུ་དང། །དེ་བཞིན་ཁ་དོག་ཤེས་བྱ་དང། །ཞུར་མདོངས་དང་ནི་ཐིག ་ལེ་བརྟག། ཤ་རའི་མདོག་ནི་བཟང་ངན་དང། །འདྲེན་མ་རྒྱལ་པོའི་བཞོན་པ་དང། །མིག་བརྟག་པ་དང་སོ་བརྟག་པ། །གཙུག་དང་ན་ཚོད་ཤེས་བྱ་དང། །ཚེ་ཤེས་པ་དང་བཅས ་པ་དང། །དྲི་དང་སྐད་སངས་བརྟག་པ་དང། །འགྲོས་དང་ལུས་འཕེལ་ཆོ་ག་དང། །རྒྱུག་པ་བརྟག་དང་གྲ་མ་ཅན། །ཉེས་པ་ཆེ་དང་སྙིང་སྟོབས་བརྟག། གཟི་མདངས་བརྟག་དང་རིགས ་བརྟག་དང། །སྟོན་ཀ་པ་དང་ཉོ་ཚོང་པ་བཅས?། །དེ་ལྟར་གནས་ནི་དང་པོ་ཡི། །ལེའུའི་རིམ་པ་གནས་པ་ཡིན། །འདྲི་བ་ཆེན་པོ་ཉིད་དང་ནི། །དེ་བཞིན་སྒོ་ང་ལས་བྱུང་དང། །རྨེན་བུའི་ལེའུ ་གསུམ་པ་སྟེ། །ནད་ཤེས་བྱ་བ་རྣམ་གསུམ་དང། །ཡིད་བདེ་ཡིད་མི་བདེ་ཤེས་དང། །རླུང་འཁྱིལ་འཁྲུལ་པ་ཤེས་བྱ་དང། །རླུང་འཁྱིལ་བཏུས་པ་ཞེས་བྱ་དང། །དེ་བཞིན་ལྟོ་བ་རྒྱས་པ་དང།། ་རྩུབ་པར་འཁྱིལ་བའི་ལེའུ་དང། །དེ་བཞིན་གཅིན་འགགས་གསོ་བ་དང། །རི་དྭགས་ལྟར་འཁྱིལ་མ་འདྲེས་འཁྱིལ། །རླུང་གི་དམུ་རྫིང་གསོ་བ་དང། །དེ་བཞིན་ཁྲག་གི་གཅིན་ནད་དང། །ཀོ་ར་དུ ་ཤས་གནོད་གྱུར་དང། །སྣུམ་འཁྱིལ་བ་དང་རྣམ་འཁྱིལ་བ། །ཁྲག་འཁྲུགས་ནད་ནི་གསོ་བ་དང། །ཁྲག་འཁྲུགས་ནད་གཞི་བཞི་ལས་གྱུར། །ཁྲག་འཁྲུགས་རྗེས་ལ་གསོ་བ་དང། །འཐེང ་དང་རྐང་ནད་གསོ་བ་དང། །སྐྱེགས་བུ་དབུགས་མི་བདེ་གསོ་དང། །དབུགས་མི་བདེ་བ་ལུད་པ་ཅན། །སྣ་རྣག་དང་ནི་མངོན་པར་ཆེ། །རླུང་དང་མཁྲིས་པ་བད་ཀན་རིམས། །འདུས་པ་ལས་གྱུར ་རིམས་གསོ་དང། །དུས་ནི་གོ་བཟློག་ལས་བྱུང་དང། །སྣང་བ་ལས་གྱུར་རིམས་དང་ནི། །ཡིད་ཀྱི་རིམས་ནི་གསོ་བ་དང། །དེ་བཞིན་འཁྲུ་བ་མང་པོ་དང། །སྨན་ཁའི་གོང་བུའི་སྦྱོར་བ་དང། །སྦེག་པ་བརྟག་པའི་ལེའུ ་དང། །དེ་བཞིན་སྔ་མའི་ནད་གསོ་དང། །གཞང་བྱུང་བ་ཡི་གསོ་བ་དང། །ཁྲག་དང་མཁྲིས་པ་གསོ་བ་དང། །སོ་ལྷག་བྱུང་བ་གསོ་བ་དང། །འུག་པའི་རྐང་འདྲའི་ལེའུ་དང། །གདུག་པས་ཟིན་པའི་མཚན་ཉིད ་གསོ། །སྨད་པའི་མཚན་ཉིད་ཅན་ལེའུ། །དུག་གི་ཤུགས་ནི་ཤེས་བྱ་དང། །དེ་བཞིན་དུག་གིས་ཟིན་གསོ་བ། །དུག་མདངས་ཕོག་པ་ཞེས་བྱ་བ། །གཉིས་པའི་གནས་སུ་བསྡུས་པ་ཡིན། །མངལ་ཆགས་ཞེས ་པའི་ལེའུ་དང། །དེ་བཞིན་ལུས་ཀྱི་རྣམ་དབྱེ་དང། །ལུས་བསྐྱེད་པ་དང་རྩ་ཡི་ཚེགས། །ཡུལ་དང་ཚ་སོགས་བསྟན་པ་དང། །འཕེལ་དང་འབྲི་བ་ཤེས་བྱ་དང། །རོ་དྲུག་གི་ནི་བདག་ཉིད་དང། །ནད་གི་བདག ་ཉིད་ཅན་བྱུང་དང། །བྱ་དང་བྱ་མིན་བརྟག་པ་དང། །འདིར་ནི་ཟས་སྐོམ་ཚོགས་དང། །དེ་བཞིན་ལྗང་པའི་རོ་ཡི་ཚོགས། །གསོ་བའི་ཡན་ལག་དབང་བྱས་དང། །ལོང་དང་ལྐུགས་སོགས་བསྟན་པ་དང། །དེ་བཞིན ་སྐྲང་པ་གསོ་པ་དང། །གཞན་ཡང་རྨ་གཉིས་ལེའུ་དང། །ཟུག་རྡུ་ཁོང་རླག་གདོན་པ་དང། །ཟུག་རྡུ་དབྱུང་བའི་ལེའུ་དང། །སྦུགས་ཀྱི་རྨ་ནི་གསོ་བ་དང། །དེ་བཞིན་ཆགས་གྲུགས་གསོ་བ་དང། །ཆུ་བུར་གསོ་བ་ཉིད་དང་ནི། །རྒོད་མའི་མཚན་ཉིད་བརྟག ་པ་དང། །རླུང་ཉེན་མངལ་གྱི་ཉེས་པ་དང། །མངལ་དུ་ཤི་པའི་ནད་གསོ་དང། །བ་ལའི་ཏིལ་མར་དང་བཅས་པ། །ལེའུའི་རིམ་པ་འཆད་རྣམས་ཀྱིས། །གནས་ནི་གསུམ་པ་ཡིན་པར་བཤད། །གསོ་བའི་གནས་ཀྱི་ལེའུ་ནི། སེམས་ཁོང་ཆུད་པར ་བྱེད་པ་དང། །ནི་ར་ཀ་ཡི་ནད་གསོ་དང། །རྐན་ནང་བྱེ་བ་མེད་པ་ཉིད། ། བ་ཏཾ་ཀའི་གསོ་བ་དང། །ལྕེ་རེངས་སྣ་ནད་འཛག་བྱེད་དང། །སྣ་ནད་གལ་ལག་གསོ་བ་དང། །མགོ་ནད་རླུང་ལས་གྱུར་པ་དང། །དེ་བཞིན་མཁྲིས་པ་ལས་གྱུར་དང། །བད་ཀན ་ལས་གྱུར་ཁྲག་ལས་གྱུར། །འདུས་པ་ལས་གྱུར་མགོ་ནང་དང། །གློ་བུར་སྲིན་བུ་ལས་གྱུར་པ། །དེ་བཞིན་རྣ་བའི་ནད་གསོ་དང། །མཆི་མ་འཛག་པ་གསོ་བ་དང། །རླུང་ནད་པ་ལ་ཤ་ཉིད་དང། །དེ་བཞིན་བཀོལ་ཉེས་ནད་ཉིད་དང། ། ་གཞན་ཡང་བྲང་ཚ་བ་ཡི་ནད། །ཚེའུ་ཚའི་ནད་ནི་གསོ་བ་དང། །གཟུགས་འཁུམས་གཟུགས་གྱོད་ནད་གསོ་དང། །རྨིག་པ་རྡུལ་ཅན་ནད་གསོ་དང། །སྦལ་པ་ཚ་བར་བཤད་པ་དང། །མཚན་ནི་འཆང་བར་གྱུར་སོགས་དང། །རླིག་པ་བསྐྲངས་པ ་གསོ་པ་དང། །དེ་བཞིན་རླིག་འབྲས་གཡོས་པ་དང། ཁྲག་ལས་གྱུར་པའི་རླིག་ནད་དང། །དེ་བཞིན་མཁྲིས་པ་ལས་གྱུར་དང། །བད་ཀན་ལས་གྱུར་སྔ་མའི་ནད། །སྣ་རེངས་དེ་བཞིན་རྒྱབ་རེངས་དང། །ལྟོ་བ་གཞོང་འདྲའི་ནད་གསོ་དང། །མཚུ་སྐྲངས་ནད ་ནི་གསོ་བ་དང། །རླུང་ནད་ཐེ?་བ་ལྟ་བུ་དང། །མཁྲིས་ནད་སྤྲང་བུ་ལྟ་བུ་དང། །རི་དགས་ཅན་དང་རི་དགས་བླ་ལ། །ཆུ་འཛིན་ཅེས་བྱའི་ནད་དང་ནི། །དེ་བཞིན་སྙིང་ནད་རླུང་གྱུར་དང། །མཁྲིས་པ་ལས་གྱུར་སྙིང་ནད་དང། །གཞན་ཡང་བད་ཀན་ཅན ་སྙིང་ནད། །སྲིན་བུ་ལས་གྱུར་སྙིང་ནད་དང། །རླུང་གི་གཟེར་དང་ལྐོག་མའི་ནད། །སྣུམ་བཅོས་ཉེས་བའི་ནད་དང་ནི། །ལན་ཚྭའི་སྦྱོར་ཉེས་ཆད་བླུད་ཉེས། །དེ་བཞིན་འབྲུ་ཟོས་ཉེས་པ་དང། །འོ་མ་འཐུང་ཉེས་ཆུ་འཐུང་ཉེས།། ་སྦུབས་ལས་བླུད་ནི་ཉེས་པ་དང། །གདུལ་ཉེས་གཞན་པ་བོས་བསྣད?་དང། །ལུད་པ་གསོ་དང་མཛད་ནད་གསོ། །གྱེན་འབྱུང་སྨོན་ནད་གསོ་བ་དང། །དྲེགས་དང་ཉེས་པ་གསོ་བ་དང། །སྨྱོ་ནད་གསོ་དང་མཚན་མོ་བཅོམ། །གཞང་འབྲུམ་གསོ་དང ་རྡོ་གསོ་དང། །དེ་བཞིན་དབྱེན་པ་གསོ་བ་དང། །སྐྲངས་ནས་གསོ་བ་ཉིད་དང་ནི། །གཞན་ཡང་རི་མོ་ཅན་ནད་གསོ། །ཡན་ལག་ཕྱོགས་གཅིག་ནད་ལྕོད་ཅན། །མགོ་འཁོར་ཆུ་ཡི་དམུ་རྫིད་དང། །ཆུ་ལྷའི་གདོན་ནི་གསོ་བ་དང། །མིག་ཅན་འགེགས ་པ་ཅན་གསོ་དང། །མིག་སྣང?་མིག་སྣང་སྒོ་ང་ཅན། །ཆུ་བུར་ཅན་དང་སྔོ་མཚན་ཉིད། །ལིང་ཏེག?་ཅན་དང་མཆིམ་འཛག། ལྟོ་ནད་མ་འདྲེས་མཐོང་བ་ཉམས། །མིག་དམར་དང་ནི་མུཉྫ་ཅན། །མུཉྫའི་དྲ་བ་ཅན་གསོ་དང། །ཐལ་མོ་བྱེད་པ་ཅན་གྱི ་ནད། །ཁྲག་འཁྲུགས་པ་ཡི་ནད་གོས་དང། །ཚིགས་སུ་རྨ་བྱུང་ཐོགས་འབབ་དང། །གཉེའུ་རེངས་དང་སྦོས་ནས་གསོ། །འཁྲུ་བ་གསོ་བ་ཞེས་བྱ་བ། །གནས་ཆེན་བཞི་པ་གསོ་བ་ཡིན། །རྟེའུའི་གདོན་ནི་བསྟན་དང་བཤད་འཁྲུ་དང་དེ་བཞིན་རིམS་དང་ནི།། ་གཡན་པ་ལྐོག་ནད་ཤ་ལུ་ཀ་།ཁོང་པའི་སྲིན་ནད་གཅིན་སྲིར་བཅས། །བོང་བུ་ཅན་དང་རླིག་རླུགས་དང། །གཅིན་ནད་ཟེའུ་ཞེས་བྱ་བ། །བཀྲེས་པ་ཉེན་དང་ལུག་པ་གསོ། །ཟས་བྱེད་དང་ནི་རོ་ཧི་ནི། །རི་མོ་ཅན་དང་སྤལ་པ་འདྲ། །མེས་ཚིག་ཚིགས ་ནད་གཅིན་དམར་གསོ། །ཡིད་མི་བདེ་དང་རྣ་བའི་ནད། །སོ་ནད་དང་ནི་མཛིང?་པའི་ནད། །འགྲམ་ནད་ལྕེ་ཡི་ནད་བཅས་དང། །རྨིག་ནད་སྣ་ནད་བཅས་པ་དང། །རྨིག་པའི་ནད་དང་དབྱིག་པའི་ནད། །སེམས་འཁྲུལ་པ་དང་རྡུལ་ནད་བཅས། །སྦྲུལ་གྱིS? ་ཟིན་དང་མེས་ཚིག་གསོ། །དེ་བཞིན་ཆག་གྲུགས་གསོ་པ་ནི། །རྟེའུའི་ནད་རྣམས་གསོ་བ་ཡིན།། རྟ་ཁངས་ནི་བརྟག་པ་དང། །ཁང་པའི་ལྷ་རྣམས་མཆོད་པ་དང། །དེ་བཞིན་གདོན་ནི་བསལ་བ་དང། །དཔལ་འཕེལ་བ་ཞེས་བྱ་བ་དང། །རྟ་རྣམས ་རྗེས་སུ་བསྲུང་བ་དང། །རྣམ་རྒྱལ་རྟ་ནི་དབང་བསྐུར་དང། །མཆེ་བ་ཆགས་པའི་ལྷས་བརྟན་དང། །ལྟས་ཀྱི་མཚན་ཉིད་གཞན་བསྟན་དང། །ཞི་བ་སྐྱེད་པར་བྱེད་པ་རྣམས། །དྲུག་པའི་གནས་སུ་བཏུས་པ་ཡིན། །དང་པོར་རྗེས་བཏུང་ཆོ་ག་སྟེ། ། ་དེ་འོག་ལན་ཚྭའི་ཆོ་ག་ཡིན། །སྣུམ་དང་ལན་ཚྭ་ཆད་དང་འབྲུ། །ལོ་མ་ཆུ་དང་སྤྲུས་ལས་བྱུང། །གདོན་བའི་ནང་ནི་བདུན་པོ་ཡི། །ནད་གཞི་གསོ་བར་བཅས་བསྟན་དང། །མར་བླུད་དུག་གི་ཆོ་ག་དང། །དུར་བྱིད་ཀྱི་ནི་ཏིལ་མར་དང། །དོན་གྲུབ་ཅེས་བྱའི ་ཏིལ་མར་དང། །མེ་བཅའ་?་ལས་ཀྱི་ཆོ་ག་དང། །མས་བཏང་ཆོ་ག་བསྟན་པ་དང། །དེ་བཞིན་བརྟ་བའི་ལས་བསྟན་དང། །སྣུམ་བླུད་པ་ཡི་ཡོན་ཏན་དང། །རོ་ཙར་བྱེད་པ་བསྟན་པ་དང། །སྦུབས་ལས་གྱུར་བའི་ནད་གསོ་པའི། །བྱ་བ་བསྟན ་པའི་གནས་འདི་ནི། །བདུན་པ་གྲུབ་པའི་མཚན་ཉིད་ཡིན། །དང་པོ་རི་མོ་ལས་ཚེ་བརྟགས། །དེ་རྗེས་ནད་ཀྱིས་འཆི་ལྟས་བསྟན། །ནད་མེད་འཆི་ལྟས་བསྟན་པ་དང། །ཕོ་ཉ་ལ་སོགས་ལྟས་བསྟན་དང། །ཕྱེ་མ་རྣམས་གྱི་ལེའུ་དང། །སྨན་མར་དང ་ནི་ཏིལ་མར་དང། །དེ་བཞིན་སྨན་ཁུའི་ལེའུ་དང། །མ་ཞུ་སྦྱང་བའི་སྦྱོར་བ་དང། །སོ་སོར་བཏུང་དང་རྗེས་སུ་བཏུང། །མས་བཏང་ལས་ཀྱི་ཆོ་ག་དང། །སྣ་སྨན་རྣམས་ནི་བསྟན་པ་དང། །འཇམ་རྩི་སྣ་ཚོགས་བསྟན་པ་དང། །དེ་བཞིན་ཕྱེ་ཡི་ལྡེ་ཁུ ་དང། །ཐལ་སྨན་ལན་ཆེའི་ཆོ་ག་དང། །འབྲས་བུ་གསུམ་དང་ཨ་རུ་ར། །གུ་གུལ་སྒོག་སྐྱའི་ཆོ་ག་དང། །མིང་ལ་བརྟག་པ་དང་བཅས་པའི། །ཁུར་བསྟན་པ་ཡི་ལེའུ་དང། །དེ་བཞིན་སྐྱེས་བུ་དང་བཅས་བའི། །ཤིང་རྟ་དང་སྦྱར་ཆོ་ག་དང།། །། ་སྔགས་དང་བྱ་བའི་སྦྱོར་བདག། མཆོག་ཏུ་གསང་བ་ཉིད་ཡིན་ནོ། །དེ་ལྟར་གསང་བ་མཆོག་གྱུར་བའི། །གནས་ཀྱི་ལེའུ་ཡིན་ཞེས་བྱ། །གནས་བརྒྱད་ཡན་ལག་བརྒྱད་དང་བཅས། །རྟ་ཡི་ཚེའི་རིགས་སྐྱེད་མཆོག། མ་ལུས ་འདི་ནི་ཚངས་བ་ཆེ། །ཞལ་བཟངས་བཞི་དང་ལྡན་པས་བྱིན། །ལེགས་ལྡན་ཤ་ལི་ཧོ་ཏ་ཡིས། །དེ་སྐད་རྗེས་བསྟན་སྨྲས་པ་ཡིན། །ཤ་ལའི་ཧོ་ཏྲའི་གནས་དང་པོ་ལས་ཚེའི་རིག་བྱེད་བྱུང་བའི་ཚུལ་བསྟན་པ་ཞེས་བྱ་བ་སྟེ་ལེའུ་དང་བོའོ།། །། ་དེ་ནས་ཤ་ལི་ཧོ་ཏྲ་ཡིས། །ལེགས་ཐོས་ལ་ནི་ཡང་སྨྲས་པ། །སློབ་མ་སྦྱང་བ་ཞེས་བྱ་བ། །ལེགS་ཐོས་དེ་བཞིན་ང་ལ་ཉོན། །སློབ་མ་རིགས་བཟང་ཡན་ལག་ཚང། །མཚན་ལྡན་དད་པར་བཅས་པ་བྱ། །བྲམ་ཟེ་སོགས་གསུམ་གང་ཡང ་རུང། །གཙང་མ་བླ་མས་སློབ་དུ་གཞུག། རྟ་ལ་ཤིན་ཏུ་བརྩེབས་ན། །བྲམ་ཟེ་ལས་ནི་སློབ་མ་བཟུང། །སྐྱེ་དགུ་སྐྱོང་ལ་བརྩོན་པ་ཡི། །རྒྱལ་རིགས་སློབ་མར་བཟུང་བར་བྱ། །དམངས་རིགས་རྣམས་ནི་གསོ་བ་ཡིས། །འཚོ་བ་ཚོལ་བས ་དེ་ཡང་བཟུང། །ཉི་མ་བྱང་འགྲོ་བསོད་ནམས་དུས། །གཟའ་ལས་མིག་དམར་ཉི་མ་དང། །ཆོས་དྲུག་བརྒྱད་དང་ལྔ་དང་བཅུ། །ཆེས་བཞི་ཚེས་ནི་བཅུ་བཞི་དང། །ཚེས་གཅིག་དང་ནི་ཚེས་དགུ་ནི། །རིག་པ་རྩོམ་ལ་སྤང་བར་བྱ། །ཆེས་གྲངས ་ལྷག་མ་ཤིས་པ་ཡིན། །གཞན་ཡང་སྐར་མ་ང་ལས་ཉོན། །གང་ཞིག་འཇམ་དང་མྱུག་བ་དང། །གཡོ་དང་གདུག་དང་སྨིན་དྲུག་དང། །ཐ་སྐར་མ་གཏོགས་མི་རྣམས་ཀྱི། །རིག་སློབ་རྩོམ་ལ་རྟག་ཏུ་ཤིས། །སྐར་མ་ཡང་ནི་འདི་རྣམས་དང། ། ་ཐང་ཅིག་ཀྱང་ནི་ཤེས་པ་དང། །གཟའ་ནི་མ་སྨད་པ་རྣམས་དང། །ཆུ་ཚོད་བཟང་ལ་བརྩམ་བར་བྱ། །དེ་ལྟའི་དུས་ནི་ཤེས་པ་ལ། །སློབ་མ་གོས་གཅང་བགོས་པ་དང། །བྲམ་ཟེ་མཆོད་ཕྱིར་ཐོགས་དཀར་བཏགས། །དྲི་ནི་དཀར་བོས་བྱུགS་པ ་དང། །ཕྲེང་བ་དཀར་བཏགས་མཁས་པ་དང། །གོས་དཀར་བགོས་པ་མདུན་དུ་གཞུག། དེ་བཞིན་རྒྱལ་རིགས་རྣམས་ཀྱང་ནི། །ཆ་ལུགས་ཐམས་ཅད་དམར་བ་དང། །དེ་བཞིན་དམངས་རིགས་ཐམས་ཅད་སེར། །ལྷ་རྣམས་ཐམས་ཅད་བྱེད་དུ་གཞུག། བྲམ་ཟེ ་ཡིས་ནི་ཚངས་པ་མཆོད། །རྒྱལ་རིགས་ཀྱིས་ནི་བརྒྱ་བྱིན་ཏེ། །དམངས་རིགས་ཀྱིས་ནི་རླུང་ལྷ་མཆོད། །བྱེ་བྲག་མེད་པར་ཀུན་གྱིས་ནི། །དབྱངས་ཅན་དེ་བཞིན་དཔལ་མོ་དང། །ཤ་ལི་ཧོ་ཏྲ་མཆོད་པར་བྱ། །དེ་རྣམས་ལ་ནི་མེ་ཏོག་སྤོས། །ཁ་ཟས་ཕུན ་ཚོགས་ཀྱིས་མཆོད་ནས། །དེ་ཡི་འོག་ཏུ་ས་བི་ཏྲ། །མེ་ལ་མར་གྱིས་ཚིམ་པར་བྱ། །བྲམ་ཟེ་རྣམས་ལ་ཁ་ཟས་སྦྱིན། །དེ་ནས་བུ་གཅིག་ཡོན་བཅས་པས། །སློབ་དཔོན་ལ་ནི་ཡོན་བྱིན་ཏེ། །ས་ཕྱོགས་དག་ཅིང་བརྒྱན་པ་རུ། །སློབ་མ་ནུབ་ཏུ་བལྟས་ནས ་ནི། །སློབ་དཔོན་ཤར་དུ་བལྟས་ཏེ་བརྗོད། །རྟག་ཏུ་ལས་ལ་བརྩོན་པ་ཡིས། །བུ་ཁྱོད་ཀྱིས་ནི་བསླབ་པར་བྱ། །སྲོག་གིས་ཀྱང་ནི་བླ་མ་དག། མཉེས་པར་བྱ་ན་ནོར་ཅི་སྨོས། །བླ་མ་བྲམ་ཟེ་ས་བདག་ལ། །བུ་ཡིས་འཁུ་བར་མི་བྱ་སྟེ། །ཁྱོད་ཀྱིས་རྟ་རྣམས ་ལ་ཡང་ནི། །འཁུ་བར་ནམ་ཡང་མི་བྱའོ། །ང་ཡི་ཁ་ལས་གང་ཐོས་པ། །དེ་ནི་བུ་ཡིས་འབད་དེ་སློབས། །དེ་བཞིན་ཕོངས་པར་གྱུར་ཀྱང་ནི། །གླེགས་བམ་ལས་ནི་སློབ་མི་བྱ། །གླེགས་བམ་ལས་ནི་གང་སླབས་ཏེ། །འཇིག་རྟེན་གཉིས་ཀ་དག ་དང་འགལ། །དང་པོ་འདི་དག་ཐམས་ཅད་ནི། །གསོ་བ་བུ་ཡིས་སླབ་པར་བྱ། །མ་སླབས་པ་ནི་སྤངས་ནས་ཀྱང། །གང་སྨྲས་འདི་ནི་མཉན་པར་གྱིས། །བཅོ་ལྔ་གཉིས་དང་བཅུ་གཞི་གཉིས། །ཆས་བརྒྱད་བཅས་དང་ས་འགུལ་དང།། བུ་བཙས་ཤིང ་དྲུང་ཉིད་དང་ནི། །མི་བཙང་བས་ནི་ཁྱབ་གནས་དང། །བདག་ཉིད་མི་གཙང་བ་ཉིད་དང། །ནད་ཀྱིས་སེམས་ནི་རྨོངས་པ་དང། །རླུང་ནི་ཆེན་པོ་རྒྱུ་བ་དང། །དེ་བཞན་འབྲུག་སྒྲ་སྒྲོགS་བའི་ཆེ། །འདི་བསླབ་བ་ནི་སྤང་བྱས་ལ། །བུ་ཡིས་བསྟན་བཅོས ་བཟུང་བར་བྱ། །བསྟན་བཅོས་བཟུང་བར་བྱས་ནས་ནི། སྟ་བཅོས་དོན་ནི་བཟུང་བར་གྱིས། །བསྟན་བཅོས་དོན་ནི་བཟུང་བྱས་ནས། །དེ་འོག་ལས་ལ་གོམས་པར་གྱིས། །བསྟན་བཅོས་ཤེས་པ་འབའ་ཞིག་ལ། །ལས་ཀྱི་བྱ་བ་རྩམ ་མཐོང་བ། །གསོ་བའི་ལས་ལ་འཇུག་པར་ནི། །དེ་དག་གཉིས་གདོན་མེད་འགྱུར། །གསོ་པའི་ལས་ལ་འཇུག་པ་ནི། །ཁྱོད་ཀྱིས་རྟ་ནི་རྟག་ཏུ་སྐྱོངས། །མི་ཟད་ནང་ཀྱིས་ཉེན་ན་ཡང། །ཁྱོད་ཀྱིས་སྤང་བར་མི་བྱའོ། །རྟ་གང་གསོར་ནི་མི་རུང་བ། །དེ་ཡང ་རིགས་པས་གསོ་བར་བྱ། །མ་གསོས་ན་ནི་ངེས་པར་འཆི། །གསོས་ཀྱང་ངེས་པ་མེད་གྱུར་པའི། །ནད་ཀྱིས་གདུངས་པར་གྱུར་པ་གང། །ནང་ནི་གཞན་ལ་མགོ་བར་འགྱུར། །བསྟན་བཅོས་ལས་དེ་སྤང་བར་བཤད། །སྤང་ཚུལ་དེ་ཡང་ང ་ལས་ཉོན། །དེ་ནི་རྟ་བྲེས་ལས་རིང་བར། །བསྲུངས་མ་དང་བཅས་གཞག་པར་བྱ། །ན་བའི་རྟ་ནི་གང་རུང་ཡང། །གཏན་སྤང་བ་ནི་རིགས་མ་ཡིན། །མ་དང་སྡེག་དང་རྒས་པའི་རྟ། །གཏན་སྤོང་བྲམ་ཟེ་གསོད་དང་མཚུངས། །རྟ་ནི་མཚན་ཉིད་ངན ་གྱུར་པ། །ཉོ་བའི་དུས་སུ་བླང་མི་བྱ། །གང་ཞིག་རང་གི་ཁྱིམ་དུ་སྐྱེས། །བྲམ་ཟེ་གཞན་ཡུལ་བ་ལ་སྦྱིན། །ལྟས་ངན་བྱུང་བར་གྱུར་ན་ནི། །འདི་ཉིད་སྦྱིན་པར་བཏང་བར་བྱ། །མི་འཚེ་རབ་ནི་ཆོས་ཀྱི་མཆོག། སེམས་ཅན་ལ་རྟག་བརྩེ་བྱ་ཡིན། །དེ་བས ་ཅི་ཙམ་གསོ་ནུས་བ། །དེ་ཙམ་ཞིག་ནི་བཞག་པར་བྱ། །བདེ་བར་འཛག?་པར་ནུས་གྱུར་ལས། །ལྷག་པར་འཇོག་པ་འབད་མི་བྱ། །རྟ་ནི་སྡུག་བསྔལ་བར་བཞག་ན། །ཆོས་དོན་འདོད་བ་འཇོམས་པར་འགྱུར། །གཞན་ཡང་རྒྱལ་པོའི་ས་སྐྱོང་བའོ། ། ་བྱ་བ་རྟ་ལ་རག་ལས་བས། །དེ་ལ་ཁྱེད་ཀྱིས་གུས་བྱ་ཞིང། །དེ་བཞིན་སློབ་དཔོན་བླ་མ་དང། །བྲམ་ཟེ་བ་ལང་ལ་གུས་བྱ། །དེས་ནི་ཁྱེད་ཀྱིས་དཔལ་འཐོབ་འགྱུར། །དེ་ལས་གཞན་དུ་བྱེད་ནི། །ལྟུང་ལས་ཉེ་བར་ལྟུང་བར་འགྱུར། །དམྱལ ་བ་ལྡར?་ནི་བཏུང་བ་དང། །དེས་པར་ལྡན་པ་ཉིད་དུ་འགྱུར། །དམ་པའི་ལམ་ལ་གནས་ན་ནི། །གྲགས་དང་བསོད་ནམས་ཚེ་རིང་དང། །ཆོས་དོན་འདོད་པ་མ་ལུས་པཱི། །དཔལ་མཆོག་འབད་བ་མེད་པར་འཐོབ། །དེ་སྐད་བརྗོད་ནས་སློབ་མ་ཡིས། །ཁས་སླངས ་དེ་རྗེས་སློབ་དཔོན་གྱིས། །དུས་ཤིས་པ་ལ་མ་ཡེངས་པར། །སློབ་མ་དེ་ནི་སློབ་དུ་བཞུག། དེའི་འོག་ཏུ་རྒྱུན་ཏུ་ནི། །མཁས་པ་རྟག་ཏུ་བརྩོན་པ་ཡིན། །བྱ་བ་ཅི་བཞིན་རྫོགས་པར་དུ། །སློབ་མ་དེ་ནི་སློབ་དུ་གཞུག། དེ་ལྟར་རིག་པ་བྱིན་པ་ཡིས། །བླ་མས ་སློབ་མ་བསླབས་པ་ཡིན། །སློབ་དཔོན་དང་ནི་སློབ་མ་དག། འདོད་འཇོ་བ་ལྟར་ཟད་མེད་འགྱུར། །ཤ་ལི་ཧོ་ཏྲའི་མདོ་གནས་ལས་སློབ་མ་སྤྱད་པ་སྟེ་ལེའུ་གཉིས་པའོ།། །།དེ་ནས་ཤ་ལི་ཧོ་ཏྲས་བུ། །ལེགས་ཐོས་ལ་ནི་ཡང ་སྨྲས་པ། །གང་ཕྱིར་འདི་ནི་དཔལ་མོའི་བུ། །དེ་ཕྱིར་མཆོག་ཏུ་བཀྲ་ཤིས་ཡིན། །གཞན་ཡང་རྟ་ཡི་མཆོད་སྦྱིན་ལ། །རྟ་ནི་དགོས་པ་ཉིད་ཡིན་པས། །དེ་བས་ཤིན་ཏུ་དག་བྱེད་དེའང། །འདི་ནི་བཀྲ་ཤིས་དམ་པ་ཡིན། །རི་དགས་དང་ནི་ཐག་རིངས ་འགྲོ། དེ་བཞིན་གཡུལ་གྱི་ལས་རྣམས་ལའང། །རྒྱལ་པོ་རྒྱལ་པར་བྱེད་པའི་རྒྱུ། །རྟ་ལས་མཆོག་གྱུར་ཡོད་མ་ཡིན། །རྟ་ཡི་མཆོད་སྦྱིན་དག་ལ་ནི། །སྐྱེ་དགུ་རི་བདག་གིས་ལོངས་སྤྱོད་ཅིག་།དེ་བས་མཆོད་སྦྱིན་ཐམས་ཅད་ལ། །དེ་ནི ་སྤང་བྱ་ཉིད་ཡིན་ནོ། །དེ་ཕྱིར་ཤིན་ཏུ་གཙང་བས་ན། །ཀུན་ལ་རྗེས་སུ་གནང་མ་ཡིན། །དེ་ཕྱིར་ཚངས་པ་མ་གཏོགས་པ། །ཐམས་ཅད་ཀྱི་ནི་ཟས་མ་ཡིན། །རྟ་ཡི་མཆོད་སྦྱིན་ལས་ལྷག་པའི། །དག་བྱེད་མི་ལ་ཡོད་མིན་པས། །རྟ་མ་གཏོགས་པར ་ས་གསུམ་ན། །བཀྲ་ཤིས་མཆོག་གཞན་ཡོད་མ་ཡིན། །རྣ་ཅན་མྱུར་འགྲོ་ལམ་ལས་རྒྱལ་།འགྲོས་ལེགས་འགྲོག་བྱེད་ལ་སོགས་དང། །མགྱོགས་དང་མགྱོགས?་འགྲོ་མྱུར་འགྲོས་ཅན། །དཔལ་མོའི་བུ་ཡང་བཤད་པ་ཡིན། །འཇིག་རྟེན་ན་ནི་སྣ་ཆེ་བར? ་དེ་ནི་སྣ་ཅན་ཞེས་བྱང་བཤད། །རྟག་ཏུ་འགྲོ་བས་མགྱོགས་འགྲོ་ཡིན། །ལམ་དུ་རྒྱལ་བས་ལམ་ལས་རྒྱལ། །འགྲོས་ལེགས་ལྡན་པས་འགྲོས་ཅན་ཡིན། །དབང་མེད་འཁྱེར་བས་འཕྲོག་བྱེད་དེ། །ལས་རྣམས་རྫོགས་པར་བྱེད ་ནུས་པས། །ལས་རྫོགས་ཞེས་ནི་ཚངས་པས་བཤད། །མགྱོགས་པ་དང་ནི་འགྱོགS་འགྲོ་དག་།དེ་བཞིན་མྱུར་འགྲོ་ཅན་ཞེས་བ། །དེ་ནི་མགྱོགས་པ་ཁོ་ནར་བཤད། །འདི་དག་ངེས་ཚིག་ཚུལ་ཡིན་ནོ། །རྟ་ནི་དཔལ་མོའི་བུ་ཡིན་པས། །དཔལ་མོའི་བུ ་ཞེས་བཤད་པ་ཡིན། །མཚན་དང་རིགས་ནི་བཟང་བ་དང། །དཔའ་བོས་གཞོན་ཞིང་བྱང་བ་ཡིས། །རྟ་ནི་གང་གིས་གཞི་དག། མ་ལུས་པ་ལས་རྒྱལ་བར་ནུས། །མཚན་ཐོགས་པ་ཡིས་མི་ཐུབ་པའི། །གནས་དེར་སྟོབས་ཆེ་བ་ཡི་བརྟས། །འཕྲལ་དུ ་རྒྱལ་པར་ནུས་མ་ཡིན། །དེ་ཕྱིར་ཁྱེད་ཀྱིས་དེ་ལ་ནི། །ཤིན་ཏུ་གུས་ཤིང་བརྩ་བར་བྱ། །རྒྱལ་པོ་སྨན་པའི་ཆོས་དོན་འདོད། །ཕུན་ཚོགས་པ་ལའང་གཞན་ལས་མིན། །ཤའི་ཧོ་ཏྲའི་མདོའི་གནས་ལས་ངེས་པའི་ཚིག་གི་ལེའུ་སྟེ་གསུམ་བའོ།། །། ་ཤ་ལ་ཧོ་ཏྲ་བློ་གྲོས་ཆེ། །རྟ་ཡི་གནས་ན་འདུག་པ་ལ། །ལེགས་ཐོས་ཐོས་པ་ཕུན་ཚོགས་པས། །སླར་ཡང་ཕལ་དྲིས་གྱུར་པ། །རྟ་ནི་ཅི་ལྟར་བྱུང་བར་གྱུར། །མཆོད་སྦྱིན་འཚམ་པ་པ་ཅི་ལྟར་གྱུར། །དེ་ནི་དང་པོར་རྒྱལ་པོ་དག། གང་གི་གཞོན་པ་ཉིད ་དུ་གྱུར། །དེ་ཡི་རིགས་བཞི་ཅི་ལྟ་བུ། །དེ་ལྟ་བུར་ནི་ཇི་ལྟར་གྱུར། །ཅི་ཡི་ཕྱིར་ནི་དེ་འདྲར་གྱུར། །དེ་དག་ཤེས་པར་འཚལ་ལགས་སོ། །དེ་ཡི་ཚོག་ནི་ཐོས་པ་དང། །ཤ་ལ་ཧོ་ཏྲས་སྨྲས་གྱུར་པ། །འདི་ན་རྒྱལ་བའི་ཆོས་ཀྱི་མཆོག། ས་རྣམས ་ཡོངས་སུ་སྦྱོར་བ་ཡིན། །དེ་ཡང་དཔུང་གིས་བྱེད་པར་ནུས།། དཔུང་གིས་མཆོག་ནི་རྟེ་རྣམས་ཡིན། །དེ་ཕྱིར་རང་དོན་ལ་མཁས་པའི། །རྒྱལ་པོའི་ཆོས་དོན་འདོད་དོན་དུ། །ཡོང་ཡེ་རྣམ་པ་ཐམས་ཅད་དུ། །འབད་དེ་རྟ་རྣམས་བསྲུང་བར་བྱ། །ཆོས་དང ་གྲགས་འདོད་སྨན་བ་ནི། །བསྟན་བཅོས་མཁས་གྱུར་པས་ཀྱང་བསྟེན། །དེ་བས་དེ་རྣམས་ལྷ་དང་ནི། །མི་ནི་ཇི་ལྟར་བྱུང་བ་བཤད། །རིགས་དང་ཉེ་བའི་རིགས་དང་ཚེ། །ན་ཚོད་ཤིས་དང་མི་ཤིས་དང། །གཙུག་དང་གདོང་དང་ཐིག་ལེ་དང། །འཚར་དང་འགྲོས་ཀྱི ་རིམ་པ་དང། །མཚན་ངན་གཉེན་པོ་མཚན་ཁུང་དང། །འབྱུང་དང་བཞོན་པའི་བྱ་བ་དང། །ནང་མེད་ནང་ནི་རྒྱས་བ་དང། །ན་བ་རྣམས་ཀྱི་སྨན་དང་ནི། །དེ་བཞིན་སྨན་ནི་བྱུང་བ་ཡི། །གོ་རིམ་ཇི་བཞིན་ཉིད་དང་ནི། །སྤུ་མདོག་མདོག་འདྲེས་ཁྱད་པར་དང། །སྤུ་མདོག ་དག་དང་མིག་དག་དང། །རང་བཞིན་སྙིང་སྟོབས་དག་དང་ནི། །སྟོན་ཀ་སྐྱེས་པའི་མཚན་ཉིད་དེ། །འདི་དག་ཐམས་ཅད་མདོར་བསྡུས་ནས། །ཁྱེད་ལ་ལེགས་པར་བཤད་པར་བྱ། །ལྷ་རྣམས་ཀྱིས་ནི་མངལ་སྐྱེས་དང། །མངལ་མེད་འབྱུང་བ་གཉིས་སུ་བཤད།། ་སྔོན་ཆེ་འཇིག་རྟེན་ཞིག་གྱུར་ཅིང། །འཇིག་རྟེན་འདི་ནི་མེད་པའི་ཚེ། །འབྱིན་བྱེད་མེ་ལ་སྦྱིན་སྲེག་ནི། །བྱས་པ་དང་པོར་ཚངས་པ་དང། །རྟ་ཕོ་དེ་རྗེས་རྒོད་མ་མཆོག་།རང་གི་སྐྱེ་གནས་དག་ཏུ་བསྐྱེད། །གཞན་ཡང་སྐྱེ་དགུའི་བདག་བོ་ཡིས། །མཆོད་སྦྱིན་ལ ་ནི་ཚངས་པ་ལ། །མཆི་མ་བྱུང་བ་དང་ལ་མོའི་ནི། །དགའ་བས་སྙིང་རྗེས་སྦྱར་བས་བླངས། །དེ་ཡི་ཡན་ལག་ལས་བྱུང་སྟེ། །རྟ་རྣམS་བྲམ་ཟེའི་རིགས་སོགས་གྱུར་།ཁ་དང་དཔུང་པ་བརླ་གཉིས་དང། །རྐང་པ་གཉིས་ལས་གོ་རིམ་བཞིན། །གཡས་གཡོན ་ལས་ནི་ཕོ་མོ་སྟེ། །ཚངས་པ་ལས་རྟ་དེ་ལྟར་སྐྱེས། །འོ་མའི་རྒྱ་མཚོ་བསྲུབས་པའི་ཚེ། །རྟ་དང་བདུད་རྩི་ལྷན་ཅིག་བྱུང། །ངོ་མིང་ཨུ་ཙ་སྲ་བ་སྟེ། །སྒྲ་ནི་སྤྲིན་ཆེན་ལྟ་བུ་ཡིན། །རྒྱུ་མཚོ་དེ་ལས་ནམ་མཁའ་ལ། །ཤུགས་ཀྱིས་རྣམ་པར་འགྲོ་བ་ན། །ལྷ་མིན་སྟོབས ་དང་ལྷ་འཁྲུགས་པས། །ཕྱི་རྐང་གཉིས་ནི་གཟུང་བར་གྱུར། །སྟོབས་ཆེན་སྟོབས་ལྡན་གྱིས་དྲངས་པས། །དཔྱི་ནི?་ཅུང་ཐད་ཉམས་པར་གྱུར། །དེ་བས་ལྷ་རྣམས་ད་དུང་ནི། །དབྱི་ནི་མྱུར་བར་མི་འདེགས་ཤིང། །དེ་ལ་ས་བོན་རྐང་པ་ནི། །ཕྱི་མ་དེས་ཀྱིས་? ་བར་འདེགས། །ཚངས་པའི་བུར་གྱུར་གཏུམ་པོ་ནི། །སྨོས་པ་ཡིན་ནི་འུག་པར་གྱུར། །ཡིད་འོང་ཡིད་ཀྱིས་མཆོད་སྦྱིན་ནི། །རི་དགས་མོར་གྱུར་དེ་ཉིད་འདུས། །དེ་ལས་སྒོང་སྣ་ཚོགས་པ། །དུ་མ་བྱུང་བར་གྱུར་པ་ཡིན། །ལྟེ་བ ་མན་ཆད་མེས་གདུངས་བའི། །རྡུལ་ནི་ཐལ་བར་འཛག་གྱུར་པ། །དེ་ལས་ཀྱང་ནི་ཁ་དོག་པ་རྣམས། །ཐ་དད་བོད་པོ་བོང་མོར་འགྱུར། །སྒྲ་སྐད་རྩུབ་ཅིང་རྣོ་བདག་།རང་བཞིན་རྩུབ་ཅིང་རྐང་པ་རྩུབ་།དེ་ཡང་རྟ་དང་ལྷན་ཅིག་བྱུང། །སྐྱེ་དགུའི་བདག་གི་གནས ་ན་འདུག་།དེ་ནས་དེ་དག་རྨོངས་པ་ཡིས། །དེ་ཡི་སྦྱིན་སྲེག་ཁང་པ་བརླག། དེས་ནི་ལ་བསད་དང་བཅངས། །སྒྲོ་བཅང་རྩཝ་ནི་ཟ་བ་དང། །ལྷ་དང་མི་ཡི་བཞོན་པ་ནི། །ཉིད་གྱུར་ཅིག་ཅེས་སྨོད་པ་བཏག་།རྟ་དེ་ཡིད་ནི་ཁུམས་གྱུར་ནས། །སྐྱེ་དགུའི ་བདག་ལ་གསོལ་བ་བཏབ། །དེ་ནས་དེ་ལས་མགུ་གྱུར་ནས། །མཆོག་འདི་ཐོབ་པར་གྱུར་པ་ཡིན། །རྟ་ཡི་མཆོད་སྦྱིན་ལ་བསད་དང། །གཡུལ་དུ་བསད་པར་གྱུར་བ་དང། །ལེགས་པར་སྦྱིན་པ་བཏང་བ་ན། །བསོད་ནམས་ཁྱེད་ཀྱིས་ཐོབ་གྱུར་ཅིག། ་དེ་བཞིན་དུ་ནི་ཡོན་རྣམས་ཀྱིས། །མཆོག་ཉིད་དུ་ནི་རྟ་གྱུར་ཅིག། དད་པས་དགེ་སྦྱོང་བྲམ་ཟེ་ལ། །རྟ་རྣམས་བྱིན་པར་གྱུར་ན་ནི། །རྟ་ཡི་བ་སྤུ་ཇི་སྙེད་པར། །ལྷ་ཡུལ་དུ་ནི་སྐྱེ་བར་འགྱུར། །སྦྱིན་བ་བཏང་པའི་རྟ་ཡང་ནི། །འགྲོ་བའི་མཆོག་ཏུ་གྱུར་བ ་ཡིན། །དེ་ནས་སྐྱེ་དགུའི་བདག་པོ་ཡིས། །ཚིག་གིས་འདུས་ནས་ཁ་བ་ཅན། །ཤ་ལི་ཧོ་ཏྲ་ལ་འཁུར་ཞིང། །དྲང་སྲོང་རྣམས་དང་ལྷན་ཅིག་བརྩེ། །སྟོབས་ལྡན་ཨུ་ཙ་སྲ་བ་ནི། །ཞོན་ནས་ལྷ་རྣམས་གཟིར་བར་བྱེད། །ལྷ་ཀུན་མངོན་མཐོ་འདོད་པ་ཡིས། ་ཤ་ལི་ཧོ་ཏྲ་ལ་གསོལ་བཏབ། །དེ་ནས་ལྷ་ལ་བཞོན་པའི་ཕྱིར། །ཇི་ལྟར་འདོད་པ་བཞིན་དུ་བྱིན། །ཟླ་བ་ལ་དཀར་ལྷ་ཆེན་ལ། །ལྗང་ཁུ་ཁྱབ་འཇུག་ལ་རྟ་སེར། །མརྒད?་མདོག་འདྲ་ཉི་མ་ལ། །མེ་ལྷ་ལ་དམར་གཤིན་རྗེ་ནག། པདྨ་དག་པ་འདྲ་ཆུ་ལྷ ་ལ།། སྔ་དང་ཁྲ་བོ་ཐ་སྐར་གྱི། །བུ་གཉིས་དམར་པོ་རླུང་ལྷ་ལ། །ལྷ་རྣམས་གཞན་ལ་སྣ་ཚོགས་ལ། །རང་རང་ཇི་ལྟར་དགའ་བར་ནི། །འདི་འདྲ་ཡིད་འཕྲོག་བྱེད་པ་ཕྱིན། །ལྷག་མའི་རྟ་ནི་སྐྱེ་དགུའི་བདག་།ཡིད་ཅེས་བྱ་བས་བླངས་ནས་ནི། །དེ་ཡིས་མི་ཡི ་རྒྱལ་པོ་ལས། །ཅི་རིགས་པར་ནི་བགོས་ཏེ་བྱིན། །བཤོག་པ་བཅད་བས་དེ་རྣམས་ནི། །ན་གྱུར་སླར་ཡང་མེ་ཡིས་བསྲེགས། །ནད་གདུངས་ཤ་ལའི་ཧོ་ཏྲ་ལ། །འཁུས་པར་གྱུར་ཏེ་ཁྲོ་པ་ཡིས། །འཆི་བ་བཅད་ནས་སྟོབས་ཀྱིས་ནི། །དེ་ཉིད་ལོག་བ ་བཟའ་སྙམ་ན། །དེ་ཚེ་དྲང་སྲོང་མི་སྣང་གྱུར། །དེ་ནས་རྟ་རྣམས་ཟོས་སྙམ་ནས། །དགའ་བས་རྟ་སྤངས་འབྱིན་ཅིང་སྣོམ། །དེ་ཕྱིར་རྟ་རྣམས་ད་དུང་ཡང། །རྟ་སྤངས་བཏང་ནས་སྣོམ་པར་བྱེད། །སྐྱེ་དགུའི་བདག་གི་ཁྱིམ་རླག་ཆེ། །ཀཧ་ཟེར་བས་ཧ་ཡར ་བཤད། །བྱ་ལྟར་བཤོག་པ་མགྱོགས་འགྲོ་བས། །མགྱོགས་འགྲོ་ཞེས་ནི་བཤད་པ་ཡིན། །ལམ་རྫོགས་མགྱོགས་པས་བྱེད་པ་ནི། །འཕྲོག་པ་འཚོར་བ་ཉིད་ལའང་བྱ། །ལྷ་རྣམས་ཀྱིས་ནི་རྟ་བྱུང་བ། །རྣམ་པ་བཞི་སྟེ་དུ་མའང་ཡིན། །བོང་བུ་རྒོད་མ ་ལ་དྲེའུ། །བོང་བུ་བས་ནི་བཟད་བར་འདོད། །དྲེའུ་ལས་སྐྱེས་ཀི་ན་ཡིན། །དེ་ལས་སྐྱེས་པ་ཀི་སད་ཏ། །ཀི་སད་ཏའི་བུ་ཆུ་བུར་ཅན། །ཆུ་བུར་ཅན་བུ་བོང་བུར་གྱུར། །རང་དང་རྟ་ཡི་སྐྱེ་གནས་ཏེ། །བོང་བུའི་སྐྱེ་གནས་གཉིས་སུ་འདོད། །བོང་བུ་དང་ནི་རྟ་སོགས་ལ། ། ་ལུགས་སུ་འབྱུང་དང་ལུགས་ལས་ལྡོག། དེ་ལྟར་རིགས་ཀྱི་དབྱེ་བ་ནི། །གོ་རིམ་བཞིན་དུ་བརྗོད་བ་ཡིན། །རྟ་རྣམས་ཀྱི་ནི་འབྱུང་བ་དག། སླར་ཡང་འོད་ཆེན་བཀའ་སྩོལ་ཅིག། འོ་མའི་རྒྱ་མཚོ་ལས་བྱུང་ཉིད། །ཐམས་ཅད་ཤེས་པར་འཚལ་ལགས་སོ། །བུ་ཡིས ་དེ་ལྟར་དྲིས་བ་དང།། ཤ་ལི་ཧོ་ཏྲས་སྨྲས་པ་ནི། །སྐྱེ་དགུ་དང་པོ་བྱུང་བའི་ཚེ། །འཚོ་བའི་འཇིག་རྟེན་བདེ་གནས་གྱུར། །དེ་རྗེས་ལྷ་དང་ལྷ་མིན་གྱི། །འཇིག་རྟེན་ཀུན་ལ་ཚངས་པ་ཡིས། །འཇིག་རྟེན་ཐམས་ཅད་ཁྱབ་བྱེད་པའི། །སྐོམ་གྱིས་གདུང་བ་ཉིད་དུ་བྱས། ། ་འཇིག་རྟེན་པ་ཡི་སྲོག་ཆགས་རྣམས། །སླར་ཡང་རྒྱུག་ཅིང་འགྲོ་བར་བྱེད། །ལྷ་དང་ལྷ་མིན་ཤ་ཟ་དང། །ལྟོ་འཕྱི་སྲིན་བུ་དེ་རྣམས་ཀྱང། །སྟོབས་དང་ལྡན་པའི་སྐོམ་གྱིས་ནི། །གདུངས་པས་ཉེ་བར་ཟིན་པར་གྱུར། །ལྷ་དང་ལྷ ་མིན་ཁ་ཟས་དང། །མལ་སྟན་ལ་ནི་དགའ་མེད་གྱུར། །དེ་རྣམས་ད་ལྟར་སེམས་པ་ན། །དེ་ཡི་ཚེ་ན་བློ་སྐྱེས་པ། །གང་འདི་ཆུ་ཡི་སྙིང་པོར་ནི། །གནས་དེར་བདག་ཅག་སྐོམ་སེལ་གྱུར། །དེ་ནས་རི་བོ་མན་དང། །གྲགས་ལྡན་སྲུབས་ཤིང་ཉིད་དུ ་བྱས། །ཀླུའི་རྒྱལ་མཚན་མཛའ་ཡས་ནི། །སྲུབ་ཐག་ཏུ་ནི་ཡང་དག་སྦྱར། །དེར་ནི་ཕྱོགས་གཅིག་ལྷ་རྣམས་ཏེ། །ཕྱོགས་གཅིག་ཏུ་ནི་ལྷ་མིན་གནས། །སྲུབ་ཐག་འདྲེན་ཅིང་མཚོ་ཆེན་ནི། །འཇིགས་པའི་སྒྲ་རྣམས་བསྲུབས་པ་ན། །མཚོ་ཆེན ་དེར་ནི་ལྷ་དང་མའི། །སྨན་ནི་རྩུབ་ལོ་མ་དང། །འོ་མར་བཅས་པ་བསྡུས་ནས་ནི། །ཐམས་ཅད་ཅུག་པ་ཉིད་དུ་གྱུར། །གཟི་བརྗིད་ཆེ་ཞིང་གཟི་བརྗིད་ཅན། །རོ་ལ་སོགས་པ་འབྱུང་ཞིང་དགེ། མེ་ཏོག་སེར་དང་གོ་སྲིད་གི། དེ་བཞིན་སོར་མོ ་ལ་སྤྱོད་དང། །མདངས་ལྡན་ཇོ་ཏི་ས་ར་དང། །འཚོ་བྱེད་འཆི་བ་གསོ་བྱེད་དང། །དེ་བཞིན་རྨ་འཚོ་བྱེད་ལ་སོགས། །གཞན་ཡང་ཚངས་པས་གང་སྤྲུལ་པའི། །བཅུ་དང་མཐུ་སྟོབས་བསམ་མི་ཁྱབ། །སྨན་རྣམས་མཚོ་ཆེན་དེར་བཅུག་སྟེ། །རྒྱ ་མཚོ?་སྲུབS་པར་གྱུར་པ་ན། །དེ་ཚེ་དང་པོ་ཁོ་ནར་ནི། །དཔལ་མོ་ལ་སོགས་བྱུང་བར་གྱུར། །གང་གིས་ནང་པར་བརྗོད་ན་ནི། །རྨི་ངན་ལ་སོགས་འཇིགས་བྱེད་བའི། །དགེ་བ་ཞེས་བྱའི་རིན་པོ་ཆེ། །བརྒྱད་ནི་ཆུ་ལས་བྱུང་བར་གྱུར། །ཉི་མ་གཞོན ་པའི་ཤིང་རྟ་ནི། །འཇིག་པའི་རྟ་དང་ལྷ་ཡི་འཆང། །དེ་བཞིན་ནོར་བཟངས་ཀོ་ཕུ་བ། །ནོར་བུའི་རྣ་ཆ་བཟང་པོ་དང། །བདུད་རྩི་ཞེས་བྱའི་སྨན་དང་ནི། །བདུད་རྩི་ཉིད་ཀྱང་བྱུང་བར་གྱུར། །བསྟན་བཅོས་ཐམས་ཅད་འཛིན་པའི་མཆོག། སྨན ་པ་ཐང་ལ་བར་དང་ནི། །སྒྲ་མཐོང་ཞེས་ནི་བྱ་བའི་རྟ། །སྙིང་སྟོབས་ཆེ་ཞིང་སྟོབས་ཆེ་ལ། །འབྲུག་དང་རྔ་ཡི་སྒྲ་དང་ནི། །དུང་དང་རྔ་ཆེན་སྒྲ་འདྲ་བ། །གང་ཞིག་སྐད་གསངས་འཐོན་པོ་ཡིས། །སྒྲ་དེས་མིང་དུ་བཏགས་པ་ནི། །དེ་ཆེ་ལྷ་དང་ལྷ་མིན་གྱིས། །སྒྲ་མཐོ ་ཞེས་ནི་བྱ་བར་བཏགས། །སྤྲིན་དཀར་གྱིས་ནི་མདོག་འདྲ་ཞིང། །མགྱོགས་ཤིང་བདུད་རྩི་ལས་བྱུང་བ། །མདངས་ལྡན་རྒྱ་མཚོ་ཆེན་པོ་ལས། །བྱུང་སྟེ་མཁའ་ལ་འགྲོ་བར་བྱེད། །སྟོབས་ལྡན་ཞེས་བྱའི་སྣང་བྱེད་བུས། །དེ་ཡིས་རྐང་པ་གཉིས་ལས ་བཟུང། །དེ་ཚོ་ལྷ་མིན་ཐམས་ཅད་ཀྱིས། །མནད་ར་དང་དེ་བཞིན་དུ། །ཀླུ་ཡི་རྒྱལ་པོ་བོར་ནས་ནི། །རྟ་ཡི་རིན་ཆེན་ལ་འཇུས་ཏེ། །འོ་མའི་རྒྱ་མཚོ་སྤངས་ནས་ནི། །ས་གཞི་འདིར་ནི་ཕྱིན་པར་གྱུར། །ལྷ་མིན་བུམ་པས་མཉམ་པ་དང། །དེ་བཞིན་སེམས ་རབ་འཕགས་པ་དང། །མེ?་དྲ་བ་དང་འདོད་ལྷ་དང། །གནོད་སྦྱིན་གསེར་མདོག་ཞེས་བྱ་བ། །ཆུ་བུར་ཟླུམ་པོ་ཞེས་བྱ་བས། །སྟོབས་ལྡན་ལ་ནི་ཚིག་འདི་སྨྲས། །གང་གིས་དཔལ་ཐོབ་འགྱུར་བ་ཡི། །དོན་གཉེར་རིན་ཆེན་ཐོབ་པས་ན། །བདག་ཅག་ལྷ་དང་མི ་རྣམས་ལས། །འཇིགས་པ་འབྱུང་བར་མི་འགྱུར་རོ། །རྟག་པོར་རབ་ཏུ་དགའ་བྱེད་ཅིང། །ཐམས་ཅད་སྟོབས་ཀྱིས་དྲགས་པ་དང། །ལྷ་མིན་སྐྱེས་བུ་ཐམས་ཅད་ནི། །དགའ་ཞིང་མགུ་བ་ཉིད་དུ་བྱ། །དེ་ནས་སྟོབས་ལྡན་ཡིད་དགའ་བས། །དེས་ནི་ལྷ ་རྣམས་ལ་སྨྲས་པ། །རྒྱ་མཚོན་ཆེན་པོ་སྲུབས་པ་ལས། །རིན་ཆེན་གང་ཞིག་ཐོབ་གྱུར་པ། །དེ་ནི་དེ་ལ་བྱིན་པས་ན། །གཞན་གྱིས་དེ་རྙེད་འོས་མ་ཡིན། །ལྷ་རྣམས་ཀྱིས་ཀྱང་ཚིག་སྨྲས་པ། །བདག་ཅག་གི་ཡང་རྩལ་ཡིན་པS། །རིན་ཆེན་ཁྱེད་ནི་གཅིག་པུའི ་མིན། །ཁྱེད་དང་བདག་ཅག་ཐུན་མོང་ཡིན། །དེ་ནས་ལོ་ནི་ཁྲི་ཡི་བར། །སྐར་མའི་ཚད་ཀྱིས་གཡུལ་འགྱེད་དེ། །ལྷ་དང་ལྷ་མིན་གཡུལ་དོར་ནི། །དཔུང་ཚོགས་ལྡང་ཞིང་ལྡང་ཞིང་འཐབ། །དེ་ཚེ་སོབས་ལྡན་སྒྲ་མཐོ་བའི། །སྟོབས་མཆོག་ལྡན་པའི་རྟ་ ་ཞོན་ནས། །ལྷ་རྣམས་ཀྱིས་ནི་དངུང?་གི་ཚོགས། །ཆེན་བོ་དག་ཀྱང་བརླག་པར་གྱུར། །གང་ཡང་དེར་ནི་ལྷ་རྣམས་ཀྱིས། །གཡུལ་དུ་བསང་བའི་ལྷ་མིན་རྣམས། །རྟ་དབང་དེ་ཡིས་བསྣམས་པ་དང། །ཡང་དང་ཡང་དུ་སླར་འཚོ་གྱུར། ། ་དེ་ནས་ལྷ་མིན་ཆེན་པོ་ཡིས། །བསད་བར་གྱུར་བས་རྨོངས་ནས་ནི། །སྐྱབས་འདོད་པ་ཡི་ཚངས་པ་ལ། །སྐྱབས་སུ་ཉེ་བར་སོང་བར་གྱུར། །ལེགས་ལྡན་སྟོབས་ཆེན་ལྡན་པ་ཡིས། །ལྷ་མིན་གཡུལ་གྱིས་ཕམ་པར་གྱིས། །ལེགས་ལྡན་གྱིས་ནི་བདག་ཅག ་ལ།། གཞན་པ་བཟང་པོ་སྩལ་བའི་རིགས། །བདག་ཅཀ?་གིས་ཀྱང་ལྷ་མིན་གྱི། །གཡུལ་དོར་གནས་ལས་རྒྱལ་བར་བགྱི། །དེ་ནས་ཚངས་བ་སྐྱེ་དག་ཡི། །བདག་པོས་དེ་ལ་སྨྲས་བ་ནི། །ཕྱིས་འབྱུང་བ་ནི་གང་ཅིའང་རུང། །རང་ཉིད་ཀྱིས་ནི་སྔར་ཤེས་ཏེ།། ་གང་ཚེ་གང་གིས་ཅི་ཙམ་འགྱུར། །འདི་ནི་ཁོ་བོས་སྔར་ཤེས་བས། །ང་ཡི་སྔོན་ཚེ་རྟ་སྤྲུལ་བས། །དེ་བཞིན་ས་སྟེངས་འགྲོ་བ་དང། །བར་སྣང་དང་མེ་ས་འོག་གི། རྒྱུ་དང་མི་རྒྱུ་གང་ཡིན་དང། །སྲོགས་ཆགས་རྣམས་ནི་གང་ཅིའང་རུང། །དེ་དག་ཐམས་ཅད ་མངོན་སྤྲུལ་ཏེ། །མཆོད་སྦྱིན་བཞོན་བའི་དོན་དུ་ནི། །རྟ་ཡང་ང་ཡིས་སྔོན་བྱུང་སྟེ། །སྦྱིན་སྲེག་བྱེད་ཚོང་ཡིན་ནི། །མཆི་མ་འཛག་བར་གྱུར་བ་དེ། །དབལ་མོ་ཡིད་ནི་དགའ་བ་ཡིས། །ལག་པ་གཉིས་ཀྱིས་བླངས་བར་གྱུར། །དེ་ལས་དེར་ནི་རྟ་བྱུང་བས། །དེ་ཕྱིར ་དཔལ་མོའི་བུ་ཞེས་བྱ། །དེར་ནི་ལག་བ་གཡས་པ་ཡི། །མཆི་མ་ལས་ནི་རྟ་ཕོར་གྱུར། །གཡོན་པའི་མཆི་མ་ལS་རྒོད་མ། །སྙིང་སྟོབས་ལྡན་དང་མགྱོགས་ལྡངས་ལྡན། །དཔལ་མོའི་ལག་བའི་དེའི་མཆི་མ། །དེར་ནི་རྟ་དེ་བྲམ་ཟེའི་རིགས། །ང་ཡི་མཆི ་མ་དཔལ་མོ་ཡི། །ལག་པ་གཉིས་ལས་འཇོག་གྱུར་བ། །བྲང་ན་གནས་པ་རྒྱལ་རིགས་ཏེ། །གཡུལ་ངོར་སྲ་བར་ཤེས་པར་བྱ། །ལྟེ་བ་བརླ་ཡི་རྗེའུ་རིགས་ཏེ། །རྐང་བར་འཛག་བ་དམངས་རིགས་ཡིན། །དེར་ནི་གཡོན་ངོས་རྒོད་མ་ཏེ། །གཡས་ངོས་ཀྱིས་ནི་རྟ་ཕོར ་བཤད། །འདི་རྣམས་ཕན་ཚུན་འདུས་བ་ནི། །རིགས་བཞི་དག་ཏུ་བཤད་པ་ཡིན། །དེ་ལྟར་རྟ་རྣམས་ཡང་དག་བྱུག་བ་ཡིད་ལྟར་མགྱོགས་ཤིང་མདོག་ལྡན་སྟེ། །མདོག་ཅིག་མདོག་ནི་འདྲེས་བ་དང། །སྣ་ཚོགས་མདོངས་ཀྱིས་ཕྱེ་བ་དང། །ཐིག་ལེ་ཅན་དང་ཁ་དོག ་མང། །མཚན་མ་ཅན་དང་ཞུང་བ་དང། །རྐང་དཀར་རྡོག་མ་མུཉྫ་འདྲ། །རྒྱལ་མཚན་དཀྱིལ་འཁོར་འདྲ་བ་དང། །རྡ་རྡོག་མདོག་ནི་མང་བ་དང། །ཁྲ་བོ་ཐིག་ལེ་ཕྲ་བ་དང། །འདམ་མདོག་སེ་བ་ཉིད་དང་ནི། །དཀར་ལ་རྡོག་མ་གནག་བ་སྟེ། །ཕལ་ཆེར་ཁ་དོག ་སྣ་ཚོགས་ཤིང། །བ་སྤུ་སྣུམ་ཞིང་བཟང་བ་དང། །ཚད་དང་ལྡན་ཞིང་མིག་བཟང་ལ། །རོ་སྟོང་མཐོ་བར་གྱུར་བ་དང། །དབུས་ཕྲ་བསུས་ཁྱིམ་ཆུང་བ་དང། །མཆུ་ལེགས་བྲང་ཞིང་ཡངས་པ་དང། །རྡོག་མ་རྐང་པ་རྨིག་བ་བཟང། །བགས་སྲབ་སྤུ་མཚམS ་ཕྲ་བ་དང། །ཡིད་དུ་འོང་ཞིང་ཕུམ་ཕུམ་བཟང། །སྙིང་སྟོབས་ལྡན་ཞིང་རྐང་མདོག་མཐུན། །ལུས་ལས་སྐྱེས་བའི་གཤོག་པ་བཞིན། །ནམ་མཁའ་འགེབས་བ་ལྟ་བུ་དང། །ཡན་ལག་དང་ནི་ཉིད་ལག་རྣམས། །ལྷ་ཡི་ཆར་ལྡན་གཟི་བརྗིད་ཆེ། །དཔལ་ལྡན ་མྱུར་བ་དཔལ་མེའི་བུ། །ཆངས་པའི་མཆི་མ་ལས་བྱུང་མགྱོགས། །མེ་ཡིས་གདུངས་བ་ལས་གྱུར་བའི། །ལྟེ་བ་ལས་ནི་བྱུང་བའི་རྡུལ། །ཐལ་བར་འཇགས་གྱུར་དེ་ལས་ནི། །བོང་བུ་དང་ནི་བོང་མོར་གྱུར། །རྣ་བ་རིང་ཞིང་མཇག་མར་ལྡན། །གཞུང ་ཐོག་བྱ་ཞིང་རྨིག?་པ་སྲ། །སྐད་གདངས་རྩུབ་ཅིང་ཁུར་སྲན་ཆེ། །གང་ཞིག་རྩུབ་པ་བོང་བུ་ཡིན། །ཐལ་བ་ལས་ནི་སྐྱེས་བའི་ཕྱིར། །དེ་བས་བོང་བུ་ཐལ་མདོག་ལྡན། །དེ་དག་དེ་ལྟར་གྱུར་ནས་ནི། །སྐྱེ་དགུའི་བདག་པོའི་གནས་ན་འདུག། དེ་ནས་དྲེགས ་བ?་ཁོར?་བ་དང། །བསྲག་རྫས་དགང་གཟར་བླུགས་གཟར་དང། །གཞོང་བ་སྣོད་དང་བུམ་པ་བསྣམས། །རྨོངས་བའི་རྟ་ཡིས་རབ་ཏུ་བརླགས་ག?་འཇག་མག་ཐལ་བས་ཁྱབ་པ་ཡི། །མི་གང་དེ་ནི་མཐོང་བ་དང། །དང་ཁྲབ་?་པར་གྱུར་ནས་ནི། །རྟ་རྣམས ་དམོད་པ་བཏབ་པར་གྱུར། །གཤོག་བཅད་མཚོན་ནི་ནུབ་པ་དང། །ས་ལ་རྒྱུ་ཞིང་ཚིག་མི་འདོན། །ལྷ་རྣམས་དང་ནི་མི་རྣམས་ཀྱི། །བཞོན་པ་ཉིད་དུ་སོང་གྱུར་ཅིག། དེ་ཐོས་སྡུག་བསྔལ་གྱིས་གདུངས་ཏེ། །དེ་ཚེ་རྟ་རྣམས་དང་ཁྲ་ནི།། དེ་ཉིད་ལ་ནི ་སྐྱབས་སོང་ནས། །སླར་ཡང་རྗེས་སུ་ཕན་བཏགས་བྱས། །རྟ་ཡི་མཆོད་སྦྱིན་འབྲས་བུ་ནི། །བསོད་ནམས་དོན་དུ་འགྲོ་གྱུར་ཅིང། །མཆོད་པ་བཟང་པོ་ཐོབ་གྱུར་ཅིང། །བསོད་ནམས་འཇིག་རྟེན་གྱིས་ཐོབ་ཤོག། ཕན་བཏགས་ཐོབ་པས་དེ་དགའ་སྟེ། །དང་ཁྲ ་ལ་ནི་བསྐོར་བ་བྱས། །མགོ་བོས་ཕྱག་བྱས་བདག་ཅག་གི་།།ཅི་ཞིག་བགྱིས་ཞེས་ཚིག་ཏུ་སྨྲས། །དང་ཁྲ་དེས་ནི་ལུང་བསྒོ་བས། །ཁ་བ་ཅན་དུ་ཁྱེད་སོང་ལ། །རི་འདབ་ཡིད་དུ་འོང་བ་དང།། ཆུ་དང་ལྡན་བར་གནས་པར་གྱིས། །དེ་སྐད་སྨྲས་ནས་རྟ་རྣམས ་ནི། །དགའ་བ་རི་རྒྱལ་དག་ཏུ་སོང།། སྦྱིན་སྲེག་བཤིག་པས་ཁྲོས་བ་ན། །དང་ཁྲས་ཧ་ཧ་ཞེས་བཟློག་པས། །དེ་ཕྱིར་འདི་ལ་ཧ་ཡི་སྒྲ། །རྟ་རྣམས་ལ་ནི་བཏགས་པ་ཡིན། །རི་བོའི་དམ་པ་དེ་རུ་ནི། །རྟ་རྣམས་གནས་བར་གྱུར་བས་ན། །གང་ཞིག་འདོད་བ་སྤྱོད་གྱུར ་པ། །རིགས་ནི་འདྲེས་པར་གྱུར་བའི་རྒྱུས། །རྟ་དང་བོང་བུ་དེ་དག་གི་།སྐྱེ་གནས་འདྲེ་བར་བཤེད་པར་བྱ། །བོང་བུ་རྟ་ལ་འཇུག་གྱུར་བ། །གང་ཡིན་དེ་ལ་དྲེའུ་འབྱུང། །དྲེའུ་དང་རྒོད་མ་དག་ལས་ནི། །གོ་རི་ཞེས་ནི་བྱ་བ་སྐྱེ། །གོ་རི་རྒོད་མར་འཇུག་བ་ལས། །ཀི་ནི ་ཞེས་ནི་བྱ་བ་སྐྱེ། །ཀི་ནི་རྒོད་མ་ལས་སྐྱེས་པ། །ཀི་སང་ཏ་ཞེས་བྱ་བ་སྐྱེ། །ཀི་སད་ཏ་དང་རྒོད་མ་ལས། །ཆུ་བུར་ཅན་ཞེས་བྱ་བ་ཡིན། ཆུ་བུར་ཅན་དང་རྒོང་མ་ལས། །སླར་ཡང་བོང་བུ་ཞེས་བྱར་བཤད། །བོང་བུ་འོང་བར་མཐོང་ན་ནི། །རྟ་ནི་ཐམས་ཅད་རྨོངས་བར ་འགྱུར། །བྱ་བ་མང་ཞིང་སླབ་པར་དཀའ་། །དེ་ཕྱིར་བོང་བུ་བཞིན་དགྲ་ཡིན། །དེ་ལྟར་འདི་ནི་དྲེའུ་སྟེ། །མ་འདྲེས་འཇུག་ལས་རྟ་ཉིད་ཡིན། །དང་དང་རྟ་ཡི་སྐྱེ་གནས་ཏེ། །བོང་བུའི་སྐྱེ་གནས་གཉིས་སུ་འདོད། །རྟ་རྣམས་གཞན་གྱི་མངལ་དུ་ནི། །འཁྲིག་པ?་བྱ?་སྐོང? ་བར་མི་བྱེད་ལ། །གལ་ཏེ་བྱེད་པར་གྱུར་ན་ནི། །ཡུལ་དེ་འཇིགས་པར་ཤེས་པར་བྱ། །དེ་ལྟར་དེ་ནི་རྟ་འབྱིན་པ། །མཆོད་སྦྱིན་དོན་དེ་ཕྱུགས་ཀྱིས་མཆོག། །དགྲ་འཇོམས་རྒྱས་བྱེད་ལ་སོགས་པ། །རྒྱལ་བ་རྣམས་ཀྱི་དཔུང་གི་མཆོག། དེ་ནས་ཁ་ཏོན་ལ་དགའ་ ་ཞིང། །སྦྱིན་སྲེག་བྱེད་ལ་རབ་གཞོལ་བ། །གཞོན་ནུ་ཚངས་བར་སྤྱོད་ལ་གནས། །ཤ་ལི་ཧོ་ཏྲ་དཀའ་ཐུབ་ཆེ། །ཁ་བ་ཅན་གྱིས་ངོས་ཀྱི་ནགས། །ལྷ་ཡི་ཚལ་འདྲར་འོངས་པར་གྱུར། །དེ་ནི་དེ་རུ་གནས་།བཅས་ནས། །རི་ཡི་ཚོགས་ནི་ཉམས་དགའ་ཞིང། །རི་དགས ་ཚོགས་ནི་དུམས་ཁྱབ། །མིའམ་ཅི་ནི་སྣ་ཚོགས་གནས། །བྱ?་ཆོགས?་དུ་མ་སྒྲ་སྒྲོགས་ཤིང། །དྲི་ཟའི་བུ་མོ་རྣམས་གྱིས་བསྐོར། །གྲུབ་དང་དྲང་སྲོང་རོལ་མོ་པའི། །ཚོགས་དང་ལྷ་རྣམས་དག་གིས་མཛེས། །མེ་ཏོག་འབྲས་བུ་མང་པོ་ཡིས། །ཉམས་དགའ་ ་ནེའུ་སྲིབ་བཟང་བོས་ཁྱབ། །ཤིན་ཏུ་ཡིད་དུ་འོངས་པའི་གནས། །ཉམས་དགའ་དེར་ནི་གནས་པར་འགྱུར། །དེར་ནི་ཕྱི་མ་ལེབ་ཡན་ཆད་ཀྱིས། །ཡི་དགས་ལ་སོགས་སྣ་ཚོགས་གནས། །རྟ་དང་དྲི་ཟ་མི་འམ་ཅི། །ནེའུ་ལེ་སྤྲུལ་དང་བྱ་རྣམས་ནི། །སེང་གེ་སྟག ་དང་ཕག་དང་ནི། །གླང་པོའི་དབང་པོ་སྤྲེའུ་དང་དོན། །དེ་ལ་སོགས་པ་མང་བོ་ནི། །ཤ་ལི་ཧོ་ཏྲ་དྲང་སྲོང་ཆེ། །བདག་ཉིད་ཐུལ་ཅིང་གཙང་བ་ཡི། །གནས་དང་ཉེ་བར་འཁོར་བ་ན། །ཤ་ལི་ཧོ་ཏྲས་རྟ་དེ་རྣམས། །བུ་དང་འདྲ་བར་ཡོངས་སུ་བསྐྱངས། །ཁ་བ་ཅན ་གྱི་ངོས་ན་བརྩེ། །ཤ་ཡི་ཧོ་ཏྲའི་དབང་དུ་གྱུར། །དེ་བས་ལྷ་རྣམས་མྱུར་དུ་ནི། །ཤ་ལི་ཧོ་ཏྲའི་གནས་སུ་སོང། །དེར་ནི་ཁྱེད་ལ་བཞོན་པ་མགྱོགས། །ཤ་ཡི་ཧོ་ཏྲ་སྟེར་བར་འགྱུར། །ལྷ་མཆོག་ཚངས་པས་དེ་སྐད་དུ། །ལྷ་རྣམས་ལ་ནི་སྨྲས་པ་དང། །དགའ་ ་བས་དེ་ལྟར་བགྱི་ཞེས་ཏེ། །དེ་རྣམས་རི་མཆོག་དེ་རུ་ཆས། །དེ་ནས་སྐད་ཅིག་ཙམ་གྱིས་ནི། །བརྒྱ་བྱིན་གཤིན་རྗེ་ཆུ་ལྟ་དང། །དཔལ་ལྡན་ནོར་གྱིས་བདག་པོ་དང། །བཅས་པ་དྲང་སྲོང་གནས་སུ་སོང། །ཕྱིན་ནས་བསྟི་གནས་གནས་དེ་ལ། །སྙན་བའི ་ཚིག་ནི་འདི་སྐད་སྨྲས། །དྲང་སྲོང་ཁྱེད་ནི་གང་གི་ཕྱིར། །དཀའ་ཐུབ་གནས་བཅས་དཀའ་ཐུབ་གྲུབ། །ཚུར་བྱོན་གྲུབ་དང་དྲང་སྲོང་ཚོགས། །མི་ཟད་བ་ཡི་གནས་སུ་དེངས། །དེ་ནས་ངས་ནི་དགྲ་འཇོམས་པའི། །བརྒྱ་བྱིན་ལ་ནི་དེར་སྨྲས་? ་དཀའ་ཐུབ་ཡང་སྤྱད་བ། །མི་དགོས་དེ་ལྟར་བྱ་ཞེས་སྨྲས། །དེ་ནས་ང་ལ་གཤིན་རྗེ་ཡིས།། སྙན་བའི་ཚིག་ནི་འདི་སྐད་སྨྲས། །རྒ་མེད་འཆི་མེད་ཟད་མེད་བ། །ལྷའི་དབང་པོའི་གནས་འདྲ་བ།། འཇིག་རྟེན་ཀུན་ན་གང་བཟང་བའི། །གནས་དེང་ཡིས་སྦྱིན་པར་བྱ། །ཟས ་དང་སྟན་དང་མལ་ཁྲི་དང། །སྤྱོད་ལམ་ཅི་བདེ་གནས་མེད་པའི། །ནགས་འཚལ་འདིར་ནི་དཀའ་ཐུབ་ཅན། །ཁྱེད་ནི་ཇི་ལྟར་དགའ་བར་གྱུར། །བརྒྱ་བྱིན་བཅས་པའི་ལྷ་མཆོག་ནི། །ཀུན་ལ་ང་ཡིས་སླར་སྐྱེས་པ། །རྩ་བ་འབྲས་བུ་ད་ཡི་ཟས། །གོས་ནི་ཤང ་ཤུན་རི་དགས་ལྤགས། །འདོན་དང་སྦྱིན་སྲེག་བྱེད་བ་ན། །མཐར་ཐུག་མེད་པར་ངའི་བློ་འཇུག། རི་དགས་ཚོགས་ཡང་རྟག་ཏུ་ནི། །ཁོ་བོའི་སྟི་གནས་དག་ཏུ་འོང། །གློ་བུར་ལྷགས་པ་གཞན་དག་དང། །གཤོག་ཐོགས་དག་ནི་ལྟ་བྱ་ཡིན། །དེ་དང ་ལྷན་ཅིག་གནས་བྱ་ཡི། །ལྷ་ཡུལ་འདོད་པ་ང་ལ་མེད། །དེ་ནས་དགྲ་ཐུབ་གཤིན་རྗེ་ཡིས། །དལ་ཡང་ནི་སླར་སྨྲས་པ། །གང་དང་འགྲོགས་ན་ཁྱེད་དགའ་བའི། །གཟུགས་སྡུག་རི་དགས་བྱ་ཚོགས་དང། །གཤོག་པ་ཡོད་བའི་རྐང་བཞི་པ། །ཐམས ་ཅད་བདག་ལ་བསྟན་དུ་གསོལ། །ང་ཡི་དེ་ལྟར་ཁས་བླངས་ཏེ། །རི་དགས་བྱ་ཚོགས་དེ་དག་ཀུན། །ཇི་སྲིད་མཐོང་བར་གྱུར་གྱི་བར། །ལྷ་རྣམས་ཡུད་ཙམ་འདུག་པར་གྱིས། །དེ་ནས་ལྷ་རྣམས་མཁའ་ལས་ནི། །ཕྱོགས་རྣམས་ཀུན་ནས་འོངས་གྱུར་ཅིང། ། ་རི་རྩེ་ཆུ་བོ་རྣམས་ལས་ཀྱང། །བྲང་གི་ཕྱོགས་ནི་སྟོན་ཅིང་འོངས། །དེ་ཚེ་རྟ་ཕྲན་བར་སྣང་ལ། །ཡིད་དུ་འོང་བའི་སྐད་དུ་འཚེར། །སྣང་སྙན་པ་ཡི་སྒྲ་དང་ནི། །གཤོག་པའི་རླུང་ནི་ཡིད་འོང་བའི། །སྒྲ་དེས་མདངས་དང་ལྡན་པ་ཡི། །སྒྲ་དེས་ངོ་མཚར་སྐྱེས། ་བར་གྱུར། །ལྷ་རྣམས་དགའ་བས་ད་ལ་ནི། །སྣུམ་ཞིང་ཡིད་འོང་ཟབ་བ་དང། །རྗེས་མཐུན་སྒྲ་ལྡན་པ་སྙམ་དགའ་། །ེ་མའོ་མཐོ་རིས་མཚུངས་ཞེས་སྨྲ། །ཀྱེ་མའོ་ཁྱོད་ནི་ཉམས་དགའ་བར། །གནས་པར་གྱུར་པ་ལེགས་སོ་ལེགས། །ཀྱེ་མའོ་རི་དགས་གཟུཌ ་བཟང་ཞིང། །སྙིང་སྟོབས་སྙིང་པོར་མགྱོགས་པར་ལྡན། །ལྷ་དང་མི་ནི་སུ་ལ་ཡང། །འདི་འདྲའི་གཞོན་པ་ཡོད་མ་ཡིན། །བདག་ཅག་འདི་ལ་ཞོན་ནས་ནི། །འགྲོན་ངེས་པར་རྒྱལ་བར་འགྱུར། །ཁྱེད་ཀྱིས་བདག་ཅག་ལ་གསོལ་ཅིང། །ཅི་ལྟར་བཞོན་བར ་གྱུར་པ་ཡི། །ཐབས་དེ་དྲང་སྲོང་མཆོག་གིས་ནི། །ཡིད་ལ་བདག་ཅག་བསམ་པར་འདོད། །དེ་ནས་དེ་སྐད་སྨྲ་བ་ཡི། །ལྷ་མཆོག་རྣམས་ལངས་ལན་སྨྲས། །ལྷ་མིན་བརླག་པའི་དོན་དང་ནི། །དེ་ཕྱིར་ཁྱེད་རྣམས་རྒྱལ་ཕྱིར་དང། །བྲམ་ཟེ་རྣམས ་ཀྱིས་མཆོད་སྦྱིན་ཕྱིར། །ཚངས་པས་རྟ་འདི་སྤྲུལ་པ་ཡིན། །དེ་བས་ཚངས་པས་པ་བསྒོ་བས། །ཁྱེད་རྣམས་ཤས་ཆེར་དགའ་འགྱུར་བའི། །གཞོན་བ་རྣམས་ཀྱི་དམ་པ་འདི། །མ་ལུས་པ་ནི་སྦྱིན་པར་བྱ། །ལྷའི་དམ་བ་ཁྱེད་རྣམས་ནི། །བྲམ་ཟེའི་ཡུལ ་དུ་འགྲོ་བར་གྱིས། །དེར་ནི་འདུལ་ཐབས་བྱ་བདག། འོངས་ནས་བྱ་ཡི་གཞན་དུ་མིན། །དེར་སོང་དེ་རྗེས་པ་ཡིས་ནི། །རྟ་ནི་ཇི་སྙེད་བོད་པར་བྱ། །དེ་ནས་ང་ཡིས་རྟ་རྣམས་ཀུན། །བསྡུས་ནས་ཚིག་ནི་འདི་སྐད་སྨྲས། །བླ་མ་མཁན་པོ་མཛའ་བ་དང། །གཉེན ་དང་བང་མི་རྣམས་ཀྱང་ནི། །རེངས་པར་བལྟ་བར་ང་འདོད་ལ། །ཁྱེད་རྣམས་ལ་ཡང་མགྲོན་དུ་འབོད། །དེར་ནི་འབྲས་དང་མུངྒ་དང། །མ་ཤ་ནས?་རང་ཏིལ་དག་དང། །ས་ལ་དྲུག་ཅུ་པ་དང་འབྲུ། །རྩཝ་ནི་མཐོ་ཞིང་འཇམ་པ་དང། །ཆུ་བོ་ནི་གསིང་རྣམས་ཀྱང ་ཡོད། །དེའི་ནགས་གཟར་པོ་མ་ཡིན་ན། །དེ་དང་ལྷན་ཅིག་འགྲོ་བྱ་འམ། །ཡང་ནི་འདི་རུ་གནས་པར་བགྱི། །དེ་ནས་ང་ལ་རྟ་ཀུན་གྱིས། །སྙན་པའི་ཚིག་ཏུ་འདི་སྲད?་སྨྲས། །ནགས་འཚལ་སྟོང་བ་འདི་མཐོང་ན། །བདག་ཅག་ཤེས་ཆེར་ཡིད་སྐྱོ་བས། ། ་ཁྱེད་ཀྱིས་གང་དུ་འགྲོ་འགྱུར་བ། །བདག་ཅག་དེར་འབྲེང་གཞན་དུ་མིན། །ཁྱེད་ཀྱི་རྗེས་སུ་འབྲངས་ཏེ་ནི། །འགྲོ་བ་བདག་ཅག་རབ་ཏུ་བསྔགས། །དེ་ནས་ད་ནི་རྟས་བསྐོར་ཞིང། །བདེ་གནས་དགྲ་དང་ལྷན་ཅིག་ཏུ། །གང་དུ་ལྷ་དང་དུས་བཏབ་པཱི ་བྲམ་ཟེའི་ཡུལ་དུ་ཕྱིན་བར་གྱུར། །དེར་ནི་ཨ་ཤྭཏྠ་ཡི་རྩར། །གཙུབ་ཤིང་ལས་ནི་མེ་བྱུང་སྟེ། །སྦྱིན་སྲེག་ང་ཡིས་བྱས་ནས་ནི། །ལྷ་དང་སྲིན་པོ་ཚིམ་པར་བྱས། །དེ་ནས་ཡུལ་དེའི་ས་མཚམས་ཀྱི། །ཉེན་འཁོར་ཀུན་ཏུ་ཁྱེར་ནས་ནི། །རྟ་དེ་དག་གིས་འབྲུ་དག་ནི།། ་ཐམས་ཅད་ཟ་བ་ཉིད་དུ་འགྱུར། །དེ་ནས་འབྲུ་དེ་བརླག་གྱུར་བ། །བྲམ་ཟེས་མཐོང་ནས་ཁྲོས་བ་ཡིས། །ཡིན་ཀྱིས་མིག་ནི་དམར་པོ་དང། །ང་ལ་ཚིག་རྩུབ་འདི་སྐད་སྨྲ། །སྔོན་ནི་དཀའ་ཐུབ་ལ་གནས་པའི། །བྲམ་ཟེ་གཞན་དག་འདིར་འོངས་ཚེ། །དཀའ་ཐུབ ་ཚངས་པར་སྤྱོད་པ་དང། །འདོན་དང་སྦྱིན་སྲེག་བྱེད་པ་ཡིས། །ལོ་གྲངས་ཡང་པོར་འདིར་གནས་ཤིང། །དེ་བཞིན་ཡམས་ཀྱང་ཞི་བྱེད་ན། །ཁྱེད་ནི་རི་དགས་འདི་འདྲ་བ། །ཁྱེར་ཏེ་ཡུལ་དུ་ཇི་ལྟར་འོང། །ལམ་གང་ནས་ནི་ཁྱེད་འོངས་པ། །དེ་ལས་སླར་ནི་འགྲོ་བར ་གྱིས། །ཁྱེད་ཀྱིས་ཡམས་འདི་བདག་ཅིག་གིས། །བཟློག་པར་ནུས་པ་མ་ཡིན་ནོ། །བྲམ་ཟེ་ཁྲོས་པ་དེ་ལ་ངས། །བཟོད་གསོལ་སྔོན་འགྲོའི་ཚིག་འདི་སྨྲས། །རྟ་རྣམས་འབྲུ་ནི་ཟ་བ་དང། །ཁྱེད་ལ་འཚེ་ང་མི་དགའ་། །སྦྱིན་སྲེག་བྱེད་པར་བྲེལ་བས། །ཁྱེད་ལ ་གནོད་བ་ངས་མ་བཀག། དེ་ནས་ང་ཡིས་རྟ་རྣམས་ནི། །ཐམས་ཅད་བསྡུས་ནས་འདི་སྐད་སྨྲས། །ང་ལ་ཡུལ་གྱི་མི་རྣམས་ནི། །ཅི་སྐད་སྨྲས་གྱུར་པ་ལ་ལྟོས། །འདི་དག་མགུ་བར་བྱ་བའི་ཕྱིར། །རེ་ཞིག་ཁྱེད་ནི་ལེགས་པར་བཅིང། །དེ་ནས་མཚན་མོར་གྱུར་བ་དང།། ་སླར་ཡང་ཅི་དགར་སྤྱད་པར་གྱིས། །དེ་ནས་བཅིངས་བའི་ཚོར་བ་ནི། །མ་མྱོང་བས་ན་བཅིང་བར་ལྷགས། །ལྷ་རྣམས་ལྟད་མོ་སྐྱེས་བ་ཡི། །ཡིད་ཀྱིས་ང་ལ་ཡིད་ཆེས་འགྱུར། །དེ་ནས་ཆུ་ལྷ་རང་ཉིད་ནི། །བོས་ནས་ཞགས་པས་རྟ་རྣམས་ནི། །ཡན་ལག་ལྔར་བྱས ་ཤིང་ལ་ནི། །གོ་རིམས་བཞིན་དུ་བཅིངས་པར་འགྱུར། །བཅིངས་པའི་རྗེས་ལ་སྟོབས་ཡོད་ཀྱང། །མགུལ་བར་གྱུར་པ་མ་གྱུར་ཏོ། །ཉེ་བར་བཅིངས་པ་བྱས་ནས་ནི། །མཚོན་ནི་རྣོན་པོ་ཐོགས་ནས་སུ། །ལྷ་ཡིས་མདུན་དང་རྒྱབ་ཀྱི་ནི། །རྟ་རྣམས་ཀྱི་ནི་གཤོག་པ ་བྲེགས། །དེ་ནས་གཤོག་པ་བཅང་ཀྱང་ནི། ཕྱི་ཕྱིར་ཞིང་ནི་སྐྱེ་བར་འགྱུར། །དེ་རྗེས་མེ་ཡིས་བསྲེགས་པས་ན། །ཚིག་བས་མེ་ལྕེ་བྱུང་བར་གྱུར། །བཅིངས་ཤིང་གཤོག་པ་མེད་བྱས་ནས། །གང་ཚེ་རྟ་རྣམས་ཉམ་ཐག་པ། །དེ་ཚེ་ལྷ་རྣམས་ཡིད་ལ་ནི།། ་ཇི་ལྟར་འདོད་པ་བཞིན་དུ་ཁྱེར། །ཟླ་བས་རི་བོང་དཀར་འདྲ་བ། །ཉི་མ་ན་ཚོའི་མདོག་འདྲ་བ། །བརྒྱ་བྱིན་གྱིས་ནི་སྟོ་སངས་ཏེ། །གཤིན་རྗེ་ཡིས་ནི་ནག་པོ་ཡིན། །མེ་ལྷས་རྒྱ་སྐྱེགས་མདོག་འདྲ་བ། །རླུང་ལྷས་དམར་སེར་མདོག་འདྲ་བ། །ཆུ་ལྷས ་སྔོན་པོ་ཁྱེར་བར་གྱུར། །ཉི་མ་གཞན་གྱིས་ཁ་དོག་སྐྱ། །ལྷ་ཆེན་གྱིས་ནི་སེར་པོ་སྟེ། །སྣ་ཚོགས་ལས་ཀྱི་རྐྱང་མདོག་ཅན། །ཉི་མ་སུ་ཤས་སྣ་ནག་པ། །ཏྭཥྚས་མཚན་དང་ལྡན་པ་སྟེ། །ལྟ་གཞན་གྱིས་ནི་རང་རང་གི་།ཡིད་ལ་འདོད་པ་བཞིན་དུ་ཁྱེར། །དེ་ལྟར ་རྟ་རྣམས་བགོས་ནས་ནི། །ལྷག་མ་ང་ཡི་གནས་བཞག་སྟེ། །གཡུལ་དུ་དགོས་པའི་ལས་རྣམས་དང། །མཚན་ཉིད་མཚན་མ་རྣམས་དང་ནི། །གསོ་དང་སླར་འབྲོས་ལས་རྣམས་ལ། །བུ་དང་ལྷན་ཅིག་ཉེ་བར་བསྐྱངས། །དའི་བུ་མཛའ་ཨོ་ལས་རྒྱལ་དང། ་འཁྲུལ་མེད་ཐ་ཆུང་བྱེད་བ་ཞེས། །ཡོན་ཏན་ངེས་ལས་མིང་བཏགས་པ། །བུ་གསུམ་མཁས་བར་གྱུར་པ་ཡིན། །ཞི་ཞིང་མཛའ་ཨོ་རྣམས་ལས་རྐྱལ། །དེས་དེ་མཛའ་ལས་རྒྱལ་ཞེས་བྱ། །རིག་བྱེད་བསྟན་བཅོས་མ་འཁྲུལ་བས། །དེ་ཕྱིར་འཁྲག་མེད ་ཅེས་འདི་བཤད། །ང་ཡི་ཚིག?་ལ་མངོན་དགའ་བས། །རྟག་ཏུ་འདི་ལྟར་བྱེད་བས་ན། །དེའི་ཕྱིར་ང་ལ་བྱེད་བ་ཞེས། །ཐ་ཆུང་ལ་ནི་བཏགས་བ་ཡིན། །དེ་ནས་རྟ་གཞན་བདག་ཉིད་ཆེ། །མ་ན་ཞེས་བྱ་ཚངས་སྲས་བྱིན། །དེ་ལས་གཞན་?་བྲེས་སུ། །ལས་རྣམས ་ལ་ནི་བྱང་པར་བྱས། །གཞོན་པ་ལ་ནི་གདུལ་བ་དང།། བྱ་བའི་ལས་རྣམས་ལ་ཡང་བཞག་།ང་ནི་རྒས་ཕྱིར་གྲོལ་བ་ཚོལ། །རྟ་རྣམས་ཀྱི་ནི་ནང་དུ་ཉལ། །དེ་ནས་རྟ་ཁྲོས་བ་ཡིད། །གཉིད་ལོག་སྙམ་ཏེ་བསད་པར་རྩམས། །དེ་དག ་འདུས་ནས་འཁོན་གྱིས་ནི། །སྐྱོད་པའི་ཡིད་དང་ཕན་ཚུན་སྨྲ། །བདག་ཅག་བཅིང་དང་གསོད་འདི་ནི། །གང་ལས་སྡུག་བསྔལ་སྐྱེ་འགྱུར་པ། །འདི་དག་ཀུན་གྱིས་རྩ་བ་ནི། །དྲང་སྲོང་གཉིད་ལོག་འདི་ཡིན་གྱིས། །དེ་བས་གནོད་ཡས་ལན་བྱ་ཞིང། །ཐོས?་བར་གྱུར ་ན་ལེགས་བ་ཡིན། །དེ་ནས་བཅིངས་པ་བཅད་ནས་ནི། །ད་གསོད་ཕྱིར་ནི་ལྷག་པར་གྱུར། །ད་ནི་དེ་ལ་ཐབས་གང་གསི། །བདེ་བར་འགྱུར་ཞེས་སེམས་ཞིང་ཉལ། །དེ་ནས་ལྷ་ཡིས་སད་བྱས་བས། །ད་ཡིས་རྟ་ལ་དམོད་པ་བཏབ། །དེང་ནས་བརྩམས ་ཏེ་ང་ཡིན་ནི། །དམོད་པས་བཞོན་ཁྱེད་མ་ལ་ནི། །འཇུག་ཅིང་རླིག་པ་འཕྱར་བ་དང། །རྗེད་ངས་བ་ནི་ཉིད་གྱུར་ཅིག། དེ་ནས་དེ་ནི་མ་ཚིག་བ་དག། སྐྱེས་ཤིང་སྨོད་པས་རྗེད?་ངེས་འགྱུར། །དེ་སྐད་དེ་ལངས་སྨྲས་ནས། །གནས་དེ་ནས་ནི་མི་སྣང་བྱས། ། ་རྟ་ཡི་སྒྲ་དེ་ཐོས་བ་དང། །དེ་ནས་རྟགས་འཚོ་བ་དང། །རྟ་ལ་ཞེན་དང་འཆིང་བྱེད་དང། །རྟ་བྲེས་སུ་ནི་འོངས་བར་འགྱུར། །རྟ་རྣམས་གྲོལ་ནས་གནས་གནས་སུ། །ཕན་ཚུན་རྒྱུ་བར་བྱེད་བ་དང། །མལ་ཁྲི་རྒྱ་ཆེན་དག་དང་ནི། །མལ་སྟན་དག་ཀྱང་གཏོང ་བ་མཐོང། །དེ་ཡིས་ད་ནི་མ་མཐོང་བས། །རྟ་རྣམས་ཀྱིས་ནི་ཟོས་སྙམ་ནས། །དེ་ཡི་མལ་ཁྲི་ལས་མཚོན་བས། །བྲམ་ཟེ་མི་སྣང་ཉིད་གྱུར་སྙམ། །འདི་ལྟར་རྟ་ནི་དེ་དག་རྣམས། །བྲམ་ཟེ་ཟོས་པར་བྱས་སྙམ་སེམས། །དེ་ཡི་ཕྱིར་ན་རྟ་རྣམས་ནི། །རྟ་སྤངས ་བཏང་ནས་ལྔ?་དུ?་སྣོམ། །ཤ་ལི་ཧོ་ཏྲ་ཅི་ནས་ཀྱང། །ཕྱིས་མི་འབྱུང་བར་གྱུར་ཏོ་སྙམ། །རྟ་ཡི་སྐྱེ་བ་བྱུང་བ་འདི། །གང་ཞིག་རྟག་ཏུ་ཉན་བྱེད་བ་འམ། །ཡང་ན་ལ་ལ་འཛིན་བྱེད་དམ། །གཏམ་ལ་དད་པར་གྱུར་ན་ནི། །ལྷ་རྣམས་ཀྱི་ནི་བསྐུར་ཐ་དད། ། ་བུ་དང་ཚའོ་འཕེལ་བར་འགྱུར། །ཚེ་རིང་བ་ནི་ཐོ་བ་འགྱུར་ཞིང། །གྲགས་པ་ཆེ་བ་ཉྡ་དུ་འགྱུར། །འདི་ལྟར་ལྟ་ཡི་མཐུ་ལྡན་ཞིང། །འདས་དང་མ་འོངས་དོན་ཤེས་པ་ལ། །དྲང་སྲོང་ཤ་ལི་ཧོ་ཏྲ་ཡིS། ཁུ་ཡིས་དྲིས་ཚེ་སྨྲས་པ་ཡིན། །ཤ་ལི་ཧོ་ཏྲའི་མདོག་ནས་ལས། །རྟ་རྣམས་བྱུར ་བའི་ཚུལ་ཞིས་བྱ་བའི་ལེའུ་སྟེ་བཞི་པའོ།། །།ཐ་སྐད་ཆེ་བོ་དྲང་སྲོང་ཆེ། །རྟ་སྐད་ལས་ནི་ལུས་སྐྱེས་བ། །ལྷ་ཡི་མཐུ་ལྡན་དཀའ་ཐུབ་ཅན། །ཚངས་པ་ཉི་མ་མེའི་གཟིམ་དངས། །ཤ་ལི་ཧོ་ཏྲ་དྲང་སྲོང་མཆོག། །དེ་ལ་ལེགས་ཐོས་ཀྱིས་ངེས་བ། །འདི་ལྟར་མཇལ་དུ་ཆགས་བར ་འགྱུར། །སྲོག་ནི་ཇི་ལྟར་འཛིན་བ་ལགས། །ལུས་ཟུངས་རྨིག་པ་སྤུ་དག་དང། །ནང་གཞི་ལྟོ་བ་འབྱུང་བ་དང། །ཡན་ལག་ལུས་ཀྱི་ག་རྣམས་དང། །རྩ་དང་དུས་བདེ་བཞིན་ཚིགS་།ཟླ་བ་གང་ལ་འགྱུར་བར་འགྱུར། །མངལ་དུ་ཇི་ལྟར་འཚེ་བ་ལགས་།རྟེའུ་ཕོ་མོ་ཇི ་ལྟར་འགྱུར། །མཚན་ནི་ལྡང་དང་མ་ནིང་དང། །རྟེའུ་པོ་གཉིས་མ་རྟེའུ་མོ་གཉིས། །སྐྱེ་པའམ་གཡང་ཤམ་ཉེར་འགྱུར་བ་འམ། །རྟེའུ་ཕོ་མོ་སྐྱེ་མའི་མ། །ཕྲ་དང་རགས་པ་ཇི་ལྟར་འགྱུར། །འདུག་པ་དང་ནི་ཉལ་བ་དང། ། ་མངལ་དུ་ཞུ་དང། སྐམ?་པ་དང། །ཤིན་ཏུ་འཁྱེར?་འཐུག་པ་དང། །སླབ་སྦྱངས་སོ་སོར་ཤེས་པ་དང། །དེ་བཞིན་བཟང་དང་རྣོ་དང་བུལ། །ལྷོ་དང་གཞི་བ་ཇི་ལྟར་འགྱུར། །དབལ་དང་མི་འཇིགས་བློ་ལྡན་དང། །སྟོབས་ཆེ་མགྱོགས་པ་ཕུན་ཚོགས། ་དང། །བུལ་དང་བློ་ནི་ཞན་པ་དང། །ལྡེག་དང་ཉམས་དང་ལྡན་པ་དང། །ངང་ཚུལ་མདོངས?་ལྡན་ནང་མེད་དང། །ཕོར་སྐྱེས་དོན་མེར་ཅི་ལྟ་བུ། །ཚེ་རིང་བ་དང་ཚ་ཐུང་ཉིད། །བཀྲ་ཤིས་བཀྲ་མི་ཤེས་གཟུགས་བཟང། །མདོག་མ་འདྲེས་དང ་མདོག་འདྲེས་དང། །སྣ་ཚོགས་དབྱེ་བར་ཇི་ལྟར་འགྱུར། །མཚན་དང་རླིག་པ་ལྕི་དང་ནི། །སྤུ་དང་རྡོག་མ་དག་དང་རྐན། །སོ་དང་ནརྨིག་པ་མིག་མི་སྡུག། ཁ་དོག་མི་སྡུག་ཇི་ལྟར་འགྱུར། །སྒུ་བ་དང་མ་ནིང་ཡན་ལག་ཉམས། །གཟུགས་དང་ ་མཇུག་མ་ཡོ་བ་དང། །བེམས་པོ་འདྲ་དང་ལྐུག་དང་འོན། །ཁ་ཡོན་སྣ་ནི་ཆེ་བ་དང། །མིག་སྡུག་བ་ཡི་ནང་བུ་ཅན། །གཞན་གྱི་དབྱིབས་འདྲ་ཁུ་བ་མེད། །སི་སི་ཅན་ནམ་ཁྱི་སྔོ་ཅན། །མདལ་དུ་གནས་ཆེ་ཇི་ལྟར་འགྱུར། ། ་དེ་ལྟར་བློ་ལྡན་གྱིས་དྲིས་ཚེ། །ཤ་ལི་ཧོ་ཏྲས་སྨྲས་གྱུར་པ། །ཇི་ལྟར་ལས་དང་ཉན་མོངས་ལས། །སེམས་ཅན་རྣམས་ནི་འབྱུང་འགྱུར་བ། །ཡིད་བློ་དབང་པོ་ཞེས་བྱ་བ། །རྣམ་ཤེས་དང་ནི་འདུས་གྱུར་ནས། །མངལ་དུ་ཆགས ་པར་གྱུར་བ་ན། །ལས་ཀྱི་ཚུལ་ལ་གནས་བ་ཡིན། །སེམས་ཅན་འབྱུང་བར་གྱུར་པའི་ཚེ། །ཁོང་ཁྲག་རླུང་ལ་བརྟེན་པ་ཡིན། །གང་ཚེ་རྟེ་པོ་རྒོད་མ་ནི། །ཟླ་མཚན་ལྡན་ལ་འཇུག་གྱུར་བ། །དེ་ཚེ་འབར་བར་གྱུར་པ་ཡིས། ། ་རྣམ་ཤེས་མདལ་དུ་གནས་བ་ཡིན། །དེས་ནི་ཁུ་བ་ཁྲག་བླངས་ནས། །མངལ་གྱི་གནས་སུ་འདྲེན་པར་འགྱུར། །ཇི་ལྟར་པོདམའི་སྡོང་བུ?་རྩར། །སྐྱེས་བུས་ཆུ་ནི་བླུགས་པ་ལྟར། །དེ་བཞིན་མངལ་གྱི་གནས་སུ་ནི། །ཁུ་བ་རླུང ་གིས་འདྲེན་པར་བྱེད། །དེ་ནི་རྩོལ་བ་ཐམས་ཅད་ཀྱིས། །ཁྲག་གིས་ལུས་ནི་འཕེལ་བར་བྱེད། །ཇི་ལྟར་མ་གྲོགས་དུ་བ་ནི། །ཤིང་ལས་བྱུང་བ་གྱེན?་དུ་འདྲེན། །དེ་ནི་བར་སྣང་ལ་གནས་ནས། །གཟུགས་ཅན་དུ་ནི་གནས ་པར་བྱེད། །དེ་བཞིན་མངལ་ན་གནས་པའི་རླུང། །ཁུ་བ་ཁྲག་ཏུ་བྱུང་བ་རྣམས། །དེ་ནི་མདལ་ཆགས་གྱུར་པ་ན། །རྣམ་ཤེས་དང་ནི་བཅས་བ་ལས། །སེམས་མེད་གྱུར་བའི་དངོས་པོ་ཡང། །སེམས་དང་ལྡན་པ་ཉིད ་དུ་འགྱུར། །དེ་ནས་ལུས་སུ་ཚོར་འགྱུར་ཞིང། །རང་གི་གནས་སུ་འགྱུར་ལས་སྐྱེ། །མངལ་གྱི་ཁུ་བ་ཁྲག་དང་རླུང། །འདུས་པ་ལས་ནི་མདལ་ཆགས་འགྱུར། །རྣམ་ཤེས་དང་ནི་འདྲེས་གྱུར་ལ། །ཁྲག་གིས་གསོས་པར་གྱུར་བ་ལས། །སྙིང་སྟོབས་དང་ནི་འདྲེས ་གྱུར་པ། །དེ་ནི་མདལ་ཆགས་ཤེས་པར་བྱ། །ལེགས་ཐོས་ཀྱིས་ནི་སླར་སྨྲས་པ། །བདག་ལ་ཐེ་ཚོམ་འདི་སྐྱེས་ཏེ། །ཁུ་བ་ཟླ་བའི་བདག་ཉིད་ཅན། །ཁྲག་ནི་མེའི་རང་བཞིན་ཡིན། །དེ་གཉིས་འདུས་པར་གྱུར་པ་ན། །ཇི་ལྟར་མཐལ? ་ནས་ཟགས་མ་གྱུར། །བུ་ཡིས་དེ་སྐད་དྲིས་པ་དང། །ཤ་ལི་ཧོ་ཏྲས་སྨྲས་གྱུར་བ། །དེ་ནི་རྣམ་ཤེས་ཀྱིས་ཟིན་བས། །དྲོད་ཀྱིས་ཞུ་པར་འགྱུར་མ་ཡིན། །མའི་ཉེས་པ་དབང་དང་ནི། །ཚེ་ཡངས་ཡོངས་སུ་ཟད་མ་འཇིག་།ས་སོགས་འབྱུང ་བ་ཆེན་པོ་དང། །ཁུ་ཁྲག་སྐྱོན་མེད་གྱུར་པ་ལས། །དེ་ཚེ་ཡོན་ཏན་དང་ལྡན་པར། །མངལ་ནི་འཛིན་པར་འགྱུར་བ་ཡིན། །དེ་ནི་ད་ཡིས་བཤད་བྱ་ཡིས། །རིམ་གྱིས་ཁྱོད་ཀྱིས་ཤེས་པར་གྱིས། །ནམ་མཁའ་རླུང་དད་མེ་དང་ནི། །ཆུ་དང་དེ ་བཞིན་ས་རྣམས་ཏེ། །འབྱུང་བ་ཆེན་པོ་དེ་དག་ལས། །མངལ་ནི་སྐྱོན་མེད་འབྱུང་བར་འགྱུར། །ལུས་ཅན་དག་ནི་ཐམས་ཅད་ཀྱི། །སྐྱེ་པ་དེ་ལྟར་འབྱུང་བ་ཡིན། །གཞན་བཤད་བཞུད་ཡང་མང་མོད་ཀྱིས། །ཁོ་བོ་དེ་ལྟར་མི་འདོད ་དོ། །ཕ་དང་མ་ལས་བྱུང་བ་དང། །ལས་དང་དེ་བཞིན་སྙིང་སྟོབས་སྐྱེས། །དེ་ལྟར་སེམས་ཅན་ཐམས་ཅད་ནི། །མངལ་དུ་ཆགས་བར་ཤེས་པར་བྱ། །ཇི་ལྟར་འབྱུང་བ་བཤད་བྱ་སྟེ། །ལ་ལ་མགོ་བོ་སྔར་སྐྱེ་ཟེར། །ཁ་གཅིག་གིས ་ཀི?་དང་པོར་སྙིང། །གཞན་དག་རྒྱུ་མ་སྐྱེ་ཞེས་ཟེར། །དེ་ལྟ་མོད་ཀྱིས་མདལ་དུ་ནི། །མིང་ཅན་ཅིག་ཅར་སྐྱེ་བར་འདོད། །ཁུ་བ་ཁྲག་དང་རྣམ་ཤེས་དག་།འདྲེས་ཀྱང་རྒྱལ་བར་གྱུར་པ་ལས། །ཞག་བདུན་ན་ནི་རླུང་དག་གིས། །སྐམས་ལས ་ནུར་ནུར་བོར་འགྱུར་རོ། །ཞག་བཅུ་ན་ནི་མེར་མེར་པོ། །ཟླ་བ་གཅིག་ན་གོར་གོར་པོ། །རྫ་བུམ་གསར་ལས་ཆུ་བླུགས་པ། །ཀུན་ཏུ་གཤེར་བར་བྱེད་པ་ལྟར། །མའི་ཁ་ཟས་ཡོན་ཏན་གྱིས། །མངལ་དུ་ཆགས་བ་གསོ་པར་བྱེད། ། ་ནུར་ནུར་པོ་ལ་སོགས་པའི་ཚེ། །ཡན་ལག་མི་གསལ་ཉིད་དུ་བཤད། །ཟླ་བ་གཉིས་ན་རྐང་ལག་ནི། །སོ་སོའི་ཆིར་ནི་འགྲོ་བར་འགྱུར། །དུས་ནི་དུས་ཀྱི་ཁྱད་པར་གྱིས། །ཡན་ལག་གསལ་ཞེས་བཤད ་བ་ཡིན། །སྔར་ནི་མི་གསལ་དེ་རྗེས་ལ། །གསལ་བ་ཉིད་དུ་སྣང་བ་ཡིན། །ཇི་ལྟར་སྨན་གྱི་ས་བོན་ལ། །ཐམས་ཅད་མི་གསལ་ཉིད་དུ་འདོད། །དེས་ན་བྱེད་བ་བོ་མི་སྣང། །ས་བོན་ལ་རྟ་དེ་བཞིན་ནོ། །དཔེར་ན་འོ་མ་མར་ཡོད་བ། །དེ་ལ ་སྣང་བར་འགྱུར་མ་ཡིན། །དེ་ནི་སྲུབས་བར་གྱུར་བ་ན། །ཐམས་ཅད་གསལ་བར་འགྱུར་བ་ཡིན། །དེ་བཞིན་མད་ལ?་ཆགས་རང་བཞིན་ནི། །ཕྲ་བས་མངོན་པར་མི་འགྱུར་ལ། །དེ་ཉིད་འཕེལ་བར་གྱུར་པ་ཡི། །དུས་གཞན་དུ་ནི་གསལ ་བར་འགྱུར། །ཇི་ལྟར་ཨ་མྲའི་ས་བོན་ལ། །ཤུན་བ་ལ་སོགས་མི་སྣང་གི?། །དུས་གཞན་ཞིག་ན་གསལ་བར་སྣང། །མདལ་དུ་ཆགས་བ་དེ་དང་འདྲ། །གང་ཚེ་གསལ་བར་གྱུར་ནས་ནི། །མངལ་དུ་སླར་ཡང་འཕེལ་འགྱུར་ཏེ། ། ་ཡན་ལག་ཉིད་ལག་ཆགས་གྱུར་བ། །ཟླ་བ་གསུམ་ལོན་ལ་སོགས་ཉོན། །ལུས་དང་རྒྱབ་དང་བྲང་དང་སྤུ། །བགས་བ་བུ་ག་རྐེད་བ་ལྟོ། །མིད་བ་དཔུང་བ་རྨིག་པ་དང། །རྐན་མཆུ་ནུ་མཁའ་གྲམ་སོགས། །ནམ་ཚོད?་བྲང་དང་རྩིབ་མ ་རྣམས། །ཟླ་བ་གསུམ་ན་སྐྱེ་བར་འགྱུར། །ཟླ་བ་བཞི་བར་ཕོ་མཚན་ནི། །རྩ་རྒྱུས་བཅས་བ་སྐྱེ་བར་འགྱུར། །དེ་བཞིན་པགས་སྲ་ཤ་འཕེལ་དང། །མཇུག་མཇོག་མ་རུས་པ་སྐྱེ། །ཟླ་བ་ལྔ་པར་རྐུབ་དང་ནི། །ལོང་ཀ་དག་ཀྱང་སྐྱེ ་འགྱུར་ཞིང། །སྙིང་དང་གློ་བ་འཆེར་བ་དང། །མཆིན་བ་མཁལ་མ་གཞང་དང་ནི། །སྒྱུ་མ་སྙེ་མ་སོགས་པ་འབྱུང། །ཟླ་བ་དྲུག་པར་ཡན་ལག་ཀུན། །རྒྱས་ཤིང་རྩ་ཕྲན་རྩ་ཆེན་དང། །རུས་བ་ཀུན་དང་ཚིག་རྣམས་འབྱུང། །ཟླ་བ་བདུན ་པའི་ཚེ་ན་ནི། །མ་ཡི་ནུ་མ་གཡོས་འགྱུར་ཞིང། །དབང་བོ་དྲུག་ནི་ཚང་བ་དང། །དབུགས་ནི་ངན་ན་བ་ཉིད་ཀྱིས་རྟ། །དབང་བོའི་དོན་དང་བྱ་བ་ལ། །ནུས་བ་ཆུང་བ་ཉིད་དུ་འགྱུར། །དེ་ཕྱིར་ཟླ་བ་བདུན་པ་ན། །རྒོད་མ་དབུགས་རྡུབ་བདེར་མི་ནུས། །དེ་ཚེ་ཡན་ལག་རྒྱས་ཤིང ་བརྟན། །རྩ་སོགས་བདུན་བརྒྱ་གསལ་བར་འགྱུར། །དེ་བཞིན་ཟླ་བ་བརྒྱད་པ་ལ། །མངལ་དུ་ལུས་དེར་འཆར་འཕེལ་ཞིང། །ལུས་རྒྱས་རོ་དྲུག་ཚོ་ར་བ་དང། །སྟོབས་དང་ལྡན་ཞིང་དབང་པོ་གསལ། །དབང་བོས་དོན་ནི་གསལ་བྱེད་ཅིང། །མ་ཡང་བདེ་བར་དབུགས་མི ་རྡུབ། །ཚགས་ཚིགས་གཉེན་ཞིང་བརྟན་འགྱུར་ཞིང། །རྒོད་མའི་ལྟ་བ་ཅི་ཞིག་ན། །ཟླ་བ་དགུ་པར་རྒོད་མ་ནི། །མཚན་དང་དེ་བཞིན་ནུ་མ་སྐྲངས། །འབྱུང་བ་གསལ་བ་ཉིད་འགྱུར་ཞིང། །ཡན་ལག་ཉིད་ལག་རྫོགས་པར་འགྱུར། །ཟླ་བ་དགུ་པའམ་ནི་བཅུ་པ་འམ། །ཟླ་བ་བཅུ་གཅིག ་བ་དག་ལ། །ཉེ་བར་བཙས་པ་ཉིད་དུ་འགྱུར། །རྒོད་མ་ནད་དང་བཅས་པར་ནི། །བུ་བཅས་པར་ནི་འགྱུར་བ་ཡིན། །བུ་ཡི་ལྟེ་བ་དང་འབྲེལ་བའི། །མངལ་ན་རྩ་སྡུབས་ཡོད་བས་ན། །དེ་ལས་དངས་མ་རྒྱུ་བ་ཡིས། །མངལ་ན་གནས་པར་རྟག་པར་ནི། །མགོ་བོ་སྐྱེ་ན་དུ་བལྟས་ནས་གནS ་མངལ་ན་གནས་བའི་གཅིན་རྟུག་ནི། །སྐྱེ་བའི་དུས་ན་འབྱུང་འགྱུར་ལ། །ཟླ་བ་བཅུ་བར་དེ་འཕེལ་ཚེ། །དེས་ནི་ཤ་མ་ལ་གནོད་བྱེད། །དེས་ནི་གཅིན་རྟུག་ལ་གནས་བས། །ཡིད་མི་བདེ་ཕྱིར་བསྒྱུར་བར་བྱེད། །མགོ་ནི་ཐུར་དུ་བསྒྱུར་བྱེད་ཅིང། །གོ་བཟློག་པར་ནི་གནས་བས་ན། ། ་?་སྐྲུགས་པར་གྱུར་བའི་ཕྱིར། །མ་ཡི་ནང་ནི་མི་ཟད་སྐྱེད། །དེ་ལྟར་འཐུར་དུ་བསྒྱུར་བས་ན། །དེ་བས་རྒོད་མའི་ཁ་ཟས་ནི། །རྗེས་སུ་མཐུན་པ་ཉིད་དུ་བྱ། །རྒྱུ་དེས་ཟླ་བ་བཅུ་ན་ནི། །ལེགས་པར་བཅོས་པ་ཉིད་དུ་འགྱུར། །དེ་ནི་འབྱུང་བར་བྱེད་པས་ན། །དང་པོ ་མགོ་བ་འབྱུང་འགྱུར་ཏེ། །དེ་ནས་ལུས་ནི་རིམ་གྱིས་འབྱུང། །དེ་ལྟར་ན་ནི་བཅོས་པར་བཤད། །དེ་ཡི་རྗེས་ལ་ཤ་མ་ནི། །མངལ་ནས་འབྱུང་བར་འགྱུར་བ་ཡིན། །ཕོ་ལ་སོགས་བ་མངལ་དུ་ནི། །ཆགས་བར་བྱེད་བའི་རྒྱུ་ཉོན་ཅིག། །བུ་བ་མང་ཞིང་ཁྲག་ཉུང་བ། །རླུང་གིས་འདྲེས ་པར་བྱེད་ནས་ནི། །དེར་ནི་རྣམ་ཤེས་ཞུགས་གྱུར་ན། །རྟེའུ་ལོ་རུ་སྐྱེ་བར་འགྱུར། །དེ་ལྟ་བུ་ཡི་ཚུལ་གྱིས་ནི། །ཁུ་བ་ཉུང་ཞིང་ཁྲག་མང་ན། །དེ་ལས་རྟེའུ་མོར་སྐྱེ་བར་འགྱུར། །གང་གིས་མ་ནིང་སྐྱེ་འགྱུར་ཉོན། །རྩཝ་དང་ཆུ་ནི་ཟད་འགྱུར་ཞིང། །ཁ་རླུང་གིས་ཉེན་གྱུར ་པ་ཡི། །ཕྱིན་ཅི་ལོག་གི་དུས་སུ་ནི། །ཕ་མ་དག་ཀྱང་ཉམ་ཆུང་ཞིང། །དབང་པོའི་སྟོབས་ཀྱང་གྱུར་བ། །དེ་གཉིས། ཕྲད་པར་གྱུར་བ་ནི། །ཁུ་པ་ཁྲག་ཀྱང་ཆ་མཉམ་ན། །མ་ནིང་དུ་ནི་སྐྱེ་བར་འགྱུར། །ཉེས་པ་དེ་དག་ཉེད་དང་ནི། །ཕ་མ་ནང་གཞིང་བཅས་གྱུར་ན། །ཟླ་མཚེན ་ཉེས་པ་ཆེར་ལྡན་ལས། །རྟ་ནི་གཡང་བཤམ་དག་ཏུ་འགྱུར། །སྔར་བཤད་པ་ཡི་རྒྱུ་ཡོད་ཅིང། །མངལ་དུ་ཆངས་པར་གྱུར་བ་ན། །མངལ་གྱི་གནས་ནི་ནང་གཞིར་བཅས། །རླུང་ནི་ཤས་ཆེར་གྱུར་བ་ན། །དེ་ལ་རྟེའུ་ཕོ་མོ་འབྱུང། །ཁུ་བའི་ཉེས་པར་ལྡན་གྱུར་ན། །གསེབ་ཀྱི་བུ ་ནི་སྐྱེད་མི་བྱེད། །ཁུ་བ་སྟོང་པར་གྱུར་བ་ན། །རླུང་གིས་གཉིས་སུ་ཕྱེ་བ་ལས། །ཁྲག་དང་འདྲེས་པར་གྱུར་བ་རུ། །རྣམ་ཤེས་གཉིས་ནི་ཞུགས་པ་ན། །རྟེའུ་ཚེ་མར་སྐྱེ་འགྱུར་ལ། །ཁུ་བ་མངན་ལོ་གཉིས་ཏེ། །ཁྲག་ནི་མང་བར་གྱུར་པ་ལས། །རྟེའུ་མོའི་ཚེ་མར་སྐྱེ་བར་འགྱུར། ། ་དེ་ལས་གཞན་ཡང་མངལ་གྱི་ནི། །ཉེས་པ་བཞི་པོ་མཉམ་བར་གྱིས། །རླུང་ནང་གདོན་གྱི་ཉེས་པ་ཡིས། །མངལ་དུ་ཞུ་བར་རྒྱུར་པ་ཡིན། །དེ་ལ་བད་ཀན་ལྷག་གྱུར་ན། །མངལ་ན་ཉལ་བ་ཞེས་བྱར་འགྱུར། །རླུང་དང་བད་ཀན་གྱིས་ཉེན་པས། །མངལ་དུ་ལུག་པ་ཞེས་བྱར་འགྱུར ་རྒོད?་མ་རྩེ་ཅིང་མེ་དྲོད་ཉམས། །མངལ་སྐམས་པ་ཞེས་བྱ་བར་འགྱུར། །མངལ་དུ་རླུང་གིས་གཟིར་གྱུར་ཅིང། །འཇུག་ཚེ་ཤིན་ཏུ་གནོད་བྱས་ལ། །བད་ཀན་ཁྲག་དང་འདྲེས་པ་ལས། །དེ་ཚེ་མཚན་མི་ལྡང་བར་འགྱུར། །སྡུམ་མ་ཡིན་ནི་ཉེས་པ་དང། །ཁ་ཟས་རྩུབ ་བས་རླུང་བསྐྱེད་ཅིང། །ཟད་པས་བཀག་ཅིང་གནོད་གྱུར་པས། །དེ་ནི་མངལ་དུ་གཟུགས་ཐུར?་འགྱུར། །གང་ཚེ་དུས་ཚིགས་ཉེས་པ་ལ། །རྒོད་མའི་ནང་གཞི་དང་ཕྲད་པར། །མངལ་དུ་ཆགས་པར་གྱུར་པ་ན། །དེ་ཚེ་ནད་བུ་ཅན་དུ་འགྱུར། །རོ་ནི་མི་མཉམ་ཉེས་པ་དང།། ་དེ་བཞིན་དུ་ནི་གོ་ལོག་པས། །མངལ་གྱི་རླུང་ཁྲིས་བད་ཀན་གྱིས། །ཉེས་པ་ཉེ་བར་འཁྲུགས་པར་འགྱུར། །རླུང་གིས་ལྕེ་ཡི་རྩ་དག་ཏུ། །རྗེས་སུ་རྒྱུ་པར་བྱེད་པ་ན། །ནང་གཞི་དེ་ནི་ལ་བྲུགས་གྱུར་ན། །དེ་ལས་རྟ་ནི་ལྐུགས་པར་འགྱུར། །རྣ་བའི་བུ?་ག་འགགས་པ་ལས། །འོན་པ ་ཉིད་དུ་སྐྱེ་བར་འགྱུར། །མིང་པའི་རྩ་ནི་འགགས་བ་ལས། །བེམས་བོ་འདྲ་པར་སྐྱེ་པར་འགྱུར། །མངལ་དུ་མིག་གི་རྩ་དག་ལ། །གནོད་གྱུར་པ་ཡིས་ཁེབས་པ་ལས། །རྟེའུ་དམུས་ཁོང་དག་ཏུ་ནི། །རྒོད་མ་ལས་ནི་སྐྱེ་བར་འགྱུར། །སྣ་ཡོན་རྡོག་མ་ཡོ་བ་དང། །གཞོག ་ཉམས་གཞོག་ཕྱེད་ཆེ་བ་དང། །ལུས་དང་མཇུག་རྡོ་མི་སྡུག་དང། །རྒྱབ་སྐུར་རླིག་པ་ཆེ་བ་དང། །རླིག་པ་རབ་ཆུང་ལྷག་པ་དང། །མཚན་ནི་རིང་དང་ཐུང་དང་གུག། ཡན་ལག་རེངས་དང་ཡོ་པ་དང། །མ་ནིང་ཡན་ལག་མ་ཚང་དང། །གཟུགས་མི་སྡུག་དང་ཡན་ལག་ཉམས ་ཡན་ལག་ཕྲ་དང་ལྷག་མ་རྣམས། །དེ་ནི་རླུང་གི་གནོད་ལས་གྱུར། །དེ་ལྟར་ཇི་སྐད་བཤད་པ་དང། །དེ་ལས་ལྷག་བའི་སྨད་བྱ་བ། །སྣང་ན་རྟ་དེ་རླུང་གི་ནི། །ནད་ཀྱི་ཉེན་པར་ཤེས་པར་བྱ། །རྟ་ནི་གསེབ་དང་ཕྲད་གྱུར་ཚེ། །ཡིད་ལ་གང་ཞིག་འདོད་གྱུར་པ། །དེ་ཡི་བུ་ནི་དེ་འདྲ་པར ་སྐྱེ་བར་འགྱུར་པ་ཁོ་ན་ཡིན། །དེ་བཞིན་སྤྱོད་ལམ་དག་དང་ཚད། །མདོག་དང་གཟི་མདངས་འགྲོས་དང་ནི། །ཕ་དང་མ་ནི་ཅི་འདྲ་བ། །དེ་འདྲར་ཕལ་ཆེར་འགྱུར་བ་ཡིན། །ཁ་ཟས་ངན་དུ་འཁྲུ་བ་དང། །སྣང་དང་འཇིགས་དང་རལ་བ་ལས།། སྦྲམ?་མའི་ནང་ནི་འཁྲུགས་གྱུར་བས། །མངལ ་འཇིག་པར་ནི་འགྱུར་བ་ཡིན། །གང་ཚེ་རླུང་ནི་མངལ་གནས་པའི། །རྡོག་མའི་གནས་སུ་ཕྱིན་གྱུར་ན། །རྡོག་མ་རྩུབ་དང་མི་སྙོམས་པ་འམ། །རྡོག?་མ་སྲབ་པར་འགྱུར་བ་ཡིན། །པགས་བ་སྤུ་དང་རྡམ་ཡི། །སྐྱོན་གང་ཡོང་དེ་རླུང་ལས་གྱུར། །བད་ཀན་ཁྲིད་པ་ལ་གནས་པཱི ་སོ་ཡི་རྩ་བར་གནས་གྱུར་ལ། །བད་ཀན་མཁྲིས་བ་ཤས་ཆེ་ལས། །སོ་མི་སྡུག་པར་འགྱུར་བ་ཡིན། །འཁྲིག་ཚེ་ཁུ་བོ་སྐྱན་མེད་ཅིང། །ཟླ་མཚན་ཡོན་ཏན་ལྡན་པ་དང། །དོམས་ཤིང་འདོད་པ་དང་ཕྲད་ཅིང། །ཡིད་ལ་འདོད་པ་མ་བཀག་དང། །བཀྲ་ཤིས་ཤིས་པ་བརྗོད་བྱས ་དང་།དགེ་སྦྱོང་བྲམ་ཟེ་མཆོད་པ་ལས། །ཚེ་རིང་བར་ནི་འགྱུར་པ་ཡིན། །གཞན་དུ་དེ་ནི་ཚེ་ཐུང་འགྱུར། །གསེབ་སྦྱར་ཚེ་ན་སྐར་མ་ཚེས། །བྱེད་བ་ལ་སོགས་བཟང་པོ་དན། །ཡིད་འོང་གཞན་ཡང་མང་པོ་ཡིས། །བཀྲ་ཤིས་དང་ནི་མཆོད་བྱས་ཏེ། །རྟ་ནི་མཚན ་ལྡན་རྒོད་མ་ནི། །ཤིས་པ་དང་ནི་སྦྱར་བར་བྱ། །ལྷ་དང་བྲམ་ཟེ་མཆོད་བྱས་ལ། །རོལ་མོ་སེམས་ཅན་གཞན་གྱིས་བསྐོར། །རོ་ཙ་གཙང་བའི་ཁ་ཟས་དང། །ཁུ་བ་ཅུང་བཟང་པོ་དག་ཀྱང་སྦྱིན། །དེ་ལྟར་བྱས་ན་བཟང་འགྱུར་ཏེ། །གཞན་དུ་བྱས་ན་བཟང་མི་འགྱུར། །གཟི་མདངས་ཉམས ་དང་སྙིང་སྟོབས་རྩལ། །གཟུགས་དང་ནང་མེད་དཔའ་བ་དང། །འཇིགས་མེད་བ་དང་བློ་ལྡན་པ། །འོག་ནས་རྒྱ་ཆེར་བཤད་པར་བྱ། །རྫས་བཅུད་ནུས་པ་སྨིན་པ་ལས། །རྟ་རྣམས་མངལ་དུ་ཆགས་པའི་ཚེ། །བད་ཀན་པགས་པར་ཁྱབ་གྱུར་ན། །རྟེའུ་དཀར་པོར་སྐྱེ་པར་འགྱུར། །རླུང ་གིས་ཁ་དོག་སྡེ་སངས་འགྱུར། །མཁྲིས་པ་ཡིས་ནི་ནག་པོར་སྐྱེ། །བད་ཀན་མཁྲིས་པ་འདྲེས་བ་ལས། །རྟ་མདོག་སེར་སྐྱར་སྐྱེ་བ་ཡིན། །གལ་ཏེ་ཁྲག་མཁྲིས་ཉུང་གྱུར་ལ། །བད་ཀན་ཡང་ནི་ཤས་ཆུང་བ། །རྟེའུའི་པགས་པར་ཕྱིན་གྱུར་ན། །མདོག་རྗེས་སོའི་དག་ཏུ་འགྱུར། ། ་ཁྲག་ནི་གལ་ཏེ་མ་གྱུར་ཅིང། །བད་ཀན་མཁྲིས་པ་ཤས་ཆུང་བ། །རྟ་ཡི་པགས་པར་ཕྱིན་ན་ནི། །རྟ་ནི་དམར་གྲོ་དག་ཏུ་འགྱུར། །གང་ཆེ་མཁྲིས་བ་མར་གྱུར་ཅིང། །ཁྲག་དང་བད་ཀན་ཉུང་གྱུར་པ། །རྟེའུའི་པགས་བར་ཕྱིན་གྱུར་ན། །རྟ་ནི་གྲ་ནག་དག་ཏུ་འགྱུར། །རྟག་པའི་ཚུལ་ནི ་འདི་ཉིད་ཀྱིས། །བད་ཀན་དང་ནི་ཁྲག་འདྲེས་དང། །ཁྲག་མཁྲིས་འདྲེས་པར་གྱུར་པ་ལས། །རྟ་ནི་སེར་སྐྱ་དག་ཏུ་འགྱུར། །རླུང་དང་མཁྲིས་པ་བད་ཀན་དང། །ཁྲག་རྣམས་འདྲེས་བར་གྱུར་བ་ལས། །རྟ་རྣམས་ཀྱི་ནི་ཁ་དོག་དག། རྣམ་པ་དུ་མར་འགྱུར་བ་ཡིན། །ནང་གཞི་རླུང་གིS? ་བཅས་གྱུར་པ། །བགས་པར་ཕན་ཚུན་གཏོར་བ་ལས། །ཁྲ་བོ་དང་ནི་ཐིག་ལེ་ཅན། །ཁ་དོག་དབྱེ་བ་དག་ཏུ་འགྱུར། །མདངས་ཀྱིས་གཟི་མདངས་འཕེལ་འགྱུར་ལ། །དེ་བཞིན་སྙིང་སྟོབས་དག་ཏུ་འགྱུར། །མདངས་དང་རླུང་ནི་ཤས་ཆེ་ཤིང། །མ་འདྲེས་ཟས་ནི་ཟ་བ ་ལས། །ནད་མེད་པར་ནི་འགྱུར་པ་ཡིན། །མེ་རླུང་སྙིང་སྟོབས་དག་ལས་དཔའ་། །འབྱུང་བ་ཆེན་པོ་ཆ་མཉམ་ཞིང། །སྙིང་སྟོབས་ཆེ་ལས་འཇིགས་མེད་འགྱུར། །སྙིང་སྟོབས་རླུང་དང་སྟོབས་ཆེ་ལས། །མགྱོགས་པ་ཕུན་སུམ་ཚོགས་པར་འགྱུར། །སེམས་དང་བློ་དང་སྙིང་སྟོབS ་ཡིད། །དེ་བཞིན་བད་ཀན་རང་བཞིན་ཅན། །འདི་དག་ལྷགས་པར་གྱུར་བ་ལས། །ཡན་ལག་བཅུ་ཚད་བློ་ལྡན་འགྱུར། །དགེ་ཞིང་བྱང་ལ་རབ་དགའ་དང། །དེ་བཞིན་དབང་པོ་དགའ་བྱེད་པ། །རིགས་དང་དུས་ཚིགས་ཕུན་ཚོགས་ལྡན། །ཡིད་དང་བློ་ནི་མ་ཡངས་པ། །མངལ་དུ ་རྟེ་ནི་གང་སྐྱེས་པ། །དེ་ནི་ཡོན་ཏན་ཀུན་ལྡན་འགྱུར། །དེ་ལས་བཟློག་པར་གང་སྐྱེས་པ། །དེ་ནི་ཡོན་ཏན་ཅན་མི་འགྱུར། །བཟང་དང་རྣོ་དང་ཞན་པ་སྟེ། །རང་བཞིན་རྣམས་གསུམ་ཅི་བཞིན་དང། །སྐྱེ་བའི་ཆེ་ཡང་དེ་བཞིན་ཏེ། །རང་བཞིན་གསུམ་དུ་ཤེས་པར་བྱ། །མངལ་དུ ་གནས་ནས་ཟླ་གཉིས་ན། །ནགས་སུ་ཉེ་བར་བསྐྱང་བྱ་ཞིང། །ཁ་ཟས་སྣ་ཚོགས་པ་དག་དང། །ཐུག་པ་དང་ནི་ལྡག་པ་སྦྱིན། །དེར་ནི་རྟག་ཏུ་གང་བསྟེན་པ། །བཟས?་གང་ཞིག་འདོད་གྱུར་པ། །དོན་ཡིད་ལ་དེ་བར་བཤད། །འདི་ནི་དེ་ལ་སྦྱིན་བར་བྱ། །གལ་ཏེ་འདོད་བ་མ ་བྱིན་ན། །གཟུགས་མི་སྡུག་ཅིང་མི་བསྲུན་དང། །ཡན་ལག་མི་ཆད་བློ་ཆུང་དང། །འཇིགས་རྐྱེན་སྟོབས་ཆུང་སེམས་ཉམས་ཤིང། །འདུས་དང་ལས་ཀྱི་དབང་དང་ནི། །ནང་གཞི་རྣམས་ཀྱིས་རང་བཞིན་ལས། །མངལ་དུ་སྐྱེ་བར་འགྱུར་བ་ནི། །ཅི་ལྟ་བར་ནི་ཡོངས་སུ་བཤད།། ་ལེགས་ཐོས་ཐོས་དང་ལྡན་བ་ཡིས། །ཚུལ་བཞིན་ཡོངས་སུ་དྲིས་ལན། །ཤ་ལི་ཧོ་ཏྲ་དཀའ་ཐུབ་ཆོས། །དྲིས་ལན་དེ་ལྟར་སྨྲས་པ་ཡིན། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས་མངལ་དུ་ཆགས་བ་ཞེས་བྱ་སྟེ་ལེའུ་ལྔ་པའོ།། །།རྟ་སྐད་ལས་སྐྱེས་དྲང་སྲོང་ནི། །རྟ་ཡི་རང ་བཞིན་ཤེས་གྱུར་པ། །?་ལེ་ཧོ་ཏྲ་ཉིད་ལས་ནི། །ལེགས་ཐོས་ཀྱིས་ནི་ཡོངས་སུ་དྲིས། །བུ་ཡིས་དྲིས་ནས་དྲང་སྲོང་དེ། །དགའ་བའི་ཚིག་ཏུ་སྨྲས་པ་ནི། །རླུང་དང་མཁྲིས་པའི་བདག་ཉིད་ཅན། །རང་བཞིན་གསུམ་དུ་ཤེས་པར་བྱ། །རྩུབ་ཅིང་མི་བརྟན་རྔ་རྫོགས་པ། །? ་འཇིགས་རྐྱེན་སྐྱིང་ཞན་ཁུར་སྟོབས་ཆུང། །ལམ་གྱིས་དུ་བཅིང་སྣ་ནང་མང། །གཉིད་མེད་ཤིན་ཏུ་གཟུགས་མི་སྡུག། འཁྲིག་པ་ལ་གདུང་འདུལ་པར་དཀའ་། །འདོད་པའི་ནུས་པ་ཆུང་བ་དང། །རླུང་གི་གང་ཚེ་འཁུམས་པ ་དང། །སླར་ཡང་རྗེས་སུ་རྒྱུག་པ་དང། །རྟག་ཏུ་རྟ་རྫི་རྣམས་དང་ནི། །རྟ་ལ་སོ་ནི་འདེབས་པ་དང། །མི་དང་རྟ་ཡི་ཕྱི་ནས་ནི། །སྡུན་ནས་མདུན་དུ་རྒྱུག་པ་དང། །འགྲེ་བར་བྱེད་ཚེ་ལུས་ཀུན་ནི། །ཟློག་ཅིང་འགྲེ་བར་མི་ནུས་ཀྱི། །གཞོགས་གཅིག་གིས ་ནི་ཡང་དང་ཡང། །འགྲེ་བར་བྱེད་པའང་ཉིད་དང་ནི། །དེ་བཞིན་ལམ་གྱི་གཞི་སྙམ་པར། །ཁ་ལ་མེད་པར་ཡང་ཐུབ་པ་དང། །རྡག་ཀྱང་རང་གི་སྤྱོད་པ་ནི། །ཡུན་རིངས་ཞིག་ནས་འདོར་བ་དང། །སླབས་པ་རྣམས་ནི་རྗེད་གྱུར་པའི། །རྟ་ནི་རླུང་གི་རང། ་བཞིན་ཅན། །རྡུལ་ཅན་ཁྲོ་བ་ཡུན་རིངས་དང། །གཉིད་མེད་འཐབ་ལ་དགའ་བ་དང། །སོ་དང་དེ་བཞིན་ལག་གཉིས་ཀྱིས། །རྟ་ལ་རྟག་ཏུ་འཚོ་བ་དང། །རྟ་རྫིའི་ལས་ནི་བྱེད་པ་ལ། །རང་བཞིན་ཞི་པ་སྟོན་པ་ནི། །རྟག་ཏུ་འཇིགས་ཤིང་ནུས་པ་ཆུང། །ལམ ་དང་ལས་ལ་སྲན་ཆུང་དང། །གཞོགས་གཅག་གིས་ནི་ཅུང་ཟད་ཙམ། །ཐོག་མར་འདྲེ་བར་བྱེད་གྱུར་ཅིང། །དེ་རྗེས་ལུས་ནི་ཐམས་ཅད་ཀྱིས། །ཟློག་ཅིང་འགྲེ་བར་བྱེད་པ་དང། །དེ་བཞིན་ཉམ་བའི་ལམ་དུ་ནི། །ཁལ་གྱི་དུབ?་དུབ་པ་དང ་འདུལ་སྦྱོང?་བ་ཡི་ཚིག་ཉན་ཅིང། །སླབས་པ་འདོར་ཞིང་འབྲོས་བྱེད་དང། །གྲང་བ་ལ་ནི་དགའ་འགྱུར་བའི། །རྟེན་མཁྲིས་པའི་རང་བཞིན་ཅན། །སྦུ་མདོག་སྣུམ་ཞིང་སྟོབས་ཆེ་ལ། །སྒྲ་སྙན་ངལ་གྱིས་འཚེར་པ་དང། །རྟ་དང་དེ་བཞིན་མི་རྣམས ་ལ། །རང་བཞིན་ཞི་བ་སྟོན་པ་དང། །འདུལ་སྦྱོང་བླ་ཞིང་སླབས་ལ་བརྟན། །གཉིད་ཆེ་རྟག་ཏུ་བརྟན་པ་དང། །ཁབ་དང་ལམ་དུ་གཡུལ་ངོ་རུ། །རྟག་ཏུ་སྡུལ་ཆེར་བཟོད་དང། །ཆུ་ལ་བརྟན་ཞིང་ཤུགས་ཆེ་ལ། །གང་དུ་? ་བར་འགྱུར་མ་ཡིན། །འགྲེ་ཚེ་གཞོགས་ནི་གཉིས་ཀ་ཡིས། །ཡང་དང་ཡང་དུ་བཟློག་པ་དང། །འོབས་ལ་གོམ་པ་མི་འདོད་གྱི། །ཤུགས་ཀྱིས་མཆོད་པར་འདོད་པ་དང། །བདག་པོ་ལ་ནི་དགའ་བ་ཡི། །རྟ་ནི་བད་ཀན་རང་བཞིན་ཅན། །མཚན ་ཉིད་གཉིས་ཀ་དང་ལྡན་པ། །རང་བཞིན་གཉིས་པ་ཞེས་བྱར་བཤད། །རླུང་དང་མཁྲིས་པའི་རང་བཞིན་ཅན། །ཐ་མ་ཡིན་པར་ཡོངས་སུ་བཤད། །རླུང་དང་བན་ཀན་རང་བཞིན་ཅན། །བར་མ་དག་ནི་ཡིན་པར་བཤད། །མཁྲིས་པ་བད ་ཀན་རང་བཞིན་ཅན། །རྟ་ནི་རབ་མཆོག་ཡིན་པར་བཤད། །ནད་མེད་ལུས་ཟུངས་མཉམ་པ་འགྱུར་ཅིང། །བད་ཀན་ཅན་གྱི་རྟ་མངགས་སོ། །ཤ་ལི་ཧོ་ཏྲའི་མདོ་གནས་ལས་རྟའི་རང་བཞིན་གྱི་ལེའུ་སྟེ་དྲུག་པའོ།། །། ་ལེགས་ཐོས་ཐོས་པ་འཛིན་པ་ཡི། །བུ་ལ་ཤ་ལི་ཧོ་ཏྲ་ས་སྨྲས། །བཟང་པོ་དམན་དང་རི་དགས་དང། །འདྲེས་པའི་མཚན་ཉིད་མཉན་པར་གྱིས། །སྟོབས་ཆེ་མདོག་ནི་སྣུམ་པ་དང། །དུལ་པའི་གཟུགས་ཅན་གཅང་སྦྲར ་ལྡན། །ཚངས་སྤྱད་མཚན་མོ་གཉིད་ལོག་ཅིང། །ལེ་ལོ་མེད་ཅིང་ཕྲག་དོག་མེད། །ལངས་ནས་གཉིད་ནི་ལོག་པ་དང། །རྟག་ཏུ་ལངས་ནས་འདུག་པ་དང། །བདག་པོ་ལ་དགའ་ལྡོབས་རྐྱེན་དང། །བསླབས་བ་ནམ ་ཡང་མི་འདོད་དང། །ཐམས་ཅད་དུ་ནི་དཔའ་བ་དང། །གཡུལ་དང་ལམ་དང་མེ་ལ་ནི། །སྡུལ་གྱིས་ཞུམ་མེད་པ་དང། །ནད་ཀྱིས་གདུངས་པར་གྱུར་ན་ཡང། །ཤིན་ཏུ་ཉོན་མོངས་མེད་པ་དང། །ཅི་ཡང་རུང་བཟོས་ན ་ནི། །མྱུར་དུ་ལུས་ནི་རྒྱས་འགྱུར་དང། །ཐམས་ཅད་དུ་ནི་བརྟན་པ་ཡི། །རྟ་ནི་བཟང་པོའི་སྐྱེ་གནས་ཡིན། །བཀྲ་ཤིས་མཚན་ཉིད་ལྡན་མོད་ཀྱི། །ཅུང་ཟད་སྨད་པ་ཡོད་པ་དང། །བསླབས་པ་མྱུར་དུ་ལོ་བསན་ཡང། །མྱུར་དུ་བརྗོད་པར་གྱུར ་ན་ཡང། །མཚན་མོའི་དུས་སུ་ལུས་ཕབ་སྟེ། །གཉིད་ནི་ལོག་པར་བྱེད་པ་དང། །སྔ་ལ་ཞེ་སྡང་ཆེ་བ་དང། །མཁྲིག་པ་ལ་འདུ་ཕྲག་དོག་ཅན། །དང་པོ་དཔའ་ཞིང་དེ་རྗེས་ལ། །འཇིགས་པ་དག་ཏུ་འགྱུར་བ་དང། །ལྕགས ་ཀྱི་ཅུང་ཟེད་བཞུས་པ་ནའང། །རིང་དུ་འགྲོ་བར་བྱེད་པ་སྟེ། དེ་ལྟ་བུ་ཡི་རིགས་ལྡན་པའི། །རྟ་ནི་དམན་པ་ཉིད་ཡིན་ན། །རྩུབ་ཅིང་སྟར་ལ་འཇིགས་རྐྱེན་དང། །གཉིད་ཆ་རྒྱན་ཅན་ལེ་ལོ་ཅན། །ལྟེ་འཕྱེ་སྦེག་ཅིང་འཁྱམ་ལ་དགའ་། །དེ་བཞིན་ཀུན་ཏུ ་དོགས་པ་ཅན། །ཉིན་མོ་དང་ནི་མཚན་མོ་དང་རུང། །ཡན་ལག་མ་ལུས་བརྐྱང་ནས་ནི། །རྟག་ཏུ་གཉིད་མི་ལོག་པ་དང། །རྟ་ལ་འཆེ་བར་བྱེད་ལ་དགའ་། །ལྕགས་གིས་བཞུས་ལ་མི་ཚེར་ཞིང། །མྱུར་དུ་ན་བར་བྱེད་པ་དང། །ལུས་རྒྱས་པར ་ནི་དཀའ་བ་ཡིས། །རྟ་ནི་རི་དགས་སྐྱེ་གནས་ཡིན། །ཡོན་ཏན་འདྲས་ལས་འདྲས་གྱུར་ཏེ། །དེ་བཞིན་དབྱེ་བ་མང་བའང་ཡོད། །བཟང་བོ་མཆོག་ཏུ་ཤེས་པར་བྱ། །དམན་པ་བར་མ་ཞེས་བཤད་ལ། །རི་དྭགས་ཐ་མ་ཡིན་ཤེས་བྱ། །རྟ་ཡི་སྐྱེ་གནས ་འདི་ཉིད་ཡིན། །མདོར་ན་སྐྱོན་དང་ཡོན་ཏན་དག། འདྲེས་དང་ལྷབ་ཁ་ཡིན་ཤེས་བྱ། །ཤ་ལི་ཧོ་ཏྲ་མདོག་ནས་ལས། །རྟའི་སྐྱེ་གནས་ཀྱི་ལེའུ་སྟེ་བདུན་པའོ།། །།རྟ་ཡི་རང་བཞིན་དེ་ཉིད་ཤེས། །དུལ་ལ་བརྩོན་ཞིང་དབང་པོ་ཐུལ། ་ཤ་ལི་ཧོ་ཏྲ་བློ་ཆེན་ལ། །མཛའ་ཨོ་ལས་རྒྱལ་གྱིས་དྲིས་པ། །གཟི་བརྗིད་ཆེན་པོ་རྟ་རྣམས་ཀྱི། །རིགས་བཞི་ཇི་ལྟར་ཤེས་བར་བགྱི། །མཚན་ཉིད་སྤྱོད་ལམ་གང་དག་གིས། །དེ་ལས་བཟློག་པར་ཤེས་པར་གྱིས། །དེ་སྐད་དྲིས་ཚེ་དྲང་སྲོང་ཆེ། །ཤ་?་ཧ ་ཏྲས་སླར་སྨྲས་བ། །རྟའི་རིགས་བཞི་ཤེས་དཀར་བ། །དེ་ཞིང་ཡིས་གོ་པར་བྱ། །རིགས་བཞིར་རྣམ་པར་དབྱེ་བ་ནི།། སྐྱེ་གནས་དང་ནི་གཟུགས་བྱེད་དང། །ཚུལ་སྦྱོད་དང་ནི་དུལ་བ་དང། །སྐད་གདངས་དབྱིབས་དང་ཁ་དོགས་དང། །དྲ་ཉིད་ལས་ནི་ཉེ ་ཤེས་བྱ། །གང་ཞིག་དེ་ལས་གོ་ཟློག་སྟེ། །དེ་ཡི་ཁྱད་པར་སྨྲས་པ་ནི། །ཉོན་ལ་རྣམ་པར་དབྱད་པར་གྱིས། །གཟུགས་བཟང་དཔལ་དང་ལྡན་པ་དང། །སྤྱོད་བ་དུལ་ཞིང་བསྡགས་པར་འོས། །བློ་ལྡན་དང་ཚུལ་བཟང་བ་དང། །འདུལ་སྦྱོར་མཁན་གྱིས ་བྱས་པ་ཉན། །རྗེས་སུ་མཐུན་ཞིང་ནུས་པ་ལྡན། །གཙང་ཞིང་གཙང་སྒྲ་དག་ལ་བརྟེན། བཀྲེས་དང་སྐོམ་ལ་སྲན་ཆེ་ཞིང། །ཁྲོ་བ་ཆུང་ཞིང་གླན་པར་སླ། །གཟི་བརྗིད་དང་ལྡན་གྲགས་དང་ལྡན། །ལས་རྣམས་ཀུན་གྱི་རྗེས་སུ་འཇུག་།བཏུང ་དང་ཁ་ཟས་བཟའ་བྱ་ཡི། །ལྷག་མ་དང་ནི་མི་གཙང་དང། །རྟ་སྤངས་དང་ནི་དེ་བཞིན་གཅིན། །འདི་ན་རིང་དུ་སྤོང་བྱེད་ཅིང། །གཙང་ཞིང་གཙང་མར་སྤྱོད་པ་དང། །ཉལ་ཡང་གཉིད་ནི་མེད་པ་དང། །སྦྲང་རྩི་འབྲས་ཡོས་ཁུར་པ་མར། །འོ་ཐུབ ་སྲེག་རྫས་ལ་དགའ་ཞིང། །དྲི་དང་སྣ་མའི་ཕྲེང་བ་དང། །ཁྲུས་དང་བཀྲ་ཤིས་ལ་དགའ་ཞིང། །འཚེར་ཞིང་དེ་དག་སྣོམ་པ་དང། །མི་དགེ་ལྡན་སྡུས་པ་དང། །འཇིགས་མེད་མཁའ་ལ་སྲན་ཚེ་དང།། སྙན་པར་འཚེར་ཞིང་སྒྲ་སྐད་ཚེ། ་སེར་དང་དཀར་དང་དམར་བ་དང། །ཕལ་ཆེར་སྦྲང་རྩི་ལྟར་སེར་དང། །འགྲོས་ཚེ་སྲན་ཆེ་བ་དང། །བརྟན་ཞིང་སྙན་པར་རྗེས་སུ་འཚེད། །མདོག་སྣུམ་དཔག་པ་སྲབ་པ་དང། །བྲམ་ཟེ་ཀུན་ལ་དགའ་བ་དང།། གཉིད་ལོག་ཚེ་ན་འབྲས ་ཡོས་དང། །མར་དང་ཨའུ་ཤིང་དྲི་འབྱུང་ལ། །ལྷ་དང་དྲི་ཟའི་སྙིང་སྟོབས་ཅན། །དགེ་ཞིང་རྟག་ཏུ་ངེས་པ་སྟེ། །དེ་ལྟའི་ཚུལ་སྤྱོད་ལྡན་པའི་རྟ། །བྲམ་ཟེའི་རིགས་སུ་ཤེས་པར་བྱ། །རྒྱལ་རིགས་ཁྲོ་བའི་ཚུལ་ཅན་ཏེ། །ཚངས་པའི་མདོག་ལྡན ་ཤེས་པར་བྱ།། རང་བཞིན་རྣོ་ཞིང་དཔལ་ཐ་དང། །སྒྲ་སྐད་བཏང་ནས་འཚེར་པ་དང།།དབུང་པ་རློ་ཞིང་སྙིང་སྟོབས་ཆེ། །རང་བཞིན་གཙང་ཞིང་སྤྱོད་པ་ཡང། །གཅེས་པར་བསྡུས་དང་ལྡན་པ་དང། །ཡན་ལག་འབྱེས་ཤིང་ལྤགས་བ་སྲང། །? ་སྤྱོད་པ་གཙང་ཞིང་དུལ་བ་དང། །འཇིགས་བ་རྣམས་ལ་མི་སྐྲག་པ། །ཆུ་དང་མེ་དང་འབྲུག་སྒྲ་དང། །སྒྲ་ཆེར་གྲག་དང་ལྷུང་དང་ཁུར། །ས་རྩུབ་ཤིང་གི་ཚང་ཚིང་དང། །རིང་དུ་འགྲོ་དང་ལམ ་དོག་པར། །གང་ཞིག་འཇིགས་པ་མེད་པ་དང། །གླང་པོའི་ཚོགས་ནི་ཆེན་པོ་དང། །དྲིལ་བུ་རོལ་མོའི་སྒྲ་རྣམས་དང། །ཙ་ཅོ་འདོན་པའི་སྒྲ་རྣམས་དང། །རྟ་གཞན་འཚེར་བར་གྱུར་པ་དང། །དུང་དང་རྔ་ཆེན་སྒྲ་དང་ནི། །རོལ་མོའི་སྒྲ ་དང་རྫ་རྔའི་སྒྲ། །གདུགས་དང་རྒྱལ་མཚན་བདན་གྱིས། །སྐྲག་པར་མི་འགྱུར་རྟ་མཆོག་ཡིན། །རྡ་རྡོག་ལེགས་པར་བརྐྱང་ནས་ནི། །མགའ་བའ་ཨི་ཡིད་ཀྱིས་འཚེར་བ་དང། །རྐང་གཉིས་ལེགས་པར་འཛུགས་བཞིན་དུ། །ས་སྟེངས་ན་ནི་འཆེར ་བ་དང། །རྡུལ་དང་གཅིན་དང་རྟ་སྤངས་ནི། །ཡན་ལག་བརྐྱང་སྟེ་འདོར་བ་དང། །མཐར་ནི་ཤུགས་ཀྱིས་འདོད་པ་དང། །རྟ་གཞན་ལ་ནི་བསྡིགས་པ་དང། །གཡུལ་དོར་རྟ་དང་གླང་པོ་དང། །ཤིང་རྟ་དཔུང་བུ་ཆུང་འཇོམས་དང། ། ་རྗེས་སུ་སྐད་འདོན་སྒྲ་འཇམ་པས། །ཕྱོགས་ཀུན་ཁྱབ་པར་འཚོར་བ་དང། །རྟ་གཞན་དག་གི་ཕྱི་ནས་ནི། །དེ་ནི་འགྲོ་བར་བཟོད་མི་བྱེད། །མཚོན་གྱིས་བསྣུན་ཀྱང་ནང་ཆུང་ཞིང། །མཚོན་ཆ་མཐོང་ན་འཇིགས་མི་འགྱུར། །སྤྱོད་པ་མྱུར ་ཞིང་དཔའ་བ་དང། །འཐབ་ཆོ་མྱུར་དུ་ཕ་རོལ་གནོན། །ནོར་བུ་ལྟ་བུར་མིག་སེར་ཞིང། །མདོག་བཟང་ཁ་དོག་ངན་པ་མེད། །བློ་ལྡན་དེ་བཞིན་མགྱོགས་བ་དང། །སྒྲིན་ཞིང་མ་ཞུམ་སྟོབས་ཆེ་ལ། །རྟག་ཏུ་ལས་ཀུན་ནུས་པ་དང། །བག་ཡོད་རྟག་ཏུ ་ཉོན་མོངས་མེད་?་བསོད་ནམས་བྱེད་པའི་མེ་ཏོག་མང། །འབྲས་བུར་ལྡན་པའི་དྲི་ཡོད་ལ། །ལྷ་དང་དྲི་ཟའི་སྙིང་སྟོབས་ཅན། །དེ་མཚུངས་སྤྱོད་ཡུལ་སྤྱོད་པར་ལྡན། །དགེ་ཞིང་སྤྱོད་པ་དེས་པའི་རྟ། །རྒྱལ་རིགས་སུ་ནི་ཤེས་པར་བྱ། །རྗེའུ་རིགས་བཏུང་བ ་ལ་དགའ་བསྟན། །ཞི་ཞིང་བློ་ཆེ་ལེ་ལོ་ཅན། །མི་འཁྲུག་དགའ་བར་འགྱུར་བ་མེད། །དུལ་བའི་སྤྱོད་པ་ཡང་དག་ལྡན། །ཁྲོ་བ་མེད་ཅིང་ང་རྒྱལ་མེད། །དུལ་ཞིང་དང་ཚུལ་སྙོམས་པ་དང། །ནད་དང་ཚ་དང་བཀྲེས་བ་བཟོད། །ཁལ་བཀལ་ལམ་དུ་འགྲེ་ཚེ་བརྟན ་དེ་ནི་མགྱོགས་དུལ་རན་པ་ཡིན། །ཉམས་དང་ལུས་སྟོབས་བར་མ་སྟེ། །མིག་ནི་དེ་བཞིན་སྔོ་དང་སེར། །གནག་དང་དུར་བའི་མདོག་འདྲ་དང། །སྔོ་སངས་སྤུ་མདོག་དཀར་བ་དང། །སྨིན་མ་ཏ་ལའི་མདོག་འདྲ་དང། །ཕལ་ཆེར་དང་བའི་མདོག་འདྲེ་ཞིང།། ་སྟེང་འོག་ཐད་དཀར་ཆེ་མིན་གྱི། །རོ་སྟོང་ཆེ་བ་ཉིད་ཡིན་ནོ། །ཧ་རེ་ནུ་ཀ་དེ་བཞིན་དུ། །རྡ་མོའི་འོ་མའི་དྲི་དང་ལྡན་།བག་ཆུང་གི་ཉིད་ནི་ཆེ་བ་དང། །མི་ཡི་སྙིང་སྟོབS་ལ་བརྟེན་བ། བཅོམ?་ལྡན་དེ་ལྟའི་སྤྱོད་པ་ཅན། །རྟ་ནི་རྗེ་རིགས་ཡིན་ཞེས་བྱ། །དམངས་རིགས་དང་ཚུལ་ངན་པ་དང ་སྤྱོད་ལམ་མང་ཡུལ་མི་གཙང་ཞིང། །གཞན་གྱིས་ཡོངས་སུ་ལོངས་སྤྱོད་པའི། །ལྷག་མའི་ཟས་སྐོམ་དག་ལ་དགའ་། །སྐམ་དང་སྨད་དང་ངན་པ་དང། །བཤད་གཅི་དག་ནི་བསྟེན་པར་དགའ་། །མིག་སྐེད་མིག་ནི་ཟླུམ་པ་དང། །རྐང་པས་ས་ནི་བརྐོ་བ ་དང། །བཤད་ལྕི་སྣོམ་པར་བྱེད་པ་དང། །ཟ་ཞིང་ཉུང་དུ་སྤྱོད་པ་དང། །མི་གཙང་བར་ནི་འགྲོ་བ་དང། །རྟ་རྫི?་ལ་ནི་འཕྲ་བ་དང། །རང་དང་རྩིག་པ་ཤིང་ལ་སོགས། །སོ་ཡིས་འདྲང་པར་བྱེད་པ་དང། །འབྲེང་པ་དབྱིག་པ་བཅུག་མ་ཡི།། ་ལྕག་མི་ཚོར་ཞིང་མི་འཁྲུག་ལ། །ལུང་པ་ལུས་ཚེགས་སུ་པ་ཆེ། །འཇིགས་པ་ཀུན་ལ་སྟར་བ་དང། །མི་གཙང་བ་ལ་མི་སྨོད་ཅིང། །གཙང་སྤྲའི་སྤྱོད་པ་དེ་ལ་མེད། །དུ་བ་རྡུལ་འདྲའི་མདོག་ལྡན་ཞིང། །སེར་སྐྱ་མོ་གྲོ་དམར ་སྐྱའི་མདོག། བསྲུང་བར་རབ་ཏུ་དཀའ་བ་དང། །སྤྱོད་པ་ངན་ཞིང་ཞི་ཚུལ་རྡུང། །མ་ཁྲོས་ལས་སྦྱང་མི་ནུས་གྱི། །ཁྲོས་ན་ལས་ནི་ནུས་པ་དང། །བྱ་རོག་ཚང་གི་དྲི་བྲོ་ཞིང། །ཁྲག་དང་མི་རོའི་དྲི་དང་ནི། །ཀུན་ཁྱབ་གཉིད་ཚེ་བག་ཆུང? ་ལ། །སྲིན་པོ་ཤ་ཟའི་སྙིབ་སྟོབས་ཅན། །དེ་འདྲའི་སྤྱོད་པ་མདོག་ལྡན་པའི། །རྟ་ནི་དམངས་རིགས་ཡིན་ཞེས་བྱ། །དེ་དག་འདྲེས་པར་འགྱུར་བ་ཡི། །སྐྱེ་བདག་ཀྱང་བསྟན་པར་བྱ། །རྒྱལ་རིགས་བྲམ་ཟེའི་རིགས་མོ་ལ། །ཞུགས ་པའི་བུ་ནི་དངུལ་ཆུར་བཤད། །དངུལ་ཆུ་དེ་ནི་སྤྱོད་པ་གཙང། །དེས་ཞིང་ལྷག་མ་ཟ་མི་བྱེད། །མདོག་ནི་བསོ་ལྟར་དཀར་སེར། །ནག་པོའི་མདོག་དཱུང་འགྱུར་བ་ཡིན་ནོ། །ཕལ་ཆེར་མིག་ནི་དང་བ་དང། །སྒྲ་སྙན་རྗེས་སུ་སྒྲོགས་པར་བྱེད། །ཆར ་དང་ཕྲེང་བའི་དྲི་ལྡན་གྱི་།དྲི་ནི་ཞིམ་པའང་ཡོད་མ་ཡིན། །གཉིད་ལོག་ན་ནི་བག་མེད་པའི། །རྟ་ནི་རིགས་འཛིན་རྒྱུད་ཡིན་ནོ། །བྲམ་ཟེ་རིགས་མོར་རྗེའུ་རིགས་ཞུགས། །དེ་ནི་མག་དྷ་ཞེས་བྱ། །སྙིང་སྟོབས་ཞན་ཞིང་ཁུར་སྟོབས་ཆེ། །ལམ ་དུ་ཆས་ཚེ་འཚད་ཞིང་འགྲོ། རྡོག་མ་འཆོལ་བར་སྐྱེ་བ་དང། །གང་ལའང་རྨོངས་པར་མི་བྱེད་དོ། །བུད་མེད་མི་ག་ནི་ན་བ་དང། །འགྲོས་ཆེ་ཡིད་ཕེབས་མེད་པ་དང། །ཁ་དོག་མི་སྡུག་པ་ཉིད་དེ། །ཤ་ཟའི་སྙིང་སྟོབས་དག་ལ་གནས། །སྡིག ་ལ་དགའ་ཞིང་སྟར་བ་དང། །གདུལ་དཀའ་དྲི་ནི་མི་ཞིམ་པ། །སྤྱོད་པ་ངན་པར་སྤྱོད་པ་དང། །དམན་པར་ལྟ་བ་མ་ག་དང། །བྲམ་ཟེའི་རིགས་མོར་རྗེའུ་རིགས་དག། ཞུགས་པ་ལས་ནི་སྐྱེས་པའི་རྟ། །དེ་ནི་གདོལ་པ་ཞེས་བཤད་དེ།། སྡིག ་པ་སྐྱེད་པའི་སྤྱོད་ཡུལ་ཅན། །ལས་རྣམས་ལ་ནི་མི་འཇུག་ཅིང། །གཏུམ་པ་བོང་བུའི་སྒྲ་ཅན་ཡིན། །སྒྲ་འཆག་རྩུབ་ཅིང་གདུག་པ་དང། །ཡན་ལག་མི་སྙོམས་བག་མེད་ལྡན། །མི་ཤིས་པ་ཡི་མཚན་ཉིད་དེ། །མཚན་མ་སྤྱོད ་པས་ཉིད་རབ་སྒོས། །ཐིག་ལེ་ཞུ་བ་མི་སྡུག་པ། །སྨད་པ་ཡིས་ནི་ཡོངས་སུ་ཁྱབ། །བདག་ལ་གསོད་པར་བྱེད་པ་དང།། བག་མེད་གནས་སུ་ཁྱེད་པར་བྱེད། །རྟ་སྤངས་ལྕི་བ་གཏོང་བ་ན། །ཟ་ཞིང་སྨོད་པར་མི་བྱེད་པ། །མཐར་ནི་གནོད་པ་ཉིད་བྱེད་ཅིང ་ཁང་སྟོང་དག་ཏུ། དགའ་བར་བྱེད། །ཅེ་སྤྱད་དག་གམ་སྤྱང་ཀཱུམ།། དུ་བའི་མདོག་གམ་མདོག་དན་ལྡན། །སྒྲ་རྩུབ་ཡི་དགས་དྲི་ཅན་ཏེ།། ཆང་ལ་དགའ་ཞིང་ཤ་ལ་དགའ་།། ཤ་ཟ་སྲིན་པོའི་སྤྱོད་པ་ཅན། །སྤྱོད་བ་ངན་པ་གདོལ་པའི་རྟ། །རྟགས་དང་མཚན་མ ་འདི་དག་གིས། །རིགས་བཞིར་རྣམ་བར་དབྱེ་བར་བྱ། །གང་ཞིག་ཕ་དང་རྟགས་སྤྱོད་འདྲ། །སྐྱས་པོའི་བུ་ནི་གང་ཡིན་པ། །རིགས་བཞི་རུ་ནི་རྣམ་ཕྱེ་ལ། །རྟ་ནི་རང་གི་རིགས་སུ་བཞག། རིགས་ཀྱི་དབྱེ་བ་ཅི་བཞིན་ཤེས། ། ་།།སྡིག་པས་གོས་པར་མི་འགྱུར་རོ། །སྙིང་སྟོབས་སྤྱོད་པ་ལྷག་མ་ནི། །གང་གང་ཡིན་པ་མཉན་པར་གྱིས། །དྲི་ཟ་བྲམ་ཟེ་དང་མཉམ་ལ། །གནོད་སྦྱིན་རྒྱལ་རིགས་ཉིད་དང་འདྲ། །སྲིན་བུ་རྗེའུ་རིགས་མཚུངས་ཏེ། །དམངས་རིགས་ཤ་ཟ ་ཉིད་དང་འདྲ། །དེ་ལྟར་སྐྱེ་གནས་འདྲ་བ་ཡི། །རང་རང་ཅི་བཞིན་རྣམ་པར་དབྱེ། །དེ་བཞིན་སྦྱོང་ཚུལ་མི་མཐུན་པ། །ཕྱེ་ན་སྡིག་པས་གོས་པར་འགྱུར། །དེ་ལྟར་ལེགས་ལྡན་རྗེས་སྟོན་པ།། ཤ་ལི་ཧོ་ཏྲས་བཤད་པ་ཡིན།། ཤ་ལ་ཧོ་ཏྲའི་མདོ་གནས ་ལས། །རྟིའི?་རིགས་བཞིའི་ལེའུ་སྟེ་བརྒྱད་པའོ།། །།དེ་ལ་རྟ་ཡི་མཚན་ཉིད་ནི། །ཡན་ལག་མ་རྟོགས་ཐ་དད་སྟེ། །གདོང་ནི་སྲབ་ལ་རྒྱ་ཆེ་ཞིང། །ཟུར་བཞི་པ་ལ་གཡུལ་སྙོམས་པ། །དྲང་ཞིང་འཁྱོག་པ་མ་ཡིན་ལ།། ཡོངས་སུ ་ཚང་བ་བསྡགས་པ་ཡིན། །བཞི?་བཅུ་མས་དང་རྒྱ་ཆེ་ལ། །དྲི་བཟང་ཁ་ཆུ་ཉུང་བ་དང། །ཁ་ཆུ་མི་འཇིག་སྐམ་པོ་མིན། །རྟ་ལ་རབ་ཏུ་བསྡགས་པ་ཡིན། །སོ་ནི་ཁ་དོག་ཡིད་འོང་བཟང། །རྫོགས་ཤིང་སྲལ་བརྟན་པ་དང། །མ་གྱེས་དྲང་པོར་? ་བ་དང། །སྣུམ་ཞིང་ནང་མ་མཐོ་བ་དང། །མཐོ་ཞིང་རྩ་བ་བརྟན་པ་དང། །མཚན་མ་གསལ་ཞིང་སྲ་བ་དང། །སྦྲང་རྩི་འདྲ་བ་འམ་རབ་ཏུ་དཀར། །རྟ་ལ་བསྡགས་པར་གྱུར་པ་ཡིན། །འགྲམ་སོ་མཉམ་ཞིང་ཟླུམ་པ་དང། །སྲ་ཞིང་སྙོམས་བར ་གྱུར་བ་བཟང། །མཆེ་བ་མདུན་སོའི་མདོག་འདྲ་ཞིང། །རྩེ་མོ་རྣོ་བར་གྱུར་བ་དང། །ཟླུམ་ཞིང་རྩ་བ་བརྟན་བ་དང། །སྣུམ་ཞིང་འཇམ་ལ་སྐྱེ་བ་བསྡགས། །ལྕེ་ནི་སྲབ་ཅིང་རྗེས་འབྲེལ་དང། །འཇམ་ཞིང་རིང་ལ་སྙོམས་པ་དང། །མཉམ ་ཞིང་འཇམ་ལ་དམར་བ་དང། །ཁྱི་ཡི་ལྕེ་དང་འདྲན་བཟང། །ལྕེ་རྩ་ཅུང་ཟད་འཐུག་པ་དང། །འཇམ་ཞིང་མཉེན་ལ་སྙོམས་ལ་སྲབ། །བརྟན་ཞིང་ལྗན་ལྗིན་མེད་པ་དང། །རིང་ཞིང་དམར་ན་རབ་ཏུ་བཟང། །ལྕེའུ་ཆུང་གཏིང་རིང་རྩེ་མོ་དམར། །སྲབ་ལ་རི་མོས ་རྣམ་པར་ཁྱག་།འཇམ་ཞིང་གོས་པ་མེད་པ་དག། རྟ་ལ་རབ་ཏུ་བསྡགས་བ་དང། །མཆུ་ནི་འཇམ་ཞིང་མཉེན་པ་དང། །དབྱེ་སླ་ཤ་རྒྱས་དབྱིབས་ལེགས་དང།། ཤིན་ཏུ་གཡོ་དང་འཆང་བའང་མིན། །སོ་ནི་ཁེབས་པར་གྱུར་པ་དང། །མཉམ་ཞིང ་སྙོམས་ལ་ཟླུམ་པ་དང། །ཚད་ལྡན་དྲང་ན་བསྔགས་པ་ཡིན། །སྣ་གུང་མཉམ་པོར་དབུགས་རྒྱུ་ཞིང། །ཟླུམ་ལ་ནང་ན་ཡངས་པར་སྣང། །གཉེན་ཞིང་འཇམ་ལ་གནོད་པ་མེད། །རྟ་ལ་བསྡགས་པར་གྱུར་པ་ཡིན། །འཚུལ་པ་དྲང་ཞིང་དབྱིབས་མཛེས ་ལ། །སྐྱོན་མེད་པར་ཡང་གང་གནས་དང། །དྲང་ཞིང་ཟླུམ་ལ་འཇམ་ཞིང་གཉེན། །ཡོན་ཏན་དག་གིས་བརྒྱན་ན་བཟང། །རྟ་ཡི་འཛུམ་ནི་དབུས་སྲབ་ཅིང། །འགྲམ་གཉིས་མཐོ་བར་གྱུར་ན་བཟང། །ཁ་འགྲམ་མཉེན་ཞིང་སྲབ་ལ་སྙོམས།། ་བུག་ཁེགས་ཤིང་ཟླུམ་ལ་འབྱར། །ཁ་འགྲམ་ཡངས་པར་སྣང་གྱུར་པའི། །རྟ་ནི་ཡིད་དུ་འོང་བ་ཡིན། །མཁུར་ཆོས་བྱི་དོར་བྱས་འདྲ་ཞིང། །དབུས་སྡུག་སྲབ་ལ་ལྟ་ན་སྡུག། རིམ་གྱིས་འཁུར་བའི་ཞེང་ཆེ་ཞིང། །ཤ་ཡིས་རྒྱས་བར ་གྱུར་པ་བསྡགས། །སྣ?་འགྲམ་བགས་སབ་ཤ་ཆུང་བ། །རིམས་ཀྱིས་ཞིང་ཆེ་སྲབ་དང། །མཁུར་བ་ལེགས་པའི་འགྲམ་དང་ནི། །རྣ་བར་ལེགས་པར་གནས་ན་བཟང། །མཆིམ་འཛག་ནས་རྒྱུས་པ་སྲ། །མི་མངོན་ཤ་ནི་སྲབ་ན ་བཟང། །མིག་ནི་དཀྱུས་རིང་མིག་འབྲས་དག། ཤིན་ཏུ་དང་བར་སྣང་བདག། ནོར་བུའི་འོང་ཀྱིས་མདངས་འདྲ་ཞིང། །སྣུམ་པ་འམ་སྦྲང་རྩི་ལྟར་སེར་སྐྱ། །སྣམ་འདྲ་འམ་རྨ་བྱ་འདྲ། །རྔ་མོ་ཀ་ལ་བིད་ཀ་འམ། །དུད་པའམ་གོང་མ་སྲས ་ནག་པོ། །གླང་ཆེན་གྱི་ནི་མིག་འདྲ་བ་འམ། །སེང་གེ་རི་དགས་མིག་འདྲ་འམ། །དེ་བཞིན་འཆིལ་པའི་མིག་འདྲ་ཞིང། །རྫི་མ་འཐུག་ཅིང་རིང་བ་ཡི། །མིག་ནི་རྟལ་བསྡགས་པ་ཡིན། །མིག་སྦུབས་སྦོམ་པོ་མ་ཡིན་ཞིང། །གཙང་དང་མི ་མཉམ་མེད་པ་དང། །དང་ཞིང་རིམ་གྱིས་སྲབ་པ་དང། །བལྟ་བའི་ཚེ་ན་ལྷོད་པ་དང། །སྨིན་མའང་སྙོམས་ཤིང་རིམ་གྱིས་སྲབ། །ཤ་ནི་སྲབ་ཅིང་ཟླུམ་པ་དང། །ཤ་དང་པགས་པ་ལེགས་པར་འབྲེལ། །རྩ་རྒྱུས་མི་མངོན་མཉམ་ན་བཟང། ། ་འཕྲལ་བ་ཡངས་པར་སྣང་བ་དག། ཤ་སྲབ་མཉམ་ཞིང་དབྱེས་ཆེ་དང། །རིམ་གྱིས་ཡངས་པར་གྱུར་པ་དང། །གཉེར་མ་མེད་ན་བསྡགས་པ་ཡིན། །འགྲམ་ཀླང་རིམ་གྱིས་ཡངས་པ་དང། །བརྟན་ཞིང་སྲ་བར་གྱུར་པ་བཟང། །རྣ་བ ་སྤུ་དང་གཉེར་མ་མེད། །རྩེ་མོ་ཕྲ་བ་བསྡགས་པ་ཡིན། །རྟ་ཡི་མགོ་བོ་སྙོམས་པ་དང། །རིང་ཞིང་རྒྱ་ཆེ་ནང་མེད་དང། །གཙུག་དང་ཕུམ་ཕུམ་ལེགས་པ་དང། །དབྱིབས་ལེགས་པ་ནི་བསྡགས་པ་ཡིན། །རྡོག་མ་ཤིན་ཏུ་མང་ཉུང ་མིན། །འཇམ་ཞིང་དེ་བཞིན་ནག་ནོག་མེད། །སྣུམ་ཞིང་རིང་ལ་ཅུང་ཟད་འཁྱིལ། །དེ་བཞིན་རིམ་པ་ལེགས་གནས་ཤིང། །ཤིན་ཏུ་མི་རིང་རབ་ཐུང་མིན། །རྟ་ལ་བསྡགས་པར་གྱུར་པ་ཡིན། །རྟ་ཡི་སྤུ་ནི་འཐུག་གཉེན ་འདྲམ།?་།རྩ་བ་བརྟན་ཞིང་ཤལ་འཇུག་།ཤིན་ཏུ་སྣུམ་ཞིང་ལེགས་པས་སྐྱེ། །ཉག་རེ་ལས་ནི་སྐྱེ་བ་བསྡག་སར་།ལྐོག་མ་མདོག་དང་མགྲིན་པར་འབྲེལ། །རང་བཞིན་ཟླུམ་ལ་སྙོམས་པ་དང། །ལྗན་ལྗིན་གྱིས་ནི་གོས ་པ་མེད། །དྲི་མ་མེད་ན་བསྔགས་བ་ཡིན། །སྲོལ་མདུང་ཟླུམ་ཞིང་ར་ཉམ་ལ་འབྲེལ། །དབྱིབས་ནི་དྲང་པོར་འདུག་བ་བསྡགས། །སྐེ་མགྲིན་རིམ་གྱིས་ཟླུམ་པ་དང། །རིང་ཞིང་དབྱིབས་ནི་ལེགས་པ་དང། །མིང་པ་རྩེའུ ་ཆུང་དང་འབྲེལ་ཅིང། །དེ་བཞིན་མགོ་བོ་དང་འབྲེལ་བ། །ལྐོག་མའི་ཕྱོགས་ན་ཤི་སྲབ་ཅིང། །ལྷོད་མིན་ཅུང་ཟད་འགུགས་བ་དང། །ཤ་རྒྱས་ལེགས་པར་འབྲེལ་བ་ནི། །རྟ་ལ་བར་དུ་བསྔགས་པ་ཡིན། །སྐྲ་རྩ་ལེགས་པར ་རྒྱས་བ་དང། །ཤ་ཆེ་སུམ་མདོ་ཡངས་བ་དང། །ཤ་མཁྲེགས་ཡན་ལག་ལེགས་འབྲེལ་ཅིང། །ཤ་མི་ལྷོད་ན་བསྡགས་པ་ཡིན། །ཟེའུ་ནེ་ལེགས་འབྲེལ་ཆེར་མི་མཐོང། །ཟེའུ་ལྟག་དང་རྗེས་སུ་འབྲེལ། །ཕྲག་གོད་ཟེ ་ལྷག་འབྲེལ་ཅིང་ཡངས། །ཤ་རྒྱས་ཚིག་འབྲེལ་མཉམ་ཞིང་སྲ། །སོགས་པ་ཤ་རྒྱས་དང་རབ་འཕྲེལ། །རྟ་ལ་བསྡགས་པར་གྱུར་པ་ཡིན། །བ་ཧ་ཟླུམ་ཞིང་ཤ་རྒྱས་ལ། །གཙུག་མེད་ཤིན་ཏུ་བརྟན་པ་དང། །ཡང ་ཞིང་དབུགས་ནི་རྒྱུ་བ་དང། །མཐོ་བར་གྱུར་ན་བསྡགས་བ་ཡིན། །དཔུང་རྒྱས་ཟླུམ་ཞིང་རྒྱུས་བ་རྩ། །མི་མདོན་ཚིགས་དད་ཤ་སྙོམས་ལ། །ཤ་ནི་ཅུང་ཟད་མཐོ་བར་སྣང། །དེ་ནི་ཤིང་ཏུ་མདགས་པ་ཡིན། །དཔུང་པ་ཤ་རྒྱས ་རིང་བ་དང། །སྲ་ཞིང་ཟླུམ་ལ་དྲད་ཞིང་མཉམ། །རིམ་གྱིས་ཕྲ་བར་གྱུར་བ་དང། །ཚིགས་ནི་ལེགས་པར་འབྲེལ་བ་བཟང། །བུས་མོ་དག་ནི་རིབ་མཉམ་ཟླུམ། །ཚིགས་དམ་ཚིགས་ནི་མི་མདོན་དང། །མཛེས་ཤིང་རྩེ ་མི་སྔོན་བ་དང། །འགྲོ་ཚེ་དགུག་པར་བདེན་བཟང། །ཆེ་གྲང་རིང་ཞིང་ཤིན་ཏུ་ཟླུམ། །ཤིན་ཏུ་ཤ་སྲབ་མ་ཡིན་མཁྲེགས། །རྩ་རྒྱུས་དག་ནི་མི་མངོན་ལ། །ནད་མེད་པ་ནི་རྟ་ལ་བསྡགས། །ཚེའུ་རྩུབ་ཅིང་འགྲེང་བ་དང ་ཟླུམ་ཞིང་ལེགས་སྐྱེས་ཐུར་བ་དང། །ཚིགས་མི་མངོན་ཞིང་ཡོད་མོ་དང། །སྒྲོག་མཁར་རིང་པོར་སྣང་དང་བཅས། །རྐང་པ་དང་འབྲེལ་མཉམ་ཞིང་རིང། །རྟ་ལ་མདགས་བར་གྱུར་པ་ཡིན། །ཚེའུ་ཚེ་ཤིན་ཏུ་མཉམ་ཞིང་ཟླུམ། །རིང་ཞིང་རྒྱུ་མ་ལ ་མཛེས་པ་དང། །དབུས་ནི་ཅུང་ཟད་ལྕོང་བ་དང། །ཚེའུ་སྦུས་གཡོགས་བསྔགས་པ་ཡིན། །རྨིག་བ་མཐོ་ཞིང་ཟླུམ་བ་དང། །ཤིན་ཏུ་སྲ་ཞིང་འཐུག་པ་དང། །ཟམ་ཏོག་ལྟར་ཟླུམ་ཞིང་མཛེས། །བོད་རྨིག་འདྲ་ནའང་བསྡགས་པ་ཡིན། ། ་དེ་བཞིན་སྒྲོས་ནི་མ་གས་ཞིང། །རྣ་ཞིང་མི་གུ་གཟེགས་པ་ཆད།?་།ཁ་དོག་དུ་མའང་ཁ་དོག་གཅིག། ཁྲ་བོར་གྱུར་པ་མེད་ན་བཟང། །དབུས་ནི་ཤིན་ཏུ་ཟབ་བ་དང། །རྨིག་མཐིལ་རྡོ་ལེབ་ལྟར་སྲ་ཞིང། །སྦལ་འཚམས་ལེགས་པར་སྐྱེས ་པ་ནི། །མཛེས་བ་དག་དང་ལྡན་པ་དང། །སྦལ་བ་བུབ་ཅིང་གསལ་བར་མངོན། །མཚམས་ནི་ལེགས་པར་འདོད་པ་དང། །ཉེན་འཁོར་མཉམ་ཞིང་འཇམ་པ་དང། །རྐང་བའི་ནད་དང་བྲལ་བ་དང། །བརྟན་ཞིང་ལྗན་ལྗིན་མེད་པ་དང། །ཁ ་དོག་བསྣུམ་པ་བསྡགས་པ་ཡིན། །ཟེའུ་ཤས་ནི་རྒྱས་པ་དང། །གཙུག་ལག་མེད་པ་ནི་བསྡགས་པ་ཡིན། །སྒ་ལོག་མཉམ་ཞིང་ཡངས་བ་དང། །རྒྱབ་ནི་མཐེབ་སོར་ཙམ་གྱིས་དམའ། །རྒལ་ཚིགས་ཅུང་ཟད་མཐོ་བ་དང། །ཤ་ཡིས་རྒྱས་ན ་བསྡགས་པ་ཡིན། །རྩིག་མ་གུག་ཅིང་ལྕང་ལྕོང་མེད། །མི་མངོན་རབ་ཏུ་མཉམ་ཞིང་སྲ། །ཕྲག་གོང་རྒྱས་པར་ཁྱབ་གྱུར་ཅིང། །མཉམ་ཞིང་འཇམ་ན་བསྡགས་བ་ཡིན། །གསུས་ཁྱིམ་ཟླུམ་ཞིང་ཡངས་པ་དང། །རི་དགས་ཀྱི་ནི་དབྱིབས་འདྲ་ཞིང། ། ་བུག་མེད་ལ་ཟུང་ཟླུམ་ཆུ། །སྐུ་སྙོམས་པ་ནི་བསྔགས་པ་ཡིན། །ོང་དོ་མཉམ་ཞིང་ཟླུམ་བ་དང། །དབྱིབས་ནི་ལེགས་བར་གྱུར་བ་དང། །མཇུག་ངོ་ཤིན་ཏུ་རྒྱས་མིན་ཞིང། །ཧ་ཅང་ཞུམ་པའང་མ་ཡིན་ལ། །རྒྱབ་གཞུང་བས་ནི་མཐོ་ན་བཟང། །སྲ་ཞིང ་ཟླུམ་ལ་རུས་མི་མངོན། །གསལ་ཞིང་རིམ་གྱིས་མཛེས་བར་གནས། །ཤིན་ཏུ་ཐུང་དང་རིང་བ་མིན། །གདོད་གི་ཚང་དང་མཉམ་པ་དང། །མཇུག་མ་ངང་ལེགས་འབྲལ་བ་བཟང། །རྟ་ཡི་རྔ་མ་སྦུ་རིང་ཞིར། །མ་ཉམས ་ཁ་དོག་གཅིག་པ་དང། །མཉེན་ཞིང་སྣུམ་པར་གྱུར་པ་ནི། །རྟ་ལ་ཤིས་བར་བཤད་པ་ཡིན། །མཇུག་ཅོས་ཤིན་ཏུ་མཐོ་མ་ཡིན། །ཤིན་ཏུ་བྱེས་དང་འདུས་པའང་མིན། །ལུས་དང་རྗེས་མཐུན་ཚང་དང་ལྡན། །དེ་ལྟ་བུ་ངག་བསྔགས་པ ་ཡིན། །རྐུ་བ་ནི་ཟབ་ཅིང་ཟླུམ་པ་དང། །དབྱིབས་ལེགས་ཕྱི་རོལ་གཉེར་མ་མེད། །གང་གིས་རྟ་སྦྲངས་ལེགས་གཏོང་བ། །དེ་ནི་རབ་ཏུ་བསྔགས་པ་ཡིན། །བརླ་ནང་ཤིན་ཏུ་ཡངས་མིན་ཞིང། །དོག་པར་གྱུར་པ་མིན་ན་བསྔགས།། ་རླིག་པ་ངོ་མཉམ་ལེགས་འབྲེལ་སྐྱེས། །སྤུ་ནི་མེད་པར་གྱུར་པ་དང། །དབུས་ནི་བིལྦ་ཙམ་ཞིག་ནི། །ཤིན་ཏུ་མི་འཕྱང་གྱུར་བ་བསྔགས། །མཚན་ནི་རྩ་སྦོམ་རིམ་གྱིས་ཕྲ། །འཇམ་ཞིང་མྱུར་དུ་ལྡང་བ་དང། །སྦུབས་ཡངས་པས ་ནི་གཡོགས་པ་དང། ཁ་ཞེང་ཤིན་ཏུ་ཕྱེ་ཞིང་ཟླུམ། །གཏིང་རིང་ཁ་དོག་གཅིག་ལྡན་པའི། །རྟ་ནི་བསྔགས་པར་གྱུར་པ་ཡིན། །དབྱི་མགུལ་མཉམ་ཞིང་དབྱིབས་མེད་ལ། །པགས་སྲབ་སྦུ་ནི་ལེགས་པ་བཟང། །རྐུ་བ་ཙོས་སྲ་ཞིང་ལེགས ་པར་འབྲེལ། །རྩ་རྒྱུས་དག་ནི་མི་མངོན་བཟང། །དབྱི་ནི་ལེགས་པར་འབྱོར་བ་དང། །ལེགས་པར་རྫོགས་པར་གྱུར་པ་དང། །ཡངས་ཤིང་དཀྱུས་ནི་རིང་བ་དང། །པགས་པ་སྲབ་ལ་ཤ་རྒྱས་བཟང། །རྗེ་དང་སྙོམས་ཤིང ་དབྱིབས་ལགས?་དང། །རིམ་གྱིས་ཕྲ་བར་གྱུར་པ་དང། །ཤིན་ཏུ་ཕྲ་བའི་རུས་པས་ཁྱབ། །རྟ་ནི་བསྔགས་པར་གྱུར་པ་ཡིན། །ཆེ་ས?་གྲང་ལ་སོགས་ལུས་སྟོང་ནི། །ཅི་འདྲར་རོ་སྨད་དེ་བཞིན་དུ། །མཚན་ཉིད་ཐམས་ཅད་བཤད ་པར་བྱ། །དེའི་འོག་ཏུ་རྒོང་མ་ཡི། །ལུས་ཀྱིས་ཕྱོགས་ཀྱི་མཚན་ཉིད་དག། གང་དག་ཡིན་པ་བཤད་པར་བྱ། །དེའི་མཚན་ནི་མཉམ་ཆེ་གསལ། །ལེགས་པར་བལྟམས་ཤང་ལེགས་པར་འཛག། བུ་ག་ཆེ་ཞིང་གྲཝ་མཚམས་ཆེ། །རིང་ཞིང ་མཚན་ནི་རྒ་ཕྱེད་ལ། །མངལ་གྱི་ཉེས་པ་དང་བྲལ་བ། །དེའི་མོ་མཚན་དེ་འདྲ་བསྔགས། །ནུ་མ་ཟླུམ་ཞིང་རྒྱས་པ་དང། །ཤིན་ཏུ་འཆད་པ་མ་ཡིན་དང། །འོ་མ་སྐྱོན་མེད་ལེགས་པར་རྒྱས། །རྒོང་མ་རབ་ཏུ་བསྔགས་པ་ཡིན། །ནུ་སོར་མཉམ་ཞིང ་ཟླུམ་པ་དང། །བུ་ག་ལེགས་ཤིང་འོ་མ་རྒྱས། །ཤིན་ཏུ་འདུས་མིན་གྱེས་པའང་མིན། །འཐུག་ཅིང་བརྟེན་ལ་ལེགས་པར་སྐྱེས། །ཤིན་ཏུ་འབྱར་མིན་རབ་འཕྱང་མིན། །རྟེའུས་འོ་མ་བཏུང་བདེ་བསྔགས། །ལྷག་མ་རྒོང་མའི་ཡན་ལག་ཀུན། །རྟ་ཕོ ་དང་ནི་འདྲ་བར་བསྡགས། །དེ་ལྟ་མོད་ཀྱི་གཟུགས་མཛེས་པས། །རྒོད་མའི་གཟུགས་ནི་བཟང་བར་བཤད། །ལུས་ནི་སྦོམ་བོར་གྱུར་བ་ཡང། །ཕྲ་བ་ལྟ་བུར་མངོན་པ་ཡིན། །ལུས་སྲབ་པར་ནི་གྱུར་ན་ཡང། །རྒོད་མ་སྦུ་མདངས་ཡོད་པ ་མངོན། །དེ་འདྲའི་ཚུལ་གྱིས་ལུས་ཀྱི་ནི། །དབྱིབས་ཀྱི་བྱེ་བྲག་ཤེས་པར་བྱ། །རྒོད་མ་རྟ་ཕོ་འདྲ་བ་དང། །རྟ་ཕོ་རྒོང་མ་འདྲ་བ་རུ། །གལ་ཏེ་ཕྱིན་ཅི་ལོག་ཅི་སྣང། །དགོས་པའི་འབྲས་བུ་འབྱིན་མི?་འགྱུར། །ལུས་ཚ?་མདངས་ནི་བཟང་བ་དང།། ་ལེགས་པར་སྐྱེས་ཤིང་ཚད་དང་ལྡན། །གཟི་བརྗིད་ཡན་ལག་དབྱེས་པ་དང། །ཡན་ལག་ཆ་ནི་སྙོམས་པ་དང། །གཙུག་འཁྱིལ་དག་ཞིང་གཟི་མདངས་དགེ། དྲི་བཟང་ཡན་ལག་མི་སྡུག་མེད། །ལུས་རྒྱས་འགྲོས་ནི་བཟང་བ་དང།། ་འཇིགས་མེད། གནས་གསུམ་ཡངས་པ་དང། །ཚད་མཉམ་དབྱིབS་ནི་ལེགས་པ་སྟེ། །གང་ཞིག་དེ་འདྲའི་ལུས་ལྡན་པ། །བདག་པོའི་གྲགས་དང་རིགས་དང་ནོར། །རྣམ་པར་འཕེལ་པར་འགྱུར་བ་ཡིན། །ཡོན་ཏན་ཕྱིན་ཅི ་ལོག་ལྡན་པ། །བདག་བོའི་དོན་རྣམས་ཉམས་བྱེད་ཡིན། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས། །ཡན་ལག་ཐམས་ཅད་ཀྱི་མཚན་ཉིད་ཀྱི་ལེའུ་སྟེ་དགུ་པའོ།། །།དཀའ་ཐུབ་ས་ས་མ་གཏན་ཆེན་པོ ་ཡིས། །གཟི་བྱིན་གསལ་གྱུར་དྲང་སྲོད་ལ། །བློ་དང་ལྡན་པ་ལེགས་ཐོས་ཀྱིས། །སྔར་བཤད་པ་ནི་དྲིས་གྱུར་བ། །ཁྱེད་ཀྱིས་ཕྱོགས་བསྟན་གསུངས་མོད་ཀྱི། །བཤད་པ་དག་ནི་མ་གསུངས་བསེ། །བསྟན་པ་རྣམས་ཀྱིས་བཤད་པ་ནི། ་ལེགས་ལྡན་གསུངས་བར་མཛད་པའི་རིགས། །བསྟན་པ་བཤད་པ་དད་བཅས་པ། །བུ་ཡིས་བསྐུལ་བས་སྨྲས་པ་ནི། །མིང་པ་སྲོལ་ཀོང་དང་འབྲེལ་བས། །རོ་འཛིན་ལྕེར་ནི་ཤེས་པར་བྱ། །དེའི་སྟེང་ནི་རྐན་ཡིན་ཏེ། །མ་རྐན་ལྕེ་འོག? ་ཡིན་བར་བཤད། །འགྲམ་སོ་འགྲམ་པ་ལས་སྐྱེས་བ། །ལྡད་པའི་སོ་ནི་ཡིན་པར་བཤད། །དེ་ལས་གཞན་པ་མདུན་གྱི་སོ། །བཅུ་གཉིས་མཚན་མར་ལྡན་པ་ཡིན། །དེ་རྣམས་ཀྱི་ས་ནི་དབུས་གནས་པ། །སྟེང་འོག་བཞི་ནི ་མཆེ་བ་ཡིན། །སྟེད་འོག་གི་ནི་སོ་འགེབ་བ། །གཉིས་པོ་མཆུ་ནི་ཡིན་པར་བཤད། །མཆུ་མཛའ་ཡི་ནི་ངོས་གཉིས་ན། །འགྲམ་པའི་དབུས་ཆུད་པ་འགྲམ་ཡིན། །ཡ་མཆུའི་སྟོང་ན་བགྲོས་ཡོད་དེ། །དེ་ཡི་སྟེང་གི་མཆུ་ལྟག ་ཡིན། །མ་མཆུའི་འོག་མ་ཀོ་ས་ཀོ་སྟེ། །དེ་ལྟག་འགམ་པ་ཡིན་བར་བཤད། །སྣ་གོད་མི་གཉིས་བར་འཚམས་གདོང། །གདོད་གི་ཡན་ལག་སྣ་གོད་གཉིས། །གདོང་གི་ངོས་གཉིས་ཁུར་ཆོས་ཡིན། །དེ་བར་དམའ་བ ་མཆི་མའི་སྟན། །དེ་དག་རྣམས་ཀྱི་གོང་ན་མིག། མིག་འབྲས་འགེབས་བ་མིག་མཆུ་ཡིན། །མིག་མཛའ་ཨི་དཀར་པོ་མིག་སྦིན་ཡི། །དེ་དབུས་ཟླུམ་ནག་མཐོང་མིག་ཡིན། །མཐོང་མིག་ནག་པོ་ཟླུམ་པོའི་དབུས། །འཕྲ་ཞིས ་ཞིང་དང་བ་མིག་རྒྱལ་མོ། །མིག་ལྟག་གཉིས་ནི་མིག་གི་སྒྱུ། །དེ་སྟེངས་སྨིན་མ་གཉིས་ཡིན་ནོ། །མིག་གི་རྒྱབ་ནི་མིག་ཟུར་སྟེ། །ནང་གི་མཚམས་ནི་མིག་ཕུགས་ཡིན། སྨིན་གམ་གཉིས་རེ་དཔྲལ་བ་སྟེ། །དབྲལ་བའི་སྟེང་གི་དཔྲལ་མཚམས་ཡིན། ་དེ་སྟེངས་སྤྱི་བོ་ཡིན་པར་བཤད། །རྣ་བའང་གཉིས་བར་གླད་པ་སྟེ། །མིག་ཟུར་མུ་འགྲམ་བར་མུར་ཀོད། །མུར་ཀོང་རྣ་བའི་བར་མུར་འགྲམ། །མཁུར་ཆོས་གཉིས་ཀྱི་རྒྱབ་ཟ་ཡུ། །དེ་གཉིས་ཕྱི་རོལ་འགྲམ་གླང་ཡིན། །འགྲམ་པ་སྲོལ ་གོང་གཉིས་ཀྱི་བར། །ལྐོག་མ་ཞེས་ནི་བྱ་བར་བཤད། །རྣ་བ་གཉིས་ཀྱི་སྟེང་དང་རྒྱབ། །རྣ་ལྟག་དང་ནི་རྣ་མཆེན་ཡིན། །མགོ་དང་ཕྲག་སོའི་བར་སྐེ་མགྲིན། །སྐེ་མགྲིན་ཕྲག་སོའི་ལྟག་རྐེ་རྩ། །དེ་སྟེང་རྡོག་གཡབ་ཡིན་པར་བཤད། །རྡོག་མཛའ་ ་རྣ་བའི་བར་ཕུམ་ཕུམ། །རྡོག་གཡབ་མཛའ་ནི་ཟེའུ་ལྟག་སྟེ། །དེ་ཡི་རྒྱབ་ནི་དང?་རུ་ཡིན། །དང་རུའི་འོག་ནི་ནམ་ཆོད་ཞེས། །རྟ་རྣམས་ལ་ནི་བཤད་པ་ཡིན། །ཟེའུ་ལྟག་གི་ནི་འོག་མ་ཉིད། །ཟེའུ་ཡིན་པར་ཤེས་བར་བྱ། །ཟེའུའི་རྗེས་ཐོགས་ཁོ་ན ་ལ། །སྒ་འོག་ཡིན་པར་ཤེས་པར་བྱ། །དེ་ཕན་ཅད་ནི་རྒལ་ཚིགས་དང། །རྒྱབ་ཉིད་ཡིན་པར་ཤེས་པར་བྱ། །ཟེའུའི་ངོས་གཉིས་ཕྲག་སོ་སྟེ། ཕྲག་སོའི་རྩ་བ་དབུད་མགོ་ཡིན། །ལྐོག་མ་དང་ནི་སྲོལ་གོད་བར། །མིད་ང་འོ་དེ་འོག་སྲོལ་མདུད ་ཡིན། །མིད་འོག་ལག་པར་བྲང་ཡིན་ནོ། །དེ་རྗེས་ལག་འོག་བར་སྙིང་ག། དེ་འོག་དཔུང་སྣ་དབུད་པ་ཡིན། །དཔུང་པའི་ནང་ནི་མཚན་ཁུད་ཕན། །རྒྱབ་ཀྱི་ཆ་ནི་དཔུང་རྒྱབ་ཡིན། །དེ་འོག་པུས་མོ་གཉིས་ཀྱི་ལྟག། པུས་གོང་དང་ནི ་ལག་ངར་གཉིས། །བུས་མོའི་འོག?་རུ་ཚིག?་གྲང་སྟེ། །དེ་འོག་ཚིག་གྲང་ཕྲ་མོ་ཡིན། །ཚིག་གྲང་སྦོམ་ཕྲའི་བར་ན་ནི། །ཚིག་གྲང་ནད་དེ་དེ་འོག་གི། མདུན་གྱི་ཆ་ནི་ཚེའུ་གདོད་ཡིན། །རྒྱབ་ནི་ཆེའུ་སྤུར་? ་བྱ། །དེའི་ལྷག་དེ་ནི་སྒྲོག་མཁར་ཡིན། །དེའི་ཡང་འོག་ན་ཡོད་པ་ཡི། །ཚེའུ་ཚེ་ཞེས་ནི་བྱ་བར་བཤད། །དེའི་འོག་རྨིག་པའི་མཚམས་ཡིན་ལ། །དེ་ཡི་འོག་ཏུ་རྨིག་པ་ཡིན། །རྨིག་པའི་མཛའ་མ་རྨིག་སྒོས་ཡིན། །རྨིག་པའི ་འོག་ནི་རྨིག་མཐིལ་ཏི། །རྨིག་མཐིལ་ནང་མཛའ་སྦལ་པའི་མཚམས། །རྨིག་མཐིལ་དབུས་ནི་སྦལ་པ་ཡིན། །དབུང་མཛའ་ཨི་མགོན་སྙིང་ཡོད་དེ། །ངེའི་ངོས་ནི་རྩིབ་ལོགས་ཡིན། །རྩིབ་ལོག་འོག་ཏུ་དཀུ་ཡིན་ལ། །དེ་ཡི་སྟེང་ནི་སྒ་འདབ་ཡིན། །རྒལ ་ཆི་གས་ཀྱིས་ནི་ཆ་དག་གི། མཚམས་ནི་རོ་སྣང་ཡིན་པར་བཤད། །རུས་པ་གསུམ་ནི་འདུས་པ་ཡི། །སུམ་མངོ?་མཇུག་ཏོ་ཡིན་པར་བཤད། །མཇུག་ཏོའི་འོག་ཏུ་ཨོང་ངོ?་སྟེ། །དེ་རྗེས་རྔ་རྩ་ཡིན་པར་བཤད། །དེའི་ངོས་སྤྱི་སྟེང་ཡིན།། ་དབྱི་སྟེང་འོག་ནི་རོ་ཧི་ནི། །བར་ན་རྔ་མ་རྔ་སྙིང་བཅས། །དེ་གཉིས་འོག་ནི་བརླ་དབྱིའི་མཚམས། །རྔ་རྩའི་འོག་ནི་རྐུབ་ཡིན་ལ། །དེ་ཡི་ངོས་གཉིས་རྐུ་བཙོས་ཡིན། །དེ་ཡི་འོག་ནི་འབྲེག་ཡིན་ལ། །དེ་དག་གེར་ནི་མཇུག་སྲུངས་ཡིན། །བརླ ་ཡེ་ནང་ན་རླིག་པ་སྟེ། །རླིག་པ་དང་འབྲེལ་མཚན་ཡིན་ནོ། །དེ་གཉིས་མདུན་ན་སྨད་པ་སྟེ། །སྨང་ག་སྙིང་ངའི་དབུས་ལྟ་བ། །དགུ་ཡང་བར་ན་གནས་པ་ཡིན། །དཀུ་ན་ལྟ་བའི་བར་ན་རྒྱུ། །རྒྱབ་དང་དཀུ་ཡི་བར་ར་ན་འདྲ། །རན ་འདྲའི་འོག་ནི་སྡུ་གུ་མིག། དེ་ཡི་ཕ་རོལ་དཔྱི་ཡིན་ཏེ། །དེ་ཡི་འོག་མ་བརླ་ཡིན་ནོ། །དེ་ཡི་ཡང་འོག་བརླ་ཕྲ་མོ། །དེ་ཡི་འོག་ནི་རྗེ་དར་ཡིན། །དེ་འོག་སྲེ་ལོང་ཆིག་གང་ཡིན། །ལྷ་གམ་རོ་སྟོང་རྗེས་འབྲངས་ཏེ། །ཐམས ་ཅད་ཉེ་བར་དབྱེ་བར་བྱ། །ཤ་ལི་ཧ་ཏྲའི་མདོ་གནས་ལས། །བསྟན་པ་རྣམས་བཤད་པ་སྟེ་ལེའུ་བཅུ་པའོ།། །།རྟ་ཡི་ཚེ་ཡི་རིག་བྱེད་མཁན། །དྲང་སྲོང་མགྱགས?་འགྲོའི་གཉེན ་གྱུར་བ། །ཤ་ལི་ཧོ་ཏྲ་དབང་ཐུལ་ལ། །མཛའ་ལ་རྒྱལ་གྱིས་ཡོངས་དྲིས་པ། །རྟ་ཡི་ཚུལ་གྱི་དེ་ཉིད་མཁྱེན། །ཚད་ནི་རྣམ་པ་དུ་རུ་བཤད། །མི་སྡུག་གཞལ་མིན་གང་ཞིག་ལགས། །སྡུག་ཅིང་གཞལ་བཟོད་གང་ཞིག་ལགས། །ཡན ་ལག་ཉིང་ལག་ཤེས་པ་དང། །གྲངས་ཉིད་ཀྱི་ནི་བྱེ་བྲག་རྣམས། །བདག་ཅག་བློ་གྲོས་ཞན་བསམ། ལེགས་ལྡན་ཁྱོད་ལས་མཉན་བར་འཚལ། །དེ་སྐད་སྨྲས་ཚེ་སློབ་དཔོན་གྱུར། །དྲང་སྲོང་ངམ་བས་སླར་སྨྲས་པ། །ཇི་སྐད་བསྟན་པ་འདི ་མཉན་ནས། །མཛའ་ལས་རྒྱལ་གྱིས་བཟུང་བར་གྱིས། །རྒུར་ཞིང་གདོད་དང་རྐེང་པ་ཞུམ། །འཁུམས་དང་ཤིན་ཏུ་རྒྱས་གྲགས་དང། །འདུག་དང་དབང་པོ་ཡུལ་གྱི་གནས། །དེ་བཞིན་བྲང་ནི་འཕྱུགས་པ་དང། །རྐེང?་པ་སྐྲངས ་པར་གྱུར་པ་དང། །ཤིན་ཏུ་དམའ་དང་ཤིན་ཏུ་མཐོ། །གང་ཞིག་ལུས་སྟོང་ཤིན་ཏུ་ཆེ། །དེ་བཞིན་རྒྱབ་ནི་ལྷག་པར་དམའ། །ལུས་ནི་ཤིན་ཏུ་མི་སྡུག་དང། །དེ་བཞིན་རྐེད་བཞུམ་པ་སྟེ། །མི་སྡུག་རྟ་ནི་བཅུ་པོ་འདི། །གཞལ་མིན ་ཡིན་པར་ཤེས་པར་བྱ། །སྟོབས་མཉམས་ཤིང་མཛེས་པ་ཡི། །ལུས་ལྡན་རྟ་ནི་བཅོ་ལྔ་པ། །ལུས་ཀྱི་ཆུ་ཞིང་ལེགས་གནས་ཤིང། །གནས་ཀྱི་ཆི་ནམ་འཆུགས་པ། །ཆོད་ཤེས་པ་ཡི་གཞལ་བྱ་ཡི། །གཟུགས་ངན་ནམ ་ཡང་མི་གཞལ་ལོ། །རྐེ་མགྲིན་ལུས་ནི་ཆ་མཉམ་ཞིང། །རྔ་སྙིང་མགོ་དང་མཉམ་པ་དང། །ོང?་མངོ?་ངང?་ནི་བྲང་ཞིང་མཉམ། །པུས་མོའི་ཚེའུ་མཉམ་པ་དང། །དབངས་དང་ཞེང་གི་ཚང་དང་ནི། །ལེགས་པ་སྙོམས་པར ་གྱུར་པའི་རྟ། །དེ་འདྲའི་ཚད་དང་ལྡན་པ་དག། ཆ་མཉམ་ཡིན་པར་ཤེས་བར་བྱ། །རྟ་ནི་ལུས་ཀྱི་ཆ་མཉམ་པའི། །ཚང་ནི་རྣམ་གསུམ་མཉམ་པར་གྱིས། །རྟ་མཆོག་གི་ནི་དཔྲལ་བ་ལ། །སོར་ནི་བཅུ་གཉིས་ཡོངས ་བཤད། །རྣ་བ་སོང་དྲུག་ཡིན་ཞེས་བྱ། །སོ་དག་སོར་ནི་ཕྱེད་དང་གཉིས། །མིག་ནི་སོར་གསུམ་ཤེས་པར་བྱ། །མཆེ་བའི་དབངས་ནི་སོར་གཉིས་ཡིན། །མགོའོ་སོར་ནི་ཉི་ཤུ་བརྒྱད། །ཕུམ་ཕུམ་གནས་ནི ་དཔངས་སོར་གསུམ། །རྟ་མཆོག་གི་ནི་ཆུ་དུ་ནི། །སོར་བརྒྱ་རྩ་བཞི་ཉིད་ཡིན་ནོ། །སྐེ་མགྲིན་སོར་ནི་སུམ་ཅུ་སྟེ། །ཟེའུ་ལྟག་སོར་ནི་དྲུག་ཡིན་ལ། །རྒྱབ་ནི་སུམ་ཅུར་ཤེས་པར་བྱ། །ོང་ངོ་གདོང་པ་ངག་དང་མཉམ། །འབྲེག་ནི་སོར་ནི་བཅུ ་ཡིན་ཏེ། །འདི་ཡི་ཆུ་ཡི་ཆང་དུ་བཤད། །རླིག་པ་བིལྦ་བཟང་པོ་ཡི། །ཚད་ཙམ་ཡོད་པ་ཤེས་པར་བྱ། །རྟ་མཆོག་གིས་ནི་མཚན་དག་ལ། །སོར་ནི་བཅུ་དྲུག་ཡིན་ཤེས་བྱ། །འཕྲག་སོ་སོར་ནི་ཉི་ཤུ་དྲུག། དཔུང་མགོ་ཉིང་ནི་སོར་བཅུ ་ཡིན། །དབུང་པ་ཉི་ཤུ་རྩ་བཞི་སྟེ། པུས་མོའི་ཚིག་ནི་སོར་དྲུག་བ། །ཆེའུ་སྤུ་སོད་དྲུག་ཡིན་ཞེས་བྱ། །ཚིག་གྲང་དཀྱུས་སུ་སོར་བཅུ་དྲུག། ཚེའུ་ཚ་སོར་ནི་དྲུག་པ་ཡིན། །རྨིག་པའང་དེ་དང་མཉམ་པ་ཡིན། །རྐེད་པའི་དབུས ་ཀྱི་ཞང་གང་ཡིན། །དཔངས་ནི་དེ་དང་མཉམ་པ་ཡིན། །ཚད་ནི་རྟ་མཆོག་དག་གི་ཡིན། །དེ་ནས་བར་མའི་བཤད་བྱ་སྟེ། །དབྲལ་པའི་ཆད་ནི་སོར་བཅུ་ཡིན། །གདོང་པ་སོར་ནི་ཉི་ཤུ་དྲུག། མིག་ལ་སོར་ནི་ཕྱེད་དང་གསུམ ་ཕུམ་ཕུམ་གནས་ཀྱང་དེ་དང་འདྲ། །སོར་ལ་སོར་གཅིག་བཞི་ཆ་གཅིག། མཆེ་བ་སོར་གཅིག་བཞི་ཆ་གཉིས། །རྣ་བའི་དབངས་སུ་སོར་ལྔ་རུ། །རྟ་ནི་བར་མའི་ཡིན་པར་བཤད། །སྐེ་མགྲིན་ཉི་ཤུ་རྩ་བདུན་དུ། །བསྟན ་བཅོས་རྟོགས་པས་ཤེས་པར་བྱ། །རྡོག་མཛའ་སོར་ནི་ལྔ་རུ་བཤད། །རྒྱབ་ནི་སྐེ་མགྲིན་དག་དང་མཉམ། །འབྲེག་ལ་སོར་ནི་བདུན་ཡིན་ཏེ། །ོང་དོ་ཉི་ཤུ་རྩ་དྲུག་ཡིན། །བར་མ་འདི་ཡི་ཆུ་རུ་ནི། །སོ་རིན་དབུ་བཅུ་རྩ ་གཉིས་ཡིན། །མགོ་བོ་སོར་ནི་ཉི་ཤུ་དྲུག་།འདི་ཡི་རྔ་སྙིང་དེ་དང་མཉམ། །བར་མ་རླིག་པའི་ཚང་ངག་ནི། །བིལྦ་འབྲིང་བོ་ཙམ་ཡིན་ནོ། །བར་གྱི་མཚན་གྱི་ཚད་དག་ནི། །སོར་ནི་བཅུ་བཞི་ཡིན་པར་བཤད། །སྤངས་སུ་སོར་ནི་བཅུ ་དགུ་ངག་།འདི་ལ་བསྔགས་བར་གྱུར་པ་ཡིན། །ཕྲག་སོར་སོར་ནི་ཉི་ཤུ་ལྔ། །དཔུང་མགོ་སར་ནི་བརྒྱད་ཡིན་ནོ། །དཔུང་བ་སོར་ནི་ཉི་ཤུ་གསུམ། །པུས་མོ་ཚའུ་དང་མཉམ་པ་ཡིན། །ཚིག་གྲང་སོར་ནི་བཅུ་བཞི་སྟེ། །ཚེའུ་སྤུ་སོར ་ནི་ལྔ་པ་ཡིན། །ཚེའུ་ཚེའང་སོར་ནི་ལྔ་བ་སྟེ། །རྨིག་བའང་དེ་དང་འདྲ་བར་བཤད། །རྟ་ཡི་ཐ་མ་དག་གི་ཚད། །དཔྲལ་བསོར་ནི་བརྒྱང་ཡིན་ཏེ། །མགོ་བོ་སོར་ནི་ཉི་ཤུ་བཞི། །མིག་ནི་སོར་གཉིས་ཡིན་ཞེས་བྱ། །ཕུམ་ཕུམ་གནས ་ཀྱང་དེ་དང་འདྲ། །མཆེ་བ་སོར་ནི་ཕྱང་དང་གཉིས། །སོ་ཡི་དཔངས་སུ་སོར་གཅིག་ཡིན། །རྣ་བའི་དཔངས་ནི་སོར་བཞི་སྟེ། །སྐེ་འགྲམ་ཉི་ཤུ་རྩ་བཞི་སྟེ། །རྡོག་མཛའ་སོར་ནི་བཞི་ཡིན་ནོ། །རྒྱབ་ནི་རྐེད་པ་ཉིད་དང་མཉམ། །འབྲེག ་གི་ཚད་ནི་སོར་བཞི་སྟེ། །ོར་ངོ་སོར་ནི་ཉི་ཤུ་བཞི། །ཆུ་རུ་སོར་ནི་བརྒྱད་ཅུ་ཡིན། །མགོ་བོ་ཉི་ཤུ་རྩ་བཞི་སྟེ། །རྔ་སྙིང་དག་ཀྱང་དེ་དང་མཉམ། །རླིག་པ་བིལྦ་ཆུང་དུ་ཙམ། །ཕོ་མཚན་སོར་ནི་བཅུ་གཉིས་ཡིན། །རྟ་ནི ་ཐ་མའི་དཔངས་སུ་ནི། །སོར་ནི་བརྒྱད་ཅུ་ཡིན་པར་བཤད། །ཕྲག་སོ་སོར་ནི་ཉི་ཤུ་བཞི། །དཔུང་མགོ་འདི་ཡི་སོར་དྲུག་ཡིན། །དབུང་བ་སོར་ནི་ཉི་ཤུ་གཉིས། །པུས་མོ་སོར་ནི་བཞི་ཡིན་ལ། །རྟ་ནི་ཐ་མའི་ཚིག་གྲང་གི། ་དཔངས་ནི་སོར་བཅུ་གཉིས་ཡིན་ནོ། །ཆེའུ་སྤུའི་གནས་ནི་སོར་བཞི་སྟེ། །ཆེའུ་ཚེ་རྨིག་པ་དེ་དང་འདྲ། །དེ་ལྟར་ཆུ་ཡི་ཚང་བཤད་པ། །ཆ་ནི་ཅི་བཞིན་བཞག་པ་ཡིན། །རོ་སྟོང་ཀྱི་ནི་དཔངས་གང་ཡིན། །འོག་ནས་རྡོག་མཛའ་ཨི ་པར་དུ་གཞལ། །རོ་སྨད་མཇུག་ཏོའི་མཚམས་ནས་ནི། །འོག་ནས་སྟེང་དུ་དེ་བཞིན་གཞལ། །དེ་ལྟར་དཔངས་སུ་གཞལ་ནས་ནི། །བསྟན་བཅོས་མཁས་པས་བྱ་བ་ཡིན། །རྔ་སྙིང་རྩ་ནས་མི་གཟུར་གྱི།།? ་དུ་ཆུར་ནི་གཞལ་བར་བྱ། །དཔྱི་སྟེང་མཇུག་ཏོ་དབྱི་མགུལ་དང། །བརླ་དཔྱིའི་མཚམས་ནི་གང་ཡིན་པ། །མཆོག་དང་བར་མ་ཐ་མ་ཡའང། །ཕྱག་སོ་དང་ནི་མཉམ་པ་ཡིན། །རྗེ་དར་དཔྱི་ཡི་བ་ཧ་ལས། །སོར་གཅིག་གིས་ན་ཚུང་པར ་བཤང། །སྠུར་པུས་མོའི་ཚང་ལས་ནི། །སོར་གཅིག་ལྷག་པར་ཤེས་པར་བྱ། །ཆིག་གྲང་ལ་སོགས་སྔར་བཤད་པ། །ཕྱི་རྐང་གི་ཡང་དེ་འངར?་ལྡན། །ནས་བརྒྱད་ཀྱི་ནི་ལྟོ་གཤིབས་པའི། །ཞེང་ནི་སོར་དུ་ཤེས་པར་བྱ། །ལ་ལ ་མཐེ་བོའི་ཆགས་ཀྱི་ཞེང། །སོར་ཡིན་པར་ནི་འཆང་པར་བྱེད། །གཞན་དག་སྐྱེས་བུ་རན་པ་ཡི། །ལ་གསོར་གྱི་ནི་གུད་མོ་ཡི། །ཚིགས་ནི་དབུས་མའི་ནང་དག་ལ། །སེར་ཡིན་པར་ནི་འདོད་པ་ཡིན། །རྟ་གཞན་གང་དག་ཡོད ་པ་དག། ཚ་ང་འདི་ཡིས་ནི་གཞལ་བར་བྱ། །དེ་ལྡར་མཆོག་དང་བར་མ་དང། །ཐ་མར་གྱུར་བའི་རྟ་གསུམ་ལ། །ཚད་ནི་རྣམ་པ་གསུམ་དག་གིས། །གཞལ་བར་འདིར་ནི་བཤད་པ་ཡིན། །དེ་ལྟར་ཆུ་ཞེང་ཚང་ལྡན་པའི། །ལུས ་དང་ལྡན་པ་གང་ཞིག་ཡིན། །ལུས་དང་འཚམ་པར་ཤ་རྒྱས་ཤིང། །རྐང་པ་སྲ་པ་མཚན?་དང་ལྡན། །ཡན་ལག་གསལ་ཞིང་མཉན་པ་དང། །ལུས་སྙོམས་ཤ་ནི་མཁྲེགས་པ་དག། བཀྲ་ཤིས་དཔལ་སྐྱེད་དགེ ་བ་དང། །འདོད་པ་ཐམས་ཅད་སྦྱིན་བྱེད་ཡིན། །ཤལ་ཧོ་ཏྲའི་མདོག་ནས་ལས། །ཚད་གཞལ་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་གཞན་ཡང་ཡན་ལག་བཅུའི། །ཆ་ཡི་ལེའུ ་བཤད་པར་བྱ། །དང་པོའི་གནས་ནི་དཔྲལ་བ་ཡིན། །མཐར་ཐུག་ཚད་དུ་བཤད་པ་ཡིན། །གཉིས་པ་དབྲལ་པའི་སྟེང་གི་ནི། །གླང་པ་ལ་ནི་བརྟེན་པ་ཡིན། །གསུམ་པ་སྐེ?་མགྲིན་ཕྲག་སོ་ཡི། །ལུས་ཀྱི་ཕྱོགས་ནི་ཡིན་པར་བཤད། །ནམ ་ཆོང་ཟེའུ་སྟག་ཟེའུ། །དཔུང་མགོ་དེ་གཞིན་ཕྲག་སོ་དང། །སོག་པའི་གནས་ནི་གང་ཡིན་པ། །བཞི་པ་དག་ནི་ཡིན་པར་འདོད། །ལུས་ཀྱི་རོ་སྟོང་ཆ་མཉམ་དང། །དཔུང་སྣ་ལ་སོགས་ལྔ་བོ་ཡིན། །སྙིང་ག་ལག་འོག་རྩིབ ་ལོགས་དང། །སྒ་འོག་དང་ནི་རྒྱབ་ཉིད་ནི། །རྟ་ཡི་གནས་ནི་དྲུག་པ་ཡིན། །རྒལ་ཚིག་དང་ནི་ལྟོ་བ་དང། །མཚན་གྱི་ཉེ་འཁོར་གང་ཡིན་དང། །རྒྱུ་དང་མི་རྒྱུ་གང་ཡིན་རྣམས། །གནས་ནི་བདུན་པ་དག་ཏུ་བཤད། །ོང ་ངོའི་ཕྱོགས་ན་གང་ཡོད་དང། །བརླ་གཉིས་དང་ནི་བཅས་པ་དག། དེ་དག་གནས་ནི་བརྒྱད་པ་ཡིན། །དཔུང་པ་དཔུང་རྒྱབ་པུས་མོ་དང། །བརྐུབ་ཅོས་དབྱེ་མགུལ་སྦྱི་པ་ཚམས་དང། །རྗེ་དར་དང་ནི་བཅས། པ་དང། །གནས ་ནི་དགུ་པ་ཡིན་པར་འདོད། །པུས་མོ་རྗེ་དར་མན་ཆད་ནི། །གནས་ནི་བཅུ་པ་ཞེས་བྱའོ། །དགེ་བ་འམ་ཡང་ན་མི་དགེ་བ། །ཐམས་ཅད་ཀྱང་ནི་མཚོན་པར་བྱ། །གནས་སྐབས་ཆ་ཡི་འབྲས་བུ་དག། ་དེ་ཡི་རྟག་ཏུ་བརྗོད་བྱ་ཡིན། །དེ་བཞིན་གནས་ཀྱི་དབྱེ་བ་ཡི། །རྟ་ཡི་ཚང་ལ་སོགས་པའང་བཤད། །གནས་ཤེས་པ་ཡི་གནས་རྣམས་ནི། །རྟོགས་བར་བྱས་ལའང་འབྲས་བུ་བརྗོད། །ཚེ་དང་ན་ཚོང་ཆ་རྣམས་ནི། །གནས ་ལས་ཤེས་པར་བྱས་ཏེ་བསྟན། །མཚན་ཉིད་ལྡན་ན་འབྲས་བུར་བཅས། །གོ་ཟློག་པ་ནི་འབྲས་བུ་མེད། །མཚན་ཉིད་གནས་ནི་འཁྲུགས་པ་ལས། །འབྲུ་དུ་ཁྱད་པར་འཕགས་པར་འགྱུར། །མདོག་དང་གི?་ ་མདངས་སྙིང་སྟོབས་དྲི། །ཅི་བཞིན་དུས་སུ་འབྲས་བུ་སྟེར། །ལུས་ཀྱི་འགྲོས་དང་སྐད་དང་ནི། །རྟག་ཏུ་འབྲས་བུ་འབྱིན་པ་ཡིན། །ཐིག་ལེ་དང་ནི་གཙུག་གི་ནི། །གནས་སྐབས་ཆ་ནི་འདི་ལས་འབྱུང། །ཤ ་ལི་ཧོ་ཏྲའི་མདོ་གནས་ལས། །ཡན་ལག་བཅུའི་ཚན?་བྱེ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།ལེགས་ཐོས་ཐོས་པ་ཕུན་ཚོགས་པས། །ཤ་ལི་ཧོ་ཏྲ་དྲིས་པ། །མི་སྡུག་ཅི་ལྟར་ཤེས་པར་གྱིས། །ཇི་བཞིན ་སྡུག་པ་ཇི་ལྟ་བུ། །དམན་དང་དེ་བཞིན་མི་དམན་དང། །ཡན་ལག་ཚང་དང་མ་ཚང་དང། །གཞལ་བྱ་ཉིད་དང་གཞལ་མིན་དང། །གསོ་སླ་གསོ་དཀའ་ཇི་ལྟ་བུ། །དེ་ལྟར་བུ་ཡིས་དྲིས་པ་དང། །ཤལ་ལི་ཧོ་ཏྲས་སླར་སྨས་པ།། ་ས་སོའི་མཚན་ཉིད་ཅི་འདྲ་བ། །དེ་དག་ཁྱད་ལ་བཤད་པར་བྱ། །གང་ཡང་ལུས་ཀྱི་བྱིབས་ལེགས་ཤིང། །རྩ་རྒྱུས་གནང་བར་མི་འགྱུར་དང། །ཤིན་གནས་དང་འཚམ་པར་སྐྱེས། །ལུས་སྙོམས་གསུས་པ་ཆུང་བདུད ་?་དང་མིག་ནི་དགའ་བྱེད་པ། །རོ་སྨད་མཉམ་ཞིང་ཟླུམ་པ་དང། །མཛོས་ཤིང་དབྱིབས་ནི་ལེགས་གནས་དང། །ཡན་ལག་ཉིད་ལག་རྫོགས་པ་དང། །ཡན་ལག་ཀུན་གྱིས་དབྱིབས་ལེགས་དང། །ཉིད་ལག་རྣམས་ནི་མ ་སྡུག་དང། །མགྱོགས་ཞིང་ཉམས་དང་ལྡན་པ་དང། །དེས་ཤིང་སྟོབས་དང་ལྡན་པ་དང། །ན་ཚོང་གཞོན་ཞིང་འགྲོས་ཆེ་དང། །སྒོ་མགྲིན་ཕྲག་སོ་བྲང་གི་ཕྱོགས། །ཤ་རྒྱས་ཚད་དང་ལྡན་ལ་སོགས། །འདི་དག་གཞལ་བྱ ་ཆ་མཉམ་དང། །གསོ་སླ་མི་སྡུག་མེད་པ་ཡིན། །དེ་ལས་ཟློག་པར་གྱུར་བའི་རྟ། །གཞལ་བྱ་ལ་སོགས་མ་ཡིན་ནོ། །དེ་ལྟའི་མི་སྡུག་ལ་སོགས་དང། །ལྡན་པའི་རྟ་ནི་གང་ཡིན་པ། །ཤིང་རྟ་ལམ་དང་ཁལ་དང་ནི། །?་? ་གནས་དང་གཡུལ་དག་ཏུ། །ལས་དང་འཚམ་པ་མ་ཡིན་པས། །དེ་ཕྱིར་དེ་ནི་སྤང་བར་བྱ། །དེ་ལྟར་བླང་འོས་བླངས་ནས་ནི། །ལྷག་མ་སྡང་བྱ་རྣམ་པར་སྤངས། །ཆོད་པ་རྣམས་ལ་རྟ་དག་ནི། །བཟང་པོ་བླང་བར་གྱུར་བ་དང། །དེ་ཕྱིར་བཟང་པོ ་ཤེས་བྱས་ལ། །དེ་ལྟའི་རྟ་ནི་བླང་བར་བྱ། །སྤྲིས་མ་བཤུས་པའི་ཞོ་ལྟ་བུར། །ལྷག་མ་སྙིང་པོ་མེད་པ་ཡིན། །དེ་ལྟ་མོས་ཀྱིས་བརྩེ་བ་ཡིན། །སྤང་བྱ་དེ་ཡང་ཚོང་པ་དང། །རྟ་ལ་བརྩེ་བར་བྱ་བའི་ཕྱིར། །བླངས་ཏེ་སྦྱིན་པ་བཏང་བར་བྱ།། ་མཚན་ནི་ངན་པར་གྱུར་ན་ཡང། །མགྱོགས་ཤིང་རིགས་དང་ན་ཚོད་ལྡན། །རྒྱལ་པོས་ལྷ་ཁང་རྣམས་དང་ནི། །བྲམ་ཟེ་ལ་ནི་སྦྱིན་པར་བྱ། །མ་ནིང་རྒན་དང་ནད་ཀྱིས་ཉེན། །ཉེ་འཁོར་གནས་པའི་མིངས་སྦྱིན། །རླིག་པ་མེད་དང་རླིག་གཅིག་པ ་རླིག་སར་དང་ནི་ལུས་སྐེམས་དང། །ཡན་ལག་མཚར་གྱུར་བ་དག། ཉུད་རུམ་ལ་སོགས་རྣམས་ལ་སྦྱིན། །གཡུལ་དུ་འཇུག་པར་མི་ནུས་པ། །གར་མཁར་དང་ན་བླུ་མཁན་དང། །ཁྲུས་མཁན་དང་ནི་འདྲེག་མཁན་དང། །དེ་འདྲའི་ཚུལ ་ལྡན་དག་ལ་སྦྱིན། །དེ་ལ་ཤིན་ཏུ་མི་སྡུག་པ། །ཤིན་ཏུ་བཟང་བའང་མི་སྦྱིན་ནོ། །ཤུ་ལག་དང་གཟུགས་མི་སྡུག། སོ་མི་སྡུག་དང་མི་བསྐུན་པ། །ཉེ་འཁོར་གྱི་ནི་?་ཉ་སོགས། །དྲག་ཤུལ་བྱེད་པ་རྣམས་ལ་སྤྲིན། །འགྲོས ་ཆུང་བ་དང་སྤག་པ་དང། །རྐང་ངན་བླས་ཀྱི་ནང་མི་སྐྱིན། །རྟལ་གདུག་པར་གྱུར་པ་ནི། །མཚམས་བསྲུང་མཛའ་འཁོ་བ་བདག་དང། །ཉེས་པ་ཆེར་ལྡན་དག་ལ་སྦྱིན། །རང་གི་ཡུལ་དུ་དེ་མི་བཞག། དེ་རྣམས་རྟོག ་ལ་མཁས་པ་ནི། །རྒྱལ་པོའི་དྲུང་དུ་རྟག་པར་བཞག། དེ་ལྟར་རྟ་ནི་རྣམ་ཕྱེ་ན། །རྒྱལ་པོའི་འབྱོར་བ་འཕེལ་འགྱུར་ཞིང། །ཡིད་ནི་དཀའ་ཞིང་མགུ་བ་ནི། །གཡུལ་རང་སྐྲ་ལས་རྒྱལ་བར་འགྱུར། །ཤ་ལི་ཧོ་ཏྲའི་མདོའི ་གནས་ལམ། །སྡུས་པ་དང་མི་སྡུག་བ་རྣམ་པར་བྱེ་བའི་ལེའུ་སྟེ་བཅུ་གསུམ་བའོ།། །།?་འཆར་ཀ་འདྲ་བ་ཡི། །དྲང་སྲོང་བ་ལ་བྱག་བྱས་ཏེ། །ལེགས་ཐོས་ཀྱི་ནི་ཟས?་ཀྱི་ཆད། །ནམ ་བར་བཏགས་པ་དྲིས་གྱུར་པ། །ལེག་པ་ལྡན་མི་ལ་ཟས་ཀྱི་ཚད། །བཤད་ཀྱིས་རྟ་ལ་ཅི་ཞིང་འཚལ། །བྱུགས་རྣམས་དང་ནི་ཁྱད་པར་དུ། །རྟ་ལ་ངལ?་སོ་མ་མཆིས་ཏེ། །དེ་རྣམས་དབུགས་འབྱིན་ཙམ་གྱིས?་ནི། །ཟོས་ཤད་བཅས་པ་འཇུ ་གྱུར་ལ། །ཕྱུགས་ན་ལྟོ་བར་གྲགས་བས་ན། །དེ་ལ་ཚད་ནི་ཅི་ཞིག་བགྱི?། །དེ་སྐད་ལེགས་ཐོས་ཀྱིས་སྨས་ཚེ། །ཤ་ལི་ཧོ་ཏྲས་སླར་སྨས་པ། །བློ་གྲོས་བཟང་པོ་ནན་ཏན་དུ། །ཤིན་ཏུ་གྲངས་ཀྱང་ཆད་ཙམ་དུ། ཁྱིན་ན་དགའ་བ་སྐྱེད་བྱེད ་ཅིང། །ཚོད་ཟིན་དུག་ཀྱང་བདུད་རྩིར་འགྱུར། །ཚོད་མ་ཟིན་ན་བདུད་རྩིས་ཀྱང། །གསོད་པར་འགྱུར་བ་ཉིད་ཡིན་ནོ། །བདེ་ཞིང་གསོལ་འཚོ་བྱེད་པས། །ཚོད་ཟིན་འཇིག་རྟེན་མ་དང་འདྲ། །དེ་མེད་སྲོག་མཛའ་ཨི་འཇིགས་བསྐྱེད་ལ། །དེ་དང ་ལྡན་ན་གནས་མཆོག་འགྱུར། །རྟ་ནི་མང་དུ་ཟབས་ན། །ཚང་ཅིང་དགོས་བ་བདེན་མོད་ཀྱི། །སྨན་དང་ཟས་སྐོ་མཆོག་ནི། །འགྲོང་ན་བོར་བུ་ལ་ཡང་དགོས། །ཆོད་མ་ཟིན་ན་སྨན་གྱིས་ཀྱང། །ནད་གཞན་སྐྱེད་བར་འགྱུར ་ཡིན་ལ། །ཚེད་དང་ལྡན་པར་བྱས་པ་ཡིས། །དུག་གིས་ཀྱང་ནི་ནང་འཇོམས་སོ། །རྫས་དང་འཇུ་སྟོབས་རྫས་ཅི་ཡང། །ཚད་ནི་རྣམ་པ་གསུམ་ལ་འཇུག། སྙིང་དགའ་ཤུགས་ནི་མ་བཀག་དང། །ལྟ་ལ་ཤིན་ཏུ་མི་གནོད་དང།། ་རྩིབ་སོགས་རྣམ་པ་ནི་བདེ་བ་དང། །གསུས་བ་ལྕི་བདམ་གྱུར་ལ། །བཀྲེས་རང་སྐོམ་ནི་ཞིབ་དང། །དབང་པོ་རྣམས་ནི་ཆིམ་པ་དང། །དབུགས་རྡུབ་དབུགས་དབྱུང་བདེ་བ་དང། །བ་ཉིད་ནི་བདེ་བར་ལོག་བྱེད་དང། །སྟོབས་དང ་ཁ་དོག་འཕེལ་བྱེད་དང། །བདེ་བར་འཇུ་བར་འགྱུར་བ་དང། །ལུས་གཟུངས་འཁྲུག་པར་མི་བྱེད་པ། །ཚེད་ཟིན་ཟོས་པ་ཡིན་པར་བཤད། །ཁ་ཟས་ལྕི་བས་ལྟོ་བ་ཡི། །ཕྱེད་མ་སུམ་ཆ་བཀང་བ་བསྔགས། །ཁ་ཟས་ཤིན་ཏུ་ཡང་བ་ཡང ་ཤིན་ཏུ་འགྲངས་པར་མི་སྦྱིན་ནོ། །དེ་ལྟར་ཚད་ལས་ཚད་མིན་པར། །ཁ་ཟས་ཤིན་ཏུ་ཡང་བ་དང། །ཤིན་ཏུ་འགྲངས་པར་མི་སྦྱིན་ནོ། །དེ་ལྟར་ཚད་ལས་ཚད་མིན་པར། །ལྷག་པ་འམ་ཆུངས་པར་གྱུར་པ་ནི། །སྟོབས ་དང་སྙིང་སྟོབས་བློ་དང་ནི། །མདོག་དང་དབང་པོ་ལ་གནོད་བྱེད། །རླུང་ནི་འགག་བ་འམ་སྦྱོར་བར་བྱེད། །ནད་སྐྱེད་བྱེད་བའི་མཆོག་ཡིན་ལ། །རོ་མི་ཙ་ཞིང་ཚེ་ཐུང་དང། །མདངས་མེད་བཀྲ་མི་ཤིས་པར་འགྱུར། །དེ ་བས་རྟོ་རྣམས་ལོག་པ་ཡི་།ཟས་ལ་སྦྱོད་ལམ་བཟོག་བར་བྱ། །འགྲོ་ངས་གྲགས་པར་ནི་གྱུར་པ་ལས། །ནད་གཞི་ཐམས་ཅད་འཁྲུག་བྱེད་ཅིང། །གསུང་དང་ཕོ་བའི་ནད་སྐྱེད་པས། །རྟ་ནི་དེ་ལས་བཟློག་པར་བྱ། །ཇི ་ཙམ་བྱས་ནི་ལྟོ་བའི་མེ། །འབར་འགྱུར་དེ་ཙ་མི་སྦྱིན་པར་བྱ། །ཚད་མི་ལྡན་པར་བྱིན་པ་ཡིས། །ཡང་ན་གྲགས་པ་འམ་མཚུངས་པར་འགྱུར། །རྫས་ནི་ཆུ་སྐྱེས་བརླན་ཅན་དང། །སྐམ་སར་སྐྱ་སྟེ་གསུམ་དུ ་འདོད?། །དེ་དག་ཚད་མི་ལྡན་པར་ནི། །བཟའ་བའི་བྱ་བའང་ཐོབ་འདོད་དེ་།མར་དང་སྦྲང་རྩི་མཉམ་ཟས་སོགས། །ཚང་མི་ལྡན་དང་འདྲ་བ་ཡི། །བྲས་ནི་སྨོས་ཀྱི་སྐོམ་འམ་ནི། །སྣམ་མས་ཅུ?་ཡི ་ཚོགས་དང་ནི། །གངས་ལྷགས་བསྟན་པ་གྲགས་པས་ཀྱང། །ཚད་མི་ལྡན་པར་གནོད་པ་སྐྱེད། །དེ་བས་སྤྱི་དང་ཁྱད་པར་གྱི། །ཚད་ནི་ང་ཡིས་བཤད་པར་བྱ། །འོ་ལམས་བཞི་མ་ཤ་ཡིན།། ་དེ་བཞི་ལ་ནི་ཤན་སྟེ། །དེ་གཅིག་ལ་ནི་སུ་བན། །དེ་ཉིད་ཞོ་གཉིས་ཞེས་བྱའོ། །དེ་བཞི་ལ་ནི་སྲང?་གཅིག་སྟེ། །དེ་བཞི་ལ་ནི་ཕུལ་དུ་བཤད། །ཕུལ་བ་ནི་ལ་ནི་བྲེ་གང་ཡིན། །དེ་བཞི་ལ་ནི་? ་བཞི་སྟེ། །དེ་བཞི་ལ་ནི་དྲོན་ཡིན། །འདི་ནི་སྤྱི་ཡི་ཚང་ཡིན་ལ། །གཤེར་རྫས་ལ་ནི་ཉེས་འགྱུར་བྱ། །སྣམ་ནི་ཚད་ཀྱི་ཕྱེད་དུ་བྱ། །ཀྵ་ལག་པའི་མཐིལ་ལ་སོགས། །ཞེ་གཉིས་ཀྱི་ནི་མིང་ཡིན་ནོ། །སྲང་བྱེད་མིང་ནི་ཡ་མྲད ་བཅས། །སྲང་གཅིག་ཨུ་དུམྦ་རང་བཤད། །སྲང་གཉིས་ཁྱོར་གང་ཞེས་བྱར་བཤད། །དེ་གཉིས་ལ་ནི་སྙིམ་པར་བཤད། །དེ་ལ་ཙྭ་སྐམ་དག་ལས་སྲང། །བརྒྱད་བརྒྱ་རྟ་ལ་རན་པ་ཡིན། །རློན་པ་དེའི་འདབ་སྙེ?་མར? ་བཅས། །བཞི་བརྒྱ་ཉིན་མཚན་གཅིག་ལ་རན?། །ཐུག་སོགས་ལས་ནི་བྲེ་བཞི་ཙམ། །བཟའ་སྐམ་བྲེ་ནི་ཕྱེ་བར་གཉིས། །སྣུམ་ལས་ཕུལ་གང་བཏུང་བ་ནི། །བྲེ་གང་སྦྱིན་པར་ཤེས་པར་བྱ། །སྦྲང་རྩི་ལས་ནི་ཕུལ ་གང་སྦྱིན། །བུ་རེ?་མ་ལས་ནི་སྲང་བརྒྱད་སྦྱིན། །ཧྭགས་དང་བར་གང་ཡིན་པ། །སྲང་ནི་བཅུ་མཆེད་དུ་སྦྱིན། །སྣ་སྨན་ཁུབ་ཕུལ་གང་སྟེ། །སྣུམ་གྱི་སྣ་སྣན་དེ་ཡི་ཕྱེད། །དུ་བས་བདུག་ལ་ཞོ་དྲུག་སྟེ། །དུ་བ་དྲག ་པོ་ཞོ་གཉིས་ཚད། །སྨན་ཁའི་གོང་བུ་སྲང་བཞི་དག། བད་ཀན་ནད་ལ་སྦྱིན་པར་བྱ། །རྟ་ལ་དགོངས་ཀ་བཏུང་བར་ནི། །ཆད་ནི་བྲི་གང་བླུང་པར་བྱ། །རྟ་རྣམས་ལ་ནི་ཕྱེ་མའི་སྨན། །བཏགས་བ་སྲང་གཉིས་སྦྱིན་བར ་བྱ། །ཟས་དང་སྣུམ་ནི་མཉམ་བྱིན་ཚེ། །སྐམ་དུ་ཆང་ནི་བླུང་པར་བྱ། །རྟལ་?་ཚྭ་སྲང་ལྔ་ཡི། །ཆང་ཏུ་རབ་ཏུ་སྦྱིན་པར་བྱ། །ལུས་ཀུན་བསྐུ་བྱུག་བྱ་བ་མང། །སྣུམ་ནི་བྲེ་དང་སྦྱར་བར་བྱ། །རྣ་བཀང་ལ་ཡང ་སྣུམ་དག་ནི། །གྲང་གཉིས་ཉེ་བར་གཞུག་པར་བྱ། །བསྐུ་བའི་སྣུམ་ལ་སྨན་ལས་ནི། །སྲང་བརྒྱར་ཕྱེ་མར་བཏགས་པ་གཞུག་བྱེ་ལས་བྲེ་ནི་དོ་དག་དང། །དེ་ནི་བུ་རམ་བསྲང་བརྒྱད་གཞུག། མར་ལས་ཕུལ་དོ་སྲེས་བ་ཡི། །སྐྱོ་མདག ་ནི་སྦྱིན་པར་བྱ། །ཆུ་སྐྱེས་ཤ་ནི་སྲང་ལྔ་བཅུ། །བརླན་ཅན་ཤིན་སྲང་བདུན་ཅུ། །སྐམ་བའི་ཤ་ནི་སྲང་དགུ་བཅུ། །ཤ་ཡི་ཁ་ཟས་ཚང་ཡིན་ནོ། །ཁྲག་བྲེ་དོ་ལ་རྒྱམ་ཚྭ་ནི། །སྲང་གཉིས་ཉེ་བར་གཞུག་བྱ་ཞིང། །སྣམ་ཡང ་སྲང་གཉིས་བཅུག་པ་ནི། །ཁྲག་ཟད་པ་ལ་སྦྱིན་པར་བྱ། །མས་བཏང་བ་ལ་བྲ་གར་ཙམ། །དུམ་བུ་གསུམ་དུ་བྱས་ཏེ་བཏང། །བཏགས་པ་ལས་ནི་སྲང་ལྔ?་ཙམ། ། །སྲད་པ?་ནི་བཅད་དེ་བཏང། །འཇམ་རྩི་ཕུལ་བཞི་བཏང ་བར་བྱ། །འཇམ་རྩིའི?་གོང་མ་ཕུལ་གང་བཏང། །མ་ལ་འཇམ་རྩི་བཏང་བ་ནི། །ཕུལ་དོ་དག་ནི་བྱ་བར་བཤད། །སྨན་ནི་སྲང་བཞིའི་ཆད་དག་ནི། །ཆུ་སྲང་སུམ་ཅུ་རྩ་གཉིས་བཀོལ། །བཞི་ཆ་ལུས་པར་བྱས་པ་དག། འདི་ཡི ་སྨན་ཁུ་ཡིན་པར་བཤད། །ཆུ་སྨན་བཅུ་དྲུག་འགྱུར་ནང་དུ། །སྐལ་བའི་སྨན་ནི་སྲང་བརྒྱ་གཞུག། སྣུམ་ཡིད་སྲང་བརྒྱ་བཅུག་ནས་ནི། །བཞེན་ཆ་གསུམ་བསྡུ་བར་བྱ། དེར་ནི་སྣུམ་གྱི་བཞི་ཆ་ཡི། །སྨན་ཕྱེ་བཅུག་ལ་ལྡེ ་གུར་བྱ། །དེ་ལ་ཤ་ཁུ་འོ་མ་ནི། །ཆུ་ཡི་བཞི་ཆ་གཞུག་པར་བྱ། །བསྐོལ་ཆུ་སྨན་དང་སྦྱར་བ་ཡང། །ཞག་ལོན་བ་ནི་སྤང་བར་བྱ། །བུ་རམ་སྙིལ་དུ་འདོད་པ་དང། །བསྲེགས་ན་སྒྲ་མི་འབྱུང་བ་ཡི། མཚན་མ་དེ་དང ་དད་བར་ཅི། །སྣང་ན་ཐབ་ལ་དབོག་པར་བྱ། །དེ་ནི་ཆོས་པ་ཡིན་པའི་ཕྱིར། །སྣུམ་དེ་སླང་ནི་དབབ་པར་བྱ། །དེ་ནི་བཙགས་པར་གྱུར་ན་ན། །ཡོན་ཏན་ལྟག་པར་འགྱུར་བ་ཡིན། །སྣུམ་ཞིང་དང་བར་འགྱུར་བ་དང།། ་གསལ་བར་གྱུར་ནམ་མཁས་པ་ཡིས། །སྣུམ་དེ་མདོག་ནི་བྱིན་པའི་ཕྱིར། །ཆོས་པ་ཡིན་པར་ཤེས་པར་བྱ། །དེ་འདྲ་མེད?་ཀུན་འཇོམས་བྱེད་ཡིན། །མཚོས་ཆུ་དང་འདྲེས་བ་དང། །ཚོས་དྲགས ་ནག་པར་གྱུར་བ་ནི། །ནང་ཀུན་འཁྲུག་པར་བྱེད་པ་ཡིན། །རྨ་དང་རྣ་སྨན་འཇམ་རྩི་ལ། །འཇམ་པར་ཚོམ་བ་བཏང་བར་བྱ། །བསྐལ?་ཆོས་དྲགས་བཏུང་བ་ལ། །བར་མ་ཙམ་ནི་བསྔགས་པ་ཡིན། །མ་ཆོས་སྣུམ་ནི ་ནད་སྐྱེད་ལ། །ཆོས་དྲགས་བན་པ་མེད་པ་ཡིན། །ལེགས་བར་ཆོས་བའི་སྣུམ་དག་ནི། །རྟ་ཡི་ནད་ནི་འཇིག་བྱེད་ཡིན། །རླུང་མཁྲིས་བད་ཀན་སེལ་བའི་སྣུམ། །བཏུང་དང་བསྐུ་དང་སྣ་སྨན་དང། །རྨ་དང་འཇམ་རྩི ་ལས་རྣམས་ཏེ། །རྣམ་པ་ལྔ་ལ་བཏང་བར་བྱ། །ཚད་འདི་དག་ནི་རྟ་རྣམས་ལས། །མཆོག་གི་ཡིན་པར་ཤེས་བར་བྱ། །བར་མ་ལ་ན་བཞི་ཆ་དབྲི?། །ཐ་མ་ལ་ནི་བྱེད་དེ་དབྲིའོ། །སོ་སོའི་ཟས་སྐོམ་ཆོ་ག་དང། ་སྣུམ་གྱི་ཆོག་ཐ་དང་བས། །ནང་རྣམས་ཞི་བ་ཉིད་འགྱུར་ཀྱི། །ཀུན་ལ་གཅིག་ནི་བསྔགས་མེ་ཡིན། །ུཏཔལ་ནི་ཁ་འབྱེད་པ། །ཟླ་བའི་འོང་དེར་ཉིད་ཡིན་ལ། །ཉི་མའི་ཟེར་གྱིས་པདྨ་ནི། །ཁ་འབྱེད་བར་ནི་སྣང་བ ་ཡིན། །ཚད་ནི་?་སྟབས་ལས་ཤེས་ལ། །ཇི་དགའ་སྦྱིན་པར་མི་བྱའོ། །མེ་དྲོང་དེ་ཡང་རྣམ་བཞི་སྟེ། །རྣོ་བཏུལ་མཉམ་དང་མི་མཉམ་བའོ། །རྣོ་བས་ཤིན་ཏུ་མྱུར་དུ་འཇུ། །བརྟུལ་ས་བསྒང་ལ་དུ?་བ་ཡིན།། ་མ་སྙོམས་པས་ནི་འཇུ་མི་སྙོམས། །སྙོམས་པས་འཇུ་པ་སྙོམས་པ་ཡིན། །མེ་དྲོད་བཏུལ་བས་གཟི་མདངས་མདོག། དབང་པོ་དང་?་འགྲོས་ཞན་འགྱུར། །མ་དྲོད་རྣོ་བས་དེ་རྣམས་དང། །ལྡན་ཞིབ་ནང་ནི་ཉུང་?་གྱུ ་མེ་དྲོད་སྙོམས་པས་སྙིང་སྟོབས་མདོག། ནད་མེད་འགྲོས་དང་སྐད་དང་ནི། །དབང་པོ་བདེ་ལྡན་ནད་མེད་འགྱུར། །མེ་དྲོང་མི་སྙོམས་སྐད་དང་མདོག། སྟོབས་ཆུང་ནད་ནི་མང་བ་དང། །བདེ་བ་མེད་པར་འགྱུར་རོ་ཞེས། །ཤ་ལི་ཧྲོ་ཏྲས་རྗེས ་སུ་བསྟན། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས་ཚད་ཀྱི་ལེའུ་སྟེ་བཅུ་བཞི་བའོ།། །།རྟ་བྲེས་ལ་ནི་ལེགས་གནས་པའི། །དྲང་སྲོང་ཆེན་པོ་དབང་པོ་ཐུལ། །མེ་ལ་སྦྱིན་སྲེག་བྱེད་པ་རྩེན་ལ། །ལེགས་ཐོས་ལ་སོགས ་གྱིས་དྲིས་པ། །ཆས་ཤིང་གང་གི་དོན་འགྱུར་ཞིང། །གང་གི་ཡོན་ཏན་སྐྱེ་?་བཤད་པ། །དེ་ཡི་ཟས་ཀྱི་བྱ་བ་ནི། །ལུས་དང་ངེས་འབྲེལ་བཀའ་སྩོལ་ཅིག། དེ་སྐད་ཤ་ལི་ཧོ་ཏཱ་ལ། །དྲང་སྲོང་དམ་པ་བུས་དྲིས་ཚེ། །ཟས་ཀྱི་སྦྱོར་བ་དྲང་སྲོང་ཆེ།། ་མདངས་དང་ལྡན་པ་སླར་སྨྲས་པ། །ཟས་ཀྱི་སྦྱོར་བས་ཁ་དོག་མདངས། །མགྱོགས་མཛེས་སྙིང་སྟོབས་དྲན་པ་དང། །འདྲངས་དང་སེམས་ནི་དགའ་བ་དང། །ན་ཚོང་ལ་ནི་འཇིག་པ་ཡིན། །ལ་ལ་འཚམ་དང་མི་མཚམ་དང། །ཟས་ཀྱི ་སྦྱོར་བས་བདེད?་འགྱུར་?། །སྦྱོང?་བའི་ཚ་?་བཤད་པར་བྱ། །བཤད་པ་ད་ནི་མཉམ་པར་གྱིས། །མེ་དྲོང་ཆུང་དང་ཡིད་མི་བདེ། །ལྟོ་བ་ན་དང་དཔུབས་མི་བདེ། །དུབ་ཅིང་ཁལ་གྱིས་ཉེན་པ་དང། །དུག་འཐུངས་པ་དང་སྐོམ་པ་དང། །ལམ ་འགྲོག་མཚན་ཉི་མི་ལྔར་དང། །འདུབ་ལའང་ཁ་ཟས་མི་སྦྱིན་ནོ། །སྟོབས་ལྡན་ལྕི་བའི་ཁ་ཟས་ནི། །དེ་ལ་སྤྲིན་བར་མི་བྱའོ། །ལམ་གྱི་ཉམ་ཆུང་གྱུར་སྟོབས་བྲི། །རྒན་དང་རབ་གཞོན་དབང་?་མ་ཆུང། །རྩཝེ་དང་འབྲས་དང་གློ ་བཅོད་ཅན། །ཟས་སྦྱོང་རྟག་ཏུ་བྱ་བར་རིགས། །གང་ཚེ་བྱི་?་དུས་སུ་ནི། །སྐྱེས་བུ་གསུམ་པོའི་སྲིབ་མ་ལྟགས། །ཅུང་ཟད་ལྟག་པའམ་མ་ཚད་པའམ། །ཟས་སྦྱོར་བྱ་བའི་དུས་ཡིན་ནོ། །འབྲས་བྲ་གང་? ་ལེགས་བཅོས་ལ། །དེ་རྗེས་ཆཝ་དང་བསྲེབ་དང། །སྣུམ་དང་ལྡན་བར་བྱས་པ་ནི། །བྱིན་ན་ལེགས་པར་འཇུ་བར་འགྱུར། །དྲང་པོར་སྣུམ་དང་ལྡན་པ་ཡི། །རྗེས་ལ་ལན་ཙྭ་ལྡན་པ་དང། །ཟས ་སྦྱོར་འདི་ནི་སྒོམ་དང་དག། མི་སྐྱེད་ལེགས་པར་འཇུ་བར་འགྱུར། །ཞོད་དང་ཀུ་ལདཐའི་ཁུ་བ། །ཆང་དང་སྦྲང་རྩི་?་གང། །ཏིལ་མར་བསྲེས་པས་མཉེ་བྱ་ཡི། །ཁུ་བ་གཞན་དང་བསྲེ་མི་བྱ། །མཉྫི་དང་ནི་ཤ་ཁུ་འམ། །འོ་མ ་འམ་ཡང་ན་ཧགས་དང་མི་།འདི་དག་མཉེ་བ་སྦྱིན་བྱ་ཞིང། །ཡང་ན་ཏིལ་མར་སྦྱར་པའང་རུང། །ཞག་དང་ཏིལ་མར་མར་སྦྱར་བ། །གསུམ་པོ་སྦྱར་བ་ཞེས་བྱ་བའང་བསྐུ། །དེ་ལ་ཤ་ཁུ་མཆོག་ཡིན་ཏེ། །དེ་དང་ཉེ་བར་བྱ་བ་འམ། །ནས ་དང་མ་ཤ་གྲ་དང་ནི། །དྲུག་ཅུ་པ་ཡི་སྦྱོང་བ་གང། །དེ་ནི་འོ་མ་འམ་སྦྲང་རྩི་འམ། །མར་དང་སྦྱར་བས་མཉེ་བར་བྱ། །འདི་དག་དང་ནི་མཉེ་བའི་ཚེ། །དེ་རུ་ལན་ཚྭ་གཞུག་མི་བྱ། །རླུང་དང་བད་ཀན་གྱིས་ཉེན་དང། །རྟ་ཡིས་སྣུམ ་མང་མཐུངས་པ་དང། །མེ་དྲོད་ཆུང་དང་མི་སྙོམས་དང། །སྦེག་ལ་ལན་ཚྭར་བཅས་པ་བཏང། །མཉེ་བའི་སྦྱོར་བ་བྱ་བ་དང། །ཆང་དང་ཆང་རྙིང་ཞོག་ཆུས། །ལྟོ་བའི་མ་ཞུ་རྣམ་སྦྱང་ཞིང། །ཁ་ཆུ་རྒྱུན་ནི་འཛག ་བར་བྱ། ཁོང་བའི་སྲིན་དུ་ཡོད་པ་ལ། །བ་གཅིན་དང་སྦྱར་སྦྱིན་བར་བྱ། །གང་ཞིག་རྒན་དང་ལུང་པ་ཅན། །དེ་ལ་ཁ་ཟས་སྐམ་མི་སྦྱིན། །དེ་ལྟ་བུ་ལ་སྣུམ་དང་ནི། །བཅས་པའི་ཟས་ཀྱི་སྦྱོར་བ་བྱ། །རྟལ་ཟས་ནི་སྣིན ་བ་ནི། །མགོ་བོ་ཕྱེན་དུ་ལེགས་བསྟན་ནས། །ཟས་ནི་ཁམ་རེ་བཅད་ནས་ནི། །མྱུར་མིན་འགོད་བ་མེད་པར་སྦྱིན། །ནས་ཐུག་མར་དང་ལྡན་པའམ། །ཡང་ན་ཆག་ཙེ་མར་གྱིས་སྤངས། །རྟ་རྣམས་རྟ་བྱེད་དམ་པ་ཡིན ་མཁྲིས་པ་ཅན་ལ་མཆོག་ཏུ་ཕན། །ཆག་ཆེ་ནས་ཐུག་སྣུམ་མེད་པ། །ལན་ཚ་དང་ནི་ལྡན་པ་རུ། །བཅའ་ལྒ་བཏབ་པར་གྱུར་བ་ནི། །བད་ཀན་ཅན་ལ་སྦྱིན་པར་བྱ། །རྒྱམ་ཚྭ་དང་ནི་བཅས་པ་དང། །མ་ཤ་ཏིལ་མར་བཅུག་པ་ནི། །རླུང ་ནད་ཅན་ལ་ཕན་མོང་ཀྱི། །དེ་ལས་མཁྲིས་པ་སྐྱེ་བ་བསྲུང། །ཤ་རྣམས་སྣ་ཚོགས་དག་དང་ནི། །བད་ཀན་ཅན་ལ་ཆད་བླུད་ཅིང། །མཁྲིས་པ་ཅན་ལ་འོམ་བླུད། །རླུང་ནད་ཅན་ལ་ཤ་ཁུ་སྦྱིན། །མཁྲིས་བ་ཅན་ལ ་རབ་བསལ་བ། །རླུང་ནད་ཅན་ལ་དྲོ་འཇམ་ཙམ། །ཅུང་ཟད་དྲོ་འཇམ་པད་ཀན་ཅན། །ཟས་དང་སྐོམ་ནི་སྦྱིན་པར་བྱ། །སྡུག་ཅིང་སྣུམ་ནི་མེད་པ་དང། །ཡང་ཞིང་ཚད་ལས་ཆུང་ལ་ནི། །བད་ཀན་ཅན་ལ་སྦྱིན་བྱ་ཡི། །ཁ་ཟས་སྣུམ ་པའང་མི་སྦྱིན་ནོ། །ཆུ་དྲོན་གྱིས་ནི་ཁ་བཀྲུས་ལ། །ཁ་འགྲམ་ལེགས་པར་ལྟམས་ནས་ནི། །མཉེས་ལ་སྨས་སྨན་བཏང་ནས་ནི། །དེ་ཡི་འོག་ཏུ་འདི་རུ་གཞུག། དེ་ཡི་མོད་ལ་རྩཝ་མི་སྦྱིན། །ཁྱད་པར་དུ་ནི་སྔོ་མི་སྦྱིན། །དེ་ཚེ ་ལམ་འགྲོ་དུབ་བའམ། །ཆུ་རྒལ་བ་ནི་བསྔགས་མ་ཡིན། །ཟས་སྦྱིན་འོག་ཏུ་བཏུང་བ་ནི། །ཆང་བྲེ་ཕྱེད་ནི་བླུང་བར་བྱ། །དེ་ནི་དྲོང་བསྐྱེད་ནད་གཞི་སེལ། །ལེགས་པར་འཇུ་བར་བྱེད་པ་ཡིན། །མགྱོགས་ཤིང་སྟོབས་དང་ལྡན་པ ་དང། །ཤ་མཁྲེགས་དབང་པོ་བརྟན་པ་དང། །ཁལ་དང་ཁུར་ལ་སྲན?་བྱ་བར། །ཟས་དེ་ཡིས་ནི་འགྱུར་བ་ཡིན། །སྙིང་དང་འབྲ་ཡིས་ཟས་པ་དང། །ཚིག་དང་དུ་བས་ཁྱེར་བ་དང། །གཡུལ་སར་ཆད་གྱིས་ཉན་པ་ཡི། །རྩཝ་ནི་རྟལ ་མི་བསྔགས་སོ། །སྐྱོན་མེད་པ་ནི་ནང་བས་ཀྱང། །ཡི་གར་འོང་ཞིང་ཟོས་པས་སྲེང། དེས་ན་རྟ་ཡི་འཚོ་བ་ནི། །རྩཝ་ཡིས་ངེས་པར་བསྡུས་པ་ཡིན། །ལྗང་པོ་དགའ་ཞིང་ཡི་གར་འོང། །མེ་དྲོད་གཟི་མདངས་སྲོག་འཕལ་བྱེད།། ་དེ་ཕྱིར་རྟ་ཡིས་ལྗང་པ་ནི། །ཟོས་ན་དེ་འདྲར་འགྱུར་བ་ཡིན། །ལྗང་བ་ཆད་ལྡན་བྱིན་མ་ནི། །ནད་རྣམས་སྐྱེ་བར་མི་འགྱུར་ཞིང། །རིགས་པར་ལྗང་པ་བྱིན་བ་ཡིས། །སྐྱེས་ཟིན་ནད་ཀྱང་འཇུ་བར་འགྱུར། ། ་བོང?་ང?་བུལ་ཤེས་ཚ་བ་གསུམ། །བྱི་དང་ཀ་དང་དུག་མོ་ཉུངས། །འབྲས་བཏགས་ཆད་དང་སྦྱར་བ་ནི། །མདོག་དང་ཚེ་ནི་འཕེལ་བྱེད་མཆོག། འོ་མ་མར་དང་མ་ཤར་བཅས། །ཏིལ་བཏགས་སྦྱར་བ་ཞོ་ཅན་ཡིན། །མ་ཤའི་བྱེ་ལ ་ལན་ཚྭ་ར་བཅས། །སྟོབས་སྐྱེད་བྱེད་པ་གཞན་ངག་གམ། །ས་ལུའི་ཕྱེ་མ་སྦྲང་རྩིར་བཅས། །པང་རི་དང་ལྡན་པ་ནི། །འོ་མར་སྦྱར་བ་ཞག་གསུམ་བྱིན། །སྟོབས་དང་ཁ་དོག་འཕེལ་བྱེད་ཡིན། །ཞོ་ངང་སྐྱུར་རྫས་ལན་ཚྭ་དང། །མར ་དང་བཅས་པར་དཀྲུགས་པ་ནི། །ནས་དང་སྦྱར་བྱིན་ལུས་ཟུངས?་ཟང། །སྟོབས་དང་ཁ་དོག་སྐྱེད་བྱེད་ཡིན། །སྐོམ་དང་ཆུ་ལ་སྐྱལ་བ་དང། །རྩཝ་ནི་སྔོན་པོ་དག་དབ?་ནི། །གང་ཞིག་ཁ་ཟས་མངར་བ་དང། །མང་ལ་སོགས་དང་སྦྱང་བ་དང།། ་ཤ་ལ་སོགས་བཅས་བསལ་བ་སྟེ། །དྲུག་པོ་འཕྲུལ་དུ་སྲོག་གཏར?་ཡིན། །འབྲོག་དུ་ཚྭ?་ནི་སྣ་ཚོགས་ལས། །རྩཝ་གཅིག་ལ་ནི་སྲང་བ་གང། །གོམས་པས་བལྟན་པ་ཡིན་ཞེས་བྱ། །རོ་ཡི་གོམས་བཟས་སྦྱེར?་ལས། །དེ་ཡི ་རོ་ལས་ཤེས་པར་བྱ། །བྱ་བའི་སྦྱོར་བས་ལུས་འཕེལ་འགྱུར། །གཞན་གྱིས་ཟོས?་དེ་གད་པོར་དང། །གང་ཞག་རྩཝ་ནས་གྱུང་བ་དང། །ནང་དུ་རུལ་བང་གྱུར་པ་ཡི། །རྩཝ་ནི་ཤིན་ཏུ་སྟོབས་འགྲོག་བྱེད། །ཤ་ལི་ཧོ་ཏྲའི ་མདོའི་གནས་ལས། ཟས་ཀྱི་སྦྱོར་བའི་ལེའུ་སྟེ་བཅོ་ལྔ་པའོ།། །།གང་ཞིག་ཟས་སྦྱོར་སྣ་ཚོགས་ཀྱིས། །འབང་པ་མང་པོས་སྒྲུབས་བྱས་བ། །མཛེས་པ་ཞེས་འདི་གྲགས་བ་འདི། །ཅི་འདྲ་རྣམ ་བ་དུ་ཞིག་མཆིས། །ལེགས་ལྡན་ང་ནི་གསུངས་ཤིག་ཅེས། །ད་ལྟར་ལེགས་ཐོས་ཀྱིས་བསྐུལ་ཏོ། །ཤ་ལི་ཏོ་ཏྲ་དྲང་སྲོང་ཆེས། །གོག་རིམ་དེ་ནི་སླད་སྨྲས་པ། །ལྗད་པ་ཟས་དང་སྐོམ་རྣམས་དང། །དེ་བཞིན་མར་དང་སྣུམ་ཚོགས ་ཀྱིས། །སོས་པར་གྱུར་ཆི?་མཛེས་གྱུར་ཏེ། །དེ་ནི་རྣམ་པ་ལྔར་བཤད་དོ། །བྲག་བཅས་ཞེས་བྱ་དང་པོ་སྟེ། །གཉིས་པ་རྩིབ་ལོགས་འགངས་བྱེད་ཡིན། །གསུམ་པ་སྟོབས་ནི་སྐྱེས?་པ་སྟེ། །བཞི་པ་ཤིན་རྒྱས་པ་ཡིན། །ལྔ་པ་ལུང ་པ་ཅན་ཞེས་བྱ། །ད་ལྟར་རྣམ་པ་ལྔར་བཤད་དོ། །འདི་དག་རྣམས་ཀྱི་མཚན་ཉིད་ནི། །སོ་སོར་བཤད་ཀྱིས་མཉན་པར་གྱིས། །མཚན་དང་རླིག་པ་རྨད་ཀ་དང། །རྐུབ་དང་བྲང་དང?་རྩ་སྦུབས་རྣམས། །ཁྲག་དང་ཤ་ནི་སྲབ་པ་ཡིས། ། ་གཉེན་ཞིང་ཁྲག་གིས་རྒྱས་འདྲ་བ། །དེ་ནི་ཁྲག་བཅས་མཛེས་ལ་གནས། །རྟ་ནི་གདུལ་སྦྱོང་དག་ལ་སྦྱར། །ཡན་ལག་ཤིན་འཇམ་པོ་ཡིས། །ཅུང་ཟད་གཡོགས་པར་གྱུར་པ་དང། །ཕྲག་སོ་བྲང་སོགས་ཤ་སྐྱེས་པ། །སྟོབས ་ལྡན་རྩིབས་ལོགས་འགངས་བྱེད་ཡིན། །རྐེད་པ་བརླ་ནི་ཤ་རྒྱས་ཤིང། །རྩིབ་མ་ཤེས་ནི་ལེགས་པར་ཁེབས། །སྟོབས་ཆེན་ཅུང་ཟད་མ་རྫོགས་པ། །མཛེས་པ་དད་ནི་སྟོབས་སྐྱེས་ཡིན། །འདིར་ནི་ཇི་ལྟར་དགའ་བར། ། ་གཞོན་པའི་དོན་དུ་བཤད་པར་བྱ། །ཅི་ནུས་པར་ནི་བཀོལ་བ་ཡང། །དེ་ནི་ཉམ་ཆུང་གྱིས་འགྱུར་རོ། །ཤ་ནི་རྒྱས་པར་གྱུར་པའི་རྟ། །བྱ་བ་ཀུན་ལ་ནུས་པར་ལྡན། །དྲེགས་པར་བཅས་ཤིང་མཛེས?་དང་བཅས། །དཔའ་ཞིང ་སྟོབས་ལྡན་དཔའ་བ་དང། །ཚིགས་རུས་རྩིབས་ལོགས་རྐེད་པ་དང། །མཇུག་ངོ་རང་གི་ཤར་ནུབ་ཟླུམ། །ཟེའུ་ནས་རྡ་སྙིང་བར་དུ་ནི། །དམའ་ཞིང་གང་གི་རི་མོ་ཆགས། །ཤ་ནི་ཤིན་ཏུ་རྒྱས?་གུ་གྱུར་བ། །དེ་ནི་ལུང? ་ཅན་ཞེས་བྱ། །མཛས་པ་འདི་དང་ལྡན་བའི་རྟ། །བྱ་བ་ཐམས་ཅད་བདེ་བླག་ནུས?། །ཤ། རྣམས་འཕྱང་འདི་དབུགས་མི་བདེ། །རྡུལ་དང་དུབ་པའི་ཤེས་ཆེག་།།བྲུས་སྨན་ལེགས་པར་བཏང་བ་ཡིས། ། ་འདི་ནི་ཉམས་སྨད་ཉིད་དུ་བྱ། །དེ་ཡན་ཆད་ནི་ཤ་རྒྱས་བར། །རྟ་ནི་ནམ་ཡང་མི་བྱའོ། །ཚིལ་ནི་ཤིན་ཏུ་ཆོས?་གྱུར་པ། །དེ་ཡི་ལས་སྦྱོར་མི་ནུས་འགྱུར། །གསོ?་དཀའ་བ་ཡི་ནད་ལྡན་ན། །རིགས་པས་ལེགས་པར་གསོ་པར་བྱ། །ཟས་ཀྱི ་སྦྱོར་སོགས་སྤང་བ་དང། །རིམ་གྱིས་ཕྲི་ཞིང་སྦྱང་པར་བྱ། །ཉམས་དམང་པའམ་མྱུར་དུ་ནི། །བྱས་ནམ་གོམས་དབང་གིས་འཆི། །མེ་དྲོད་ཁོང་ནས་འབར་གྱུར་པ། །རྒྱུ་བའི་ལམ་ནི་ཚིལ་གྱིས་བཀའ་།སྣུམ་རྣམས་བྱིན་བར ་གྱུར་པ་ནི། །དེ་ནི་ཉེ་པར་རྒྱས་བར་འགྱུར། །དེ་བས་བརྟབ་གྲགས་བ་དང། །ཉམས་སྨད་དྲགས་པར་མི་བྱའོ། །དེ་དག་གཉིག་དྲགས་པ་ཡིས། །བསོར་མི་རུང་བ་ཉིད་དུའི?་གྱུར། །གྲིབ་མ་འདོད་དང་སྐོམ་དང་ཆེ། །ལུང་བ་དབུགS?་ ་མི་བདེ་བས་ཉེན། །ཁུ་བཞིའི་ནང་ནི་མང་བ་དང། །གཅིན་མང་བདེ་བ་མེད་པ་དང། །གང་ཞིག་བདག་ཉིད་སྡུག་བསྔལ་ཞིང། །ཉམ་ཐག་པར་ནི་འགྲོ་གྱུར་ལ། །ལམ་འཇུག་པར་ནི་མི་ནུས་པ། །བཞོན་པ་པོ་ཡི་ཅི་བྱར་ཡིད། ། ་དེ་ནི་གྲང་ཕྲགས་?་གྲགས་པ་འམ། །བྱ་ཀྲེས་དང་སྙོམ་པ་མི་བཟོད་པས། །མཛེས་འདོད་རྟ་ནི་སྐྱེ་ཆོས་དག། ཤིན་ཏུ་གྲགས་པར་མི་བྱའོ། །བཀོལ་དུ་མེད་ཅིང་ལུས་ཉམ་ཆུང། །གཟིམ་དངས་ཆུང་ཞིང་སྟོབས་མེད ་ལ། །ལས་ལ་སྦྱོར་བར་མི་ནུས་པ། །དེ་ནི་མཛེས་པར་མི་འདོད་དོ། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས། མཛས་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།ཤ་ལེ་ཧོ་ཏྲ་དྲང་སྲོང་མཆོག། ལེགས་ཐོས་ཀྱིས ་ནི་ཡོངས་དྲིས་བ། །གཟུགས་ནི་གང་དག་ཉིད་ཀྱིས་ན། །རྟ་ནི་གཟུགས་གདུག་གྱུར་པ་ལགས། །སྤྱོད་པ་དང་ནི་མཚན་དག་སྟེ། །དེ་ནི་བདག་ལ་ལུང་བསྟན་རྩོལ། །དེ་ནས་རྟའི་མཚན་ལ་མཁས་པའི། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །རྟ་? ་ཡན་ལག་ཉིད་ལག་གི། སྐྱོན་མེད་མཚན་ཉིད་མཉན་བར་གྱིས། །མཚན་ཉིད་སུམ་ཅུ་དྲུག་ལྡན་པ། །གང་གིས་དེ་ནི་བསྔགས་པ་ཡིན། །རིགས་དང་མཚན་ཉིད་ནད་མེད་དང། །ལུས་ཀྱང་སྨད་བར་མེད་གྱུར་པ། །གང་ལ་འདི ་བཞི་ཡོང་པ་ཡི། །རྟ་དེ་བསྔགས་བར་འོས་པ་ཡིན། །གང་ཞིག་དབུགས་ནི་ཆེར་འབྱིན་ཅིང། །མིང་པ་སྲབ་བར་མངོན་པ་དང། །སྣ་ཡི་སྦྲུབས་ནི་མི་འཐུག་བ། །རྟ་ནི་རབ་ཏུ་བསྔགས་བ་ཡིན། །མཆུ་ལྟག་མཉམ་ཞིང་ཟླུམ་པ་དང། །ཆེ་བར ་གྱུར་ན་བཟང་བ་ཡིན་།མ་མཆུ་སྲབ་ཅིང་མཉེན་པ་དང། །མི་འབྱུང?་བ་ནི་བསྔགས་པ་ཡིན། །སོ་ནི་ཐམས་ཅད་སྙོམས་པ་དང། །ཐགས་བཟང་དཀར་ཞིང་ནང་མཐོ་ལ། །སྣུམ་ཞིང་སྲབ་པར་གྱུར་པ་དང། །མཚན་ཉིད་ལེགས་པར ་ལྡན་ན་བསྔགས། །རྐན་ནི་སྐྱབ་ཅིང་གཉེར་མ་ཆགས། །ཟབ་ཅིང་དམར་བ་བསྔགས་པ་ཡིན། །ལྕེ་ནི་སྲབ་ཅིང་མཉེན་པ་དང། །རྩ་འཐུག་རྒྱ་སྐྱེགས་འདྲ་བ་ལ། །ཁྱི་ཡི་ལྕེ་དང་དབྱིབས་འདྲ་བའི། །རྟ་མི་བསྔགས་པར་གྱུར་པ ་ཡིན། །མགོ་བོ་ཕྲ་མིན་སྦོམ་པ་མིན། །ལུས་དང་འཚམ་པར་གྱུར་པ་དང། །འགྲམ་གླང་ཆེ་བར་གྱུར་པ་ནི། །བསྔགས་པར་གྱུར་པ་ཉིད་ཡིན་ནོ། །དཔྲལ་བ་མཉམ་ཞིང་ཡངས་ལ་ཆེ། །ཕགས་པ་སྲབ་ཅིང་མི་ལྕོང་ལ་། ་དབུས་ན་གཙུག་འཁྱིལ་གནས་པ་དག། གང་ཡིན་དེ་ནི་བསྔགས་པ་ཡིན། །རྟ་ཡི་མིག་ནི་མིག་མཆུ་དང། །སྲབ་ཅིང་ལེགས་གནས་རྫི་མ་སྲབ། །མིག་འབྲས་ཀྱི་ནི་མཛའ་མདག། ལེགས?་པར་དཀར་ཞིང་? ་ནག་ལ། །གང་ཞིག་གཟུགས་ཀྱི་མདོག་སྔག་ཅིང། །ཕྲ་ཞིང་ཐག་དང་མཐོང་བ་དང། །གླང་བོའི་མིག་འདྲ་མེ་ཏོག་ནི། །མ་ལི་ཀ་ཡི་སྙིང་པོ་འདྲ། །ཤེལ་ལྟར་ཡོངས་སུ་དང་བ་དང། །མཐོང་བ ་བརྟན་པ་བསྔགས་པ་ཡིན། །རྣ་བ?་སྲབ་ཅིང་མཉེན་པ་དང། །སྤུ་སྲབ་ཐུང་བར་གྱུར་པ་དང། །གང་གིས་སྒྲ་གྲགས་འཕྲ་བ་དང། །ཐག?་རིང་བའང་ཐོས་པ་བཟང། །གདོང་ད?་གལ་ཞིང་རྩ་མི་མངོན། །ཤ་སྲབ ་ཤ་འཐུག་མ་ཡིན་ཞིང། །དཔལ་མཚམས་ཆུང་ཞིང་རྡོག་རིང་བསྔགས། །སྐེ་མགྲིན་ཤ་རྒྱས་རིང་བ་དང། །རྣ་ལྟག་རྣ་མཚན་ལེགས་པར་གནས། །པགས་སྲབ་རིམ་གྱིས་སྦོམ་པར་ནི། །གྱུར་བ་དེ་ནི་དགེ་བ་ཡིན། ། ་ཕྲ་གསོ?་ལེགས་འབྲེལ་ནམ་ཆོང?་ནུབ། །རྡོག་མཛའ་ལེགས་པར་འདུས་པ་དང། །རིམ་གྱིས་ཁ་ཞེང་ཆེ་ན་བཟང། །བྲང་ནི་འཐུག་ཅིང་ཡངས་ལ་མཁྲགས། །སྲ་ཞིང་གཉེད་མ་མེད་པ་དང། །བར་ཡེངས་དཔུང་སྣ་ཆེ་བ་དང། ། ་འདི་འདྲ་བ་དག་བསྔགས་པ་ཡིན། །དཔུང་བ་མཁྲགས་ཤིང་ཡངས་པ་དང། །ཟླུམ་ཞིང་སྦོམ་ལ་རྩ་མི་མངོན། །རིམ་གྱིས་ཕྲ་བར་གྱུར་བ་ནི། །རྟ་ལ་བསྔགས་པར་གྱུར་པ་ཡིན། །ལག་དང་ཕྲ་མ་རིམ་གྱིས་ཕྲ།། ་པུས་མོ་ཟླུམ་པར་གྱུར་བ་དང། །གཉེན་ཞིང་རྐྱང་བར་བདེ་བ་དང། །རྟ་ལ་བསྔགས་པར་གྱུར་པ་ཡིན། །ཕྱི་གྲང་རིང་ཞིང་དབྱིབས་ལེགས་པ། །ཤ་སྲ་གཅི?་རྒྱུས་མི་མངོན་སྲབ། །པགས་སྲབ་ཤིན་ཏུ་ཟླུམ་པ་ཡི། །རྟ་ནི ་བསྔགས་པར་གྱུར་པ་ཡིན། །ཚེའུ་ལེགས་སྐྱེས་མཉམ་ཞིང་ཟླུམ། །དོང་ཅིང་སྙོམས་པར་གྱུར་པ་དང། །སྦུ་ཕྲ་པགས་བ་སྲབ་པ་ཡིས་།རྟ་ནི་བཟང་བོར་བཤད་པ་ཡིན། །རྨིག་པ་སྲ་ཞིང་དཀྱིལ་ལེགས་ལ། ། ་བོད་བུའི་རྨིག་པ་འདྲ་བ་དང། །སྦལ་བ་ནུབ་ཅིང་ལེགས་པར་འབྱར། །ཆ་མཉམ་པར་ནི་འགྲོ་བ་དང། །རྒྱ་ནི་ཟབ་མོ་དང་འདྲ་ཞིང། །རྨིག་སྤྲོས་སྙོམས་ཤིང་སྲ་བ་དང། །མཁྲེཌ་ཞིང་གཉེར་མ་མེད་པ་ཡི། །རྟ་མི་རབ་ཏུ་བསྔགས་པ ་ཡིན། །རྒྱབ་སོ་ཐུང་དང་རབ་ཏུ་བསྔགས། །རྩིབ་མ་ལེགས་པར་དགུ་པ་དང། །ངོས་གཉིས་ལེགས་པར་སྐྱེ་བ་བསྔགས། །སྒ་འོག་གནས་ནི་ཁེངས་པ་བཟང། །ལྟོ་བ་ཟླུམ་ཞིང་རྩིབ་མའི་ནང། །འདུས་པ་ལྟར་འདུག་བསྔགས་པ ་ཡིན། །ོང་དོ་ཡངས་ཤིང་ཆེས་ལ་འཇམ། །སྦུ་ཡི་ཚོགས་ཀྱིས་ཁེབས་བ་བཟང། །མཇུག་མ་ཇ?་མ་ཕྲ་ཞིང་འཇམ། །མཇུག་རྩ་ཡོད་དོ་ལེགས་པར་འབྲེལ། །མཇུག་མའི་ཕྱོགས་སུ་དྲང་པོར་སྐྱེས། །རྟ་ནི་སྔགས་པར་གྱུར ་པ་ཡིན། །རྐུབ་ནི་ཟླུམ་ཞིང་ལེགས་པར་འཛུམ།། །ཐུང་ཞིང་གཉེར་མ་ལེགས་པར་གནས། །གང་གིས་རྟ་སྤངས་བདེ་བར་འབྱིན། །དེ་ནི་བསྔགས་བང་བྱུང་བ་ཡིན། །རླིག་པ་།མཉམ་ཞིང་ལེགས་པད་སྐྱེས། །བུ་མེད་པར་ནི་གྱུར ་པ་དང། །བིལྦ?་ཆུང་ངུའི་ཆོད་ཙམ་ཞིག། མ་འཕྱིར་འགྱུར་པ་བསྔགས་པ་ཡིན། །རྟ་ཡི་ཕོ་མཚན་རིམ་གྱིས?་སྲ་ཕྲ?་།ཐུང་ཞིང་དྲང་ལ་མྱུར་དུ་འབྱིན། །གཏིང་དིང?་ཁ་དོག་གཅིག་པར་ནི། །རྟ་ལ་བསྔགས་པར་གྱུར་བ་ཡིན། ། ་རྗེ་དར་རྒྱབ་མཐོ་ཡ?་ཡོ་མེད། །ཤ་སྲབ་གུགས་པ་མ་ཡིན་ཞིང། །མཉམ་ཞིང་མ་མཁུམས་དབྱིབས་ལེགས་བའོ?། །རྟ་ནི་བསྔགས་པར་གྱུར་པ་ཡིན། །རྟ་སྤུ་སྲབ་ཅིང་དྲང་བ་དང། །མདངས་ལྡན་ཁ་དོག་མ་འདྲེས་བཟང། །རྟ་ནི ་འདྲེ་བར་བྱེད་པའི་ཚེ། །གང་གིས་ལེགས་པར་སྤྲུགས་བ་དང། །སྟོབས་དང་ལྡན་པའི་གཟུགས་ཡོད་པ། །མཚན་ཉིད་མཆོག་ཏུ་བཤད་པ་ཡིན། །ཆུ་ལ་རྒལ་པའི་གནས་དང་ནི། །ཁལ་བཀལ་ལམ་དུ་འགྲོ་བ་དང། །བསྣུན་དང་ཉམ་ངའི? ་གནས་དག་ཏུ། །བརྩལ་འབྱིན་གཟི་ཅན་མཚན་ཉིད་ཡིན། །དེ་ལྟར་བསྔགས་པའི་མགྱོགས་འགྲོ་ནི། །རྒྱལ་པོའི་བཞོན་པར་རབ་ཏུ་བརྗོད། །ཤ་བའི་ཧོ་ཏྲའི་མདོའི་གནས་ལས། ། ་མཚན་གྱི་ལེའུ་སྟེ་བཅུ་བདུན་པའོ།། །།ལེགས་ལྡན་རྟ་ཡི་ཁ་དོག་དང། །དེ་བཞིན་མདོག་གི་དབྱེ་བ་དང། །དེ་ཡི་མིང་གི་ཉེས་པ་དག། བདག་ཅག་མཉན་པར་འཚལ་ལགས་སོ། །བུ་ཡིས་དེ་སྐད ་སྨྲས་པ་དང། །སྙན་པའི་ཚིག་གིས་སླར་སྨྲས་པ། །ང་ཡི་གཞུང་གིས་མ་འདྲེས་མདོག། རྟ་ལ་རྣམ་བཞིར་ཡོད་པར་འདོད། །དཀར་དང་དམར་དང་གནག་པ་དང། །བཞི་པ་སེར་པོ་ཞེས་བཤད་དོ། །འདི་རྣམས་ལུས་གྱི་ཕྱོགས ་གནས་དང། །ཕན་ཚུན་འདྲེས་པར་གྱུར་པ་དང། །རྫས་དང་རྫས་མིན་འདྲེས་པ་ལས། །རྒྱས་པར་མདོག་ནི་དུ་མ་ཡིན། །དཀར་ལ་སོགས་པ་དེ་དག་རྣམས། །མ་ལུས་ཤེས་བྱ་མཉན་པར་གྱིས། །པགས་པ་དཀར་ཞིང་བ་སྤུ ་དཀར། །དེ་བཞིན་རྔ་མ་རྔོག་མ་དཀར། །འདི་ནི་དཀར་བོ་ཞེས་བཤད་དོ། །རྟ་དེ་སྲིད་སྒྲུབ་ཡིན་པར་འདོད། །པགས་པ་དམར་ཞིང་བ་སྦུ་དམར། །རྔ་མ་རྡོག་མ་དག་ཀྱང་དམར། །ཁྲག་དང་ཉི་མ་འཆར་ཀ་འདྲ། །རྟ་ནི་དམར ་པོ་ཞེས་བྱའོ། །པགས་པ་སྤུ་དང་ཇོག?་མན་ནག། བུང་བ་འདྲ་བ་གང་ཡིན་བ། །སྟང་ཟིལ་ནག་པོའི་མདངས་འདྲའི་རྟ། །དེ་ཡི་ཐམས་ཅད་ནག་པོར་བཤད། །པགས་པ་རྔ་རྡོག་སྤུ་རྣམས་ནི། །གང་ཞིག་གསེར་གྱི་མདོག་འདྲ ་ཞིང། །དར་ནི་སེར་པའི་མདངས་ལྡན་པ། །རྟ་དེ་སེར་པོ་ཡིན་ཞེས་བྱ། །དེ་ལྟར་ཁ་དོག་རྣམ་པ་བཞི། །སོ་སོར་ཡངས་དག་བཤད་པ་ཡིན། །དེ་རྣམས་མདོག་ནི་འདྲེས་གྱུར་པ། །བཤད་པ་བ་ལས་རྟོགས་པར་གྱིས། ཕགས? ་པ་དམར་ཞིང་མིག་སྐྱོན་མེད། །ཁ་དང་རྐན་དང་ཕོ་མཚན་དམར། །མ་དུ་ཀའི་མེ་ཏོག་འདྲ། །འདི་ནི་ལ་ལས་ཀར་ཀར་བཤད། །ཕོ་མཚན་རྨངས་ཁ་རླིག་པ་དང། །རྨིག་པ་དེ་བཞིན་རྐུ་པ་དང་ནི། །མཆུ་ལྟག་མཆུ་དང ་ཁ་དང་ནི། །པགས་པ་པདྨའི་མདོག་འདྲ་གང། །མིག་དང་ཕུམ་ཕུམ་རྔོག་མའི་བར། །བད་སྤུ་དཀར་བར་གྱུར་པ་ནི། །རྟ་ནི་དཀར་ཀ་ཁ་གཅིག་འདོད། །བཀྲ་ཤིས་དགེ་བའི་དམ་པ་ཡིན། །པགས་པ་དམར་ཞིང་བ་སྤུ ་དམར། །རྔ་མ་རྔོག་མ་དམར་བ་ནི། །ཉི་མ་སྐྱོན་བྲལ་མདོག་འདྲ་བ། །དེ་ཡང་ཀར་ཀར་ཤེས་པར་བྱ། །བཙོ་མའི་གསེར་གྱི་མདོག་འདྲ་བའི། །སྤུ་ནི་གང་ལ་ཡོད་གྱུར་བ། །པགས་པ་པདྨའི་དབུས་འདྲ་ཞིང། །མིག ་ནི་མ་ཡི་རྩེ་མོ་འདྲ། །རྨིག་པ་ཁ་དོག་གཅིག་པ་ཡི། །རྟ་དེ་འཁོར་ལེས་སྒྱུར་པའི་ཡིན། །གང་ཞིག་ཀར་ཀ་རྟའི་གཞི་ལ། །ཡན་ལག་ལྟོ་དང་དབྱི་དང་སྟོང། །ཐིག་ལེ་ནག་པོ་ཆགས་གྱུར་པ། །རྟ་ནི་ཁྱིམ་བྱ་ཅན ་ཞེས་བྱ། །གང་ཞིག་ཀར་ཀར་ཅན་འདྲ་ལ། །དཔྱི་ལ་སོགས་པ་དམར་པོ་ཡི། །ཐིག་ལེ་ཆགས་པར་གྱུར་པ་ནི། །དེ་ཡང་ཁྱིམ་བྱ་ཅན་གཉིས་པ། །བ་སྤུ་རྔ་མ་རྡོག་མ་ནི། །དཀར་ལ་བགས་པ་ནག་པོ་ཅན། །མཚན ་དང་རྨིག་པ་མིག་ཀྱང་ནག། དེ་ནི་དུར་བའི་གཤོག་པར་བཤད། །པགས་འཇམ་པགས་པ་མིག་དང་སྤུ། །རྔ་རྡོག་རྨིག་པ་དཀར་པ་དང། །སིན་དུ་བར་དང་འདྲ་བས། །མདོག་དེ་སིན་དུ་བ་ར་ཅན། །པགས་དམར་སེང་གེའི ་སྤུ་འདྲ་ཞིང། །རྔ་མ་དང་ནི་རྔོག་མ་དཀར། །རླིག་པ་དམར་ཞིང་དབྱར་གྱུར་པ། །རྟ་དེ་སེང་གེའི་མདོག་ཅན་ཡིན། །གང་ཞིག་སྤུར་རྩེ་དུ་བ་འདྲ། །ཅུང་ཟད་དམར་ཞིང་སེར་སྐྱ་འདྲེས། །ཁ་དོག་དེ་ཡིས་རྟ་དེ་ནི། །གོ་རིའི་སྤུ? ་བྱ་བར་བཤད། །དེ་བཞིན་དུ་བའི་མདོག་ལྡན་པ། །དུད་སེར་ཞེས་ནི་བྱ་བར་བཤད། །སེར་ཤས་ཆེ་གང་ཡིན་པ། །མེ་ཏོག་ཀུ་?་དང་འདྲར་བཤད། །སེར་པོའི་ས་ཚིག་འདི་ཡིན། །དཔེ་ཡང་ཁྱེད་ཀྱིས་མཉན ་པར་གྱིས། །སོགས་མངལ་སཱག་དད་འདྲ་ཞིང། །སོ་དང་ཀར་ན་དྲ་འདྲ་ལ། །གང་ཞིག་སེར་པོ་ཟླུམ་པོ་ཡང། །དེ་ནི་ཁྱབ་འཇུག་བཞོན་པ་སྟེ། །རྒྱལ་དང་རྣམ་རྒྱལ་དོན་གཉེད་ལ། འདི་དག་ཐམས་ཅད་བསྔགས་པ་ཡིན། །དེ་བཞིན་ཁ་དོག ་མང་བ་དང། །སེང་གེའི་མདོག་དང་འདྲ་བ་དང། །དུང་དང་ཀུན་ད་ཁ་ཤ་དང། །འོ་མ་དང་བ་ཉི་མའི་མདོ། །ཀུ་མུ་ང་ཡི་མངོག་འདྲ་དང། །ཆུ་སྐྱར་བཟང་པོ་འདྲ་བ་དག། དཀར་དང་སེར་པོ་འདྲེས་པ་ནི། །ཐམས་ཅད་དང་བཞེས་བྱར ་བཤད། །གང་ཞིག་མེ་ཏོག་མཁའ་ལྡིང་འདྲ། །རྔ་མ་རྡོག་མ་ནག་བོ་ནི། །ཡོད་པའི་རྟ་དེ་སྟང་ཟིལ་གྱི། །སྤྱི་བོ་ཅན་ཞེས་བྱ་བ་ཡིན། །རྡེག?་མ་འཇམ་ཞིང་དཀར་བ་ནི། །རྡོག་མ་མུཉྫ་ཅན་ཞེས་བྱ། །ཤིན་ཏུ་དཀར་འ?་རྡོག་མ ་གནག། རྡོག་མ་མིག་སྨན་མདོག་འདྲར་བཤད། །གང་ཞིག་རྡོག་མའི་མདོག་སྣ་ཚོགས། །འདྲེས་པའི་རྡག་མ་ཞེས་བྱར་བཤད། །རྔ་མའི་ཁ་དོག་སྣ་ཚོགས་པ། །རྔ་མ་འདྲེས་བ་ཞེས་བྱར་བཤད། །དེ་དང་འདྲ་བ་གཞན་དང ་ཀྱང། །དཀར་པོའི་མདོག་འདྲས་པ་ཞེས་བྱ། །གསོ་མའི་མེ་ཏོག་མདོག་འདྲ་དང། །ལྡམ་དུ་ཆུ་གཤེར་འདྲ་བ་དང། །ཡ་མའི་ལོ་མའི་མདོག་འདྲ་དང། །རྟ་གང་ཀིང་ཤུ་དང་འདྲ་དང། །ཆུ་ཤིང་མེ་ཏོག་འདྲ་བ་དང། །ཀར་ཀན་དུ་ཡི་། ་མདོག་འདྲ་དང། །མེ་ཏོག་མནདུ་ཇཱི?་བའི་མདོག། ལྕང་མར་ཨ་ཤྭ་ཀའི་མདོག་དང། །གང་ཡང་བྱུ་རུའི་མདོག་འདྲ་དང། །མིག་དང་རྔ་རྡོག་ནག་བ་དང། །མཚན་དང་བགས་པ་ད་བཞིན་གནག། དེ་ནི་སྨུ་གནས་ཞེས་བྱར་བཤད། །དེ་དག ་དམར་པོ་དང་འདྲེས་མདོག། ནག་པོ་དང་འདྲེས་མདོག་ཉོན་ཅིག། །ཁུ་བྱུག་དང་ནི་ཆར་སྤྲིན་འདྲ། །དུར་བ་འམ་མ་ཧེའི་མདོག་འདྲ་བ། །མྦ?་སྨྲ་བའི་མདོག་འདྲ་བ། །གང་ཡང་ལུང་བཏང་རློན་འདྲ་དང། །སལ་ཏ་ལའི་མདོག་འདྲ ་དང། །ུཏཔལ་སྔོན་པོ་ལྟ་བུ་དང། །གང་གཞན་ཡང་ཚུལ་ནི་འདི་འདྲ་བ། །རྟ་ནི་ནག་པོ་དང་འདྲེས་མདོག། གང་ཡངས་ལུའི་དྲམ་འདྲ། །ནེ་ཙོའི་སྒྲག་ཤོག་འདྲ་བ་དང། །མར་གྱི་སྙིང་པོའི་མདོག་འདྲ་དང། །པདྨའི་ས་བོན་མདོག་འདྲ ་དང། པདྨའི་གསར་ལྟ་བུ་དང། །དེ་བཞིན་མེ་ཡི་རྩེ་འདྲ་དང། །གང་ཞིག་གཞན་དང་འདྲ་བ་དང། །གང་ཡང་བབ་ལ་འདྲ་བ་དང། །ཡུལ་ཏི་ཀ་ཡི་སེར་པོ་འདྲ། །ཤྲི་ཤའི་མེ་ཏོག་འདྲ་བ་དང། །གང་ཡང་ཁྲེ?་འབྲས ་མདོག་འདྲ་དང། །གང་ཡང་སྤྱང་ཁུའི་མདོག་ཅན་དང། །ཁ་དོག་སེར་པོ་སྙེད་དང། །གཞན་ཡང་སེར་པོ་དང་འདྲེས་དང། །དེ་འདྲ་བ་ལས་གཞན་བ་དག། རྟ་ནི་སེར་པོ་དང་འདྲེས་མདོག། དེ་ལྟར་རྣམ་པ་བཞི་པ་ནི། ། ་མདོག་འདྲས་བ་ཞེས་བྱ་བར་བཤད། །གཞན་ཡང་ཁ་དོག་དབྱེ་བ་དང། །ཁ་དོག་སྣ་ཚོགས་ནས་ན་བར་གྱིས། །ཕུག་རོན་གྱི་ནི་སྐེ་འདྲ་ཞིང། །པགས་པ་སྤུ་ཡི་མདོག་དམར་བ། །ཕུག་རོན་སྐེ་འདྲ་ཕུག་རོན་སྐེ། དམར ་དང་ནག་པོ་ཅུང་ཟད་འདྲེས་།ཕགས་པ་རྔ་མ་རྡོག་མ་གནག། མིག་དང་གསང?་བ་རྨིག་པའང་བར་ག། མཁལ་མའི་མདོག་འདྲ་ནག་ཙར་བ། །འདི་ཉིད་གནག་པའི་ཤས་ཆེ་བ། །ནག་ཆེར་པ་ནི་ཡིན་ཞེས་བྱ། །ག་པ ་ཏེ་དམར་ནག་ཆ་མཉམ་འདྲེས། །རྒུན་འབྲུ་ལྟར་འཚེར་ཡིན་བར་བཤད། །དབུན་འབྲུ་ལྟར?་མཆར་དེ་ཉིད་ལ། །ཅུང་ཟད་སེར་སྦྱས་འདྲེས་བ་ནི། །ཁ་དོག་གཉིས་ནི་བསྡུས་བ་ལས། །གང་ཞིག་ཤས་ཆ་དེ་ལས ་གདུགས། །ནག་པོ་དཀར་པོ་འདྲེས་ཤིང། །བགས་པ་ནག་གོར?་འདུག་པ་ནི། །སྤུ་འདྲེས་དྲང་སྲོང་པ་ཞེས་བཤད། །གསལ་བ་རི་དགས་མདོག་ཅན་ཡིན། །དེ་ཉིད་དཀར་པོར་མ་གྱུར་ན། །དཀར་པོའི་དྲང? ་སྲོང་པ་ཞེས་བཤད། །དཀར་པོའི་གཞི་ལ་གནག་དང་འདྲེས། །ཁོར་ལིང་མང་དུ་གནང་བ་དང། །ཡན་ལག་གནག་ཅིང་མཇུག་མ་དཀར། །དེའི་སྐྱེ་བའི་དྲང་སྲོང་པ། །དཀར་དང་དམར་དར་ནག་པོར་འདྲེས། །པགས་པ་ནག་པོ་ཡིད་གྱུར ་ཅིང། །མིག་དང་ཕོ་མཚན་རྨིག་པ་གནག། འདྲེ་ན་མའི་དྲང་སྲོང་བ་ཞེས་བྱ། །དམར་དང་སེར་དང་ནག་པོ་ཡིས། །དཀར་ལ་འདྲེས་གྱུར་གསོ་དང་མདོག། དམར་སེར་དཀར་པོ་མདོག་འདྲེས་རྟ། །སེར་སྐྱའི་བ་འདྲ་སེར་སྐྱ་ཡིན། །ནག ་པོ་དམར་པོས་ཁྱབ་གྱུར་ཅིང། །དམར་པོ་དང་ཡང་ཆེར་ལྡན་པ། །རྟ་དེ་རྟ་མཁན་དག་གིས་ནི། །དུད་ཁ་ཞེས་ནི་བྱ་བར་བཤད། །ཁྲག་དང་བཅག་གི་མདོག་འདྲ་ཞིང། །པགས་པ་འདྲེན་མར་སྣང་བ་དང། །རྔ་མ་རྡོག་མ་དམར་པོ་ཡི། །སེར ་དང་དམར་པོ་འདྲེས་གྱུར་པ། །སྤུ?་རྩེ་མདོག་ནི་བ?་ནག་།པོ་དང་རྔ་རྡོག་གཉིས་ཀྱང་གནག་གྱུར་པ། །རྟ་དེ་འཚལ་བུ་ཞེས་བྱར་བཤད། །གང་ཞིག་སྤུ་རྩེ་གནག་གྱུར་པ། །གཞན་དག་སེར་སྐྱར་གནས་གྱུར་བ། །གདོང་གི་མདོག་ནི་མ་འདྲེས་པའི། །རྟ་དེ་དུར་པ་ཞེས་བྱར ་བཤད། །ཀུན་ཏུ་དགང་དང་དམར་བ་ཡི། །སྤུ་ནི་འདྲེས་མར་གནས་གྱུར་ལ། །པགས་པ་ཕོ་མཚན་མཆུ་དམར་བའི། །རྟ་ནི་སེ་བོ་ཞེས་བྱ་རེ་བཤད། །དཀར་དང་སེར་བའི་མདོག་འདྲེས་ཤིང། །བགས་ནག་རྔ་མ་འདྲེན་མར་གནས། ་སེང་ལ་དཀར་ཤས་ཆེ་བ་ནི། །ཁ་ན་ཛ་རེ་ཞེས་བྱ་བ་ཡིན། །གོས་ནི་སྲབ?་མོས་བཀབ་བ་ལྟར། །ཁ་དོག་གཅིག་ཏུ་མི་མངོན་ཞིང། །འཁོར་འདི་མང་པོ་དང་ལྡན་པའི། །རྟ་དེ་འཁོར་ལིང་ཅན་ཞེས་བྱ། །ཁ་དོག་མང་པོ་དང་ལྡན ་ཞིང། །མདོག་གཞན་འཁོར་ལིང་གནས་པ་ཡིས། །བརྒྱན་པ་ལྟ་བུར་སྣང་བ་ནི། །རྟ་དེ་ཁྲ་བོ་ཞེས་བཤད་དོ། །རྟ་ཡི་རྐང་པ་བཞི་དང་ནི། །མདོག་དང་རྔ་མ་རྔོག་མ་དང། །རྐེད་པ་དཀར་པོར་སྣང་བ་ནི། །རྟ་དེ་བཀྲ་ཤིས་བརྒྱད་པར ་བཤད། །དམར་བ་འམ་དཀར་བའི་འཁོར་ལིང་ངམ། །ནག་པ་འམ་ཁ་དོག་གཞན་དག་ལས། །ཁ་དོག་དང་ནི་རྗེས་མཐུན་པར། །དེ་ལས་མིང་དུ་གདགས་བར་བྱ། །གང་གི་ཁ་དོག་གང་དག་ལ། །མདོག་གིས་འདྲེས་པར་གྱུར་ན ་ཡང། །མདོག་གི་ཤས་ནི་གང་ཆེ་བ། །དེ་ཡི་མདོག་ལས་གདགས་པར་བྱ། །གང་ཞིག་མདངས་སྣུམ་བརྟེན་ཞིང་གསལ། །ཁ་དོག་དེ་ནི་ཐམས་ཅད་བསྔགས། །དེ་ནས་དཀར་བ་མཆོག་ཡིན་ལ། །དེ་དང་ལྡན་པ་གཞན་ཡང་བཟང?། །རྟ་ཡི་ཁ ་དོག་ཐམས་ཅད་ལས། །ཁ་དོག་དཀར་པོ་མི་འགྱུར་ཡིན། །བརྟན་ཞིང་མི་བཟད་ཉིད་ཀྱིས་ནི། །དཀར་པོ་ཉིད་ནི་ཁྱད་བར་འཕགས། །དེ་ལྟར་རྟ་ཡི་ཁ་དོག་ནི། །མདོར་བསྡུས་ནས་ནི་བསྟན་པ་ཡིན། །ཁ་དོག་དབྱེ་བ་མ་ལུས་བར། །སྨྲ ་བར་ནུས་པ་མ་ཡིན་ནོ། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས། །ཁ་དོག་ཤེས་པར་བྱ་བའི་ལེའུ་སྟེ་བཅོ་བརྒྱད་བའོ།། །།ཤ་ལི་ཧོ་ཏྲ་ཐུབ་མཆོག་ལ། །ལེགས་ཐོས་ཀྱིས་ནི་ཡོངས་དྲིས་པ། །ཞུར་དང་དེ་བཞིན་བརྒྱན ་མཚན་དང?། ཇི་ལྟར་གནས་པར་བཀའ་སྩོལ་ཅིག། དེ་ལྟར་དྲིས་ཚེ་ལེགས་ལྡན་ནི། །ཤ་ལི་ཧོ་ཏྲེ་ས་སླར་སྨྲས་པ། །མཆུ་སྒྲོས་ལྟག་ནས་དཔྲལ་མཚམས་པར། །དཀར་བ་འམ་ཤིན་ཏུ་དཀར་གང་ཡིན། །དེ་ནི་ཞུར་པོར་ཤེས་བྱ་སྟེ། ། ་འདི་ཡི་འབྲས་བུ་རྣམ་བཞི་ཡིན། །གནས་དང་དབྱིབས་དང་ཁ་དོག་དང། །རང་བཞིན་ལས་ཤེས་མི་ཤིས་འགྱུར། །ཞུར་བ་དེ་ཡི་འབྲས་བུ་ནི། །རིམ་པ་བཞིན་དུ་བཤད་པར་བྱ། །མཆུ་ལྟག་དཔྲལ་བ་སྣ་གདོང་དང། །དེ་བཞིན ་སྣ་གདོང་དབྲལ་པའི་བར། །གཞན་ཡང་མཆུ་ལྟག་གདོང་བ་དང། །མཆུ་ལྟར། ཕྲུམ་ཕུམ་མཐར་ཐུག་དགེ། རྟ་ཡི་གདོང་པ་ཀུན་དཀར་བ་།རིགས་ཀྱི་དབང་ཕྱུག་འཕེལ་བྱེད་ཡིན། །མགོ་བོ་རྣ་བར་བཅས ་དཀར་པ། །བདག་པོ་བདེ་བ་ཀུན་སྐྱེད་དོ། །གནས་གཉིས་ན་ནི་གང་གནས་པ། །དེ་ཡི་འབྲས་བུ་བཤད་པར་བྱ། །མེ་ལོང་ལྕགས་ཀྱུ་བུམ་པ་དང། །གདུགས་དང་རྔ་ཡབ་འདྭ་བ་དང། །དཔལ་ཤིང་རིམ་གྱིས་འཕེལ་འདྲ་དང། ་བུམ་པ་གཡུད་དྲུང་དབྱིབས་འདྲ་བའི། །ཞུར་ནི་གང་གི་རྟ་ལ་ཡོད། །དེ་ཡི་བདག་པོར་གྱུར་བ་ཡི། །བུ་དང་ཚ་བོ་རྣམ་པར་འཕེལ། །བྲན་དང་མཛའ་ཨོ་འཕེལ་འགྱུར་ཞིང། །རྒྱལ་བོས་ལེགས་པར་བཀུར་འགྱུར་ལ། །རྟ་ཡང་བདེ ་བར་འཚོ་བར་འགྱུར། །གང་ཞིག་གི་ནི་རྟ་ཡི་ཞུར། །བྱང་ཆུབ་ཤིང་གི་ལོ་མ་འདྲ། །དེའི་བདག་བསྐལ་བ་བཟང་འགྱུར་ཞིང། །བུ་ནི་མང་བོ་ཡོང་བར་འགྱུར། །ཟུར་བཞིང་ཡོད་ན་རྒྱལ་པོས་ནི། །ཡུལ་ཁམས་རྙེད་པར་སྟེན་པ་ཡིན ་རལ་གྲི་འཁོར་ལོ་རྡོ་རྗེ་གཞུ། །གཤོལ་དང་གཏུན་ཤིད་དབྱིག་བ་དང། །རྒྱལ་མཚན་བ་དན་གཟུགས་འདྲ་བ། །གང་གི་ཞུ་ར་ཅིའི་དབྱིགས་བྱུང་བའི། །དེ་ནི་རྒྱལ་པོ་ཆེན་པོ་ཡིས། །ཞོན་ན་གཡུལ་ལས་རྒྱལ་བྱེད་ཡིན།། ་རྟ་དེ་ཞོན་ནས་རྒྱལ་པོ་ཡིས། །དགྲ་རྣམས་ཐུལ་བར་འགྱུར་བ་ཡིན། །ཆུང་མ་བུ་དང་ཚ་པོ་དང། །ནོར་ཡང་ཤིན་ཏུ་མང་པར་འགྱུར། །དགང་གཟར་བླུགས་གཟང་མཆོད་གདོང་མེ། །ཁ་ཁྱེར་གྱི་ནི་དབྱིབས་འདྲ་བའི། །ཞུར ་པ་གང་གི་རྟ་ལ་ཡོད། །དེའི་བདག་འབྲས་བུ་ཆེན་པོ་འཐོབ། །མཆོད་སྦྱིན་མང་དུ་བྱེད་པ་དང། །སྦྱིན་པ་མང་དུ་འགྱེད་པར་འགྱུར། །གང་གི་ཞུར་ནི་བུམ་པ་འདྲ། །མེ་ཏོག་མགོ་ལྕོགས་དབྱིབས་འདྲ་ཡང། །རྟ་དེ་ཡིན ་བདག་པོ་ཡིས། །གཏེར་ནི་རྒྱ་ཆེན་ཐོབ་པར་འགྱུར། །མེ་ཏོག་པདྨའི་དབྱིབས་འདྲ་བ་འམ། །མིག་མངས་རིས་ཀྱི་དབྱིབས་ཡོད་བ། །བདག་པོ་བཀུར་སྟི་ནོར་མང་དགེ། ཤིང་རྟའི་དབྱིབས་འདྲའི་ཞུར་ཡོད་བའི། །རྟ་ནི་ནོད་རྣམས་འཕེལ ་བྱེད་ཡིན། །སྟེང་ཆ་ཁ་ཞེང་ཚ་བའི་ཞུར། །ནོར་དང་འབྲུ་དང་ཕྲད་བྱེད་དོ། །དེ་ཡི་བདག་པོས་དཔལ་ཐོབ་ཅིང། །བུ་དང་ཚ་བོ་རྣམ་པར་འཕེལ། །དེ་ཡི་ཁྱིམ་དུ་དཔལ་རྟག་གནས། །རྒྱལ་སྲིད་ཀྱང་ནི་འཐོབ་པར་འགྱུར། །རྟ་དེ་ཅི་འདོད་མ ་སྨྲས་པར། །བདེ་བར་འཆི་བ་ཉིད་དུ་འགྱུར། །དེ་ལྟར་ཤིས་པ་བཤད་ནས་ནི། །མི་ཤིས་པ་ཡི་མཚན་ཉིད་ཉོན། །རྟའི་ཞུར་ཁ་དོག་འདྲེས་པ་དང། །གཡོན་དོགས་འགྲམ་གླང་བར་དུ་ཆགས་བ་དང། །གཡོན་པའི་མིག་དཀྱུས་དཔྲལ ་བའི་ངོས་དང་བཅས། །ཁྱད་པར་གང་གི་རྟ་ལ་སྐྱེས་གྱུར་པ། །དཔྲལ་ཆགས་ཞེས་ཏེ་དེ་ནི་དང་ཚུལ་ངན། །རྒྱུན་ཏུ་སྡང་ཞིང་འཐབ་རྩོད་དགའ་བར་འགྱུར། །མུར་འགྲམ་དག་ཏུ་ཆགས་བའི་རྟ་ཡང་སྨད། །དེ་བཞིན་གདོང་པར་དབྱིབས ་འདྲའི་ཞུར་ཆགས་དང། །གཡོན་ངོས་ཆེ་ཞིང་ཅུང་ཟད་ཆད་པ་དང། །དབུས་ན་ལྕགས་སྒྲོག་འདྲ་བ་གང་ལ་ཡོད། །དེ་ལྟའི་ཞུར་བ་གང་ལ་ཡོད། །རྟ་དེ་བདེ་བར་མི་འགྱུར་རོ། །དེ་ཡི་བདག་པོ་ཐག་པའམ། །ལྕགས་སྒྲོག་གིས་ནི ་བཅིངས་པར་འགྱུར། །མཚན་ཉིད་དེ་འདྲས་མི་འགོར་བར། །དེ་ནི་དགྲ་བོའི་དབང་དུ་འགྱུར། །འཕྲེང་དུ་ཞེང་ནི་ཆེ་བའི་ཞུར། །ནོར་བརླག་པར་ནི་སྟོན་པ་ཡིན། །ནག་ནོག་ཅན་གྱི་ཞུར་ཡོད་པ། །བདག་པོའི་ནོར་ནི་ཉམས་པར་བྱེད།། ་ཞུར་བ་ཡོ་དང་སྦུབ་བ་དང། །ཆད་པའི་ཞུར་ཡང་སྡུག་བསྔལ་བསྐྱེད། །སྤང་ལེབ་འདྲ་དང་འདྲེས་པ་ཡི། །ཞུར་ཡོད་རྟ་ཡང་དེ་དང་འདྲ། །ཁ་དོག་དཀར་ལ་མདོག་གཞན་གྱི། །ཞུར་ཡོད་བ་ནི་སྨད་པ་ཡིན། །ནག་པོས་བདག་བོ ་མི་ཟད་དུ། །རེག་པའམ་རླག་པར་བྱེད་བ་ཡིན། །གང་ཞིག་གློག་གི་དབྱིབས་འདྲ་དང། །མདུང་ཐུང་གི་ནི་དབྱིབས་འདྲ་བ་འམ། །གཞན་ཡང་རྣམ་པ་དེ་འདྲ་བ། །གང་གི་རྟ་ལ་ཡོད་གྱུར་པ། ། ་དེ་བཞིན་མི་གནང་གཞན་དག་དང། །སྲབ་ཅིང་གསལ་བར་མི་མངོན་པ། །དེས་ནི་ནོར་རྣམས་བརླག་པ་དང། །འཆི་བ་ཉིད་དུ་འགྱུར་བ་ཡིན། །དེ་ལྟར་ཞུར་ནི་ངས་བཤད་ནས། །མདོངས་ཀྱི་མཚན་ཉིད་གང་ཡིན ་པ། སླར?་ཡང་གནས་དང་དབྱིབས་ལས་ནི། །ཤིས་དང་མི་ཤིས་ཁྱད་པར་དག། རྟ་ཡི་བར?་དུ་བཤད་པར་ཡིས། །དེ་ནི་ཅི་བཞིན་མཉན་པར་གྱིས། །ཟླ་བའམ་སྐར་མ་འདྲ་བ་ཡི། །མདོངས་ནི་གང་གི་རྟ་ལ་ཡོད། །དེ་ཡི ་བདག་པོས་རྒྱལ་སྲིད་ཐོབ། །བུ་དང་ཆ་པོ་འཕེལ་བར་འགྱུར། །གང་གི་དགའ་འཁྱིལ་འདྲ་བའམ། །དུས་སྤལ་པདྨའི་དབྱིབས་འདྲ་ཡི། །མདོངས་ཡོད་རྟ་དེའི་བདག་པོས་ནི། །ནོར་ནི་མང་བརྙེད་པར་འགྱུར། །གང་ཞིག་རྒྱལ ་མཚན་སོགས་དབྱིབས་འདྲ། །མདོངས་ཡོད་པ་ཡི་རྟ་དེ་ནི། །བདག་པོའི་རྒྱན་ལ་སོགས་འཕེལ་ཞིང། །བུ་དང་ཆ་བོ་རྣམ་པར་འཕེལ། །ནས་འབྲས་འདྲ་བའི་མདོངས་ཡོད་པ། །ཐ་སྙད་ཀུན་ལ་མཁས་པར་འགྱུར། ། ་གདུབ་གྱུར་འདྲ་བའི་མདོངས་ཡོད་ན། །བདག་པོས་ཟས་ནི་རྙེད་བར་འགྱུར། །བ་གླང་པ་དང་བྱ་དང་སྦྲུལ། །རྔ་མོ་ཡི་ནི་དབྱིབས་འདྲ་བའི། །མདོངས་ཡོད་དེ་ནི་ཤིས་པ་སྟེ། །བདག་པོ་སྐལ་བ་བཟང་པོ་འཕེལ། །དེ་ལྟར་ཤིས ་པ་བསྟན་ནས་ན། །ཡི་ཤེས་པ་ཡང་བཤད་པར་བྱ། །དཔྲལ་བར་བྱ་རོག་རྗེས་འདྲ་དང། །བ་གླང་ལྕི་བའི་འབུ་འཕྲ་དང། །གཡོན་འདུག་པ་འམ་འོག་ན་འདུག། གང་ཞིག་ཐུར་དུ་བལྟས་པ་ཡོད། །རྟ་དེའི་བདག་པོ ་སྡུག་བསྔལ་ཞིང། །རྟ་དང་ལྷན་ཅིག་ཉ་མང་ཐོག་།ཆང་དང་ཁ་དོག་མི་སྡུག་དང། །མི་གསལ་བ་དང་སྲ་བ་དང། །འདྲེས་དང་སྦགས་པ་ལྟ་བུ་དང། །གང་ཞིག་དབྱིབས་ནི་མི་སྡུག་དང། །ཁ་དོག་གཞན་ལ་གཞན་བ་དང། །རྩུབ་དང་རྩོའི? ་བ་ཅན་རྣམས་ཀྱི། །མདོངས་ངེས་ནོར་རྣམས་འཇིག་པ་ནི། །ངེས་པར་སྟོན་པར་བྱེད་པ་ཡིན། །འདི་གཞུ་བར་དབྱེ་བ་སྟེ། །རྒྱལ་མཚན་ལ་སོགས་མཚན་མ་ཉོན། །མགོ་དང་རྣ་བ་མིག་རྡོག་མཛའ་། །རྔ་མ་རྐང་བ་ལྟོ་དང་རྒྱལ་བ། །ཁ་དོག་སྟེང ་དུ་མདོག་གཞན་གྱི། །མཚན་མ་ཡོད་པར་གྱུར་པའི་རྟ། །དེ་ལ་ཞོན་ཏེ་འགྲོ་ན་ནི། །གཡུལ་དུ་དགྲ་ལས་ཕམ་པར་འགྱུར། །དེ་བཞིན་སྐྲ་མཚམས་གདོག་དང་ཙོག། ཟེའུ་དང་ཟེའུ་མཛའ་ཨ་ན་ཏོ་དང། །སྨིན་མ་དང་ནི་སྣ་རྩེ་གཉིས། །མཆུ ་ལྟག་ཕོ་མཚན་རྔ་མ་དང། །མདོག་སྟེང་ཁ་དོག་བྱུང་གྱུར་པ། །རྟ་དེ་རྒྱལ་མཚན་ཅན་ཞེས་བྱ། །རྒྱལ་མཚན་ཅན་དེ་ཞོན་ནས་ནི། །རྒྱལ་པོ་གཡུལ་འཇུག་དཔུང་ཉམས་འགྱུར། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས། ཞུང་མདོངས་པ་རྟག་པའི ་ལེའུ་སྟེ་བཅུ་དགུ་པའོ།། །།ཤ་ལི་ཧོ་ཏྲ་ཐུབ་ཆེན་ལ། །རྒྱལ་པོ་ནི་ཤ་ཏྲས་དྲིས་པ། །རྟ་ལ་ཁ་དོག་དུ་མ་ཡི། །ཐིག་ལེ་རྣམས་ནི་མཐོང་ལགས་ན་།དགེ་དང་མི་དགེ་ཞུ་འཚལ་ལོ། །དྲང་སྲོང་གིས་ནི་སླར་སྨྲས་པ། །གང ་ཞིག་ཐིག་ལེ་?་མདོག་མི་གསལ། །ལུས་ལ་སྐྱེས་པར་གྱུར་པ་ནི། །ཕྲ་ཞིང་མི་གསལ་བ་ཡི་གཟུགས། །དེ་ལ་ཐིག་ལེ་ཞེས་བྱའོ། །ཁ་དོག་འདྲ་བའི་ཐིག་ལེ་ནི། །འཇམ་པ་ཉིད་ཀྱིས་མངོན་གྱུར་ཅིང། །སྣམ་དང་རྩུབ་དང་གསལ་བ ་དང?། །སྤུ?་འདུས་གྱུར་པ་ལས་ཀྱང་སྔོན། །ཇི་ལྟར་མིག་འཕྲས་ནག་པོའི་དབུས། །མིག་གི་རྒྱལ་མོ་སྣང་བལྟར། །ལོགས་ཤིག་གྱུར་བ་མེད་གྱུར་ཅིང། །མདོག་མཐུན་ན་ཡང་མངོན་པ་ཡིན། །མདོག་ནི་ཕན་ཚུན་འདྲེས་པ་ལས་? ་ལེ་གཞན་ཡང་འབྱུང་བར་འགྱུར། །ཇི་ལྟར་ཤིང་ལ་འབྲས་བུ་ནི། །མེ་ཏོག་སྣང་བ་སྐྱེད་བྱེད་ལྟར། །དེ་བཞིན་ལྷས་སུ་ཐིག་ལ་ནི། །རྟ་ལ་སྲད?་བར་གྱུར་པ་ཡིན། །ད་ནི་གནས་དབྱིངས་ཁ་དོག ་ལས། །ཤིས་བ་དང་ནི་མི་ཤིས་བསྐྱེད། །གང་གི་མདུན་སོལ་ཆགས་དང། །མ་མཆུ་ཡ་མ་ཆུ་དག་ལ་ནི། །སྣུམ་ཞིད་དཀར་བའི་ཐིག་ལེ་སྣང། །རྨིག་བ་རྣམས་ལའང་དེ་འདྲར་ཆགས། །མཁས་པས་དེས་ནི་ཞག་བདུན་ན། །ནོར་ཐོབ ་ལྟས་སུ་ཤེས་པར་བྱ། །ཆེ་ཆུད་ལས་ཀྱི་ཟླ་ཕྱེད་ནི། །བདུན་ནམ་ཟླ་བ་བདུན་གྱིས་ཐོབ། །མཆུ་སྒྲོས་ལམ་ནི་ཐིག་ལེ་ཆགས། །ཟས་དང་སྐོམ་ནི་སྙེད་པར་བཤད། །ཁ་འགྲམ་ཀོས་ཀོར་བྱུང་ན་ནི། །དེ་ཡིས་ཟས་དང་སྐེམ་རྙེད་ཅིང། ། ་བདག་པོ་ལོངས་སྤྱོད་འཕེལ་བ་དང། །ནོར་འབྲུ་བདེ་བ་འཐོབ་པར་འགྱུར། །འདི་ཡིས་ཁྱིམ་ནི་འཕེལ་འགྱུར་ཞིང། །གཏེར་ཐོབ་པར་ཡང་སྣང་བ་ཡིན། །ཤིས་པར་ཡིས་བཤད་ཟིན་གྱིས། །དེ་བཞིན་འདྲེས་མ་མཉན་པར་གྱིས། ་སྣ་རུ་བྱུང?་ན་མཚོན་གྱིས་འཆི། །མཁུར་བ་བྱུང་ན་བུ་ངེས་འཆི། །དཔལ་བར་བྱུང་ན་ནོར་ཐོབ་འགྱུར། །དཔྲལ་མཚམས་ཀྱིས་ནི་རྒྱལ་སྲིད་འགྱུར། །ལྐོག་མར་བྱུང་ན་ཟས་སྐོམ་རྙེད། །མུ་འགྲམ་དག་ཏུ་བྱུང་ན་ཕུད། །ཆི་སྟན ་བྱུང་ན་ཉེར་འཚེ་བྱེད། །མུ་འགྲམ་ཟ་ཡུར་བྱུང་དེ་འདྲ། །རྣ་བ་གཡོན་པའི་གཡས་ལས་འཕོ། །གཡས་སུ་བྱུང་ན་མཛའ་ཨོ་འཕེལ། །སྐེ་མཇིང་ལྷག་པ་ཟེ་མཆན་དུ། །བྱུང་ན་མཆོན་གྱིས་འཐོབ་མ་འདེ?། །ལྐོག ་མར་བྱུང་ན?་བདག?་གིས། །ཆུང་མ་དང་ནི་བུ་རྙེད་འགྱུར། །ཕྲག་སོར་བྱུང་ན་བུ་རྙད་དོ། །རྩིབ་ལོགས་བ་བྱུང་ན་རང་ཕྱོགས་འཕེལ། །བུས་མོར་བྱུང་ན་གནོད་པ་སྐྱེད། །དཔུད་པར་བྱུད་ན་མཛའ་དང་ཕྲད། །གཡོན ་ལོགས་ཀྱིས་ནི་སྐོད་པར་བྱེད། །ལུས་ཀྱི་སྟོང་སྨད་དུ་བྱུང་ན། །བདག་པོ་ཕྲོགས་པར་སྟོན་པ་ཡིན། །མཆན་ཁུང་དཀུ་ཡི་གནས་སུ་བྱུང། །ལྟོགས་འགྱུར་མ་མཆུང་བྱུང་ན་འཆི། །ཡ་མ་ཟུང་བྱུང་ན་མི་འཆི་ལ་།མིག་དུ་བྱུང་ནགས་ཟས་ཐོབ། །ཟེ་བ ་ལྟག་དང?་ཟེའུ་དང། །སྒྱི?་མགུལ་བརླ་ནི་བྲ་མོ་དང། །རྗེ་ངར་དང་ནི་དེ་མཚམས་སུ། །བྱུང་ན་འདི་ནི་དམད་བར་བཤད། །སྒེ་རྩར་བྱུང་ན་ནོར་ཐོབ་ཅིང། །རྡོག་ལྟག་གིས་ནི་རྒྱལ་སྲིད་བསྐྱེད། །རྒྱུ་མཚམས་ཐིག་ལེ་ནོར་རྙེད་ལ། །སྙིང? ་གར་བྱུང་ན་ཆོས་ཅན་འགྱུར། །རྩི་བ་ལོགས་གཡས་བྱུང་བུད་མེད་རྙེད། །མཇུག་རྟོར་བྱུང་ན་ནོར་བྲད་འགྱུར། །སྒྱུར་བྱུང་ན་ནི་སྐལ་བ་བཟང། །རྒྱབ་ཏུ་བྱུང་ན་གནས་རྣམས་འཕེལ། །ལྟར་བྱུང་རལྟོགས་པའི་འཇིགས་པ་སྟེ། །རྟ་ཡིན་གི ་པར་བྱུང་གྱུར་ན། །སྐལ་བ་བཟང་པོར་འགྱུར་བར་སྟན། །ལྟེ་བའི་རྩ་ལས་དམགས་དཔོན་འགྱུར། །ོང་དོར་བྱུང་ན་ཆུང་མ་འཕྱེ། །རྐརུབ?་དང་རྔ་མའི་རྩ་བར་བྱུང། །ནོར་རྣམས་ཐམས་ཅད་བརླག་པར་འགྱུར། །བུས་མར་བྱུང ་ན་འཆི་བ་སྐྱེད། །ལྐོ་གམ་ཚེའུ་སྦུས་ལམ་འགོ་སྟོན། །སྨན་ཁ་རུ་ནི་ཐིག་ལ་ཆགས། །བུ་སྐྱེས་བར་ནི་སྟོན་པ་ཡིན། །དཔྱི་ལས་བུད་མེད?་ཉེས་པ་བསྐྱེད། །ཚེའུ་ཆེར་བྱུང་ན་གནོད་པ་སྐྱེད། །གང་ཞིག་བསྟན་པའི་གནས་སུ ་བྱུང། །འཁོར?་པ་ཐམས་ཅད་སྐྱེད་བྱེད་དོ། །ཡན་ལག་ཀུན་ལ་ཐིག་ལེ་བྱང། །བདག་པོའི་དོན་ཀུན་འགྲུབ་བྱེད་ཅིང། །མཛའ་ཨོ?་འཕེལ་ཞིང་དཔལ་སྐྱེད་ལ། །རིགས་དད་གྲགས་པ་འཕེལ་བར་བྱེད། །མདོག་པ་རྗེས་མཐུན ་ན་མདོག?་བྱུང་བཤིས། །མདོག་གཞན་ཤེས་པ་མ་ཡིན་ནོ། །སེར་པོ་བྱུང་ན་གཡུལ་དུ་འཇུག། དཀར་པོ་ལའང་དེ་དང་འདྲ། །ནག་པོ་འཐབ་མོ་སྐྱེད་པར་བྱེད། །ནག་པོ་བྱུང་ན་གཡུལ་དུ་འཆི། །?་དང་མི་སྡུག་པ་དག་གིས?། །བདག་པོ? ་ལ་ནི་འཇིགས་ཆེན་འབྱུང། །ཐིག་ལེའི་སྟེང་དུ་ཐིག་ལེ་བྱུང། །དེ་ཡང་རྗེས་མཐུན་མདོག་ཏུ་མིན། །དེས་ནི་རྒྱལ་པོ་བརླག་བ་དང། །ཡུལ་འཁོར་དག་ཀྱང་འཁྲུག་པར་སྟོན། །གང་ཚེ་རྟ་ནི་དཀར? ་པོ་ལ། །ཐིག་ལེ་དཀར་པོར་སྣང་གྱུར་ན། །དེ་ཡི་བདག་པོ་རྟག་ཏུ་བདེ། །བུ་དང་ཚ་པོ་རྣམ་པར་འཕེལ། །གང་ཞིག་རྟ་ནི་དམར་པོ་ལ། །ཐིག་ལེ་དམར་པོ་སྣང་གྱུར་ན། །བདག་པོ་མི་བཟད་དགྲ་འདུ་ལ་ཞིང། །ལོངས་སྤྱོད་ཆེན་པོ ་འང་ཡུན་རིང་འགྱུར། །ནད་ཀྱིས་ཐེབས་ཀྱང་མྱུར་དུ་འཚོ། །གང་ཚེ་རྟ་ནི་སེར་པོ་ལ། །ཐིག་ལེ་སེར་པོ་སྣང་གྱུར་ན། །དེ་ཡི་བདག་པོའི་རིགས་བརྒྱུད་ནི། །བཙུན་ཞིང་ནོར་ཡང་འཕེལ་བར་འགྱུར། །གང་ཚེ་རྟ་ནི་ནག་པོ ་ལ། །ཐིག་ལེ་ནག་པོ་སྣང་གྱུར་ན། །དེ་ཡི་བདག་པོ་མི་བཟད་པའི། །ནད་ཀྱིས་བཏབ་ཅིང་མྱུར་དུ་འཆི། །གང་ཚེ་རྟ་ནི་དཀར་པོ་ལ། །ཐིག་ལེ་དམར་པོ་གནང་གྱུར་ན། །དེ་ཡི་བདག་པོ་མྱུར་དུ་ནི། །དགྲ་ཡིས་གསོད ་པ་ཉིད་དུ་འགྱུར། །གང་ཚེ་དེ་ཉིད་ལ་ཐིག་ལེ། །ནག་པོ་བྱུང་བར་གྱུར་ན་ནི། །དེ་ཡི་བདག་པོར་མྱུར་བར་ནི། །འཆི་བའམ་ཡང་ན་འཆི་བར་འགྱུར། །གང་ཚེ་རྟ་ནི་དམར་པོ་ལ། །ཐིག་ལེ་སེར་པོ་སྣང་གྱུར་ན། །དེ་ཡི ་བདག་པོ་མི་སྣང་པའི། །དགྲ་པོ་ཡིས་ནི་གསོང་པར་འགྱུར། །གང་ཚེ་རྟ་ནི་དམར་པོ་ལ། །ཐིག་ལེ་ནག་པོ་སྣང་གྱུར་ན། །དེ་ཡི་བདག་པོ་གྲགས་མིན་པའི། །ལས་ཀྱིས་གསོད་པར་འགྱུར་བ་ཡིན། །གང་ཚེ་རྟ་ནི ་ནག་པོ་ལ། །ཐིག་ལེ་དཀར་པོ་སྣང་གྱུར་ན། །དེ་ཡི་བདག་པོ་གྲགས་ཐོབ་ཅིང། །གཡུལ་ལས་རྣམ་པར་རྒྱལ་བར་འགྱུར། །ནག་པོ་ལ་ནི་གང་གི་ཆེ། །ཐིག་ལེ་དམར་པོ་སྣང་གྱུར་ན། །དེ་ཡི་བདག་པོ་གཡུལ་དུ ་ནི། །གྲགས་པ་དམ་པ་ཐོབ་བར་འགྱུར། །དཀར་ལ་ཤིན་ཏུ་དཀར་བ་དང། །སྣུམ་ཞིང་མཉམ་པར་གྱུར་པ་ཡི། །ཐིག་ལེ་གང་དུ་སྣང་གྱུར་པ། །དེ་ཡི་བདག་པོས་རྒྱལ་སྲིད་ཐོག་།དེ་ནི་རྒྱལ་པོའི་རྒྱལ་པོར་འགྱུར། །བུ་དང་ཚ་བོ་རྣམ ་པར་འཕེལ། །རྒྱལ་པོ་དང་ནི་ཡུལ་འཁོར་ཤེས། །དཔུང་དང་མཛོད་ཀྱང་འཕེལ་བར་འགྱུར། །ཐིག་ལེ་ཤིས་པའི་གཟུགས་ལྡན་ཞིང། །རྗེས་སུ་མཐུན་པའི་མདོག་ཅན་ལ། །སྣུམ་ཞིང་མདོག་ནི་སྡུག་བ་དང། །གནས་ལས་མདུ་མདུ ་བལྟ་བ་དང། །དེ་ནི་ནོར་རྣམས་རྙེད?་པར་འགྱུར། །གོ་བཟློག་པ་ནི་སྨད་པ་ཡིན། །ཐིག་ལེ་ནས་འབྲས་འདྲ་བ་ནི། །བདག་པོ་བུ་དང་ཕྲད་པར་འགྱུར། །ཁ་དོག་སྣ་ཚོགས་དམར་ཤས་ཆེ། །ནོར་རྙེད་པར་ནི་སྟོན་པ་ཡིན། །མདོག་མི ་སྡུག་ཅིང་འཐོར་བ་དང། །རྩུབ་ཅིང་ཆ་ནི་མི་ཉམ་དང། །དབྱིབས་ངན་པ་དང་འཕྲ་བ་དང། །དེ་བཞིན་རྒྱབ་ཏུ་ལྟ་བ་དང། །མི་མཐུན་གནས་དང་མཚོན་ཚོགས་དང། །མདོག་ལས་མདོག་གཞན་གྱུར་བ་རྣམས། །དེ་ནི་ཡུལ་འཁོར ་འཇིག་བྱེད་ཡིན། །རྒྱལ་སྲིད་ཉམས་པར་བྱེད་པ་ཡིན། །རྒྱལ་པོ་ཡི?་ནི་དཔུང་རྣམས་དང། །མཛོད་དད་བུ་ནི་འཇོམས་པ་ཡིན། །ཐིག་ལེ་ཤིས་པའི་གནས་བྱུང་ཡང། །གང་ཞིག་མཚམས་སུ་སྐྱེས་པ་དང། །སྣུམ་མདངས་ཆུང་བར ་གྱུར་པ་རྣམས། །དམང?་པ་ཡིན་ཞེས་རྣམ་པར་བསྟན། །སྣུམ་ཞིང་མཛེས་པར་གྱུར་པ་ནི། །ཤིས་པ་ཐོབ་པ་ཁོ་ནར་བསྟན། །དེ་ལྟར་གནས་དང་གནས་མིན་པར། །སྐྱེས་པའི་མཚན་མ་ཀུན་བསྟན་ནས། །འདིར་ནི་ཁ་དོག་ཀུན་འབྲས ་བུ། །འདི་ནི་རྩེ་གཅིག་ཡིད་ཀྱིས་ཟུང། །ཇི་ལྟར་གནས་ནི་རྣམ་པ་བཅུར། །མཚན་ཉིད་སོ་སོར་རྣམ་པར་ཕྱེ། །དེ་བཞིན་ཐིག་ལེའི་འབྲས་བུ་ཡང། །ལྟས་སུ་གྱུར་པར་ཤེས་པར་བྱ། །དེ་བས་གནས་དང་ལྟས་རྣམས་ནི། །མཚན་ ་བདག་ཀྱང་བཟུང་བར་བྱ། །དེ་ལྟར་ཐིག་ལེ་མ་ལུས་པའི། །མཚན་ཉིད་ཇི་བཞིན་སྨྲས་པ་ཡིན། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས། ཐིག་ལེ་བཟང་ངན་བརྟག་བའི་ལེའུ་སྟེ་ཉི་ཤུ་པའོ།།།། ་ཤ་ལི་ཧོ་ཏྲ་བདེར་གནས་ལ། །ལེགས་ཐོས་ཀྱིས་ནི་ཡོངས་དྲིས་པ། །ཤ་ར་ཞེས་བྱའི་ཁྱད་པར་མདོག་།དཀའ་ཐུབ་ཆེན་པོས་དེ་གསུངས་ཤིག་།དཀར་ལ་མདོག་གཞན་དང་འདྲེས་པ། །ཤར་ཞེས་ནི་བྱ་བར་བཤད། །གང་ཞིག ་ཁ་དོག་གཞན་གྱིས་ནི། །ཁ་དོག་དཀར་བ་ཟིལ་མནན་ན། །གནས་དང་གྲགས་པ་གཞན་དག་གིས། །དེ་ཡི་བདག་པོ་ཟིལ་མནན་འགྱུར། །འདི་ཡང་གནས་དང་དབྱིབས་དག་ནི། །གཞན་ལས་འབྲས་བུ་གཞན་དུ་འགྱུར། ། ་རབ་མངའ་ཡབ་འདྲ་བ་དང། །ཁང་པའི་ཕྱི་སྐོར་ལྟ་བུ་ཡི། །རྟལ་ཤར་ཡོད་ན་ནི། །བདག་པོས་ལ་དབང་བྱེད་འགྱུར། །གདེངས་ག་སྤྲུལ་འཁྱིལ་ཤིང་འདྲ་དང། །ཁྱ་མཆོག་རུས་སྦལ་ཆུ་སྲིན་འདྲ། །ཤ་ར་རྟ་ལ་ཡོད་ན་ནི། །བདག ་བཤིན་ཏུ་བྱུག་པར་འགྱུར། །ཁང་བཟང་རི་ཡི་རྩེ་མོ་འདྲ། །རི་མོ་གསལ་པོ་ཡོད་པའི་རྟ། །བདག་པོ་དབང་བྱུག་ལྡན་པ་དང། །རང་དང་གཞན་དབང་བསྐུར་བར་འགྱུར། །ཆག་པའི་ཤིང་དང་སྐྲ་འདྲ་ཡོད། །བདག་པོ་ལ ་ཕན་ཟད་པར་འགྱུར། །རྔ་རྩ་དག་ཏུ་བྱུང་ན་ནི། །བདག་པོའི་འཆིང་བ་འཕེལ་བར་འགྱུར། །གང་ཞིག་ལྟེ་བ་ནས་གཟུང་ནས། །རོ་སྟོང་ཉི་མ་ཤར་ཁ་འདྲ། །དེ་བཞིན་རོ་སྨད་ཆ་དང་ནི། །ཟླ་བ་ཡི་ནི་མདོག་འདྲ་བ། །མདངས་དང ་མདོག་ནི་ཕུན་ཚོགས་པ། །ཉིན་མོ་གཡུལ་ལས་རྒྱལ་བྱེད་ཡིན། །དེ་ལས་གོ་བཟློག་གྱུར་པ་དང། །མཚན་མོ་གཡུལ་ལས་རྒྱལ་བྱེད་ཡིན། །གང་ཞིག་ལྟེ་བ་ནས་བཟུང་ནས། །རོ་སྟོང་མདངས་སྣུམ་དཀར་པ་ལ། །རོ་སྨད་མདངས ་སྣུམ་ནག་པོ་ནི། །དེ་ཡང་ཉིན་མོ་རྒྱལ་བྱེད་ཡིན། །དེ་ལས་གོ་བཟློག་གྱུར་རྟ་ཡང། །མཚན་མོ་རྒྱལ་བར་བྱེད་པ་ཡིན། །ཆ་ནི་འདི་དག་ཉིད་ཀྱི་ནི། །གཡས་དང་གཡོན་དུ་འོད་གཞན་བྱུང། །ཉིན་མོ་འམ་ནི་མཚན་མོ་ངག། འཐབ་པའི་ཚེ་ན་རྒྱལ ་བྱེད་ཡིན། །གཡས་ཕྱོགས་ཀྱི་ནི་ཁ་དོག་དང། །རོ་སྟོད་ཀྱི་ནི་མདོག་འདྲ་ཞིང། །མདངས་སྣུམ་ཤིས་པའི་གཟུགས་ཅན་ནི། །རྟ་དེ་བསྔགས་པར་གྱུར་པ་ཡིན། །བྲམ་ཟེ་འམ་ནི་རྒྱལ་རིགས་ལས་།གཞན་གྱིས་དེ་ཐོབ་མི་རིགས ་སོ། །དེས་ནི་དག་ཀུན་ཟད་བྱེད་ཡིན། །ཆོས་དང་འདོད་པའང་གཏེར་བྱེད་ཡིན། །གང་གི་རོ་སྟོད་མདོག་ནག་ཅིང། །རོ་སྨད་མདངས་སྣུམ་དཀར་བ་ནི། །དགྲ་འཛོམས་མཛའ་ཨོ་འཕེལ་བྱེད་དེ། །དེ་ཡང་གཡུལ་ལས་རྒྱལ ་བྱེད་ཡིན། །རོ་སྟོད་དུང་ལྟར་དཀར་བ་ལ། །རོ་སྨད་མདོག་གཞན་ལྡན་པ་ཡིན། །དེ་ལ་མཛའ་སྐྱེས་ཅེས་བྱ་སྟེ། །རིགས་འཕེལ་ཉིན་མོ་ཤེས་པ་ཡིན། །པ་ཏ་ལ་ལྟར་མཆུ་དམར་ཞིང། །ཁ་དང་ལྕེའུ་ཆུང་དམར་གྱུར་བ། །ཁྱིམ་དཱུང ་ཤིས་པར་འགྱུར་བ་དང། །ལམ་དཱུང་ཕན་པ་སྐྱེད་བྱེད་ཡིན། །གཞན་ཡང་དེ་དང་འདྲ་བའི་རྟ། །མདོག་གསལ་སྤུ་ནི་སྲབ་པ་དང། །མདངས་སྣུམ་ཤིས་པའི་གཟུགས་ཅན་ནི། །རྟ་མཆོག་དེ་ནི་བསྔགས་པ་ཡིན། །གནག ་དང་དམར་དང་སེར་པོ་ལ། །ཟླུམ་རིས་དཀར་པོས་བརྒྱན་པའམ། །དཀར་ལ་མདོག་གཞན་གྱིས་བརྒྱན་པའི། །རྟ་ནི་དཔལ་སྐྱེད་བྱེད་པ་ཡིན། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས་ཤ་རའི་མདོག་གི་ཁྱད་པར་ཞེས་ཏེ ་ལེའུ་ཉི་ཤུ་རྩ་གཅིག་པའོ།། །།ལྷ་དང་དྲང་སྲོང་གྲུབ་པའི་མཛའ་། །གཙང་མའི་བདག་ཉིད་དབང་པོ་ཐུལ། །རྟ་ཡི་ཆེ་ཡི་རིག་བྱེད་མཁས་།རྟ་བྲེས་ན་ནི་གནས་པ་ལ། །ཀ་ཏ་ཡ་ནས་རྐང་པ་ལ། ་ལེགས་པར་བཟུང་ནས་ཚིག་འདི་དྲིས། །རྟ་ཡི་ཤིས་དང་མི་ཤིས་པའི། །མཚན་ཉིད་ཐམས་ཅད་ཤེས་བྱ་བ། །སོ་སོར་རྒྱས་པར་དག་ཏུ་ནི། །ལེགས་ལྡན་གྱིས་ནི་སྔར་བཤད་ན། །འདི་དག་ཐམས་ཅད ་མ་ལུས་པ། །བསྲེས་པ་དག་ཀྱང་རྟོགས་པར་འཚལ། །དེ་ལྟར་དྲིས་ཚེ་ལེགས་ལྡན་ནི། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །མཚན་ཉིད་ཐམས་ཅད་ཕུན་སུམ་ཚོགས། །བསྲེས་པའི་མཚན་ཉིད་མཉན་པར་གྱིས། །ནག་པོ་སྣུམ་མདངས ་ལྡན་པ་ལ། །ཁ་དང་རྐང་པ་རྡོག་མ་ལ། །དེ་བཞིན་མིག་དང་བྲང་རྣམས་ནི། །གང་ཞིག་དཀར་པོར་གྱུར་པ་དག། རྟ་དེ་ཞོན་ན་རྒྱལ་པོ་ནི། །མ་ལུས་པ་ལས་རྒྱལ་བར་འགྱུར། །གང་ཞིག་རྨིག་པ་སྤུ་ཡིས་ནི། །ཀུན་ནས་ཁབས་པར ་སྣང་གྱུར་པ། །རྟ་དེ་གཡོགས་པ་ཞེས་བྱ་སྟེ། །བདག་པོའི་ཕུན་ཚོགས་འཕེལ་བྱེད་ཡིན། །ཡན་ལག་ཉིད་ལག་ལ་བརྟན་ནས། །གང་གི་མདངས་ནི་ཤིས་པ་ཡོད། །མཐོང་ན་མིག་ནི་དགའ་བྱེད་ཅིང། །ཡིད་ཀྱང་མགུ་པར་བྱེད་པ ་ཡིན། །རྟ་ནི་ཁ་དོག་གཅིག་གྱུར་པའི། །ལུས་དང་ལྡན་པ་དེ་ཡི་བདག། འཇིག་རྟེན་དུ་ནི་འགྲོ་ཀུན་ལ། །སྲོག་འདྲ་བར་ནི་སྡུག་པར་འགྱུར། །འཛམ་བུ་སྨིན་པ་ལྟ་བུར་སྣང། །གནག་པ་ལེགས་པར་བྲིས་པ་འདྲ། །རྟ་དེ་རྒྱལ ་པོས་ཞོན་ནས་ནི། །མི་དབང་བའང?་དབང་དུ་འགྱུར། །ཤིན་ཏུ་དམར་ཤིང་རབ་སྣུམ་པའི། །རྟ་ནི་གང་ཞིག་འཕྱང་བྱེད་པ། །དེ་ཡི་དོན་ཀུན་ཕུན་སུམ་ཚོགས། །གཡུལ་ངོ་དག་ཏུ་རྒྱལ་བར་འགྱུར། །ཀུན་ནག་བྱ་རོག་འདྲ་བ ་འམ། །ཅེ་སྤྱར་སྤྱང་ཁུའི་མདོག་འདྲ་བའམ། །གང་ཡང་གྲ་མའི་མདོག་འདྲ་བ། །དེ་ནི་གཡུལ་དུ་རྒྱལ་བྱེད་ཡིན། །རྒྱབ་གཞུང་བོང་བུ་འདྲ་བ་ཡི། །མདོག་གཞན་གྱི་ནི་རི་མོ་ཅན། །དེ་ནི་གཞུང་ཐིག་ཡིན་ཞེས་བྱ། །རྟ་དེ་ནོར ་ནི་འཇིག་བྱེད་ཡིན། །གང་ཞིག་ལུས་མདོག་རི་དགས་འདྲ། །རྨིག་པ་སོར་མོ་འདྲ་བ་སྐྱེ། །བྱི་བའི་སྔར་མོ་ཞེས་བཤད་དོ། །རྟ་དེ་མཛའ་དང་འབྲལ་བྱེད་ཡིན། །གཞུང་ཐིག་ཅན་དང་མིག་མི་སྡུག་།དེ་བཞིན་བྱི་བའི་སྡེར་མོ་ཅན།། ་མདོག་མི་སྡུག་པའི་རྟ་མཐོང་ན། །རིང་དུ་ཡོངས་སུ་སྤང་བར་བྱ། །རྫ་གྱོ་ཆག་པའི་མདོག་འདྲ་བའི། །ཐལ་བའི་མདོག་དང་བྱི་ལའི་མདོག་།བྱི་བའི་མདོག་ཅན་གང་ཡིན་དང། །དུ་བའི་མདོག་དང་མདོག་མི་སྡུག་།དེ་དག་གིས་ནི ་བདག་པོ་གསོད?། །དོན་གྲུབ་པ་ལ་སྨད་པ་ཡིན། །དུ་བ་དུ་བ་མིག་མདོག་འདྲེས། །མེ་ཏོག་པ་ཏ་ལའི་མདོག་འདྲ། །རྔ་མ་རྡོག་མ་དམར་སེར་ཡོད། །རྟ་དེ་རིགས་ནི་རླག་བྱེད་ཡིན། །གྲང་གི་རླིག་པ་རྨིག་པ?་དང། །རྔ་མ ་མིག་དང་རྐན་ཡང་གནག། དེ་ནི་འཇུག་ནག་ཞེས་བྱ་སྟེ། །རིགས་དང་མཛོད་ནི་ཟད་བྱེད་ཡིན། །ཕྲག་སོ་རྒྱབ་དང་རྐེད་རྩ་དང། །ོང་ཏོ་དག་ཏུ་རི་དགས་ནི། ། ན་ཡ་ལི?་མདོག་ལྟར་གནག་།དེ་ནི་གཡང་གཞི་ཅན་ཞེས་བྱ། །ཕྲག ་སོས་བུ་ནི་འཆི་བར་འགྱུར། །རྐེ་རྩས་ཁ་ལོ་པ་འཆི་འགྱུར། །རྒྱབ་ཀྱིས་བདག་པོ་འཆི་བར་འགྱུར། །ོང་དོས་ཆུང་མ་ངན་སྤྱོད་འགྱུར། །གང་ཞིག་སྟག་འདྲའི་རི་མོ་ཡོད། །རྟ་དེ་བླུན་པོ་ཞེས་བྱ་དེ། །གསེར་ཅན་ཞེས་པ་ཀྱང་དེ ་ལ?་བྱ། །གཡུལ་དུ་བ་དག་པོ་གསོང་བྱེད་ཡིན། །རོ་སྟད?་དམ་ནི་གཞན་དག་ཏུ། །རི་དགས་ལྤགས་འདྲའི་ནག་པོས་ཁྱབ། །བདག་པོ་གསོད་ཅིང་ཀུན་གསོད་སྐྱེད། །གང་ཞིག་མདོངས་དང་བཅས་པ་ཡིན། །རྐང་ལག་གཉིས ་ཀར?་ཤིས་རོ?་ཡིན། །རྐང་ལག་གཉིས་ན་དཀར་གྱུར་པ། །མདོངས་དང་བཅས་ན་དེ་མི་སྨད། །ལག་པ་གཅིག་དཀར་མདོངས་མེད་པ། །བདག་པོ་གསོད་བྱེད་གཡུལ་དུ་སྤང། །རྐང་ལག་གཉིས་ན་དཀར་གྱུར་པ། །གཡུལ? ་དུ་ཤིས་ཤིང་དཔལ་བསྐྱེད་ཡིན། །རྐང་ལག་དཀར་བའི་འབྲས་བུ་ནི། །རྒྱ་ཆེར་ང་ཡིས་བཤད་པར་བྱ། །རྟ་གང་གིས་ནི་མདུན་རྐང་གི། གཡས་པ་དཀར་པོར་གྱུར་པ་དེ། །བཀྲ་མི་ཤིས་པར་གྱུར་པ་སྟེ། ། ་གཡུལ་དུ་དོན་མི་འགྲུབ་པར་བྱེད། །སྔ་རྐང་གཡོན་བ་དཀར་གྱུར་པ། །དཔུང་བ་སྣོད་པ་སྐྱེད་བྱེད་ཡིན། །ཕྱི་རྐང་གི་ནི་གཡས་པ་དཀར། །བདག་པོ་གསོད་པར་བྱེད་པ་ཡིན། །གཡོན་པ་དཀར་བས་གཡུལ་དུ་ནི། །ཞོམས་པོ་དང ་བཅས་བརྩོན་འཁྱར། །སྔ་རྐང་གཉིས་དང་དེ་བཞིན་དུ། །ཕྱི་རྐང་གི་ནི་གཡོན་པ་དཀར། །བདག་པོ་གཡུལ་དུ་མངའ་མདུང་གིས། །འཆི་བར་བྱེད་པ་ཉིད་ཡིན་ནོ། །སྔ་རྐང་གཉིས་དང་དེ་བཞིན་དུ། །ཕྱི་རྐང་གཡས་པ་དཀར་གྱུར་པ། ། ་གཡུལ་དུ་བདག་པོ་འཆི་གྱུར་ནས། །དེ་ཡི་རྗེས་ལ་རང་ཉིད་འཆི། །སྔ་རྐང་གཡོན་པ་དཀར་གྱུར་ཅིང། །ཕྱི་རྐང་གཉིས་ཀ་དཀར་གྱུར་པ། །རྟ་དེ་གཡུལ་དུ་འཇུག་གྱུར་ན། །གྲོགས་དང་བཅས་པ་འཆི་བར་འགྱུར། །སྔ་རྐང ་གཡས་པ་དཀར་གྱུར་ཅིང། །ཕྱི་རྐང་གཉིས་ཀ་དཀར་ན་ནི། །རྟ་དེ་བདག་པོ་གསོད་བྱེད་ཡིན། །ལས་རྣམས་འགྲུབ་པར་མི་འགྱུར་རོ། །དེ་ལྟར་མི་ཤིས་བཤད་ནས་ནི། །ཤིས་པ་བཤད་ཀྱིས་ཉན་པར་གྱིས། །སྔ་རྐང་གཡས ་པ་དཀར་གྱུར་ཅིང། །ཕྱི་རྐང་གཡོན་པ་དཀར་བ་ནི། །ཐང་ཀར་དཀར་པོ་ཞེས་བྱ་སྟེ། །མཛའ་བཤེས་ཉེ་དུ་འཕེལ་བྱེད་ཡིན། །དེ་བཞིན་གཅིག་ཤོས་གཉིས་དཀར་བ། །མཛའ་ཨོ་འཕེལ་བར་བྱེད་བ་ཡིན། །སྔ་རྐང་གཉིས་ནི ་དཀར་གྱུར་ན། །ནོར་དང་བདེ་དང་དགའ་བ་བསྐྱེད། །ཕྱི་རྐང་གཉིས་ནི་དཀར་གྱུར་པ། །གཡུལ་དུ་དགྲ་ལས་རྒྱལ་བར་གྱུར། །ངོས་གཉིས་དཀར་བར་གྱུར་པ་ལས། །གཡས་པ་དཔུང་དང་མཛོད་འཕེལ་བྱེད། །གཡོན ་པས་སྐལ་བ་བཟང་བ་དང། །ནོར་དང་མཛོད་ཀྱང་འཕེལ་བར་བྱེད། །རྐང་པ་བཞི་ཆར་དཀར་བའི་རྟ། །རིགས་དང་ཆོས་ནི་འཕེལ་བྱེད་ཡིན། །ཚིག་གྲང་མན་ཆད་རྐང་བཞི་དཀར། །འབྲས་བུ་ཆེན་པོ་བསྐྱེད་ཤེས་བྱ། །བ་སྤུའི་མཛའ་འམ་རྟིང ་པ་འམ། །སྤྱི་བོར་གང་ཞིག་དཀར་གྱུར་རྟ། །དེ་ནི་སྔར་བཤད་ལས་ཁྱད་པར། །འབྲས་བུ་ཆུང་དུ་བསྐྱེད་པར་བྱེད། །པུས་མོའི་བར་དུ་དཀར་བའི་རྟ། །འབྲས་བུ་གསལ་པོར་འབྱིན་པར་འགྱུར། །རྟ་ནི་ཁ་དོག་བཞན་ཡོད་པ། །རྐང་པ ་ལུས་མདོག་མི་མཐུན་ན། །དེ་ཡི་འབྲས་བུ་སྔར་བཤད་པའི། །ཁྱད་པར་བཞིན་དུ་ཤེས་པར་བྱ། །གང་གིས་ལག་པ་གཉིས་དཀར་ཞིང། །རྐང་པ་གཉིས་ནི་གནག་པ་འམ། །དམར་བའི་ཁ་དོག་གཞན་ཡིན་པ། །དེ་ནི་ཉིན་མོ ་རྒྱལ་བྱེད་ཡིན། །དེ་ལས་བཟློག་པར་གྱུར་པ་ནི། །མཚན་མོ་རྒྱལ་བར་བྱེད་པ་ཡིན། །གང་ཞིག་ཁ་དོག་དམར་པོའི་རྟ། །རྐང་པ་སྔོ་སེར་དཀར་དང་གནག། ཡང་ན་རྨིག་པ་རྔོ་བའམ། །སེར་དང་དམར་དང་དཀར་དང་གནག ་ཁ་དོག་གཉིས་སམ་གསུམ་མ་བཞི། །མདོག་གམ་མདོག་རྗེས་ཡོད་གྱུར་པ། །ལྷ་ཡི་རྟ་ནི་དེ་འདྲ་འབྱུང། །དེ་ཡི་རྒྱལ་པོ་རྒྱལ་བྱེད་ཅིང། །དགྲ་རྣམས་ཐུལ་བར་བྱེད་པ་དང། །གཡུལ་ཏུ་རྟག་ཏུ་ཤིས་པ་དང། །ནོར་དང་བུ ་དང་ཚ་བོར་ལྡན། །གང་ཞིག་སྐྱེས་པ་ཚུན་ཆད་ནི། །རྔ་རྡོག་སྐྱེ་བར་མི་འགྱུར་བ། །བདག་པོ་རིགས་ནི་བརླག་བྱས་ནས། །དེ་ཡི་རྗས་ལ་རང་ཉིད་ཉམས། །རྨང་ཁ་ཡི་ནི་གཡས་གཡོན་ན། །བ་ཡི་ནུ་སོར་ལྟ་བུ་དག་།གང་ཞིག་ལ་ནི ་སྣང་གྱུར་བ། རྟ་དེ་རྒྱལ་སྲིད་འཇིག་བྱེད་ཡིན། །གང་ཞིག་པ་ལང་རྭ་འདྲ་བ། །རུ་རུའི་རྭ་རྩེ་ལྟ་བུ་འམ། །བ་ཡི་ནུ་སོར་དབྱིབས་འདྲ་འམ། །ལྕི་བའི་རྩེ་མོ་ལྟ་བུ་འམ། །དེ་བཞིན་པགས་པའི་འཛེར?་བའི་དབྱིབས། །ཡང་ན་བིལ་བའི་ལ་བུ ་འམ། །ལག་སོར་ལྟ་བུའི་རྭ་དག་ནི། །སྦོམ་པོ་བས་ཡང་ན་ཕྲ་མོ་དག་། རིང་དང་ཐུང་དང་རྩུབ་དང་འཇམ། །སྲ་དང་སྙི་བ་གང་ཡང་རུང། །རྣ་རྩ་འམ་སྐྲ་མཚམས་ཐ་མ་འམ། །དཔྲལ་བ་འམ་ཡང་སྤྱི་བོ་འམ། །དེ་ལས་། ་གཞན་པའི་གནས་དག་ཏུ། །དེ་ལས་གཞན་པའི་དབྱིབས་ཡོད་པ། །གང་བྱུང་དེ་ནི་རྭ་ཅན་དེ། །བདག་པོ་ཡུལ་འཁོར་འཇིག་བྱེད་ཡིན། །ཡུལ་ཕྱོགས་གང་ན་རྟ་དེ་ཡོད། །ཡུལ་དེ་རླག་པར་འགྱུར་བ་ཡིན། །དེས་ནད་ནི་དགྲ་བོ་ཡི། །ཡུལ་དུ ་སྐྱལ་ལ་རྗེས་ཞི་བྱ། །རྟ་ནི་གང་གི་ཁ་ལ་ནི། །ཤ་ཁྲག་གིས་ནི་ཀུན་ཏུ་ཁྱབ། །དེ་བཞིན་རྐུབ་དང་རླིག་པ་དང། །རྣ་བ་དག་དང་མིག་ཏུ་བྱུང། །རྟ་དེ་ཤ་ཁྲག་ཅན་ཞེས་བྱ། །མི་ཤིས་སྡིག་པའི་མཚན་ཉིད་ཅན། །རྟ་བྲས་སུ་ནི་མི་གཞུག ་ཅིང། །བཀྲ་ཤིས་འདོད་པས་རེག་མི་བྱ། །མིག་གི་ཉེས་པ་བཤད་བྱ་ཡིས། །དེ་ནི་ང་ལས་མཉན་པར་བགྱིས། །ཁྱི་མིག་དོམ་དང་བྱི་བའི་མིག་།སྦལ་མིག་ནོར་བུའི་མིག་འདྲ་དང། །བྱི་བ་འུག་པ་ཉ་མིག་ཅན། །ཕག་དང ་ཁྱུ་མཆོག་ལྟ་བུའི་མིག་།བྱ་རོག་ལུག་དང་ཁྲ་མིག་ཅན། །ཁྲ་ཡི་མིག་ཅན་སྨད་པ་ཡིན། །མིག་ཡོ་མིག་ནི་གདུག་པ་དང། །མིག་སེར་བ་ཡང་སྤང་བར་བྱ། །དེས་ནི་བདག་པོ་མི་བདེ་ཞིང། །རིགས་ཟད་པར་ཡང་བྱེད་པ་ཡིན། ། ་དེ་ནི་གཡུལ་དུ་བདག་པོ་དག་།གསང་ཅིང་ཕམ་པར་བྱེད་པ་ཡིན། །རྐན་གྱི་མདོག་ནི་སྣ་ཚོགས་དང། །མདོག་དང་དབྱིབས་ནི་མང་བ་ཡི། །འབྲས་བུ་ཁྱད་པར་གང་དག་ཡིན། །དེ་ནི་ང་ལས་མཉན་པར་གྱིས། །གེ་སར་ནག ་པོ་ལྟ་བུ་ཡི། །ཐིག་ལེ་གང་ལ་ཁྱབ་གྱུར་པ། །དེས་ནི་ལམ་དུ་ཉོན་མོངས་འགྱུར། །རྐན་གྱི་ཕྱེད་ནི་དཀར་བ་ཡིས། །ནོར་ཟད་གེ་སར་ལྟ་བུ་ཡིས། །འགགས་ནི་མི་ཤེས་གྱུར་པ་ཡིན། །རྐན་ནི་སྣུམ་ཞིང་ཟབ་པ་དང། །དམང་? ་གྱུར་ན་བསྔགས་པ་ཡིན། །ཤིན་ཏུ་དམར་ཞིང་ཆེར་ཁྱབ་ལ། །རྩུབ་མོ་མང་ལའང་འབྲས་བུ་ཆེ། །སྣུམ་ཆུང་དམར་བའི་ཤས་ཆུང་བ། །འབྲས་བུ་ཆུང་བར་ཤེས་པར་བྱ། །རྐན་གྱི་ཁ་དོག་འབྲས་བུ་དང། །སོ་ཡི་འབྲས་བུ་ཉིད་དང་ནི། ། ་མཚན་ཉིད་གནས་དང་བཞི་ལས་བརྟག་།རླིག་འབྲས་གཅིག་པ་བདག་པོ་གསོད། །རླིག་འབྲས་ཉར?་པ་བུ་གསོར་བྱེད། །རླིག་འབྲས་མེད་པ་བཀྲ་མི་ཤིས། །རླིག་འབྲས་དམར་སེར་ནོར་ཉམས་བྱེད། །རླིག་འབྲས་ཤིན་ཏུ ་འཕྱང་བ་དང། །གཡུལ་དུ་བདག་པོ་གསོད་པར་བྱེད། །རླིག་པ་སྤུ་ནི་ཆེ་པ་འམ། །ཡང་ན་སེར་སྐྱར་གྱུར་པ་འམ། །དེ་བཞིན་ཞུ་བར་གྱུར་པ་ཡང། །དེ་ཡི་བདག་པོ་གསོད་བྱེད་ཡིན། །ཁ་དོག་གཞན་དང་ལྡན་པ་ལ། །པུས་མོ ་གཉིས་ནི་ནག་གྱུར་ཅིང། །སྲེ་ལོང་ནག་པོར་གྱུར་པ་ནི། །བདག་པོ་གསོད་བྱེད་ཤེས་པར་བྱ། །ལུས་ཀྱི་ཁ་དོག་ཉིད་ལས་ནི། །རྔ་མའི་ཁ་དོག་གཞན་གྱུར་པ། །འབར་བའི་རྔ་མ་ཅན་ཞེས་བྱ། །རྟ་དེ་རྟག་ཏུ་སྤང་བར་བྱ། །རྔ ་མའི་རྩེ་མོ་མི་དག་གཞན་གྱུར། །ཡུལ་འཁོར་ཡང་ནི་རླག་པར་བྱེད། །རྟ་ནི་མདོག་དཀར་གྱུར་པ་ལ། །ནག་པོ་ཅུང་ཟད་ཡོད་མི་ཤིས། །རྣ་བ་དང་ནི་རྡོག་མ་ནག་།རྔ་རྩེ་ནག་པོར་གྱུར་པ་ནི། །དེ་ནི་རྣ་ནག་ཡིན་ཞེས ་བྱ། །ལས་རྣམས་ཀུན་ལ་ཤིས་པ་ཡིན། །གཡུལ་དང་ལམ་ཞུགས་ཁལ་བཀལ་བ། །རྒྱལ་པོའི་འདོད་པ་ཀུན་སྒྲུབ་ཡིན། །རྔ་མའི་བར་པ་ཞེས་བྱ་དང། །རྔ་རྩེ་ནག་པ་མ་གཏོགས་པ། །རྟ་ནི་ཁ་དོག་ནག་པ་ལ། ། ་དཀར་པོ་ཅུང་ཟད་ཡོད་པ་ཤིས། །ལྡམ་བུ་ཆུ་ཤེལ་མདོག་འདྲ་ཞིང། །གང་གི་མདོག་ནི་དཀར་གྱུར་པ། །རྟ་དེ་དཔལ་ཡོན་ཅན་ཞེས་བྱ། །རྒྱལ་པོ་རྣམ་རྒྱལ་སྐྱེད་བྱེད་ཡིན། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས། ་འདྲེས་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།ཁ་བ་ཅན་གྱི་རི་བོའི་མཆོག་།འབྱུང་ཁུངས་སྣ་ཚོགས་ཀྱིས་བརྒྱན་པ། །ཤིན་ཏུ་མཐོ་ཞིང་རྩེ་མོ་ཆེ། །ཀུན་ནས་རླུང་ནི་མི་ལྡན ་ཞིང། །རྩེ་མོ་ཁ་བས་རྣམ་པར་གཡོགས། །མི་འམ་ཅི་ཡི་གླུ་སྒྲས་ཁྱབ། །བྱ་རྣམས་སྣ་ཚོགས་སྒྲ་འབྱིན་ཅིང། །རི་དགས་སྣ་ཚོགས་རྣམས་ཀྱིས་མཛས། །སྣ་ཚོགས་ཤིང་གིས་ཀུན་ཏུ་ཁྱབ་།མཁའ་ལ་རྒྱུ་བརྟག་ཏུ་དགའ་ ་རིགས་འཛིན་ཚོགས་ནི་ལེགས་གནས་ཤིང། །དྲི་ཟའི་ཚོགས་ཀྱིས་བསྟེན་པར་ནི། །ཤའི་ཧོ་ཏྲ་ལེགས་གནས་ལ། །ལེགས་ཐོས་ཀྱིས་ནི་ཡོངས་དྲིས་པས། །རྒྱལ་པོའི་བཞོན་པར་འོས་པའི་རྟ། །དྲང་སྲོང་ཆེན་པོས་བདག་ལ་གསུངས། ་རྒྱལ་བའི་རྟ་ནི་ཅི་ལྟ་བུ། །དེ་ཡི་ངེས་པ་བདག་ལ་གསུངས། །བུ་ཡིས་དེ་སྐད་དྲིས་པ་དང། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །ཡོན་ཏན་སྐྱོན་དག་རྒྱལ་པོ་ལ། །འཇིག་རྟེན་འབྱུང་བ་ཅི་འདྲ་བར། །དེ་ལྟར་ཐ་མལ་མི་རྣམས་ལ། །འབྱུང་མི་འགྱུར ་བར་གཞུང་ལས་བཤད། །དེ་བས་རྒྱལ་པོའི་བཞོན་པ་ཡི། །མཚན་ཉིད་འབད་པས་བརྟག་པར་བྱ། །ཅི་ནས་ཉེས་པར་མི་འབྱུང་བར། །རྣམ་པ་ཀུན་ཏུ་བྱ་བ་ཡིན། །ཚད་དང་སྟོབས་དང་སྙིང་བསྟོབས་གཟི་།སྟོབས་དང་ལུས ་ཀྱི་མེ་དྲོད་པ་ལྡན། །གཙུག་འཁྱིལ་བཟང་ཞིང་མདངས་རབ་སྣང། །འགྲོས་ནི་ཕུན་སུམ་ཚོགས་པ་དང། །སྐད་བཟང་དྲི་ནི་ཞིམ་པ་དང། །དེ་བཞིན་སྐྱེ་གནས་བཟང་བ་དང། །རིགས་ལྡན་དང་ཚུལ་ཕུན་སུམ་ཚོགས། ། ་དུ་ལ་ཞིང་མཐོང་ན་དགའ་བ་དང། །བད་ཀན་རང་བཞིན་ཅན་མཆོག་དང། །དེ་བཞིན་བཟང་པོའི་སྐྱེ་གནས་དང། །སྨད་པའི་མཚན་ཉིད་མེད་གྱུར་ཅིང། །ཀུན་ནས་རྣམ་པ་ཐམས་ཅད་དུ། །མཚན་ཉིད་བཟང་པོ་ཕུན་ཚོགས་པ། ། ་རབ་ཏུ་འབད་དེ་རྟག་པར་བྱ། །རྒྱལ་པོའི་བཞོན་པར་འོས་པའི་རྟ། །རྒྱལ་བའི་རྟ་ཞེས་བྱ་བར་བཤད། །གང་ཞིག་གཞན་ཀུན་མེད་པར་ཡི། །བརྟན་པའི་གཙུག་ནི་བཅུ་དང་ལྡན། །རྒྱལ་པོའི་བཞོན་པར་འོས་པའི་རྟ། །མ་ལི་ཀ་དང ་འདྲ་བའི་མིག་།མདོག་སྣམ་རབ་ཏུ་དཀར་བའི་རྟ། །ཟླ་བའི་ལྷ་དང་ལྡན་པ་ཡིན། །རྒྱལ་པོ་དེ་ལ་ཞོན་ན་ནི། །ས་སྟེངས་དབང་དུ་བྱེད་པར་འགྱུར། །ནེ་ཙོ་མདོག་ཅན་ཉི་མའི་རྟ། །རྒྱལ་པོ་གཡུལ་དོར་ཞོན་ན་ནི། །དེ་ཡི་དོན་རྣམས་འགྲུབ་འགྱུར་ཞིང།། ་ས་ཡང་དབང་དུ་བྱེད་པར་འགྱུར། །དེ་བཞིན་རྒྱལ་པོའི་མདོག་དམར་རྟ། །རྣམ་ཐོས་སྲས་ཀྱི་ལྷ་ཅན་ཏེ། །དེ་ལ་ཞོན་ནས་རྣམས་ནི། །མ་ལུས་དབང་བྱེད་ཐེ་ཚོམ་མེད། །སྔོ་སངས་ལྷ་དབང་རྟ་ཡིན་ཏེ། །མདངས་སྣུམ་ལྡན་ལ་རྒྱལ་པོ་ནི། །ཞོན ་ནས་ནི་མ་ལུས་ལས། །རྟག་ཏུ་རྒྱལ་བར་ངེས་པ་ཡིན། །གནག་ཅིང་འཚེར་བའི་མདངས་དང་ལྡན། །རྟ་མཆོག་དེ་ནི་ཆུ་ལྷའི་ཡིན། །དེ་བཞོན་ན་རྒྱལ་པོ་ནི། །མྱུར་དུ་ནོར་དང་འབྲུ་འཕེལ་འགྱུར། །མདོག་དཀར་རྣ་བ་སྔོ་བ་དང། །རྡོག་མ ་དང་ནི་རྔམ་གནག་།ཆུ་ལྷའི་རྟ་ནི་གཉིས་པ་སྟེ། །དེ་རྙེད་ས་ནི་མ་ལུས་འཐོབ། །ལྡམ་བུ་ཆུ་ཤེལ་ལྟར་སྣང་བ། །རྟ་ནི་ནོར་ལྷའི་ཡིན་པར་བཤད། །རྒྱལ་པོ་དེ་ལ་ཞོན་ན་ནི། །མྱུར་དུ་ནོར་མང་བདག་པོར་འགྱུར། །བ་སོའི་མདོག་འདྲ ་རྔ་མ་གནག་།ཀུན་ནས་མདངས་ནི་སྣུམ་དང་ལྡན། །ཆོས་ཀྱི་ལྷ་ངེས་དེ་ཞོན་ན། །རྒྱལ་པོ་མཆོད་སྦྱིན་བྱེད་པར་འགྱུར། །ལུང་ཏང་སྣུམ་པོ་དང་འདྲ་བ། །རྟ་མཆོག་དེ་ནི་གཤིན་རྗེའི་ཡིན། །རྒྱལ་པོ་དེ་ལ་ཞོན་གྱུར་ན། །མྱུར་དུ་དགྲ ་ཀུན་ལས་རྒྱལ་འགྱུར། །རྨ་བྱའི་མདོངས་དང་འདྲ་བ་ཡི། །རི་མོས་ཁྱབ་པར་གྱུར་པའི་རྟ། །སྣ་ཚོགས་ལྷའི་ཡིན་དེ་ཞོན་ན། འདོད་པ་ཐམས་ཅད་ཐོབ་པར་འགྱུར། །དེ་བཞིན་མ་རྒང་བཅག་པ་ཡི། །མདོག་ལྟར་ཤིན་ཏུ་ ་དམར་བའི་རྟ། །ཁྱབ་འཇུག་རྟ་དེ་དེ་ཞོན་ན། །མྱུར་དུ་ས་ནི་དབང་བྱེད་འགྱུར། །དེ་བཞིན་གསེར་དང་འདྲ་བ་ལ། །འཚེར་བས་རྣམ་པར་བརྒྱན་གྱུར་པ། །དབང་ཕྱུག་ཆེ་ཡི་རྟ་ཞོན་ན། །དགྲ་རྣམས་དབང་དུ་འགྱུར ་བ་ཡིན། །དེ་བཞིན་ཤེལ་དང་འདྲ་བ་རུ། །དང་ཞིང་མདངས་བཅས་ལུས་ཡོང་པ། །རྙེད་ན་མཆོད་སྦྱིན་དམ་པ་ཡི། །སྐལ་བ་རྙེད་པར་འགྱུར་བ་ཡིན། །གང་ཞིག་ནག་ལ་མགོ་བོ་དང། །རྐང་པ་བཞི་ནི་དཀར་གྱུར་པ། །ཤེས་ལྡན་རྟ་དེ་རྙེད་ན་ནི། ། ་ནད་ཀྱིས་ཟིལ་གནོན་མི་འགྱུར་རོ། །ལྡམ་བུ་ཆུ་ཤེལ་འདྲ་བ་ལ། །སྔར་བཞིན་ཡན་ལག་ལྔ་དཀར་བ། །རྒྱལ་པོ་དེ་ལ་ཞོན་ན་ནི། །ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ། །ལུས་ཀྱི་མདོག་ནི་གཞན་འདྲ་ཞིང། །མཚན་ཉིད་ཐམས་ཅད ་ལྡན་པ་ཡི། །ཐ་སྐར་བུ་ཡི་རྟ་རྙེད་ན། །རྟ་ནི་མང་པོ་རྙེད་པར་འགྱུར། །དཀར་དང་གནག་པའི་ཚུལ་གྱིས་ཁྲ། །གཡས་ལོགས་དཀར་བའི་ཤས་ཆེ་ལ། །གཡོན་པ་ཁྲ་བོར་གྱུར་པ་ཡི། །རྟ་ནི་ཁྲ་བོ་རྙེད་གྱུར་ན། །རྟ་དེའི་ལྷ་ནི་ངན་སྤོང་སྟེ།། ་འདོད་པ་ཐམས་ཅད་རབ་སྒྲུབ་ཡིན། །ལྡམ་བུ་ཆུ་ཤེལ་འདྲའི་མདོག་ལ། །ནེ་ཙོའི་མདོག་འདྲའི་འཁོར་ཡིད་ཅན། །དྲག་པོའི་རྟ་དེ་རྙེད་ན་ནི། །འདོད་པ་ཐམས་ཅད་འཐོབ་པར་འགྱུར། །དེ་ལྟར་བུ་ཡི་རྒྱལ་བའི་རྟ། །རྒྱལ་པོ་ཡིས་ནི ་རྟག་ཏུ་བྱ། །དེ་ཡི་གནས་ནི་རྟ་གཞན་དག། གང་དང་ཡང་ནི་ཅིག་མི་བྱ། །ངོ་མཚར་མདོག་དང་ལྡན་པའི་རྟ། །དམོད་པས་ས་སྟེངས་སྐྱེས་པ་ཡིན། །དྲི་ཟའི་བུར་ནི་ཤེས་གྱིས་ལ། །རབ་ཏུ་འབད་དེ་བསྙེན་པར་བྱ། །ཤ་ལི ་ཧོ་ཏྲའི་མདོའི་གནས་ལས། རྒྱལ་པོའི་བཞོན་པའི་རྟའི་མཚན་ཉིད་བརྟག་པ་སྟེ་ལེའུ་ཉི་ཤུ་རྩ་གསུམ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །རྟ་ཡི་མིག་གི་མཚན་ཉིད་དོ། །གང་ཞིག་བཻ་ཌཱུརྱ་འདྲའི? ་མདོག། དེ་བཞིན་ཤེལ་གྱི་མདོག་འདྲ་དང། །ཕུག་རོན་གྱི་ནི་མིག་འདྲ་དང། །ཀ་ལ་པིང་ཀའི་མིག་འདྲ་དང། །གླང་ཆེན་རྨ་བྱ་རྔ་མོ་དང། །སྲེག་བའི་མིག་དང་འདྲ་བ་དང། །གསེར་གྱི་མདོག་དང་འདྲ་བ་ཉིད། །དེ་ཡི་མིག་ནི་ཤིས་བ་ཡིན།། ་སྐྱོན་མེད་པ་ཡི་མིག་ལ་ནི། །རྫིམ་ཕྲ་མོས་ཁྱབ་པ་དང། །མིག་འབྲས་ལེགས་ཤང་མ་སྣང་ལ། །ཐུར་དུ་བལྟས་བར་མ་གྱུར་པ། །མདོག་ནི་བཟང་པོ་དང་ལྡན་ཞིང། །མིག་གི་མདངས་དང་ལྡན་པའི་རྟ། །དེ་ནི་གཡུལ་ལས་རྒྱལ་བྱེད་པའི། ། ་རྒྱལ་བ་ཡི་ནི་བཞོན་པར་འགྱུར། །ཡངས་ཤིང་སྣུམ་ལ་མཉམ་བ་དང། །མེ་ཏོག་མ་ལི་ཀ་འདྲ་དང། །ཐ་མ་རིང་མོ་ཡང་གྱུར་ཅིང། །དབུས་ན་ཡོངས་སུ་མཛེས་པ་དག་།རྟ་དེ་མ་ལི་ཀའི་མིག་ཅན། །མིག་ཟུར་ཅུང་ཟད་གནག་པ ་ཡིན། །དེ་ཡིས་མཛའ་ཨོ་འཕེལ་འགྱུར་ཞིང། །རྟ་དང་མཛོད་ཀྱང་རྒྱས་པར་འགྱུར། །དཀར་བའམ་མདོག་རྗེས་དཀར་གྱུར་ལ། །མིག་ལ་སྐྱོན་མེད་མཐོང་མིག་ནག་།རྫི་མ་མིག་སྒྱུས་ནག་གྱུར་པ། །གང་ལ་ཡོད་པ་དེ་ནི་རོ་སྐྱེད། ། ་མིག་ནི་ཤེལ་དང་འདྲ་བ་ལ་རྒྱལ་མོའི་རྩ་བ་གནག་གྱུར་ཅིང། །མིག་གི་རྒྱལ་མོ་རྡུལ་མེད་པས། །དེ་ནི་ཤལ་མིག་ཅན་ཞེས་བྱ། །མིག་དང་ལུས་ཀྱི་མདོག་འདྲ་བ། །མིག་གི་མདོག་ཅན་ཞེས་བྱ་དགེ་།ཁ་དོག་ལུས་དང ་ཐ་དད་ཀྱང། །གང་གི་མིག་ནི་བཟང་གྱུར་ཅིང། །མིག་སྡུག་པ་དང་མ་ཚང་མེད། །དེ་ནི་མིག་བཟང་ནོར་འཕེལ་བྱེད། །ཁ་དོག་ལུས་དང་ཐ་དད་ཅིང། །སྨད་པར་བྱ་བའི་མིག་ཡོད་པ། །མིག་ངན་པ་ཡི་རྟ་གང་ཡིན་།ལས་རྣམས ་ཀུན་ལ་སྨད་པ་ཡིན། །དེ་བས་དབྱིབས་དང་ཚད་ལྡན་ཞིང། །དཔེ་དང་ལེགས་པར་འདྲ་བ་དང། །རྫི་མའི་ཁ་དོག་སྣུམ་པ་ཡི། །མིག་གང་ཡིན་པ་དེ་བསྔགས་སོ། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས། མིག་བརྟག་བའི་ལེའུ? ་སྟེ་ཉི་ཤུ་རྩ་བཞི་པའོ།། །།བསྒྲུབ་དང་གྲུབ་པའི་རིགས་འཛིན་གཙོ། །དྲང་སྲོང་གཟི་བརྗིད་ཆེན་པོ་ལ། །ཡོན་ཏན་ངེས་ཀྱིས་ཡོངས་དྲིས་པ། །རྟ་སོའི་རིག་བྱེད་མཁྱེན་ལགས ་སམ། །དེ་སྐད་དྲིས་ཚེ་དྲང་སྲོང་མཆོག། ཤ་ལི་ཧོ་ཏྲས་སླར་སྨྲས་པ། །རྟ་སོའི་རིག་བྱེད་ཤེས་ལ་གསོ། །བུ་ཁྱོད་ཀྱིས་ནི་མཉན་པར་གྱིས། །མདུན་སོ་ཐམས་ཅད་ཐགས་བཟང་སྙོམས། །སྲ་ཞིང་མཚན་མ་རབ་ཏུ་གསལ། །སྣུམ་པ ་འམ་སྦྲང་རྩིའི་མདོག་འདྲ་བའི། །རྟ་ཡི་སོ་ནི་བསྔགས་པ་ཡིན། །མཆེ་བ་སོ་དང་མདོག་འདྲ་དང། །འགྲམ་སོ་རྣམས་ཀྱང་དེ་དང་འདྲ། །སོ་རྣམས་རྟིང་རིང་སྲབ་པ་དང། །རི་མོ་ཕྲ་ཞིང་ཤིན་ཏུ་འཇམ། །གོས་པ་མེད་ཅིང་རྩ་བ་ཡི། །མདོག ་དང་ཀུན་ཏུ་འདྲ་བ་ཤིས། །མཉམ་ཞིང་ཡན་ལག་ཀུན་ཏུ་འབྱོར། །ཆུ་ཞེང་ཚད་དང་ལྡན་པ་དང། །གཟུགས་ནི་ཤིན་ཏུ་ལེགས་གྱུར་པའི། །སོ་ནི་བདེ་བ་སྐྱེད་བྱེད་ཡིན། །སོ་ནི་ལྷག་པ་ཡོད་པའི་རྟ། །བདག་པོ་ཡུལ་མི་རྣམས་ལ ་གནོད། །དེ་བཞིན་སོ་ནི་མ་ཚང་བ། །བདག་པོ་ཆུང་མར་བཅས་པ་རློག། སོ་ཡིས་ཁ་ནི་ཁངས་གྱུར་པ། །རིགས་རློག་བྱེད་པས་སྤང་བར་བྱ། །སོ་རྩ་སོ་དང་བཅས་པ་ནི། །མི་ཤིས་པ་ཡི་གཟུགས་ལྡན་ཞིང། །ལོགས་ལས་བྱུང་པ་གྱུར ་པ་དག་།གཙིགས་པ་དེ་ནི་རིགས་རློག་བྱེད། །རྟ་ཡི་སོ་ནི་གནག་གྱུར་ན། །བདག་པོའི་ནོར་ནི་བརླག་བྱེད་ཡིན། །མཐོ་དམན་ཁྱེར་དང་སྦོམ་ཕྲ་ཁྱེར། །དེ་བཞིན་ཕྲེང་ནི་རྣམ་པར་སྤངས། །མི་མཉམ་མེད་ཞེས་བྱ་སོ་དེ། །བདག་བོའི་བུ ་ནི་གསོད་བྱེད་ཡིན། །རྩེ་མོ་ནང་དུ་གྲུབ་པ་ཡི། །སོ་ནི་ནོར་རྣམས་འཇིག་བྱེད་ཡིན། །ཐམས་ཅད་བྱུང་བ་འམ་ཆགས་པ་འམ། །གང་ཞིག་སོ་ནི་སྔོན་དུ་འདུས། །ཚེ་ཚད་དེ་ལ་མ་འབབ་བྱུང། །དེ་ནི་ཤིན་ཏུ་ཉས་ཆེན་བསྐྱེད། །མདོག ་དང་དབྱིབས་ནི་ཉ་ཕྱིས་འདྲ། །སོ་དེ་ཉ་ཕྱིས་ཅན་ཞེས་བྱ། །ཉ་ཕྱི་སོ་ཅན་རྟ་ཡིས་ནི། ཟས་དང་སྐོམ་ལ་གནོད་པ་བསྐྱེད། །འོག་སོ་ཤིན་ཏུ་གྱས་གྱུར་ན། །བདག་པོ་ལྟོགས་པའི་འཇིགས་པ་འབྱུང། །ཡ་སོ་ཤིན་ཏུ་གྱེས་གྱུར་ན། །བདག་པོ་དགྲ་ལས་ཕམ་པར་འགྱུར། ། ་ཟུར་གསུམ་རྩེ་མོ་རྣོ་བའི་སོ། །སྒོ་དང་ནོར་ནི་འཕྲོག་བྱེད་ཡིན། །སོ་དང་བཅས་པར་སྐྱེས་གྱུར་ན། །དེ་ནི་ཐམས་ཅད་ཟད་བྱེད་ཡིན། །དེ་དག་ལས་ནི་གོ་བཟློག་པའི། །སོ་བཟད་འབྲས་བུ་ཤིས་པ་ཡིན། །མཆེ་བ་དང་ནི་འགྲམ་སོ་ཡི། ། ་འབྲས་བུ་དེ་བཞིན་ཤེས་པར་གྱིས། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས། སོ་བརྟག་པའི་ལེའུ་སྟེ་ཉི་ཤུ་ལྔ་པའོ།། །།མེ་དང་ཉི་མའི་མདོག་འདྲ་བ། །དཀའ་ཐུབ་ཅན་དེ་སྡིག་པ་མེད། །ཐུབ་མཆོག་ཤ་ལི་ཧོ་ཏྲ་ལ། ། ་མཛེས་ལས་རྒྱལ་བྱི་ཡོངས་དྲིས་པ། །བརྟན་པའི་གཙུག་ནི་དུར་ཤེས་བྱ། །བློ་བུར་བས་ནི་དུ་ཞིག་ཡིན། །ཤེས་དང་ཤེས་བྱའི་བདག་པོ་ཡིས། །གཙུག་རྣམས་ཀྱི་ནི་མཚན་ཉིད་ནི། །གང་དུ་ཇི་ལྟར་གནས་པ་ཡིན། །གཙུག་རྣམས་ཀྱི་ནི་དབྱིབS ་འགྱུར་བ། །རྣམ་པ་དུར?་ནི་འགྱུར་བ་གསུངས། །གཙུག་གི་ཚད་ནི་ཇི་ཙམ་ཞིག་། ཤིས་དང་སྨད་པའི་གྲངས་ནི་དུ། །ཐམས་ཅད་གནས་ལས་འཕོ་བ་དང། །གཡས་པ་དང་ནི་གཡོན་པ་དང། །སྟབས་པ་དང་ནི་སྨན་པ་ཡི། །འབྲས ་བུ་སོ་སོར་ཅི་ལྟར་འགྱུར། །གཞན་ཡང་ལུས་ཀྱི་མཚན་ཉིད་ནི། །བརྟན་དང་མི་བརྟན་ཇི་ལྟ་བུ། །ལུས་ལས་སྐྱེས་པའི་གནས་རྣམས་ནི། །གནས་ཀྱི་གང་ཞིག་གནས་སྐབས་དང། །རྐན་གྱི་ཁ་དོག་བྱེ་བྲག་གི། གློ་བུར་བྱུང ་བའི་འབྲས་བུ་དང། །སྲབ་དང་འཐུག་པའི་སྤུ་རྣམས་ནི། །གཙུག་ལ་ཇི་ལྟར་འབྱུང་བ་ལགས། །དེ་སྐད་ཐུབ་མཆོག་ལ་དྲིས་ཚ། །ཤ་ལི་ཧོ་ཏྲས་བུ་ལ་སྨྲས། །འདི་ན་བརྟན་དང་མི་བརྟན་དང། །ཡན་ལག་རྣམ་པ་བརྒྱད ་ཡིན་ལ། །འབྲས་བུ་འབྱུང་བའི་ཚུལ་གྱིས་ནི། །མཚན་ཉིད་རབ་ཏུ་ཤེས་པར་བྱ། །ཤིས་དང་སྨད་བྱའི་མཚན་ཉིད་ནི། །ཐམས་ཅད་ལུས་ལ་བརྟེན་པ་ཡིན། །ལུས་ལས་འབྱུང་བར་གྱུར་པ་ནི། །ལུས་དང་ཡན ་ལག་རྣམས་བ་གཉིས། །དགེ་བའི་གནས་སུ་ཤིས་པའི་གཙུག། རྒྱ་ཆེ་བ་ཡི་འབྲས་བུ་སྟེར། །མི་ཤིས་གནས་ནི་ངན་པར་འབྱུང། །ཤིན་ཏུ་མི་ཤིས་སྐལ་ཆེན་འགྱུར། །ཚང་དང་ལྡན་ཞིང་གསལ་བར་བྱུང། །མཚན་ཉིད་ལྡན ་པའི་འབྲ་བུ་ཆེ་།ཚང་མི་ལྡན་ཞིང་མི་གསལ་བ། །དེ་ཡི་འབྲས་བུ་ཆུང་བར་འདོད། །གནས་དང་དབྱིབས་ཀྱི་བྱེ་བྲག་ལས། །མཚན་ཉིད་འབྲས་བུ་ཆེན་པོར་འགྱུར། །སོར་གཉིས་ལས་ལྷག་ཉ་ཕྱིས་ཏེ། །སོར་གཉིས་པ་ནི ་ལྷགས་ཞེས་བྱ། །ཤིང་ལྷམ་འདྲ་དང་རྐང་བགྱ་པ། །སོར་ནི་བྱེད་དང་གཉིས་པ་ཡིན། །ཤིང་ལྷམ་ཕྱེད་ནི་ནས་དྲུག་ཞིང། །འདྲེས་པ་སོར་ནི་བརྒྱད་པ་ཡིན། །དེ་ཡི་ཆ་གསུམ་ཕྲ་བ་ནི། །འཁྱིལ་པ་ཞེས་ནི་བྱ་བར་བཤད། །བཞི་ཆ ་ཕྲི་བར་གྱུར་པ་ནི། །ཁ་འབུམ་པ་ཞེས་བྱ་བ་ཡིན། །དེ་ལས་ལྷག་པ་འམ་མ་ཚང་བའི། །གཙུག་ནི་འབྲས་བུ་མེད་པ་ཡིན། །པགས་སྲབ་སྤུ་ནི་ཕྲ་བ་དང། །ལུས་ཀྱི་གསང་བའི་གནས་སུ་བྱུང། །དེ་ནི་ངོ་བོ་ཉིད་ཀྱིས་ཕྲ། །ཚད ་དང་ལྡན་རུང་མི་ལྡན་རུང། །འབྲས་བུ་བཅས་པར་ཤེས་པར་བྱ། །བྲ་བ་དེ་དག་གནོད་བྱེད་ཡིན། །ཡན་ལག་བརྒྱད་བའི་མཚན་ཉིད་ཀྱིས། །ཤིས་དང་མི་ཤིས་འོག་ནས་བཤད། །རྟ་ཡི་གནས་བཅུའི་སྤུ་ཚོགས་ལ། །བརྟན ་པ་གང་ཡིན་དེ་ཤེས་བྱ། །མཆུ་སྤྲོས་རྡོག་མར་རེ་རེ་དང། །གཙོག་དང་བྲང་ལ་གཉིས་གཉིས་ཏེ། །རྒྱུ་ཞབས་རྐུབ་རྟག་གཉིས་གཉིས་ཏེ། །བཅུ་པོ་དེ་དག་ལྡན་པར་བཤད། །ཀུན་ནས་རྫོགས་ཤིང་ཤིན་ཏུ་གསལ། ། ་གཙུག་ནི་གཡས་སུ་འཁྱིལ་བ་དང། །ཆུང་བ་མ་ཡིན་ཆེ་བ་མིན། །གསེར་ལྟར་མདངས་སྣུམ་འོད་དང་བཅས། །དབྱིབས་ནི་ལེགས་པར་སྐྱེས་པ་དག། ལས་རྣམས་ཐམས་ཅད་སྒྲུབ་བྱེད་ཡིན། །ལེགས་ཐོས་ཐེ་ཚོམ་སྐྱེས་གྱུར་ནས། ། ་དྲང་སྲོང་དེ་ལ་བསླར་སྨྲས་པ། །ཇི་ལྟར་བཅུ་པོ་ཉིད་ལྡན་གྱིས། །གཞན་དག་དེ་ལྟར་མ་ཡིན་བཤད། །རྟ་རྣམས་སྐྱེས་ཟིན་གྱུར་ནས་ནི། །གཙུག་དེ་ནམ་ཡང་མི་སྐྱེ་ལ། །སྐྱེས་པ་འཇིག་པར་མི་འགྱུར་ཞིང། །གནས་ལས་འཕོ་བར ་མི་འགྱུར་རོ། །སྐྱེས་ཚེ་ལྷག་གི་སྐྱེ་བར་འགྱུར། །དེ་བས་ཐམས་ཅད་བསྟན་པ་ཡིན། །ལེགས་ཐོས་ཚིག་ནི་ཐོས་པ་དང། །དེ་རྗེས་དྲང་སྲོང་གིས་སྨྲས་པ། །ཇི་ལྟར་ཕྱོགས་དེར་སྐྱེས་གྱུར་པ། །དེ་ལྟར་གཞན་དུ་མ་ཡིན་པ། །ཕ ་མར་ཡོད་དང་མེད་གྱུར་ཀྱང། །ཅིག་ཤོས་ལ་ནི་དབང་བ་ཡིན། །ཕལ་ཆེར་གནས་བཅུར་དབང་གྱུར་གྱི། །དེ་ལྟར་གཞན་དུ་མི་སྣང་ངོ། །དེ་བས་བཅུ་པོ་བརྟན་པར་ནི། །ངེས་པ་ཉིད་དུ་ཟུང་བར་གྱིས། །འདི་དག་ལ་མེད་དེས ་འབྱུང་པ། །གཞན་དག་དེ་ལྟར་ཡིན་པར་བཤད་དེ། །བརྟན་དང་མི་བརྟན་གང་ཡིན་ཀྱང། །འབྲས་བུ་རྣམ་པ་གཉིས་སུ་བཤད། །གནས་ནི་དགུ་བཅུ་རྩ་དྲུག་ཡིན། །དབྱིབས་ནི་བརྒྱད་པོ་ཉིད་ཡིན་ནོ། །འདྲེས་དང་ཁ་འབུས ་འཁྱིལ་བ་དང། །རྐང་བརྒྱ་པ་དང་ལྷགས་པ་དང། །ཤིང་ལྷམ་དང་འདྲ་ཤིང་ལྷམ་ཕྱེད། །ཉ་ཕྱིས་འདྲ་སྟེ་རྣམ་པ་བརྒྱད། །སྨད་པ་འམ་སྔགས་པའི་གནས་དག་གམ། །གནས་སུ་བརྟན་དང་མ་བརྟན་གང། །གཙུག་འཁྱིལ ་པ་ཡི་དབྱིབས་བྱུང་ན། །དེ་ན་རྗེས་མཐུན་འབྲས་བུར་བསྐྱེད། །འཁྱིལ་པ་ཆུ་སྐོར་ལྟ་བུ་ཡིན། །ཉ་ཕྱིས་ཉ་ཕྱིས་དབྱིབས་ལྟར་འོད། །དབྱིབས་གཅིག་གཉིས་སམ་མང་པོར་ནི། །དུ་མ་གང་ཚེ་འདུས་གྱུར་པའི། །གཙུག ་འཁྱིལ་དེ་ནི་འདྲེས་པའམ། །འདུས་པ་ཞེས་ནི་བྱ་བར་བཤད། །སྤུ་ནི་འགྲོས་ཚེ་མེ་ཏོག་དག། །བ་འབུས་ལྟར་སྣང་ལ?་འབུས་ཡིན། །བཟློག་པ་ལྟར་སྣང་ལྷགས?་པ་ཡིན། །ཟླུམ་པོའམ་ཡང་ན་ཟུར་བཞི་ནི། །ཤིང ་ལྷམ་དབྱིབས་འདྲ་ཤིང་ལྷམ་ཅན། །བྲང་བའམ་ཡང་ན་རྟིང་བའི་གནས། །ཕྱེད་འདྲ་ཤིང་ལྷམ་ཕྱེད་པ་ཡིན། །མེ་ཏོག་མགོ་ལྕོགས་དབྱིབས་འདྲ་བ། །དེ་ནི་རྐང་བརྒྱ་པར་ཤེས་བྱ། །དབྱིབས་ལས་མི་མཐུན་གྱུར་པ་ནི། །གཞན་དག་ཀྱང་ནི་སྣང ་མོད་ཀྱི། །དེ་ནི་སྦུ་ཡི་འགྱུར་བ་ཡིན། །གནས་ལས་ཤིས་དང་མི་ཤིས་འགྱུར། །གཙུག་ཀྱང་གནས་དང་དབྱིབས་དང་ནི། །མི་ཤེས་མཚན་ཉིད་ཤེས་པར་བྱ། །ཆད་དང་འཕུངས་དང་འཐོར་བ་དང། །གཙུག་ནི་འཕྲེད་དུ་འབྱུང་བ་དང། །ལྷག་བ ་འམ་ཆད་བར་གྱུར་པ་འམ། །གང་ཡང་གནས་ལས་འཕོ་འགྱུར་བ་འམ། །དབྱིབས་ངན་མདོག་ནི་མི་སྡུག་པ། །བརྟན་པོ་རྣམས་ནི་མི་སྣང་བ་འམ། །སྨད་བའི་གནས་སུ་གཡས་འཁྱིལ་དང། །བསྔགས་བའི་གནས་སུ་གཡོན་འཁྱིལ་བ། །མཚན ་ཉིད་ངན་པ་ཡིན་ཞེས་བྱ། །ངེས་ནི་ཚེ་ཐུང་སྐྱེད་པར་བྱེད། །གཙུག་གི་གནས་ནི་དགུ་བཅུ་དྲུག་།ཡོད་པར་བཤད་པ་དེ་རྣམས་ནི། །ཤིས་དང་སྨད་པར་བྱ་བ་སྟེ། །རྣམ་པ་གཉིས་སུ་བསྡུ་བར་བྱ། །དེ་ལས་གཞན་ནི་ཉི་ཤུ་ཞིག། ཤིས་པ་ཡིན་པར ་ཤེས་པར་བྱ། །བདུན་ཅུ་རྩ་དྲུག་སྨང་བྱ་སྟེ། །དེ་ལྟར་དགུ་བཅུ་རྩ་དྲུག་ཡིན། །ཁ་འབྲམ་ལ་གཉིས་དཔྲལ་བར་བཞི། །དཔྲལ་མཚམས་ལ་གཅིག་ཁོ་ན་ཡིན། །རྣ་རྩར་གཉིས་ཏེ་ལྐོག་མར་གཅིག་།མགོ་བོའི་མཐར་ནི་གཉིས་ཡིན་ལ། ། ་བྲང་དུ་གསུམ་སྟེ་དཔུང་པར་གཉིས། །མིད་པ་གཅིག་དེ་དེ་བཞིན་དུ། །རྒྱུ་དང་ལོ་བུ་གཉིས་གཉིས་སུ། །གཙུག་ནི་འབྱུང་བར་ཤེས་པར་བྱ། །ད་ལྟར་ཤེས་པར་གྱུར་བའི་གནས། །ཉི་ཤུ་ཡིན་པར་རྣམ་པར་བཤད། །གཙུག?་ནི། ་འདི་རྣམས་ཉིད་ལ་ནི། །སུམ་ཅུ་རྩ་བདུན་གྲངས་སུ་འགྱུར། །མུར་འགྲམ་མུར་གོང་མཆི་སྟན་དང། །མཁུར་ཚོས་སྣ་ཕོར་སྨིན་མ་དང། །རྣ་རྩ་ལྕེའུ་ལྡེང་རྩེའུ་ཆུང་དང། །མཚན་ཁུང་དགུ་དང་འགྲམ་སྲེ་ལོང། །སྣ་རྩེ་པུས་མོ་མིག་འབྲས་གཉིས ་རྩིབ་ལོགས་རྐུབ་ཙོས་དག་ཏུ་ནི། །གནས་ནི་གཉིས་གཉིས་དག་ཏུ་གཙུག་།གཉིས་གཉིས་བྱུང་བ་སུམ་ཅུ་དྲུག་།སྣ་གདང་མཆུ་ལྟག་སྲོལ་མདུང?་དང། །དཔུང་སྣ་སྙིང་ག་ཟེའུ་དྲུག་མོད། །ལྟེ་བ་རྐུབ་དང་མཇུག་སྲུབས་དང། །ཡ་མཆུ་ཟེའུ ་ལྟག་སྒ་འོག་སྟེ། །དེ་ལྟར་གནས་ནི་དེ་དག་ཏུ། །གཙུག་ནི་བཅུ་གསུམ་འབྱུང་བ་ཡིན། །ཚེའུ་སྤུ་དེ་བཞིན་ཚིག་གྲངས་དང། །ཆེའུ་ཆོ་གཅིག་གྲང་ཕྲ་མོའི། །གནས་ནི་བཅུ་དྲུག་འདི་དག་ཏུ། །གཙུག་ཀྱང་བཅུ་དྲུག་ཉིད་ཡིན་ནོ། །ན ་དོང?་རུ་དང་སྐེ་པའི་རྩ། །རྨང་ཁ་རྔ་མར་གནས་གཉིས་གཉིས། །དེ་ལྟར་གནས་བརྒྱད་ལྡན་པ་རུ། །གཙུག་ནི་རྣམ་པའང་བརྒྱད་ཡིན་ནོ། །མཆུ་སྒྲོས་དེ་ཡིས་སོ་གཉིས་ཏེ། །གནས་ནི་གསུམ་པོ་འདི་དག་ཏུ། །གཙུག་ནི་གསུམ་པོ་འབྱུང་བ ་ཡིན། །དེ་ཕྱིར་དགུ་བཅུ་དྲུག་གསལ་ནས། །དེ་ལྟར་བརྟན་ཞིང་དག་བ་དང། །སྨད་པ་དག་ཀྱང་བཤད་པ་ཡིན། །གཙུག་རྣམས་ཀྱི་ནི་ཁྱད་པར་གྱི། །འབྲས་བུ་འབྱུང་བ་མཉན་པར་བགྱི། །ཡ་མཆུར་གནས་པའི་གཙུག་གིས ་ནི། །བདག་པོའི་བློན་པོ་གསོད་པར་བྱེད། །མཆུ་སྒྲོས་སྟེང་དང་གཡས་ཀྱིས་ནི། །བདག་པོའི་ཕ་ནི་འཆི་བར་འགྱུར། །དེ་ཡི་གཡོན་ན་ཡོད་པས་ནི། །ཞོན་པ་པོ་ཡི་མ་འཆི་བྱེད། །མཆུ་ལྟས་གོང་དུ་གཙུག་བྱུང་ན། །བདག་པོའི ་རིགས་དང་བཅས་པ་བསྲེག་། སྣང་པོར?་ལ་ནི་གཡས་པ་ཡིས། །འཚོ་བའི་སྒོ་ནི་འཕགས་པར་བྱེད། །གང་གི་མ། །བུར?་ཚོས་གཉིས་ཀ་ལ། །གཙུག་འཁྱིལ་བ་ནི་སྣང་གྱུར་ན། །དེ?་ཡི་བདག་པོའི་བུ་བླུ?་མོ?། །རྟ་ཡིས་ཟ་བར་འགྱུར ་བ་ཡིན། །རྟ་གདོང་འགྲམ་དང་སྣ་གདོང་ལ། །གང་གི་གཙུག་ནི་སྣང་གྱུར་བ། །རྟ་དེའི་བདག་པོ་ཡུལ་དུ་ནི། །དགྲ་བོས་གསོད་པར་འགྱུར་བ་ཡིན། །གང་གི་རྟ་ལ་མཆེ་སྟན་དུ། །གཅུག་འཁྱིལ་བ་ནི་གནས་བྱུ?་ལ ་པ་?་དགང?་ལ་འདི་འདྲའི་རྟ་ཡོད་བ། །དེའི་རིགས་རྟག་ཏུ་དུ་བར་འགྱུར། །གང་གི་རྟ་ཡི་མུ་འགྲམ་གཉིས། །གཙུག་ནི་གསལ་པོར་སྣང་གྱུར་པ། །དེ་ལྟའི་གཙུག་ཅན་བཅངས་གྱུར་ན། །དེས་ནི་རིགས་ནི་གཉིས་སུ་འགྱིས། །གང་གི ་གཙུག་ནི་སྨིན་མ་ཡིན། །བར་དུ་གནས་པར་སྣང་གྱུར་པ། །རྟ་དེ་ཁྲོ་གཉེར་ཅན་ཞེས་བྱ། །ཉེ་དུ་མཛའ་བཤེས་རྣམས་ལ་གནོད། །གང་གི་མུར་གོང་གཉིས་སུ་ནི། །གཙུག་ནི་རེ་རེ་སྣང་གྱུར་པ། །དེ་ཡི་རིགས་ཀུན་ཟད་བྱེད་ཅིང། །བདག ་པོའི་འཕོངས་པ་སྐྱེད་བྱེད་ཡིན། །འགྲམ་སླང་རྩེའུ་ཆུང་དགག་མ་ནི། །ཚེའུ་སྤུ་འམ་སྐེ་རྩ་ཆིག་གྲང་ཕྲ། །མཆན་གཉིས་དག་ཏུ་གཙུག་འཁྱིལ་བ། །སྤུ་ནི་གཡོན་དུ་འཁྱིལ་གྱུར་ན། །དེ་ཡི་རྟ་དང་བདག་པོ་ནི། །མདའ་ཆར་གྱིས་ནི ་འཆི་བར་འགྱུར། །གང་གི་རྟ་ཡི་རྣ་བའི་རྩེ། །གཉིས་ཀར་གཙུག་ནི་སྣན་གྱུར་ན། །གསང་འཕེལ་བཡི་ཉེས་པ་ཡིས། །དེ་ཡི་བདག་པོ་འཆི་བར་འགྱུར། །གང་གི་རྟ་ལ་རྣ་རྩེ་རུ། །གནས་པའི་གཙུག་ནི་སྣང་གྱུར་དང། །ཟེའུ ་ལྡད་ལ་ནི་ཡོད་པའི་རྟ། །བདག་པོའི་དོན་གྲུབ་མ་ཡིན་ནོ། །གང་གི་རྟ་ཡི་སྲོལ་གོང་དབུས། །གཙུག་འཁྱིལ་བ་ནི་སྣང་གྱུར་པ། །དེ་ཡི་བདག་པོ་བཟའ་བ་དང། །བཏུང་བ་རེ་བ་འགྲུབ་མི་འགྱུར། །ན་དོང་རུ་ནི་གཙུག་འཁྱིལ ་བ་ན། །རྟ་ནི་གང་ལ་སྣང་གྱུར་པ། །བདག་པོ་འམ་བུ་འམ་དུལ་སྤྱོད་མཁན། །གང་ཡང་རུང་ལ་གནོད་པ་སྐྱེད། །གང་གི་ཟེའུར་གཙུག་བྱུང་བ། །རྟ་དེ་ཕོངས་པ་དང་བཅས་པར། །བདག་པོའི་རིགས་རྒྱུད་བཅས་བརླག་པའམ། ་རིགས་ཀྱི་གཙོ་བོ་ལ་གནོད་པར་འགྱུར། །རྟ་དང་ནོར་ནི་བརླག་བྱེད་ཅིང། །རྒྱལ་པོའི་ཡུལ་འཁོར་བཅས་འཆི་དང། །དོན་ཀུན་འཇིག་ཅིང་གདུག་པས་ན། །སྐྱེས་པའི་ཚེ་ནི་ཉིད་ན་བསྐྲད། །ལག་གིས་རིག་དང་མིག་གིས་མཐོང། །ཐག་རིངས ་སུ་ནི་སྤང་བར་བྱ། །དེ་ནི་དགྲ་ལ་སྦྱིན་པ་འམ། །གཞན་གྱི་ཡུལ་འཁོར་དག་ཏུ་སྐྱུར། །གང་གི་ཟེའུ་ལྟག་གཙུག་ཡོད་པ། །དེ་ཡི་བདག་པོ་ཁ་འམ་ནི། །སེམས་ཅན་མི་སྡུག་པ་ཟོས་ཤིང། །གཡུལ་དུ་དཔུང་དང་བཅས་པར་འཆི། །སྒ་འོག ་གཙུག་གིས་བདག་པོ་འཆི། །གསལ་ཤིང་སྐྱོན་དེ་འཆི་བར་འགྱུར། །ཉེས་པ་བརྟན་ཅིང་ནོར་བརླག་པ་འམ། །ཡང་ན་མཚོན་གྱིས་འཆི་བར་བྱེད། །གང་གི་གཙུག་ནི་སྙིང་ག་འམ། །དཔུང་སྣ་དག་ཏུ་ཡོད་གྱུར་པ། །རྟ་དེ་བདག་པོ་འཁོར ་བཅས་པར། །གཡུལ་དུ་འཆི་བར་བྱེད་པ་ཡིན། །པུས་མོའི་གཙུག་གིས་གཡུལ་དུ་ནི། །འཁྲུལ་ཅིང་དཔུང་བཅས་དགྲ་བོས་གསོང། །རྒྱལ་པོ་རྐུན་མ་ཆད་པ་མས། །བདག་པོའི་རིགས་ནི་བརློག་པར་བྱེད། །གང་གིས་ཚིག་གྲངས་གཉིས ་ལ་ནི། །གཙུག་ནི་གནས་པར་སྣང་གྱུར་ན། །དེ་ཡིས་བདག་པོ་གཉེན་བཅས་པ། །ལྕགས་སྒྲོག་གིས་ནི་བཅིངས་བར་འགྱུར། །གང་གི་ཚེའུའི་ཚེ་རྣམས་སུ། །གཙུག་འཁྱིལ་བ་ནི་སྣང་གྱུར་པ། །བཅིང་དང་གསོང་བའི་སྡུག་བསྔལ་གྱིས། ་དེ་ཡིས་བདག་པ་བརླག་པར་འགྱུར། །མཚན་ཁུང་གཙུག་ནི་ཡོད་པའི་རྟ། །གཡུལ་དུ་མྱུར་དུ་འཆི་འགྱུར་ཞིང། །དེ་ཡི་བདག་པོ་དག་ཀྱང་ནི། །བདེ་དང་ལྡན་པར་མི་གནས་སོ། །མཚན་ཁུང་གཅིག་གིས་ཉེས་པ་ཆུང། །གཉིས ་ཀས་སྣང་པར་གྱུར་པ་ཡིན། །རྩིབས་ལོགས་གཙུག་གིས་བདག་པོ་ནི། །ཕྱོགས་དང་བཅས་པར་ཟད་པར་འགྱུར། །ལྟེ་བར་གཙུག་ནི་འཁྱིལ་གྱུར་པ། །གང་ཞིག་གིས་ནི་རྟ་ལ་སྣང། །དེ་ཡི་བདག་པོ་དགས་རྒྱུད་བཅས། ་ནད་ཀྱིས་ཡོངས་སུ་གདུངས་པར་འགྱུར། །སྨད་ཁང་གཙུག་ནི་ཡོད་གྱུར་བའི། །བདག་པོ་ཆུང་མ་མི་རིགས་སྤྱོད། །རླིག་པར་གང་གི་གཙུག་འཁྱིལ་བ། །རྟ་དེའི་བདག་པོར་གྱུར་པ་ནི། །བུ་མེད་ཚེ་ནི་ཐུང་གྱུར་ཏེ། རྟན ་ལྟ་ན་མི་སྡུག་ཡིན། །རྟ་གང་གི་ནི་དྲུག་མོད་ཡི། །དབུས་ན་གཙུག་ནི་སྣང་གྱུར་པ། །འདུལ་སྤྱོད་མཁན་གྱི་དེ་ཞོན་ཏེ། །གལ་ཏེ་གཡུལ་དུ་འཇུག་གྱུར་ན། །རྟ་དེ་ཉིད་དང་ལྷན་ཅིག་ཏུ། །ཟུག་རྡུ་ཡིས་ནི་འཆི་བར་བྱེད། །རྔ་རྩར་གང་གི་རྟ ་ལ་ནི། །གཙུག་འཁྱིལ་བདག་ཡོད་གྱུར་བ། །འདི་ནི་རྩ་གནས་འཇིགས་བྱེད་ཡིན། །བདག་པོའི་སྒྲོ་བསྡུག་པར་བྱེད། །རྐུབ་ཀྱི་ཕྱོགས་དང་སྤུ་དག་དང། །འབྲེག་?་གནས་པར་གྱུར་བ་ནི། །བདག་བོའི་ལྟོ་བའི་ནད་སྐྱེད་ཅིང། །གར་ཡང ་བདེ་བར་མི་འགྱུར་རོ། །རྐུབ་ཙས་རྐུབ་ཀྱི་སྟེད་དག་ཏུ། །གང་གི་གཙུག་ནི་ཡོད?་གྱུར་བ། །དེ་ནི་རྟུག་འབྲུ་ལ་ཞེས་བྱ་སྟེ། །བདག་བོའི་རིགས་ནི་རློག་བྱེད་ཡིན། །སྲེ་ལོང་བར་ནི་གཙུག་འཁྱིལ་བའི། །རྟ་ནི་རྟག་ཏུ་ལམ ་འཇུག་འགྱུར། །བདག་པོ་གཡོག་དང་བཅས་པ་ནི། །མཚོན་གྱིས་འཆི་བི་ཉིད་དུ་འགྱུར། །ཆི་ག་གྲང་གཙུག་ལ་སོགས་པ་ཡི། །བཤད་འབྲས་ཕྱི་རྐང་ལའང་སྦྱར། །དེ་ལྟར་མི་ཤིས་བཤད་ནས་ནི། །ཤིས་བདག་ཀྱང་བཤད་པར ་བྱ། །གང་གི་ཁ་འགྲམ་དག་ཏུ་གཙུག། གསལ་བའམ་ཉ་ཕྱིས་དབྱིབས་འདྲ་གནས། །རྟ་མཆོག་དེ་ཡི་བདག་པོ་ནི། །ཟས་ཐོབ་དོན་རྣམས་འགྲུབ་པར་འགྱུར། །དབྲལ་བར་གང་གི་གཙུག་འཁྱིལ་བ། །གཡས་སུ་འཁྱིལ་བ་གཉིས ་ཡོད་བ། །དེ་ཡི་བདག་པོ་གཡུལ་དུ་ནི། །རྒྱལ་ཞིང་བུ་ཚ་རྣམ་པར་འཕེལ། །གང་གི་གཙུག་ནི་དཔྲལ་བ་ན། །མི་མཉམ་གསུམ་ནི་ཡོད་གྱུར་བ། །རྒྱལ་རིགས་ཀྱིས་ནི་དེ་འདྲ་རྙེད། །དགྲ་བོའི་ས་ལ་དབང་བྱེད་འགྱུར། །མཆོད་སྦྱིན ་ལེགས་པར་བྱེད་པ་དང། །རྒྱལ་ཆེན་ཡོན་ཀུན་གཏོད་པར་འགྱུར། །གང་གི་དཔྲལ་བར་གཙུག་འཁྱིལ་གསུམ། །གོང་ནས་གོང་དུ་བརྩེགས་པ་ནི། །གཡོན་དུ་མི་འཁྱིལ་མཉམ་ཟླུམ་ཡོད། །དེ་ནི་རྟ་ཡི་རིན་ཆེན་ཡིན། །དེས་ནི་རྒྱལ་པོས་སྟེངས ་སུ། །དགྲ་རྣམས་ལས་ནི་ངེས་རྒྱལ་འགྱུར། །གང་གི་དབྲལ་བར་གཙུག་དག་ནི། །ཕྱོགས་བཞིར་བཞི་ནི་ཡོད་གྱུར་བ། །གང་ལ་དེ་འདྲའི་རྟ་ཡོད་པ། །དེ་ནི་མྱུར་དུ་ས་བདག་འགྱུར། །གཡུལ་དུ་རྟག་ཏུ་རྒྱལ་བ་དང། །ནོར་ལྡན་བུ་དང་ཚ་བོ་འཕེལ། ། ་རིན་ཆེན་ཚོགས་ཀྱང་རྣམ་པར་འཕེལ། །དགྲ་རྣམས་ཀྱི་ནི་སྤྱི་བོར་གནས། །གང་གི་དབྲལ་མཚམས་གཙུག་གཡས་འཁྱིལ། །ཁ་འབུས་པའམ་འཁྱིལ་བ་ཡོད། །དེ་ནི་ལན་གཅིག་གཡུལ་ཞུགས་ནས། དགྲ་ལས་རྒྱལ་དེ་བཟློག་པར་འགྱུར། །རྣ་རྩ ་ཁོ་ནར་གཙུག་འཁྱིལ་བ། །རྟ་ནི་གང་ལ་ཡོད་གྱུར་བ། །དེ་ནི་དགོས་པ་ཞེས་བྱ་སྟེ། །བདག་བོའི་མཆོད་སྦྱིན་འཕེལ་བྱེད་ཡིན། །ལྐོག་མ་རུ་ནི་གནས་པའི་གཙུག། གཡས་སུ་འཁྱིལ་ཅིང་རབ་གསལ་ཡོད། །ལྷ་ཡི་ནོར་བུ་ཞེས་དེ་བྱ། །འདོད ་པའི་དོན་ཀུན་སྒྲུབ་བྱེད་ཡིན། །མགུལ་བ་རྐང་པ་ཁ་རུ་ནི། །ཉ་ཕྱིས་འདྲ་བའི་གཙུག་ཡོད་པ། །ཡིད་དུ་འོང་བ་ཞེས་བྱ་སྟེ། །རྟ་དང་གྲ་བོ་འཇིགས་བྱེད་ཡིན། །གང་གི་རྡོག་མཐར་ཉ་ཕྱིས་འདྲའི། །གཙུག་འཁྱིལ་གསལ་ཞིང་གཡས་སུ་འཁྱིལ། །རྒྱལ ་རིགས་ཀྱིས་ནི་དེ་འདྲ་བ། །རྙེད་ན་དགྲ་བོའི་སྤྱི་བོར་གནས། །གང་གིས་བྲང་ལ་ལེགས་གནས་པའི། །གཙུག་ནི་གསུམ་པོ་གཡས་འཁྱིལ་ཅིང། །གསལ་ཞིང་ཉ་ཕྱིས་དབྱིབས་འདྲ་བ། །སྤུ་ནི་གྱེན་དུ་ལྟས་བ་སྣང། །དེས་ནི་གཡུལ་དུ་དགྲ་བསད་ནS ་བདེ་བར་ལྡོག་པར་འགྱུར་བ་ཡིན། །གདལ་བྲང་ལ་གཙུག་བཞི་ནི། །གཡས་སུ་འཁྱིལ་པ་ཡོད་པ་དང། །དེ་བཞིན་ཡིད་འོད་གཙུག་ཡོད་པ། །དེ་ནི་དཔལ་གྱི་ཤིང་ཞེས་བྱ། །དཔལ་ཤིང་ཞེས་བྱ་འདི་ཉིད་ནི། །དོན་སྒྲུབ་བྱེད་པའི་རྟ་ཡིན་ཏེ། །དེ་ཡིས ་གཡུལ་ལས་རྒྱལ་བ་དང། །བུ་དང་ཚ་བོ་འཕེལ་བར་འགྱུར། །དཔུང་བ་ལ་ནི་གཙུག་ཡོད་ཅིང། །དེ་ཡང་ཉ་ཕྱིས་དབྱིབས་འདྲ་བ། །དེ་ནི་དཔུང་རྒྱན་ཅན་ཞེས་བྱ། །བདག་པོའི་འདོད་པ་གཏེར་བྱེད་ཡིན། །རྒྱུའི་ལྷག་ན ་གང་གི་གཙུག། གཡས་སུ་འཁྱིལ་བ་ཡོད་གྱུར་པ། །དེ་ནི་འོད་དཔག་ཅན་ཞེས་བྱ། །འབྲུ་དང་ནོར་རྣམས་འཕེལ་བྱེད་ཡིན། །ནོར་གྱིས་ཚི་མ་བར་བྱས་ནས་ནི། །བུ་དང་ཚ་བོ་འཕེལ་བར་བྱེད། །དཔལ་ཤིང་པདྨ་གཡུང་དྲུང་དང། །ས་ལུ་དབྱིག ་པ་རྒྱལ་མཚན་དང། །དགའ་བ་འཁྱིལ་དང་འཁོར་ལོ་གཤོད། །དུད་དང་རྡོ་རྗེ་རལ་གྲི་གཞུ། །ཉ་དང་ཟླ་བ་ཟླ་ཕྱེད་དམ། །དར་དང་དེ་བཞིན་གཏུན་ཤིང་འདྲ། །མཚན་མ་དེ་འདྲ་རབ་གསལ་བའི། །གཙུག་འཁྱིལ་རྟ་ནི་གང་དག་གི།། ་བྲད་དམ་དཔྲལ་བར་ཡོད་གྱུར་བའི། །རྒྱལ་བོ་དེ་ནི་རྒྱལ་སྲིད་བརྟན། །དེ་ལྟར་སྨད་དང་ཤིས་པ་ཡི། །གཙུག་ནི་ཡང་དག་བཤད་པ་ཡིན། །གཙུག་ལས་ལྷག་པའི་སྤུ་ཡོད་པ། །བདག་པོའི་ནོར་དང་འབྲུ་སྐྱེད་བྱེད། །སྔར་བཤད་པ་ནི ་སྣང་གྱུར་ན། །གནས་ལས་འབྲས་བུ་འབྱིན་པ་ཡིན། །ལེགས་ཐོས་ཐེ་ཚོམ་གྱུར་པ་ཡིས། །སླར་ཡང་ཕ་ལ་སྨྲས་པ་ནི། །ཡན་ལག་བརྒྱད་བོ་འདི་དག་ལས། །འབྲས་བུ་སྣ་ཚོགས་འབྱུང་འགྱུར་བ། །རྒྱལ་པོའི་འབྲས་བུ་བྱེད་པ་ནི།། ་རྟ་ཡི་ལུས་ལ་བརྟེན་པར་མཐོང། །གལ་ཏེ་རྟ་ལས་དགེ་མི་དགེ། འབྲས་བུ་རྒྱལ་པོས་ཐོབ་གྱུར་ན། །རྒྱལ་པོ་དེ་ཡི་རང་ལུས་ལས། །བྱུང་བའི་མཚན་ཉིད་དོན་མ་མཆིས། །བུ་ཡིས་དེ་སྐད་སྨྲས་པ་དང། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །དཀའ་ ་ཐུབ་ཅན་གྱི་དྲང་སྲོང་གིས། །རྒྱལ་པོའི་མཚན་མ་གང་མཐོང་བ། །དེ་ཡི་འབྲས་བུ་གསལ་བར་ནི། །རྟ་ཡི་མཚན་ཉིད་ཀྱིས་སྟོན་འགྱུར། །བདག་བོ་བསོད་ནམས་ཅན་ལ་ནི། །མཚན་ཉིད་བཟང་པོ་འབྱུང་བར་འགྱུར། །བདག་པོ་སྨད་པར་བྱ་བ ་ལ་རྟ་ཡང་ཆུང་བར་སྐྱེ་བར་འགྱུར། །རྒྱལ་པོ་འདྲེན་པའི་ལས་ཅན་ལ། །རྟ་ཡང་མཚན་ཉིད་འདྲེན་མར་འབྱུང། །ཚེ་ནི་གནས་དང་འབྲེལ་པས?། །གནས་སྐབས?་ཇི་བཞིན་འབྱུང་བར་འགྱུར། །རྐན་གྱི་མདོག་ནི་མ་དྲེན་མ་ཡི། །ལེའུའི་ནང་དུ་སྔར་བཤད་ཟིན། །གློ་བུར་བ་ཡི་འབྲས་བུ་ནི། །ལྟས་ནི་ལེའུ་ནང་ནས་སྟོན། །དེ ་ལྟར་གཙུག་དུ་ཤིས་མི་ཤིས། །བརྟན་དང་བརྟན་མིན་མཚན་ཉིད་ནི། །ཇི་ལྟར་དྲིས་པ་མ་ལུས་པར། །ང་ཡིས་ལེགས་པར་བཤད་པ་ཡིན། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས། གཙུག་བརྟན་པ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །། ་ལེགས་ཐོས་ལ་སོགས་བུ་ཀུན་དང། །གཅེར་བུའི་རྒྱལ་ཚོགས་སློབ་མ་རྣམས། །ན་ཚོད་ཤེས་ལ་མཚར་སྐྱེས་ནས། །ཕ་ལ་དེ་རྣམས་ཀྱིས་དྲིས་པ། །རྟ་ཡིན་ཚོད་ཇི་ལྟར་ཤེས། །འདི་ཡི་ཚེ་ནི་ཇི་ལྟར་བཤད། །སོ་རྣམས་སུ་ནི་མཚན་མ་དང། ་པགས་པ་སྤུ་ནི་ཇི་ལྟར་འགྱུར། །ན་ཚོད་གནས་སུ་ཕྱིན་མ་ཕྱིན། །ཅི་ལྟར་ཤེས་པར་འགྱུར་བ་ལགས། །གང་གིས་ན་ཚོད་ཤེས་འགྱུར་བའི། །མཚན་མ་ཇི་ལྟར་ཤེས་པར་གྱིས། །དེ་སྐད་དྲིས་ཚེ་དྲང་སྲོང་མཆོག། དེ་ཉིད་ཤེས་པས་སླར་སྨྲས ་པས། །རྟ། ཡིན་ཚོད་ཤེས་པ་ནི། །མཚན་མ་ལས་ཀྱི་གཉེར་རྙེད་འགྱུར། །ལ་ལ་གཞོན་པའང་རྒས་འདྲ་དང། །རྒས་པའང་གཞོན་པའི་ཚུལ་དུ་སྣང། །དེ་བས་རྟ་ལས་ཁ་ཅིག་ནི། །ཤིན་ཏུ་རྨོངས་པར་བྱེད་པ་ཡིན། །དུས་ནི་བརྟག་ཅིང ་བསམ་མི་ཁྱབ། །འཇིག་རྟེན་ཐམས་ཅད་མ་ལུས་ཁྱབ། །ཉིན་མཚན་དང་ནི་ཟླ་བ་དང། །ལོ་དང་དུས་དྲུག་བཅས་པར་ནི། །དུས་ཀྱི་མཚན་ཉིད་ལྡན་པ་རུ། །དུས་འདི་ཤེས་པར་བྱ་བ་ཡིན། །གང་གི་སོ་སོགས་ལ་རིམ་བཞིན། །དུས་ནི་དུས ་ཀྱི་གྲངས་སུ་འགྲོ། དུས་ལས་མཚན་?་གསལ་གྱུར་ལ། །མཚན་མ་ལས་ཀྱང་དུས་ཤེས་བྱ། །རྟ་ནི་སྐྱེས་ནས་དུ་ལོན་པ། །མཚན་མ་ལས་ནི་ཤེས་པར་བྱ། །མཁས་པས་མཚན་མ་བསྟན་ནས་ནི། །ལེགས་པར་ཤེས་ནས་བརྟན་པར? ་ལེགས་པར་བརྟག་པར་གྱུར་བ་ཡིས། །གཟུང་བ་དེ་ནི་དེ་བཞིན་ཡིན། །མྱུར་བར་ལྟས་བསམ་ཤེས་པ། །དེ་ནི་ལོག་པར་འཛིན་པར་འགྱུར། །ལེགས་ལྟས་མ་རྨོངས་པར་གྱུར་བ། །མཚན་མདུས་ནི་སྟོན་པ་ཡིན། །དེ་ལས ་འབད་ཅིང་མཁས་པ་དང། །བསྟན་བཅོས་དོན་མཐོང་ཡང་དག་ཤེས། །མཚན་མ་ཤིན་ཏུ་དེས་རྟག་ལ། །དོགས་པ་མེད་པར་བསྟན་པར་བྱ། །མདུན་པོ་སྟེང་དང་འོག་དག་ལ། །སྐྱེས་པ་དྲུག་དྲུག་ཡིན་ཤེས་བྱ། །དེ་ནས་རྟ་ཡི་མཆེ་བ ་ནི། །སྟེང་འོག་གཉིས་ལ་བཞི་ཡོད་དོ། །འགྲམས་སོ་སྟེང་དད་འོག་གཉིས་ན། །ཉི་ཤུ་རྩ་བཞི་ཡོད་པ་ཡིན། །དེ་ལྟར་སོ་བསྡུས་ཀུན་གྱི་སྤྱི། །བཞི་བཅུ་ཡོད་པར་ཤེས་པར་བྱ། །མདུན་སོའི་འོག་མ་ཅི་ལྟ་བར། །སྟེང་སོ་དེ་ལྟར་མི་མངོན་ཏེ། །རྟ་ཡི་སོ ་ལ་མཚན་མ་ནི། །མེ་ལོང་གཟུགས་བརྙན་ལྟ་བུར་མངོན། །ཟླ་བའི་རིམ་གྱིས་སྐྱེས་པ་ཡི། །མཚན་མ་ལོ་གཅིག་ཡིན་པར་འདོད། །ལོ་གཉིས་ནས་ནི་གོ་རིམ་བཞིན། །སོ་སོའི་ཁ་དོག་ལས་ཤེས་བྱ། །དེ་ནས་ལོ་གསུམ་ནས་བརྩམས་ཏེ། །སོ ་འབྱུང་བར་ནི་འདོད་པ་ཡིན། །ལོ་ལྔའི་བར་དུ་སོ་དག་ནི། །འབྱུང་ཞིང་སྐྱེ་བར་ཤེས་བར་བྱ། །དེའི་རྗེས་ལ་སོ་རིས་ཀྱི། །ཆ་ནས་ན་ཚོད་ཤེས་བར་བྱ། །གནག་དང་སེར་དང་དཀར་བ་དང། །མཆིད་བུ་སྦྲང་བུའི་མོ་དག་འདྲ་དང། །དུད་དང་གཏུན་གྱི ་དབྱིབས་འདྲ་དང། །དེ་ནས་སོ་ནི་མགུལ་བ་དང། །དེ་རྗེས་དེ་ནི་འབྱུང་བ་སྟེ། །འདི་ནི་མཚན་མ་བསྡུས་པ་ཡིན། །མཚན་མ་རྣམས་ནི་གོ་རིམ་བཞིན། །རེ་རེ་ལས་ནི་རབ་བཤད་བྱ། །དེ་ལས་ཐོག་མར་ཟླ་རེ་ནི། །ལོན་པའི་མཚན་ཉིད་ཤེས ་བར་བྱ། །རྡོ་རྡོག?་པགས་པ་ཤིན་ཏུ་ཕྲ། །ཡན་ལག་དང་ནི་རྨིག་པ་མཉེན། །དཔྲལ་བ་མཐོ་དམན་ཁྱེར་བ་དང། །ལུས་གུག་རྩོལ་བ་ཆུང་བ་དང། །མདུན་སོའི་དབུས་མ་གཉིས་ཟླུམ་པའི། །རྟེའུ་ཟླ་གཅིག་ལོན་ཤེས་བྱ། །ལུས་ཀྱི་ཚུལ ་ནི་མཛེས་པ་དང། །མདུན་སོ་གཉིས་ནི་གསལ་བར་གནས། །དྲེགས་བས་འགྲོ་བའི་ཚུལ་ཅན་དག། དེ་ནི་ཟླ་བ་གཉིས་ལོན་ཡིན། །ཤ་ནི་རྒྱས་ཞིང་འབྱེས་པ་དང། །སྲ་ཞིང་བརྟན་པར་གནས་པ་དང། །མདུན་སོ་དག་མི་རྣོ་བ་དང?། །སྤུ་ནི་རྩུབ་པར་སྐྱེ་བ ་དག། རྟ་ལ་མཁས་བས་རྟེའུ་དེ། །ཟླ་བ་གསུམ་ལོན་ཤེས་པར་བྱ། །སྐྱེས་བའི་སྤུ་ནི་བྱི་བ་དང། །མདུན་སོ་གཉིས་ནི་རྫོགས་པ་ཡི། །རྟེའུ་ཟླ་བ་བཞི་ལེན་བར། །མཁས་པ་རྣམས་ཀྱིས་ཤེས་པར་བྱ། །མདུན་སོ་གཉིས་ནི་རྫོགས་པར་དང། །བར ་མ་དག་ཀྱང་སྐྱེ་བ་ཡི། །རྟེའུ་གང་ཡིན་དེ་ཉིད་ནི། །ཟླ་ལྔ་ལོན་བར་ཤེས་པར་བྱ། །གང་ཚེ་རི་མོ་དུད་དམར་འདྲ། །ཤིན་ཏུ་ཕྲ་བར་སྣང་གྱུར་བ། །མདུན་སོ་ལ་ནི་ཡོད་གྱུར་ཅིང། །སོ་མཛའ་ལས་ནི་གྱེན་དུ་འགྲང། །དེ་ཚེ་རྟེའུ་ཟླ་དྲུག་བར། །ཐེ ་ཆོམ་མེད་པར་ཤེས་པར་བྱ། །སྤུ་ནི་མི་མཉམ་གྱུར་བ་དང། །མདུན་སོ་བར་མར་རི་མོ་སྣང། །ལུས་དང་རྨིག་པ་བརྟན་གྱུར་ཅིང། །ཀུན་ནས་མགྲིན་པར་གྱུར་བ་དང། །མདུན་སོ་ཐ་མ་རྡོལ་གྱུར་བ། །དེ་ཚེ་ཟླ་བ་བདུན་བ་ཡིན། །མདུན་སོ་རྫོགས་པར ་གྱུར་བ་དང། །འགྲམ་སོ་ཅུང་ཟད་སྐྱེ་བ་དང། །རྔ་མའི་ཆོགས་ཀྱང་ལེགས་སྐྱེས་བ། །ཟླ་བ་བརྒྱད་པར་ཤེས་པར་བྱ། །མདུན་སོ་བར་མ་ལེགས་རྫོགས་ཤིང། །དེར་ཡང་རི་མོ་སྣང་གྱུར་ལ། །རྡོག་མའང་མི་མཉམ་པར་སྣང་བ། །དེ་ཚེ་ཟླ་བ་དགུ ་བ་ཡིན། །རྡོག་མའང་རྣམ་པར་གྱེས་བ་དང། །མདུན་སོ་བར་མའང་དཀར་བ་དག། གང་ཡིན་དེ་ནི་མཁས་པ་ཡིས། །སྐྱེས་ནས་ཟླ་བཅུ་ལོན་ཤེས་བྱ། །འགྲམས་སོ་རྫོགས་པར་གྱུར་བ་དང། །རླིག་པ་དག་ཀྱང་འཆད་བདག། དེ་ལྟ་བུ་ཡི ་རྟའུ་ཡི། །ཟླ་བ་བཅུ་གཅིག་ལོན་ཤེས་བྱ། །གང་གིས་སོ་ནི་ཐམས་ཅད་ཀྱང། །དཀར་བ་ཉིད་དུ་སྣང་བ་དང། །བ་སྤུ་འཇམ་ཞིང་རིང་བ་ཡིས། །ལུས་ལ་ཁྱབ་པར་གྱུར་བ་ཡི། །རྟེའུ་མཚན་མ་འདི་དག་གི། །ལོ་གཅིག་རྫོགས ་པར་ཤེས་པར་བྱ། །གང་ཚེ་སོ་ནི་མདོག་སེར་ཞིང། །དུང་དམར་དག་དཱུང་སྣང་གྱུར་བ། །རྡོག་མང་དེ་ནི་རྔ་མ་རིང། །སྤུ་ཡང་འབྱི་བར་འགྱུར་བ་དང། །གཉིད་ཀྱང་ཆེ་བར་སྣང་བ་དང། །ཀྲགས་པ་གཟི་མདངས་འཕེལ? ་གྱུར་བ། །མཚན་མ་འདི་དག་ལྡན་པ་ཡི། །རྟ་ནི་ལོ་གཉིས་ལོན་ཤེས་བྱ། །ལོ་གཉིས་གསུམ་འམ་དེ་བཞིན་དུ། །བཞིའམ་ཡང་ན་ལྔ་ཡི་ཚེ། །མཆེ་བ་བཞི་ནི་སྐྱེ་འགྱུར་ཏེ། །འདི་ལ་ངེས་བ་མི་སྣང་ངོ། །རྟེའུ་ལོ་གཉིས་ལོན་པ་ལ།། ་རླིག་པའི་འབྲས་བུ་གཅིག་སྣང་སྟེ། །གཉིས་ནས་ལྡན་མཉམ་གྱུར་ཏེ། །གཞན་དུ་མི་ཤེས་པ་ཉིད་ཡིན། །རླིག་པ་དག་ནི་གཉིས་ཀ་ཡང། །གང་ཞིག་མིར་སྐྱེས་དེ་གོ་བཟློག། རང་བཞིན་རྫོགས་པར་གྱུར་བ་ནི། །རླིག་པ་རང་གི་གནས ་སུ་ཕྱིན། །བུ་སྐྱེས་བར་ཡང་འགྱུར་བ་དང། །ལམ་དུ་འགྲོ་བའང་དེ་སྔན་ཐུབ། །དོན་ཀུན་ཡང་དག་སྒྲུབ་བྱེད་ཅིང། །ནོར་དང་དགའ་དང་བདེ་འཐོབ་བྱེད། །མཆེ་བ་སྐྱེ་བའི་དུས་དག་གི། བྱ་བ་འདི་ནི་བྱེད་ལ་བཤད། །དེ་ཡན་ཆད་ནི་མཆེ་ག ་དང། །རླིག་པ་རྟལ་མི་སྐྱེའོ། །ལོ་གསུམ་པ་ལ་མདུན་སོ་གཉིས། །ལོ་བཞི་བ་ལ་བར་མ་སྟེ། །ལྔ་པ་ལ་ནི་ཐ་མ་དག། འབྱུང་ཞིང་སྐྱེ་བར་འགྱུར་བ་ཡིན། །ཕྱེད་དང་གསུམ་ན་མདུན་སོ?་ནི། །གཉིས་འབྱུང་བར་ནི་དེས་བ་ཡིན། །དེའི་སྐྱེས ་ཡོངས་སུ་རྫོགས་པ་ནི། །ལོ་གསུམ་པར་ནི་ཤེས་པར་བྱ། །ཕྱེད་དང་བཞིན་དེ་ཡིན་ནི། །བར་མ་བྱུང་བར་ཤེས་པ་ཡིན། །དེ་ཉིད་སྐྱེས་བར་གྱུར་བ་ནི། །ལོ་བཞི་པར་ནི་ཤེས་པར་བྱ། །ཕྱེད་དང་ལྔ་དང་མདུན་སོ་ཡི། །ཐ་མ་དག་ནི་འབྱུང ་བར་འགྱུར། །དེ་ནས་ཐ་མ་སྐྱེས་གྱུར་བ། །ལོ་ལྔ་བར་ནི་དེ་ཤེས་བྱ། །སོ་འབྱུང་བ་དང་སྐྱེས་གྱུར་ཀུན། །རྫོགས་པའི་རྟ་ནི་ལོ་ལྔ་བ། །བཞོན་བ་ལས་ནི་དེ་འདས་ཤིང། །མཆོག་ཏུ་ལུས་ནི་རྒྱས་པ་དང། །བགས་པ་རྔ་རྡོག་སྡུག་པ་དང།། ་དབང་བོ་དང་ཞིང་དགའ་བ་དང། །ནུས་པ་ཐོབ་པར་འགྱུར་བ་དང། །དར་ལ་བབ་ལ་གནས་གྱུར་ཅིང། །ཁུ་བ་འབྱུང་བར་འགྱུར་བ་དང། །སྐད་ཀྱང་ཡོངས་སུ་རྗེས་འགྱུར་ཏེ། །ཇི་ལྟར་སྐྱེས་བ་ལོ་བཅུ་དྲུག། ལོ་ལྔ་པ་ཡི་རྟ་དེ་འདྲ། །དེ་ཚེ་དར་ལ་བབ་ཤེས ་བྱ། །ལས་རྣམས་ཀུན་ནི་ནུས་པར་འགྱུར། །དེ་རྗེས་བུ་ནི་ཐེ་ཚོམ་དག། སྐྱེས་པར་གྱུར་བས་དྲི་བ་དྲིས། །སོ་ནི་མི་འབྱུང་བར་ཤེས་ན། །ཇི་ལྟར་འབྱུང་ཞིང་སྐྱེ་བ་ལགས། །དེ་ནི་བདག་ལ་བཤད་པའི་རིགས། །དྲང་སྲོང་གིས་ཡང་སླར་སྨྲས་བ། །དཔེར ་ན་འབྲས་བུ་སྐྱེ་བ་ན། །མེ་ཏོག་ལུང་ལས་འཆད་པར་འགྱུར། །དེ་བཞིན་ས་ནི་སྐྱེ་གྱུར་བ། །གཡོ་ཞིང་འབྱུང་བར་འགྱུར་བ་ཡིན། །གང་ཞིག་གཞན་པར་གྱུར་བའི་སོ། །ལྟུང་བ་སྐྱེ་བ་ལྟ་ན་ཅིག་པ། །དེ་ནི་གོ་རེ་མ་ཇི་བཞིན་དུ། །ཐམས་ཅད་ད་ཡིས ་བསྟན་པར་བྱ། །འོ་མ་འབྱུང་བའི་སོ་སྲབ་ཅིང། །ཐུང་ཞིང་བརྔམ?་ལ་མི་མཉམ་ལྷོད། །རྩ་བ་ཕྲ་ཞིང་རྩེ་མོ་སྦོམ། །མ་སོ་རྩེ་མོ་ཟླུམ་པ་དང། །དེ་བཞིན་ཁ་དོག་ནག་ནག་ཅན། སོ་རྟེན་ཆུང་ཞིང་སྙི་བ་དང། །སོ་རྩེ་རི་མོ་ནག་པོ་དང། །ནག ་ནོག་ཅན་གྱིས་མཚོན་པ་ཡིན། །འདི་ནི་དང་པོར་སྐྱེས་བ་ཡི། །སོ་ཡི་མཚན་ཉིད་གྱུར་པ་ཡིན། །རྩེ་མོ་རྣོ་ཞིང་རྩ་བ་སྦོམ། །ལེགས་གནས་སོ་སྐྱུས་མཉམ་པ་དང། །དཀར་ཞིང་སྣུམ་ལར་?་བ་དང། །སྲ་ཞིང་ཐགས་ནི་བཟང་བ་དང། །སྟེང་ནི ་ལྕོད་ཞིང་དེ་བཞིན་དབུས། །གསལ་བར་སྐྱེས་པ་དེ་འདྲའི་སོ། །རིམ་གྱིས་ཡོངས་སུ་རྫོགས་གྱུར་པ། །ནས་དང་འབྲུ་ནི་ཟ་བར་ནུས། །དེ་ལྟར་འགྱུར་དང་སྐྱེས་པའི་སོ། །རང་གི་མཚན་ཉིད་ཤེས་པར་བྱ། །ནག་པོ་མདུན་སོར་ཆགས་ལོ ་དྲུག། བདུན་པ་ལ་ནི་བར་མ་དང། །བརྒྱད་པ་ལ་ནི་ཐ་མ་རུ། །ཆགས་པ་ལ་ནི་མངོན་པར་སྟན། །སེར་པོ་དགུ་པར་མདུན་སོ་སྟེ། །བཅུ་བ་ལ་ནི་བར་མ་དོ། །ལོ་ནི་བཅུ་གཅིག་ལོན་བ་ལ། །ཐ་མར་དེ་ནི་ཆགས་པར་བསྟན། །དཀར་ཆ ་ལ་ནི་བཅུ་གཉིས་ན། །བདུན་སོ་བར་མར་བཅུ་གསུམ་ན། །ཐ་མར་ལོ་ནི་བཅུ་བཞིན། །གནས་པར་དེ་ནི་བསྟན་པ་ཡིན། །མཆིད་བུ་ལོ་ནི་བཅོ་ལྡན། །མདུན་?་དག་ལ་གནས་པ་ཡིན། །བཅུ་དྲུག་པར་ནི་བར་མ་ལ། །བཅུ་བདུན ་བ་ནི་ཐ་མར་འགྲོ། སྤང་མདོག་ལོ་ནི་བཅོ་བརྒྱད་ན། །མདུན་སོ་བར་མར་བཅུ་དགུ་ན། །ཉི་ཤུ་ཚེན་ཐ་མ་རུ། །དེ་ནི་གནས་པར་འགྱུར་བ་ཡིན། །དུད་འདུ་ཉི་ཤུ་རྩ་གཅིག་ན། །མདུན་སོར་ཉི་ཤུ་གཉིས་ན་དབུས། །ཉི་ཤུ་གསུམ་ན་ཐ་མ་རུ། །དེ། ་ནི་གནས་པར་རབ་ཏུ་བཤད། །གཏུན་འདྲ་ཉི་ཤུ་རྩ་བཞིན། །མདུན་སོར་རྩ་ལྔའི་ཚ་ན་དབུས། །ཐ་མ་དག་དང་ལྡན་པར་ནི། །ལོ་ནི་ཉི་ཤུ་དྲུག་ན་འབྱུང། །ཉི་ཤུ་རྩ་བདུན་ལ་མདུན་སོ། །རྩ་བརྒྱད་པ་ལ་བདན་སྟེ། །ཉི་ཤུ་དགུ་ལ་ཐ་མ་དོག། ་ཡོངས་སུ་འགུལ་བར་འགྱུར་བ་ཡིན། །ལོ་སུམ་ཅུ་ན་མདུན་སོ་སྟེ། །སུམ་ཅུ་གཅིག་ན་བར་མ་ཡིན། །སུམ་ཅུ་གཉིས་ན་ཐ་མ་ནི། །འབྱུང་བ་འདིར་ནི་ཐེ་ཚོམ་མེད། །དེ་ནས་གནས་ཀྱི་དབྱེ་བ་ཡིས། །མཚན་མ་རྣམས་ནི་ཤེས་པར་གྱིས ་སྙིང་པོའི་ཆ་ཡི་ཕྱི་རོལ་གནས། །སོ་ཡི་རྩེ་མོར་མངོན་གནས་ཡིན། །གནག་དང་སེར་དད་དཀར་པོ་ལས། དཀར་བོ་ཡིན་ན་མཐིལ་དབུས་སྐྱེ། །རྟ་ཡི་སོ་རྩར་ཆགས་པ་ནི། །ཉེ་བའི་ལུས་ཞེས་བྱ་བ་ཡིན། །འཆིང་བུ་སྦྲང་བུ་དུ་མདོག་འདྲ།། ་ཐེལ་གྱིས་དབུས་ལ་བརྟེན་པ་ཡི། །ནད་གི་སྙིང་པོའི་ཚ་ནས་ནི། །སོ་རྩེའི་བར་བརྟེན་པ་ཡིན། །གཏུན་འདྲ་སོ་རྟེན་དག་ལས་ནི། །བརྩམས་ཏེ་སྐྱེ་བ་ཡིན་པར་བཤད། །དེ་ནི་མཛོད་དང་ཟུང་བཞི་དང། །ཤིན་ཏུ་ཟླུམ་པའི་ཁྱད་པར་གྱིས། ་རྨ་འདྲ་དང་ནི་བཅས་མཚན་མ། །དབྱིབས་ནི་རྣམ་པ་གསུམ་དུ་འགྱུར། །སྦྲད་བུའི་མདོག་ཅན་གྲུ་བཞིར་འགྱུར། །མཆིང་བུ་ཉིད་ནི་འཇོག་པར་གནས། །དུད་དང་གཏུན་འདྲ་ཉིད་དག་ནི། །ཤིན་ཏུ་ཟླུམ་བོར་གནས་པ་ཡིན། །རྟ ་རྣམས་ཀྱི་ནི་སོ་ལ་ཆོན། །ངོ་བོ་ཉིད་ཀྱིས་ཆགས་པ་ཡིན། །དཔེར་ན་ཤིང་ལས་སྐྱེས་ལོ་མ། །གཞོན་ཚེ་དམར་ཕོར་གནས་པ་ཡིན། །རྒྱས་པའི་ཚེན་སྔོན་པོར་འགྱུར། །དེ་ཡི་རྗེས་ལ་སེར་པོ་སྟེ། །སྐམས་ཤིང་མི་སྡུག་གྱུར་པ་ན། །སྨིན་ཅིང་ལྷུང་བར་གྱུར ་བ་ཡིན། །དེ་བཞིན་རྟ་ཡི་སོ་དག་གི། ཆོན་ནི་རིམ་གྱིས་ཡལ་བ་ཡིན། །དེ་ལས་གཞན་ཡང་མཚན་མ་ནི། །སོ་སོ་ཞིང་གིས་རབ་སྦྱར་བྱ། །ལ་ལ་ལུང་?་མདོག་ཅན་ལ། །ཁ་ཅིག་འཛམ་བུའི་འབྲས་བུའི་མདོག། །བ་ཅིག་ལྕགས་ནི་བཅག་པ་འདྲ།། ་ལ་ལ?་དངུལ་རྡོ་འདྲ་བ་ནི། །ནག་པོ་དྲུག་ནས་དགུ་ཡི་བར། །རི་མོ་སོལ་གནས་པ་ཡིན། །དེ་ཆེ་ཉམས་དགའ་སྟོབས་ལྡན་ཞིང། །ཤ་ནི་རྒྱས་པར་གྱུར་པ་དང། །རྔ་མ་དང་ནི་རྡོག་མ་སྣམ། །སྦུ་མདོག་ཤིན་ཏུ་གསལ་བ་དང། །མ་ཞུམ་འཆེར་ཞིང་འགྲོས ་བཟང་དང། །མཐོང་ན་དགའ་བ་ཉིད་དུ་ནི། །ཤུགས་དང་སྤྲོ་བར་ལྡན་པ་དང། །གྲིམས་ཤིང་ལང?་འཚོ་དག་ལ་གནས། །པདྨའི་གེ་སར་འདྲ་བ་འམ། །གསེར་རམ་སྦྲང་རྩིའི་མདོག་འདྲ་ན། །བ་སེར་བ་ལར་སྦྲང་དུ་ཡི། །མདོག་འདྲ་དེ་ཡི་དབུས་ན་ནི།། ་གྲགས་མའི་དབྱིངས་འདྲ་ཆགས་པ་དང། །འདམ་བུའི་ཤུན་པའི་མདོག་འདྲ་བ་འམ། །ཅུང་ཟད་སྔོ་ཞིང་སེར་བར་ནི། །རིང་བོར་སོ་ཡི་ངོས་ལ་ཆགས། །སེར་བོ་མདུན་སོ་ལེ་སོགས་པར། །དེ་ལྟར་དགུ་བ་ཡན་ཆད་གནས། །སེར་བོའི་མཚན་མ་ལྡན་པའི་རྟ ་ཤ་ཡིས་རྒྱས་ཤིང་སྟོབས་དང་ལྡན། །མདངས་ལྡན་དེ་བཞིན་ཁ་དོག་བཟང། །བརྟན་ཞིང་དགའ་བར་བྱེད་པ་ཡིན། །འབྲས་ནི་གྲུས་པ་ལྟ་བུ་དང། །དེ་བཞིན་མུ་ཏིག་མདོག་ཅན་ལ། །ཐེལ་དང་དབུས་ནི་མཉམ་ཞིང་ཟླུམ། །དེ་བཞིན་ཞོ་ཡི་མདོག ་ཅན་དུ། །དཀར་བོ་རྣམ་པ་ཐ་དད་པར། །བཅུ་གཉིས་སོགས་པར་མདུན་སོར་གནས། །དཀར་པོའི་མཚན་མར་ལྡན་པ་ལ། །ཕྱི་རོལ་མཚན་མ་འདི་འབྱུང་སྟེ། །བགས་བ་ཤ་ནི་ལྷོད་པ་དང། །སྟོབས་ནི་ཡོངས་སུ་བྲི་བ་དང། །ཁ་དོག་དག་ཀྱང ་ཉམས་པ་དང། །དཔྲལ་བར་སེར་བར་འགྱུར་བ་དང། །ལུས་ཀྱི་སྟོབས་དང་མགྱོགས་པ་དང། །སྤྲོ་བདག་ནི་འབྲི་བར་འགྱུར། །བྲང་གི་སྟོབས་ནི་ཟང་པའི་ཕྱིར། །ཕྲག་སོར་གཉེར་མ་འབྱུང་བར་འགྱུར། ། །བ་ཅིག་ཡུངས ་ཀར་དཀར་འདྲ་དང། །ལ་ལ་སྦྲང་རྩི་འདྲ་བ་དང། །ཁ་ཅིག་མཆིད་བུ་ནག་པོ་འདྲ། །དམའ་ཞིང་ཟླུམ་པའི་ཐིག་ལེ་ཆགས། །མཆིང་བུ་མདུན་སོ་ལ་སོགས་པར། །བཅོ་ལྔ་ཡན་ཆད་འབྱུང་བ་ཡིན། །མིག་དང་ཕྲགས་སོ་འཕྲལ་བ་དང།། ་རྒྱུ་དང་མཆན་ཁུད་དག་དང་ནི། །རྔ་རྩའི་གནས་ནི་གང་ཡིན་བར། །སྤུ་དཀར་གཉེར་མ་འབྱུང་བར་འགྱུར། །རྟ་ཡི་སྦྱོར་བ་འཁྲིག་པ་དང། །འདྲེ་བ་དག་ཀྱང་སྤོང་བྱེད་ཅིང། །འགྲོས་དང་སྐད་ཀྱང་ཆུང་བ་དང། །ཉམ་དའམ་ལམ་དུ་བུབ་བར ་ནི། །ལོ་ནི་བཅུ་བདུན་པ་དག་ལ། །ཕྱི་རོལ་མཚན་མ་འདི་དག་འབྱུང། །སེར་དང་ནག་དང་དམར་བའམ། །སྤྲད་བུའི་དབྱིབས་འདྲར་སྦྲང་བུའི་མདོག། བཅོ་བརྒྱད་ནས་ནི་ཉི་ཤུའི་བར། །རྟ་ལ་འདི་འདྲ་འགྱུད་བར་འགྱུར། །དེ་ལ་གཉེད་མ ་སྤུ་དཀར་ནི། །སླར་ཡང་འཕེལ་བར་འགྱུར་བ་དང། །རྟ་ཡི་སྤྱོད་པ་འཁྲིག་པ་དང། །འདྲེ་བའང་རྣམ་པར་འདོར་བར་འགྱུར། །དུད་ནི་དུང་གི་མདོག་འདྲ་བར། །མཁས་པ་རྣམས་ཀྱིས་ཤེས་བྱ་སྟེ། །ཟླུམ་དང་ཟླ་བ་ཕྱེད་འདྲ་བར། །སོ་ཡི་ངོས་ལ ་འཕྲད་དུ་ཆགས། །རྟ་དེ་ཉི་ཤུ་རྩ་གཅིག་ནས། །རྩ་གསུམ་པ་ཡི་བར་ཡིན་ནོ། །དེ་ནི་པགས་འཐུག་མདོག་འགྱུར་ཞིང། །མཉམ་པོ་ཉམ་ཆུང་རེག་ན་རྩུབ། །གཉེར་མངར་ནི་སྤུ་དཀར་སྐྱེ། །རྣ་བ་དང་ནི་མཇུག་མ་ལྷོང། །ཉི་ཤུ་རྩ་གསུམ ་པ་མི་རྟ། །འདི་འདྲར་འགྱུར་བ་ཤེས་པར་གྱིས། །སོ་ཡི་དབུས་སུ་བུ་ག་བྱུང། །ད་ནི་བཏུན་འདྲར་ཤེས་པར་བྱ། །མདུན་སོ་ལ་སོགས་ཉི་ཤུ་ནི། །རྩ་བཞི་ཡན་ཆད་འབྱུང་ཤེས་བྱ། །འདི་ཡི་ཚིགས་རུས་གང་ཡིན་དང། །ཚེའུ་སྤུ ་བུས་མོ་མི་སྡུག་ཅིང། །སྒྲོག་མཁར་གུག་པར་འགྱུར་བ་དང། །ཞུམ་ཞིང་ལེ་ལོས་འགྲོ་བར་འགྱུར། །གཉིད་ཆེ་བར་ནི་འགྱུར་བ་དང། །རྩ་ཡང་འདོར་པར་འགྱུར་པ་ཡིན། །རྟ་ནི་ཉི་ཤུ་དྲུག་ལོན་པ། །འདི་འདྲ་བར་ནི་ཤེས་བར་བྱ། །སོ་མདོག་མི་འདུག ་གྱུར་ནས་ནི། །དེ་ཡི་རྗེས་ལ་འགུལ་བར་འགྱུར། །སྤུ་ནི་གཤོར་བར་འགྱུར་བ་དང། །འབྱི་ཞིང་འགྲོས་ནི་ཞེན་པ་དང། །མིག་གྱུར་མིག་ནི་འགྲོས་པ་དང། །མཆི་མར་བཅས་ཤིང་དམན་པར་ལྟ། །མཚན་མ་འདི་ཡིས་རྟ་དག་ནི། །ཉི་ཤུ་དགུ་པར ་ཡིན་ཤེས་བྱ། །ཤ་ཡིས་གནས་ནས་རིམ་བཞིན་དུ། །སོ་རྣམས་འབྱུང་བར་འགྱུར་བ་དང། །འབྲེལ་བ་ཆད་ཅིང་གྱེས་པ་དང། །རྟ་རྒས་མིག་ནི་ཞུམ་པ་དང། །མདངས་བྲལ་སེམས་ཁོང་ཆུང་བ་དང། །ཉལ་བར་དགའ་ཞིང་སེམས་ཞུམ་དང། །ཁ་ཡི ་དབུགས་ནི་དྲི་མི་ཞིམ། །རྟ་ཡི་ཁ་ནས་ཁ་ཆུ་འཇག། མིག་ལ་རྒྱུན་ཏུ་འཛག་པ་དང། །ཟོས་པ་དཀའ་པས་འཇུ་བར་འགྱུར། །གང་ཆི་སུམ་ཅུ་གཉིས་ལོན་པའི། །རྟ་ནི་ལས་ལ་སྦྱོར་མི་ནུས། །ཇི་ལྟར་གླང་བོས་བརྒྱ་ཉི་ཤུ་ཐུབ། །རྔ་མོ་བོད་བུ ་ཉི་ཤུ་ལྔ། །བ་གླང་འདི་དག་ཉི་ཤུ་ཅི། །རྩ་བཞིས་ལྷག་པ་ཉིད་ཡིན་ལ། །ར་ལུག་ལོ་ནི་བཅུ་གཉིས་ཏེ། །རྟེའུ་ལོ་ནི་ཉི་ཤུ་ཡིན། །མི་དང་གླང་པོ་མཉམ་པ་ལྟར། །དེ་བཞིན་རྟའི་ལོ་སུམ་ཅུ་གཉིས། །ཚེ་ཡི་མཐར་ཐུག་གྱུར་པའི་རྟ།། ་རྩཝ་ཡི་མེ་ལྟར་འཆི་བར་འགྱུར། །ན་ཚོད་ལོ་ཡི་དབྱེ་བ་ཡིས། །ཇི་བཞིན་རབ་ཏུ་བསྟན་པ་ཡིན། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས། ན་ཆོད་བརྟག་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །།དེ་ནས་ཤལ་ཧི་ཧོ་ཏྲའི་བུ་རབ ་ཏུ་ལྟོད་པར་གྱུར་པ་དང། །མཛའ་ལས་རྒྱལ་གྱིས་ཡོངས་དྲིས་པ། །རྟ་ཡི་ཆོ་ནི་ཤེས་བྱ་སྟེ། །ལེགས་ལྡན་བདག་ལ་བཀའ་སྩོལ་ཅིག། ཤ་ལི་ཧོ་ཏྲ་གཟི་བརྗོད་ཆེ། །ཕ་ཡི་བུ་ལ་སླར་སྨྲས་པ། །གང་གི་སོ་ནི་གྱིས་བ་དང། །སོ ་རྩ་འབྱུང་བར་གྱུར་བ་དང། །མིག་ནི་གནས་སྐྱོང་མཆི་མ་འཛག། ཞུམ་ཞིང་རྩ་བ་ལྟོད་པ་དང། །རྣ་རྩ་དང་ནི་ལུས་ཀུན་ཀྱང། །རབ་ཏུ་ལྟོང་བར་གྱུར་བ་དང། །གཟི་མདངས་མེད་ཅིང་སེམས་ཁོང་ཆུང། །ཉལ་བར་དགའ་ཞིང ་བློ་ཞུམ་དང། །ཁའི་དབུགས་དྲི་ནི་མི་ཞིམ་དང། །ཁ་ལས་ཁ་ཆུ་འཇིག་པའི་རྟ། །དེ་ནི་དང་པོའི་གནས་སྐབས་ལས། །ལྷག་པར་འཚོ་བ་མ་ཡིན་ནོ། །གང་ཞིག་ཆིགས་ནི་མི་སྔག་དང། །ཆིག་གྲང་ཚེའུ་གུག་པ་དང། །སྲ་ལོང་པ་ཡང་ཡོ ་བ་དང། །འགྲོས་ལྷོང་ལེ་ལོ་ཆེ་གྱུར་བ། །གཉིད་ནི་ཤིན་ཏུ་ཆེ་བ་དང། །སོ་ཡི་མདོག་ནི་མི་སྡུག་པ། །འདི་འདྲའི་མཚན་ཉིད་ལྡན་པའི་རྟ། །གནས་སྐབས་གཉིས་ལས་ལྷག་མི་འཚོ། །པགས་འཐུག་ཁ་དོག་མི་གསལ་དང། །དབང་བོའི་སྟོབས ་ཞེན་རེག་ན་རྩུབ། །རྣ་བ་རྔ་མ་ཞུམ་གྱུར་བ། །གསུམ་ལས་ལྷག་པར་མི་གནས་སོ། །མི་སྡུག་སྐད་ནི་སྨན་པ་དང། །གང་ཞིག་སོ་ནི་སྦོམ་པ་དང། །དབུགས་འབྱིན་རྒྱུན་རིང་མི་བསྟན་པའི། །རྟ་དེ་བཞི་ལས་ལྷག་མའི་འཚོ། །མིག་ནི་ཚུལ ་ཁེངས་པ་དང། །ཅུང་ཟད་ཞུམ་པར་གྱུར་བ་དང། །ལུས་ཀུན་བརྟན་པ་ཆུང་བའི་རྟ། །ལྔ་ལས་ལྷག་པར་མི་འཚོའོ། །གང་ཞིག་དར་ལ་བབས་པ་ཡི། །མཚན་ཉིད་གཞོན་པའི་ཚེན་ཡོད། །དེ་ན་གནས་སྐྱབས་དྲུག་ཐོབ་སྟེ། །རྟ་དང ་འདྲ་བར་གྱུར་བ་ཡིན། །སྟོབས་དང་སྤྲོ་བའི་ཡོན་ཏན་ལྡན། །སྐད་གསང་དམན་པར་སྤྱོད་པ་ནི། །རྟ་དེ་གནས་སྐབས་བདུན་ཐོབ་ན། །སྲོག་དང་འབྲལ་བར་འགྱུར་བ་ཡིན། །སྟོབས་ལྡན་སྙིང་སྟོབས་ཕུན་སུམ་ཚོགས། །དྲི་མི་ཞིམ་པར ་གྱུར་པའི་རྟ། །དེ་ནི་གནས་སྐབས་བརྒྱད་དུ་ནི། །ཕྱིན་ནས་སྲོག་དང་འབྲལ་བ་ཡིན། །ཆད་དང་སྟོབས་དང་སྙིང་སྟོབས་དང། །གཟི་མདངས་བརྟན་པ་རྒྱ་ཆེན་ལྡན། །རློག་པ་འབྱར་བར་གྱུར་བ་གང། །གནས་སྐབས་དགུ་ནས་འཆི་བར ་འགྱུར། །རྟ་གང་རྟག་ཏུ་དགའ་ཞིང་སྤྲོ། །ལྟ་སྟངས་སྡུག་ཅིང་སྐམས་ཆགས་ཆུང། །སྟོབས་ལྡན་སྙིང་སྟོབས་ཕུན་སུམ་ཆོགས། །རླིག་འབྲས་ཟླུམ་ཞིང་མི་འཕྱག་རྟ། །དེ་ནི་གནས་བསྐབས་བཅུ་པ་རུ། །ཕྱིན་ནས་སྲོག་འདོར་གྱུར་བ་ཡིན། །སྙིང་སྟོབས ་ཁ་དོག་མདངས་མཚན་ཉིད། །ལྡན་ཞིང་འགྲོས་བཟང་སྐད་གསང་སྙན། །ཕུན་ཚོགས་སྟོབས་ལྡན་དྲེགས་བར་ལྡན། །དུས་བ་ཆེ་ཞིང་ཆིགས་སྦོམ་ལ། །མདོག་བཟང་ཤ་འཚམས་ཀུན་ཚོགས་པ། །ཚེ་ཡི་མཐར་ཕྱིན་འགྱུར་བ་ཡིན། །ཤི་ལ ་ཧོ་ཏྲའི་མདོ་གནས་ལས། ཚེ་ཤེས་བར་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།ཤ་ལི་ཧོ་ཏྲ་དབང་པོ་ཐུལ། །མཆོག་དད་མཆོག་མིན་དེ་ཉིད་ཤེས། །བུ་ཡི་ཐུའོ་མཛའ་ལས་རྒྱལ། །ཉེ་བས་སོད་སྟེ་ཡོངས་དྲིས་བ། །དྲི་ནི་ཡིད ་འོང་དགེ་བ་དང། །དེ་བཞིན་དྲི་གང་མི་དགེ་བ། །དེ་རྣམས་ཀྱི་ནི་འབྲས་བུ་དག། ཅིར་འགྱུར་བ་ནི་བཤད་དུ་གསོལ། །བུ་ཡིས་དེ་སྐད་དྲིས་པ་དང། །ཤ་ལི་ཧོ་ཏྲས་སླར་སྨྲས་བ། །འདི་དག་ཐམས་བཅད་རབ་བཤད་ཀྱིས། །ཐོས་ནས་བཟུང་ལ་བཅང ་བར་གྱིས། །འོ་ཐུག་སྦྱིན་སྲེག་དུ་བ་དང། །དེ་བཞིན་ཨུཏཔལ་དམར་པོ་དང། །ཙནདན་ཨ་གར་འདྲ་བ་དང། །བྱེའུ་རུག་པ་ཨརྫ་ཀ། སྦྲང་རྩི་ཆད་དང་འདྲ་བ་དང། །དེ་བཞིན་ཆད་གི་དྲི་འདྲ་དང། །ས་ལ་གསར་དུ་ཆར་བབ་དྲི། །དེ་བཞིན་སྣ་མ་སྤང ་སྤོས་དང། །ུཏཔལ་པདྨའི་གེ་སར་དང། །ཧ་རི་བཏ?་པདྨའི་རྩ། ། མྲ་བི་བ་ཀ་བིཏ། །བ་ན་ས་འབྲས་སྨིན་འབྲ་དང། །ནི་བ་ཨརྫུ་ཀ་དམྦ། །བ་ཏ་ལ་དང་ཨ་ཤོ་ཀ། དུག་མོ་ཉུངས་དང་པན་ངན། །སུ་ནཱ་ག་ཡི་དྲི་འདྲ་དང། །ཙིམྦ་ཀ་དང ་དམ?་པའི། །ལོ་མ་རྒྱ་སྤོས་དྲི་འདྲ་དང། །དཔྱིད་ཀའི་ནགས་ཀྱི་ཚོགས་འདྲ་དང། །གླང་བོའི་དངུལ་གྱི་དྲི་འདྲི་དང། །གང་ཞིག་དྲིན་ཞིམ་གྱུར་པའི། །མེ་ཏོག་འབྲས་བུ་ལྡན་པ་དག། དེ་རྣམས་དང་ནི་དྲི་མཚུངས་པའི། །རྟ་མཆོག་དེ་ནི་བ།? ་ཤིས་སོ། །རྟག་ཏུ་རབ་ཏུ་དགའ་བ་དང། །ཀུན་གྱི་ཡིད་དུ་འོང་བ་དང། །དོན་ཀུན་ཡང་དག་སྒྲུབ་བྱེད་ཅིང། །སྐལ་ལྡན་རིགས་ནི་འཕེལ་བྱེད་ཡིན། །ཅི་ཙམ་ཡིད་འོང་དྲི་ཡོད་པ། །དེ་ཙམ་ཡིད་འོང་དོན་སྒྲུབ་བྱེད། །ཚེ་རིངས་ནང་ནི ་མེད་པ་དང། །ནོར་དང་དགའ་དང་བདེ་བསྐྱེད། །གཡུལ་ལས་རྟག་ཏུ་རྒྱལ་བྱེད་ཅིང། །གྲགས་དང་བུ་དང་ཚ་བོ་སྐྱེད། །དེ་ལྟར་དགེ་བའི་དྲི་དག་ནི། །བཤད་ནས་ཅིག་ཤོས་མཉམ་པར་གྱིས། །ཉ་ནི་རུལ་བར་གྱུར་བ་དང། །མང་ཀུན་ཡི་དྲི་འདྲ ་དང། །བཤད་དང་གཅི་བའི་དྲི་བཅས་དང། །དེ་བཞིན་སྒོག་པའི་དྲི་བཅས་དང། །བྱི་ལ་རྔ་མོ་ཕག་དང་ནི། །འུག་པའི་དྲི་དང་འདྲ་བ་དང། །གང་ཞིག་ཁྱི་རླིག་དྲི་འདྲ་བ། །དགེ་བའི་དྲི་ལ་རྟེན་མ་ཡིན། །ཉེས་པ་འདི་དག་ལྡན་པ་ཡི། །རྟ་དེ ་ཤིས་བ་མ་ཡིན་ནོ། །རྒྱལ་བོའི་དོན་མི་འགྲུབ་པ་དང། །དེ་བཞིན་བཀྲ་མི་ཤིས་པ་ཡིན། །རིང་དུ་འཚོ་བར་མི་འགྱུར་ཞིང། །ལས་རྣམས་ཀུན་ལས་སྨད་པ་ཡིན། །ད་ལྟར་ཤིས་དང་མི་ཤིས་པའི། །དྲི་རྣམས་རབ་ཏུ་བཞད་པ་ཡིན ་ཤ་ལི་ཧོ་ཏྲའི་མདོ་གནས་ལས། །དྲི་བརྟག་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་བའོ།། །།ཤ་ལི་ཧོ་ཏྲས་བུ་ལ་ནི། །རྟ་ཡི་སྐད་གསངས་མཚན་ཉིད་བཤད། །སྲོག་ཅེས་བྱ་བའི་རླུང་ཤུགས་ཀྱིས། །ལྟེ་བའི་རྩ་ནས་བྱུང་གྱུར་ཏེ།། ་ལུས་ལ་གདོས་པར་གྱུར་ནས་ནི། །བར་ཕྱིན་འཚེར་བ་ཞེས་བཤད་དོ། །ཤིན་ཏུ་འཇམ་ཞིང་རྟིང་རིང་ལ། །ཀློང་ཆེ་འདྲིལ་ཞིང་རྒྱུན་མི་འཆད། །འཚེར་བར་བྱེད་པའི་རྒྱལ་བྱེད་རྟ། །རྒྱལ་པོས་ཡང་དག་རྒྱལ་བ་ཐོག། རྩུབ་ཅིང་ཉམ་ཆུ་ཀློང ་ཆུང་ཆད། །ངར་ངར་པ་དང་འཛར་བར་ནི། །མགོ་བོར་ཕྱིན་ཏེ་འཚོར་བ་ཡི། །རྟ་ནི་སྔགས་པ་མ་ཡིན་ནོ། །དུད་དང་རྔ་ཆེན་སེང་གེ་སྟག་ཤིང་རྟ་གླིང་བུ་ཁྱུ་མཆོག་སྒྲ། །དར་དུར་གླང་པོ་ཀུ་ར་ར། །འབྲུག་དང་རྫ་རྔའི་སྒྲ ་འདྲ་ཞིང། །ཆུ་བོ་འདྲ་བའི་སྒྲར་ལྡན་པའི། །དེ་ནི་རྟག་ཏུ་འཕེལ་བྱེད་སྟེར། །སྤྱད་ཀི་བྱ་རྒོད་རྔ་མོ་དང། །གྱི་ལ་ཅེ་སྦྱང་སྣོད་ཆག་སྒྲ། །ཁྱི་དང་ཁྭ་སྦྲེའུ་འུག་པ་དང། །ཤིང་དང་རྡོ་དང་འདྲ་བ་དང། །སེར་བ་ཡི་ནི་སྒྲ་འདྲ་བ། །རྟ་ཡི་ཐ་མ་སྡིག་ལྡན ་ཡིན། །སྐད་ཟད་པ་ཡི་རྟ་རྙེད་ན། །མྱུར་དུ་ཉམས་པ་ཐོབ་བར་འགྱུར། །འཐུར་དུ་ཁ་བལྟས་འཚོར་བའི་རྟ། །དེ་ནི་བདག་པོའི་ཕུང་ཁྲལ་ལོ་བསྐྱེད། །གཡོན་ལོགས་ལྟས་ཏེ་འཚེར་བདག། རིགས་རྒྱུད་ཉོན་མོངས་བྱེད་པ་ཡིན། །བཀྲ་མི ་ཤེས་པའི་རྫས་དག་ནི། །མཐོང་ནས་མང་དུ་འཚེར་བྱེད་བ། རྟ་དེ་མི་ཤིས་བསྐྱེད་པ་སྟེ། །བདག་བོའི་སྡུག་བསྔལ་བྱེད་བར་བཤད། ཁོང་བུ་ལྟར་འཚེར་གང་ཡིན་པ། །དེ་ནི་བཀྲ་མི་ཤིས་བར་བཤད། །བཀྲ་ཤིས་པ་ཡི་རྫས་མཐོང་ན ་གང་ཞིག་འཚེར་བར་བྱེད་པའི་རྟ། །བདག་བོ་རྣམ་པར་འཕེལ་བྱེད་ཅིང། །ནོར་དང་འབྲུ་ནི་རྒྱས་ཡང་བཤད། །གཡས་ལོགས་སུ་ནི་བལྟ་བའམ། །རེག་ཅིང་འཚེར་བྱེད་གང་ཡིན་པ། །རྟ་དེ་ཞོན་ན་རྒྱལ་པོ་ནི། །ས་རྣམས་ལས་ནི་རྒྱལ ་བར་འགྱུར། །མང་བ་འཚེར་བར་བྱེད་པ་ན། །དེ་ཡི་འཚར་བ་གསལ་གྱུར་གང། །རྟ་དེ་རྗེས་སྒྲོག་ཞེས་བྱ་སྟེ། །བདག་པོའི་དོན་ཀུན་སྒྲུབ་བྱེད་ཡིན། །གཅིག་པུ་འཆེར་བར་གྱུར་བ་ཡང། །མང་པོའི་ལྟ་བུར་མངོན་གྱུར་བ། །རྟ་དེ ་གཏིད་རིང་འཚེར་ཞེས་བྱ། །བདག་བོའི་རྣམ་རྒྱལ་འཕེལ་བྱེད་ཡིན། །གང་ཞིག་འཚེར་བ་ཐོས་ནས་ནི། །རྟ་གཞན་འཚེར་བར་བྱེད་པ་དག། །དེས་ནི་རྒྱལ་བོའི་རྟ་བརྒྱད་སྟོང། །འབོད་པར་བྱེད་པ་ཉིད་ཡིན་ནོ། །གཞན་ཡང ་འཚོར་བ་ཐོས་ནས་ནི། །རྟ་གང་ཕྱི་ནས་འཚེར་བྱེད་པ། །རྟད་ཞོན་པར་གྱུར་ནས་ནི། །མཛའ་ཨོ་འཕེལ་བར་བྱེད་པ་ཡིན། །རྒན་དང་བྱིས་པ་ནང་བ་དང། །ལྕོད་ཅན་དལ་དང་སྐོམ་པ་དང། །བཀྲེས་ཚེ་འཆོར་བར་གྱུར་པ་ཡི། །རྟ་སྣང? ་བརྟག་པར་མི་བྱའོ། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས། །སྐད་གསངས་རྟོག་པའི་ལེའུ་སྟེ་སུམ་ཅུ་བའོ།། །།རྟ་ཡི་ཚེ་ཡི་དེ་ཉིད་ཤེས་སོ། །རིག་བྱེད་ཡན་ལག་མཐར་ཕྱིན་ལ། །འགྲོས་ཀྱི་བྱ་བ་ཤེས་པ་ལ ་ཐེ་ཚོམ་སྐྱེས་བ་གར་དགར་དྲིས། །ལེགས་ལྡན་ས་ཡི་བདག་པོ་རྣམས། །གཡུལ་དུ་ཤུགས་མགྱོགས་རྟ་ལ་ནི། །རྒ་ཤིང་བརྟན་བྱས་རྩོམ་བྱེད་ལ། །རྟ་ལ་གཅེས་བར་འཛིན་པ་ཡི། །མཆོག་པས་དགའ་བ་སྐྱེ་གྱུར་ལ། །མགྱོགས ་པས་ཤིན་ཏུ་ཡིད་རྟོན་འགྱུར། །རྟ་ནི་དི་ལྟར་མི་མཆོད་པ། །མགྱོགས་ཤུགས་མེད་ན་རྒ་མོ་འགྱུར། །འགྲོས་འདེབས་མྱུར་བར་འགྲོ་བ་ལ། །ཞོན་ན་དགའ་བ་སྐྱེད་པར་བྱེད། །ས་ཐག་རིང་དུ་འགྲོ་བ་ན། །འགྲོ་ས་བདེ་བ་ནི་སྔགས་པ་ཡིན། ་རྒྱལ་པོ་དང་ནི་རྒྱལ་བུ་དང། །བུད་མེད་སྐྱིད་དེ་བ་ཡིན་པས། །བཞོན་པས་བསྐྱོད་པའི་ནད་རྣམས་ནི། །དེ་འདྲས་འབྱུང་བར་མི་འགྱུར་རོ། །འགྲོས་ཀྱི་ཚུལ་ནི་སྣ་ཚོགས་ལས། །ཤིས་དང་མི་ཤིས་འབྲས་བུ་འབྱུང། །ལེགས ་ལྡན་འགྲོས་ཀྱི་ཚུལ་དག་ནི། །རྟ་ལ་གང་ཡོད་བདག་ལ་གསུངས། །ག་རྒའི་ཚིག་དེའི་རྫས་ལ་ནི། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །མདོར་ན་ནེའུ་ལེ་སྲེག་པ་དང། །རྨ་བྱ་དང་ནི་མཚུངས་པར་འགྲོ། ཇི་ལྟར་ནེའུ་ལེའི་རྐང་པ་ནི། ། ་མྱུར་དུ་འདོར་བར་བྱེད་པ་ནི། །བར་འཚམས་མེད་པ་ལྟ་བུར་མངོན། རང་གི་སྤྱི་བོ་ཆུང་ཟད་འགུལ། །མགོ་མགྲིན་སེང་གེ་ལྟར་འདེགས་ཞིང། །རྒྱབ་དང་ལུས་ནི་བརྟན་པར་གནས། །མཇུག་ཙོས་རྒ་མཆིགས་མི་འགུལ་ཞིང། །རྔ་མ ་?་འགུལ་བར་མི་བྱེད་གང། །དེ་ནི་ནེའུ་ལེའི་འགྲོས་ཅན་དུ། །བློ་དང་ལྡན་པས་ཤེས་པར་བྱ། །འཁྲུལ་པ་མེད་ཅིང་གཡོ་བ་མེད། །ལམ་དུ་མ་ཡེངས་བྱེད་པ་དང། །ཞོན་པའི་མི་ནི་སྟན་བཟང་དང། །གྲུ་ལ་གནས་པ་སྙམ་སེམ་ཞིང ་གང་གི་ཤུགས་ནི་འདོར་བ་ན། །ཞོན་པ་སྤུ་རྩེ་ཙམ་མི་འགུལ། །ལམ་རིངས་སུ་ནི་མོད་གྱུར་ཀྱང། །ཆད་པར་འགྱུར་བ་མེད་པ་དང། །ལམ་གྱི་དོམས་པ་མེད་ལྟར་འགྲོ། དབྱིབས་ནི་ལེགས་པར་གྱུར་པའི་རྟ། །མེ་མ་དག་ལ་ནི་རེག་པ་ལྟར།། ་ལམ་དུ་མྱར་དུ་འགྲོ་བ་དང། །སེང་གེ་ལྟ་བུར་ལུས་འདེགས་ཞིང། །མཆུ་ཡིས་ནམ་ཆོད་རྐོ་བ་འདྲ། །ས་ལ་རྟོག་པར་བྱེད་པ་བཞིན་དུ། །ལུས་ནི་འདེགས་པ་ལྟར་བྱེད་དང། །ཞོན་པ་པོ་ནི་རྒ་སྐྱེད་པ། །གོང་མ་སྲེག་གི་འགྲོས་བསྟེན་ཡིན། །གང ་ཞིག་མོག་དྲང་ལ་འཁུམས་དང། །མགོ་དང་སྐེ་མགྲིན་རབ་ཏུ་སྐྱོད། །བདག་པོའི་སེམས་དང་རྗེས་མཐུན་པར། །ལམ་དུ་མཉམ་པར་ལྟར་བ་དང། །རྟག་པར་ལམ་དུ་མི་དུབ་ཅིང། །མཆུ་ཡི་ནང་དུ་མི་ནུབ་ལ། །བརྟན་ཞིང་མ་འཆོལ ་འགྲོ་བའི་རྟ། །རྨ་བྱའི་འགྲོས་ལ་བརྟེན་པ་ཡིན། །གསུམ་པོ་འདི་དག་འགྲོས་ཀྱི་ནི། །གཙོ་བོ་ཡིན་པས་ཤིས་པ་འཐོབ། །དེ་ལས་གཞན་པའི་འགྲོས་གང་ཡིན། །ཕལ་ཆེར་སྨད་པར་བྱ་བ་ཉིད། །འགྲོས་ཀྱི་མཚན་ཉིད་ཕུན་སུམ་ཚོགས།། ་རྟ་མཆོག་རྙེད་པར་གྱུར་ན་ནི། །རྒྱལ་པོ་དགྲ་ལས་རྒྱལ་འགྱུར་ཞིང། །ལམ་དུ་དུབ་པར་མི་འགྱུར་རོ། །འགྲོས་བཟང་རྟ་ལ་བདག་པོ་ཡིས། །ལྷག་པར་དགའ་བ་བྱ་བ་ཡིན། །དེ་བས་རྟ་ཡི་བསྟན་བཅོས་ནི། །ཤེས་པས་འགྲོས་ནི་རྟག ་པར་བྱ་?་ཕག་དང་མ་ཧེ་རྔ་མོ་དང། །ཁྱི་སྤྲེའུ་རུས་སྤལ་གླང་སེང་འགྲོས། །གང་ཡང་བྱི་ལ་ལྟར་འགྲོ་བ། །རྟ་དེ་མི་ཤེས་ཡིན་ཞེས་བྱ། །ཆེའུ་ཚེ་ཆིག་གྲང་དཔུང་བ་བརླ། །འདེགས་པར་དཀའ་ཞིང་འགྲོས་ཞན་ལ། །ལ་བུམས་ཤིང ་?་ལ་འགྲོ་བ་དང། །རྒྱབ་ངན་བཞོན་པར་མི་བདེ་དང། །གོམས་སྤངས་འཇོག་ཉེས་བུ་ལ་བས་འགྲོ། དེ་ནི་ཡོངས་སུ་གཙང་བར་བྱ། །དབུགས་རྒོད་སླར་བསྡུ་དཀའ་བ་དང། །ལམ་ནི་ཐུང་དུས་རྟག་ཏུ་དུབ། །སྙིང་སྟོབས་ཆུང ་དེ་རྟ་མཁན་གྱིས། །དགྲ་ཡི་བསམ་པ་གྲུབ་དེ་སྤང། །རྟ་གང་མགོ་བོ་འདེགས་པ་དང། །རྨིག་པ་མཐོ་བར་འདེགས་པ་དང། །བདག་པོ་དགའ་བར་འགྲོ་བྱེད་པ། །འགྲོས་དེ་མཆོག་ནི་ཡིན་པར་བཤད། །མགྱོགS ་ཤུགས་མདའ་ལྟར་རྒྱུག་བྱད་ཅིང། །ལུས་ཀུན་དུབ་བ་མེད་པ་དང། །བརྡུད་ཅིང་རིང་དུ་རྙོབ་བྱེད་པ། །འགྲོས་དེ་མཆོག་ནི་ཡིན་པར་བཤད། །རྐང་འཇོག་ལྷག་ཆད་མི་སྙོམས་ཤིང། །དེ་བཞིན་མྱུར་ཆེས་བུལ་ཆེས་པ། །ཤིན་ཏུ་འདུས་དང ་ཤིན་ཏུ་དགྱེ། །འགྲོས་ཀྱི་ཉེས་པ་འདི་དྲུག་ཡིན། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས་འགྲོས་ཀྱི། །བཟང་ངན་ཤེས་པར་བྱ་སྟེ། །ལེའུ་གསུམ་ཅུ་སོ་གཅིག་པའོ།། །།ཤ་ལི་ཧོ་ཏྲ་ཡིད་གཞུངས་པ། །ཚངས་པ་མེ་ཡི ་སྒལ་འདྲལ། །ལུས་ཀྱི་འཕེལ་བའི་བྱ་བ་ནི། །མཛའ་ལས་རྒྱལ་གྱིས་ཡོངས་དྲིས་པ། །ཐོག་མ་བར་དང་ཐ་མར་ནི། །ལུས་འཕེལ་བར་ནི་ཇི་ལྟར་འགྱུར། །འགྲོས་དང་འགྲོས་གཞན་བཅས་པར་ནི། འདི་དག་ཤེས་པར་འཚལ་ལགས་སོ། །ནི་ཇི་སྲིད་རྒྱུ་བ་དང། རྟེན་དུ་ཇི་ལྟར་གྱུར ་བདག། འདི་དག་ཤེས་པར་འཚལ་ལགས་སོ། །དུ་ཡིS་དེ་སྐད་བྲི་བ་དང། །ཤ་ལི་ཧོ་ཏྲ་སླར་སྨྲས་པ། །འདི་ནི་ནམ་མཁའ་ས་དང་ནི། རླུང་དང། མེ་དང། ཆུ་དང། ས་རྣམས་སྣང་གི། སེམས་ཞེས་བྱ་བ་དྲུག་པ་དང། འདྲེས་བ་རྒོད་མའི་མངལ་དུ་ཞུགས་ཤིང། །གཅིག་ཏུ ་གྱུར་བ་ལས་ལུས་སུ་འབྲེལ་པ་ཡོངས་སུ་རྫོགས་པ་བྱེད་པར་འགྱུར་རོ། །དེ་ནས་དུས་ཡོངས་སུ་སྨིན་ཅིང་ཚང་པ་ན་མངལ་གྱི་དྲི་མ་དང་བྲལ་བའི་ཚུལ་གྱིས་སྐྱེ་ཞིང་འབྱུང་བ་ན། ཤ་མའི་དྲི་མས་ལུས་ལ་གོས་ཅིང། །ལུས་དང ་སེམས་ཉོན་མོངས་པ་ལས་ལུས་བདེ་བར་གནས་པ་ན་གྲང་བ་དང། །ཚ་བ་དང་ཕྲད་པའི་ཚོར་བ་བདེ་སྡུག་བདག་ཉིད་ཀྱིས་མངོན་པར་ཤེས་པར་འགྱུར་རོ། །དེ་ལ་རྒྱུ་གང་གིས་འབྱུང་བ་ཆེན་པོ་ལྔ་དང་ནང་གི་བདག་ཉིད ་དྲུག་པ་ཕན་ཚུན་འདྲེས་བར་གྱུར་བ་སྟེ། །ས་བོན་དང་འབྲས་བུའི་ཚུལ་དུ་ཉམས་པ་མེད་པར་གནས་པར་འགྱུར་རོ། །རྟ་དེ་དེ་ལྟར་བྱུང་བ་ན། ཤིང་ལྟར་རིམ་གྱིས་འཕེལ་བར་འགྱུར་ཞིང། །ཡོན་ཏན་དུ་མ་དང་ལྡན་པར་འགྱུར་བོ། །དེ་བཞིན ་བུ་སྲེད་པའི་དབང་གིས། དབང་པོ་ཡུལ་ལ་འཇུག་པར་ནུས་པ་དང། །རླུང་འཐོར་བས་དབུས་ན་ཕན་ཚུན་དུ་ཁྱབ་པ་ན། །ལུས་ཀྱི་འགྲོས་དང་གོམས་པའི་ཤུགས་རིམ་གྱིས་འབྱུང་བར་འགྱུར་ཏེ། འགྲོས་གང་དང་གང་གིས་དང་པོར་མའི་རྗེས ་སུ་འབྲང་ཞིང་ཟས་འདོད་པར་གྱུར་བ་དེ་ནི་ལུས་འཕེལ་བ་ཞེས་བྱའོ། །དེ་བཞིན་དུ་གཅིག་བུ་རྒྱུ་ཞིང་རྗེས་སུ་འབྲང་བའི་འགྲོས་ཀྱིས་འགྲོ་བར་བྱེད་པ་དང། རིམ་གྱིས་འཕེལ་བར་གྱུར་བ་ན་ཡང། ལུས་དང་རྗེས་སུ་མཐུན་པའི ་སྟོབས་དང། འགྲོས་དང། རྒྱུག་བ་དང། བརྩེ་བ་དང། མཆོད་པ་དང། དཀྱུ?་བ་དང། འགྲོས་དམ་པའི་ཡོན་ཏན་དང་ལྡན་པ་དེ་ནི་དང་པོ་གཅིག་ཏུ་རྒྱུ་ཞིང་རྗེས་སུ་འབྲེང་བ་ཞེས་བྱའོ། །དེ་ལ་རྐང་བ་འཇོག་པའི་འགྲོས་ནི ་རྣམ་པ་བཞི་སྟེ། འདི་ལྟ་སྟེ་སྤོབ་ཞིང་འགྲོ་བ་དང། གཞོགས་སྙམ་པས་རྗེས་སུ་འགྲོ་བ་དང། གཞོགས་དུད་ཅིང་རྗེས་སུ་འགྲོ་བ་དང། སྤྱོད་པ་གཅིག་གི་རྗེས་སུ་འགྲོ་བའོ། །དེ་དག་ནི་རང་བཞིན་གང་ཡིན་པ་དེ་ཉེ་བར ་བཤད་པར་བྱའོ། །སྔ་མ་གཉིས་དང་ཕྱི་མ་གཉིས། །རྐང་པ་མཉམ་པར་འགྲོ་བྱེད་ཅིང། །རང་གི་ལུས་ནི་སྤོ་བ་དག། དེ་ནི་སྤོང་བའི་འགྲོས་ཡིན་ནོ། །རྩི་བ་ལོགས་གཉིས་ནི་མཉམ་གནས་ཤིང། །རེས་ཀྱིས་ཉེ་བར ་གནས་བྱེད་ལ། །རིམ་གྱིས་མིག་ལ་ཉེ་བར་འདེགས། །དེ་ནི་གཞག་མཉམ་འགྲོ་བ་ཡིན། མིག་སྤྲུག་འཁྲུལ་བ་མེད་པར་ནི། །ལུས་ནི་དུད་ཅིང་རྒྱུ་བྱེད་ལ། །སྤྱོད་པ་གཅིག་གིས་མི་འགྲོ་བ། །གཞོགས་དུས་འགྲོས་ནི་དེ ་ཡིན་ནོ། །གང་ཞིག་ཡན་ལག་རེ་མོས་ཡིས། །འཇོག་ཅིང་འདེགས་པར་བྱེད་བ་དང། །རྐང་པ་གསུམ་ནི་ཤས་ཆེར་འདེགས། །རྟ་ནི་སྦྱོང་པ་གཅིག་འགྲོས་ཡིན། །དེ་བཞིན་དུ་རི་གདགས་དང། མ་ཧེ ་དང། བྱི་ལ་དང། ཁྱི་དང། དོམ་དང། སྟག་དང། ནེའུ་ལེ་དང། གླང་པོ་ཆེ་དང། ཁྱུ་མཆོག་དང། རྔ་མོ་དང། བྲེའུ་དང། བོང་བུ་དང། ར་དང། ལུག་དང། ཨེ་ནེ་ཡ་དང། ས་ལ་དང། སྦྱང་ཀི་དང། གཞན་ཡང་དེ་ལྟ་བུའི ་རྣམ་པ་དག་ཀྱང། །ལུས་མཆོག་དང། བར་མ་དང། ཐ་མའི་དབྱེ་བའི་ཚད་ཀྱིས། །རྐང་བཞི་པ་རྣམས་ཀྱི་ལུས་འཕེལ་བའི་རྣམ་པར་དབྱེ་བ་བཤད་པ་ཡིན་ནོ། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས། །ལུས་འཕེལ་བ་ཞེས་བྱ་བའི ་ལེའུ་སྟེ་སུམ་ཅུ་སོ་གཉིས་པའོ།། །།ཐུབ་མཆོག་ཤ་ལི་ཧོ་ཏྲ་ལས། །ལེགས་ཐོས་ཀྱིས་ནི་ཡོངས་དྲིས་བ། །ལེགས་ལྡན་རྒྱུག་པའི་མཚན་ཉིད་ནི། །མཉན་བ་རུ་ནི་འཚལ་ལགས་སོ། །འདིར་ནི་སྐྱོན་གང ་ཡོན་ཏན་གང། །འདི་རྣམས་རྣམ་པ་དུ་རུ་གྲགས། །མཚན་ཉིད་གང་དག་ཡིན་པ་དག། འདི་དག་ཐམས་ཅད་ཤེས་པར་འཚལ། །དེ་སྐད་སྨྲས་ཚེ་དྲང་སྲོང་མཆོག། ཤ་ལི་ཧོ་ཏྲས་སླར་སྨྲས་པ། །ཁྱེད་ཀྱིས་ཡིད་ལ་གང ་གནས་པ། །དེ་ནི་བཤད་ཀྱིས་མཉན་པར་གྱིས། །རྒྱུག་པ་མེད་པར་རྟ་རྣམས་ནི། །རྩིག་པ་ཤིང་འདྲ་བེམ་པོ་ཡིན། །རྒྱལ་པོའི་སྡེ་ཚོགས་གསུམ་པོ་ནི། །སྒྲུབ་ལ་དེ་ནི་གཙོ་བོ་ཡིན། །དེ་བས་རྒྱུག་པའི་མཚན་ཉིད ་ནི། །བཞི་བཅུ་དག་ཏུ་ཤེས་པར་བྱ། །དང་པོར་གཏང་བའི་དོན་དུ་ནི། །ཉེས་པ་ཉི་ཤུ་ལྔ་ཤེས་བྱ། །ཡང་དག་བཞག་པར་བྱ་བ་ཡི། །ཡོན་ཏན་བཅོ་ལྔ་ཉིད་དུ་བཤད། །དེ་ལྟ་བུ་མི་རྒྱུག་པ་ནི། །ཟླུམ?་པོ?་དག? ་ཏུ་ཉེ་བར་སྦྱར། །རང་བཞིན་ལེགས་པར་ཤེས་བྱ་སྟེ། །གཞན་དུ་དེ་ནི་དོན་མེད་འགྱུར། །བརྡེག་ན་ལམ་བྱེད་དང་པོ་སྟེ། །བརྡེག་བྱེད་གཞན་ལ་དགོས་པར་དང། །སྐེ་བ་བཅུ་དང་སྔ་མ་སྐྱོད། །མི་སྡུག་ལྟ་ཞིང་འབྲི་ཚུགས་བལྟ། །མགོ ་མ་དུད་རྣ་བ་མི་ཉམ་དང། །སྡིག་དང་རྡེག་བར་གྱུར་ནའང། །མགོ་ནི་མི་བརྟན་གྱུར་པ་དང། །འདྲེ་དུས་མི་གསལ་དེ་ལས་གཞན། །དབྱིག་པ་ལ་སྟ་བརྐོ་བྱེད་དང། །སོ་ནི་སྒྲ་དང་བཅོས་པ་འཆའ། །གོམ་པ་བསྡུད་དང་འཁྱོར་བ ་དང། །བཅིང་དང་ཁྲོ་བ་དེ་ལས་གཞན། །གཞན་ཡང་བཅིངས་པས་རྨོངས་པ་དང། །རྐེད་སྐྱོད་བརྟེན་པར་མི་གནས་དང། །དོགས་བཅས་ཡན་ལག་འཁྱོར་བ་དང། །ཡན་ལག་རེངས་དང་ཡན་ལག་རྩུབ། །ལུས་ནི་བརྟན་པར ་མི་གནས་དང། །དེ་བཞིན་གོམ་བ་མི་བརྟན་དང། །དབྱིབས་མི་མཉམ་དང་དབྱིབས་ནི་སྡུག། འདི་དག་རྟ་ནི་ངན་པར་བཤད། །འདི་དག་རྣམས་ཀྱི་མཚན་ཉིད་ནི། །བཤད་པ་ང་ལས་བཟུང་བར་གྱིས། །གང་ཞིག་རྡེག་ན་སླར ་རྡེག་པ། །བརྡེག་ན་ལན་བྱེད་ཡིན་ཤེས་བྱ། །གང་ཞིག་རྡེག་པར་བྱེད་པ་ལ། །དོགས་འདོད་དོག་པ་ཅན་ཞེས་བྱ། །སྐེ་བ་རང་དཀར་འཇོག་པ་ནི། །སྒེ་བ་ཅུ་རྟ་ཡི་ཐ་མ་ཡིན། །རྔ་མ་རྐྱང་དང་སྦྲུག་བྱེད་ཅིང། །ཡང་ཡང་སྐྱོང་བ་རྡ་སྤྲུགས ་ཡིན་།རྟག་ཏུ་རྡེག་པར་འདོད་པ་ནི། །མི་སྡུག་རྟ་ཞེས་དེ་བཤད་དོ། །གང་ཞིག་སླབས་ཀྱང་ཅུང་ཟད་ཙམ། །མི་སྟོང་སེམས་ཀྱིས་སྟོང་པར་འདུག། དེ་ནི་ལྟ་བར་སྡུག་པ་སྟེ། །ངས་ནི་འབྲི་ཚུགས་ལྟ་ཞེས་བཤད། །གང་ཞིག་རྟག་ཏུ ་སའི?། །བལྟ། །མགོ་དུད་བ་ནི་ཡིན་ཞེས་བྱ། །སྟེགས་མ་བཞུས་པར་གྱུར་བ་ན། །ཁྲོས་པས་རྣ་བ་འཆོལ་བར་འཇོག། དེ་ནི་རྣ་བ་མི་མཉམ་ཡིན། །རང་བཞིན་གྱིས་ཡོད་མ་གཏོགས་སོ། །གང་ཞིག་སྤྱི་བོ་རྟག་ཏུ་སྐྱོད། །དེ་ནི་མགོ་ནི་བརྟན ་ཞེས་བྱ་།གང་ཞིག་བརྡའ?་ནི་མི་དྲན་པ། །དེ་ནི་འདི་དུས་མི་གསལ་ཡིན། །ལྕགས་ལ་སོགས་པ་གཅིག་གིས་ཀྱང། །གནོད་མེད་དབྱིག?་པ་ལའང་སྡང་ཡིན། །ལག་པ་གཉིས་ཀྱིས་ས་བརྐོབ། །དེ་ནི་རྐོ་བྱེད ་ཅེས་བཤད་དོ། །ཁྲོ་བས་སོ་ནི་འཆའ་བྱེད་པ། །སོ་སྒྲ་འཆའ་ཞེས་བྱ་བར་བཤད། །རྟ་གང་འདུལ་བར་བྱེད་པ་ཡི། །རྗེས་སུ་ཅུང་ཟད་མི་འཇུག་ཅིང། །གོམ་པ་ལ་ལར་སྡུད་པ་དང། །ལ་ལར་ཡང་ནིས་འཁྱོར་བྱེད་པ། །མི་མཉམ་པ་ཡི ་འགྲོས་ཅན་ཏེ། །གོམ་པ་སྡུད་ཅིང་འཁྱོར་བ་ཡིན། །རོ་སྟོད་རོ་སྨད་གདོང་བ་འམ། །ཡང་ན་ལུས་ཀྱི་བར་དག་ཏུ། །གང་ཞིག་བཅིངས་ན་མྱུར་དུ་འཁྲུག། བཅིངས་ན་ཁྲོ་བའི་རྟ་རུ་འདོད། །གང་ཞིག་ཐག་པས་བཅིངས་ན་ནི། །བཅིངས ་པས་བློ་གྲོས་རྨོངས་གྱུར་ཡིན། །རོ་སྨད་ཀྱི་ནི་ལུས་ཕྱེད་འགུལ། །བསྐྱོད་པས་རྐེད་པ་བསྐྱོད་བྱེད་ཡིན། །འདི་ནི་བདག་ལ་རྡེག་སྙམ་སྟེ། །འདུལ་སྦྱོང་མཁན་ལ་སྔར་བརྡེག་བྱེད། །དེ་ནི་དོག་པ་ཅན་ཞེས་བྱ། །ར་རོ་བལྟར་ཡན ་ལག་ཀུན། །ཕན་ཚུན་འཆོལ་བར་འགྲོ་བྱེད་པའམ། །གཟེར་བཅས་ལྟ་བུར་བྱེད་པའི་རྟ། །དེ་ནི་ཡན་ལག་འཁྱོར་ཞེས་བྱ། །ཡན་ལག་ཀྱང་ནི་འཁྱོར་བྱེད་ཅིང། །ཡང་དང་ཡང་དུ་རེངས་པ་དག། དེ་ནི་ཡན་ལག་རེངས་ཡིན་པའམ།། ་ཡང་གི?་རྟག་ཏུ་ལུས་མི་འགྱུར། །གང་གི་ཡན་ལག་རབ་སྲེ་ཞིང། །བཛག་ཀྱང་ཚོར་བ་མེད་པ་དང། །དགའ་བས་བྱ་བ་ལ་འཇུག་པ། །ཡན་ལག་རྩུབ་པར་དེ་བཤད་དོ། །གང་གི་ལུས་ཀྱི་དབྱིབས་ངག་ནི། །ཚུལ་གཅིག་ཏུ་ནི་མི་མངོན ་ཞིང། །ལུས་གྱི་ངར?་སྤྲུག?་བར་བྱེད་གྱུར་པ། །དེ་ནི་བརྟན་མི་གནས་ཞེས་བྱ། །རྟ་གང་དང་བོར་གཞན་དུ་འགྲོ། དེ་?་རྗེས་ལའང་གཞན་འགྲོ་བ། །འགྲོས་ནི་བརྟན་ནས་མེད་པའི་ཕྱིར། །དེ་ནི་གོམ་མི་བརྟན་ཞེས་བྱ། །གང་ཞིག་?་ནི ་འཇུམ་པ་འམ། །གང་ཞིག་ལུས་ནི་མི་ཉམ་པ། །དེ་ནི་དབྱིབས་མི་ཉམ་ཞེས་བྱ། །ལམ་དུ་འཇུག་བྱེད་འོས་མ་ཡིན། །རྒྱབ་ནི་ཤིན་ཏུ་རིང་གྱུར་ཅིང། །ལུས་ནི་རྔ་མོ་དང་འདྲ་བ། །དབྱིབས་མི་སྡུག་པར་ཤེས་བྱ་སྟེ། །བསླབ་དང་མཛེས་པ་མེད་པ་ཡིན།། ་འདི་དག་སྐྱོན་ཅན་ཡིན་པས་ན། །མཁས་བས་སྐྱོན་ནི་ཤེས་པར་བྱ། །དེ་ནི་ཡོན་ཏན་བསྟན་པ་ཡི། །མཚན་ཉིད་དག་ནི་བཤད་བྱ་སྟེ། །རྣ་བ་མཇུག་མརྒལ་ཚིགས་རྣམས། །ཡོན་ཏན་ཆེ་ཞིང་ཡིད་གཞུངས་ལ། །ཡིད་གཞུངས་སེམས་ནི་ད ་ཉིད་ལས། །ངེས་པར་སྦྱོང་བ་ཉིད་ཡིན་ནོ། །ལུས་ལ་ཡེངས་པ་མེད་ཉིད་དང། །ཡོན་ཏན་ཀུན་དང་ལྡན་པ་དག། ཡེངས་མ་དག་དང་བྲལ་བ་ཉིད། །མ་ཡེངས་ཞེས་བྱ་གཉིས་བ་ཡིན། །རོ་སྟོད་མཆོག་ཏུ་ཐེལ་ཀ་ཆེ། །ཤུགས་ཀྱིས་ཡོངས་སུ་རྒྱུག ་བྱེད་ཅིང། །ལྟེ་བར་ལྟ་བར་བྱེད་བ་འདི། །ཡོན་ཏན་གསུམ་པར་ཤེས་པར་བྱ། །མཁའ་ལ་འགྲོ་བ་ལྟར་བྱེད་ཅིང། །རྒྱུག་པ་ལ་ནི་མངོན་དགའ་ལ། །བར་འཚམས་མེད་པ་ལྟར་རྒྱུག་བ། །ཡོན་ཏན་ཆེན་པོ་བཞི་པ་ཡིན། །དང་པོ་དབུས་དང་ཐ ་མ་དུ། །ཆ་མཉམ་པར་ནི་མངོན་རྒྱུག་ཅིང། །དམན་དང་བར་མའང་མ་ཡིན་པར། །རྟའི་ཡོན་ཏན་ལྔ་པ་ཡིན། །རབ་ཏུ་ཐུང་མིན་རིང་མ་ཡིན། །ཡེངས་པ་དག་ནི་མེད་པར་ནི། །རྟ་ནི་གང་ཞིག་རྒྱུག་བྱེད་ཅིང། །རྟག་ཏུ་ལེགས་གནས་དྲུག་པ་ཡིན།། ་གང་ཞིག་དང་བོར་ཞོན་པ་ན། །དྲང་བོར་གཞུ་འདོམ་བརྒྱར་འགྲོ་ཞིང། །ཤུགས་ཀྱིས་མྱུར་དུ་རྒྱུག་བྱེད་བ། །ཡོན་ཏན་དེ་ནི་བདུན་པར་བཤད། །རྐང་པ་འདོར་བ་མཁའ་ལ་ནི། །འགྲོ་བར་མེད་དུ་སྣང་བྱེད་ཅིང། །ས་ཡི་ཆར་ནི་ཅུང་ཟད་སྣང། །ཡོན ་ཏན་དེ་ནི་བརྒྱད་པར་འདོད། །རྟ་ནི་གང་ཞིག་ཡན་ལག་ལ། །རེག་པ་ཙམ་གྱིས་རྒྱུག་བྱེད་ཅིང། །བསྐུལ་བ་ཙམ་གྱིས་སེམས་ཤེས་པ་།ཡོན་ཏན་དམ་པ་དགུ་བ་ཡིན། །གང་གི་གདོང་ནི་ཚད་ལྡན་པར། །མཛེས་པར་རྒྱུག་ནའང་སྣང་གྱུར་བ། །སྲབ་ནི ་ལེགས་པར་ཚོར་གྱུར་བ། །དེ་ནི་བཞིན་བཟངས་ཡིན་ཞེས་བྱ། །མ་འཚོལ་བར་ནི་འགྲོ་བྱེད་ཅིང། །མཁའ་ལ་འགྲོ་བ་ལྟར་སྣང་བ། །མཚན་ཉིད་གང་གིས་མ་ཞེན་པ། །དེ་ནི་ཡོན་ཏན་བཅུ་གཅིག་བ། །བྱ་བ་ལ་བསྐུལ ་ཆེ་ན་ནི། །མྱུར་དུ་ལྡང་ཞིང་འཇུག་བྱེད་ལ། །ཚིག་གིས་མྱུར་དུ་གོ་བྱེད་བ། །ཡོན་ཏན་མཆོག་དེ་བཅུ་གཉིས་པ། །ང་རྒྱལ་མེད་པར་ལྡང་བྱེད་ཅིང། །འབད་པ་མེད་པར་ལྡོག་པ་དང། །ཡོན་ཏན་གང་གིས་ཡོན་ཏན་དང། །ལྡན་ཞེས་བཅུ་གསུམ ་བ་ཡིན་ནོ། །འཕོང་མཁན?་བྱ་བ་དག་གིས་ནི། །མདའ་ཡིས་བསྣན་བར་གྱུར་ན་ཡང། །ཞུམ་པ་མེད་པར་འགྲོ་བྱེད་པ། །ཡོན་ཏན་བཅུ་བཞི་པ་ཡིན་ནོ། །ཡོན་ཏན་གང་གིས་ཤུགས་ཀྱིས་ནི། །བྱ་དང་འདྲ་བར་འགྲོ་བྱེད་ཅིང། །ཤུགས ་ཀྱིས་རྒྱུན་གྱིས་རྒྱུག་བྱེད་བ། །ཡོན་ཏན་འདི་ནི་བཅོ་ལྔ་བའོ། །དེ་ལྟར་ཡོན་ཏན་ཡང་དག་བཤད། །མཚན་ཉིད་ཅུང་ཟད་ལྡན་པ་འང་རུང། །ཡོན་ཏན་འདི་དག་ཡང་དག་ལྡན། །རྟ་མཆོག་གང་ཞིག་ཐོག་མཐར་ནི། །ཡོན་ཏན་རྟག་ཏུ་མི ་འགྱུར་ཞིང། །ལེགས་པར་རྒྱུག་པར་བྱེད་པ་ཡི། །རྟ་དེ་རབ་ཏུ་བསྔགས་པ་ཡིན། །ཁྱེད་ལ་རྒྱུག་པ་དེ་ལྟར་བཤད། །གཞན་དག་དྲིས་པས་ཅི་ཞིག་བྱ། །ཤ་ལ་ཧོ་ཏྲའི་མདོའི་གནས་ལས། རྒྱུག་བ་བརྟག་པའི་ལེའུ་སྟེ་སུམ་ཅུ་སོ ་གསུམ་པའོ།། །།ལེགས་ལྡན་གྲ་མ་ཅན་ཞེས་པ། །འདི་ནི་གང་ཞིག་རྒྱུ་གང་ལགས། །མཚན་ཉིད་གང་གིས་དེ་ཤེས་བྱ། །དེ་ཡི་གསོ་བ་ཇི་ལྟ་བུ། །དེ་ལྟར་བུ་ཡིས་དྲིས་པ་ན། །ཤལ་ཧི་ཏྲ་དྲང་སྲོང ་ཆོས། །དོན་གྱི་རྗེས་སུ་འགྲོ་བའི་ཚིག། གྲ་མ་ཅན་མཚན་ཉིད་འདི་སྨྲས། །གྲ་མ་རྩེར་བྱར་འོས་པ་སྟེ། །དེས་ན་ངོ་ཚ་འཇིགས་སོགས་ཡིན། །དེ་རྣམས་གང་ཞིག་བྱེད་པ་ནི། །གྲ་མ་ཅན་ཞེས་དེ་བཤད་དོ། །དེ་བས་འཇིག་མེད་?་ལ་ངན ་དང། །བ་རྩ་མང་རྩུབ་ཅིང་མི་བསྲུན་བ། །འབྲས་བུའི་གྲ་མ་དང་འདྲ་བའི། །ཉེས་བ་འཛིན་པས་དེ་སྐད་བཤད། །དེ་བས་ཉེས་པ་འདི་ལྡན་པའི། །རྟ་ཡང་གྲ་མ་ཅན་ཞེས་བྱ། །རྟ་གང་གཏུམ་ཞིང་ནི་བསྲུན་བ། །ཁྲོ་བར་གྱུར་བ་གང་ཞིག་ཡིན། །དེ ་ཀུན་གྲ་མ་ཅན་ཡིན་ཏེ། །དེ་ནི་རང་དབང་འགྱུར་མ་ཡིན། །ཆས་ན་འདྲུག?་ཅིང་རྫས་མཐོང་སྐུག། འགྱུར་ཞིང་རྩི་བསྲུན་བྱེད་བ་དང། །བཞོན་དུ་མི་བཏུབ་བ་དང་ནི། །ཞོན་ནས་ཕྲག་པར་བྱེད་པ་དང། །འཁྲུག་ཅིང་རིང་ནས་སོས་འདེབས་ལ། །ཟ་ཞིང ་ལྟུད་པར་བྱེད་པ་དང། །ལྕག་གིས་བཞུས་ཀྱང་འདུག་བྱེད་ཅིང། །ཕྲ་བ་ཡང་དང་ཡང་དུ་བརྡག། འདུལ་སྤྱོད་མཁན་ཡང་སྐྱུར་བྱེད་ཡིན། །འགྲེ་བ་ལྟ་བུར་བྱེད་པ་དང། །ཁལ་ནི་ལེགས་པར་བཀལ་གྱུར་ཀྱང། །ས་གཞིར་སྐྱུར་བར་བྱེད་པ་དང།། ་འདུལ་སྦྱོང་མཁན་ལ་གནོད་བྱའི་ཕྱིར། །མགལ་མེ་སྐོར་བ་ལྟ་བུར་འཁོར། །རྒྱབ་ནི་གླང་པོ་ལྟར་བསྒྱུར་ཞིང། །ཡང་དང་ཡང་དུ་སྤྲུག་པ་དང། །སོ་དང་ལག་ཡབ་དག་གིས་འདེབས། །ཤིང་ཡང་ལྟུང་བར་བྱེད་པ་དང། །གཡང་དུ་ཡང་དང ་ཡང་སྐྱུང་བྱེད། །བགྲོད་བྱ་ལས་ནི་གཞན་དུ་རྒྱུག། དོགས་པ་མེད་པར་ལྡོག་པ་དང། །ལན་འགས་གཞན་དཱུང་འགྲོ་བར་བྱེད། །ར་དང་རི་དགས་ལྟར་མཆོད་ཞིང། །བར་བར་དུ་ནི་འདུལ་བྱེད་སྐྱུར། །ཆུ་དོགས་ཤིང ་དང་ཁྲོན་བ་དང། །གྲོག་སྲོལ་དུ་ཡང་རྒྱུག་ཅིང་འཛེར། །རྟ་ཁྱུའི་ནང་ན་མི་འདུག་ཅིང། །དཔུང་གཞན་གྱི་ནི་ནང་དཱུང་འགྲོ། རབ་ཏུ་འབད་པས་ཁ་སྒྱུར་ཡང། །ཟློག་པར་ནུས་པ་མ་ཡིན་ལ། །རྟ་བྲེས་ལས་ནི་མི ་འབྱུང་ཞིང། །བྱུང་དང་འཇུག་དུ་མི་འདོད་ལ། །སྲོག་འཕྲོག་ལས་ནི་གང་དང་གང། །ཡིད་དུ་མི་འོང་ལས་གང་ཡིན། །དེ་དག་ལྷག་པར་བྱེད་འགྱུར་ཞིང། །བརྡུངས་ཀྱང་ཕན་པ་མེད་པ་ནི། །དེ་ནི་གྲ་མ་ཅན་ཞེས་བྱ། །དེ་ཡི་མཚན་ཉིད་འདི་ཉོན་ཅིག། ཞུང་? ་ཞུར་ནི་ཡོ་བ་དང། །ཁ་དང་པོ་མཚན་ཡོ་བ་དང། །རྟ་གང་དཔྲལ་བ་གོས་འདྲ་དང། །རླིག་པ་ཤིན་ཏུ་འཕྱང་བ་དང། །རི་མོ་ཆེན་པོ་ཡོད་པ་དང། །ཡ་མཆུ་ནག་ཅིང་རྐན་ཡང་ནག་།གང་ཞིག་མཆུ་ལྟག་ཞོམ་པ་དང།། ་སེར་སྐྱ་དམར་སེར་མདོག་ཅན་དང། །གང་གི་མཆེ་བ་མི་མཉམ་ཞིང། །གདོང་ལ་གཉེར་མ་ཡོང་བ་དང། །མིག་ནག་སེར་བ་ཉིད་དང་ནི། །མིག་སྦོམ་ཁྲ་ཡི་མིག་འདྲ་དང། །བྱ་རྒོད་མིག་འདྲ་མཁུར་ཆོག་ཆུང། །གང་གི་ཡམ་ཆུ་ཐུང་བ་དང། །མགོ? ་བོ་རྣ་བ་རབ་ཏུ་ཆེ། །འགྲམ་བ་ཡང་ནི་ཞུམ་པ་དང། །སྦལ་པའི་བྱི་ལའི་མིག་འདྲ་ཞིང། །རི་བོང་མདོག་འདྲ་མདངས་རྩུབ་དང། །རྨིག་པ་གཅིག་ནི་དཀར་བ་འམ། །ཡང་ན་རྨིག་པ་གསུམ་དཀར་ལ། །བཤད་པའི་མདོག་འདྲ་དུ་བའི་མདོག། ཕྲག་སོ་ལ ་ནི་གཉེར་མ་ཆགས། །འདི་དག་དང་ནི་གཞན་མང་པོ། །མཚན་ལྡན་གྲ་མ་ཅན་དུ་འདོད། །དེ་བས་འདི་དང་རིགས་ཅན་རྟ། །གནས་དང་སློབ་སྦྱོང་བྱ་བ་དང། །དེ་བཞིན་རྒྱུག་པའི་བྱ་བ་རྣམས། །རྟེའུ་ནས་བརྩམས་སོ་སོར་བྱ། །བྱ་བའི་ཁྱད་པར་གཞན ་ཡང་ནི། །རིམ་པ་བཞིན་དུ་བཤད་པར་བྱ། །རླུང་མེད་གནས་ནི་རབ་དབེན་པ། །སྤྱོད་ཡུལ་བདེ་བར་བཞག་པར་བྱ། །དེ་རྗེས་རེག་ན་བཟོད་འགྱུར་ལ། །དེ་ནས་བྱ་བ་གཞན་དག་བྱ། །བདུག་སྦོས་ཟས་དང་སྐོམ་བཅས་དང། །སྨན་རྣམས་ཆོ་ག་ཅི་བཞིན ་བྱ། །གནད?་པ་ཏྲ་བུ་རྩེ་ཤེལ། །ཀར་བི་རའི་མེ་ཏོག་ནི། །འོ་མར་བཅས་དང་ཀ་ལཏྠ། །སྐོལ་བ་དེར་ནི་ཏིལ་ཐལ?་བ། །ཀོ་ཀེ་ལཀྵ་སྭ་ཛི་ཀའི། །ཐལ་བ་དང་ནི་བཅས་པ་གཞུག་།སྐོལ་བ་དར་བ་དང་བཅས་པར། །ཉི་མ་བདུན་གྱི་བར་དུ་བཞག། ་འདི་ནི་འདི་ལ?་ཞག་བདུན་པར། །ཚོག་བཞིན་དུ་བཏུང་བ་སྦྱིན། །དེ་ལྟར་ཏུང་བས་དབང་གྱུར་ན། །རྟ་ནི་རེག་པ་ལ་སོགས་པོ་ཟད། །བ་གཅིན་དང་ནི་རྒོང་མའི་གཅིན། །ཡུངས་ཀར་དེ་བཞིན་རྣ་སྤབས་དང། །པི་པི་ལིང་རྩ་ནག་ཆུར་བཅོས། །ཧ ་རེ་ནུ་ཀ་ཆེ་བ་གསུང། །ཙན་དན་དང་ནི་ལྡན་བ་རུ། །བཏགས་ཏེ་དབེན་པར་སྦ་བར་བྱ། །འདི་ཡིས་ཟླ་ཚིགས་དག་ཏུ་ནི། །རྟ་ལ་མིག་སྨན་བསྐུ་བར་བྱ། །དེས་ནི་རང་བཞིན་གྱིས་གསོ་དཀའ་། །གྲ་མ་ཅན་ནི་ཞི་བར་བྱ། །དོམ་དང་གཟིགས་སྔར་ཁྱིའི་དུས་པ། །བ་ལང ་འགྲམ་པ་ཡུངས་ཀར་དང། །རྨ་བྱའི་མཁྲིས་པ་ལྡན་པ་ནི། །བདུག་པ་གྲམ་ཅན་སེལ་ཡིན། །རྟ་བྲེས་སུ་ནི་རྟག་པ་རུ། བདུག་པ་འདི་ནི་གདུལ་བར་བྱ། །ཚེས་བརྒྱད་དང་ནི་བཅུ་བཞི་ལ། །ཁྱད་པར་དུ་ནི་བདུག་པས་བདུག། །དེས་ན་རེག་དང་སྒྲ་དང་ནི།། ་གཟུགས་ནི་བདེ་བར་བརྟེན་བཟོད་འགྱུར། །གང་དང་?་བྱེད་དུ་བཅུག་།དེ་དེ་རྗེས་སུ་མཐུན་པར་བྱེད། །རྐན་དང་ཁ་འགྲམ་དཔྲལ་བ་དང། །མ་རྐན་སྨིན་མའི་འོག་དང་ནི། །རྟ་ཡི་མིག་ལའང་པི་པི་ལིང། །རྩ་བ་ཚ་བ་གསུམ་གྱིས་སྐུ། །འདི་ཡི?་ལུས?་ནི་ཐམས ་ཅང་ཀྱང། །བ་ཡི་ལྕི་བས་ཡང་ཡང་བསྐུ། །འདི་ཡི་ཡན་ལག་ནང་རོལ་ནི། །སྦྲང་རྩི་དང་ནི་ཁ་རས?་བསྐུ། །ེ་ལ་ཨུ་ཤིར?་སྲ་རྩི་པོག་།རུ་རྟ་ཙན་དན་ཨ་ཀ་རུ། །ན་ག་གེ་སར་ཏིལ་མར་བཅས། །བདག་པས་རྟ་ལ་རབ་ཏུ་བདུག་།རྟ་ནི་ཉལ་བར་གྱུར་བ་ན།། ་བདུག་པས་ཡང་ཡང་བདུགས་ན་ནི། །སྒྲ་དང་རེག་དང་གཟུགས་དག་ནི། །ངེས་པར་བཟོད་པར་འགྱུར་བ་ཡིན། །ཇེ་སྲིད་ངེས་པར་ཞི་གྱུར་བར། །ཆོ་ག་འདི་ནི་སྦྱར་བར་བྱ། །དེ་ཚེ་འཁྲུག་པར་མི་བྱེད་ཅིང། །རྟ་རྫི་ལ་ནི་གནོད་མི་བྱེད། །གན་ན་གནས་ལ ་མི་སྡང་ཞིང། །ཁྲོ་བ་མེད་པར་རྩཝ་རྣམས་བྲ། །རྣ་བ་འཇུམས་པར་མི་བྱེད་ཅིང། །འདུལ་སྦྱོང་མཁན་ལ་མངོན་པར་དགའ་། །ལམ་དུ་ཞུགས་པར་ཆས་པ་ན། །འདར་ཞིང་འཇིགས་པར་མི་འགྱུར་ལ། །བྲིང་ན་སེམས་ནི་དུལ་གྱུར་ཞིང། །ཚིག་གིས་བསྡིགས ་ནའང་འཇིགས་པར་འགྱུར། །ཅི་དགའ་བར?་ནི་ཁྱེར་ན་ཡང། །ལོག་པར་བྱེད་པར་མི་འགྱུར་རོ། །དངོས་པོ་གཞན་ལ་བརྡེག་ན་ཡང། །དེ་ནི་འཇིག་པ་སྐྱེ་བར་འགྱུར། །དེ་ལྟར་གྲ་མ་མེད་པའི་རྟ། །བཟོད་པ་ཅན་དུ་བཤད་པ་ཡིན། །དོན་དུ ་པ་གདོན་གྱི་ཉེས་པ་དང། །རྟ་ཡི་དྲུང?་ནད་ཉེས་པ་དང། །ཡུལ་གྱི་ཉེས་པ་བཏང་སྙོམས་བཞག། མི་བསྲུང་འགྲོགས་བདག་ལས་ཀྱང། །རྟ་ནི་སེམས་ཤེས་མི་འགྱུར་ལས། །གྲ་མ་ཅན་དུ་འགྱུར་བ་ཡིན། །དེ་བས་ཉེས་པ་འདི ་རྣམས་ལ། །ཞི་བའི་ཐབས་འདི་ཡིན་པར་འདོད། །གང་ལ་ཆོ་ག་འདི་དག་ནི། །བྱས་ཀྱང་གྲམ་མ་ཞིན། །དེ་ཚེ་འབྲོག་སྟོང་དག་ཏུ་སྤང། །དེ་ལ་བལྟོས་པར་མི་བྱའོ། །གང་ཚེ་མི་འམ་རྟ་གཞན་གྱི། །ཕྱི་ནས་སྙེག་པར་བྱེད་པར་འགྱུར། །དེ་ཚ་རླིག་པ་ཕྱུང་བ་ཡིས ་འདི་ཡི་སེམས་འཁྲུག་ཞི་བར་བྱ། །གྲ?་མ་ཅན་ནི་ལེགས་དུལ་ཡང། །གཡུལ་དུ་གཞུག་པར་མི་བྱ་སྟེ། །གལ་ཏེ་འདི་ཡི་རང་བཞིན་ཉིད། །ལས་ཀྱི་དབང་གིས་གསལ་བྱེད་སྲིད། །གང་ཞིག་གྲམ་ཅན་ཞི་ནས། །ལ་ལར་མི་སྲུན་བྱེད་གྱུར་ན། །དང ་པོ་དེ་ནི་བྲེང་ཚུལ་གྱིས། །ཉེ་བར་ལེགས་པར་སྦྱར་བར་བྱ། །ཤ་ལི་ཧོ་ཏའི་མདོའི་གནས་ལས། གྲ་མ་ཅན་བརྟག་པ་སྟེ་ལེའུ་སུམ་ཅུ་རྩ་བཞི་པའོ།། །།བུ་སྔོན་ང་ནི་རྟ་བྲེས་སུ། །གཉིད་ལོག་པ་ན་རྟ་དོར་བཏག་།ད་ནི་ཁྲོབ ་ཆེས་ཁྱབ་བས། །དེ་ལ་དམོད་པ་བཏབ་པར་གྱུར། །བཀྲ་མི་ཤིས་དང་རྣམ་ཀུན་དུ། །སྤང་བར་བྱ་བར་ཉིད་གྱུར་ཅིང། །བདག་པོ་ཆུང་མར་བཅས་པའི་ཡང། །རིགས་ནི་རློག་པ་ཉིད་གྱུར་ཅིག་།ད་ཡི་དམོད་པའི་དབང་གིས་མ་།ཉེས་པ་ཆ་དང ་ལྡན་པར་ནི། །རྟ་རྣམས་འགྱུར་བ་ཉིན་ཡིན་ལ། །འདིའི་མིང་ནི་ཤེས་པར་རྩིས། །ཤིས་པ་གཞན་དང་ལྡན་གྱུར་ཀྱང། །རྟ་ཡི་ཐ་ཆད་དེ་སྤང་བྱ། །སོ་ཡིས?་ཁ་ཁེངས་ཁ་དོག་ནག་།དེ་བཞིན་སོ་ནི་མི་མཉམ་ལྷག། ཡོ་ཞིང་འགུལ་ལ་ཆགས་པ ་དང། །སོ་གྱེས་བ་དང་མི་ཆད་དང། །ཉ?་བྱིས་འདྲ་དང་ཟུར་གསུམ་དང། །སྐྱེས་ཚེ་སོ་ཡོད་ཉིན་མོ་སྐྱེས། །ཟེའུ་ལྟག་བུས་མོ་ཟེའུ་དང། །སྙིང་ག་ན་ནི་བཙུག་ཡོད་དང། །ཡན་ལག་མཚན་རླིག་ཆར་སྐྱེས། །མཚན་ཆེ་ཡན་ལག་ལྷག་པ ་དང། །ཐིག་ལེ་ཆགས་ཤིང་གསུམ་པོ་འཆང། །འདོམས་ནི་སྤྲེའུའི་སྤུ་འདྲ་ལ། །མི་སྡུག་གཡོ་ཞིང་སྡོམ་འདྲ་ལ། །སྡིག་པ་འདྲ་བའམ་རླིག་པ་མེད། །ཁྲ་དང་ལུག་དང་ཀང་ཀ?་དང། །ཉ་དང་སྤྲེའུ་བྱི་བ་འདྲ། །དམར་སེར་ཕག་དང་བྱི་ལ་དང། །བྱ་རྒོད་ལུག ་པའི་མིག་འདྲ་ཞིང། །དེ་བཞིན་མ་ཧེ་ཁྱིའི་མིག་འདྲ། །བྱ་རོག་མིག་འདྲ་མིག་གཅིག་སེར། །པགས་པ་བསྲེགས་པའི་དྲི་འདྲ་དང། །ཁྲ་བ་མི་སྡུག་དེ་བཞིན་བླུན། །ཡི་དགས་ཀྱིས་ཟིན་ཤཀྲ་ཅན། །སྤུ་སྦོམ་དེ་བཞིན་རལ་པ་ཅན། །འཕྲལ ་བ་བསྐུས་འདྲ་དོག་མ་གནག་།རྐད་བཀྲ་མི་ལེགས་མི་ནང་དང། །རྔམ་རྫོག་མ་མེད་པ་ནི། །བཀྲ་མི་ཤིས་པར་སྐྱེ་བ་དང། །རླིག་པའི་སྤུ་མདོག་གཞན་པ་དང། །དེ་བཞིན་མག་བོའི་མདོག་མི་མཐུན། །རྒྱབ་དུ་ཞོན་ལ་གནོད་བྱེད་དང། །དེ་བཞིན་རྟ ་དྲེའུའི་སྦུ་འདྲ་དང། །རྡོག་མ་གྲུམ་ཕུམ་འདྲེས་པ་དང། །ཁ་འགྲམ་མཚངས?་གནག?་པ་དང། །དེ་བཞིན་མགོ་དང་ལྕེ་ནག་དང། །རྐན་དང་མཆུ་རྟག་མཆུ་གནག་དང། །མངལ་ནས་གཉིས་སྐྱེ་མང་པོ་སྐེ། །ཉེས་པ་ཆེན་པོར་རབ་ཏུ་བཤད། །རྭ་ཅན ་ན་གསུམ་རྨིག་པ་གཉིས། །རྐང་ལྔ་བུ་མན་གཡང་བཞིར་ལྡན། །དྲུག་པོ་འདི་དག་མཆོག་ཏུ་ནི། །མི་ཤེས་ཉེས་ཆེན་ལྡན་པར་བཤད། །རྟ་ཡིས་སོ་ནི་མི་ཆང་བ། །བདག་པོ་བུ་དང་བཅས་པ་དང། །ཆུང་མ་དཔུན་ཟླར་བཅས་པ་དང། །རྟུ་ཡི་ཐམས་ཅད ་གསང་བར་བྱེད། །སེ་ནི་ལྷག་པར་གྱུར་པའི་རྟ། །དེ་ཡིས་བདག་པོ་མ་རིང་བར། །ཉོན་མོངས་ཆ་དང་ཕྲད་བྱེད་ནས། །ཡིད་དུ་མི་འོང་ལས་ཀྱིས་གསོང། །འོ་གསོ་རྟག་ཅིང་སོ་བྱེས་པར། །གང་ཞིག་སྐྱེས་པར་གྱུར་པ་ནི། །སོ་སྐྱེས་དེ་ཡི་རིགས་ཀྱི་མཆོག ་དང?་པོར་མི་ཐོགས་རློག་པར་བྱེད། །སོ་དང་བཅས་པར་ཉིན་མོ་སྐྱེས། །ཐམས་ཅད་ཟད་པར་བྱེད་པ་ཡིན། །ཆུ་ཞེང་ཆད?་ཀྱི་གྲངས་ལས་ནི། །ལྷག་པར་གང་ཞིག་གནས་གྱུར་བའི། །ཡན་ལག་ཡོད་པའི་རྟ་ཡིས་ནི་།ནོར་ནི་ལྷག་པར་ ་ཉམས་བྱེད་ཡིན། །ལོ་ལྔའི་བར་དུ་རླིག་པ་མེད། །རྒོད་མ་ལ་ཡང་མི་འཇུག་བ། །དབང་འཕེལ་གང་ཡིན་རྟ་དེ་ནི། །རིགས་ནི་རླག་པར་བྱེད་པར་བཤད། །གང་གི་རླིག་པ་མདོག་མི་ཐུན། །ཐིག་ལེ་ཡིས་ནི་ཁྲ་བོར་གྱུར།། ་དེ་ནི་རླིག་པ་ཐིག་ལེ་ཅན། །བདག་བོའི་རིགས་ནི་རློག་བྱེད་ཡིན། །པགས་པ་བསྲེགས་པའི་དྲི་འདྲ་བ། །མེ་ཡིས་ཚིག་པར་བྱེད་པ་ཡིན། །རྟ་མི་གནག་ལ་རྐན་གནག་པ། །མྱུར་དུ་མཚོན་གྱིས་གསོད་པར་བྱེད། །གང་གི་རྐན་ལ་གཉེར་མ་ནི། །གསུཾ ་འམ་བཞི་དག་ཡོད་གྱུར་པ། །དེ་ནི་རྐན་ནག་ཉེས་པ་ཡིས། །དགོས་པ་མེད་པའི་རྟར་འགྱུར་རོ། །མདོག་ནས་དུད་པའི་མདོག་ཅན་དང། །དངུལ་རྡོ་ཅིག་པའི་མདོག་ལྟར་འཚར། །རྟ་དེའི་རྐན་ཀུན་ནག་ན་ཡང། །མདོག་དང་མཐུན་པས་ཉེས་པ་མེད།། ་ཁ་དོག་བརྒྱད་པོ་རྣམས་ཀྱི་ནི། །ཅུང་ཟད་དམར་ཞིང་གཉེར་མ་གསལ། །དཀར་དང་དམར་མདོག་སྐྱེ་བ་དང། །སེང་གེ་དུར་པའི་མདོག་རྗེས་འདྲ། །དམར་དང་སེར་དང་སྔོ་སངས་ཀྱི། །རྐན་ནག་པ་ནི་སྔགས་མ་ཡིན། །རི་མོ་ཤིན་ཏུ་དམའ་བ་ཡིས།། ་རྨིག་པ་གཉིས་སུ་སྣང་གྱུར་ཏེ། །བ་ལང་རྨིག་པ་འདྲ་བར་ནི། །གང་གི་རྨིག་པ་སྣང་གྱུར་པ། །བདག་པོའི་ལུས་དང་ཡིད་ཀྱི་ནི། །མི་ཟད་སྡུག་བསྔལ་གཉིས་སྐྱེས་ནས། །རིང་པོ་མི་ཐོགས་དུས་ཀྱིས་ནི། །དེ་དང་ལྷན་ཅིག་འཆི་བར་འགྱུར།། ་རྡོག་མའི་མཐར་ནི་རྟེན་པའི་དྲ། །མཐོ་བོའི་ཚིག་དང་འདྲ་བའམ། །རྒྱུ་ཤུག་སྐྱུ་རུ་ར་འདྲ་བ་འམ། ། འབྲའི་རུས་པ་འདྲ་བ་ནི། །གང་གི་རྟ་ལ་སྣང་གྱུར་རམ། །ར་ཡི་རྩེན་རྭ་འདྲ་གནས། །ཤ་མཛེར་གཞང་འབྲུམ་འདྲ་པ་སྟེ། །ར་ནི་རྣམ་པ་དེ་བདུན ་ཡིན། །རྭ་ཅན་དེ་ནི་སྐྱེས་གྱུར་པའི། །གྲོང་ཁྱེར་རིང་པོར་མི་ཐོགས་བརླག། །རྣ་བ་གསུམ་པའི་རྟ་གང་ཡིན། །དེ་ཡང་རྭ་ཅན་དག་དང་མཚུངས། །རྟ་ཡི་ཐ་མ་འདི་གཉིས་ཀ་།ཡུལ་མཛའ་གཞན་དུ་སྤང་བར་བྱ། །པུས་མོ་འམ་ཚེའུ་སྐུ? ་དང་ཉེ་བར། །རྐང་པ་འདྲ་སྟེ་རྒད?་ལྔ་པ། །རྭ་ཅན་ལྟ་བུ་དེའི་མོད་ལ། །སྤངས་པ་ཁོ་ན་བསྔགས་པ་ཡིན། །ཟེའུ་འམ་བརྒྱབ་དུ་གཙུག་ཡོད་པ། །རིགས་ནི་གཙོ་བོ་གསོད་བྱེད་ཡིན། །མི་ཤིས་གཞོན་བྱ་མ་ཡིན་ཏེ། །དེ་བས་འདི་དགེ་ཐ་ཆད་རྟ། །མདོག་ནི་གང་ཡང ་རུང་བ་ལ། །ལྕེ་ནག་པར་ནི་གྱུར་པའི་རྟ། །ཁྱིམ་དེ་མི་ཤིས་ཤེས་བྱ་སྟེ། །རྟ་དེ་ཐམས་ཅད་ཟད་བྱེད་ཡིན། །གང་གི་ཁ་འགྲམ་གནག་པ་ཡི། །རྟ་ནི་བདག་པོ་གསོད་བྱེད་ཡིན། །རྟ་ཡི་ཐ་ཆད་ཤ་བཀྲ་ཅན། །བདག་པོ་ནོར་དང་འབྲལ་བྱེད་ཡིན། །སྟག་འདྲ ་ཁ་དོག་གཞན་པ་ཡི། །མདོག་གི་སྣ་ཚོགས་གྱུར་པ་དག་།དེ་ནི་མི་ཤིས་སྡུག་བསྔལ་ནི། །ཐམས་ཅད་སྐྱེ་བས་སྤང་བར་བྱ། །སྟག་དང་འདྲ་ཞིང་རྗེས་མཐུན་ལ། །སྤྲེའུའི་མིག་དང་འདྲ་བའི་རྟ། །དེ་འདྲ་བ་ཡིས་བདག་པོ་ནི། །སོར་མོས་སྨྱོ་བར་བྱེད་པ་དང། །ཁྱིམ ་ནས་བྱུང་བ་འམ་སྦྱུག་པ་འམ། །ལོག་པའི་ཆད་པ་ཐོབ་པར་འགྱུར། །གང་ཞིག་མདོག་ཀུན་དཀར་བ་ལ། །རྡོག་མ་ནག་པོ་ཡོད་པ་ནི། །རྟ་དེ་རྡོག་ནག་ཅེས་བྱ་སྟེ། །གཡུལ་དུ་བདག་པོ་གསོང་བྱེད་ཡིན། །བོང་བུ་ལྟར་ནི་ཁྲ་བོའི་རྟ། །འཁོར་ལིང་དམའ་བར ་གྱུར་པ་དང། །ཤིས་མིན་ཚེ་འཕེལ་བྱེད་མིན་ལ། །ལས་རྣམས་ཀུན་ལ་སྨད་པ་ཡིན། །མཆུ་ནག་པ་ཡི་བུ་དང་ནི། །རྟ་རྣམས་དུག་གིས་གསོད་པར་བྱེད། །རླིག་ནག་གསོད་དང་འཆིང་བྱེད་ལ། །ཕོ་མཚན་ནག་པར་གྱུར་པ་ཡིས། །ཆུང་མ་མནའ་མ་རྒྱུག ་མོ་དང། །དེ་བཞིན་དུ་ནི་བྲན་མོ་རྣམས། །འདི་དག་ཐམས་ཅད་བརླག་པར་ནི། །རྟ་དེ་ལ་ནི་ཞོན་པས་འགྱུར། །རྟ་གང་རྨིག་པར་བཅས་པར་སྐྱེ། །མཚེ་བར་བྱུང་བར་གྱུར་པ་དག་།གང་དག་དུ་ནི་བྱུང་གྱུར་པ། །རིགས་དེ་ཡོངས་སུ་གཏུགས་པ་ཡིན། །སེམས ་མེད་བཅིང་དང་གསོད་བ་དང། །བླུན་པས་རང་སེམས་མེད་པར་འགྱུར། །འཇིགས་པ་ཆེན་པོ་ཉེ་བར་ནི། །བྱེད་པས་རིང་དུ་སྤང་བར་བྱ། །གང་ཞིག་གཤིན་པོ་ལ་བསྡོས་དང། །རྟ་གང་གཤིན་པས་ཁྱེར་བ་ཡི། །རྟ་དེ་ཡི་དགས་ཀྱིས་ཁྱེར་ཡིན། །རྟག་ཏུ་ཉེས་པ ་ཐམས་ཅད་སྐྱེད། །དག?་པོ་འཕེལ་བ་དང་འདྲ་ཞིང། །ཟ་མའི་གཟུགས་ཅན་མ་ནིང་ཡིན། །རྒྱབ་དུ་ཞོན་ལ་གནོད་བྱེད་བ་ཡི་དགས་ཀྱིས་ཁྱོར་བཞིན་དུ་སྤང། །གཉིས་སམ་མང་པོ་ཚ་མར་སྐྱེས། །བུ་དང་བཅས་པ་ཡོངས་སུ་སྦང།། ་སོ་ཡི་ལེའུ་སོའི་ཉས་པ་མག་བའུར་མིག་གིས་ཉེས་པ་དང། །གཅུག?་གི་འབྲས་བུ་?་པས་ནི། །གཙུག་ངན་འབྲས་བུ་བཅས་ཞེས་བྱ། །དཔྲལ་བར་ཆགས་པ་ཞུར་དང་འདྲ། །འདྲེས་པའི་ལེའུ་གང་བཤད་པ། །ནུམ་ཅན་དང་རླིག་པ་ནག། ་མགོ་ནག་ལ་སོགས་པར་བཤད་པས། །འདི་ཡི་འབྲས་བུའི་མཚན་ཉིད་ནི། །འདི་རུ་རྒྱས་པར་མ་བཤད་དེ། །དེར་ནི་སྤང་བྱ་གང་ཡིན་པ། །འདིར་ཡང་འབྲས་བུ་དེ་དང་འདྲ། །དེ་ཉིད་ཚེ་ཡི་ག་ནས་སྐབས་ལ། །བབ་ལ་ཉེས་པའི་འབྲས་འབྱིན ་བཤད། །ཉེས་ཆེན་ཤིན་ཏུ་ཉེས་ཆེ་བ། །རྟག་ཏུ་འབྲས་བུ་འབྱིན་བྱེད་ཡིན། །ཤིན་ཏུ་བཟང་བའི་མཚན་ཉིད་ཀུན། །ལྡན་ན་ཉེས་བ་ཆེན་པོ་འང་བཅད། །ཤིན་ཏུ་ཉེས་ཆེན་ལྡན་པ་ནི། །ནམ་ཡང་བཅད་པར་མི་བྱའོ། །གལ་ཏེ་ཡོན་ཏན་གཞན་ལྡན ་ཡང། །ཤིན་ཏུ་ཉེས་ཆེར་ལྡན་པའི་རྟ། །ཁྱིམ་དུ་སྐད་ཅིག་ཙམ་གྱིས་ན། །མཁས་པས་བཞག་པར་མི་བྱའོ། །རེག་པ་ཡིས་ཀྱང་རྟད་ནི། །ཕུང་ཁྲོལ་དང་ནི་ཕྲད་པར་འགྱུར། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས། ཉེས་པ་ཆེན་པོ ་བརྟག་པའི་ལེའུ་སྡེ་སུམ་?་ལྔ་པའོ།། །།ཤ་ལི་ཧོ་ཏྲ་བདག་ཉིད་ཆེ། །ལེགས་ཐོས་ཀྱིས་ནི་རྟ་རྣམས་ཀྱི། །སྙིང་སྟོབས་ཤེས་པར་བྱ་བ་དྲིས། །དྲང་སོང་གིས་དེ་དེ་ལ་སྨྲས། །དཔའ་ཞིང་གཅང་སྦྲ་ཆེ་བ་དང། །བདག་པོ་ལ་གུས ་བཞིན་དགོ?་ལ། །སྟོབས་དང་སྙིང་སྟོབས་མགྱོགས་དང་ལྡན། །དེ་མཆོད་གཏེར་མ་ལ་དགའ་ཞིང། །རང་གི་སྤྱོད་པའི་མཚན་ཉིད་ལྡན། །དེ་བཞིན་ཞི་བའི་རང་བཞིན་ཅན། །འདུལ་བྱེད་དབང་སྐྱུར་ལྡོག་རྐྱེན་པའི། །རྟ་ནི་ལྷ་ཡི་སྙེད་སྟོབས་ཅན། །གཅོད? ་སྤྲ་ལ་དགའ་འདུལ་བ་དང། །སྐད་སྙན་ལམ་ནི་རྣལ་མར་འགྲོ་།རིག་བྱེད་དགྲ་ལ་རབ་ཏུ་དགའ་། །རྒོལ་མ་ལ་ནི་རྒྱབ་ཀྱིས་ཕྱོགས། །ཁྲུས་ལ་དགའ་ཞིང་དེ་བཞིན་ཞི། །དྲང་སོང་སྙིང་སྟོབས་ཅན་དུ་བཤད། །དཔའ་ཞིང་སྟོབས་ཆེ་ཚམ་ཆོམ་མེད། །དེ་བཞིན ་འཐབ་མོ་ལ་དགའ་ཞིང། །ཤ་དང་ཆང་ལ་དགའ་བ་ནི། །ལྷ་མིན་སྙིང་སྟོབས་ཅན་དེ་ཡིན། །དྲི་དང་ཕྲེང་བ་ལ་དགའ་ཞིང། །གླུ་རྣམས་ལ་ནི་ཤིན་ཏུ་མོས། །གཡུལ་འགྱེད་ལ་སྤྲོ་དེ་བཞིན་ཞི། །དྲི་བའི་སྙིང་སྟོབས་ལ་བརྟེན་ཡིན། །གཉིད་ལ་དགའ་ཞིང་ཁྲོ་ལ ་བརྟག། རྟག་ཏུ་གཅིག་པུར་གནས་པ་དགའ་། །སྟོབས་ཆེ་སྤྲོ་བ་ཆེ་བ་ཡི། །རྟ་ནི་རླུང་གི་སྙིང་སྟོབས་ཅན། །ཆུ་ཡི་གནས་ལ་དགའ་བ་དང། །རྟག་ཏུ་ཆུ་དང་ཕྲད་པར་འདོད། །ཕལ་ཆེར་ཏིལ་ལ་དག་འགྱུར་པ། །ཡི་དགས་འཚུན་ལྷའི་སྙིང་སྟོབས་ཅན། །རི་ལ ་འཇོག་ན་མི་སྐྱོ་ཞིང། །སྟོབས་ལྡན་འཚེར་ཞིང་འགྲོ་བ་དང། །རིལ་ལ་ཁ་ཟས་མངར་ལ་དགའ་། །གནོད་སྦྱིན་སྙིང་སྟོབས་ཅན་དུ་བཤད། །མི་བརྟན་ཁྲོ་ཞིང་གདུག་བ་དང། །ཆར་དང་སྦྱར་ཆད་ཤ་ལ་དགའ་། །གདོང་ནི་མི་སྡུག་པར་སྣང་བ། །སྲིན་པོའི་སྙིང་སྟོབས ་ལ་བརྟེན་ཡིན། །མི་བརྟན་རྩུབ་ཅིང་དྲི་མ་ཅན། །རྟག་ཏུ་མི་གཙང་ལ་སྦྱོང་ཅིང། །ཞུམ་ཅིང་ཁང་སྟོང་དག་ལ་དགའ་། །ཤ་ཟའི་སྙིང་སྟོབས་ལ་བརྟན་ཡིན། །བླུན་ཞིང་ལམ་ལོག་འགྲོལ་དགའ་། །རྒོད་མ་ཡི་ནི་ཕྱེ་བཞིན་རྒྱུག་།རྟག་ཏུ་རྩཝ་ཟ་ལ་དགའ་བ། །དུད ་འགྲོའི་སྙེད་སྟོབས་དག་དང་མཚུངས། །རླུང་དང་གྲང་ལྷགས་ཚད་པ་བཟོང། །བདག་པོ་ལ་དགའ་སྐད་སྙན་ཅིང། །སེམས་ཁོངས་ཆུད་ཅིང་ལེ་ལོ་ཅན། །མི་རྒྱུའི་སྙིང་སྟོབས་ལ་བརྟེན་ཡིན། །སྐེ་མགྲིན་བཏུད་ཅིང་འཇིགས་བ་ཅན། །རྟག་ཏུ་གནས་པའི་སྟོང ་པར་དགའ་། །མི་གཅང་ལ་?་དང་ཚུལ་ཅན། །སྲེན་བུའི་སྙིང་སྟོབས་ལ་བརྟེན་ཡིན། །ཤུགས་ཆེན་རྒྱུན་ཏུ་ལྟོས་བ་དང། །ཡོངས་སུ་འཁོར་བའི་དང་ཚུལ་ཅན། །རྒ་ལྔ་མ་ལ་ནི་རབ་དགར་བའོ། །རྟ་ནི་འདབ་ཆགས་སྙིང་སྟོབས་ཅན། །དཔའ་? ་ཞིང་འཇིགས་པ་ཉིད་དུ་ནི། །དུས་དང་དུས་སུ་གནས་འགྱུར་ཞིང། །རྒོད་མ་ལ་ནི་རབ་དགའ་བ། །འཆི་བ་ཡིས་ནི་ཤིན་ཏུ་འཇིགས། །བརྡེག་པ་ལན་ནི་རབ་ཏུ་འཁྲུག་།རྩོད་དང་ཁྱིམ་དུ་གནས་ལ་དགའ་། །བྱས་བ་ཚོར་ནི ་སྟོབས་དང་ལྡན། །མི་ཡི་སྙིང་སྟོབས་ཅན་དེ་ཡིན། །ལྷ་དང་དྲང་སྲོང་གནོད་སྦྱིན་ཀླུ། །དྲི་ཟ་དང་ནི་སྙིང་སྟོབས་དག་།མཉམ་པར་གྱུར་པའི་རྟ་གང་ཡིན། །ལས་རྣམས་ཀུན་ལ་རབ་ཏུ་བསྔགས། །མི་དང་ཡི་དགས་ལྷ་མ་ཡིན། །བྱ་དང་མཚུང་པ ་བར་མ་ཡིན། །དེ་ལས་གཞན་པའི་སྙིང་སྟོབས་ཅན། །རྟ་ནི་ཐ་མ་ཡིན་པར་བཤད། །ཀུན་ཏུ་སྙིང་སྟོབས་གཙོ་བོ་སྟེ། །སྙིང་སྟོབས་ལ་ནི་ཐམས་ཅད་གནས། །ཤིལ་ཧོ་ཏྲའི་མདོའི་གནས་ལས་སྙིང་སྟོབས་བརྟག་པའི་ལེའུ་སྟེ་སུམ་ཅུ་རྩ་དྲུག་བའོ།། །། ་བུ་དག་གཟི་མདངས་རྣམ་པ་ལྔར། །རྟལ་དུས་སུ་འབྱུང་བར་འགྱུར། །གར་ཕྱིར་འདི་དག་འབྱུང་བ་ཡི། །བདག་ཉིད་ཡིན་བས་རྣམ་ལྔ་འདོད། །མདོག་དང་སྤུ། བ་རྫས་དང་ནི། །དེ་བཞིན་དུ་ནི་དབྱིབས་དག་ལ། །མིག་གིས་བཟུང་བྱ ་གཞན་གང་ཡིན། །གཟི་མདངས་ཀྱི་ནི་སྒྲར་བཤད་དོ། །རེ་ཞིག་རྫས་ནི་ཡོན་ཏན་བཞི། །ཁ་དོག་གཟུགས་ནི་དཀར་ལ་སོགས། །རྟ་ནི་ཁ་དོག་ཐ་དད་ཀྱང། །སྦུ་ཁ་རིང་པོ་ལས་ཀྱང་སྣང། །གཟི་མདངས་ཕྲ་ཞིང་དོང་བས ་ན། །ཉེ་བ་ཉིད་ན་མངོན་པ་ཡིན། །མདངས་ནི་མེད་བ་ཙམ་དེ་ལའང། །མེད་པར་ཡང་ནི་དམིགས་མ་ཡིན། །རླུང་དང་དེ་བཞིན་ནམ་མཁའ་དང། །མེ་དང་དེ་བཞིན་ས་དང་ནི། །ཆུ་ཉིད་ཀྱི་ནི་མཚན་ཉིད་དག་།གང་ཡིན ་དེ་ནི་མཉམ་པར་གྱིས། །རླུང་གིས་གཟི་མདངས་སྨད་བ་ཡིན། །ནམ་མཁའ་ཡི་ནི་འབྲིང་དུ་ཤད། །མེ་དང་ས་དང་ཆུ་ཡིན་ནི། །མཚན་ཉིད་གསུམ་པོ་རྡག་ཏུ་ཤེས། །མི་བརྟན་རྩུབ་ཅིང་མདོག་ལ་གནོད། །དེ་བཞིན་ཅུང་ཟད ་དཀར་བར་སྣང། །རྟ་ཡི་སྤུ་ཁ་ལ་གནོད་པ། །རླུང་གི་གཟི་མདངས་དེ་སྨད་བྱ། །ཤིན་ཏུ་དང་ཞིང་ནམ་མཁའ་ནི། །སྤྲིན་དང་བྲལ་བ། །མདངས་ཅན་ཞི་བར་གྱུར་པ་དག་།དེ་ནི་ནམ་མཁའ་ཅན་ཞེས་བཤད། །རྟ་རྣམས་ཕལ་ཆེད་རྟག་བུའི།། ་ནམ་མཁའ་ཨི་གཟི་མདངས་ཅན་དུ་སྣང། །དེ་ནི་མི་སྨད་སྟོང་བྱ་དག་།མིན་པར་གྱུར་པ་ཉིད་ཡིན་ནོ། །གཟི་མདངས་ལྡན་ཞིང་འོད་ཅན་འདྲ། །དེ་བཞིན་མིན་འབར་བ་འདྲ། །མེ་ཨི་གཟི་མདངས་བསྔགས་པ་སྟེ། །བསོད་ནམས་ཀྱིས་ནི་རྟ་ལས་འབྱུང། །སྣུམ ་ཞིང་ཆུ་ཡི་མདོག་ལྡན་པ། །དགེ་བསྐྱེད་དེ་ནི་ཆུ་ཡི་ཡིན། །གཟི་བརྗིད་ལྡན་ཞིང་ཤིན་ཏུ་བརྟན། །ས་ཡི་གཟི་མདངས་ཉིད་ཡིན་ལ། །རྟག་རྟག་ཏུ་ས་ཡི་ནི། །གཟི་མདངས་བསྔགས་པར་གྱུར་པ་ཡིན། །སྨད་པའང་བསྔགས་པར་བྱ་བ་ཡི། །གཟི་མདངས ་ཡུན་རིངས་གནས་གྱུར་པ། །བདག་པོས་བདེ་དང་སྡུག་བསྔལ་གྱི། །འབྲས་བུ་ཡུན་རིངས་མྱོང་བར་འགྱུར། །གཙུག་དང་ཁ་དོག་འབྲས་བུ་ནི། །ཤིས་པ་དང་ནི་མི་ཤིས་གང། །ཞར་ལ་བྱུང་བར་གྱུར་བ་གང། །གཟི་མདངས་སུ་ནི་རྗེས་སུ་འགྱུར།། ་དཔེར་ན་ཉི་མའི་འོད་ཟེར་ནི། །སྤྲིན་གྱིས་ཁབས་པར་བྱེད་པ་ཡིན། །དེ་བཞིན་རྟ་ལ་གཟི་མདངས་ཀྱིས། །མཚན་ཉིད་ཀྱིས་ནི་ཁེབས་པར་གྱུར། །གཉིད་ལོག་ལས་ལངས་ཁྲུས་བྱས་དང། །རྣམ་ཀུན་སྐོམ་འཐུངས་ཟས་ཟོས་པའི། །རྟ་ལ་རྟ་མཁན ་དག་གིས་ནི། །གཟི་མདངས་ཉེ་བར་བརྟགས་པར་བྱ། །ཤི་ལ་ཧ་ཏྲིལ་མདོའ?་གནས་ལས། །གཟི་མདངས་བརྟག་པའི་ལེའུ་སྟེ་སུམ་ཅུ་རྩ་བདུན་པའོ།། །།ཤ་ལི་ཧོ་ཏྲ?་དྲང་སྲོང་ཆེ། །རིག་བྱེད་ཡན་ལག་མཐར་ཕྱིན་པ། །རྟ་བྲེས ་གནས་ན་འདུག་བ་ན། མཛའ་ལས་རྒྱལ་སོགས་བུ་རྣམས་དང། །བླ་མལ་གུས་སློབ་མ་རྣམས། །རྟ་སྦྱོད་ཤེས་ལ་ཡོངས་དྲིས་པ། །ལེགས་ལྡན་རྒྱ་མཚོའི་མཐར་ཐུག་པའི། །ས་གཞིར་རི་ཡི་ཕྲད་བས་བསྐོར། །གྲོང་བརྡལ་འབྱུང ་གནས་ཡུལ་དག་དང། །ནགས་ཚལ་རྣམས་ཀྱིས་ཉེར་མཛེས་བར། །རང་དགར་རྒྱུ་བའི་རྟ་རྣམས་ནི། །ཁྱེད་ཀྱིས་བགོ་བཤའ་མཛད་ལ་གསན། །དེ་རྣམས་ཀྱིས་ནི་འབྱུང་ལུགས་དང། །རིགས་དང་ཉེ་བའི་རིགས་རྣམས་དང། །ཡུལ་གྱི ་རྟགས་ནི་འབྱུང་བ་དང། །ཁ་དོག་སྤྱོད་པ་གཟི་མདངས་ཤུགས། །སོ་སོར་རིགས་ཤེས་རྣམ་བརྟག་བ། །བདག་ཅག་ལ་ནི་བཤད་དུ་གསོལ། །དོག་སའི་གནས་ཀྱི་ཤེས་བྱ་དང། །རྟ་རྣམས་སྐྱེ་བ་ཉིད་དང་ནི། །ཡུལ་མཐར་ཡོན་ཏན་ཆེར་ལྡན་དང། །ཡུལ ་དབུས་ཡོན་ཏན་ཆུད་པར་ནི། །འགྱུར་བས་དེ་ཕྱིར་དེ་ཐམས་ཅད། །ལེགས་ལྡན་གྱིས་ནི་བཤད་པར་རིགས། །དེ་ནས་ལེགས་ལྡན་དྲང་སྲོང་མཆོག་།བུ་རྣམས་ལ་ནི་སླར་སྨྲས་པ།། །གཟུགས་དང་སྐྱེ་གནས་ཁ་དོག་དང། །སྙིང་སྟོབས་སྤྱོད་པ་མདངས་དང ་བང། །གཟི་མདངས་དབྱིབས་དང་དྲི་དང་ནི། །བདེ་དང་མི་བདེ་སྐད་རྣམས་ཏེ། །རིགས་ལས་བྱུང་བ་འདི་དག་ཀུན། །ཇི་ལྟ་བར་ནི་སྨྲས་པ་ཡིན། །ཐོག་མ་ཁོ་ནར་སྦྲུལ་པ་ན། །ལྷ་ཡུལ་དུ་ནི་རྒོད་མ་བྱུང། །མདོག་འདྲེས་གནག་དང་དམར་བ་དང། །དུང ་ཁ་སྔོ་སངས་སྐྱའོ་དང། །ཁྲ་དང་ལྗང་བ་རྣམས་ཡིན་ཏེ།། །དེ་དག་ཡུལ་ཡུལ་དག་ཏུ་བགོས། །རྟ་མཆོག་དེ་དག་རྣམས་ཀྱི་ནི། །བདག་པོ་ཡང་ནི་དེ་སྙེད་དེ། །བརྒྱ་བྱིན་ཟླ་བ་ཉི་མ་དང། །རླུང་ལྷ་དང་ནི་ཆུ་ལྷ་དང། །མེ་ལྷ་དང་ནི་ནོར་བདག་རྣམས། །རྟ ་རྣམས་ཀྱི་ནི་བདག་པོར་གྱུར། །ལྷ་ཡི་རྟ་ཡི་འབྱུང་གནས་ཏེ། །ས་སྟེང་ཕྱོགས་ཕྱོགས་དག་ཏུ་བགོས། །ལྷ་ཡི་མཆོག་གི་རྒོད་མ་ནི། །དེ་ལྟར་རྗེས་སུ་སྤྲུལ་པ་ཡིན། །དབང་པོ་ཆེ་ལ་མདོག་འདྲེས་པ། །གཞན་དག་གོ་རིམ་ཇི་བཞིན་ནོ། །དེ་ཡི་བུ ་དང་ཚ་འོ་ཡིས། །ས་གཞི་ཐམས་ཅད་ཁྱབ་པ་ཡིན། །ལ་ལ་རྒྱ་མཚོ་ལ་གནས་ཏེ། །དེ་བཞིན་གཞན་དག་སེན་དུར་བརྟེན། །ནས་གླིང་ཐོ་གར་ལ་གནས་ཞིང། །གཞན་དག་ནོར་ཅན་དག་ཏུའོ། །ཤ་ཁ་བྲུ་ཞག་ན་དུ་ར། །དྲང་སྲོང་ཅན་དང་ཉམས་དགའ་ ་དང། །མཉའ་དཀའ་གུར་ཤིག་ལི་རྐ་།ཉ་དང་མེ་ཆ་ཏིག་ཏིག་གི། ཆུ་བོ་བརྒྱ་བ་ཝིས་ཤ། ཟླ་བའི་ཆ་ཞེས་བྱ་བ་དང། །ཀོ་ཤི་ཀ་དང་སྦྱངས་ཅང། །གམ་ག་དེ་བཞིན་ས་སྲུང་དང། །ཆུ་བོ་ཆེར་ལྡན་དེ་དག་དང། །རུས་སྦལ་ཅན་དང་ཁ་བ་ཅན། །བ་ལང་ཤིང་རྟམ ་ལ་ཡ། །སྦོས་དང་ལྡན་དང་དུ་ནི་རོ་ཅ་ཅོ་ཅན་ནའང་གནས་པ་ཡིན། །གྲོང་ཁྱེར་བཟང་དང་དཔའ་བོའི་སྡེ། ཁ་ཆེའི་འབྲོག་གི་ཆ་དང་ནི། །ལྔ་ལེན་སྒྲ་དན་ཨ་མ་བཥཙ། །རི་ཁྲོད་མཛའ་འཁོ་བ་ནS་ཀྱི་ཡུལ། །ཡུལ་དབུས་རྒྱ་མཚོ་བཅུ་བ་དང། །དངུལ་རྡོའི་རི་དང ་ནི་ཤ་དང། །ཤར་གྱི་མཛའ་དང་བུ་ལིང་ག?་ཁི་དང་པ་དང་ཀེ་ཤི་ཀ་།ཕྱོགས་དང་མི་ཡི་ཡུལ་ཀུན་ན། །ས་ལ་རྟ་ནི་བརྟེན་པ་ཡིན། །ཡུལ་དེ་རྣམས་ཀྱི་ཁྱད་པར་གྱིས། །དབྱེ་བ་གསུམ་དུ་འགྱུར་བ་ཉོན། །དབྱངས་ཅན་ཀྱི་ནི་བྱང་ཕྱོགས་སུ། །དེར་ནི ་གང་ཞིག་སྐྱེས་གྱུར་པ། །སྣ་ཚོགས་འབྱུང་གནས་ལས་བྱུང་བ། །སྤྱོད་པ་མཆོག་དང་ལྡན་ཞེས་བྱ། །ཡང་ན་ལྷོ་ཕྱོགས་ཆ་དུ་ནི། །ཤར་དུ་འབའ་པའི་ཆུ་དོགས་ནས། །དེ་ནི་སྟོབས་དང་གཟི་མདངས་སོགས། །ཚར་ཀྱང་བར་མ་ཡིན་ཞེས་བྱ། །ས་རྡུལ་ཅན ་དང་རི་རོད་དགོ་།སོ་ར་བྲ་ལ་སོགས་པའི་རྟ། །གཟི་མདངས་སྟོབས་དང་ལུས་ཀྱི་ཚང། །སྙིང་སྟོབས་དམན་པ་ཡིན་ཤེས་བྱ། །རྟ་ཡི་རིགས་དང་དབྱེ་བ་ནི། །ཡུལ་ནི་སོ་སོ་ལས་བྱུ་དག། རིགས་དང་སྐྱེ་བའི་ཚུལ་དག་ནི། །ཡུལ་ལས་ལྔ་བཅུ་རྩ་བཞིར་འགྱུར།། ་དེ་ལས་གཞན་ཡང་དོག་པ་ཡི། །ཡུལ་ལས་སྐྱེས་བ་རབ་བཤད་བྱ། །མ་དང་ཐ་ཡིས་བསྟེན་པ་ཡི། །ཉེས་པས་ཡོམ་ན་མེད་འགྱུར་ཞིང། །རིགས་བཟང་ཡིན་ཡང་ཕལ་ཚོར་ནི། །ལུས་ནི་མི་སྡུག་པ་དག་སྣང། །དཔེར་ན་ལ་ལར་མི་དག་ནི། །སྒུར་བོ ་ད་ངན་མི་བུ་བུང?་ཡོད། །དེ་བཞིན་རྟ་ཡར་ལུས་བྱར་ནི། །མི་སྡུག་པར་ནི་ཤེས་པར་བྱ། །ལུས་དང་མགྱོགས་ཚུལ་སྟོབས་རྣམས་ནི། །དམན་པས་རྟག་གཞན་དག་ཏུ་གྱུར། །ཡུལ་ནི་བཟང་བོར་སྐྱེས་ན་ཡང། །ཡོན་ཏན་མེད་བ་དག་ཀྱང་ཡོད། །ཕ་? ་ཡི་སྐྱོན་དང་ནི། །སྟོན་ཀ་སྐྱེས་པར་གྱུར་པ་དང། །དེ་འདྲ་གཞན་ལས་བྱུང་བ་ནི། །དེ་དག་དང་ནི་འདི་བར་བཤད། །དེ་བཞིན་པ་བར་མ་དག་ནི། །ལུས་ཀྱི་ཡོན་ཏན་ལྡན་གྱུར་ཀྱང། །ལེགས་པར་སྐྱེས་པར་མ་གྱུར་བ།། ་མཚན་ཉིད་དེ་དང་ལྡན་པ་མིན། །རིགས་ལས་བྱུང་བའི་མང་པོ་དང། །འདུས་པ་དག་ཏུ་བསྟན་པའང་མིན། །མཛའ་ལས་རྒྱལ་ལ་སོགས་པ་ཡི། །བུ་ཡི་ཕ་ལ་ཡང་དྲས་པ། །རྒྱུ་ནི་མཚུངས་པ་དང་ལྡན་ཞིང། །མངལ་ལས་དུས་གཅིག་སྐྱེས་གྱུར་བ།། ་དབྱིབས་དང་ཡོན་ཏན་མཚུངས་གྱུར་ཅིང། །རླུང་གི་ཤུགས་འདྲར་མཉམ་པར་ནི། །སྔོན་ཚེ་ཚངས་པ་ཉིད་ཀྱིས་ནི། །རྟ་རྣམས་སྤྲུལ་པར་བྱས་པ་ཡིས། །དེ་ལྟར་ཡོན་ཏན་མཉམ་པ་ལས། །ཅི་ཕྱིར་དེ་དག་ཐ་དད་གྱུར། །འབི་ཡི་རྒྱུ་ནི་གང་ཡིན ་བ། །ཁྱེད་ཀྱིས་བདག་ཅག་ལ་བཤད་རིགས། །དེ་ལྟར་བུ་ཡིས་བསྐུལ་བ་དང། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །དཔེར་ན་ཆུ་ནི་རོ་གཅིག་པར། །མཁའ་ལས་བབ་ཀྱང་ས་རྣམས་ཀྱིས། །ཁྱད་པར་དག་གི་བཟང་ངན་གྱི། །རོ་ནི་སྣ་ཚོགས་མང ་པོར་གྱུར། །དེ་བཞིན་ཚངས་པས་ཚུལ་གཅིག་པར། །རྟ་རྣམས་སྤྲུལ་པར་བྱས་མོད་ཀྱི། །ལྷ་རྣམས་ལ་ནི་གོས་པ་ལས། །ལྷག་པ་གང་ཡིན་ས་གཞི་འདིར། །རྒྱལ་བོ་རྣམས་ལ་བྱིན་གྱུར་བ། །རྟ་དེས་ཡི་ཁྱད་པར་གྱིས། །རིགས་དང་སྐྱེ ་གནས་མེད་དག་ནི། །ཁྱེད་པར་མང་པོར་གྱུར་པ་ཡིན། །ཤ་ལི་ཧོ་ཏྲིའི་མདོའི་གནས་ལས། རིགས་བརྟག་པའི་ལེའུ་སྟེ་སུམ་ཅུ་རྩ་བརྒྱད་པའོ།། །།ཤིལ་ཧོ་ཏྲ་རྟ་བྲེས་ན། །འདུག་ཚེ་དྲི་ཟའི་རྒྱལ་པོ་དང། །མཛའ་ལས་རྒྱལ ་བོ་གཉིས་ཀ་ན། །དུལ་དང་ལྡན་པས་དྲིས་གྱུར་པ།། །ལེགས་ལྡན་རྟ་ནི་བཟང་པོ་ཡང། །སྤྱོད་པ་དན་པ་སྣང་བ་དང། །དམ་ཚིག་མི་ཤེས་ལྡན་གྱུར་ཀྱང། །ཁ་ཅིག་རང་བཞིན་བཟང་པོ་མཆིས། །དེར་ནི་རྒྱུ་དག་གང་ལགས་པ། །ཡང ་དག་པ་རིན་གསུངས་ཞེས་དྲིས། །སྟོན་ཀ་བཙོས་པའི་མཚན་ཉིད་ནི། །ཡང་དག་པར་ནི་བཀའ་སྩོལ་ཅིག་།དེ་གཉིས་ཀྱིས་དེ་དྲིས་པ་ན། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །ལུང་ལ་གོམས་བྱས་ཤེས་རབ་ནི། །ནམ་ཡང་སླུ་བར་བྱེད་མ་ཡིན། །ལུས་དང་མདོག་དང ་སྟོབས་ལྡན་པ། །ཚུལ་ངན་རིང་དུ་གྱུར་པ་ཡིན། །ལ་ལ་ལུས་ནི་གཙང་གྱུར་ཀྱང། །སྙིང་སྟོབས་མི་ཉམས་གྱུར་པ་ཡིས། །ཕྱིན་ཅི་ལོག་གི་སྙིང་སྟོབས་ཅན། །ལུས་ནི་བཏུགས་པར་སྟོན་པར་བཤད། །དེ་ནི་ཤེས་རབ་སྨན་པ་ཡི། །སྐྱེ་བོ་ཕལ་ཆེན་རྨོངས་བར ་འགྱུར?། །སྐྱེ་བ་ཉིད་དད་གཅེས་པ་དང། །ཤིས་དང་མི་ཤིས་མི་རྟོགས་འགྱུར། །དེ་བས་དབྱིབས་ལེགས་སྙིང་སྟོབས་ལྡན་པ་དང་ཚུལ་བཟང་བའི་དེ་བམ?་ནི། །སྙིང་ས་?་དང་ཚུལ་སུ་བྱར་ནི། །སུན་འབྱིན་བྱེད་པ་དེ་སྤང་བྱ། །དེ་ནི་ད་ཡིས་བཤད་བྱ་ཡིས། །ཁྱད་པར་མཉན་པ་ཉིད་དུ་གྱིས།། ་དབྱིབས་ལེགས་པ་དང་པ་པ་འབ?་དང། །གཟི་མདངས་སྟོབས་དད་མ་ཡེངས་དང། །འཕེལ་ཀ་ཆེ་ཞིང་སེམས་བཟང་ལ། །དང་ལ་བབ་ཅིང་མདངས་བཟང་ལ། །དབང་བོ་བརྟན་ཞིང་དགའ་བ་དང། །སྙིང་སྟོབས་མགྱོགས་བྱེད་ལྡན་པ་ཡི། །དེ་འདྲ་བ་ཡི་རྟ་དག་ནི།། ་ཡུལ་རང་དུས་ལ་དག་འགྱུར་པར། །རྩཝ་དང་ཆུ་མང་དུས་སུ་ནི། །ཕ་དང་མ་ནི་འདུས་གྱུར་པའང། །དེ་ཚེ་སྐྱེས་གྱུར་རྟེའུ་ནི། །ཡོན་ཏན་ཀུན་དང་ལྡན་པ་ཡི། །རྟ་ནི་དེ་དག་ཉིད་ཀྱིས་ན། །ཡོན་ཏན་དེ་ཉིད་སྐྱེ་བར་འགྱུར། །འདོད་བཅས་པ་དང་འདོད་བྲལ་བའམ།། ་དྲོན་དུ་གཉེར་དང་དོ་?་གསར། །གཞོན་དང་ཤིན་ཏུ་རྒན་པ་དང། །རྟེའུ་དང་རྟ་རྒན་ཉིད་ཀྱིས་ནི། །ལུས་དང་སྙིང་སྟོབས་དང་ཚུལ་རྣམས་བཟང་ངན་འདྲེས་པ་ཉིད་དུ་འགྱུར། །ཁྲོ་དང་འཁྲུག་པར་གྱུར་པ་དང། །འཇིགས་དང་སྐྲག་པར་བྱེད་པ་དང། །གཅོང་ཅན ་?་ནི་ཉམ་ཆུང་དང། ངལ་དང་སེམས་ནི་དུབ་པ་དང། །སྐྱེ་བར་བྱེད་པའི་རྟ་གང་ཡིན། །ལས་ལ་འཁོར་པ་མི་འགྱུར་རོ། །དེ་ནི་མདངས་སྟོབས་དམན་འགྱུར་ཞིང། །ལས་རྣམས་ཀུན་ལ་ནུས་པ་ཆུང། །རྟག་ཏུ་ན་ཞིང་རྒྱུན་དུ་རྦེག་།གང་ཞིག་རྙོག་ཅན་གྱུར་ ་པའི་རྟ། །ཕ་དང་མ་ཡི་རྒུད་པ་ཡིས། །སྟོབས་ཆུང་གཟི་མདངས་ཞན་པར་འགྱུར། །དེ་ལྟར་སྐྱེ་བར་གྱུར་པའི་རྟ། །ལས་རྣམས་འགྲུབ་པར་མི་བྱེད་དོ། །རྒུན་མཛའ་ཚད་པའི་ཐོག་མ་རུ། །དཔྱིད་དུས་སྲོག་ཆགས་རྣམས་ལ་ཕན། །ཐུན ་མོང་དུས་སུ་གྱུར་པའི་ཚེ། །ལུས་གཟུངས་སྙོམས་པར་གྱུར་པའི་རྟ། །རྒོད་མ་ལོ་བཞི་ལོན་པ་དང། །རྟ་ཕོ་ལོ་བརྒྱད་ལོན་པ་དང། །འདུས་གྱུར་པ་ལས་གྱུར་པའི་རྟ། །རྟག་ཏུ་ལས་རྣམས་ཀུན་ལ་བསྔགས། །དེ་ནི་ཡོན་ཏན་ཀུན་ལྡན་ཞིང། །ཉེས་པ་ཀུན ་དང་བྲལ་བ་ཡིན། །ལུས་ཀྱི་ཕྱི་ནང་དག་གི་ནི། །ཡོན་ཏན་ལྡན་ཞིང་ཀུན་སྦྱོར་ནུས། །མཛའ་ལས་རྒྱལ་གྱིས་ཡང་སྨྲས་པ། །ཐ་མལ་བ་དང་ནད་བཅས་གནས། །སྟོན་ཀས་ནི་གང་དག་ལགས། །གསོར་རུང་གསོར་མི་རུང་བདག་།གང་ལགས་ཐེ་ཚོམ་སྐྱེས ་ལགས་ཀྱིས། །དྲང་སྲོང་ཆེན་པོ་དེས་གསུངས་ཤིག་།མཛའ་ལས་རྒྱལ་དེ་དེ་སྐད་འདྲི་བ་ན། །ལེགས་ལྡན་གྱིས་ནི་སླར་སྨྲས་པ། །འབྲས་བུ་བཟང་དང་ངན་པ་ཡི། །ཕུན་ཚོགས་སྟོན་ཀའི་ཚེ་ན་གནས། །འབྲས་བུའི་ཕུན་ཚོགས་མཐུན་བས་ན། །རྟ་ལའང ་སྟོན་ཀ་པ་ཞེས་བཤད། །རང་བཞིན་དེ་འདྲར་གྱུར་པ་ཡི། །སྟོན་ཀ་རྣམ་པ་བཞི་རུ་མཐོང། །རང་བཞིན་ལ་གནས་དེ་བཞིན་སྤོམ། །ཕྲ་དང་དམར་བའི་སྟོན་ཀ་པའོ། །རང་བཞིན་ལ་གནས་མཆོག་ཡིན་ཏེ། །ཕྲ་དང་སྦོམ་པ་ཞན་པ་ཡིན། །རྟེའུ་སྟོན ་ཀ་དམར་པོ་ནི། །སྤང་བར་བྱ་བར་གྱུར་པ་ཡིན། །ཕྲ་དང་སྤོམ་པ་ཕྲད་པ་ལས། །སྤོམ་བའམ་ཡང་ན་ཕྲ་བར་འགྱུར། །ཕལ་ཆེར་གང་གི་མཚན་ཉིད་གང། །དེ་ལས་ལྷག་པར་མི་འགྱུར་རོ། །སྐྱེ་གནས་སྙིང་སྟོབས་ལུས་ཀྱི་ནི། །མཚན་ཉིད་དང་ནི་རྟགས ་དག་ལས། །འདི་རྣམས་ཀྱི་ནི་ལས་དག་ཀྱང། །ཐམས་ཅད་རིམ་བཞིན་བཤད་པར་བྱ། །རྒོད་མའི་སེམས་སྟོབས་ཉེ་བ་དང། །ལམ་དུ་ཞུགས་པར་གྱུར་པ་ཡིས། །ཁུར་དང་གོམ་པ་དག་གིས་ནི། །དེ་ནི་ཚ་བས་གདུངས་གྱུར་ཅིང། །བཀྲེས་དང ་སྐོམ་པས་ཉེས་པས་ན། །མངལ་ནས་ཁྲག་ནི་འཛག་པར་གྱུར། །ཟླ་བ་དྲུག་ནི་བཟླས་པ་ན། །ཤ་ནི་ཁྲག་ཏུ་འགྱུར་བ་ཡིན། །མངལ་དེའི་ཚིལ་ནི་གང་ཡིན་བའང། །ཕྲ་མོ་ཅམ་ཞིག་ཡོད་མེད་འགྱུར། །བུམ?་ཁྲ་ཤིན་སྲབ་པ་རུ། །སྐྱེ་བ་སྟོན་ཁ་དམར་པོ་ཡིན། ་འདི་ནི་ལོངས་སྤྱོད་མི་རུང་ཞིང། །ལས་རྣམས་ནུས་པའང་མ་ཡིན་ནོ། །མངལ་ནི་ཆགས་པར་གྱུར་བའི་རྟ། །ཟས་ཀྱི་བྱ་བས་འཕེལ་མི་འགྱུར། །རྩུབ་ཅིང་རྣོ་བཟབ་དང། །དེ་བཞིན་ལམ་དུ་ཞུགས་པ་དང། ཁུང་གྱིས་དུབ་པར་བྱས་པ་དང། །བཅིངས་དང་རྟ་ཕོ ་དང་སྦྱར་དང། །དེར་ནི་མངལ་ཆགས་གྱུར་པ་ཡི། །ཁྲག་ཟང་ལོག་པར་འགྱུར་བ་ཡིན། །ཇི་ལྟར་ཆར་མེད་སྨན་རྣམས་ནི། །སྐྱེ་བར་འགྱུར་བ་མ་ཡིན་ལ། །འདབ་མ་མེ་ཏོག་འབྲས་བུ་སོགས། །འཕེལ་བར་འགྱུར་བའང་མ་ཡིན་ནོ། །དེ་བཞིན་ལོག་པར ་གསོས་པ་ཡིས། །རྟ་ཡི་མངལ་ནི་སྐམས་བར་འགྱུར། །དེ་ནི་སྦེག་ཅིང་ཉམ་ཆུང་བའི། །རྟེའུ་དུས་ནི་འདས་པར་བྱེད། །དུས་ལས་འདས་པའང་ཉམ་ཆུང་ཞུམ། །ཡན་ལག་མཚང་སྐྱེ་བར་འགྱུར། །རྟེའུ་དེ་ནི་སྟབས་ཞན་ཞིང། །དབང་བོ་ཞན་པར་སྐྱེ་བར་འགྱུར ་ཁྲག་ཆུང་སྙིང་སྟོབས་དམན་བ་རུ། །དུས་སུ་དེ་ནི་ལས་སྐྱེ། །དེ་ནི་རུས་པའི་སྟོན་ཀ་བར། །ཤེས་བྱེད་ཡི་ལས་ཉོན་ཅིག་།རྟེའུ་དེ་ནི་མར་རམ་ནི། །ཡང་ན་འོ་མས་གསོ་བྱ་ཞིང། །སྟོབས་སྐྱེད་པ་ནི་གཞན་དག་གིས། །ཕྲ་བའི་སྟོན་ཀ་གསོ་བར་བྱ། །མ་ནི ་འབྲས་ཆ?་ཡུ་ཤ་དང། །དེ་བཞིན་ཁུ་བ་སྣ་ཚོགས་དང། །ད་བཞིན་བཏུང་བ་སྣ་ཆགས་དང། །བསྐུ་དང་འཇམ་རྩིས་བརྟ་འབར་བྱ། །ཡང་ན་རྟེའུ་ཟླ་དྲུག་པ། །བསྐུ་དང་འཇམ་རྩི་འབྲས་ཆན་ཁུ། །ཚད་དང་ལྡན་པས་གོ་རིམ་བཞིན། །དེ་བཞིན་ལྷག་པར་བྱ་བ་དང། ་མེ་སྟོབས་སྐྱེས་པ་སྦྱིན་པར་བྱ། །ཁ་རའོ་མར་སྦྱར་བ་ལ། །མར་ནི་ཚད་ཙམ་བཅུག་བ་སྦྱིན། །རྟེའུ་ལོ་གཉིས་ལོན་པ་ལ། །ཁ་ཟས་སྦྱིན་པར་བྱ་བ་ཡིན། །ལུག་གི་ཤ་དང་རྨ་བྱའི་ཤ། ཁྱིམ་བྱ་བྱ་ཡི་ཤ་རྣམS་དང། །ཉ་དང་རུས་སྦལ་ཤ་རྣམས་ལས།། ་ཤ་ཁུ་དང་ནི་ཁ་ཟས་བ། །སྣ་སྨན་དགོངས་ཀ་བཏུང་བ་དང། །བསྐུ་དང་འཇམ་རྩི་རྩ་ཡིས་ཀྱང། །ལུས་ཀྱི་ལུས་གཟུངས་བརྟས་བྱ། །ཟླ་དྲུག་བར་དུ་བྱ་བར་བཤད། །དེ་ནས་ས་འདིར་བསྐྱང་བྱ་ཞིང། །ལུས་དང་སྲོག་ཀྱང ་བསྲུང་བར་བྱ། །སོར་ནི་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་གོང?་སྟེ། །གཞུ་འདོམ་བརྒྱད་སྟོང་དག་ལ་ནི། །ལས་ལ་སྦྱོར་བའི་དཔག་ཚད་ཡིན། །དེར་ནི་དང་པོར་རྟེའུ་དག་།རིམ་པ་འདི་དང་ལྡན་པར་བསྐྱང། །འདོམ་ནི་སུམ་བརྒྱ་ནས་བརྩམས་ཏེ། ། ་དཔག་ཚད་བར་དུ་རིམ་གྱིས་བཀྲི་།དགུན་ཟླ་འབྲིང་དང་ཐ་ཆུང་ཚེ། །དེ་ལས་ཉིས་འདབ་བྱ་བ་ཡིན། །དབྱིད་ཟླར་བ་གསུམ་འགྱུར་ཏེ། །དཔྱིད་ཟླ་འབྲིང་པོ་དཔག་ཚད་མེད། །དེ་ཡི་རྗེས་ལ་དཔག་ཚད་ནི། །གཅིག་ཙམ་ཟླུམ་པོས་བསྐོར་བར་བྱ། །བྱ་བའི ་སྦྱོར་བ་འདི་ཉིད་ནི། །ཉམ་ཆུང་བ་ལ་བྱ་བ་ཡིན། །ནས་དང་མ་ཤ་མར་འོ་མས་།བསྐུ་དང་འཇམ་རྩི་རྩཝ་རྣམས་དང། །ཤིན་ཏུ་བསྣུམ་པའི་བཏུང་བ་ཡིས། །གང་ཚེ་གཉིས་ཀ་བལྟས་བྱས་ལ། །དེ་བཞིན་རྒོད་མ་སྦོམ་གྱུར་ཀྱང། །སྒོམ་པོ་བསྐྱེད ་བ་ཉིད་ཡིན་ཏེ། །སྦོམ་ཞིང་མངལ་ནི་ལྕེ་བའི་ཕྱིར། །དེ་ནི་དུས་སུ་སྐྱེ་མི་འབྱུར། །དེ་ནི་ཡང་ཡང་མ་ཞུ་ལྟར། །དུས་མིན་པར་ནི་སྐྱེ་བར་འགྱུར། །རྟེའུའི་ཚིལ་ནི་ཚོར་འགྱུར་ཞིང། །ཤ་ཡི་ཚིགས་ལྟར་གནས་པ་ཡིན། །དེ་ནི་ལྡང་དང་བརྩེ་མི་ནུས།། ་ལྕི་ཞིང་ཁུར་གྱིས་ནོན་ལྟར་འགྲོ། །སྦལ་བ་ལྟར་འགྲོ་སྦོམ་པ་དང། །ལུས་ནི་སྙོམས་པར་སྐྱེ་བར་འགྱུར། །སྦལ་པ་སྐྲངས་པར་གྱུར་པ་ལྟར། །བརྟན་པར་འགྲོ་བར་འགྱུར་མ་ཡིན། །ཚིལ་གྱིས་སྙིང་ནི་ཁྱབ་གྱུར་ཅིང། །མི་རྩུབ་རྩ་བ་བསྟེན་མ་ཡིན།། ་ཚིལ་ནི་ལྷག་པར་གྱུར་པ་ན། །ལུས་ཀྱི་བརྩེ་དང་འདེགས་པར་དཀའ་། །འདི་ནི་ཚིལ་ཆེས་ཡིན་ཤེས་བྱ། །དེ་ལ་ལས་ནི་འདི་ཕན་ནོ། །པི་པི་ལིང་དང་བཅའ་སྒ་དང། །ཧང་སྟ་པི་པི་ལིང་ཙི་ཏྲ། །འདི་དག་བཀོལ་བའི་མང་དག་ནི། །ནད་པར་ཟས ་ཀྱི་སྔོན་དུ་སྦྱིན། །ཚད་ཙམ་རྟེའུ་དེ་ལ་ནི། །སྤང་བའི་ཕྱིར་ནི་སྦྱིན་པར་བྱ། །དེ་ལ་མ་ཡི་འོ་མ་ནི། །མི་བླུད་ར་ཡི་འོ་མ་སྦྱིན། ཚོན་མོའི་འོ་མ་ལྕི་བས་ན། །དེ་ཕྱིར་ར་ཡི་འོ་མ་བླུང། །འོ་མ་སྤྱོད་བར་བྱེད་པ་ཡི། །བཏུང་བ་རྒོད་མ་ལ་སྦྱིན་བྱ། །ཁ་བ་དང་ནི་བསྐ་བ་དང།། ་ཚ་བ་སྦྱིན་བས་དེ་སྦྱང་བྱ། །དེ་ལ་ཏིལ་མར་མཛོམ?་རྩི་དང། །དེ་ནས་སླར་ཡང་གནས་པ་བྱ། །ཟླ་བ་དྲུག་གི་བར་དུ་ནི། །རྟེའུ་དེ་ལ་ཡང་དག་སྤྱང། །གཞུ་འདོམ་སྟོང་ནི་སོང་ནས་ཀྱང། །དེ་ཉིད་ཙམ་དུ་བཟློག་པར་བྱ། །དེ་ཡི་རྗེས་ལ་འདོམ་བཞི་སྟོང། །དེ་སྙེད ་འགྲོ་ཞིང་བཟློག་པར་བྱ། །ཟས་དང་བསྟུང་བ་ཉིད་ཀྱིས་ནི། །ལུས་ནི་ལེགས་པར་མ་ཁྲད་བར་འགྱུར། །ལུས་དང་ཡན་ལག་རྐང་པ་བརྟན། །ལེགས་གནས་དབང་པོ་དགའ་བ་དང། །གང་ཚེ་ནད་མེད་ཡིན་བདེ་བ། །དེ་ཆེ་ལས་ལ་སྦྱར་བར་བྱ། །དེ་ལྟར ་སྦོམ་ཕྲ་ཤེས་བྱས་ལ། །དེ་ནས་ལས་རྣམས་སྦྱར་བར་བྱ། །འདི་ནི་དམར་པོར་གྱུར་པ་དང། །སྦོམ་ཕྲ་དག་ཀྱང་བཤད་པ་ཡིན། །རྟ་མཆོག་གི་ནི་སྟོན་ཁ་དང། །རང་བཞིན་ལ་གནས་བཤད་པར་བྱ། །སྔར་ནི་ང་ཡིས་རྟ་རྣམས་ཀྱི། ཡོན་ཏན་ཀུན་ལྡན ་གསེབ་དང་ནི། །རྒོད་མ་ཡོན་ཏན་དེ་ལྡན་ཞིང། །ན་ཚོད་སྟོབས་ནི་ཕུན་ཚོགས་པ། །སྲོག་ཆགས་ཐམས་ཅད་བདེ་བའི་དུས། །དབྱིད་ངོ་མེ་ཏོག་དྲི་ཅན་ལ། །ཕན་ཚུན་འདོད་པ་བསྐྱིད་པའི་ཚེ། །རྒོད་མ་འཁྲིལ་པའི་དོན་དུ་འགྲོ། །ངར་ནི་མངལ་དུ་ཆགས ་གྱུར་པ། །རྟ་ཡི་ཉམས་མཉེམ་བཟང་པོ་ཡིན། །མངལ་དུ་ཆགས་པ་བསྲུང་བའི་ཕྱིར། །ནས་དང་མ་ཤ་མར་གྱིས་གོས། །སྨན་པ་བསྟེན་དུ་མི་བཞུག་ཅིང། །སྐར་ཁུང་དྲ་བ་ཅན་དུ་བཞག་།གོམ་པ་དལ་གྱིས་འགྲོ་བྱ་ཞིང། །དབེན་པའི་ཕྱོགས་སུ ་བསྒྲུབ་བར་བྱ། །ཁང་པ་སྐར་ཁུང་ཅན་དེར་ནི། །གཞི་མཉམ་སྟན་དང་བཅས་པར་བྱ། །རྟེའུ་ལ་ནི་ཕར་པའི་ཕྱིར། །འདི་དག་ཐམས་ཅད་ཡང་དག་སྤྱད། །ཡུངས་ཀར་དང་ནི་ཆུ་དག་དང། །པུ་ཤེལ་ཅི་དང་ཤུག་པ་དང། །བས་ཤིང་འབྲས་བུ་ཞིབ་བཏགS ་བའི། །ཕྱེ་མ་ཡིན་ནི་བདུག་བས་བདུག་།དེ་ལྟར་ལགས་བར་བསྲུང་གྱུར་ན། །རྟེའུ་དུས་ཀྱི་བཟང་པོར་སྐྱེས། །ལུས་ཀྱི་སྟོབས་ནི་ཕུན་ཚོགས་ཞིང། །ཤིན་ཏུ་འབྱེས་བ་ལེགས་པར་འདུས། །ལུས་གཟུངས་ཐམས་ཅད་རྒྱས་བ་དང། །ཡན་ལག ་མཛེས་ཤིང་བལྟ་ན་སྡུག་།མགྱོགས་ཤིང་གཙུག་ནི་དགེ་བ་དང། །མཁྲིགས་ཤིང་གྲམ་ཅན་མིན་དང། །པགས་སྲ་བ་སྤུ་སྣུམ་པ་དང། །འགྲོ་ལེགས་གཟུང་བར་སླ་བ་དང། །ལུས་ཀྱི་ཡོན་ཏན་ཀུན་ལྡན་ཞིང། །མཚན་ཉིད་ཐམས་ཅད་བསྡགས་པ་དང། ། ་འཛིན་དང་འཇོག་པར་བྱེད་པ་ན། །རྟག་ཏུ་མཉམ་པ་མེད་པར་དཔའ་། །སྟོན་ཀ་དག་བ་ཞེས་འདི་བཤད། །རྟེན་བཟང་བོ་ཡིན་བར་སྟན། །རྐང་བ་བསྟན་ཞིང་འགྲོས་ཆེ་ལ། །ལུས་ཀྱི་འཕེལ་ཀ་ཚེ་ཞིང་ལེགས། །རྟག་ཏུ་ཁལ་གྱི་སྦྱོར་བ་དང། །ལས་རྣམས་ལེན ་དེས་སྦྱོར་ནས། །དེ་ནི་སློབ་དབོན་དམ་པ་ཡིས། །རགས་པའི་རང་བཞིན་སྟོན་དཀར་བཤད། །དེ་ནི་བཀྲ་ཤིས་རྟ་ཡིན་ཏེ། །རྒྱལ་པོའི་བཞོན་བར་དེ་ཉིད་བཤད། །དེ་ནི་གཡུལ་ངོར་རབ་ཏུ་བསྡགས། །རྟག་ཏུ་རྒོད་མའི་གསེབ་དུ་བཟང། །དེ་ནི་བྱང་ཞིང་དཔའ་བ ་དང། །མཚོང་སྦྱིན་ལ་ཡང་རྟ་དེ་བཟང། །རྟག་ཏུ་ཚངས་བ་སྨྲ་བ་ཡིས། །རྟ་མཆོག་ཅེས་ནི་དེ་བཤད་དོ། །དེ་ནི་རྟག་ཏུ་བཞོན་པར་བཟང། །སྐྱེ་དགུ་སྐྱེད་པ་ཡིན་པར་བཤད། །འདི་ཡི་ལས་རྣམས་བཤད་པ་སྟེ། །གཞན་ཡང་མངལ་ཅན་ཞེས་བྱའོ། །རྟ ་ཡི་མཆོག་ཏུ་གྱུར་པ་འདི། །ལས་ལ་སྐྱིད་ལུག་འགྱུར་མ་ཡིན། །སྟོན་ཀ་བ་ནི་བཞི་པོ་འདི། །མཚན་ཉིད་གྲངས་ནི་དུ་མ་ཡིན། །སྦོམ་དང་རང་བཞིན་ལ་གནས་རང། །དམར་དང་དེ་བཞིན་ཕྲབ་སྟེ། །རྣམ་པ་བཞི་པོ་གསོ་བ་དང། །གཞན་ཡང་པགས་བ ་ལ་སོགས་བའི། །རང་བཞིན་གང་ཡོན་བཤད་བར་བྱ། །པགས་སྲབ་མདངས་སྣམ་ཕུན་ཚོགས་ལ། །བ་སྤུ་སྣུམ་ཞིང་གཉེར་མ་སྙོམས། །གསང་བའི་ཕྱོགས་ནི་མཛེས་བ་དང། །གཙུག་ནི་བཟང་བོར་གང་གྱུར་དང། །བློ་ལྡན་བྱང་ཞིང་མགྱོགས ་པ་དང། །སྨད་ཁ་གཉེན་ཅིང་ཚོར་བ་ཅན། །ཤིན་ཏུ་འབྱར་བར་གང་གྱུར་པ། །བག་པ་བཟང་བོར་དེ་བཤད་དོ། །ཡན་ལག་ཚད་དང་ལྡན་པ་དང། །ལུས་ཀུན་ལེགས་བར་སྙོམས་པ་དང། །དབང་ཞིང་དམར་བའི་མཛེག་རྡེས?་ཅན། །མིག་དམར་ལྟ་ན་སྡུག་པ་དང། །མདངས ་ལྡན་ཡིད་ནི་གཞུངས་པ་དང། །བློ་དང་དྲན་པའི་ཡོན་ཏན་ལྡན། །ཁྲག་གི་མཚན་ཉིད་བཟང་ལྡན་ལྟ། །མཚན་དང་ཁ་དང་རྐན་དམར་བའོ། །སོ་སྣུམ་མིག་ནི་ལེགས་པ་དང། །བ་སྤུ་རྔ་མའི་མངས་སྣུམ་ཞིང། །དེ་བཞིན་བྲུམ་ཕུམ་འཇམས་ལ་སྣུས། །རྡོག་མ་རིང་ཞིང ་བཟང་བ་དང། །ལྕེ་ནི་འཇམ་ཞིང་ཡངས་པ་དང། །པདྨ་འདྲ་ཞིང་ལུས་ཚུགས་ནི། །ཤིན་ཏུ་མཛེས་ཤིང་ཤ་ཡིས་རྒྱས། །རྐན་དང་མ་རྐན་མིག་དམར་ཞིང། །སྟོབས་ཆེ་གཟུགས་ནི་བཟང་བ་དག་།ཤམ་ཁྲེགས་པ་ཞེས་བྱ་བར་བཤད། །གསོད་ཁྲོམ་མེ་ཏོག་མདོག ་འདྲ་ཞིང། །ཟླུམ་ལ་ཆིལ་གྱིས་རྒྱས་ཞིང་བཟང། །ཤ་ཆེ་ཚིལ་ནི་ཆེ་གྱུར་པ། །ཚེ་མཁྲེགས་བ་ཡི་རྟ་ཞེས་བྱ། །ཁ་དོག་དཀར་བ་འམ་སྦྲང་རྩི་འདྲ། །མདངས་གསལ་སྙོམས་ཤིང་འཕྲེང་བ་ཡི། །སོ་འམ་མཆེ་བ་ཡོད་གྱུར་ལ། །མཚན་ནི་ཤིན་ཏུ་ལེགས་གྱུར་ཅིང། ་གང་གི་རུས་བ་ལེགས་སྐྱིས་ཤིང། །འབྱེས་ལ་བརྟན་པར་གྱུར་པ་དག་།ཁུར་གྱིས་ཞུམ་བ་མེད་གྱུར་པ། །དེ་ནི་རུས་མཁྲིགས་རྟ་ཡིན་ནོ། །རྐང་ནི་མར་གྱི་སྙིང་པོ་འདྲ། །སྲ་ཞིང་ལྕི་ལ་མཁྲེགས་པར་སྣང། །ཤ་ཡི་ཕྱི་དང་ནང་དག་ནི། །ཤིན་ཏུ་སྣུམ་པར ་སྣང་བ་དང། །མིག་གི་མདངས?་བཟང་ནག་པ་དང། །གང་གི་བ་སྤུ་སྣུམ་གྱུར་ཅིང། །སྟོབས་དང་མདངས་ཀྱི་ཡོན་ཏན་ལྡན། །ད་ནི་རྐང་མཁྲེགས་པ་ཞེས་བྱ། །སྣུམ་ཞིང་བསྐལ་དྲི་བ་མེད། །མ་ཞིང་བ་རིལ་ཤིང་འོ་མ་འདྲ། །གང་ལ་དེ་འདྲའི་ཁུ་བ་ཡོད།། ་དེ་ནི་ད་ཡིས་བཤད་ཀྱིས་ཉོན། །སྲ་ཞིང་སྟོབས་ལྡན་དྲེགས་བ་བོང?། །རྒྱ་ཆེར་དགའ་ཞིང་མགྱོགས་དང་ལྡན། །རྒོད་མ་ཤིན་ཏུ་ཚིམ་བྱེད་ཅིང། །མདངས་སྣུམ་འགྲོས་ནི་མྱུར་བ་དང། །དཀར་བའམ་ཡང་ན་མདོག་རྗེས་དཀར། །ཤད་པ་གནང་དང་ཚོལ ་དང་ནི། །རྐང་དང་རུས་པ་པགས་པ་དང། །ལུས་ལ་གང་གཞན་ཡོང་བ་རྣམས། །ཐམས་ཅད་རྒྱུས་པས་སྒྲེལ་བ་ཡིན། །འདི་ནི་མཁྲེགས་བར་གྱུར་བ་ཡི། །སྟོབས་དང་གཟི་མདངS?་མགྱོགས་པར་ལྡན། །ལུས་ཀྱི་ཡན་ལག་ཀུན ་ལེགས་འབྲེལ། །ཚིགས་ལེགས་ལས་རྣམས་ཐམས་ཅད་བྱེད། །འདི་ནི་རྩ་རུས་སྲ་བ་ཡིན། །སྙིང་སྟོབས་བརྟན་ལ་ད་ཉོན་ཅིག་།དཔའ་ཞིང་གཡུལ་དུ་དཔའ་མི་བགོ་།བློ་དང་དྲན་པའི་ཡོན་ཏན་ལྡན། །མདོག་སྣུམ་དེ་བཞིན་མདངས་དང་ལྡན། །ཕོ་མཚན ་ལྡན་ཞིང་ཚོར་བ་ཆེ། །ཆུ་ཞེང་གབ་པར་གྱུར་པ་ཡི། །ཡོན་ཏན་ཐམས་ཅད་ལྡན་བདག་།སྙིང་སྟོབས་བསྟན་པའི་རྟ་ཡིན་ཏེ། །རྡོ་རྗེ་མཁྲེགས་བ་འདྲ་ཞིང་གྲིམས། །ས་ཀུན་ལ་ནི་ཐོགས་མེད་ཅིང། །ལས་རྣམས་ཀུན་ལ་བསྔགས་པ་ཡིན། །འཁྲུགས་ཞིང ་ཚིམ་བར་བྱས་ན་ཡང། །ཁོང་འཁྲུགས་དགའ་བར་འགྱུར་བ་མེད། །འདི་དག་སྲ་བར་ཡང་དག་བཤད། །དེ་རྣམས་ཀྱིས་ནི་ཡོན་ཏན་ཉོན། །པགས་མཁྲེགས་སྲབ་ཅིང་མཚན་ལེགས་སྐྱེ། །མགྱོགས་བ་དག་དང་ལྡན་པ་ཡི། །ཁྲག་བཟང་མདངས་དང་ལྡན ་པ་དང། །ཡིད་གཞུངས་པར་ནི་འགྱུར་བ་ཡིན། །ཤ་མཁྲེགས་སྟོབས་དང་ལྡན་བ་དང། །རྟ་ནི་གཟུགས་བཟང་འགྱུར་བ་ཡིན། །ཚིལ་མཁྲེགས་པར་ནི་གྱུར་པའི་རྟ། །ལམ་གྱི་ཕ་རོལ་ཕྱིན་པར་འགྱུར། །རུས་མཁྲེགས་སྟོབས་དང་ལྡན་པ་དང། །དཔངས་མཐོ ་དེ་བཞིན་ཀུན་བྱེད་ནུས། །རྐང་མཁྲེགས་པར་ནི་གྱུར་པའི་རྟ། །སྟོབས་དང་གཟི་མདངས་ཕུན་ཚོགས་འགྱུར། །ཁུ་བ་མང་བར་གྱུར་བའི་རྟ། །བུ་མང་སྟོབས་ཆེ་འདོད་མོད་མེད། །རྩ་རྒྱུས་མཁྲེགས་པར་གྱུར་བའི་རྟ། །གཉིད་སྲབ་དལ་བ་མེད་པར་འགྱུར། ། ་སྙིང་སྟོབས་ཆེ་བ་བདག་ཉིད་བརྟན། །བདག་ཉིད་ཐུལ་ཅིང་ཐམས་ཅད་བྱེད། །དེ་ལྟར་སྟོན་ཀ་ཞེས་བྱ་དང། །མཁྲེགས་པར་གྱུར་པའང་བཤད་པ་ཡིན། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས། སྟོན་ཀ་བ་ཞེས་བྱ་བའི་ལེའུ་སྟེ་སུམ་ཅུ་རྩ་དགུ་པའོ།། །། ་དཀའ་ཐུབ་བརྟུལ་ཞུགས་ཡང་དག་གྲུབ། །ཆངས་བའི་གཟི་ལྡན་ཐུལ་བར་དགའ་། །ཤེས་དང་རྣལ་འབྱོར་བསམ་གཏན་དང། །སྒོམ་བ་ལ་གོམས་སྡིག་བྲལ་ལ། །ཤ་ལི་ཧོ་ཏྲའི་བུ་ལེགས་ཐོས། །ཐོས་བ་ཕུན་ཚོགས་དུལ་བར་ལྡན། །དྲི་བའི་ཚིག་འདི་དོན་མཆོག ་ལྡན། །ཤ་ལི་ཧོ་ཏྲ་ལ་དྲིས་པ། །ལེགས་ལྡན་སྔར་ནི་རྒྱལ་བོ་ལ། །རྟ་ལས་མཆོག་གྱུར་དཔུང་གཞན་མེད། །རྟ་ཡིས་ཐོབ་པར་མི་ནུས་པའི། །གནས་ཀྱང་རྒྱལ་པོས་ཐོབ་ཅེས་གསུངས། །དེ་ལ་རྟག་པར་རྟ་ཡོད་ཀྱང། །གལ་ཏེ་རྒྱལ་པོ་གཞན་ལས་ནི།། ་ཡུལ་གཞན་ལས་ནི་བྱུང་བ་ཡི། །རྟ་དག་ཉོ་བར་འདོད་གྱུར་ལ། །གང་ལ་རིན་ནི་ཅི་ལྟ་བུ། །ཡིན་པ་དེ་ལ་རྟོགས་པར་འདོད། །དེ་དྲོན་མ་ལུས་ཤེས་འགྱུར་བ། །ཁྱེད་ཀྱི་དོན་གྱིས་ཤེས་པར་འཚལ། །བདག་ཉིད་ཆེན་པོ་ལེགས་ཐོས་ཀྱིས། །དེ་ལ་གཉེན ་བསྐུར་བྱེད་པ་ན། །དྲང་སྲོང་ཆེན་པོས་ཉོ་ཚོང་གི་།རྟག་པ་འདིས་ནི་སྨྲས་པ་ཡིན། །གལ་ཏེ་རྟོན་ཡོད་གྱུར་ཀྱང། །རྟ་གཞན་ཉོ་བར་འདོད་གྱུར་ན། །རྟ་ཉུང་བ་འམ་འོན་ཏེ་ནི། །བཞོན་པ་ཟད་ཚེ་སྨོས་ཅི་དགོས། །རྒན་ཡང་འཁོར་ལོས་སྒྱུར་བ་ཡི། །རྒྱལ་པོ་ལ ་འོས་མཚན་ཉིད་རྫོགས་།མཚན་ཉིད་དོན་གྱི་འབྲས་འདོད་པས། །རབ་ཏུ་འབད་དེ་ཉོ་བར་བྱ། །རྟ་གང་གཡུལ་དུ་མི་ཤིས་ཡོད། །ཡོན་ཏན་གཞན་དག་ལྡན་གྱུར་ན། །རྒྱུ་བའི་ཡོན་ཏན་ལྡན་པའི་ཕྱིར། །དེའང་འབད་པས་ཉོ་བར་བྱ། །དམ་ཚིག་ངན་བའི ་གནས་སྐབས་འདས། །རྟ་ཡང་ཉོ་བ་ཉིད་དུ་བྱ། །དཔེར་ན་མི་ཤིས་ཉེས་བྲལ་བའི། །ཉིན་ཞག་འདས་ན་ལན་དང་མཚུངས། །ལྷ་ཡི་སྙིང་སྟོབས་གཟི་མདངས་ལྡན། །མགྱོགས་ཞིང་རིགས་སྟོབས་ལ་གནས་ན། །མཚན་ཉིད་ཅུང་ཟད་ལྡན་ན་ཡང། །རྟ་ནི ་བླང་བར་བྱ་བར་འོས། །དང་པོ་ལུས་ཀྱི་མཚན་ཉིད་དག་།བཟང་དན་གང་ཡིན་ཡན་ལག་ནི། །རེ་རེ་ནས་སྔོས་བརྟག་པར་བྱ། །དེ་ཡི་རྗེས་ལན་ཚོར་བརྟག་།ལུས་བརྟག་ནས་ནི་ཚེ་ཚང་ཏེ། །ཅི་སྲིང་ནས་ནི་འཆི་བ་བརྟག་།དེ་རྗེས་རིན་ཐང་གདབ་བྱ་སྟེ། ་གཞན་དུ་བཟང་བོ་ངན་པར་འགྱུར། །དེ་བཞིན་རིགས་དང་ཤེས་པ་དང། །མཚན་ཉིད་བཟང་དང་ངན་པ་དང། །མདོག་དང་གཙུག་དང་འགྲོས་ཀུན་དང། །དེ་ལས་གཞན་ཅིའང་རུང་བ་དང། །ཆུ་ཞེང་གི་ནི་ཚང་དག་དང། །དེ་བཞིན་རྒྱུ་བའི ་འགྲོས་དང་ནི། །རྒྱུག་ཚེ་ལུས་ཀྱི་མཐོ་དམན་དང། །དེ་བཞིན་སྡུག་དང་མི་སྡུག་དང། །བཞོན་ཆེ་སྙིང་ཉེ་སྙིང་རིང་དང། །སྐྱེ་གནས་བཅས་པར་ཤེས་པར་བྱ། །ལྷན་ཅིག་སྐྱེས་པའི་བ་དང་ནི། །སྲ་སྙིང་དག་གི་རང་བཞིན་དང། །རྟ་ཡི་ནང་ན་རྒྱུ་བ་ན། །སྙིང ་སྟོབས་དང་ཚུལ་གཟི་མདངས་དང། །ནད་མེད་ནད་དང་བཅས་པ་རྣམས། །རྟ་འདོད་པ་ཡིས་རྟག་ཏུ་བརྟག་།རིན་ཐང་དག་ནི་ཅི་ཙམ་གྱིས། །ས་ཨི་ཅི་ཙམ་ཆོད་གྱུར་པ། །དེ་ནི་རབ་ཏུ་བཤད་བྱ་ཡིས། །ངས་སྨྲས་པ་ལ་མཉན་པར་གྱིས། །རྟ་མཁན་དང་ནི་རྟ་རྫི ་དང། །རྟ་ལ་གོམས་དང་འགྲོས་མཐུན་དང། །རིགས་མཐོ་སྐམ་ཆགས་མེད་ཅིང་དུལ། །བློ་ཟབ་བསྟན་བཅོས་ཤེས་པ་དང། །གསོ་བ་ལེགས་པར་ཤེས་པ་དང། །ནད་གསོ་བ་ལ་མཁས་པ་དང། །ལན་འདེབས་པ་ལ་མཁས་པ་དང། །ལོང་ཡོད་པར་ནི ་བརྟག་པར་བྱ། །སྐར་མ་ཉིན་ཞག་ཤིས་ཕ་དང། །གཟའ་ནི་བཟང་པོ་ལ་བབ་ཚེ། །རྒྱལ་པོའི་བློན་པོ་འམ་རྒྱལ་པོ་ཉིད། །གྲོང་ཁྱེར་གྱི་ནི་ཕྱི་རོལ་གྱི། །ཤར་དང་བྱང་གི་ཕྱོགས་སུ་ནི། །ས་ཕྱོགས་མཉམ་ཞིང་གཙང་བདག་།ཐག་ཐོག་མེད་ཅིང་བགྲོད་བར ་བར། །ཀུན་ཏུ་མཉམ་པར་གྱུར་པ་ཡིས། །ཆུ་ཞེང་མཉམ་ཞིང་ཤར་དུ་ཡངས། །རིན་ཐང་སྤྱོད་པ་གཙང་མར་གནས། །ཆུར་ནི་གཞུ་འདོམ་ཉིས་བརྒྱ་པ། །ཞེང་དུ་དེ་ཡི་བརྒྱད་ཆ་དུ། །རྐེ་ནས་འཛིན་པར་བྱེད་པ་ཡི། །མི་རྣམས་ཀྱང་ནི་བཞག་པར་བྱ།། ་མྱང་པོ་ལས་ནི་མཆོག་དང་འབྲིང། །ཐ་མ་སྡེ་ཚོམས་གསུམ་དུ་བྱ། །དེ་རྣམས་མཚན་ཉིད་ངན་པ་ཡི། །ཉེས་དང་རིགས་ལས་རིན་ཐང་གདབ། །ཉོ་བྱ་ཉུང་ཞིང་མཉམ་གྱུར་ན། །ཆ་མཉམ་པ་ཡི་རིན་ཐང་གདབ། །སོ་སོང་ཡོངས་སུ་བརྟགས་ནས་ནི། ། ་རིན་ཐང་སོ་སོར་གདབ་པར་བྱ། །དེ་བཞིན་བསླབས་པ་བྱ་བ་དང། །མ་བྱང་བ་ཡི་མཚན་ཉིད་ནི། །ཞོན་དེ་འབད་པས་རྟགས་ནས་ནི། །རིན་ཐང་གདབ་པ་ཉིད་དུ་བྱ། །སྒྲ་ཆེན་སྐྱེ་བོ་མང་པོ་ཡི། །ཐལ་མོ་ཅ་ཅོ་བསྡིགས་བྱས་པས། །སེམས་ཀྱི་རང་བཞིན་བརྟག་བྱ ་ཞིང། །འཇམ་པ་ཡིས་ཀྱང་རེག་པ་བརྟག་།བློ་བུར་གླང་ཆེན་འབྲུག་སྒྲ་དག་།གྲགས་ལས་སྙིང་སྟོབས་བརྟག་པར་བྱ། །གཟི་མདངས་དང་ནི་མི་མཐུན་ཕྱོགས། །ངང་ཚུལ་དང་ནི་དུལ་བདག་།རེ་རེ་ནས་ནི་ཤར་ཕྱོགས་སམ། །བྱང་དུ་ཁ་ནི་བསྟན་བྱས ་ལ། །གདོང་ནི་མཐར་ཐུག་ཡོངས་སུ་ནི། །བསྐོར་ཞིང་བརྟག་པ་ཉིད་དུ་བྱ། །ཅི་ནས་འཚོང་དང་ཉོ་བ་དང། །མཆོག་དང་དགའ་བ་གྱུར་པ་ནི། །རྟ་འདུལ་མཁན་དང་འཚོང་ཁ་བས། །དེ་ལྟར་རིན་ནི་ངེས་པར་བཅད། །ཉོ་བ་དང་ནི་འཚོང་བ་དང། །ལག་གངས ་དང་པོར་གོ་བྱས་ལ། །དེ་ཡི་འོག་ཏུ་ཐམས་ཅད་ཀྱི། །མདུན་དུ་གནས་ཏེ་གསལ་བར་བྱ། །རྟལ་བརྫུན་གྱིས་སླུ་བྱེད་ན། །རིགས་བརྒྱ་ངེས་པར་ཀློག་འགྱུར་བས། །འཚོང་བའམ་ཉོ་བར་བྱེད་པ་ལ། །བསླུ་བདག་ཏུ་མི་བྱའོ། །གལ་ཏེ་རིན་ཐང་གསལ ་བྱས་ནས། །རྟ་མི་སྟོད་དམ་མི་ལེན་ན། །གང་ཞིག་འགལ་བར་གྱུར་པ་ནི། །དེ་ལ་ཆད་པས་ཅི་རིགས་བཅད། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས། ཉོ་ཚོད་བརྟག་པའི་ལེའུ་སྟེ་བཞི་བཅུ་པའོ།། །།གནས་དང་པོ་རྫོགས་ཤོ།། །། ་ཤ་ལི་ཧོ་ཏྲ་བདེ་ལ་གནས་ལ། །ལེགས་ཐོས་ཀྱིས་ནི་ཡོངས་དྲིས་པ། །རྗེས་སུ་བཏུང་བར་ཆང་དག་ནི། །ཅི་འདྲ་བར་ནི་བླུད་པར་བྱ། །ནད་ཀྱི་རང་བཞིན་ཅི་འདྲ་བ། །སྨན་ནི་ཅི་འདྲ་དང་སྦྱར་སྦྱིན། །ངོ་ནི་གཞན་དུ་གྱུར་པ་ན། །ཆང་གིས་ནང་ནི ་གང་ཞིག་བསྐྱེད། །འདིར་ནི་ཆུ་སྦུབས་ཚད་ཅི་ཙམ། །དེ་བཞིན་ཆད་ནི་ཅི་འདྲ་བླུད། །རྗེས་སུ་བཏུང་བའི་ཆོ་ག་འདི། །སྨྲ་མཆོག་ཁྱེད་ཀྱིས་བསྟན་དུ་གསོལ། །བུ་ཡིས་དེ་སྐད་དྲིས་པ་ན། །ཤ་ལ་ཧོ་ཏྲས་སླར་སྨྲས་པ། །མདོ་མའི ་ཚིགས་ནི་གཉིས་པ་ལས། །སྨན་པ་ཡི་ནི་སོར་ཚད་ཀྱིས། །ཆུར་ནི་སོར་ཡང་བཅུ་དྲུག་ལ། །ཞེང་དུ་སོར་གཉིས་ཆུ་སྦུབས་བྱ། །ཟླུམ་ཞིང་རྩེ་མོ་རྟ་སྣ་འདྲ། །འཇམ་ཞིང་ཤིན་ཏུ་སྲ་བ་ལ། །དུ་ག་མཐེ་བོ་ཤོ་བ་ཙམ་ནི། །རྩེད? ་མོའི་ཕྱོགས་སུ་བྱ་བ་ཡིན། །ཡ་སོའི་གསེབ་དུ་གཏང་ན་ནི། །གཡོན་ཕྱོགས་སུ་ནི་གཞུག་པར་བྱ། །བདེ་ཞིང་དྲང་པོར་བཞག་ནས་ནི། །མགོ་བོར་སླར་ཡང་བདག་བྱས་ལ། །ཆུ་སྦུབས་མཚན་ཉིད་དེ་འདྲ་བ། །སུམ་ཆ་ཉེ་བར་གཟུང་ནས་ནི། ། ་སོར་བཞིར་ཁ་ཡི་ནང་སྤོངས་ལ། །གནོད་པ་མེད་པར་བླུད་པར་བྱ། །རིངས་པར་སྦྱིན་པར་མི་བྱ་ཞིང། །ཉུང་ཉུང་ཡང་དང་ཡང་མི་སྦྱིན། །དེ་འདྲའི་ཚུལ་གྱི་ཆུ་སྦུབས་དང། །རྟ་ལ་བཏུང་བ་བླུད་པར་བྱ། །འོ་མ་ཆར་ལས་གྱུར་པའི་ནང། །ནམ་ཡང ་ཆུ་སྦུབས་ཀྱིས་ནི་སེལ། །དེ་བས་ཆུ་དང་འོ་མ་ནི། །ཆུ་སྦུབས་དང་ནི་བླུད་མི་བྱ། །ཆང་ནི་འབུ་ཞུགས་རུལ་པ་དང། །སྐྱུར་ཞིང་མདོག་ཉམས་སྤྱི་བག་ཅན། །གསར་དང་ཚིག་དང་ཤུན་པ་ཆགས། །སྙིགས་མར་གྱུར་པ་སྨད་པ་ཡིན། །གང་ཚེ ་རྟ་ནི་སྐྱུར་བ་འམ། །སྤྱི་བག་ཅན་གྱི་ཆད་བླུད་ན། །དེ་ཚེ་ཁྲག་དང་མཁྲིས་པ་ནི། །ཐ་མལ་པ་གནས་འཁྲུག་པར་འགྱུར། །ཚིག་ཅིང་ཉམས་པས་བད་མཁྲིས་དང། །རླུང་ཡང་སྐྱེད་པར་བྱེད་པ་ཡིན། །དྲི་མ་ཞིམ་ཞིང་རུལ་པ་ཡིས། །རླུང ་དང་བད་ཀན་མཁྲིས་པ་དག་།གནས་ནས་སྐྱོང་བར་བྱེད་བ་དང། །རྒྱལ་དང་རྨོངས་བག་སྐྱེད་པར་འགྱུར། །རླིངས་དང་ཆང་གི་སྙིགས་མ་དང། །འབུ་དང་བཅས་པ་བྱིན་ན་ནི། །རྟ་ཡི་ནད་བཞི་རྣམས་པ་ནི། །ལུས་གཟུངས་ངག་ཀྱང ་?་ཁྲུག?་པར་འགྱུར། །ངོ་དང་མཐུ་མེད་ཆད་གཞོན་དང། །བླུད་ན་རླུང་ནི་འཁྲུག་པར་བྱེད། །དེ་བས་ཤས་ཆེར་སྔར་གྱུར་པ། །ཁ་དང་ཚ་བའི་རོ་ལྡན་པ། །སྒྱུར་དང་ལན་ཚྭ་ཆེར་མི་བྲོ། །བསྐབ་?་བསྡགས་པར་གྱུར་པ་ཡིན། ། ་ཆད་ནི་རོ་དྲུག་རྗེས་འཇུག་བས། །ཡོན་ཏན་དྲུག་དང་ལྡན་པ་ཡིན། །མདོག་བཟང་དྲི་ནི་བཟང་བ་དག། གསོལ་བ་རྣམས་ལ་བསྡགས་པ་ཡིན། །རོ་རྩ་རླུང་ནི་ནད་སེལ་ཅིང། །དྲི་མེད་སྟོབས་ཀྱང་འཕེལ་བྱེད་ཡིན། །ངལ་བ་སེལ་ཅིང་ཡི་གར་འགྲོ་།ཕྱི་རོལ་བསིལ ་བྱེད་ཡོན་ཏན་ལྡན། །ལུས་ཀྱི་ནད་གི་ཚ་བྱེད་ཅིང། །ཞུ་རྗེས་ཀྱང་ནི་ཆབ་ཡིན། །བད་ཀན་སྨུག་དང་སྐེམ་བསེལ། །ཁྲག་ཀྱང་དང་བར་བྱེད་པ་ཡིན། །གཅིན་སྲི་བ་དང་ཚད་འཁྲུ་བ། །ཕན་ཞིང་རླུང་ནི་བདེ་རྒྱུ་བྱེད། །རྟས་བྱེད་འཇུ་བྱེད་མཆོག་ཡིན་ཞིང། །མདོག་ཀྱང ་གསལ་བར་བྱེད་པ་ཡིན། །མེ་དྲོད་ཉམས་པས་ཟོས་རྗེས་ལ། །ཆང་འཐུངས་མེ་དྲོད་སྐྱེད་པར་བྱེད། །རྟ་ཡི་ནད་ནི་ཐམས་ཅད་ལ། །ཕལ་ཆེར་ཆད་ནི་ཕན་པ་ཡིན། །ཆད་ནི་ཁར་སྦྲང་རྩི་དང། །སྦྱར་བ་བཏུང་བར་བླུད་གྱུར་ན། །ཁོང་པའི་མེ་དྲོད་སྐྱེད་བྱེད་ཅིང།། ་ཁ་ཡི་ལྗན་ལྡིན་སྤྱོད་བར་བྱེད། །བུར་མ་ཡང་ནི་ཁྱད་བར་དུ། །རོ་ཙ་བྱེད་ཅིང་རླུང་མཁྲིས་སྐྱེད། །ཁ་ཞིང་བསྐ་པའི་རོ་ལྡན་པ། །ཞུ་རྗེས་ཚ་བར་གྱུར་པ་ཡིན། །ཞུ་རྗེས་ཚ་ཞིང་རྩུབ་པས་ན། །བད་ཀན་སྦྱོང་བར་བྱེད་པ་ཡིན། །དེ་བཞིན་ཚ་ཞིང་རྩུབ་པས་ན། །མཁྲིས ་པ་རླུང་ནི་འཁྲུག་པར་བྱེད། །ཁར་བསིལ་ཞིང་རྩུབ་པས་ན། །དྲོད་པོ་མིན་པས་རླུང་སྐྱེད་བྱེད། །ནིམཔ་གསེང་ཁྲོམ་པྲི་ཡང་ཀུ། །བླ་སྒང་པི་པི་ལིང་གདབ་དང། །སྦྲང་རྩི་དང་ནི་སྦྱར་བ་ཡི། །བཏུང་བ་དཔྱིད་ཀྱི་དུས་སུ་བསྡགས། །ཤིང་མདར་གསེར་ཁྲོམ་པི་པི་ལིང།། ་པྲི་ཡང་ཀུ་དང་བཅས་སྒ་བཏབ། །བུ་རམ་དང་སྦྱར་བཏུང་བ་བླུད། །སོས་ཀའི་ཚེ་ན་བསྔགས་པ་ཡིན། །ཐད་ཤིང་དང་ནི་བཅའ་སྒ་དང། །ལན་ཚྭ་དང་ནི་ཏིལ་མདང?་པི་པི་ལིང་ཕྱེ་བཏབ་པ་ཡི། །རྗེས་སུ་བཏུང་བར་བྱར་ཆེ་བསྡགས། །ཤུ་ཏི་བཅའ་སྒ?་བི་པི་ལིང། །ཙི་ཏ ་ཀ་དང་ན་ལེ་ཤམ། །ཁར་དགུན་འབྲུ་དང་སྦྱར་བའི། །རྗེས་སུ་བཏུང་བ་སྟོན་ཚེ་བསྡགས། །འཚོ་བྱེད་སྡེ་ཚན་པི་པི་ལིང། །ཤིང་མདར་དང་ནི་མ་ནུ་དང། །གསེར་ཁྲོམ་རྒྱམ་ཚོ་དང་སྦྱར་བའི། །བཏུང་བ་དགུན་གྱི་དུས་སུ་བསྡགས། །ཟི་རར?་ནི ་བྱིང?་དག་།ཚ་བ་གསུམ་དང་ཙི་ཏྲ་ཀ། ལྕེ་མྱང?་ཚ་དང་སྤྲང་རྩི་བཏབ། །བཏུད་བད་ཀུན་གྱི་དུས་སུ་བསྡགས། །རླུང་དང་མཁྲིས་པ་བད་ཀན་རྣམས། །རྣམ་པ་དུ་མར་འཁྲུགས་གྱུར་བའི། །གསོ་བ་ཉེ་བར་བསྟན་པ་ལ། །རྗེས་སུ ་བཏུང་བླུད་པར་བྱ། །ཉི་མ་ཤར་མ་ཐག་དུ་ནི། །དང་པོ་གདོང་ནི་བཀྲུས་ནས་ཀྱང། །ཁོང་པ་དག་གྱུར་རྟ་རྣམས་ལ། །རྗེས་སུ་བཏུང་བ་ཀླུང་བར་བྱ། །ཆུ་ནི་གྲང་མོ་དག་གིས་ཀྱང། །གདང་དུ་ཉེ་བར་བླུགས་བྱས་ལ། །རྩ་ནི་ཡུད་ཙམ་བྱིན་ནས་ཀྱང། །ཁྲུས ་བྱས་རྗེས་ལ། བཟས་སྦྱིན། །སོ་སོའི་མེ་སྟོབས་སོ་སོའི་ནད། །སོ་སོའི་རང་བཞིན་ལས་སྤགས་ཏེ། །དུས་ནི་སོ་སོར་བླུད་ཁྱས་ནས། །དེ་ཕྱིར་སོ་སོར་བཏུང་བར་བཤད་།ཟོས་བའི་རྗེས་ལ་བྲུང་བྱ་བས། །རྗེས་སུ་གཏུང་བ་ཞེས་ཀྱང་བཤད། །ཟོས་པའི་རྗེས ་ལ་བཏུང་བར་ནི། །འབྲས་ཆང་དངས་མ་འབའ་ཞིག་བསྡགས། །སྐོམ་དུ་ཆད་ནི་བླུད་གྱུར་པ། །ཟས་ནི་ཡི་ག་འབྱེད་བྱེད་ཅིང། །སྟོབས་ནི་འཕེལ་བར་བྱེད་པ་དང། །ནད་རྣམས་སེལ་བར་བྱེད་བ་ཡིན། །ལྟོགས་དང་ཤིན་ཏུ་དུབ་པ་དང། །ལུས་ཀྱི་ཁོང་ཚ་དྲན་པ ་ཉམས། །གདོན་ནད་ཅན་དང་དུག་གིས་ཕོག་།ཏལ་ཆང་ནི་བླུད་མི་བྱ། །ཆང་བླུད་པ་ཡི་རྟ་ལ་ནི། །ནམ་ཡང་མཉེ་བར་མི་བྱའོ། །དེ་ལྟར་མེ་དྲོད་ཚུལ་ལས་ནི། །རྗེས་སུ་བཏུང་བ་བླུད་པར་བྱ། །རྗེས་སུ་བཏུང་བ་ལན་ཚྭ་ལྟར། །བུ་རམ་ཡང་ནི་སྦྱིན་པར་བྱ། །པི་པི ་ལིང་དང་བཅའ་སྒྲ་ནི། །དེར་ནི་སྲང་བཞི་གཞུག་པར་བྱ། །ཏིལ་མར་ཕུལ་གང་ཉིད་དང་བསྲེ། །བཏུང་བ་སྔ་དྲོ་བླུད་པར་བྱ། །ཆང་གི་ཉེས་པ་ལས་གྱུར་བའི། །ནང་ནི་སྣང་གྱུར་གང་ཡིན་ལ། །གསོ་བ་རུ་ནི་བཤད་པ་ཡིན། །སྨན་གྱིས་སླར་ནི་བཅོ་བར་བྱ། ། ་རྗེས་སུ་བཏུང་བའི་དོན་དུ་ནི། །ལེགས་ཐོས་ཀྱིས་ནི་ཡོད་སྨྲས་བ། །གང་གིས་དུས་སུ་གང་སྦྱིན་ཞིང། །ཚད་དང་སྨན་ནི་གང་དང་བཅེས། །བཏུང་བ་སྨན་ནི་གང་དུ་སྦྱིན། །ཆང་དངས་ཆང་སྙིང་སྦྱར་བའི་ཆང། །དེ་བཞིན་དགུན་ཆད་ལ་སོགས་པ། །གང་ཚོ་སྦྱིན ་པ་བདག་ལ་གསུངས། །བུ་ཡིས་དེ་སྐད་དྲིས་བ་དང། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །དགུན་ཆེ་ནས་ཆང། །སྦྱིན་བྱ་ཞིང།།དགུན་སྨད་དུས་སུ་ནས་ཆང་བླུད། །དབྱིད་ནི་སྤྲད་ཆད་སྦྱིན་བྱ་ཞིང། །སོས་ཀ་ཆ་དངངས་སྦྱིན་པར་བྱ། །དབྱར་གྱི་དུས་སུ་ཆད་རྙིང་སྦྱིན། །སྟོན་ནི ་དགུན་ཆད་སྦྱིན་པར་བྱ། །ཟླ་ཕྱེད་དུས་དང་སྨན་སྦྱོར་བ། །གང་ཞིག་བླུད་བྱ་དེ་བཤད་བྱ། །སྔ་དྲོ་ཁོང་བ་སྦྱངས་པ་ལ། །ཆང་གི་དངས་མ་ཕུལ་གང་དང། །དེ་བཞིན་ཏིལ་མར་ཕུལ་བྱེད་དང། །ཁང་དཀར་པོ་སྲང་བཅུ་དང། །ཆ་བ་གསུམ་ནི་སྲང་གཅིག་དང། །ལ་ན ་ཚྭ་ཡང་ནི་སྲང་གཅིག་དག། རྟ་ནི་ཆེན་པོ་ལ་སྦྱིན་བྱ། །དེ་ཡིས་དེ་ལ་ཐོབ་པར་འགྱུར། །བར་མ་ལ་ནི་བརྒྱད་ཆ་དང། །དེ་ལ་རྣམ་པར་དབྱེ་བར་བྱ། །པི་པི་ལིང་དང་ན་ལེ་ཤམ། །པ་ར་ཆུ་དག་བུ་ཅོ་ཤེལ། །བཅད་སླ་དང་ནི་ཤིང་ཀུན་དག་།སྲང་གཅིག་དང་ནི ་ཡིན་པར་བཤད། །སྔར་བཤད་པ་ཡི་ཚད་ལས་ནི། །ཕུལ་གང་ཉིད་ནི་འདི་ལ་སྦྱིན། །ལན་ཚྭ་ཁ་ར་ཏིལ་མར་ནི། །སྔར་བཤད་བ་ཡི་ཕྱེད་དུ་འདོད། །ཆང་བླུད་རྗེས་ལ་འོ་མ་ནི། །འབད་དེར་ཡོངས་སུ་སྤངས་བར་བྱ། །དེ་བཞིན་འོ་མ་བླུད་རྗེས་ལ། །ཆད ་སྦྱིན་བར་ཡང་མི་བྱའོ། །ཆང་འཐུངས་རྗེས་ལ་སྐོམ་བླུད་པ་འམ། །ཟས་ཀྱི་རྗེས་ལ་བླུད་པའང་རུང། །ཟས་ནི་དུས་རྣམས་ཀུན་ཏུ་སྦྱིན། །སྐོམ་ནི་ཕྱི་དྲོ་བླུད་པར་བྱ། །སྐོམ་བླུད་རྗེས་ལ་རྩོལ་གྲགས་པ། །རྣམ་པ་ཀུན་ཏུ་པར་བར་བྱ། །ཟླ་ཕྱེད་དུས་སུ་གང ་སྦྱིན་པ། །དེ་ནི་ཅི་བཞིན་སྔར་བསད་ཡིན། །ཤལ་ཧོ་ཏྲའི་གནས་བདུན་བ་ལས། །རྗེས་སུ་བཏུང་བ་བསྟན་པའི་ལེའུའོ།། །།ཤལ་ཧོ་ཏྲས་ཐུབ་མཆོག་ལ། །ལེགས་ཐོས་ཀྱིས་ནི་ཡོངས་དྲིས་པ། །སྨན་བ་མཆོག་གིས་རྟ་རྣམས ་ལ། །རོ་དྲུག་པོ་ནི་དགོས་པར་གསུངས། །རོ་དྲུག་པོ་ནི་དགོས་པ་ལ། །འདི་ལ་ཤས་ཆེར་ལན་ཚྭ་ནི། །སྦྱོར་བ་ཀུན་ལ་རབ་ཤེས་ཏེ། །ལུས་ནི་བརྟས་པར་བྱེད་བ་དང། །ཁ་ཟབ་ལེན་པ་ནུས་པ་དང། །ལྟོ་བར་ཕྱིན་པར་གྱུར་པ་ན། །ལེགས་? ་ཅི་འགྱུར་རྒྱུ་དེ་གསུངས། །དེ་སྐད་དྲིས་ཚེ་ལེགས་ལྡན་ནི། །ཤ་ལི་ཧོ་ཏྲས་སླར་སྨྲས་བ། །རྟ་ནི་རླུང་གི་ཤུགས་ལྡན་ཞིང། །རླུང་ཤས་ལྷག་པར་ཆེ་བ་ཡིན། །རླུང་འཇོམས་པས་ནི་རོ་དྲུག་ལས། །ལན་ཚྭ་རྟ་ལ་མཆོག་ཏུ་བསྔགས། ། ་མདངས་ནི་རྣམ་པར་འཕེལ་བྱེད་ཅིང། །སྦྱོར་བ་ཀུན་དང་རྗེས་མཐུན་ལ། །ལྗང་པ་ཤས་ཆེར་མདར་བས་ན། །འཇུ་དཀའ་བར་ནི་བཤད་པ་ཡིན། །དེ་བས་ལན་ཚྭ་ཕན་གྱུར་ཅིང། །རྟ་རྣམས་བརྟས་པར་བྱེད་པ་ཡིན། །གཞན་ཡང་ལན་ཚྭའི་ཡོན་ཏན་རྣམས།། ་ད་ཡིས་བཤད་ཀྱིས་དེ་ཉན་གྱིས། །འདྲུལ་ཞིང་དྲོད་ནི་སྐྱེད་བྱེད་ལ། །ཟས་འཇུ་ལུས་རྒྱས་བྱེད་བའི་མཆོག་།དྲགས་ན་བད་ཀན་སྐྱེད་བྱེད་ཅིང། །ལུས་ཀྱང་ལྷོད་པར་འགྱུར་བར་བཤད། །རན་པས་ཁ་ནི་སྦྱོང་བྱེད་ཅིང། །སྟོབས་བསྐྱེད་མདོག་ནི་དག་བྱེད ་ཡིན། །གང་ཞག་རླུང་ནད་ཀྱིས་ཉེན་དང། །གང་ཞིག་རྩ་དང་འགྲས་པ་དང། །གང་ཡང་ཡིད་མི་བདེར་གྱུར་དང། །གཉིད་ནི་མེད་པར་གྱུར་པ་དང། །གང་ཞིག་མེ་དྲོད་ཉམས་བའམ། །གང་ཞིག་མེ་དྲོད་མི་སྙོམས་དང། །ལུས་ཟུངས་རྣམས་ལ་གནོད ་བྱས་པས། །བསླས་ཀྱང་ཚོན་པོར་མ་གྱུར་དང། །དེ་ལ་ཚང་ལྡན་ལན་ཚྭ་ནི། །བྱིན་ན་ནང་རྣམས་སེལ་བྱེད་ཡིན། །ལན་ཚ་འབའ་ཞིག་བྱིན་པ་འམ། །ཆད་དང་སྦྱར་ཏེ་བྱིན་པར་བྱ། །ལན་ཚྭས་ཕོ་བའི་མེ་དྲོད་ནི། །བསྐྱེད་ཅིང་མདོག་སྟོབས་འཕེལ ་བྱེད་ཡིན། །ལུས་ནི་རྣམ་པར་རྒྱས་བྱེད་ཅིང། །ཟས་ཀྱང་མང་དུ་ཟ་བར་ནུས། །དེ་ལྟར་ལན་ཚྭའི་ཡོན་ཏན་ནི། །བཤད་ནས་སོ་སོའི་དབྱེ་བ་བསྟན། །རྒྱམ་ཚ་དང་ནི་ཁ་རུ་ཚ། །རྒྱམ་མཚོའི་ཚ་དང་མཚོ་ཚ་དང། །ཡབ་ཀྵ་ར་སྲོ་ཧི་ཀ་།ཙ་རུ་ཆ་ནི་བདུན ་པ་ཡིན། །བུལ་ཏོག་བརྒྱད་པ་ཉིད་ཡིན་ནོ། །འདི་ནི་ལན་ཚྭའི་ཚོགས་སུ་འདོད། །ཀུན་ལ་རྒྱ་མཚོ་མཆོག་ཡིན་ཏེ། །དེ་ནས་རིམ་གྱིས་ཡོན་ཏན་ཆུང། །འདི་རྣམས་སྦྱོར་བའི་ཚད་དང་ནི། །དུས་ཀྱང་ལས་ཉན་བར་གྱིས་ཟས་དང་རྗེས་?? ་བ་ལ། །དེ་ཡི་ཁུབ་དང་སྦྱར་བྱ། །སྔ་དྲོའམ་ཡང་ན་ཕྱི་དྲོའམ། །ཡང་ན་ཁྲུས་བྱས་དུས་སུ་ནི། །རྟག་ཏུ་ལན་ཚྭ་བྱིན་གྱུར་ན། །མེ་དྲོད་རྣམ་པར་འཕེལ་བྱེད་ཡིན། ཁྲེག་དང་རྒན་དང་ཤིན་ཏུ་གཞོན། །དེ་བཞིན་སྐོམ་གྱིས་གདུངས་པ་དང། །མཁྲིས་པ་ཁྲག་གི་ནད ་བཅས་དང། །གང་ཡང་བད་ཀན་གྱིས་ཉེན་དང། །གཅིན་ནི་ཁྲག་འདྲ་འབྱུང་བ་ཡི། །ནང་ནི་གང་ཚེག་སོགས་གྱུར་པ། །དེ་ཚེ་བཏང་ན་ཐམས་ཅད་ལ། །ཁོང་པར་གནོད་པ་བསྐྱེད་པར་བྱེད། །ལན་ཚྭའི་སྦྱོར་ཉེས་ཁོར་པར་ནི། །ཁྲག་གི་ནད་ནི་སོག་བར་བྱེད། ། ་མཁྲིས་པས་ཡང་ནི་བསྐྱེད་བྱེད་ཡིན། །བད་ཀན་ཡང་ནི་སྡུད་པར་འགྱུར། །ཁྲག་དང་མཁྲིས་པ་ལས་བྱུང་བའི། །ཚ་བ་སྙིང་གི་སྐྱེད་པར་བྱེད། །དེ་ནི་རྨིང་བག་སྐྱེ་འགྱུར་ཏེ། །རྟགས་འདིས་སྦྱོར་ཉེས་ཡིན་ཤེས་བྱ། །སྙིང་ག་ཚ་ཞིང་ཁ་ནས་ནི། །ཁ་ཆུ་སྦུ་བ ་དང་བཅས་འབྱུང། །ཆུ་ལ་མངོན་པར་དགའ་བ་དང། །རྟག་ཏུ་འཐུང་བར་འདོད་པར་འགྱུར། །ཉམ་ཆུང་བཤད་བ་སྲི་བ་དང། །ལྕེ་ཡང་འབྱིན་པར་བྱེད་པར་འགྱུར། །རྩཝ་ལ་སྲེད་པ་ཆུང་བ་དང། །སལ་ལྕེ་ཡིས་འདེགས་བར་བྱེད། །ཀུན་ཏུ་དབུགས་རྒོད་ལུས་རྡུལ་ཞིང། ་མཁྲིས་པའི་ཚེ་བས་གདུངས་པ་དང། །སྙིང་ག་བསྲག་པར་མཉམ་སེམས་ཞིང། །དེ་ཡི་ཁ་ཡང་སྐམ་པར་འགྱུར། །མགོ་བོ་འགུགས་ཤིང་སྐེ་བར་འཇོགས། །མདོག་ཉམས་ལུས་ནི་བཅག་པར་འགྱུར། །ལན་ཚྭ་ལས་གྱུར་ནད་དེ་འདྲར། །ཤེས་པར་བྱས ་ནས་གང་སོང་ཙམ། །ཚུ་ལོ་སྤང་དང་བླུགས་པ་དང། །འདམ་གྱིས་ཡོངས་སུ་བསྐུ་བར་བྱ། །ཆུ་བསིལ་ཁ་ར་དང་སྦྱར་བའི། །བཏུང་བ་རེ་ལ་བླུད་པར་བྱ། །ཆུ་དྲང་ལ་ནི་སྤང་བར་བྱ། །འཐུང་དུ་གཞུག་པར་མི་བྱའོ། །འབྲས་ཆང་གྲང་མོ་འོ་མ་དང། །མར་དང་སྦྲང་རྩི ་དང་སྦྱར་བྱིན། །པ་རུ་ཤ་ཀ་དགུན་འབྲུ་དང། །གིས་ལུའི་འབྲས་བུ་ཁ་ཏེ་དཀར། །སྒྲང་རྩི་དང་ནི་བསྲེས་པ་ཡིས། །སྨན་གྱི་ཆར་བུ་དེ་ལ་བྱིན། །སྔར་བཤད་བ་ནི་གང་ཡིན་པ། །ཁ་སྦྱར་ཆོ་ག་དེ་ཡང་བྱ། །ནས་དང་འབྲས་ནི་དྲུག་ཅུ་པ། །བ་གཅིན་དང་ནི་སྦྲུལ? ་པ་བྱིན། །ཡང་ན་འབྲས་ཆེན་བ་ལ་དང། །སྐྱུར་རྩབས་དང་ནི་སྦྱར་བ་བྱིན། །ཕལ་ཆེར་མངར་ཞིང་རླུང་འཇོམས་པའི། །སྨན་གྱིས་གདའ་བའ་ཨི་ཆོ་ག་བྱ། །ཁྲག་དང་མཁྲིས་པ་སེལ་བ་ཡི། །མདར་བའི་སྨན་གྱིས་འཇམ་རྩི ་བཏང། །གལ་ཏེ་ཁྲག་ནི་ཤས་ཆེ་བས། །ལུས་ནི་ཤིན་ཏུ་ལྕི་གྱུར་ན། །རྟལ་གཏར་ཀ་བྱས་གྱུར་ན། །བདེ་བ་དེས་བར་ཐོབ་པར་འགྱུར། །དང་པ་དུར་བ་ཁྲུང་ཁྲུང་དང། །ཆུ་བྱ་གཞན་དང་འོལ་བྱ་དང། །རྨ་བྱ་ཁྱིམ་བྱ་སྲེག་པ་ཡི། །ཤལ་ཤ་ཁུ་བྱས་ཏེ ་སྦྱིན། །གནས་ནི་བདེ་ཞིང་བསེར་བུ་རྒྱུ། །བསེལ་ཞིང་ཆག་ཆག་བཏབ་པར་བཞག་།ུཏཔལ་བརྒྱད་པ་དུརྦ་དང། །རྟ་སྨྲ་བྲིཏྟ་རྫུན། །རྩཝ་ཡི་ཕྱེད་དུ་སྦྱིན་བྱས་ན། །དེས་ནི་བདེ་བ་ཐོབ་པར་འགྱུར། །ཤ་ལི་ཧོ་ཏྲའི་གནས་བདུན་པ་ལས་། ལན ་ཚྭའི་སྐྱོན་དང་ཡོན་ཏན་བསྟན་བའི་ལེའུའོ།། །།ལེགས་ཐོས་ཐོས་པ་ཕུན་ཚོགས་པས། །ཤ་ལི་ཧོ་ཏྲལ་དྲིས་བས། །ཁྱེད་ནི་རྟ་ཡི་ཚེའི་རིགས་བྱེད། །ཡན་ལག་བརྒྱ། ཀྱིས་དེ་ཉིད་མཁྱེན། །རྒྱུ་དང་མི་རྒྱུའི་འགྲོ་བ་ནི། །ཆུ་ལ ་རག་ནི་ལུས་པ་ལགས། །འགྲོ་བ་འབྱུང་དང་འབྱུང་འགྱུར་དང། །དེ་ལྟར་གང་ཞིག་གནས་པ་ཡི། །སེམས་ཅན་རོ་ལ་རྣམ་བར་བརྟེན། །རོ་ཡང་ཆུ་ལས་བྱུང་བར་བཤད། །མཆོག་ཏུ་རྟ་ནི་རོ་ཀུན་གྱི། །བདག་ཅག་ཆུ་ནི་སྲོག་ཏུ་བཤད། །འདི་ནི་རྟ་ཡི ་ཁོང་པ་ན། །གནས་ཚེ་ནད་ནི་ཅི་ལྟར་སྐྱེད། །ཟས་ཀྱི་ནང་དུ་རོ་གང་ཞིག་།ཆུ་ཡིས་རྣམ་པར་རྒྱས་པར་བྱེད། །སྨན་བ་མཆོག་ལས་འདི་དག་གི་།དེས་བ་བདག་ནི་མཉན་པར་འཚལ། །བུ་ཡིས་དེ་སྐད་དྲིས་བ་དང། །ཤ་ལི་ཧོ་ཏྲས་སླར་སྨྲས་པ།། ་ལགས་ཐོས་འདི་དག་ཐམས་ཅད་ནི། །ཡང་བདག་ཉིད་དུ་མཉན་པར་གྱིས། །ཆུ་དང་ཤིང་ནི་མང་བ་དང། །རླུང་མང་ཐན་པ་མེད་གྱུར་པ། །དེ་ནི་བརླན་ཅན་ཡིན་ཤེས་བྱ། །རྟ་ལ་མཆོག་ནི་ཡིན་བར ་འདོད། །གང་ན་ཤིང་དང་ཆུ་ཉུང་ཞིང། །རླུང་ག་ཆུ་ཉུང་ཞིང། །རླུང་ཏུ་པ། །ཡུལ་དེ་སྐམ་ས་ཙན་ཞེས་བྱ། །རྟ་ལ་རྟག་ཏུ་བཟང་མ་ཡིན། །རླན་ཅན་སྐམ་པ་འདྲེས་མ་ནི། །དེ་ནི་ཐུན་མོང་ཡིན་པར་བཤད། །དེ་ལྟར་རྣམ་བ་གསུམ་པོ་ཡི། །ཡུལ་ལས་གོམས་པར་འགྱུར་བ་ཡིན། །ཡུལ་ནི་ཡོན་ཏན ་མང་བ་ལས། །བུ་ཡིས་ཡོན་ཏན་ཆེན་པ་འགྱུར། །ཆུ་ཡི་ཡོན་ཏན་ཆུ་ལས་ནི། །སྨན་རྣམས་ཀྱིས་ནི་ཡོན་ཏན་འབྱུང། །སྨན་གྱི་ཡོན་ཏན་རྫོགས་གྱུར་ན། །ལུས་ཀྱི་ཡོན་ཏན་ཆེན་པོ་བསྐྱེད། །དེ་ཕྱིར་སྟ་ཡི་ལུས་འཛིན་པ། །གཙོ་བོ་ཡུལ་ནི་ཡིན ་བར་བཤད། །བསིལ་ཞིང་འཚོ་བྱེད་རླན་པར་བྱེད། །ཤིན་ཏུ་འཕྲ་ཞིང་བརྟག་བ་དང། །ཁྱབ་ཅིང་རེ་ཡི་གནས་གྱུར་ལ། །ཡང་ཞིང་སྣུམ་པ་བཅུད་ལེན་འགྱུར། །ཆུ་ནི་སེམས་ཅན་ཐམས་ཅད་ཀྱི། །དགོས་བའི་གཙོ་ཡིན་རིགས་དྲུག་ལྡན། །དེ་ལས ་ཆ་?་ཆུ་མཆོག་ཡིན་ཏེ། །དེ་ནི་རླུང་དང་འདྲེ་པར་འགྱུར། །སྡུད་ཅིང་ཕྱོགས་ཀྱི་གཙོར་གྱུར་ལ། །རང་བཞིན་གྱིས་ནི་མཁའ་ལ་གནས། །ཆུ་ལ་རོ་གང་མི་སྣང་བ། །དེ་ནི་ཡུལ་ལས་རྟག་པར་བྱ། །རོ་ནི་གང་ཡང་མི་བྲོ་ཞིང། །གཙང་ཞིང་དངས་ལ་དྲི། ་མེད་གམ?་འདྲེས་བླ་ལ་བསིལ་ཞིང་ཡང། །ཆུ་དེ་ནང་བཞི་གསུམ་སེལ་ཡིན། །སྐོམ་པ་འཇོམས་ཤིང་གེ་ཙང་བྱེད་ཅིང། །གཞན་ཡང་འདི་དང་འདྲ་མཆོག་ཡིན། །དེ་ལས་བཟླག་པ་སར་གནས་པ། །སྨད་དེ་ཁྲག་དང་ཉེས་གསུམ་བསྐྱེད། །རྫིང ་བུའི་ཚུ་ནི་དྲུམ་བསྐྱེད་?་ཁྲོན་པའི་ཆུ་ཡིས་མཁྲིས་པ་བསྐྱེད། །ཆུ་བལ་ཅན་ནི་བད་ཀན་བསྐྱེད། །རྒྱ་མཚོའི་ཆུ་ཡིས་ཉེས་ཀུན་བསྐྱེད། །འབྲུ་ཅན་ལྕི་ཞིང་འཇུ་དཀའ་ལ། །ཉི་མའི་ཟེར་དང་མ་ཕྲད་དང། །ཡུལ་ཕྱོགས་ཉེས་པའི་ཁྱད་པར་གྱིས། ། ་གནོད་བཅས་དེ་ནི་སྨད་པ་ཡིན། །ཆུ་འོ་རྫིང་དང་རྫིང་?་ཡི། །ཆུ་ནི་དགུན་གྱི་དུས་སུ་བསྔགས། །གཡར་ཆུ་བསིལ་མོ་གང་ཡིན་པ། །དེ་ནི་སོས་ཀའི་དུས་སུ་བསྔགས། །ཁྲོན་པའི་ཆུ་ནི་དབྱར་ཆེ་བ་སྤགས། །སྟོན་གྱི་ཆུ་ནི་ཐམས་ཅད་བཟང། ། ་ཁ་རའོ?་མ་དང་བསྲེས་པ། །དགུན་གྱི་དུས་སུ་བསྔགས་པ་ཡིན། །ས་ཕྱོགས་དཀར་ལས་བསྐ་དང་སེར་ལས་ཚ། །དམར་བས་ཁབ་སྐྱ་ལས་ལན་ཚྭ་ཅན། །གྲོ་བོ་ལས་གྱུར་གནག་ལས་མངར་བག་ཅན། །འབྱུང་བར ་འགྱུར་ཞེས་བསྟན་བཅོས་མཁན་རྣམས་འཆད། །འདི་ནི་ལོག་པར་བླུད་པ་ལས། །ཆུ་ཡིས་ཁོད་པར་ནད་བསྐྱེད་དེ། །ཐན་པར་རིང་དུ་ལམ་ཞུགས་དང། །ཁུར་ལྕི་བ་ཡིས་ཉེན་པ་དང། །ཤིན་ཏུ་དུབ་པར་གྱུར་པ་ཡིས། །རྡུལ་ཞིང་སྐོམ་གྱིས་ཉོན ་པ་དང། །ལྟོ་སྟོང་གནས་དང་ངལ་མ་གསོས། །མཉེས་ཤིང་སྨན་གྱི་སྦྱོར་མ་རྫོགས། །ཆུ་ལ་སྤངས་པའི་མོད་ལ་ནི། །གང་ཆེ་བླུན་པོས་ཆུ་བླུང་ན། །དེ་ཚེ་གནོད་པས་བསྐྱོད་པ་ཡིས། །ཆུ་ནི་མང་དུ་འཐུངས་གྱུར་ཞིང། །དབུགས་མ་སྟོན་བར་འཐུངས ་བ་ལས། །སྣོད་ལས་ལྷག་པར་གྱུར་པ་དེ། །དབུགས་ཕྱུང་བར་ནི་གྱུར་པ་ན། །རླུང་གིས་ཀུན་ཏུ་བསྐྱོད་པར་བྱེད། །དེ་ཚེ་རྩ་གང་ལྟེ་བ་དང། །འབྲེལ་དང་སྙིང་གལ་བརྟེན་དང། །ལྟོ་བར་ཆུ་ནི་རྒྱུ་བའི་ཚེ། །གང་ཚེ་འཕྲལ་དུ་ཆུས་རྒྱས་འགྱུར། །རླུང་དུ་སྦྱི ་ཀྱོད་གྱུར་ཅིང། །དེ་ཡི་ལྟོ་ལ་རྒྱས་བྱས་ལས། །མཆིན་པ་མཁའ་མའི་ནད་བསྐྱེད་ཅིང། །ལྟོ་དབོས?་ཀྱང་ནི་འབྱུང་འགྱུར་བའམ། །ལོག་པར་བླུད་པ་ལས་བྱུང་བའི། །འཆི་བ་ཉིད་ཀྱིས་འབྱུང་བར་འགྱུར། །ད་ཡི་ལྟོ་བསྐྲངས་གྱུར་བ ་འམ། །ཆུ་ཡིས་དམ་རྫིངས་འབྱུང་བར་འགྱུར། །དེ་ཡི་ལུས་ལ་སྐྲངས་འགྱུར་ཞིང། །ཁོང་པར་ཆུ་ཡང་འཕེལ་བར་འགྱུར། །དེ་ཡི་སྐོམ་དང་མི་ཞི་ཞིང། །སྦུ་ཡང་འབྱི་བར་འགྱུར་པ་ཡིན། །གོམ་པ་ལྕི་ཞིང་སྟོབས་ཆུང་ལ། །ལྡང་བར ་དཀའ་ཞིང་རྩེག་པར་འགྱུར། །གཅིན་རྟུག་སྲི་བར་འགྱུར་བ་དང། །རྟག་ཏུ་འདུག་པ་ལ་དགར་འགྱུར། །མིག་ནི་དམར་ཞིང་ཞུམ་པ་དང། །ལྟེ་བར་དགྲ་ཡང་འཁྲིག་པར་འགྱུར། །ཤིན་ཏུ་སྐྲག་པར་འགྱུར་བ་དང། །མདོག་དང ་དབང་བོ་ཞན་པར་འགྱུར། །དེ་ལྟར་ནད་བཞི་ཤེས་བྱས་ལ། །གསོ་བའི་ལས་ནི་བརྩམ་པར་བྱ། །ལྟོ་བ་ཏིལ་མར་གྱིས་བྱུགས་བ། །གསོ་མའི་ལོ་མའི་དུགས་ཀྱང་བྱ། །ཤི་ཏ་བ་ལ་ནིམྦ་དང། ། རུ་ར་ཤ་པ་ཏལ། །སྣམ་ཀར་བི་རའི་རྩ། །བཏགས་པ ་དར་བ་དང་སྦྱར་བ། །ལན་ཚྭ་ལྔ་བོ་བཏབ་པ་ནི། །སྔ་དྲོ་རྟལ་བླུད་པར་བྱ། །དེས་ནི་སྐྱུ་རུ་ཆུ་འབྲས་དང། །རུས་སྐྲད་ཆ་ཡིད་མུ་རྫིང་སེལ། །སྟོབས་དང་ཁ་དོག་གཟི་མདངས་དང། །རྣམ་པར་འཕེལ་བར་འགྱུར་བ་ཡིན། །ཧ་རེ་ནུ་ཀ་བྲི་ཡང་ཀུ། །དགུན ་འབྲུ་ཆུ་དག་སྤོང་སྤོས་དང། །ཛ་ཏི་ག་ར་བི་ཏའི་རྩ། །ཆུ་ཡི་ནང་དུ་བསྒོལ་བར་བྱ། །བུ་བ་དེ་ནི་ལན་ཚྭར་བཅས། །སྔ་དྲོའི་ཚེ་ན་བླུད་པར་བྱ། །ཡང་དང་ཡང་དུ་ངལ་སོས་ལ། །ཞག་གསུམ་གྱིས་ཆོད་མང་དུ་སྦྱིན། །གལ་ཏེ་དེས་བདེར་མ་གྱུར་ན། །དེ་ལས ་ཆུ་ནི་གནོད་བྱས་ལ། །ཆུ་ཡི་དམུ་རྫིང་གསོ་བ་ལས། །བཤད་པའི་ཆོ་ག་འདི་ལ་བཏང། །ཕག་དང་བྱ་རོག་པྲི་ཤ་ཏ། །ནིའུ་ལེ་ཁྱིམ་བྱ་འུག་པའི་ཤ་།ཁུ་བར་བཅས་བ་བྱིན་གྱུར་ན། །དེས་དེ་འཚེ་བ་མེད་བར་འགྱུར། །ཤ་བུ་ཤིན་ཏུ་མི་སྐྱུར་ཞིང། ། ་སྣུམ་ཞོ་པི་པི་ལིང་བཏབ་པ། །ཟིར་དང་ནི་བཅའ་སྒ་དང། །ཚྭ་ཡང་རན་བ་དང་སྦྱར་བྱ། །དེ་དང་སྦྱར་བའི་འབྲས་ཆན་ནི། །དྲུག་ཅུ་པ་སྙིང་ལས་བྱས་སྦྱིན། །ཟས་འདི་དང་ནི་འཇམ་རྩི་དག་།ཞག་རེ་ཡིས་ནི་ཅི་མང་བཏང། །ཞག་རེ་ཞིང་ན་ལུས་ཀུན་ལ། །སྣུམ ་གྱིས་ལེགས་བར་བསྐུ་བར་བྱ། ། ནས་ཟིན་འོ་མའམ་ཤ་ཁཱུམ། །བཅས་པའི་ཟས་ཀྱང་སྦྱིན་པར་བྱ། །དེ་ནི་གཙང་ཞིང་རླུང་མེད་བའི། །གནས་ནི་བདེ་བར་བཞག་པར་བྱ། ཁི་བནྫི་ཀ་ཀུ་ལ་དང། །ཤ་ཤ་བེན་བུ་མོན་སྲན་རྡེའུ། །རྩ་ཡི་དོན་དུ་སྦྱིན ་བྱ་ཞིང། །དུ་རྦིད་ཀྱང་ནི་བླུད་པར་བྱ། །དེ་འདྲ་བས་ནི་ཆུ་ཡི་ནད། །སེལ་ཅིང་བདེ་བར་འགྱུར་བ་ཡིན། །ཤ་ལི་ཧོ་ཏྲའི་གནས་བདུན་པ་ལས། ཆུ་ཤོར་བའི་ནད་གསོ་བའི་ལེའུའོ།། །།ལེགས་ཐོས་ཐོས་པ་ཕུན་སུམ་ཚོགས། །རྟ་ཡི་ ་ཁང་པར་བྱིན་ནས་ནི། །ཕ་ཡི་རྐང་པ་ལ་བཏུད་དེ། །འདྲི་བའི་ཚིག་ནི་འདི་སྐད་སྨྲས། །སླ་བའི་རྫས་ཀྱི་ནང་ན་ནི། །འོ་མ་མཆོག་ནི་ཡིན་པར་བཤད། །རྒྱུ་བའི་འགྲོ་བ་མང་དང་ནི། །འོ་མའི་བདག་ཉིད་ལ་བརྟེན་ལགས། །དེ་ཕྱིར ་ཡོན་ཏན་ཀུན་འོ་མ། །རོ་ངེས་ཕན་ཚུན་ཉིད་ཁྱབ་ན། །རྟ་ཡི་ཁོད་པར་ཕྱིན་པ་ན། །ནད་དུ་ཅི་ཕྱིར་གྱུར་པ་ལགས། །དེ་སྐད་སྨྲས་ཚེ་ལེགས་ལྡན་གྱིས། །དྲིས་པ་ཀུན་གྱི་ལན་སྨྲས་པ། །འོ་མ་ཡོན་ཏན་གྲངས་མེད་ཅིང། །རྫས་རྣམས་ཀུན་གྱི་དམ་པ ་ཡིན། །ལུས་ཅན་དང་ནི་ལྷན་ཅིག་ཏུ། །བྱུང་བས་སྐྱེས་ནས་བརྩམས་ཏེ་གོ་བས། །རོ་རྣམས་ཀྱི་ནི་མཆོག་ཡིན་ཞིང། །ཚོ་འཕེལ་བྱེད་པ་ཉིད་ཀྱང་ཡིན། །དེ་ཕྱིར་འོ་མ་མཆོག་ཡིན་ནོ། །གཞན་ཡང་འདི་ཡི་ཡོན་ཏན་ཡང། །བ་དང་ར་དང་བུད་མེད་དང། ་དེ་བཞིན་མ་ཧེ་ཉིད་དང་ནི། །ཕན་གླང་རྔ་མོ་རྟའི་འོ་མ། །དེ་བཞིན་ལུག་གི་བརྒྱད་པ་ཡིན། །འདི་དག་ཐམས་ཅད་མངར་བ་དང། །སྣུམ་ཞིང་བསིལ་བ་ཡིན་པར་བཤད། །རྟས་བྱེད་ཁོང་སྣུམ་ཕན་རོ་རྩ། །བློ་སྐྱེད་བཅུད་ཀྱིས་ལེན་འགྱུར་ཡིན། །འཚོ ་བྱེད་ཡིན་ཞིང་ངལ?་བ་དང། །དབུགས་མི་བདེ་དང་ཉོན་མོངས་སེལ། །ཁྲག་མཁྲིས་ནད་ནི་ཞི་བྱེད་ཡིན། །ཚོགས་རྣམས་བདེ་བར་བྱེད་པ་ཡིན། །འདི་ནི་ལྷག་པར་རྟ་རྣམས་ལ། །བླུང་ན་སྲོག་ནི་འཕེལ་བྱེད་འགྱུར། །སྐོམ་དད་འཕེལ་ཅིང་མེ་དྲོད ་བསྐྱེད། །སྦེག?་ཅིང་ཉམ་ཆུང་ལ་མཆོག་ཡིན། །རླུང་འཁྱིལ་ལྟོ་བའི་ནད་རྣམས་དང། །དབུགས་མི་བདེ་ལ་མཆོག་ཏུ་ཕན། །ཚད་པར་འཁྲུ་དང་རིམས་དང་ཚ། །སྐྲངས་པ་དང་ནི་སྦྲུམ་མ་དང། །མངལ་གྱི་ནང་དང་གཅིན་སྲི་བའི། །ནད་ལའང ་ཤིན་ཏུ་བསྔགས་པ་ཡིན། །བཤད་བ་སྲི?་བར་བྱེད་པ་དང། །དེ་བཞིན་རླུང་གི་ནད་ཀྱང་སེལ། །སྣ་སྨན་ལྡེ་གུ་ལུས་སྦེད་དང། །རྟ་ཡི་ཆོ་ག་རྣམས་ལ་བསྔགས། །ཀླུགས་དང་དེ་བཞིན་དུག་ལ་ཡང། །ཐམས་ཅད་དུ་ནི་འོ་མ་བཟང། །ན ་ཚོད་ལ་འཇུག་ཚེ་ལ་ཕན། །སྟོབས་བསྐྱེད་པའང་བསྟན་ན་གྲུབ། །གསོ་བའི་སྦྱོར་བ་དུས་དང་ནི། །གོམས་དང་ནང་ཚུལ་ལེགས་བརྟགས་ནས། །ལེགས་པར་བཏང་ན་རྟ་ཡི་ནད། །ཐམས་ཅད་འོ་མས་སེལ་བར་འགྱུར། །བ་ཡི་འོ་མའི་བསིལ་བཅུད་ལེན། །ཞུ་རྗེས་མདུང ་ཞིང་ཕན་བ་ཆེ། །རླུང་མཁྲིས་སེལ་ཅིང་ཁོང་སྣུམ་བྱེད། །འཚོ་བྱེད་བརྟས་བྱེད་མཆོག་ཡིན་ནོ། །མ་ཡི་འོ་མ་འང་དེ་འདྲ་ལས། །སྐྲ་དང་ཚད་ལ་ཁྲུ་དག་ལ་ཕན། །མ་ཧེའི་འོ་མ་ཤིན་ཏུ་ལྕི། །བ་ཡི་བས་ཀྱང་དེ་བསེལ་ཅིང། །སྣུམ་ཆེ་གཉིད་མེད་ལ་ཕན་གྱི། །མི་དྲོད་ཉམས ་པར་བྱེད་པ་ཡིན། །རྔ་མོའི་ཚ་ཞིང་ལན་ཚ་བྲོ། །གཞང་འབྲུམ་སྐྲང་དང་ལྟོ་ནད་སེལ། །ལུག་གི་ལྕི་བ་ཞིང་བད་ཀན་སྐྱེད། །མངར་ཞིང་སྣུམ་ཤས་ཚ་བ་ཡིན། །རྟ་ཡི་འོ་མ་ཞུ་རྗེས་ཚ། །ཡང་ཞིང་ཕན་པར་བྱེད་པ་ཡིན། །བན་གླང་འོ་མ་ཚ་ཞིང་ཞི་མ། །ཡང་ཞིང་ལུད ་པ་ཐམས་ཅད་སེལ། །བུད་མེད་འོ་མ་མངར་བཅས་སྣུམ། །མིག་ནད་རྣམས་ལ་ཕན་པ་ཡིན། །སྐྱེས་ནས་སྒོམས་སས་ལུས་བརྟས་བྱེད། །མངར་བས་བད་ཀན་འཕེལ་བྱེད་ཡིན། །བསིལ་བས་སྣུམ་བསྐྱེད་བྱེད་ཡིན། །གྲང་བས་བུ་བ་འཕེལ་བར་བྱེད། །འདི ་དག་ལྕི་དང་ཡང་བ་དང། །འདྲེས་ན་བུས་པ་འདྲེན་པར་བྱེད། །ཡང་ན་སྣུམ་དང་ལྡན་པར་ནི། །བྱ་བ་དེ་དག་རྣམས་ལ་སྦྱིན། །སོས་ཀའི་ཚེ?་ན་མ་ཧེ་མཆོག་།དགུན་ནི་ལུག་གི་འང་བསྔགས་པ་ཡིན། །བ་ཡི?་འོ་མ་དབྱར་གྱི་ཚེ། །རྟ་ལ་བྱིན་ན་བསྔགས་པ་ཡིན། །ར་དང ་མ་ཧེ་དཔྱིད་ཚེ་བཟང། །རྭ་ར་ཡང་འོ་མ་དང་འདྲར་བཤད། །མར་གསར་རོ་རྩ་འཁྲུ་སྤྱོད་ཅིང། །བསྐལ་བད་ཀན་སེལ་བྱེད་ཡིན། །ཞོ་ནི་སྣུམ་སྐྱུར་དྲེ་བ་བསྲེ། །འཁྲུ་སྤྱོད་ལུས་ནི་བརྟས་བྱེད་ཡིན། །དཀྲུགས་པ་སྐྱུར་བ་ཉེས་ཆུང་ཞིང། །མེ་དྲོད་སྐྱེད་ཅིང་བད་ཀན ་སེལ། །དར་བ་དང་རླུང་སེལ་བྱེད་ཡིན། །སྐྲ་དང་གཞར་འབྲུམ་དག་ལ་ཕན། །འདི་ནི་བླུང་ཉེས་ཉེས་པ་ཡིས། །འོ་མས་ཁོད་པའི་ནད་སྐྱེད་ཡིན། །ཚད་ལས་ཆེས་པ་འམ་དུས་མིན་པར། །འོ་མ་འཐུངས་ན་གནོད་པ་སྐྱེད། །ཆང་འཐུངས་འོ་མ་འཐུངས་པའམ། ་འོ་མའི་རྗེས་ལ་ཆང་འཐུངས་པའམ། །རྟ་ནི་རྩོལ་གྲགས་བྱས་གྱུར་ནས། །གལ་ཏེ་འོ་མ་བླུད་པ་ལས། །དེ་རྗེས་རྗེན་པ་ཟོས་གྱུར་ན། །འོ་མ་མ་ཞུར་གྱུར་པ་དེས། །བད་ཀན་གནས་ལས་སྐྱོད་གྱུར་ནས། །དེ་རྗེས་སྙིང་ལ་གནོད་པར་བྱེད། ། ་བད་ཀན་གཡོས་པར་གྱུར་བ་ན། །མེ་དྲོད་ཉམས་པར་བྱེད་པའི་རྟ། །ལྟོ་བ་སྤོ་བར་གྱུར་པ་དང། །དེ་བཞིན་འཁྲུ་བར་འགྱུར་བ་ཡིན། །རྒྱབ་རེངས་རྒྱུ་ལོང་རྒྱས་བ་དང། །ནད་དང་བཅས་པས་འགུལ་བ་ཡིན། །སྙིང་ག་ཚ་ཞིང་རྡུལ་བ་དང། །ཁ་ནས་ཁ་ཆུ་འབྱུང ་བར་འགྱུར། །ནད་ཀྱིས་གདུངས་ཤིང་ཉམ་ཆུང་བ། །ཤིན་ཏུ་ཤས་ཆེར་འཁྲུ་བར་འགྱུར། །ཡན་ལག་ཀུན་ཏུ་འཁྲུམས་པ་དང། །མདོག་མི་སྡུག་ཅིང་ཡིད་མི་བདེ། །མགོ་ཡི་གཡུང་ནི་ལྕི་བ་དང། །སེམས་ཁོང་ཆུད་པ་ཉིད་ཀྱིས་འདུག་།འོ་མ་ལས་གྱུར ་ནད་འདི་ནི། །ཤེས་པར་བྱ་ལ་གསོ་བརྩམ། །དེ་ཡང་གསོ་དཔྱད་ལས་བཤད་པའི། །སྨན་དང་ཁ་ཟས་སྦྱིན་པས་བཅོ། །ཤ་ལི་ཧོ་ཏྲའི་གནས་བདུན་པ་ལས། །འོ་མའི་ཡོན་ཏན་མ་སྟན་པའི་ལེའུའོ།། །།མང་ཐོས་ཤ་ལི་ཧོ་ཏྲ་ལ། ། ་ལེཌ་ཐོས་ཀྱིས་ནི་ཡོངས་དྲིས་པ། །ལེགས་ལྡན་རྟ་ལ་ཁྱད་པར་དུ། །མར་བླུད་བ་དང་དུས་གན་ཚེ། །བྱིན་ན་ཕན་གྱུར་ཆོ་ག་དེ། །ཡང་དག་བདག་ནི་ཉན་པར་འཚལ། །རྟ་ཡི་ལ་ནི་བྱས་གྱུར་བ། །སྦྱོར་བཞོན་པ་འམ་སྦྱོར་གྱུར་ཏེ། །རྒན་དང་ཁལ་གྱིས་དུབ་པ་དང།། ་ལམ་རིངས་སུ་ནི་ཞུགས་པ་དང། །རླུང་དང་དེ་བཞིན་མཁྲིས་པ་དང། །བད་ཀན་གྱི་ནི་ནད་རྣམས་ལ། །མར་ནི་ཇི་ལྟར་རྩལ་བགྱི་བ། །འདི་ནི་བདག་ལ་བཀའ་སྩོལ་ཅིག་།བུ་ཡིས་དེ་སྐད་དྲིས་པ་དང། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །མ་བསམས་འཚོ་བའི ་འཇིག་རྟེན་གྱི། །བདུད་རྩི་མར་ནི་ཡིན་ཞེས་འཆད། །དེ་ཡི་དུས་སུ་བཏང་གྱུར་ཅིང། །ཚད་ལྡན་བྱིན་པ་ཤིན་ཏུ་བསྔགས། །མར་ནི་ཅི་སྲིད་ལེགས་འཁྲུས་པ། །དེ་སྲིད་བར་དུ་རྟ་ལ་བྱིན། །དེ་ནི་དུས་ཚིགས་རྣམས་ལ་ནི། །དྲི་མ་སྤྱད་ཞིང?་བླུད?།། ་བསྲུང་དང་ནད་གཞན་སྦྱང་ཕྱིར་ཡང། །རྟ་ལ་མར་ནི་སྦྱིན་པར་བྱ། །མཛེ་ནང་དམར་རིགས་བཤད་འགགས་དང། །འབུ་ནད་ངེས་པར་སེལ་བ་ཡིན། །ནང་གཞན་ལ་ཡང་ཕན་བྱེད་ཅིང། །འདི་ཡིས་ཁྲག་ནི་སྐྱེད་མི་བྱེད། །གང་ཚེ་སྡོང་བུ་ཚེ་མར་གྱུར། །ཏྭཾ ་ནི་སྣ་ཚོགས་ཟ་གྱུར་པ། །དེ་ཚེ་མར་ནི་བླུང་བྱ་ཞིང། །ལན་ཚྭ་ཡིན་ཆད་བུ་བྱིན། །སྨན་པ་མཆོག་གིས་དེ་བཞིར་དུ། །སྟོན་ཀྱི་ཟླ་བ་གཉིས་པ་ལ། །རྟ་རྣམས་ནད་ནི་མེད་བྱའི་ཕྱིར། །སླར་ཡང་མར་ནི་བླུད་པར་བྱ། །རྟ་ལ་མར་ནི་བླུད་གྱུར་ན། །ཁོང་པའི་འབུ་ནི་རིང ་པོ་དང། །རྡོ་དང་གཡན་པ་ལ་སོགས་པའི། །ནང་ནི་ནམ་ཡང་འབྱུང་མི་འགྱུར། །དབྱིད་ཀྱི་དུས་ལ་བབ་པ་ན། །ཆེ་དང་ཁ་བ་བྱིན་པར་བྱ། །དེས་ནི་ནང་མེད་གཡན་པ་སེལ། །ཚེ་འཕེལ་མདོག་བཟང་སྟོབས་འཕེལ་འགྱུར། །མར་བླུད་པས་ནི་བཀྲ་ཤིས་ཤིང། །དེ ་བཞིན་ལུས་ནི་གདབ་བྱེད་ཅིང། །འདིས་ནི་བློ་གྲོས་གསལ་བྱེད་ཅིང། །བཅུད་ལེན་དུ་ཡང་འགྱུར་བ་ཡིན། །བཙས་བ་རྣམས་དང་དེ་བཞིན་དུ། །སྲོད་ཆགས་རྒན་པོ་རྣམས་ལའང་ཕན། །གཅོད་ཅན་ལའང་འདི་ཕན་ཞིང། །གཞན་ཡང་དྲུང་མཁྲིས ་ལས་གྱུར་དང། །ཁྲག་ལས་གྱུར་པའི་?་ནད་རྣམས་དང། །རྟ་གང་ལུས་གཟུངས་ཟད་པ་དང། །གཞོན་དང་དེ་བཞིན་རྒལ་པ་དང། །གང་ཡང་ལུང་པ་དབུགས་མི་བདེ། །དུག་འཐུངས་དུག་མདངས་ཕོག་པ་དང། །དེ་བཞིན་རིག་པའི་དུག་རྣམས་ལ། །མེར ་ནི་གསར་པའམ་རྙིང་པའང་རུང། །འདི་ལ་ཕན་པར་ཐེ་ཚོམ་མེད། །གསེབ་ལ་ཁུ་བ་འཕེལ་བྱའི་ཕྱིར། །མར་ནི་ལེགས་པར་བླུད་པར་བྱ། དེ་ལས་སྐྱེས་པའི་རྟེའུ་ནི། །སྙིང་སྟོབས་ཚོ་ཞིང་ལུས་མ་ཁྲང་འགྱུར། །དབྱར་གྱི་ཟླ་བ་དང་པོ་ལ། །རྩཝ་ཡི་རྟ་ནི་ཤིན ་ཏུ་འཁྲུ། །དེ་ཚེ་རྟ་སྲངས་སླས་གྱུར་པ། །བཏུང་བར་མར་ནི་བླུད་པར་བྱ། །སྔ་དྲོ་ཟས་ནི་ཞུ་བ་ནི། །བྱིན་པ་དེ་ནི་མཆོག་ཏུ་བསྔགས། །སྨན་པ་མཁས་པས་མེ་ཏོག་དང། །གོམ་པ་ལ་སོགས་ལེགས་བརྟགས་ལ། །ཅི་རིགས་བ་ཡི་སྦྱོར་བ ་ཡིས། །མར་གྱི་ཚད་ནི་བསྐྱེད་པར་བྱ། །ཡུང་བའི་ཕྱེ་དང་སྦྱར་བ་ཡང། །དེ་བཞིན་ས?་རྫི་ཀ་སྦྱར་བའི། །མར་ནི་རྟ་ལ་བླུད་པའི་ཚེ། །བཅའ་བ་དང་ནི་བཟའ་བ་དང། །ལན་ཚྭ་སྦྱིན་པར་མི་བྱ་ཡི། །རྩཝ་ནི་འབའ་ཞིག་སྦྱིན་པར་བྱ། །ཆུ་ཡང་ཚ་ཞིང ་དྲོ་བ་དང། དེ་ལ་བླུད་དང་བསྲུང་བ་དང། །མར་ནི་འཐུངས་པར་གྱུར་པ་ལ། །ཉེར་སྤྱོད་ཐམས་ཅད་དྲོན་པོ་བྱ། །ཞག་གསུམ་འམ་ནི་ཞག་ལྔའམ། །ཡང་ན་ཞག་ནི་བདུན་ཉིད་དམ། །ཞག་དགུ་ཡི་ནི་བར་དག་ཏུ། །ཇི་སྲིད་ཁྲུས་ཀྱི་བར་དུ་སྦྱིན། །ཚད་ཆུངས་བར ་ནི་བྱིན་གྱུར་བའི། །མར་གྱི་འཁྲུ་བར་བྱེད་མིནུས། །དེ་བས་ཅི་སྲིད་ལེགས་པར་ནི། །འཁྲུས་ཀྱི་བར་དུ་སྦྱིན་པར་བྱ། །ཆོ་ག་འདི་འདྲས་རྟེན་གྱུར་ཀྱང། །འོན་ཀྱང་འཁྲུས་པར་མ་གྱུར་ན། །འདི་ནི་ལེགས་པར་འཁྲུས་གྱུར་པ། །དེ་ཡི་བར་དུ་སྦྱིན་པར ་བྱ། །རྟ་ནི་མཆོག་ཏུ་གྱུར་པ་ལ། །མར་སྲང་སུམ་ཅུ་རྩ་གཉིས་སྦྱིན། །ཟས་ཀྱི་ནང་དུ་དེ་ཡི་བྱེད། །སྣ་སྨན་ལ་ནི་སྲང་བཞི་བཏང། །འདི་ལས་བཞི་ཆ་ཕྲི་བ་ནི། །བར་མའི་ཚང་དུ་ཤེས་པར་བྱ། །སྔ་མ་དེ་ཡི་ཕྱེད་གང་ཡིན། །ཆུང་བ་ལ་ནི་སྦྱིན་པར་བྱ།། ་གལ་ཏེ་དེས་ཀྱང་མི་ལ་?། །ས་རྫི་ཀར་དེད་སྦྱར་སྦྱིན། །གལ་ཏེ་རྟ་སྤངས་སཱུམ་གྱུར་ཅིང། །སྟོབས་དང་བཟའ་སྟོབས་ཆུང་གྱུར་པ། །དེ་ཚེ་མང་ནག་མ་ཆུང་བར། །དེ་ནི་ལེགས་པར་གསོ་བར་བྱ། །ནད་ཐུག་ཆང་དང་ལན་ཚྭ་བཅས། །ཞག་གསུམ་བར་དུ ་བླུང་པར་བྱ། །དེ་ནས་རིམ་གྱི་མོ་དོད་ཀྱི། །སྟོབས་ནི་ལེགས་པར་བསྐྱེད་པར་བྱ། །བཏུང་བ་དེ་ནི་ཅི་རིགས་པར། །སྦྱིན་ཞིང་ཆུ་ནི་ཅུང་དུ་བླུང། །དེ་ནས་འདི་ལ་འཇམ་རྩི་ནི། །བཏང་བའི་ཚུལ་གྱིས་ལུས་བརྟས་བྱ། །དེ་ལ་མངར་བའི་ཁ་ཟས་ནི། །དགོངས ་ཁའི་དུས་སུ་སྦྱིན་པར་བྱ། །ཁྱིམ་བྱའམ་ནི་རྨ་བྱ་འམ། །ཕག་གམར་འམ་མ་ཧེ་འམ། །སྲེག་པའོ་ལ་བྱ་བརྟ?་ཀ་།ཀ་བ་ནི་ཙ་ལ་དད་བཅས་པ། །ཤིན་ཏུ་ཚོ་མིན་སྦེག་པ་མིན། །རྒས་པ་མེད་པའི་ཤ་སྦྱིན་བྱ། །དེ་ཡི་ཁུབས་ལུས་རྒྱས་ཞིང།། ་སྟོབས་དང་སྤྲོ་བ་རྩོལ་པ་ཆེ། །དགའ་ཞིང་སྲན་མི་ཆེ་བ་ཡིས། །ལས་རྣམས་ཐམས་ཅད་ནུས་པར་འགྱུར། །ཆོ་ག་འདི་ཡིས་རྟ་ལ་ནི། །མར་ནི་མང་པོ་བླུད་གྱུར་ན། །མདོག་མདངས་སྟོབས་དང་ལྡན་གྱུར་ཅིང། །ནད་མེད་པར་ནི་འཚོ་བར་འགྱུར། །ཏིལ་མར ་ལེགས་པར་བྱིན་གྱུར་པ། །ཡོན་ཏན་འདི་དང་འདྲ་བ་ཡིན། །རྟ་ཡི་ཏིལ་མར་འཐུངས་གྱུར་ན། །ནད་མེད་སྟོབས་དང་ལྡན་པར་གྱུར། །དབྱར་ནི་ལན་ཚྭ་དང་སྦྱར་སྦྱིན། །དབྱད་མཐར་འོ་མ་དང་ལྷན་ཅིག་།དགུན་ཚེ་སྐྱུར་བ་དང་སྦྱར་བ། །དགུན་སྨན་འབྲས ་བུ་གསུམ་དང་བཅས། །དེ་ཕྱིར་ནི་ཆང་དང་ལྡན་བྱ་ཞིང། །སོས་ཀ་ཆུ་དང་ལྡན་པ་སྦྱིན། །ཏིལ་མར་བླུང་བར་གྱུར་པའི་རྟ། །ཆུ་དྲང་ནང་དུ་སྦེད་པར་བྱ། །ཆོ་ག་འདི་ཡི་སྣུམ་དག་ཞི། །ལེགས་པར་བླུད་པར་གྱུར་བའི་རྟ། །ལས་ལ་བཀོལ་ཡང་མི་སྣོད་ཅིང། ། ་ནད་མེད་པར་ཡང་འགྱུར་བ་ཡིན། །ཏིལ་མར་ཞི་བར་གྱུར་རྗེས་ལ། །ཆུ་གང་བྲུང་ན་བསྔགས་པ་ཡིན། །ཤ་ལི་ཧོ་ཏྲ་གྲུབ་པཻ་གནས་བདུན་པ་ལས། མར་བླུད་པའི་ཆོ་གའི་ལེའུའོ།། །།ཧ་ཡི་བསྟན་ཆོས་ལ་མཁས་པ། ། ་གཟི་བརྗིད་རྣམ་པར་འབྱུང་གྱུར་པས། །ཉེ་བར་འདུག་པར་གྱུར་པ་ལ། །ལེགས་ཐོས་ཀྱིས་ནི་ཡོངས་དྲིས་པ། །རྒྱུ་དང་མི་རྒྱུའི་འགྲོ་བ་རྣམས། །དྲོ་དང་བསིལ་བའི་རང་བཞིན་ཅན། །གསོ་བའང་དེ་ཡི་བདག་ཅན་དུ། །ལེགས་ལྡན་ཁྱེད་ཀྱིས ་ཐམས་ཅད་གསུངས། །ཁོག?་དང་མཁྲིས་པས་ཉེན་རྣམས་ཀྱི། །ནད་གྱི་གསོ་བ་ལན་མང་བཤད། །དེ་ལ་བསིལ་བའི་གསོ་བ་ཡི། །རྣམ་པ་དུ་མའང་ཁྱེད་ཀྱིས་གསུངས། །རླུང་དང་བད་ཀན་དག་གི་ནད། །ལྕི་ཞིང་གནོད་པ་མར་གྱུར་ལ།། ་གསོ?་དཀའ་པར་ནི་སྣང་གྱུར་ན། །དེ་ཡི་གསོ་བ་ཅི་འདྲ་ལགས། །དུགས་ཀྱི་རྣམ་པ་དུ་ཞིག་མཆིས། །དྲོས་པའི་མཚན་ཉིད་ཅི་ལྟ་བུ། །ཚད་མཆེ་དང་ཆུང་གྱུར་དུགས། །མཚན་ཉིད་ཁྱེད་ནི་ཅི་ལྟར་བཞེད། །དུགས་མི་བྱ་བའི་ནད་གང་ལྟ? ་དུགས་ཀྱི་ཡོན་ཏན་གང་ཞིག་ལགས། །ཚ་ཞིང་རྡུལ་གྱུར་གསོ་བ་དག་།ཡང་དག་གཙོ་བོས་བདག་ལ་གསུངས། །དེ་ནས་ལེགས་ལྡན་དེ་ཡིས་ནི། །ཇི་སྐད་སྨྲས་བ་དྲིས་གྱུར་པ། །དུགས་ཀྱི་ཆོ་ག་རྣམ་པར་འབརྒྱད། །རིམས? ་བཞིན་ཁྱེད་ཀྱིས་མཉམ་པར་གྱིས། །སྣུམ་གྱི་དུགས་དང་རལ་གསོ་མ། །བྱེད་མ་དང་ནི་འདྲེན་མ་དང། །རྡུག་པ་གསུམ་དང་གོ་བྲ་དང། །ལྕགས་ལེབ་དང་ནི་རྫ་མའི་དུགས། །གཅི་བའི་དུགས་ཀྱིས་བཅད་པའི་སྣུམ། །འོ་མ་དེ་བཞིན་ཤ་ཁུ་ནི། །ཤ་ཟ ་བ་དང་རླན་ཅན་དག་།སྨན་སྤྱོད་ལེགས་པར་བཏབ་གྱུར་པ། །ཁྲོན་པ་འམ་རྫིང་བུ་གཞོང་བ་རུ། །ལེགས་པར་བསྲོས་པ་བླུག་པར་བྱ། །སྣུམ་གྱི་དུགས་སུ་བྱ་བ་འདི། །སྣ་ཚོགས་སྨན་དང་སྦྱར་བྱ་སྟེ། །ཤི་ཀྲུ་དང་ནི་ཏིཏཀར། །བ་སུ་རོ་ཧི་ཨེ ་རན་དང། །བ་སྤུ་ཉེའུ་ཤིང་སྤུ་རྫི་ཀ་།ཀུ་བེ་རཀྵི་དུར་བྱིད་དང། །གཞན་ཡང་ཚུལ་འདི་དེ་འདྲ་བ། །དེ་རྣམས་ལོ་མ་སོ་སོར་ནི། །ཆུ་ནི་མང་པ་དང་བཀོལ་ལ། །དྲོ་བར་ན་བ་བླུག་པར་བྱ། །འདི་ནི་གསོ་མའི་དུགས་ཡིན་ཞིང། །ཀི་ཤུ་ཀི་ཡི་མེ་ཏོག་དང ་གླང་པོ་རྟ་དང་རྔ་མོ་ཡི། །རྟུག་པ་དང་ནོ་འོ་མ་ཞོ། །གསོ་མའི་ལོ་མ་གཅིག་ཏུ་བསྡུས། །འདྲེས་མའི་དུགས་ཞེས་བྱ་བ་ཡིན། །གསོ་དང་སྐྱུར་རྩབས་ནས་དུ་སྤངས། །ཀུན་ནས་ལེགས་པར་བརྩིར་ནས་ཀྱང། །དེ་ལ་ཨརྐའི་ལོ་མ་འམ། །ེར་ཎར? ་ཡི་ལོ་མ་གདིང། །སླ་དའམ?་ས་སླང་ལ་རྡོས་པའི། །བྱེ་མཚན་དེ་དེར་བསྲེ་བྱ། །དེ་ནས་དེ་ཡི་ཐུབ་པོར་བྱ། །ལག་པ་གཉིས་ནི་མཉེས་ནས་ཀྱང། །ཡང་དང་ཡང་དུ་དུགས་བྱ་བ། །?་མ་བོའི་དུགས་སུ་དེ་བཤད་དེ། །བ་ལང་པོ་དབུ་རའི་རྟུག ་བ?་།འོ་མ་དང་ནི་བསྲེས་པ་བསྐོལ། །གོས་ཀྱེ་ནད་བཅུག་རབ་ཚ་མིན། །རྟུག་པ་གསུམ་གྱི་དུགས་ཞེས་བྱ། །ལ་ཕུག་ཆམ་ཆོམ་བརྡུངས་ནས་ནི། །འོ་མའི་ནང་དུ་བཅུག་ནས་བསྐོལ། །འོ་མ་དག་ཀྱང་དེར་བཅུག་སྟེ། །དེ་བཏགས་ནས ་ནི་གོང་བུར་བྱ། །གྱོ་མོ་མེ་མདག་འདྲ་སྟེང་བཞག་།གྱོ་མའི་དུགས་དེ་ཅི་རིགས་པ། །ཁྲེ་དང་འབྲས་དང་གྲོ་རྣམས་ནི། །ཕྱེ་མར་བཏགས་ལའོ་ནར་སྦྱར། །ལ་ཕུགས་ཨེར་ཎྚའི་འབྲས་བུ། །ག་གོན་གསོ་མའི་ས་བོན་དང།། ཕབས་དང་མ་ཤ་ཏིལ ་རྣམས་ནི། །ཡུངས་ཀར་རྣམས་ནི་ཆེར་བཏགས་ལ། །ཕྱེ་མ་དེ་ནི་འོ་མ་དང། །ཆང་བསྲེས་ལན་ཚྭ་བྲོ་བྱས་ལ། །དེ་ཡིས་མང་དུ་བགོས་བ་ཡི། །རས་མ་ཡིན་ཀྱང་རབ་དཀྲིས་ལ། །དེ་ནི་ལྕགས་ལེབ་རབ་ཚ་བ། །ཀུན་ཏུ་ཉེ་བར་སྦྱར་བར་བྱ། །འདི་ནི་ལྕགS ་ལེབ་དུགས་ཡིན་ཏེ། །རླུང་གི་ནད་ནི་འཇོམས་བྱེད་ཡིན། །ལྕགས་ལེབ་ལ་ནི་ཇི་ལྟར་བྱས། །བུམ་པ་ཡིས་ཀྱང་དེ་བཞིན་བྱ། །བུམ་པའི་དུགས་སུ་བྱ་བ་འདི། །བརྒྱད་པ་བུམ་པའི་དུགས་སུ་བཤད། །འདི་ནི་སོ་སོའི་བྱ་བ་དང། །ད་ཡིས་ཁྱེད་ལ་བསྟན་པ ་ཡིན། །རྫ་བུམ་ཆེན་པོ་གསོ་མ་བཅོས། །སྦུབས་ཀྱི་དུགས་ཀྱང་བྱེད་དུ་གཞུག་།འདི་ནི་རླངས་པའི་དུགས་ཡིན་ཏེ། །རེག་ན་བདེ་བར་བྱེད་པ་ཡིན། །བུམ་པའམ་རྫ་མ་དག་དུ་ནི། །གོས་མ་དང་ནི་འབྲུ་ཡི་རིགས། །སྣ་ཚོགས་པ་ནི་བཙོས་པ ་ཡིས། །རླངས་པའི་དུགས་ནི་སོ་སོར་བྱ། །དཀྲི་བའི་དུགས་ཞེས་བྱ་བ་ནི། །གོང་བུའི་དུགས་ཀྱང་ཡིན་བར་བཤད། །ཏིལ་དང་མ་ཤ་ཟད་མ་ཕགས། །ནས་དང་གྲོ་དང་ཀུ་ལཏྠ། །ལ་ཕུག་ཨེ་རཎྜཱི་ས་བོན། །དེ་བཞིན་ག་གོན་གསོ་མ་ཡི། །ས ་བོན་ཡུངས་ཀར་ཟངས?་ཤིང་དང། །ས་ལར་དང་རུ་རྟ་དང། །ཤུ་ཏི་དང་ནི་པོ་སོན་ཆ། །ར་སྣ་རྒྱ་སྤོས་ཆུ་སྲིན་སེན། །དེ་བཞིན་རླུང་འཇོམས་པ་ཡི་སྨན། །ཕྱེ་མར་ཞིབ་ཏུ་བཏགས་པར་བྱ། །སྣུམ་ནི་བཞི་པོ་གཞུག་བྱ་ཞིང། །སྦྲང་རྩི་ཁོ་དང ་འོ་མ་གཞུག?་།དེ་ལྟར་སྣུམ་རབ་ལྡན་སྦྱར་ལ། །ལན་ཚ་བཏབ་ལ་བཙོ་བར་བྱ། །ཆོས་ནས་གོར་བུར་གྱུར་བ་ནི། །གོང་བུའི་དུགས་ཞེས་བྱ་བ་བར་བཤད། །རླུང་དང་བད་ཀན་ལས་གྱུར་ན། །ཚིལ་དང་སྨིན་བུར་བཅས་གང་ཡིན། །དེ ་ལ?་?་བུའི་དུགས་བྱས་ཡིན། །འདི་ནི་ཤིན་ཏུ་བསྔགས་པ་ཡིན། སྨར་ནི་ཕན་ཚུན་སྦྱར་བའམ། །དེ་བཞིན་ཉི་མ་མེ་དྲོད་ཀྱིས། །གང་བྱིར་རྡུལ་ནི་འབྱིན་བྱེད་པས། །དེ་ཕྱིར་དུགས་ཞེས་བྱ་བར་བཤད། །འདི་ཡིས ་ལུས་འདི་མཉེན་བྱེད་ཅིང། །འགགས་པ་འབྱིན་པར་བྱེད་པ་ཡིན། །ཞུ་བའི་ཕྱིར་ནི་འབྱིན་བྱེད་ཅིང། །འཐས་པ་ཞུ་བར་བྱེད་པ་ཡིན། །སྐྲངས་བཞི་བར་བྱེད་པ་དང། །རླུང་ནི་བདེ་བར་རྒྱུ་བར་བྱེད། །ནད་ནི་ཚར་གཅོད་པར་བྱེད་ཅིང། །དེ ་བཞིན་གསོ་བའི་གྲོགས་ཀྱང་བྱེད། །སྨིན་པར་བྱ་བའི་ནང་ན་ནི། །ནང་འཇིག་བྱེད་པའི་མཆོག་ཡིན་ནོ། །དཔེར་ན་ཤིང་ལ་སྣུམ་བསྐུས་ཤིང། །དཀྲི་ཞིང་བསྲོས་ན་དབུག་པ་སླ། །དེ་བཞིན་དུས་ཚོགས་ཐམས་ཅད་དུ། །ལེགས་བར་སྦྱར ་ན་ལུས་བདེ་བྱེད། །འཇམ་དང་དྲག་པོའི་སྦྱོར་བ་ན། །ནད་ཀྱི་ཚོད་ལས་དཔགས་ཏེ་བྱ། །ལེགས་པར་བསྐུས་ལ་དུགས་བྱ་ཡི། །རྩུབ་པོར་ནམ་ཡང་དུགས་མི་བྱ། །དཔེར་ན་ཤིང་ནི་རླན་མེད་པར། །བསྲོས་ན་འཇིག་པར་འགྱུར་བ་ཡིན། ། ་དེ་བཞིན་ལུས་ནི་སྣུམ་མེད་པར། །དུགས་བྱས་ན་ནི་འཇིག་པར་འགྱུར། །ནད་གང་སྦུམ་དང་དུགས་རྣམས་ཀྱི། །ལུས་ལ་ཟགས་པར་བྱས་གྱུར་པ། །དེ་ནི་སྦྱངས་པ་ས་གསལ་བར་བྱ། །རྣ་བ་མཇུག་མང་ཀུ་དང་ནི། །རླིག་པ་མཚན་གྱི་བར་དག ་ཏུ། །གང་ཚེ་དངུལ་བར་གྱུར་བ་དང། །ཁ་ནི་ཡོངས་སུ་བསྐམས་གྱུར་པ། །ལུས་ལྟོད་ཉམས་ནི་མི་གསོད་པ། །དེ་ཚེ་དུགས་འགྱུར་ཡིན་ཞེས་བྱ། །མཉེན་ཞིང་ཡང་བ་ཉིད་དང་ནི། །དེ་བཞིན་ཟུག་གཟེར་ཞི་བ་དང། །ནད་འདི་རྣམ་པར ་གསལ་གྱུར་བ། །རྟའི་དུགས་ལེགས་པའི་མཚན་ཉིད་ཡིན། །གང་གི་སྦུ་ནི་འབྱི་གྱུར་ཞིང། །ཁྲག་དང་འདྲ་བའི་གཅིན་འབྱུང་ན། །སྐོམ་དང་དང་ནི་སྨོངས་བག་སྐྱེད། །ཉལ་བ་ལ་ནི་མངོན་པར་དགའ་། །འདུད་བས་ཉེན་པར་གྱུར་པ་ནི།། ་དུགས་དྲག་པ་ནི་ཡིན་པར་བཤད། །དུགས་ནི་ཆུངས་པར་གྱུར་པ་ཡིས། །ནད་ནི་ཞི་བར་བྱེད་གྱུར་ཏེ། །ནད་ནི་སྐྱེད་པར་གྱུར་ན་ཡང། །གནས་དེ་ལས་ནི་ཕྱིན་མ་བྱས། །དེ་བས་འདི་ལ་ནད་ཤུགས་ནི། །ཤིན་ཏུ་དྲག་པོ་སྐྱེད་པར་བྱེད། །འདི་ལས་གཉེན ་པ་མི་འབྱུང་གི། སླར་ཞིང་རེངས་བ་སྐྱེད་པར་བྱེད། །དུགས་དྲག་པ་ལ་ལན་བརྒྱར་ནི། །བཅིན་པའི་མར་གྱིས་བསྐུ་བར་བྱ། །འོ་མ་ཅན་ཤིང་ཁུ་བ་དང། །འོ་མ་ཞོ་དང་ཞོ་ག་ཆུ། །ཏིལ་དང་དེ་བཞིན་གཞན་གྱི་ཆུས། །ལེགས་པར་བསྐུས་ལ་བླུག ་བར་བྱ། །དུགས་ཆུངས་པ་ལ་སླར་ཡང་ནི། །ཆོ་ག་གཞན་དུ་དུགས་བྱའོ། །དུགས་དྲག་ཆུངས་པར་གྱུར་པ་འམ། །ཚད་ལས་ལྷག་པར་སྦྱར་གྱུར་ན། །ནང་གཞན་དག་ཀྱ་བསྐྱེད་བྱེད་ཅིང། །འདི་ཡི་ལུས་ལ་གནོད་པར་བྱེད། །ཁོང་ཚ་སྐྲངས་པར ་གྱུར་བ་དང། །ལུས་ཀྱང་ཚིག་བར་འགྱུར་བ་ཡིན། །ཤིན་ཏུ་ཚིག་བ་འམ་ཚོས་མིན་པས། །ལས་ནི་ནམ་ཡང་འགྲུབ་མི་འགྱུར། །ཚད་པར་འཁྲུ་དང་རིམས་ཀྱིས་ཐེབས། །པགས་ནང་ཅན་དང་ལུས་ཟུངས་ཟད། །དམུ་རྫིང་དབུགས ་མི་བདེ་གཅིན་ནད། །ཁྲག་དང་མཁྲིས་པའི་ནང་ཡོད་དང། །གསེབ་ནི་མང་པོ་དུབ་པ་དང། །སྦྲུམ་མ་དང་ནི་བཙས་མ་ཐག། ཟླ་དྲུག་ལོན་པར་མ་གྱུར་དང། །གནོང་བ་ཅན་དང་སྣང་བ་དང། །དེ་བཞིན་གློ་བུར་བ་ཡི་ནད། །གང་ཡང་སྤྲུལ་གྱིS ་ཟིན་པ་དང། །དུག་མངས་ཕོག་པར་གྱུར་བ་དང། །གྱེན་དུ་རླུང་བཟློག་སྐྱུག་བ་དང། །ལུང་པ་ཅན་དང་ཁོང་པ་ན། །བུ་ཡོད་པ་ལ་དུགས་མི་བྱ། །འདི་དག་ལ་ནི་དུགས་བྱས་ན། །འཆི་བའམ་རིམས་ཀྱིས་འདེབས་པར་འགྱུར། །ཤིན་ཏུ་མིན་དྲང ་མིན་པ་ཡི། །དུས་སུ་རྟ་ལ་དུགས་བྱ་བསྔགས། །གནས་སྐབས་གཞན་དུ་གྱུར་པ་དང། །སོས་ཀ་སྟོན་ཚེ་བྱ་དགོས་ན། །ཚ་དང་དུས་ནི་ལེགས་བརྟགས་ལ། །ཅི་ནས་གནོད་པར་མི་འགྱུར་བྱ། །ཤ་ལི་ཧོ་ཏྲའི་གྲུས་པའི་གནས་ ་བདུན་པ་ལས། དུགས་ཀྱིས་ཆོ་གའི་ལེའུའོ།། །།དུར་བྱིད་གནད་བི་ར་དི། །པི་ལུ་པརྞ་བ་ལ་གཉིས། །གནད་ར་བའི་རྩ་བ་དང། །ས་ཧ་ཙ་རའི་རྩ་བ་དང། །ིགན་མནྠ་བིལྦ་དང། །གཟེ་མ་དང་ནི་ཏེ་རུ་ཀ་།དེ་འདྲའི ་སྨན་གྱི་རྩ་བ་རྣམས། །བསྡུས་ཏེ་ཆུ་བྲེ་བཞི་ནང་བཀོལ། །ལེགས་པར་ཚོས་པར་གྱུར་པ་ན།། །སྨན་པས་སླར་ནི་དཔོག་པར་བྱ། །དེས་རྩགས་སྨན་ཁུ་དང་མཉམ་པའི། །ཏིལ་མར་འོ་མ་ཉིད་འགྱུར་གཞུག་།དེར་ནི་ཐང་ཤིང་ཏ་རུ་བ། །སྦང་སྦོས་ཆུ ་དག་རྡོ་དྲག་དང། །ཙན་དན་སྤང་སྤོས་རུ་རྟ་དང། །ཾ་ཤུ་མ་ཏི་ཨ་ག་རུ། །བ་ལ་ར་སྣ་ཤིང་མངར་དང། །པི་པི་ལིང་དང་རྒྱམ་ཚ་ནི། །སྨན་ནི་རེ་རེ་སྲང་ཕྱེད་ཀྱི། །ཚད་དུ་མཁས་པས་གཞུག་པར་བྱ། །དེར་ནི་སླར་བསྐོལ་སྦྱར་བ་ཡི། །ཏིལ་མར ་འདི་ཡི་ནུས་པ་ཉོན། །རྟ་ནི་རླུང་གིས་ཉེན་པའམ། །གླང་པོ་ཤིན་ཏུ་རྩེགས་པ་འམ། །འདི་ཡིས་དབང་པོ་བརྟས་པར་འགྱུར། །བུད་མེད་མོ་ཤཾ་གྱུར་བདག་།འདི་ལའང་དེ་ནི་བླུད་པར་བྱ། །འདི་ཡིS་དྲེ་མོའང་བུ་ཆགས་ན། །མི་ཡི་བུད་མེད་སྨོས་ཅི་དགོས། །འདི་དག ་ཚོགས་བར་གྱུར་བླུད་ལ། །དེ་རྗེས་ཆང་ནི་ཟླུད་གྱུར་ན། །རླུང་གི་གཟིར་གྱིས་ཉེན་པ་དང། །མི་བཟང?་སྣ་བའི་གཟེར་དང་ནི། །སྙིང་ནད་དང་ནི་སྙིང་གཉེར་དང། །མངལ་འཇིགས་ཉམ་ཆུང་རྣམ་སེལ་ཡིན། །དེ་བཞིན་སྣ་ནད་ཁ་ནད་དང། །གཞོགS ་ཕྱེད་ཀྱི་ནད་ལའང་ཕན། །དོན་གྲུབ་ཅེས་བྱའི་ཏིལ་མར་འདི། །ཁྱབ་འཇུག་གིས་ནི་བསྟན་པ་ཡིན། །ཤ་ལི་ཧོ་ཏྲའི་གྲུབ་པའི་གནས་བདུན་པོ་ལས། དོན་གྲུབ་ཅེས་བྱའི་ཏིལ་མར་གྱི་ལེའུའོ།། །།རྟ་ཡི་དེ་ཉིད་ལ་མཁས་པས།། ་བུ་དང་སྤོབ་མ་ལ་སྨྲས་པ། །ནད་གང་ལ་ནི་མ་རྩ་དག་།གོ་རིམ་ཅི་བཞིན་བྱའོ་ཞེས། །གསོ་བའི་གནས་སུ་བསྟན་པ་སྟེ། །མེ་བཙའ་བཏབ་པའི་ཐབས་བཤད་བྱ། །དེ་ལ་རེ་ཞིག་མེ་བཙའ་ལ། །དགོས་པའི་ཆ་བྱད་བརྗོད་བྱ་སྟེ། ། ་ལྕགས་ལེབ་ངན་དའི་འབྲས་བུའི་དབྱིབས། །ཆུར་ཆག་ཕྱེད་དང་གཉིས་ཀྱི་ཚད། །འདབ་མའི་ཆུང་ནི་སོར་བརྒྱད་ལ། །ཞེང་དུ་སོར་ནི་བཞི་པར་བྱ། །ཡུ་བའི་སྦོམས་ནི་མཐེབ་སོར་ཚད། །ཤིན་ཏུ་ཟླུམ་ཞིང་སྲ་བར་བརྡུང། །སྲེག་པར་བྱེད་པའི ་ཆ་བྱད་ཀྱང། །ལྕགས་ལེབ་དང་ནི་འདྲ་བར་བརྡུང། །དེ་ཡི་རྩེ་མོ་ཞིང་སོར་གཉིས། །བྱང་ཆུབ་ཤིང་ལོ་འདྲ་བར་བྱ། །ཤེ་བ་ལི་འབྲས་ལྟར་གུག་པའི། །སོར་ནི་བཅོ་བརྒྱད་ཚད་དུ་བྱ། །ལྕགས་ནག་ལས་ནི་རབ་ཟླུམ་པའི། །རྩེ་མོ་བཀུག་པའི ་བཞར་སྤྱད་བྱ། །འཛམ་བུའི་ཚིག་གུ་ཡུ་བ་འཇམ། །སོར་ནི་བཅོ་བརྒྱད་ཚད་དུ་བྱ། །འཇམ་བུའི་ཚིག་གུ་འདྲ་བ་ལ། །ཟླུམ་ཞིང་ལེགས་པ་ཉིད་དུ་བྱ། །ཐུར་མ་སོར་ནི་བཅུ་དྲུག་པའོ། །མར་མེའི་རྩེ་ལྟར་ཟླུམ་པ་ནི། །སྤུ་སྲེགས་པ་ཡི་ཆེ་སྤྱད ་འདི། །ལྕགས་ལས་ལེགས་པར་བརྡུངས་པར་བྱ། །ལྕགས་དེ་མེ་ཡི་མདོག་འདྲ་བས། །བསྲེགས་པའི་གནས་ཆ་ཤེས་བྱས་ལ། །འཇམ་བུའི་ཚིག་གུ་འདྲ་བ་ཡིས། །དབྱིབས་ནི་དུ་མར་བསྲེག་པར་བྱ། །ཚིགས་ཀྱི་ཆ་ཡི་ཕྱོགས་སུ་ནི། ། ་དབྱིབས་གང་བྱ་བ་ནི་ཉོན་ཅིག་།ཆ་བཟུང་བར་ནི་གནས་པ་ལས། །དད་པོར་བྲི་བ་ཉིད་དུ་འདོད། །པིར་རམ་ཡང་ན་བཙག་གམ་ནི། ས་དཀར་གྱིས་ནི་བྲི་བར་བྱ། །དེ་ནས་ཐུར་མ་བསྲེགས་པ་ཡིས། །གནས་དེར་སྦུ་ནི་སྲེག་བར་བྱ། །བསྲེགས ་པ་བྱེད་ཚེ་ཆོ་ག་ལས་ནི། །གཞན་དུ་དབྱིབས་འདི་འགྱུར་སྲིད་ལ། །དེ་བས་མེ་ཙའི་ལས་ལ་ནི། །དང་པོར་མཚན་མ་བྲི་བར་བྱ། །ཤིན་ཏུ་གྲང་དང་ཚ་བ་ཡི། །དུས་སུ་མེ་ཡི་ལས་མི་བྱ། །གྲང་བའི་ཚེ་ན་རྩ་རྒྱུས་ནི། །རེངས་ཤིང་འཐS ་པར་འགྱུར་བ་ཡིན། །ནད་འདི་འཐས་པར་གྱུར་པ་དག་།མེ་ཡི་ལས་ཀྱིས་སེལ་མི་ནུས། །དེ་བས་གྲང་བས་ཉེན་གྱུར་རྟའི། །ནང་མི་སེལ་བས་དེ་མི་བྱ། །ཤིན་ཏུ་ཆོ་ཆོ་ཁོང་ཚ་དང། །རྨོངས་བག་མགོ་འཁོར་དབུགས་རྒོད་བསྐྱེད། །སོས? ་ཀ་དབྱར་གྱི་ཚེ་ན་ནི། །སྲོག་ནི་ངེས་པར་ཟད་པར་བྱེད། །དེ་བས་སྔ་དྲོའི་ཚེ་ན་ནི། །ཤིན་ཏུ་དྲང་མིན་ཚ་མིན་པའི། །མོའི་ལས་ཚད་ཙམ་བྱས་གྱུར་པ། །རྟ་ཡི་བདེ་བ་བསྐྱེད་པ་ཡིན། །འདུག་པ་ལ་ནི་ལེགས་བཅིངས་ལ། །ཕྱོགས་གཅིག ་དུ་ནི་སྐྱེལ་བར་བྱ། །ཐག་བ་སྲུ་ཞིང་སྦོམ་པ་ཡིས། །ལག་བ་གཉིས་ནི་གདམ་པར་བྱ། །ཕྱི་རྐང་གཉིས་ཀྱང་བཅིངས་ནས་ནི། མ་སྣང་འགྱུར་བ་མེད་པར་བྱ། །ཞགས་པས་ནང་ནས་བསྡམས་ཏེ་བསྡུས། །འདིས་ནི་གཡོ་བ་མེད་པར་འགྱུར། ། བཅུ་དག ་ཀྱང་བཅིང་བྱ་ཞིང། །སྣ་བ་གང་བཀྱང་ལེགས་པར་གདམ། །བསྡམས་ཏེ་ལེགས་པར་བཞག་ནས་ནི། །དེ་རྗེས་ལས་ནི་བརྩམ་པར་བྱ། །གནས་ནི་མཉམ་ཞིང་རྩཝ་སྒྲམ་པར། །བགས་པ་འཇམ་པོ་བཏིང་བར་ནི། །ཐག་པ་འཇམ་ཞིང་སྲ་བ་ལ། །སྦོམS ་སུ་འཐེང་སོར་དག་ནི་ཚད། །སྐྱུས་སུ་འདོམ་དྲུག་ཡོད་པ་དག་།བཅིང་བའི་དོན་དུ་བྱ་བ་ཡིན། །བྲག་སོ་ནས་ནི་བཏབ་མ་ཡིན། །རོ་སྟོང་ལེགས་པར་བསྡམས་ནས་ནི། །ནང་ནས་བཅུག་སྟེ་ཚེའུ་ཚེ་ནས། །རོ་སྣང་དུ་ནི་བསྡམ་པར་བྱ། །བཟློག་ནས་བྱིན ་པ་ནས་དཀྲི་བྱ། །དེ་ལྟར་ལེགས་པར་བསྡམས་ནས་ནི། །སྟོབས་དང་ལྡན་པS་ལེཌ་པར་གནན། །རྩིབ?་མ་ཕབ་སྟེ་ལེགས་བཞག་ལ། །དེ་ཡི་རྔམ་ནས་ད་ཟུང་བྱ། །དེ་ནས་ལེགས་པར་དགབ་པ་ཡིས། །མིག་གི་མཐོང་བ་མེད་པར་བཞག་།ལུས་ནི་ཤེས ་ཆེར་མི་བཙིར་ཞིང། །ཆུ་སོ་དང་ནི་མཆན་ཁུང་དང། །དཀུ་ཡི་བར་ནི་ལེགས་བསྲུངས་ལ། །དེ་ལS་གྲུབ་པའི་ལས་ཀྱང་བྱ། །སྙིང་ག་ཁ་དང་སྨན་ཀ་རུ། །ཆུ་ནི་ཡོངས་སུ་བླུག་བར་བྱ། །དབུགས་བྱུང་སྙན་པའི་ཚིག་སྨྲས་པ། །དེ་རྗེས་སྲེག ་པའི་ལས་རྣམས་བྱ། །དེ་ནས་གཞན་ཡང་བསྲེག་བྱ་ཡིས། །གནས་དང་དབྱིབས་ནི་བཤད་པར་བྱ། །མཆུ་ལྟག་གོང་དུ་འབྲང་དུ་ནི། །རི་མོ་གསུམ་ནི་བྱ་བ་ཡིན། །སྣ་གདོང་དང་ནི་མཁུར་ཚོས་སཱུང། །མཉམ་པར་ཕྱེད ་དུ་བྱ་བ་ཡིན། །མཆུ་སྒྲོས་དང་ནི་མཆུ་དག་ཏུ། །རི་མོ་ཟླུམ་པོ་དག་ཀྱང་བྱ། །འབྲམ་ལྷང་རྟག་ཏུ་ཐིག་ལེ་ཡི། །རི་མོ་ཅུང་ཞིག་བྱ་བ་ཡིན། །འཛམ་བུའི་ཚིག་གུས་འབྲས་བར་ནི། །བྱ་རོག་རྗེས་ནི་མཉམ་པོ་བྱ། །སྣ་བ་མིག་གི་ཕ་རོལ་ཏུ། །ཟླུམ་པོ་དག ་ཀྱང་བྱ་བ་ཡིན། །མུ་སྐོང་དང་ནི་ཨུཏཔལ་འདབ། །དེ་བཞིན་བྱ་རོག་རྗེས་གཉིས་བྱ། །སྣ་རྩ་རུ་ནི་སྣུམ་ནས་ནི། །ས་ཐ་ལི་ཡིས་ཐིག་ལེ་བྱ། །རྩེའུ་ཆུང་གཉིས་སུ་ཟླུམ་པོའི་ནང། །རི་མོ་གསུམ་དག་བྱ་བ་ཡིན། །ཕྲག་སོ་གཉིས་སུ་སིན་ཇི་ཡི། །འདབ་མ་ལྟ ་བུར་བྲི་བར་བྱ། །དཔུང་མགོར་དགའ་བ་འཁྱིལ་བ་དང། །ཤིང་དེ?་རིས་ལྟ་བུ་བྱ་བ་ཡིན། །ནམ་ཚོང་དུ་ནི་ཐིག་ལེ་རིས། །ཡང་ན་ཟླུམ་པོ་བྱ་བ་ཡིན། །སྙིང་ག་ཡི་ནི་ཕྱོགས་དག་ཏུ། །ནམ་ཡང་སྲེག་པར་མི་བྱའོ། །བུས་གོང་དང་ནི་དཔུང་པ་རུ། ། ་ཆུ་སྲིན་སོ་འདྲ་བྱ་བ་ཡིན། །ཡང་ན་ཆུ་སྲིན་སོའི་འོག་ཏུ། །རི་མོ་རིང་བུར་བྱ་བ་ཡིན། །དཔུང་པོ་གཉིས་ཀྱི་བར་དུ་ནི། །ཐིག་ལེ་ལྟ་བུའི་རི་མོ་བྱ། །ལག་དང?་ཆི?་ག་དང?་ཕྲ་མོ་རུ། །ཐིག་ལེ་འམ་ཡང་ན་འཁོར་ལོ་བྱ། །བྱིན་པ་ཚེའུ་ཚེ་དག་ལ་ནི།། ་ཐིག་ལེ་ཐོར་བུར་བྱ་བ་ཡིན། །དགུ་གཉིས་སུ་ནི་བྱ་རོག་རྗེས། །ཡང་ན་ཨུཏཔལ་ཐིག་ལེ་བྱ། །སྒལ་ཚིག་དོར་བའི་རྒྱབ་དུ་ནི། །མཉམ་ཞིང་ཆུང་ནི་འགྲོ་བ་ཡིན། །རི་མོ་གསུམ་དག་བྱ་བ་སྟེ། །དྲུག་མདོར་ཡང་ནི་གསུམ་པོ་བྱ། །ཡང་ན་དྲུག ་མདོའི་གནམ?་བུ་ནི། །བྱ་རོག་རྗེས་ནི་བྱ་བ་ཡིན། །ཡང་ན་ལག་པ་དྲང་བའམ། །མར་མེ་ཡི་ནི་རྩེ་འདྲ་བྱ། །ལོང་དུ་བྱ་རོག་རྗེས་འདྲ་འམ། །ུཏཔལ་ཡི་ཐིག་ལེ་བྱ། །ལྟོ་བར་རི་མོ་བརྒྱད་པ་འམ། པདྨ་ཡི་ནི་དབྱིབས་འདྲ་བྱ། །ཡང་ན་དྲུག ་དང་ནི་སྤུ་རམ?། །དང། །ལྟ་བ་ཡོངས་སུ་སྤང་བར་བྱ། །དབྱི་སྟེངས་སུ་ནི་གཡུ་རུང་ངམ། །དགའ་བ་འཁྱིལ་བའམ་པདྨ་བྱ། །ཡང་ན་རི་མོ་མཛེས་པ་འམ། །ཟླུམ་པ་ཉིད་དུ་བྱ་བ་ཡིན། །?་རྩ་དོར་ལ་འཇུག་ཙོས་སུ། །བྱ་རོག ་རྗེས་སམ་ཨུཏཔལ་བྱ། །ཚིགས་ཀྱི་མཚམས་སུ་ལེགས་བརྟགས་ལ། །དགའ་བ་འཁྱིལ་བའམ་ཟླུམ་པོ་འམ། །ལོ་མ་བདུན་པ་ལྟ་བུ་ནི། །ཀུན་ཏུ་གནོད་པ་མེད་པར་བསྲེག་།དཔྱི་ཡི་འོག་གི་ཆ་རུ་ནི། །ཆུང་ནི་རེངས་པའི་རི་མོ་བྱ།། ་ཡང་ན་ཟླ་བ་ལྟ་བཱུམ། །ཆུ་སྲིན་གྱི་ནི་སོ་འདྲ་བྱ། །བརླ་ཡི་ཕྱི་དང་ནང་དུ་ནི། །རི་མོ་འཕྲེང་དུ་བྱ་བ་ཡིན། །སྲེ་ལོང་ཚིགས་སུ་མཁས་པ་ཡིས། །ནྱ་གྲོ་དྷ་ཡི་འདབ་འདྲ་བྱ། །རོ་སྟོད་ཀྱི་ནི་ཆ་བཞིན་དུ། །རོ་སྨད་དུ་ཡང་བྱ་བ་ཡིན། །དེ་བཞིན་མཁས ་པས་སྐྲངས་པ་དང། །རྨར་གྱུར་པ་ཡི་ནད་ལ་ཡང། །དགའ་བ་འཁྱིལ་དང་ཆུ་སྲིན་གྱི། །སོ་འདྲ་བ་ནི་བྱ་བ་ཡིན། །ནད་ཀྱིས་ཉེན་པར་གྱུར་པ་ལ། །དབྱིབས་ནི་དེ་འདྲར་བསྲེག་པར་བྱ། །ཆ་དུ་དབྱིབས་འདི་གསལ་མངོན་ཞིང། །ལེགས་པར ་གནས་པ་དྲིས་ནས་ནི། །རི་མོ་སྙོམས་པར་གནས་པ་ལ། །མཁས་པས་ལེགས་པར་སྲེགས་པར་བྱ། །ཏ་ལའི་སྙིང་པོ་དང་འདྲ་བའམ། །བིལྦའི་སྙིང་པོ་འདྲར་གྱུར་བ་འམ། །ལེགས་ཀཔར་བསྲེག་བར་གྱུར་པ་སྟེ། །མདག?་ཞན་སྨད་པར་གྱུར ་པ་ཡིན། །བསྲེགས་དྲགས་ན་ནི་ཤར་འཕྲུལ་ཞིང། །ཤིན་ཏུ་རྟིང་རིང་རྨ་མཚོ་དཀའ་། །སྡུག་བསྔལ་དག་ཀྱང་སྐྱེ་འགྱུར་ཞིང། །ཡན་ལག་སྡུད་མི་ཤེས་པར་འགྱུར། །བསྲེགས་ཆུང་བས་ནི་འདི་ཡི་ནང། །ལེགས་པར་གསལ་བར་མི ་ནུས་ཤིང། །རྨ་ཡང་མྱུར་དུ་མི་འཚོལ། །ལས་སུ་མི་རུང་ཉིད་དུ་འགྱུར། །རྟ་ནི་ལེགས་པར་བསྲེགས་པའི་རྨ། །ཤ་ནི་ཆུ་བུར་འདྲས་ཁྱབ་ཅིང། །ཅུང་ཟད་འཛག་པ་འདྲ་བ་དང། །ནད་ཀྱང་རབ་ཏུ་ཞི་བར་བྱེད། །སྐྲངས་པ་རྣམས་ནི ་ཞི་འགྱུར་ཞིང། །སྐམ་པ་སླར་ནི་སྐྱེད་བར་བྱེད། །རྨ་ནི་སྦྱོང་བར་བྱད་པ་དང། །འཚོ་བ་ཅིང་སྣག་ནི་ཟད་བར་བྱེད། །གཟེར་ནི་སེལ་བར་འགྱུར་བ་དང། །རླུང་ནི་བདེ་བར་རྒྱུ་བར་བྱེད། །རྨེན་བུ་སྐྱེ་བར་མི་བྱེད་ཅིང། །སྐ་ཡང་འཆད་པར ་མི་འགྱུར་རོ། །གྱོད་པ་རྣམས་ནི་མཉེན་འགྱུར་ཞིང། །ལྷོད་པ་རྣམས་ནི་སྲ་བར་བྱེད། །ཁྲག་ནི་མང་དུ་འབྱུང་འགྱུར་བ། །དེ་བཙའ་ཉིད་ཀྱིས་ཞི་བར་བྱེད། །རྨིག་མཐིལ་ཚ་དང་དུགས་ལ་ནི། མེ་ཉིད་ཁོ་ན་བདེ་སྐྱེད་ཡིན། །དེ་ལ་སོགས་དང་གཞན་པ་ཡི།། ་ཡོན་ཏན་མེས་བསྲེགས་ལེགས་ལས་བྱུང། །ཁ་ཟས་དང་ནི་བཏུང་བ་དང། །སྣ་སྨན་དང་ནི་འཇམ་རྩི་དང། །སྨན་ཆུ་བླུགས་དང་བསྐུ་བ་དང། །དུགས་དང་ཡོངས་སུ་མཉེ་བ་དང། །དཀྲི་བའི་ཚུལ་ནི་སྣ་ཚོགས་སམ། །ཡང་དག་གཏར་གའི་ལས་རྣམས ་ཀྱིས། །ནད་གཅོང་བདེ་བར་མི་སྣང་ཞིང། །ནད་ནི་ཤིན་ཏུ་འཕེལ་གྱུར་ན། །བདག་པོ་ལ་ནི་དྲིས་ནས་ཀྱང། །མེ་ཡི་ལས་ནི་བརྩམ་པར་བྱ། །མེའི་ལས་བྱས་པའི་འོག་ཏུ་ནི། །གང་དག་བྱ་བ་དེ་བཤད་བྱ། །ཚིག་གྲགས་གྱུར་བ་ཡང་དང་ཡང། །མར་གྱིས ་ལེགས་པར་བསྐུ་བར་བྱ། །ཏིལ་དང་འོ་མའི་ལྡེ་གུ་འམ། །མར་གསར་གྱིས་ཀྱང་བསྐུ་བར་བྱ། །གཞན་ཡང་གང་དག་བསིལ་གྱུར་པ། །འདི་ལ་ཉེ་པར་སྦྱར་བར་བྱ། །མ་ཚིག་རྨ་ནི་རེད་གྱུར་ལ། །སྣུམ་ནི་དྲོན་པོ་བཏང་བར་བྱ། །དེ་བཞིན་སྨན་ཆུ་དྲོ་བ་དང།། ་བསྐུ་བ་དག་ཀྱང་དྲོན་པོ་བྱ། །དུགས་ཀྱིས་ལས་དད་དེ་བཞིན་དུ། །དྲིལ་ཕྱིས་དག་ཀྱང་བྱ་བ་ཡིན། །དེ་ཡིས་ནད་ཞིར་མ་གྱུར་ན། །སླར་ཡང་དེ་ལ་བསྲེག་པར་བྱ། །བསྲེགས་ནས་ཡང་དང་ཡང་དུ་ནི། །དེ་ལ་མར་ནི་བླུགས་པར་བྱ། །དེ་ནས་ཉིན ་ཞག་གསུམ་ན་ནི། །བརྟགས་ལ་འདྲུལ་བར་གྱུར་ན་ནི། །ཆུ་ནི་དྲོ་འཇམ་དག་གིས་ནི། །བླུགས་ཤིང་ལེགས་པར་བཀྲུ་བར་བྱ། །མར་དང་སྦྱར་བའི་ཏིལ་གྱིས་ནི། །ལྡཻ?་གུ་ཡིས་ཀྱང་བསྐུ་བར་བྱ། །མེ་ཡིས་སྐྲངས་པར་གྱུར་པ་ལ། །རྒྱམ་ཚ་དང ་སྦྱར་ལྡེ་གུས་བསྐུ། །དེ་ཡི་འོག་ཏུ་མར་དང་ནི། །ཡུག་རྣམས་སྦྱར་བ་བསྐུ་བ་བྱ། །དེ་ལྟར་བསིལ་བཅོས་ཀྱིས་བཅོས་ན། །མེ་ཡི་ནད་ནི་སེལ་བར་འགྱུར། །ལེགས་ལྡན་ཤ་ལི་ཧོ་ཏྲ་ཡིས། །དེ་སྐད་རྗེས་བསྟན་སྨྲས་པ་ཡིན། །ཤ་ལི་ཧོ་? ་གྲུབ་བའི་གནས་བདུན་པ་ལས། མེ་བཙའི་ལས་ཀྱི་ཆོ་གའི་ལེའུའོ།། །།གརྒ་ནེ?་ཤ་དའི་རྒྱལ་པོ། །མཛའ་ཨོ་བཟང་དད་ཀ་རི་ཏས། །མས་བཏང་སྦུ་གུའི་ཆོག་རྣམས། །ཤལ་ཏོ་ཏྲལ་དྲིས་བ། །མས་བཏང ་སྦུ་ག་སྨན་དང་ནི། །བརྡར་བ་ཡི་ནི་ཚོད་དག་དང། །སྨན་དུ་ཞུགས་པའི་ནད་རྣམས་ནི། །གསོ་བ་དང་བཅས་རྒྱས་པ་དག། རྟ་ལ་ཅི་ལྟར་བགྱི་བ་ནི། །ལེགས་ལྡན་ཁྱེད་ལ་ཤེས་བར་འཚལ། །དེ་རྣམས་དེ་སྐད་སྨྲས་པ་དང། །ཤ་ལི་ཧོ་ཏྲས་སླར ་སྨྲས་པ། །རྟ་ནི་སྣུམ་ཞིང་སྒོ་ལྔ་ནས། །ཡོངས་སུ་བརྟས་པར་བྱེད་པ་ཡིན། །མར་དང་ཏིལ་མར་ཞག་དང་རྐང། །ཁ་དང་སྣ་དང་མཚན་མཇུག་མ། །བགས་པ་ལས་ནི་ཞུགས་པ་ཡིས། །ཐབས་ནི་བདེ་བས་དེ་རྟས་བྱེད། །སྟོབས་བསྐྱེད་རོ་ཙའི་ཚེ ་བྱེད་རྣམས། །སྦྱར་བ་འམ་ཡང་ན་མ་སྦྱར་བ་འམ། །སྦྱོར་བ་ལེགས་པར་བཏང་བའི་སྣུམ། །རྟ་ནི་འཚོ་བར་བྱེད་པ་ཡིན། །བཟའ་དང་རྗེས་སུ་བཏུང་བ་དང། །ཁ་བཀང་ཁ་བ་ཡི་སྣུམ་ཡིན་ནོ། །དེ་བས་འཇམ་རྩིར་བཏང་གྱུར་པའི། །སྣུམ་གྱིས ་ཁོང་སྣུམ་སྟོབས་བསྐྱེད་ཅིང། །བརྟས་བྱེད་མགྱོགས་དང་རོ་ཅ་དང། །དེ་བཞིན་མདོག་ནི་བཟད་བར་བྱེད། །འཇམ་རྩི་རྟ་ཡི་གསོ་བྱེད་ཀྱི། །མཆོག་ཡིན་པར་བཤད་པ་ཡིན། །འཇམ་རྩི་སྦུ་གུའི་ཚད་དང་རྫས། །ངས་བཤད་པ་ལས་མཉན་པ ་བགྱི། །ལྕགས་དང་ཤིང་དང་རི་དགས་དང། །བྱ་རྣམས་ཀྱི་ནི་ཆུ་སྦུབས་དང། །ཤ་མི་སེར་ལྡེང་ཤྲི་མི་ཤ། །ཤིང་ཤ་པ་དང་ཧིན་ཏུ་ཀི་།ད་བ་འོ་མ་ཅན་ཙན་དན། །ཤིང་ནི་འདི་བརྒྱད་བསྔགས་པ་ཡིན། །དད་པ་བྱ་རྒོད་ཀུ་དྲ་བ། །རྨ་བྱ ་པ?་རི་བླ་བ་དང། །དུར་པ་བ་ལ་མངའ་གུ་སྟེ། །བྱ་ཡི་མཆོག་ནི་དེ་བརྒྱད་ཡིན། །བོད་བུ་མ་ཧེ་རྔ་མོ་དང། །དེ་བཞིན་གླང་དང་བ་མན་དང། །གཡག་དད་རུ་རུ་གླང་པོ་ཆེ། །ལྒང་པ་མཆོག་ཏུ་འདོད་པ་ཡིན། །གསེར་དང་དེ་བཞིན ་དངུལ་དང་ནི། །འཁར་བར་གན་ཞ་ཉེ་དང། །རོ་ཉེ་ཟང?་བ་དང་ལྕགས་རྣམས་ནི། །ལྕགས་ཀྱི་རིགས་ནི་བརྒྱད་དུ་བཤད། ཁ་དང་ར་ལུག་མ་ཧེ་ཡི། །ལྒང་པ་དབུག་གུ་དང་ཉེར་བཤད། །ཤིང་རྣམས་ལས་ནི་ཙན་དན་མཆོག་།ཕྱུགས་ཀྱི་ནང་ན་གླང་པོ་མཆོག། ་པ་རི་བླ་བ་བྱ་ཡི་མཆོག། ལྕགས་རྣམས་མཆོག་ནི་གསེར་ཡིན་ནོ། །ཙན་དན་གྲགས་ལྡན་ཚེ་ལ་ཕན། །བཀྲ་ཤིས་བསིལ་སྨན་རྣམས་ཀྱི་མཆོག་།པ་རི་བླ་བའི་འཇམ་པ་དང། །བསིལ་པས་མཆོག་ཏུ་བཤད་པ་ཡིན། །བསོལ་བྱས་སྦུ་གུ་ནི། །ལྕི་ཞིང་འཇམ ་ལ་སྲ་བ་ཡིན། །དེ་ནི་རྟའི་ནད་སེལ་བ་ཡིན། །ཕན་པ་དམ་པ་ཡིན་པར་བཤད། །གསེར་ལས་བྱས་པའི་སྦུ་གུ་ནི། །འཇམ་ཞིང་མྱུར་དུ་ཆུད་པ་དང། །མྱུར་དུ་འབྱིན་པར་བྱེད་པ་དང། །ལྕི་བས་རྟ་ལས་ཕན་ཞིང་བཟང། །དེ་ན་གས་མེད་འགྱུར་བ་མེད། །ཟླུམ་ཞིང་ཤིན ་ཏུ་བདེ་བ་བྱ། །དེ་དག་རྙེད་པར་མ་གྱུར་ན། །འོད་མ་ལྕང་མ་དག་ལ་བྱ། །འཇམ་ཞིང་འབུ་ཡིས་མ་ཟོས་ལ། །གཞུག་པ་ལ་གནོད་མི་བསྐྱེད་བྱ། །འོད་མའི་ནང་ནས་ནག་པོ་ནི། །སྦུ་གུའི་རྒྱུན་ནི་བཟང་བར་བཤད། །ཤ་ནི་ཤིན་ཏུ་གཞོན་མིན་པ། །བདེ་བར་འགྲོ ་བར་བྱེད་པ་ཡིན། །ས་རང་ག་ཡི་སྒར?་པ་ནི། །སྒང་པ་རྣམས་ཀྱི་དམ་པ་ཡིན། །སྦུ་གུ་སོར་ནི་བཅུ་གཉིས་པ། །འཇམ་ཞིང་གག་བ་དང་བཅས་པ། །ཞེང་དུ་སོར་དྲུག་གིས་འཁྱུད་པ། །རྩེ་མོ་རིམ་གྱིས་ཕྲ་བ་བྱ། །རྩེ་མོ་སྣ་མའི་མེ་ཏོག་ནི། །ཁ་འབུས་འདྲ ་ཞིང་བུག་ཆུང། །མཐེའུ་ཆུང་གི་རྩེ་མོའི་ཚད། །འདི་ཡི་ཚད་ནི་ཡིན་པར་བཤད། །སྨན་པ་ལས་རྣམས་གྲུབ་འདོད་པ་ག་།དེ་ལྟ་བུ་ཡི་སྦུ་གུ་ཡི་ས། །ཆོ་ག་བཞིན་དུ་ཟོས་འཐུངས་ལ། །འཇམ་རྩིའི་ལས་ནི་སྦྱར་བར་བྱ། །ལག་པ་གཡོན་པའི་མཛུབ ་མོ་ཡིས། །བཀག་པ་ཡིས་ནི་བཅུག་ནས་ཀྱང། །ཆུད་ནས་རྩེ་མོ་བཀག་པ་ཡིས། །རྩེ་མོ་ཡོངས་སུ་བཏང་བར་བྱ། །དེ་ནས་ལག་པ་གཡས་པས་ནི། །ལྒང་པ་རྩིར་བས་སྣུན་པར་བྱ། །ཁ་ནས་སྣུམ་བཏང་ཚང་གང་ཡིན། །མས་བཏང་བ་ལ་གཉིས?་འགྱུར ་བྱ། །སྲང་ནི་དྲུག་ཅུ་རྩ་བཞི་འམ། །བཞི་བཅུ་བརྒྱད་དམ་སུམ་ཅུ་གཉིས། །བཅུ་དྲུག་དང་ནི་དེ་ཡི་ཕྱེད?། །དེ་ལྟར་རིམ་བར་བཞག་བ་ནི། །མཆོག་དང་བར་མ་ཐབ་ལ། །མས་བཏང་བ་ནི་ཡིན་པར་བཤད། །འཇམ་རྩེ་སྦུ་གུ་སྤེད?་པ ་ནི། །ཚད་དེ་རྣམ་པ་བཞི་ཡིན་ཏེ། །སོར་བཞི་སོར་གསུམ་སོར་གཉིས་དང། །སོར་གཅིག་པ་ནི་ཡིན་ཤེས་བྱ། །ཟླ་དྲུག་ལོན་པའི་རྟེའུ་ལ། །སོར་ཅིག་ནང་དུ་བཏང་བར་བྱ། །སྣུམ་ནི་སྲང་བཞི་ཡིན་པར་བཤད། །སྣུམ?་ཚད་དེ་ནི་གོ་ལོག་བྱ། །ལོ་གཅིག ་ལོན་ལ་སོར་གཉིས་ཏེ། །འཇམ་རྩིར་སྣུམ་ནི་སྲང་བརྒྱད་བཏང། །ལོ་གཉིས་ལོན་ལ་སྦུ་གུའི་རྩེར། །སོར་གསུམ་ནང་དུ་གཏབ་བར་བྱ། །དེ་ཡི་འཇམ་རྩིར་བཏང་བའི་སྣུམ། །སྲང་ནི་བཅུ་དྲུག་བཏང་བར་བྱ། །ལོ་ལྔ་ཡན་ཆད་སྣུམ་ཚོད་ནི། །གོང་དུ་ཇི ་སྐར་བསྟན་བར་བྱ། །སྦུ་གུ་ནང་དུ་གཞུག་པའི་ཚེ། །ཐམས་ཅད་ལ་ཡང་སོར་བཞི་ཡིན། །རྩ་བ་ལྔ་ལ་ཉིས་རྒྱམ་ཚ། །ཡུངས་ཀར་བཅས་པ་བསྐོལ་བ་འམ། །མེ་དང་ལན་ཚྭ་དང་བཅས་པ། །དབྱར་གྱི་ཚེ་ན་མས་བཏང་བྱ། །པི་པི་ལིང་དང ་བཅའ་སྒ་དང། །འབྲུ་སྒྱུར་དང་ནི་ཡུངས་ཀར་དག་། ལན་ཚྭ་བྲོ་ཞིང་སྣུམ་དང་བཅས། །དགུན་གྱི་དུས་ཀྱི་མས་བཏང་ཡིན། །ཏིལ་ནག་དངནི་ཤིང་ནག་རང། །ཐར་ཤིང་དང་ནི་ས་ར་ལ། །ཀ་ར་བི་ར་ཨུཏཔལ། །ཤུག་བ་ཙན་དན་བུ་ཤེལ ་རྩེ། །ཤར་བ་ཡི་ལྡེ་གུར་བཅས། །འོ་མ་དང་སྦྱར་སོ་གར་བསྔགས། །ནང་དང་བཅས་པའི་རྣམས་ལ་ནི། །ཇི་སྐད་བཤད་པའི་གདའ་ལ་བྱ། །མགོ་ནི་ཐུར་དུ་གཡངས་གྱུར་ན། །ལྒང་པ་མེད་ལ་བརྩིར་དྲགས་ན། །ཞུ་བའི་གནས ་ལ་འདས་པ་ནི། །སྣུམ་ནི་གྱེན་དུ་འགྲོ་བར་འགྱུར། །དེ་ལས་འདི་ནི་རྨག?་བག་དང། །སེམས་མྱོས་ཁོང་ཚ་སྐྱེ་བར་འགྱུར། །སྣུམ་ནི་ཟློག་པར་བྱེད་པའམ། །ཡང་ན་དུས་རིང་ཞིག་ནི་འབྱུང། །དེས་ན་མགོ་བོ་རྒྱབ་ནས་ནི།། ་ལག་པས་ཅུང་ཟད་བརྡེག་པར་བྱ། །?་ཞིང་མཉེས་པར་བྱས་ནས་ནི། །འཇམ་པོར་གྱུར་ནས་གཏབ་པར་བྱ། །དུབ་པར་གྱུར་པ་འམ་སྐོམ་གྱིས་གདུངས། །ལྟོགས་དང་ཤིན་ཏུ་ཉམ་ཆུང་བའི། །མས་བཏང་བྱར་མི་རུང་བ་ཡིན། །གལ་ཏེ་རྨོངས་པས ་བཏང་གྱུར་ན། །དེ་ཡིས་བདེ་བ་བསྒྲུབ་འདོད་ཀྱང། །སྡུག་བསྔལ་ཉིད་ནི་བསྐྱེད་པར་བྱེད། །འཇམ་རྩི་བྱར་ནི་མི་བཏང་ལ། །གལ་ཏེ་བློ་ཆུང་བས་གཏོང་ན། །སྣུམ་ནི་མྱུར་དུ་ལྡོག་འགྱུར་ཞིང། །དེ་ཡིས་ཕན་བ་བྱེད་མི་འགྱུར། །དེ་ལྟར་ཉེས་བར་གུར་པའོ?། ་གཅིན་རྟུག་བསལ་བའི་སྦྱར་བ་བྱ། །དེར་རྗེས?་འཛམ་རྩི་ལེགས་བཏང་ན། །དེ་ཡི་དོན་ནི་སྒྲུབ་པར་བྱེད། །དུབ་ལ་སོགས་པར་མས་བཏང་བྱས། །སླར་ནི་བྱུང་རུང་མ་བྱུང་རུང། །དེ་ཡིས་ཕན་བ་མི་བྱེད་དེ། །ནད་ནི་སྐྱེད་པར་བྱེད་པ་ཡིན། །སྨྱོ་དང་ལུང་བ ་དབུགས་མི་བདེ། །ལྐོགས་ནང་དང་ནི་གཉའ་རེངས་དང། །འཁྲུལ་དེད་ནི་རླུང་འཁྱིལ་དང། །དེ་བཞིན་སྙིང་ནད་བཞི་པོ་དང། །མཇུག་ངོ་རྒྱབ་རེངས་ལྟོ་སྤོས་པའི། །ནད་རྣམས་དེ་ལ་འབྱུང་བར་འགྱུར། །མས་བཏང་ལས་གྱུར་ནང་འདི་རྣམས། སོ ་སོང་འབྱུང་ཡང་གྱུར་བ་ལ། །གསོ་བ་ལ་ནི་ཇི་སྐད་བསྟན། །ཆོ་ག་བྱས་པས་གསལ་པར་བྱ། །ལེགས་པར་འདུག་པར་འགྱུར་གལ། །རྔ་མ་གཡས་སུ་བཟུང་བྱ་ལ། །ལག་པ་གཡོན་པས་བཅུག་ནས་ནི། །གཡས་པ་ཡིས་ནི་བཙིར ་པོར་བྱ་?་ནོར་ཤིན་ཏུ་?་མིན་པར། །རྒྱུན་གྱིས་རྗེས་སུ་འབབ་བར་བཏང། །ལན་ཅིག་བཏང་བར་བྱ་བ་འམ། །ཡང་ན་དུས་ནི་གཉིས་སུ་བཏང། །དུས་གསུམ་དུ་ནི་མི་བཏང་ཞིང། །བག་མེད་པར་ནི་མི་བཅིར་རོ། །རྒྱབ་ནི་བཀུ་ཤེ་སྟེ་བཏང ་?་ན། །དེ་ལས་སྣུམ་ནི་སྙོན?་པ་པར་འགྲོ། །བདེ་བས་ནད་རྣམས་བསོད་ནས་ནི། །སླར་ཡང་བཟློག་པར་འགྱུར་བ་ཡིན། །རླུང་ནི་མང་དུ་འབྱིན་བྱེད་ཅིང། །ནད་ནི་སླར་ཡང་འཇུག་པར་བྱེད། །འཇམ་རྩི་བཏང་བར་གྱུར་བ་ལ། །རྒྱབ་མཉེ?་སེན་མོ་ས?་ ་འབྲུག་པར་བྱ། །ཏིལ་མར་འཇམ་རྩི་བཏང་གྱུར་ན། །ས?་ཞག་གིས་ནི་བསྐུ་བར་འདོད། །ཏིལ་མར་དྲོ་བཞིང་ཚ་བས་ན། །རྟ་ཡི་འཁྲིག་པ་སྐྱེད་པར་བྱེད། །དེ་བས་སྐེད་པའི་ལོག་གཉིས་སུ། །ས་ཞག་གིས་ནི་བསྐུས་བ་མདགས།། ་འཇམ་རྩི་བཏོང་བར་བྱེད་བ་ན། །གལ་ཏེ་རླུང་ནི་ཞུགས་གྱུར་ན། །འཇམ་རྩི་དང་ནི་འདྲེས་པ་ཡི། །རྐང་ནི་དེ་རུ་གནས་པར་འགྱུར། །དེ་བས་ཤིན་ཏུ་མི་སྤོང་ཞིང། །དྲག་དུ་རྩིར་བར་མི་བྱའོ། །འཇམ་རྩི་ཕྱེད་ཙམ་བཏང་བས་ན། །གལ་ཏེ་རྟ་ནི ་དབུགས་སྟོང་ན། །སྦུག་གུ་མྱུར་དུ་དབྱུང་བྱ་ཞིང། །རླུང་དགག་བ་ནི་མི་བྱའོ། །རླུང་དེ་བཏང་བར་གྱུར་པ་ན། །རྟ་ནི་གཉམ་དུ་ལེགས་བཞག་ལ། །དེ་ནས་སྣུམ་གྱི་ལྷག་མ་ཡིས། །འཇམ་རྩི་གཉིས་པ་བཏོང་བར་བྱ། །གང་ཕྱིར་རྗེས་མཐུན ་བཏོང་བས་ན། །དེ་ཕྱིར་འཛམ་རྩི་ཡིན་པར་བཤད། །འཇམ་རྩི་ཟུང་དུ་མ་གྱུར་བས། །བཏང་བ་ན་ཚེ་དང་སྟོབས་འཕེལ་བྱེད། །མཁྲིས་པ་ཅན་ལ་ལན་གསུམ་བཏང། །བད་ཀན་ཅན་ལ་ལྔ་འམ་བདུན། །དེ་བཞིན་རླུང་ནང་ཅན་ལ་ནི།། ་དགུ་འམ་ཡང་ན་བཅུ་གཅིག་བཏང། །ནད་བུ་ཅན་ལ་ཅི་སྲིད་དུ། །ནད་ན་ཞི་གྱུར་བར་དུ་བཏང། །ནད་ནི་མ་གཡོས་སྐྱེད་བྱེད་ཅིང། །སྐྱེད་པ་རྣམས་ནི་འབྱིན་བར་བྱེད། །ནད་མེད་གྱུར་པ་རྣམས་ལ་ཡང། །ཟླ་བ་ཕྱེད་ཅིང་རྟག་ཏུ ་བཏང། །ནད་མེད་པ་ལ་བཏང་གྱུར་ན། །སྟོབས་དང་མདོག་ནི་མཆོག་ཏུ་སྐྱེད། །ཟླ་ཕྱེད་ཚིགས་སུ་ལྟག་བར་ཡང། །འཇམ་རྩི་བཏང་བར་གྱུར་ན་ནི། །དེ་ཡིས་ཡིད་ནི་བདེ་འགྱུར་ཞིང། །སྟོབས་སོགས་ཡོན་ཏན་འཕེལ་བར ་འགྱུར། །དེ་ནི་ལེགས་བར་འཇུག་བྱའི་ཕྱིར། །རྗེས་སུ་བཏང་བ་བླུང་པར་བྱ། །ད་ཡིས་ཕོ་བའི་དྲོང་སྐྱེད་ཅིང། །རླུང་ནི་བདེ་བར་རྒྱུ་བར་བྱེད། །འཇམ་རྩི་བཏང་བར་གྱུར་པ་ན། །སྨན་ཆུ་བླུད་མ་མཆོ་ཏུ་བསྔགས། །དེ་ནས་འཇམ ་རྩི་གོང་མ་ཡི། །ཆོ?་ག་ཡང་དག་བཤད་པར་བྱ། །སྔར་བཤད་པ་ཡི་རྫས་ལས་ནི། །སྦུ་གུ་འཇམ་ཞིང་འབྲ་བ་བྱེ། །བདག་མིག་མེད་ཅིང་ཁ་སྒོ་ཕྲ། །དཔངས་སུ་སོར་ནི་བཅུ་དྲུག་པ། །རྩ་བ་འཁོར་ལོ་གཉིས་དང་བཅས། །འཇམ་ཞིང་བཅིངས ་པར་བདེ་བར་བྱ། །འདི་ནི་ཚད་ཆེན་སྲང་བརྒྱད་དེ། །གཞན་དག་ལ་ནི་དེའི་ཕྱེད། །མཚན་ནི་སྦུབས་ནས་ཕྱུང་ནས་ཀྱང། །དབུ་གར?་གུ?་དེ་རུ་གཞུག་བར་བྱ། །དེ་ནས་རྟ་ནི་ལེགས་བཞག་ལ། །དེ་ནས་སྔར་བཤད་ཚུལ་དུ་ནི། །ལྒེང་བ་ལགས ་པར་བཅེར་བར་བྱ། །དེ་འདྲའི་མས་བཏང་གོང་མ་ནི། །གཅིན་ནད་ཅན་ལ་བཏང་བར་བྱ། །ཚིག?་འདི་འདྲས་རྟ་ལ་ནི། །གཅིན་ནད་སླར་ཡང་འབྱུང་མི་འགྱུར། །ལྷག་མ་ལུས་སམ་ཕྱིའི་ལོག་འགྱུར། །མེས་བཏང། བས་ནི་གནོད་སྐྱེད་དོ། ། ་དེ་བས་རྟ་ནི་ལེགས་བཞག་ལ། །དང་པོར་ལེགས་པར་གཟབ་པར་བྱ། །སྨན་བ་བློ་དང་ལྡན་པ་ཡིས། །ན་ཚོང་སྟོབས་དང་དུས་ཚིགས་དང། །རང་བཞིན་གོམས་བ་ཀུན་བཏགས་ལ། །སྣུམ་བཏའ?་ཅི་རིགས་དུགས་བྱའོ། །བ་ཡི་མར ་རམ་ཡང་ན་ནི། །ཏིལ་མར་ཤིན་ཏུ་དང་བསྐོལ། །རྟ་ཡི་གསོ་བ་ཐམས་ཅད་ལ། བ་ཡི་མར་ནི་མཆོག་ཡིན་ནོ། །སྟོན་སྐྱེས་ཏིལ་ནི་ནག་པོ་ལ། །ལག་བས་བཙེར་བའི་ཏིལ་མར་ཡང། །འཇམ་རྩི་དང་ནི་སྐུ་བ་ལ། །རྟལ་ཕན་བར ་འགྱུར་བ་བསྔགས། །འཇམ་རྩི་བཏང་བའི་དུས་སུ་ནི། །ཁ་ནས་བཏང་བར་མི་བྱའོ། །རྟ་ནི་སྐྱོན་མེད་ཤེས་བྱས་ལ། །ལྟོ་བ་རན་འདྲངས་ལེགས་གནས་ལ། །ཚད་ནི་ལེགས་པར་བརྟགས་ནས་ནི། །མར་གྱི་འཇམ་རྩི་བཏང་བར་བྱ། ། ་ཕྱིར་དེ་ཉིན་ཞེ་ལྟོས་སྟོངས་ལ། །རྟ་ཡི་ཐས་ནི་བེན?་པར་སྦྱིན། །འགྲངས་ཟིན་པ་ལ་གཏག་མི་བྱ། །ལྟོགས་ལ་འཇམ་རྩི་མེ་བཏང་ངོ། །གལ་ཏེ་རྨོངས་བས་བཏང་གྱུར་ན། །མས་བཏང་དེ་ལས་གནོད་འབྱུང་སྟེ། །དེ་ནི་རྣོ་བས་མ་བྱིན། ་པར། །ཟས་ནི་འབྱིན་པར་བྱེད་པ་ཡིན། །འཁྲུ་བ་བསྐྱེད་པར་འགྱུར་བ་དང། །དེ་བཞིན་མི་བཟང་སྦྱོར་བར་འགྱུར། །གང་ཚེ་ལོ་སྟོང་འགྱུར་བ་ལ། །འཇམ་རྩི་བཏང་བར་གྱུར་ན་ནི། །དེ་ཡི་ཁོང་བ་སྟོང་པས་ན། །རྟ་སྤངས ་དང་ནི་མ་འདྲེས་པར། །སླར་ཡང་དོན་མེད་འབྱུང་འགྱུར་ཞིང། །ནང་ཀྱང་བསྐྱེད་པར་བྱེད་པ་ཡིན། །དེ་བས་རྟ་སྤངས་བཏང་གྱུར་ཅིང། །ལྟོ་ནི་ཟས་དང་བཅས་བ་ལས། །ཚ་དང་ཁ་དང་དྲོ་བ་ཡིས། །འཇམ་རྩི་ཚད་ཙམ་བཏང་བར་བྱ། །འཇམ་རྩི ་རྐུ་བ་ལས་བཏང་གྱུར་ཀྱང། །ཆོག་ལེགས་ན་རིམ་གྱིས་ནི། །ལུས་ཀྱིས་སྟེང་བོད?་ཐང་ཀ་རུ། །རྣམ་པར་ཁྱབ་པར་བྱེད་པ་ཡིན། །མདོག་ཀྱང་ཁ་དོག་སྐྱེད་བྱེད་ཅིང། །ནང་ཀྱང་སེལ་བར་བྱེད་པ་ཡིན། །དབང་པོ་གསལ་ཞིང་དགའ་བ་དང།། ་ལུས་ཟུངས་རྣམས་ཀྱང་འཕེལ་བྱེད་ཅིང། །མེ་དྲོད་སྐྱེ་ཞིང་བརྟན་པ་དང། །གཅིན་རྟུག་བདེ་བར་འབྱུང་བ་ཡིན། །མངལ་ནི་ལེགས་པར་བྱེད་པ་དང། །ལུས་ཀྱང་བརྟན་པར་བྱེད་པ་ཡིན། །འདི་ནི་འཇམ་རྩི་བཏང་གྱུར་པ། །ལེགས ་པར་གྱུར་པའི་མཚན་ཉིད་ཡིན། །འཇམ་རྩི་བཏང་དྲགས་མ་ལེགས་ལས། །ཕྱེན་དང་རྟུག་པ་འགགས་འགྱུར་ཞིང། །དེ་བཞིན་གཅིན་ནང་འབྱུང་བ་དང། །རླུང་འཁྱིལ་ལྟོ་ནི་སྦོ་པ་དང། །མཚན་གྱི་ནང་རྣམས་འབྱུང་འགྱུར ་ལ། །?་རིག?་གྱུར་པའི་རྒྱུ་ལས་ནི། །དེ་བཞིན་མེ་དྲོད་མི་མཉམ་དང། །ངལ་རྐྱེན་རྨོངས་བག་རྣམས་ཀྱང་འབྱུང། །དེ་བས་འཇམ་རྩིའི་ལས་རྣམས་ནི། །ཤིན་ཏུ་ལེགས་པར་བྱ་བ་ཡིན། །དེ་བས་དྲགས་པར་མ་གྱུར ་བའི། །སྣུམ་གྱི་འཇམ་རྩི?་བཏང་བར་བྱ། །འཇམ་རྩི་བཏང་བར་གྱུར་པའི་རྟ?། །བཀོལ་བ་ལ་སོགས་སྤང་བྱར་བྱ། །འཇམ་རྩི་གཏོང་བའི་དུས་སུ་ནི། །སྦན་པས་མ་གཡེང་ཉིང་དུ་བརྟགས། །འཇམ་རྩི་བཏང་བའི་རྗེས་ལ་ནི། ། ་ཕོ་བའི་མེ་དྲོང་བསྐྱེད་པའི་ཕྱིར། །ལེན་ཚྭ་བཅའ་སྒ་ཤིང་ཀུན་དང། །ན་ལེ་ཤམ་སྦྱར་ཆད་བླུད་བྱ། །རྗེས་སུ་བཏུང་བ་འདི་ཉིད་ནི། །ནད་པར་ཟ་མ་ཟོས་ཚེ་བྱིན། །དུས་ནི་ཇི་སྲིད་བྱིན་གྱུར་པ། །དེ་སྲིད་བར་དུ་ཁོང་རྩུབ་བྱ། །ཁོང་རྩུབ་གྱུར་པར་ཤེས་ནས་ནི། ། ་དེ་ལ་བཅོས་པའི་ཐབས་ཀྱང་བྱ། །དེ་ཡི་ཉིན་ཞག་གཉིས་པ་ལ། །སྔ་དྲོ་ཁ་ཟས་བྱིན་པ་ཕེན། །ཕྱི་དྲོ་ཁྲུས་བྱས་རྗེས་ལ་ནི། །ཤ་ཁུ་དང་སྦྱར་ཁ་ཟས་ནི། །སྣུམ་དང་ལན་ཚྭ་བྲོ་བ་བྱིན། །དེ་སྟོབས་ཚེ་ནི་འཕེལ་བར་འགྱུར། །དེ་ནས་ཟས་སྐོམ་འོ་མར་བཅས།། ་སྦྱིན་ཞིང་ཆང་བླུང་པས་རྟ་བྱ། །རྟ་ནི་ལེགས་པར་རྟས་གྱུར་ནས། །ལས་རྣམས་ཀུན་ལ་ལེགས་པར་བྱ། །ཚེར་མ་ཆེན་པོ་ལས་སྐྱེས་དང། །ལྕུག་མ་ལས་སྐྱེས་རྩ་བ་སྐྱེས། །ལྦ?་པ་རྩ་ལས་བྱུང་བ་སྟེ། །རྩ་བ་ལྔ་པ་རྣམ་ལྔ་ཡིན། །ལྔ་པའི་འོག་མ ་དྲུག་པ་དང། །དེ་བཞིན་བདུན་པ་འཁྲུ་གཅོད་བྱེད། །བལྦི?་ཨགནི་མནྠ་དང། །སོ?་ན་ཀ་དང་ཀ་མ་རི། །པ་ཧ་མ་ཏེ་འདི་དག་ནི། །རྩ་བ་ལྔ་པ་ཆེན་པོར་བཤད། །བྲི་ཧ་ཏི་གཉིས་ཨ་རཎྚ། །ཾ་ཤུམ་ཏི་བ་སུ་ཀ་།རྩ་བ་ལྔ་པ་ཆུན་ངུ་རུ། །གཉིས ་པ་འདི་ནི་ཤེས་པར་བྱ། །བྲི་ཀཱ་ད་ནི་སླེ་ཏྲེས་དང། །བི་ད་རི་དང་ཤ་རི་པ། །ི་ཛ་ཤྲི་ག་ལྕུག་མ་ལས། །སྐྱེས་པ་ལྕུག་མ་ཡིན་ཞེས་བྱ། །བྱ་ཟན་པ་ཤྲི་ཡ་དང། །ཀར་མ་ཏི་ཏྲི་ཀཎྚ། །འདི་ནི་རྩ་བ་ལས་བྱུང་བའི། །རྩ་བ་ལྔ་བ་བཞི་བར་བཤད། ། ་ཀུ་ཤ་འཇག་མ་འཇམ?་བུ་དང། །ཀུན་ཛ་མུ་ལ་དར་བ་ནི། །འདི་ནི་རྩ་ལས་བྱུང་བ་ཡི། །རྩ་བ་ལྔ་པ་ལྔ་པ་ཡིན། །ཀོ་ཤ་ཕ་ལ་པ་རུ་ན། །ཤ་ཀྲུ་བི་ར་ཧ་རུ་དང། །རྟ་རུ་ཞེས་བྱ་ལྔ་པ་ནི། །ལྔ་པའི་ཕྱི་མའི་དྲུག་པ་ཡིན། །སྲི་རྟག་བར་ནི་བ་ལ་གཉིས།། ་དེ་བཞིན་སུ་ན་སྣ་བ་གཉིས། །འདི་ནི་གཅོད་བྱེད་ལྔ་པ་སྟེ། །བདུན་པ་ཡིན་པར་རབ་ཏུ་བཤད། །རླུང་བྱེད་ཙན་དན་ཙི་ཏྲ་ཀ་།ས་ར་དེ་བཞིན་ཤིང་མངར་དང། །ཀུ་ཤ་ནས་ཤ་མ་དང། །བཾ?་ཛ་ཡན་ཏི་ཏྲ?་བ་ན་ཧི། །དོང་ཀ་ནི་མ་ཕ་ལུ་ཏི་།དེ་བཞིན? ་ག་བུར་སླེ་ཏྲེས་དང། །དེ་བཞིན་སཔཏ་སརྣི་དང། །མ་ཧ་ནིམཔའི་འབྲས་བུ་དང། །ནས་དང་རྒྱ་ཤུག་ཀུ་ལད་དང། །འདི་ནི་འཇམ་རྩིའི་སྨན་སྡེ་ཚན། །འདི་དག་ཐམས་ཅད་སྡུས་ནས་ནི། །ཆུ་བྲི་བཞི་ནད?་མེ་ཆུང་ལ། །ལེགས་པར་མཆོགS ་པའི་སྲང་བརྒྱ་ནི། །རྟ་ནི་མཆོག་གྱུར་པ་ལ་བཏང། །བར་མ་རྣམས་དང་ཆུང་ངུ་ལ། །བཞི་བཅས་ཕྲི་བ་བཏང་བར་བྱ། །སྨན་ཁུ་དེ་ནི་སླངས་ནས་ཀྱང། །བཞི་ཆ་ལུས་ཀྱི་བར་དུ་བསྐོལ། །ཡུངས་ཀར་ཤ་ར་ཡུ་དྲ་དང། །པི་པི་ལིང་དང་བཅའ་སྒ?་དང ་ན་ལེ་ཤམ་དང་བྱི་དང་ཀ་།ས་རལ་དང་ཐང་ཤིང་དང། །སུག་སྨེལ་རུ་རྟ་ཧ་རེ་ནུ། །བྱ་གྲན་ཁ་ཤ་མ་དང། །ཧི་ཏི་པི་པི་ལིང་རྩ་བ། །དེ་བཞིན་ཡུངས་ཀར་སེར་པོ་དང། ཁུ་ཙི་ཤེལ་དང་བོང་བ་དང། །དེ་བཞིན་དུ་ནི་ག་རུ་རྣམས། །ཆང་དང ་ཏིལ་མར་གཅིན་དང་ནི། །དེ་བཞིན་ལན་ཚྭ་རྣམས་དང་ནི། །པོ་སོན་ཆ་དང་གཞན་ཡང་ནི། །འབྲས་བུ་གསུམ་ཡང་གཞུག་པར་བྱ། །དེ་ནི་གཅིག་ཏུ་སྤགས་ནས་ཀྱང། །མཁས་པ་ཡིས་ནི་གནས་སྐབས་སུ། །རྟ་ནི་ལྟོས་པར་གྱུར ་པ་ལ། །ནི་རུ་ཧ་ནི་བཏང་བར་བྱ། །ལྒང་པ་ཚ་དང་ཁ་ར་པའི། །ཁུ་བ་ལ་ནི་སྤངས་ཏེ་བཏང། །རྟ་ཡི་ནང་དང་ཚེ་དང་ནི། །གོམས་དང་སྟོབས་དང་དུས་ཚོང་རྣམས། །ལེགས་པར་བརྟགས་ལ་བཞག་ནས་ཀྱང། །སྨན་ནི་སྦྱོར་བ་ལེགས་པར ་བཏང། །ལོ་གསུམ་ལོན་པ་ནི་རུ་ཧ། །སྲང་ལྔ་ཡོངས་སུ་བཏང་བར་བྱ། །རྟེའུ་དང་རྒ་ན་དང་གཞོན་ནུ་ལ། །བཞི་ཆར་དབྱེ་བས་སྦྱངས་པས་བྱ། །མཆོག་ལ་སྨན་ཁུ་བྲེ་དོ་སྟེ། །བར་མ་དེ་ལ་བཞི་ཆ་འདྲི། །ཆུང་ངུ་ལ་ནི་དེ་ཡི་བྱེད། །འདི་ནི ་ཚད་གྱི་ཐེ་ས་ཡ་ཡིན། །དང་པོ་རེག་ན་བདེ་བ་དང། །དེ་བཞིན་རྣོ་བྲོ་ཚ་བྲོ་བཏང། །ནད་ཀྱི་ཚུལ་ནི་བརྟགས་ནས་ཀྱང། །གོང་ནས་གོང་དུ་བསྐྱེད་པར་བྱ། །དེ་ནས་ནད་ནི་མ་རུངས་དང། །གནས་གསུམ་དག་ཀྱང་རྗེས་རྟག་ལ། །ནད་ཀྱི ་ཚུལ་ལས་ཅི་རིགས་པར། །སྨན་གྱི་སྦྱོར་བ་བྱ་བ་ཡིན། །ནི་རུ་ཧ་ཡི་རྗེ་ཐོགས་ལ། །འོ་མའི་འཇམ་རྩི་བདེ་སྐྱིད་ཡིན། །ཁར་སྦྲང་རྩི་མར་དང་ནི། །ཤིང་མངར་དང་ནི་མ་ཏུ་ཀ་།ཤུག་པ་བཙོད་དང་སུ་ཤེལ་རྩེ། །ཙན་དན་པ་བླ་གེ་སར་དང། །ཏང་ཐལ་དང་ནི་དགུན་འབྲུམ ་དང། །ཤ་རི་བ་དང་ཏིལ་རྣམས་དང། །ལོ་མ་དྲང་དང་སྦྱར་བ་མི། །འོ་མའི་འཇམ་རྩི་བསིལ་མོ་བཏང། །འདི་ཡིས་ཁོད་པར་བདེ་འགྱུར་ཞིང། །ལུས་ཡང་ཡི་ག་འབྱེད་པ་དང། །གཅིན་རྟུག་བྱེ་ན་ནི་འགགས་འགྱུར་པ། །ལེགས་པར་སེལ་བར་བྱེད་པ་ཡིན། །སམས ་གསལ་བ་དང་བཀྲེས་གྱུར་པ། །ནེ་རུ་ཧེ་ལེགས་མཚན་ཉིད་ཡིན། །སེམས་བདེ་སྙིང་སྟོབས་ཆེ་བ་དང། །རྟ་ཡི་གཟི་མདངས་འཕེལ་བར་འགྱུར། །ལུས་ལ་གནས་པའི་རླུང་ལྔ་ཡང། །རྗེས་སུ་མཐུན་པར་རྒྱུ་བར་བྱེད། །རླུང་གི་ནད་ནི་འཁྱིལ་བ་དང། །དེ་བཞིན་ ་རྟུག་སྐམ་ནད་རྣམས་དང། །གཞན་ཡང་དེ་འདྲ་བ་ཡི་ནད། །མས་བཏང་དྲག་པོས་སེལ་བར་བྱ། །པགས་ནད་སེལ་ཅིང་དབང་པོ་གསལ། །དེ་བཞིན་རིམ་གྱིས་སེལ་བྱེད་དེ། །ནམ་མཁའ་དངས་པའི་ཟླ་བ་ལྟར། །རྟ་དེ་སྐྱོན་མེད་པར་སྣང་ཡིན། །ནེ་རུ་ཧ་ཉེས་མཚན ་ཉིད་ནི། །ནད་ནི་བརྟན་པར་གནས་པ་དང། །ལུས་ལྕི་ཞུམ་པར་གྱུར་པ་དང། །ཕྱེན་དང་རྟ་སྤངས་འགགས་པ་དང། །ཚ་བས་ཆེ་བརློན་པར་འགྱུར་བ་དང། །གཅིན་འགགས་སྤོས་པར་འགྱུར་བ་ཡིན། །ནེ་རུ་ཧ་ནི་དྲགས་གྱུར་ན། །རྟ་ཡི་རྟུག་པ་བདེ?་འགྱུར་ཞིང།། ་ཁང་པ་གཟུར?་གྱིས་ཁྱབ་པ་དང། །ལུས་ཀུན་ན་བར་བྱེད་པ་ཡིན། ཁྲིམ་ཤིན་ཏུ་གསལ་གྲགས་པས། །རླུང་ནི་རབ་ཏུ་འཁྲུག་པར་བྱེད། །དེ་ལས་སྦེག་དང་མདོག་ངན་དང། །དབང་པོ་ཤིན་ཏུ་ཞུམ་འགྱུར་བའི། །མྲོངས་སིང་འཁྲུག་པ་ཉིད་དང་ནི། ། ་ལུས་སོངས་པར་ཡང་འགྱུར་བ་ཡིན། །དཀར་བ་འམ་ནི་ཆུ་ལ་བབ་ཞིག་པའི། །བད་ཀན་འཁྲུ་བར་འགྱུར་བ་ཡིན། །འདི་ཡིས་ནད་གཞིར་འགྱུར་བ་ཡིན། །ཡིད་བདེ་བར་ནི་མི་འགྱུར་རོ། །ཆུ་འཐུངས་པའམ་ཁྲུས་བྱས་པའི། །དེ་བཞིན་འགྲངས་པར ་གྱུར་པ་དང། །རླུང་ནི་གྱེན་དུ་བཟློག་པ་དང། །ཤིན་ཏུ་འཁྲུལ་བར་བྱེད་པ་དང། །རྟ་གང་འཇིགས་པས་ཉེན་པ་དང། །གཅོད་ཆེན་ནད་ཀྱིས་བཏབ་བ་དང། །ཁུར་གྱིས་ཤིན་ཏུ་དུབ་པ་དང། །རྟེའུ་དང་དེ་བཞིན་གསེབ་དང་ནི། །ཁྱད་པར་དུ་ནི ་སྦྲུམ་མ་དང། །དུག་གིས་ཉེན་དང་ཆང་འཐུངས་དང། །དུ་བ་བཅིངས་འཁྲུལ་པར་འགྱུར་བ་དང། །ལུང་པ་དབུགས་མི་བདེས་ཉེན་དང། །ཁྲག་དང་མཁྲིས་པས་ཉེན་པ་དང། །སྟོན་དང་སོས་ཀའི་ཚེ་ན་ནི། །མས་བཏང་བ་ནི་བཏང་མི་བྱ། ། ་འདི་ཡིས་ཕན་པ་མི་སྐྱེད་ཀྱི། །གནོད་པ་མི་ཟད་སྐྱེད་པར་བྱེད། །དེ་ནས་མས་བཏང་བྱས་པ་ཡིན། །རྟ་ནི་རླུང་མེད་གནས་སུ་བཞག་།སྐེ་རེངས་ཀྱིས་ནི་བཏབ་གྱུར་ན། །རྗེས་སུ་གསོ་བ་འདི་བྱ་སྟེ། །ས་མདག་ར་ཤུ་ཏི་དང། །རུ་རྟ་རྒྱས ་ཚ་སྦྱར་བ་ཡིས། །བསྐུས་ནས་དེ་ཡི་རྗེས་ལ་ནི། །རྡེ་དང་གསེག་མས་དུགས་བྱའོ། །སྣ་སྨན་གྱི་ནི་ལས་རྣམས་དང། །མེ་བཅའ་ཡི་ནི་ལས་ཀྱང་བྱ། །འོ་མ་དང་ནི་ཤ་ཁུ་དང། །སྦྱར་བའི་ཟས་ནི་སྦྱིན་པར་བྱ། །གཞང་ཁ་ན་བར་གྱུར་པ་དང། །དེ་ཡི ་གསོ་བ་བཤད་པར་བྱ། །བསིལ་སྨན་གྱི་ནི་ལྡེ་གུ་དང། །འདམ་ལ་སོགས་པ་བསྐུ་བར་བྱ། །མཇུག་མ་མཚན་དང་མགོ་བོ་དང། །རྣ་བ་མཇུག་མ་ཚིགས་ཀུན་བསྐུ། །ཁ་ཟས་བུ་རམ་མར་དག་དང། །སྦྱར་བ་གྲང་མོ་བྱིན་ན་ཕན། །མར་དང་སྦྲང ་རྩི་རྒུན་འབྲུམ་དང། །ཁར་དང་སྦྱར་སྦྱིན་བྱ་ཞིང། །གནས་ནི་བསིལ་བར་བཞག་པར་བྱ། །དེ་ནས་བདེ་བ་འཐོབ་པར་འགྱུར། །གཅིན་ནི་གལ་ཏེ་འགག་གྱུར་ན། །དེ་ལ་གསོ་བ་འདི་བྱ་སྟེ། །མངར་བའི་སྨན་དང་སྦྱར་བ་ཡིས། །འོ ་མའི་འཇམ་རྩི་དེ་ལ་བཏང། །སྨན་པས་རྟ་ནི་སྣུམ་བཅོས་དང། །དུགས་བྱས་ནས་ནི་དུ་ཧ་བཏང། །མངར་བའི་སྨན་དང་སྦྱར་བ་ནི། །འཇམ་རྩི་ཉེ་བར་བཏང་བར་བྱ། །ཚ་བ་གསུམ་དང་སྦྱར་བ་ཡི། །རེང་བུ་རྣོ་ཞིང་ཚ་བ་དང། །ལན་ཚྭར་? ་པ?་ཚན་ནས་བཏང། །དེས་ནི་གཅིན་འགགས་སེལ་བར་བྱེད། །ཁ་ཟས་མར་དང་འོ་མ་དང། །སྦྲང་རྩི་པི་པི་ལིང་བཅས་བྱིན། །ཡང་ན་ཕྱེད་དང་གསུམ་རི་དང། །པི་པི་ལིང་སྦྱར་སྦྱིན་པར་བྱ། །སྨན་དེ་དག་དང་ཆད་དང་སྦྱར། །རྗེས་སུ་བཏུང་བ་སྦྱིན་པར་བྱ། ། ་འབྲས་མཆན་ས་ལུ་འོ་མ་དང། །ཞོང་སྦྱར་ཁ?་ཟས་སྤྱིན་ན་བསྔགས། །ཅི་ནས་འདིར་ནི་འདེར་འགྱུར་བའི། །མེ་བཅའ་ཡི་ནི་ལས་ཀྱང་བྱ། །གལ་ཏེ་ལུས་ནི་རེངས་གྱུར་ན། །དེ་ལ་གོས་བ་འདི་བྱ་སྟེ། །ཟས་དང་བསྐུ་དང་བཏུང་བ་དང། །སྣ་སྨན་དང་ནི་འཇམ ་རྩི་བཏང། །རྟུག་པ་གསུམ་གྱི་དུགས་དག་ཀྱང། །འདི་ལ་ལེགས་པར་སྦྱར་བར་བྱ། །གཏང་ཀ་ཡིན་ལིས་བྱ་ཞིང། །རླུང་མེད་པ་ཡི་གནས་སུ་བཞག་།སྦྱོན་འབྱུང་པོའི་གཏོར་མ་དང། །བདུག་པ་དང་ནི་མིག་སྨན་དང། །སྦྱིན་སྲེག་གི་ནི་ལས་བྱ་ཞིང། ། ་བྲམ་ཟེ་དགེ་སྦྱོང་ཚིམ་པར་བྱ། །གཞན་ཡང་སྤྱོ་བ་གསོ་བ་ལས། །བཤད་པའི་ཆོག་རྣམས་ཀྱང་བྱ། །དེ་བཞིན་ནད་ཀྱི་ཁྱད་པར་གཞན། །བྱུང་ནའང་ཅི་རིགས་གསོ་བར་བྱ། །ཤ་ལི་ཧོ་ཏྲའི་གྲུབ་པའི་གནས་བདུན་པ་ལས། །མས་བཏང་བའི་ཆོ ་ག་བསྟན་བའི་ལེའུའོ།། །།ཐུབ་མཆོག་ཤ་ལི་ཧོ་ཏྲ་ལ། །ལེགས་ཐོས་དུལ་བ་དང་ལྡན་པས། །རྐང་པ་ལ་ནི་མགོ་སྡུགས་ཏེ། །དྲི་ཞིང་སྐུལ་བའི་ཚིག་གིས་སྨྲས། །ཁྱེད་ཀྱིས་བརྩེ་པའི་ཕྱོགས་དང་ནི། །གནོད་པར་གྱུར་པ ་རྣམས་ཀྱང་གསུངས། །གཅགས་སྤྱད་ཀྱི་ནི་དབྱེ་བ་ཡང། །རྣམ་པ་དྲུག་ཏུ་ཡོངས་སུ་གསུངས། །རྩ་ཕུག་དྲགས་དང་རྒྱུས་པ་དང། །ཚིགས་ལ་གནོད་གྱུར་ལས་ནད་གྱུར། །འདི་དག་གི་ནི་མཚན་མ་དང། །གསོ་བ་བདག་ལ་བཀའ་སྩོལ་ཅིག་། ་དེ་ནས་བུ་ཡིས་དྲིས་གྱུར་པའི། །ལེགས་ལྡན་གྱིས་ནི་སླར་སྨྲས་པ། །ནད་དང་རུས་པ་རྒྱུས་པ་ལ། །གནོད་འགྱུར་གསུམ་པོ་གསོར་མི་རུང། །ཚིགས་པར་གཉའ་བར་རྩའོ་ཆེར། །གནོད་པར་གྱུར་པ་གསོར་རུང་ཡིན། །བསྟན་བཅོས ་ལས་རྣམས་ལེགས་མཐོང་ཞིང། །རང་བཞིན་བརྟེན་ལ་ལS་མ?་བྱང། །ལག་པ་ཤིན་ཏུ་གམས?་གྱུར་པ། །དེ་ཡིས་ནམ་ཡང་གནོད་མི་སྐྱེད། །རྟ་རྫི་ལས་བྱུང་ཉེས་པ་ཡང། །ནག་པ་སྤྱོད་ལམ་འཚོལ་བ ་ལས་?། །ནད་ཀྱི་ཚུལ་ནི་བྱུང་གྱུར་པ། །དེ་ནི་གསོ་བར་སླ་བ་ཡིན། །གཙགས་བུས་བཅད་དམ་ཕུག་པ་ན། །སྨན་པའི་ཉེས་པ་ལས་ནད་གྱུར། །དེ་ཡིས་དབང་པོ་མ་ཚང་བ། །འཆེ་བ་ཉིད་དུ་འགྱུར་བ་ཡིན། །སྨན་པར་རོ?་ནད་བུ་ཅན། ། ་དེ་བཞིན་དུ་བ་དང་ཚ་བས་ཉེན། །སྨྱོས་སམ་ཤིན་ཏུ་འཁྲུག་གྱུར་པའམ། །རྨོངས་པས་འཁྲུལ་པར་གྱུར་པའམ། །ངོ་ཚས?་འཁུམས་སམ་འདར་གྱུར་ཏམ། །ལས་ལ་ཐེ་ཚོམ་བཅས་པ་དང། །རྒན་པོ་འམ་ཡང་ན་བྱིས་པ ་འམ། །ཡིད་མི་བདེ་བའམ་འཇིགས་གྱུར་པ། །དམ་པ་ལ་ནི་མི་བསྟེན་པའམ། །གང་ཞིག་སྨོངས་པར་གྱུར་པ་ཡི། །ཐོས་པ་ཉུང་ཞིང་ང་རྒྱལ་ཆེ། །བདེ་སྐྱིད་མི་སྦྱོང?་ནོར་ལ་སྡང། །གླེན་ཞིང་དོན་མ་ཡིན་ལ་མཁས། །སྨན ་གཞན་མི་བཟོད་ཅིང་སྨད་དོ། །ཡུལ་ལ་སྐམ་ཞོང་ཁྲོ་ལ་གདུག་།རྟག་ཏུ་རང་གི་དོན་ལ་བརྩོན། །བདག་པོའམ་ནི་བླ་མ་དང། །དེ་བཞིན་ལེགས་པར་སྤྱོད་པ་ན། །འཇོམ་པ་མེད་ཅིང་དོར་མི་ལྟ། །ངོ་ཚ་དང་ནི་འཇིགས་པ་སྤངས།། ་རྒྱལ་པོའི་བཀའ་དྲིན་གྱིས་གསོ་ཡང། །རྒྱལ་པོའི་མཛོད་ནི་སྟོངས་པར་བྱེད། །དེ་འདྲའི་སྨན་པ་ནམ་ཡང་ནི། །རྟ་ཡི་གནས་སུ་གཉེན་མི་བྱེད། །དེ་འདྲའི་སྨན་པ་འདྲིགས་ལྡན་པས། །རྟ་ལ་མཚོན་གྱིས་གནོད་པ་སྐྱེད། །ཚད་ལས ་རྒྱལ་བའི་གནས་ནོར་བ་འམ། །སྟེང་དང་འོག་ཏུ་གནོད་གྱུར་པའམ། །ཕུག་གྲག་པ་འམ་མ་ཕུག་པ། །རྩ་ནི་བློ་ངན་དེས་མི་ཤེས། །དེ་བས་ཕུག་ནི་དྲག་པ་ཡིས། །གནོད་བ་བཤད་ཀྱིས་མཉན་པར་གྱིས། །ཐག་ནི ་ཕུག་གྲགས་མ་བྱུང་ན། །དབུགས་མི་བདེ་དང་ལུད་པ་སྐྱེད། །འདུག་པ་ན་ནི་ན?་འགྱུར་ཞིང། །ཡན་ལག་ཉམས་དང་གཅོང་ཆེན་སྐྱེས། །ཤ་སྙིང་རྨ་ནི་འཁྲུལ་བ་དང། །ཁོང་ཚ་སྒྲངས་པ་མི་བཟོད་སྐྱེད། །སྦུ་ཡང་གཤོར་བར་འགྱུར་བ་དང། །རྩ་རྒྱུས ་ཀྱི་ནི་ནད་སྐྱེད་བྱེད། །ནད་འདིས་སྲོག་ནི་འཕྲོག་བྱེད་དེ། །འཕྲལ་དུ་འཆི་བར་འགྱུར་བ་ཡིན། །མཚན་གྱིས་གནད་དུ་ཕོག་གྱུར་པ། །དཔེར་ན་མེ་དང་གནས་ལྕགས་སམ། །དུག་འཐུངས་ལས་ནི་གསོད་པ་ལྟར། །རྟ་ནི་སྲོག་ནི་ཟད་བྱེད་ཡིན། །དེ་བས ་ལུས་དང་ནད་ཚུལ་དང། །ཡུལ་དང་གོམས་པ་ན་ཆོད་སྟོབས། །དུས་ཚིགས་ལུས་རྣམས་ལེགས་བརྟགས་ལ། །སྨན་པས་ཁྲག་ནི་དབྱུང་པར་བྱ། །རྩ་ནི་ཕུགས་དྲགས་མ་ཕུག་པས། །གཉིས་ཀ་ལ་ནི་ཉེས་པ་འབྱུང་། །ལེགས་པར ་ཕུགས་ན་ནད་འབྱིན་ཅིང། །སྡུལ་དེ་ལས་ཐར་བར་བྱེད། །གལ་ཏེ་རྩ་ནི་རང་གནས་སུ། །མ་རྒྱས་གསལ་བར་མི་གནང་བའམ། །གནས་མིན་པར་ནི་ཕུགས་གྱུར་པ། །དེ་ལས་གནོད་པ་སྐྱེད་པར་འགྱུར། །རུས་བ་རྒྱུས་པ་གནད་རྣམS ་ཀྱང། །མིད་པ་དང་ནི་རྩེའི་ལྷ་དང། །དེ་བཞིན་ཚེགས་ཀྱི་སྦྲལ་མཚམས་སུ། །གཙགས་བུའི་ལས་ནི་སྤངས་པར་བྱ། །རྩེའུ་ལྷང་གནས་སུ་རྩ་བཅད་ན། །དེ་ཡི་ལུས་ནི་སྐབས་འགྱུར་ཞིང། །རྩ་བ་ནས་བཅད་ཤིང་ལྟ་བུ། །དེ་ནི་འཆི་བར ་འགྱུར་བ་ཡིན། །ཚིགས་ཀྱི་མཚམས་ལས་རྟ་ལ་ནི། །གཏར་ཀ་བྱས་པས་རྩ་བཅད་ན། །དེ་ཡིས་ཚིགས་ནི་སྒྲངས་འགྱུར་ཞིང། །རྟག་ཏུ་འཐེང་བ་ཉིད་དུ་འགྱུར། །མཚོན་གྱིས་གང་གི་གནད་དུ་ནི། །རྩ་པ་ཅད་དེ་ནི་འཚོ་མི་འགྱུར།། ་གང་གིས་གཙགས་བུའི་རྩེ་ཡིས་ནི། །རྒྱུས་པ་ལ་ནི་གནོད་གྱུར་པ། །དེ་ཡིས་འཐེང་པོར་འགྱུར་བ་འམ། །འཕྲལ་དུ་དབང་བོ་ཉམས་པར་འགྱུར། །རུས་པ་ཕུག་ན་ཆུ་སེར་ནི། །སེར་པོ་སློ་བ་འཛག་པར་འགྱུར། །གླང་པོའི་སྣ་དང་འདྲ ་བར་ནི། །ཡན་ལག་དེ་ནི་འཁུམས་པར་འགྱུར། །མིད་པ་རྐན་ལ་ཕུག་གྱུར་ན། །དེ་ལས་གནོད་བ་མང་འགྱུར་ཏེ། །རླུང་གིས་རྒྱས་པར་འགྱུར་བ་དང། །ཡང་ན་འཆི་བར་འགྱུར་བ་ཡིན། །དེ་བས་ནད་དང་རུས་ཚིགས་སུ ་བྱུང་པ་གསུམ་པོ་གསོར་མི་རུང། །གསོར་རུང་པ་ནི་བཤད་པ་གསུམ། །དེ་ཡི་གསོ་བར་བཤད་པར་བྱ། །དེ་ལ་ཕུགས་གྲགས་གྱུར་པ་ན། །སྣུམ་དང་དུགས་ཀྱི་ཆོ་ག་བྱ། །སྣུམ་ནི་བཞི་པོས་བསྐུས་ནས་ནི། །ཁྲག་ནི་སླར་ཡང་སྐྱེད་པར་བྱ། ། ་ཁྲག་འཕེལ་འགྱུར་པས་ན་བ་དང། །ཆ་བས་གདུངས་པར་གྱུར་ན་ཡང། །འམ་བསིལ་སྨན་ཁུ་བ་ཡིས། །བསྐུ་ཞིང་ཡོངས་སུ་བླུགས་པར་བྱ། །གནས་དང་ཁ་ཟས་བཟང་པོ་དང། །མངར་བག་དག་གིས་དེ་བསལ་བྱ། །སྨན་ཁུ ་བསིལ་བའི་འཇམ་རྩི་ཡང། །སྨན་པས་སྒྲིམས་ཏེ་བྱ་བ་ཡིན། །བཅག་པ་དང་ནི་སྨན་ཆུ་བླུགས། །དུས་གཉིས་སུ་ནི་བ་བ་ཡིན། །ཇི་ལྟར་འཇུ་བར་གྱུར་བའི་ཚོད། །ཤེས་ནས་འོ་མའི་བཏུང་བ་སྐྱེད། །ཆུ་ལ་ཏིལ་མར་བླུག་པ་དང།། ་དེ་བཞི་ལྗང་པ་སྦྱིན་པར་བྱ། །དེ་ཡི་འོག་ཏུ་འདི་ལ་ནི། །སྣ་སྨན་གྱི་ནི་ལས་ཀྱང་བྱ། །ཤིན་ཏུ་ཁྲག་མང་བྱུང་གྱུར་ན། །གདོན་བསྲུང་པ་ཡི་ཆོ་གའང་བྱ། །འོ་མའི་འཇམ་རྩི་བར་བྱ་ཞིང། །དེ་བཞིན་ནས་ཆག་ཁ་ཟས་སྦྱིན། ། ་སྨན་པས་འདི་ལ་ནས་ཐུག་དང། །ཉ་ཤ་ཡི་ནི་ཤ་ཁུ་སྦྱིན། །གཙགས་བུ་ལས་བྱུང་ནད་རྣམས་ཀུན། །སྔར་ནི་རྣམ་པར་བཤད་པ་ཡིན། །དེ་ལས་བཤད་པའི་བསོ་བ་ནི། །བྱས་ནའང་བདེ་བ་ཐོབ་པར་འགྱུར། །ཤ་ལི་ཧོ་ཏྲ ་གྲུབ་པའི་གནས་བདུད་པ་ལས། །གཙགས་བུ་ལས་གྱུར་པའི་ནད་བསྟན་པའི་ལེའུའོ།། །།ཤ་ལི་ཧོ་ཏྲས་བདེ་གནས་ལ། །ལེགས་ཐོས་ཀྱིས་ནི་ཡོངས་དྲིས་པ། །རྟ་བྱའི་ཆོ་ག་མ་ལུས་བ། །དོན་གྱི་ཡང་དག ་ཤེས་པར་འཚལ། །འོ་མའི་འཇམ་རྩིའི་ཡོན་ཏན་དང། །འཇམ་རྩི་གཞན་ཡང་བསྟན་དུ་གསོལ། །བུ་ཡིས་དེ་སྐད་དྲིས་པ་དང། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །འདི་དག་ཐམས་ཅད་མ་ལུས་པར། །ངས་བཤད་པ་ལས་ཤེས་བར་གྱིས།། ་ཐོག་མཐ་མར་བཅས་པ་ཡིས། །རྩ་བ་ལྔ་པ་གཉིས་པོ་དང། །ནད་དང་རྒྱ་ཤུག་ཀུ་ལཏྠ། །ཏ་བལ་ཡང་ནི་བསྐོལ་བར་བྱ། །ཡང་ན་པི་ད་རི་ལ་སོགས། །སྨན་གྱི་སྡེ་ཚན་བསྡུས་ནས་ནི། །ཆུར་བསྐོལ་པ་ཡི་ཁུ་བ་དག་།ཚད་བཞན ་དུ་ནི་བཏང་པར་བྱ། །སྨན་ཁུ་དེར་ན་ཐལ་སྨན་དང། །གཅིན་དང་དེ་བཞིན་ཞོ་ཁ་ཆུ། །བུ་རམ་ཤིང་ཁུ་འོ་མ་དང། །ཆད་དང་སྦྱར་བའི་ཆད་རྣམས་ནི། །སྲོག་ཆགས་ཀུན་གྱི་ཤ་ཁུ་ནི། །སྨན་པ་མཆོག་གིས་གཅིག་ཏུ་བསྡུ། །དེ་ལས ་རྟ་ཡིས་རླུང་ནད་ནི། །གསོ་བའི་སྨན་གྱིས་སྤྱད་བར་བྱ། །གཅིན་རྣམས་ཀྱིས་ནི་བད་ཀན་སེལ། །ཐལ་སྨན་དེ་ལས་ལྷག་པ་ཡིན། །བུ་རམ་ཤིང་གི་ཁུ་བ་དང། །དེ་བཞིན་འོ་མ་སྣ་ཚོགས་ནི། །ཁྲག་དང་མཁྲིས་བ་སེལ་བྱེད་ཅིང། ། ་རླུང་ནི་བདེ་བར་བྱེད་པ་ཡིན། །ནས་ཀྱི་ཚིགས་ནི་གསུམ་སེལ་བའི། །ལྡེ་གུ་ང་ལས་ཉན་པར་གྱིས། །ཤིང་མངར་དང་ནི་ཐང་ཤིང་དང། །ས་ར་ལ་དང་ཡུངས་ཀར་དང། །རུ་རྟ་སུག་སྨེལ་ཧ་རེ་ནུ། །རྒྱ་སྤོས་དང་ནི་བཅའ་སྒ་དང། །ད་སྣ་བྷཡ ་?་བར་དང། །པི་པི་ལིང་དང་ཤུ་ཐག་དང། །དེ་བཞིན་ལན་ཚྭ་ལྔ་པོ་དང། །བ་སོན་ཆ་ཡི་འབྲས་བུ་དང། །ཏིལ་མར་དང་ནི་སྦྱར་བ་དང། །འཁྲུ་བའི་དོན་དཱུང་སྦྱིན་པར་བྱ། །ཇི་སྐད་བཤད་པའི་རིམ་པ་ཡིས། །བཏབ་པའི ་ཚེ?་?་ཉིད་བྱ་སྟེ། །དུས་སུ་རྟོགས་པར་གྱུར་པ་ལ། །སྨན་པས་ནི་རུ་ཧ་བཏང་བྱ། །དེ་ནི་ལན་ཚྭ་དང་བཅས་པ། །རྣམ་པ་གསུམ་ནི་བཏང་བྱ་སྟེ། །དང་པོ་འཇམ་པོ་ཉིད་དུ་བྱ། །དེ་ནས་ཕྱིར་ཞིང་རྣོན་པོ་བྱ། །ཚན?་ལས? ་བཞི་ཆས་ཆུང་བ་དང། །དྲོ་ཞིང་ལན་ཚྭ་ཆུང་འཇམ་པ། །ནད་ནི་གདུལ་བར་དང་པོར་གྱི་།མས་བཏང་བ?་ནི་འདི་བྱའོ། །ཚད་ལས་བཞི་ཆས་བྷག་གྱུར་ཅིང། །ཆེ་དྲོ་ལན་ཚྭ་དང་ལྡན་བ། །བདུལ?་ཟིན་པའི་ནད་ལ་ནི། །བཏང་ན་ད? ་ནི་འབྱིན་བར་བྱེད། །སྨན་ནི་མདང་པོ་དང་ལྡན་ཞིང། །འོ་མ་མར་དང་སྦྱར་འདད། །སྦྲང་རྩི་ལེགས་བར་བཏབ་པ་དག་།ནད་བསལ་ཟིན་ནས་སྦྱིན་པར་བྱ། །སྦྱང་བྱས་གཉིས་པ་བྱས་པ་ཡིན། །དངས་མ་རླུང་ནི་སྦྱོན་མེད་བྱེད། །ཞུ? ་བའི་གནས་གྱི་མཁྲིས་བད་ཀན། །ལེགས་པར་སེལ་བར་འགྱུར་བ་ཡིན། །ལུས་ཀྱི་རླུང་ནི་ལྔ་པོ་ཡང། །བདེ་བར་རྒྱུ་བར་བྱེད་པ་ལེན། །ཇི་ལྟར་ཐལ་སྨན་བསྲགས་ནས་ནི། །དྲི་མ་འབྱིན་པར་བྱེད་པ་ལྟར། །དེ་བཞིན་སྦྱངས་བས་ནད ་ཀྱི་ཚོགས། །གཏིང་ནས་སེལ་བར་བྱེད་པ་ཡིན། །སྦྱངས་པས་ནད་ནི་བསལ་གྱུར་ཅིང། །ཁོང་བ་དག་བར་གྱུར་པ་ལ། །འཇམ་རྩི་ལེགས་པར་བཏང་ན་ནི། །ཟླ་རྒྱས་ལྟ་བུར་ལུས་འཕེལ་འགྱུར། །དུག་དང་རྒན་པོ་གཞོན་ནུ་དང། །ཆང ་འོ་?་?་པར་།ཆུ་?་ཡང?་དང་ཁུ་བྱས་དང། །དེ་བཞིན་རྩུབ་བག་ཟོས་བ་དང། །གཅོད་ཅན་དག་དང་རླུང་ཡང་འཁྱིལ། །དེ་བཞིན་སྐྲངས་པ་རེང་པ་དང། །ལུད་པ་དཔུགས་མི་བདེ་དམུ་རྫིང། །ཡིད་ལ་མས་བཏང་ལས་མི་བྱ། །གང་ལ་ནི་རུ་ཧ ་གཏོང་བ་ནི། །རྟ་དེ་ལ་ནི་ནང་པར་དག་།ལྟོ་སྟོང་ཉིད་དུ་བཞག་ནས་ནི། །དེ་ནས་ལེགས་བཏང་ནད་གསལ་བྱས། །འཇམ་རྩེ་ཆོ་གའི་ཚུལ་ལས་ནི། །སྔར་བཤད་ལྟ་བུར་བཏང་བར་བྱ། །ནད་དང་བཅས་པར་གྱུར་པ་ལ། །བརྟ་བ་དག་ཀྱན? ་བྱ་བ་ཡིན། །ཆད་བཞིན་འཛམ་རྩི་བཏང་བ་དང། །འོ་མའི་འཇམ་རྩིའང་བཏང་བར་བྱ། །སྣུམ་འཐུངས་བ་ལས་གང་བཤད་པའི། །ཆོ་ག་དང་ནི་བཏུང་བ་བླུང། །སྣུམ་གྱི་ཆོ་གས་རོ་སྟོད་ཀྱི། །ནད་ནི་སེལ་བར་བྱེད་པ་ཡིན། །དེ་བཞིན་ལུས ་གྱི་རོ་སྨད་ཀྱི། །ནང་ནི་འཇམ་རྩི་ཡེལ་བར་བྱེད། །སྒེག་དང་གཞོན་ཅུ་རྒན་པོའི་དང། །རྟ་གང་སྟོབས་ནི་ཟད་པ་དང། །ལས་ཆེན་ངག་ལ་སྦྱར་བ་དང། །དེ་བཞིན་ལུས་བཟུང་ཟད་པ་དང། །རོ་སྨད་ཀྱི་ནི་ནད་ནམས་དང། །ནད་ནི་ཚགས་སུ་ཞུགས ་བ་དེ། །འདི་དག་གིས་ནི་ཉིད་གྱུར་བ། །འཇམ་རྩི་བཏང་ན་བདེ་བ་ཐོབ་འགྱུར། །ཁྱད་པར་དུ་ནི་སོས་ཀ་སྦྱར། །འཇམ་རྩིའི་ཚད་ཙམ་བཏང་བྱས་ཏེ། །འདི་ནི་སྦྱོར་བ་རྗེས་མཐུན་པའི། །འཇམ་རྩི་སྟོབས་ནི་སྐྱེད་བྱེད་ཡིན། །རྟ་ཡི་བཅུད་ཀྱི ་ལེན་དང་ནི། །རོ་ཙ་རྟས་བྱེད་ཉིད་དུ་འགྱུར། །སྔ་དྲོ་ཁྲུས་བྱས་སྐོམ་བླུད་ལ། །བཟའ་དང་བཅའ་བ་བྱིན་གྱུར་ནས། །སྔར་བཤད་བ་ཡི་ཆོ་ག་ཡིས། །ལེགས་པར་བཏང་ན་བདེ་འཐོབ་བྱེད། །རྩ་བ་ལྔ་པ་གཉིས་ཁུ་བ། །དེ་ལས་རྗེས་སུ ་བཏུང་ཕྱིར་བླུད། །རམ་ཉེ་ཀྟི་ར་ཀ་ཀོ་ལ། །བི་ཛ་ཀ་དང་རི་ཤ་བ། །མ་ཤ་མུད་ག་བར་ནི་ཉིས། །མེ་དང་དེ་བཞིན་སླ་གྲེ་དང། །སྟག་ཆོར་པ་དང་མུ་དུ་ཀུ་།ན་ག་གེ་སར་པ་ཏ་ཀ་།པྲི་ཡང་ཀུ་དང་ག་དུ་ར་དང། །འོ་མ་ཅན་ཤིང་ཤུན་སྤང་སྤོས ་པདྨའི་རྩ་བ་སྡོང་བུར་བཅས། །ཀ་ཤེ་རུ་ཀ་ཤྲི་ག་ཏ། །ཀ་ར་བི་ར་ཨུཏཔལ། །བུ་ཤེལ་རྩེ་དང་བསེང་ཕྲོམ་དང། །ཙན་དན་དང་ནི་བ་ལས། །ཤ་རི་བ་དང་པ་ཏི་དང། །ཏི་ལ་ནག་དང་ནི་བཙོད་དང་ནི། །ཤུག་པ་སྲི་སྣ་ཤར་བ། །འདི ་རྣམས་ལྡེ་གུ་བསྐོལ་བའི་ཆུ། །འོ་མ་དང་ནི་ལེགས་སྦྱར་བ། །ཚགས་ཀྱིས་ལེགས་པར་བཙགས་པ་ལ། །ཁ་ར་དང་ནི་སྦྲང་རྩི་བཏང། །པ་སིལ་ཞིང་སྙིགས་མ་མེད་གྱུར་པ། །མར་དང་ལྷན་ཅིག་བསྲེས་ནས་རྨི། །བཤང་གཅི ་རྣམ་བར་བྲེལ་གྱུར་གཤར་ཤར་དུ་བསྟན་ཏེ་མགོ་སྟེག་ནས། །དྲང་པོར་བཞག་པར་གྱུར་པ་ལ། །རྔ་མ་གཡེས་ནས་བཟུང་ནས་ནི། །བློ་དང་ལྡན་བས་མ་བཏབས་བར། །ལན་གྲངས་གསུམ་འམ་ལན་ལྔ་བཏང། །འོ་མའི་འཇམ? ་རྩིས་གསལ་བའི་ནང། །སོས་ཀ་སྦྱར་ཚེ་གསལ་བ་མཆོག་།མཁྲིས་པ་ལས་བྱུང་ནད་རྣམས་དང། །དེ་བཞིན་རྟ་ཡི་ཁྲག་ནད་དང། །རིང་ནད་འོངས་དང་ལས་ཀྱིས་དུབ། །དབུགས་རྒོད་མགོ་འཁོར་གྱུར་པ་དང། ་ལུས་ཀྱི་ཕྱི་ནང་ཚ་བ་དང། །རིམས་ཀྱིས་བཏབ་དང་སྣུམ་པ་ལ། །འོ་མའི་འཇམ་རྩི་བཏང་གྱུར་པ། །ལུས་ཀྱི་མེ་དྲོད་སྐྱེད་བྱེད་ཡིན། །རྟ་གང་མཁྲིས་པ་ཅན་དང་ནི། །མཁྲིས་པ་རྗེས་འདྲེས་ནད་རྣམས་སེལ། །དེ་བས་ཚ་བ་སེལ་བ་འདི། །དུས ་རྣམས་ཀུན་ཏུ་བསྔགས་བ་ཡིན། །ཤ་ལི་ཧོ་ཏྲའི་གྲུབ་པའི་གནས་པ་ལས་བརྟ་བ་དང། །འོ་མེའི་འཇམ་རྩིའི་ལེའུའོ།། །།ཤ་ལི་ཧོ་ཏྲ་དྲང་སྲོང་མཆོག་།ལེགས་ཐོས་ཀྱིས་ནི་ཡོངས་དྲིས་པ། །རྟ་རྣམས་ལ་ནི་སྣ་ཚོགས་སྣུམ། ། ་ཟས་དང་སྐོམ་དང་བཏུང་པ་དང། །དེ་བཞིན་རྗེས་སུ་བཏུང་བ་ལ། །མང་དུ་ཅི་ཕྱིར་སྦྱིན་པར་བགྱི། །འཇམ་རྩི་ཡི་ནི་ལས་རྣམས་ལའང། །ཅི་ཕྱིར་མར་དང་ཏིལ་མར་དང། །སྣ་སྨན་གྱི་ནི་ལས་རྣམས་ལ། །ཅི་ཕྱིར་སྣམ་ནི་བསྔགས་པ་ལགས།། ་སྣུམ་འཐུངས་སྦྱང?་བ་ཉེས་པ་ཡིས། །ནང་དུ་ཅི་ཕྱིར་གྱུར་པ་ལགས། །ཁྱད་པར་མཁྱེན་པ་ཁྱེད་ཀྱིས་ནི། །འདི་དག་སོ་སོར་བསྟན་དུ་གསོལ། །བུ་ཡིས་དེ་སྐད་དྲིས་པ་དང། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །འདི་དག་ཐམས་ཅད་མ ་ལུས་པར། །ངས?་བཤད་པ་ལས་ཤེས་པར་གྱིས། །རྟ་ནི་མེ་དང་རླུང་བདག་ཅན། །ལས་རྣམས་ཀུན་ལས་མྱུར་དུ་འགྲོ། །བསྐལ་པ་ཆུང་དུ་བྱས་གྱུར་ཀྱང། །རྩོལ་བ་ཆེན་པོ་བྱས་བར་འགྱུར། །མ་གོམས་པ་ཡི་ཡུལ་དུ་ནི། ། ་རྟག་ཏུ་གནོད་པར་འགྱུར་བ་ཡིན། །རླུང་དང་མཁྲིས་པ་དང་ལྡན་བས། །དེ་ཕྱིར་རྟག་ཏུ་སྣུམ་བཅོས་འཕྲོད། །ཆོ་ག་བཞིན་དུ་སྣུམ་བྱིན་ན། །སྟོབས་དང་མེ་དྲོད་འཕེལ་བར་འགྱུར། །དེ་ནི་རླུང་དང་གཅིན་རྟུག་རྣམས། །བདེ?་བར ་རྒྱུ་བར་བྱེད་པ་ཡིན། །དོན་དེའི་ཕྱིར་ན་གསོ་པ་ལ། །སྣུམ་ནི་རབ་ཏུ་བསྔགས་པ་ཡིན། །ལས་ནི་རིང་པོར་ཞུགས་པ་དང། །ཡུལ་ཁམས་དུ་མར་ཕྱིན་པ་ཡིས། །ལུས་ནི་ཉམ་དང་གནས་གྱུར་ཅིང། །ཤིང་དང་འདྲ་བར་གྱུར་བའི་རྟ། །དེ་ལ ་མར་དང་ཏིལ?་མར་དང། །གང་ཞིག་ཀུན་ཏུ་བསྐུས་ན་ནི། །ལུས་ནི་མཉན་པར་གྱུར་པ་དང། །ལས་རྣམས་ཀུན་ལ་སྟོབས་ལྡན་འགྱུར། །གང་ཞིག་རྟག་ཏུ་སྣུམ་བསྐུས་པ། །གནས་ངན་ཉལ་བ་ངན་པ་དང། །བཅིངས་པ་དང་ནི་བརྡེགས་པ་ཡིས། ་སྡུག་བསྔལ་ཐམས་ཅད་མནགས་བུས་འགྱུར། །དཔེར་ན་ཤིང་ནི་ཆུས་བརླན་ན། །མྱུར་དུ་ཀུན་ཏུ་རྒྱས་པར་འགྱུར། །རྩ་བ་ཉིད་ནས་ཟུགས་ནས་ནི། །རྒྱས་ཤིང་མེ་ཏོག་འབྲས་ལྡན་འགྱུར། །དེ་བཞིན་རྟ་ལ་སྣུམ་བསྐུས་དང། །བླུགས་བ ་བ་དེ་བ་སྐྱེད་བྱེད་དེ། །བ་སྤུའི་བུ་ག་ལས་ཞུགས་ནས། །ཤ་དང་ཚིལ་ནི་རྒྱས་པར་འགྱུར། །རྩོལ་བ་དྲག་གྱུར་ནད་ལ་ནི། །ཞུན་མར་ཁོ་ན་བདེ་སྐྱེད་ཡིན། །སྣུམ་འཐུངས་གྱུར་པའི་ལུས་ལ་ནི། །རླུང་ནི་ནམ་ཡང་འཁྲུག་མི་འགྱུར། །དེ་བས ་རླུང་གི་ནད་ལ་ནི། །སྣུམ་བསྐུས་པས་ནི་བསྔགས་པ་ཡིན། །རྟ་ལ་མར་ནི་བླུད་གྱུར་ན། །སྟོབས་དང་ལུས་ཟུངས་འཕེལ་པར་འགྱུར། །ཕོ་བའི་མ་དྲོང་སྐྱེད་བྱེད་ཡིན། །སྟོབས་སྐྱེད་རེ?་ཙ་ཚེ་འཕེལ་འགྱུར། །དབང་པོ་གཟི་མདངས་ཁ་དོག ་གསོལ། །དུ་?་རྨོངས?་?་གསེལ་མཆོག་ཡིན། །དེ་ཡི་ཕྱིར་ན་རྟ་ལ་ནི། །མར་བླུང་པ་ནི་མཆོག་ཏུ་བསྣགས། །ཟས་ཀྱི་གོང་དུ་སྣུམ་བྱིན་ཞིང། །རྗེས་སུ་བཏུང་བའང་སྣུམ་དག་ནི། །ཚང་དང་ལྡན་པ་ཉིད་དུ་ནི། །ཕྱི་དྲོའི?་ཆོའང?་སྦྱིན ་པ་?་?་དུ་གཡན་བའང་སོལ་བྱེད་ཡིན། །མཆོག་ཏུ་རླུང་ཡང་ཞི་བྱེད་ལ། །བད་ཀན་ལུས་གྱུར་ནད་ཀྱང་ནི། །འདི་ཡིས་སེལ་བར་བྱེད་པ་ཡིན། །བཀྲེས་བ་དང་ནི་སྐོམས་པ་དང། །སྡུག་བསྔལ་ཀུན་ལའང་སྤྲན?་ཚར་འགྱུར། ། ་དེ་བས་རྟག་ཏུ་ཟས་རྗེས་ལ། །སྣུམ་ནི་ཉེ་བར་གླུད་པར་བྱ་།སོས?་ཀའི་ཚེ་ནི་ཏིལ་མར་ནི། །ཆ་གཉིས་དང་སྦྱར་ཆུ་སྦྱིན་བྱ། །དེས་ནི་དུག་པ་མི་འབྱུང་ཞིང། །ལུས་པ་དབུགས་མི་བདེ་མི་འབྱུང། །ལུས་ལ་ནད་ཀྱི་སམ ་ཚུགས་ཤིང། །ལས་རྣམས་ཀྱིས་ནི་ཞུམ་མི་འགྱུར། །དེ་བས་ཆུ་དང་སྦྱར་བ་ཡི། །ཏིལ་མར་བྱིན་པ་བསྔགས་པ་ཡན། །སྣུམ་གྱི་སྦྱར་བ་ཐམས་ཅད་ལས། །འཇམ་རྩི་མཆོག་ནི་ཡིན་པར་བཤད། །རྟ་ནི་རླུང་གི་བདག་ཉིད་ཅན། །འདི་ནི ་རླུང་སེལ་བྱེད་མཆོག་ཡིན། །འཇུག་ཆེ་རྩ་ཡི་སྒོ་ནས་ནི། །ལུས་ཀུན་ལ་ནི་ཁྱབ་པར་བྱེད། །དེས་ནི་ཚིག་རྣམས་ཐམས་ཅད་འང། །རྒྱུས་པ་བཀུར་ནི་ཁྱབ་པར་བྱེད། །དེ་དག་དང་ནི་འབྲེལ་བའི་ནད། །ཐམས་ཅད་ཉེ་བར་སེལ་བར ་ནུས། །རོ་སྨར?་འཕྲ་བར་འགྱུར་བ་དང། །མཇུག་ཏོ་ཡངས་པར་བྱེད་པ་ཡིན། །གཅིན་རྟུག་འགགས་པའང་སེལ་བྱེད་ཅིང། །ལུས་ཀུན་བདེ་བར་བྱེད་བ་ཡིན། །སྟོབས་དང་གཟི་བརྗིད་འཕེལ་བར་བྱེད། །དེ་བས་འཇམ་རྩི་ཁྱད ་བར་འཕགས་།གཅིན་ནང་རྣམས་ནི་སེལ་བྱེད་ཅིང། །རོ་ཙ་ལྒང?་པའི་སྒོ་སྦྱོང་བྱེད། །མངལ་གྱི་ནད་ནི་སྤྱོད་བྱེད་ཅིང། །གསབ་ཀྱི་ཁུ་བ་འཕེལ་བར་བྱེད། །ཁུ་བ་ཟླ་མཚན་སྐྱོན་སེལ་བས། །མངལ་འཛིན་པར་ཡང་བྱེད་པ་ཡིན། ་མཚན་མ་བཏང་བའི་སྣུམ་གདམ། །གསེབ་ཀྱི་གཅིན་ནང་རྣམས་ལ་མདགས་།རྟ་ཡི་སྣ་ནས་སྦུམ?་བཏང་བ། །མིག་གི་མཐེད་སྟོབས་འཕེལ་བར་བྱེད། །རྣ་བ་མིག་དང་སྣ་ནང་དང། །དེ་བཞིན་དུ་ནི་མགོ་ནད་རྣམས། །རྟ་ལ་སྣ ་སྨན་བཏང་ན་ནི། །ནམ་ཡང་འབྱུང་བར་མི་འགྱུར་རོ། །ནམ་ཚོད་ཕན་ཆད་ནད་རྣམས་དང། །ལྐོག་མ་སྐེ་དང་མགོར་གཏོགས་བ། །སལ་ཅིང་ཡིད་ནི་བདེ་བ་དང། །ཟས་འཇུ་བདེ་བར་གནས་པར་འགྱུར། །རོ་སྟོང་སྟོབས ་ནི་ཆེ་བ་དང། །རྣམ་པར་འཕེལ་བར་འགྱུར་བ་ཡིན། །དེ་ཡི་ཕྱིར་ནི་རྟ་ལ་ནི། །སྣ་སྨན?་མཆོག་ཏུ་བསྔགས་པ་ཡིན། །ཏིལ་མར་གྱིས་ནི་རྟ་ཡི་ནི། །རླུང་སེལ་སྟོབས་ནི་སྐྱེད་བར་བྱེད། །ཤིན་ཏུ་ཚ་མིན་དྲོ་བ་མིན། ། ་ནི་རླུང་འཇོམས་མཆོག་ཡིན་ནོ། །འདི་ནི་ཡི་ག་འབྱེད་བ་དང། །གཟི་འཕེལ་མེ་ཡི་སྟོབས་སྐྱེད་བྱེད། །རྟ་ཡི་མདོག་ཅི?་བཟད་བྱེད་ཅིང། །ལུས་ཀྱང་མཉེན་པར་བྱེད་བ་ཡིན། །མྱུར་དུ་འཇུ་བར་ཤེས་བྱ་སྟེ། །ཏིལ་མར་ཡོན་ཏན་དེ་དག་ལྡན། ། ་མར་གྱི་ཚེ་ནི་འཕེལ་བར་བྱེད། །ནད་ཀུན་འཇིགས་པར་བྱེད་པ་ཡིན། །བཅུད་ཀྱིས་ལེན་དང་རོ་ཙར་བྱེད། །སྣུམ་རྣམས་ཀྱི་ཡང་མཆོག་ཡིན་ནོ། །བསིལ་ཞིང་མངར་བ་སྣུམ་པ་དང། །གདན་འཇོམས་དུག་ནི་སེལ་བ་དང། །གོམས་ན་སྲོག་ནི ་འཛིན་བྱེད་ཡིན། །དེ་བས་སྣུམ་ནི་ཐམས་ཅད་ལས། །མར་ནི་མཆོག་ཏུ་གྱུར་བ་ཡིན། །ཕག་དང་བརླན་ཅན་ཆུ་ན་རྒྱུ། །ཤ་ཟ་བ་ཡི་ཞག་དང་རྐད། །སྣུམ་མཆོག་ཡིན་ཞིང་སྟོབས་སྐྱེས་པས། །གསོ་བའི་ལ་ནི་ཀུན་ལ་བཏང། །ཞག ་ནི་ཀུན་གྱིས་ནང་ནས་ཀྱང། །ཕག་གི་ཞག་ནི་མཆོག་ཡིན་ནོ། །རླུང་དང་མཁྲིས་པ་སེལ་བྱེད་ཅིང། །ཏས་པར་བྱེད་བའི་དམ་པ་ཡིན། །ཆུ་དང་རླན་ཅན་ལས་བྱུང་བ། །གང་དེ་དབུགས་མི་བདེ་བ་སེལ། །འབྲས་བུ་ཟ་བའི་མཁྲིས་བ་སེལ ་ལོ་མ་ཟད?་ཡི་བད་ཀན་འཇོམས?། །པ་བ་གླིང་མ་ཧེ?་ར་དང་ནི། །དེ་བཞིན་རྟ་ཞག་རྐང་ཉིད་དེ། །ཞག་རྐང་བཞི་པོ་འདི་དག་གིས། །མཁྲིས་བ་དང་ནི་བད་ཀན་སེལ། །ཤིན་ཏུ་སྟོབས་ཆེའི་རྐང་དན་ཞག་།ཐམས་ཅད་རླུང་ནསྡ་ཅན་ལ་ཕན། །དེ་ལྟར ་སྨན་བས་རླུང་གི་མཆོག་།བཞི་བོ་ཁྲིག?་པར་བཏང་བར་བྱ། །སྣ་སྨན་གྱིས་ནི་སྦྱོ་བ་དང?། །ཉེས་པ་རབ་ཏུ་བཤད་བྱ་སྟེ། །ཆུ་སྤུབས་སྲིད་དུ?་སེར་བཅུ་པ། །ཞིང་དུ་སོར་ནི་ཕྱེད་དང་གཉིས། །ཁོང་སྟོད་ཚིགས?་ནི་གཅིག་པ་ཡིན། ། ་མདོ་མ་ལས་ནི་བྱ་བ་ཡིན། །ཙེ་མོ་རྟ་ཡི་སྣ་འདྲ་བ། །འཇམ་བོར་བྱས་ན་སྣ་སྨན་བཏང། །ཕད་ན་བལ་གཙང་སྤངས་བ་ཡིས། །ཏིལ་མར་པ་ཚིར་ཏི་བཏང་བར་བྱ། །ཅི་སྐད་བཤད་བའི་ནད་རྣམས་སམ། །ནད ་མེད་གྱུར་པའི་རྟ་ལ་ཡང། །ཚང་ཤེས་པ་ཡི་སྦྱོར་བ་ཡིས། །ཇི་སྐད་བཤད་པ་བཞིན་དུ་བཏང། །སྔ་དྲོ་ལྟོ་ནི་བཀྲིས་གྱུར་ཚེ། །མཁའ་ལ་སྤྲིན་ནི་མེད་བ་ན། །སྣ་ནི་དྲང་པོར་བཞག་བྱས་ལ། །ཁར་བའི་སྤུབས་ལས་ནས་རུ་བླུགས། །དབུགས ་ཕྱུད་བས་ནི་མ་གནོད་བར། །རྒྱུན་ནི་ཕྲ་མོར་བཏང་བར་བྱ། །མདོ་ལ་སྣུམ་ནི་བླུག་གྱུར་ན། །ལུང་བ་དཔུགས་མི་བདེ་བ་སྐྱེད། སྲོལ?་ཀོད་ཞུགས་པས་འཛེར་བྱེད་ཅིང། །མིག་དང་སྣ་ནས་ཆུ་འཛག་འགྱུར། །མགོ་ནི་ཡོན་པོར་བཞག ་བཏང་ན། །རོ་སྟོད་ཀྱི་ནི་ཚིགས་རྣམས་དང། །བུ་ག་རྒྱུས་པ་རྩ་རྣམས་སུ། །གོ་རིམས་ཙམ་པ་ཞིན་འགྲོ་མི་ནུས། །གྱེན་རྒྱུ་སྣུམ་གྱིས་བཀག་བས་ན། །རྟ་ཡི་བུ་ག་ཐམས་ཅད་ནས། །རྒྱུན་ལམ་འགགས་པར་འགྱུར་པ་ཡིས། ། ་རོ་སྟེང་ཀྱི་ནི་ནད་རྣམས་སྐྱེད། །སྣམས་འཛག་མོག་བའི་ནད་དང་ནི། །གཉེའུ་རེངས་ལྐོག་མའི་ནང་རྣམས་དང། །ལུས་པ་དབུགས་མི་བདེ་གཅོད་ཅན། །ནང་རྣམས་འདི་ཡིས་སྐྱེད་བར་བྱེད། །ཚ་དང་རླུང་བཅས་ཁ་ཆར་འབག་ཁྲུས ་བྱས་ཟས་སྐོམ་ཟོས?་དའི་བཤུད།?་།སྐོམ་གྱིས་ཉེན་པར་གྱུར་པ་ན། །སྣ་སྤྱན་བཏང་བས་ནད་བསྐྱེད་འགྱུར། །ཆོག་ཉེས་པ་འདི་དག་ལས། །སྣ་སྨན་ཉེ་བར་བསྲུང་བར་བྱ། །སྣ་སྨན་བཏང་ཞིང་ལུས་སྦྱུས?་དང། །རྟ་ལ་སྣུམ་ནི ་?་དམུང་བ་དང། །འཇམ་རྩི་བཏང་བར་གྱུར་བ་ལ། །ཆུ་ཡིས་གང་བའི་གནོད་ལྟར་བསྲུངས། །མཆོད་དང་རྒྱུགས་བ་ཉིད་དང་ནི། །བརྩོལ་དང་མི་འཕྲོད་ཟ་བ་དང། །ཁྲུས་དང་ཆར་དང་རླུན་ལས་ནི། །བསྲུང་ཞིན་ཀུན་ཏུ ་གདམ་བར་བྱ། །སྣུམ་ནི་དྲི་མ་སེལ་བྱེད་ཅིང། །ནད་ནི་འགོགས་པར་བྱེད་བ་ཡིན། །བརྟག་པར་གནས་བ་སྐྱོན་བྱེད་ཅིང། །གཡོས་བ་རྣམས་ནི་འབྱིན་བར་བྱེད། །དེའི་ནད་ནི་གསལ་གྱུར་པས། །མི་སྟོབས་བྲི་བར་གྱུར་བ་ན། །ཉམ་ཆུང་དེ ་ཡིས་ཁས་ཟས་ནི། །ལྕི་བ་མྱུར་དུ་འཇུ་མི་འགྱུར། །དེ་བས་ལས་ཀྱི་རྩོལ་པ་དང། །ཁ་ཟས་ལྕི་པ་སྦྱིན་པ་དག?་།དང་པོར་སྣུམ་ནི་འཐུངས་པ་ལ། །རྟག་ཏུ་སྤང་བར་བྱ་བ་ཡིན། །རྩོལ་བ་བྱས་ལ་ཧསདལུད?་གིས་ནད། །རྣམ་བ་དུ་མར་འབྱུང་འགྱུར ་ཞིང། །བྲད་དང་དྲུག་མདོ་རྒལ་ཆིགས་རོངས། །སྣ་ཆགས་མགོ་བོའི་ནད་རྣམས་དང། །ཁུང་པ་དབུགས་མི་བར་གཅོད་ཅན། །ལུས་ནི་སྐེམ་བར་འགྱུར་བའམ། །འཆི་བ་རུ་ནི་འགྱུར་བ་དག་།སྣུམ་འཐུངས་རྩོལ་བ་སྦྱར་ལས་འབྱུང། ། ་འཁྲུ་ཞིང་རླུང་ནི་འཁྱིལ་བ་དང། །དེ་བཞིན་སྐྱིད?་ནས་རྣམ་བཞི་དང། །གཞན་ཡང་ལྤགས་པའི་ནད་རྣམས་དང། །ལུས་གཟུངས་ཟད་བར་འགྱུར་བ་འམ། །ཁྲག་དང་མཁྲིས་པའི་ནད་རྣམས་དང། །བར་རྐན་གྱི་ནི་ནད་རྣམས་འབྱུང། །དེ ་བས་སྣུམ་འཐུངས་གྱུར་པའི་རྟ། །ལེགས་པ་ཁོ་ནར་བསྲུང?་བར་བྱ། །སྣུམ་ནི་ལེགས་བར་བཏང་གྱུར་ཅིང། །སྤྱོད་ལམ་ལེགས་བར་བསྲུང་གྱུར་ན། །ནད་རྣམས་ཀུན་དང་བྲལ་བ་དང། །ཡོན་ཏན་ཐམས་ཅད་རྒྱས་པར་འགྱུར། །གནོད ་པའི་དབང་དུ་མི་འགྱུར་ཞིང། །ལས་རྣམས་ལ་ནི་ཞུམ་བཎ?། །སྣུམ་གྱི་སྦྱོར་བ་ལེགས་འགྱུར་བ། །སྲོག་ནི་གནད་ལ་གནས་པར་འགྱུར། །ལུས་ཀྱི་མེ་སྟོབས་འབར་བ་ཡིས། །ཁ་ཟས་སྙོམས་པར་འཇུ་བར་འགྱུར། །འདི་ཡིས ་ལུས་གཟུངས་རྣམས་དང་ནི། །སྟོབས་དང་ལུས་ཀྱིས་ཡོན་ཏན་འཕེལ། །ལུས་རྒྱས་འགྱུར་བ་མེད་པ་དང། །མདོག་ཀྱང་གསལ་བ་ཉིད་དུ་འགྱུར། །གཅིན་དང་རྟུག་མ་འཕྱེན་རྣམས་ཀྱང། །འདེ་བ་ཁོ་ནད་འབྱིན་བར་འགྱུར? ་སྣུམ་ནི་ལེགས་པར་བཏང་གྱུར་པ། །མཚན་མ་འདི་ལས་ཤེས་པར་བྱ། །སྣུམ་ཆུངས་བས་ནི་དྲི་མ་དག་།འབྱིན་པར་དཀའ་ཞིང་ནད་དང་བཅས། །ཡན་ལག་སྐད་ཞིང་རྒྱུ་བ་བུལ། །ལུས་གཅིན་གཅིན་ནི་དམར་བ་དང།། ་ཁ་ཆུ་འཛག་ཅིང་བཞན་རས་ངན། །མེ་དྲོད་ཆུང་ཞིང་ཉམ་ཆུང་འགྱུར། །སྣུམ་སྦྱར་ཉེས་པར་འགྱུར་བ་ཡི། །རྟ་ཡི་ཚུལ་ནི་འདི་ཡིན་ཏེ། །རྟ་སྤངས་འགྲེམ་པར་བྱེད་པའམ། །ཡང་ན་སླ་ཞིང་མེད་དུ་འཛག་།འགྲོ་ཞིང་འཛག་པར་བྱེད་པའི། ་ཤིན་ཏུ་འཚོར་བར་བྱེད་པ་ཡིན། །སྤུ་ནི་ཤིན་ཏུ་བཤོར་བ་དང། །པགས་པའི་མདོག་ནི་མི་སྡུག་འགྱུར། །དེ་ནི་ཁོང་རྩུབ་ཤེས་བྱས་ལ། །སྣུམ་ནི་སླར་ཡང་སྦྱིན་བར་བྱ། །ཁ་ཟས་རྩུབ་བག་ཟོས་པ་འམ། །ཤུགས་ནི་བཀག་པར་འགྱུར ་བ་ཡི། །རླུང་གི་གནས་ལས་སྐྱེད་གྱུར་ནས། །ལུས་ཀུན་ཏུ་ནི་ཁྱབ་པར་བྱེད། །ཚིགས་དང་རྒྱས་པ་རྩ་དང་ནི། །བུ་ག་རྣམས་ལའང་གནོད་པར་བྱེད། །དེ་ན་རྟག་ཏུ་སྣུམ་བྱིན་ཡང། །ནད་ནི་བསལ་བར་ནུས་མ་ཡིན། །ནད་ནི་རབ་ཏུ ་བསལ་བ་ལ། །ལུས་ཀྱི་མེ་ཏོག?་སྐྱེད་བར་བྱེད། །མེ་དྲོད་འབར་ཞིང་ཁོང་སྣུན་ན། །རྟག་ཏུ་ནང་མེད་དེ་ཉིད་དུ་འགྱུར། །དེ་བས་ཇི་སྐད་བཤད་པ་ཡི། །ཚོགས་རྟ་ལ་སྣུམ་སྦྱིན་བྱ། །སྣུམ་ནི་ལེགས་པར་བཏང་གྱུར་ན། །ཡོན་ཏན་ཀུན་དང་ལྡན ་པར་བཤད། །ཤ་ལི་ཧོ་ཏྲའི་གྲུབ་པའི་གནས་ཏེ་བདུན་པ་ལས། སྣུམ་ལེགས་པར་བཏང་བའི་ཡོན་ཏན་བསྟན་པའི་ལེའུའོ། །།རྟ་ཡི་ཚུལ་གྱི་དེ་ཉིད་ཤེས། །རྟ་ཡི་བསྟོས་ལ་མཁས་ཤིང། །རྟ་ཡི་ཚེ་ཡི་རིག་བྱེད ་བྱ། །རྟ་ལ་ཕན་བར་རྟག་དགའ་བ། །ཤ་ཡི་ཧོ་ཏྲ་འབད་ཉིད་ཟུག་ཚངས་པ་ཉི་མ་མེའི་གཟི་ཅན། །དཀའ་ཐུབ་ཀྱི་ནི་གཅོད་བྱས་ལ། །ལེགས་ཐོས་ཐེ་ཚོམ་སྐྱེས་གྱུར་ནས། །དེ་ཡི་རྐང་གཉིས་ལ་བཏུད་དང?། །འདྲི་བའི་ཚུལ་?་འདི་དག ་སྒྲས། །ཁྱེད་གིས་ལྟ་ཡི་བསྟན་བཅོས་སུ། །ཇུག་དུ་ལུས་ཀྱི་གསོ་བ་དང། །དེ་བཞིན་རྟེའུ་གསོ་བ་དང། །མཚོན་དང་བསྲུང་བའི་ཆོ་ག་དང། །དུག་གི་གསོ་བ་ཉིད་དག་ནི། །ཡན་ལག་དྲུག་ནི་ལེགས་གསུངས་ན། །བྱེད་ཀྱིས་བཅུད་ཀྱི་ལེན ་དང་ནི། །ར?་ཙར་བྱ་བ་བཀའ་མ་གསལ། །རྟ་ནི་ཁུ་བ་མང་གྱུར་ན། །འགྲེས་ཡང་རྩལ་བ་ཆེ་བར་འགྱུར། །རང་བཞིན་དེ་དག་ཉིད་ཀྱིས་ནི། །རྒོད་མ་རྣམས་ལང་མོས་པ་མེད། །རྒྱུ་དེ་ཉིད་ཀྱིས་བློ་ལྡན་པ། །གཞན་གྱིས་རྟ་ལྟར་བྱེད་ཅེས ་བཤད། །དེ་བསལ་ལར་མིལ་ཡང། །རྟ་ལྟར་བྱེད་པ་ཉིད་ཅེས་ཟེར། །རྟ་ལ་དེ་ཉིད་མཁྱེན་གྱུར་པ། །རོ་ཙ་བ་ནི་ཅི་ལྟར་འགྱུར། །བཅུད་ཀྱིས་ལེན་གྱིས་སྦྱོར་བ་དང། །དེ་དག་གི་ནི་རྒྱུ་ཉིད་ཀྱང། །ལེགས་ལྡན་བློ་གྲོས་མཆོག་གྱུར་བ། །ཁྱེད ་ལས་ཡོངས་སུ་ཤེས་པར་འཚལ། འདི་ལྟར་ཡོངས་སུ་དྲིས?་པ་ན། །ལེགས་ལྡན་དྲང་སྲོང་གིས་སྨས་པ། །ལེགས་ཐོས་འདི་ཡི་རྒྱུ་ཡི་ཚུལ། །རྣམ་པ་སྣ་ཚོགས་ཡོད་པ་ཡིན། །རེ་ཞིག་རྟ་ཡི་བཅུད་ཀྱི་ལེན། །ཐོག་མ་ཁོ་ནར་བཤད་པར་བྱ།། ་དེ་ནི་ཆ་འཕེལ་བློ་སྐྱེད་ཅིང། །སྐྲ་དཀར་གཉེར་མ་འཇིག་བྱེད་ལ། །དཔལ་ལྡན་མདོག་དང་ཁ་དོག་སྐྱེད། །ན་ཚོད་འཐོག་པའི་དམ་པ་ཡིན། །དབང་བོ་གསལ་ཞིང་མདངས་སྐྱེད་བྱེད། །དགེ་ཞིང་ཚིམ་ལ་མགྱོགས་པར་བྱེད། །དེའི ་རྒྱུད་དང་བྱ་བ་ལ། །ཐབས་ནི་?་ལས་ཤེས་པར་གྱིས། །བཅུད་ཀྱི་སྦྱོར་བ་ཁྱད་འཕགས་པས། །བཅུད་ཀྱིས་ལེན་ཅེས་བྱ་བར་བཤད། །ལུས་གཟུངས་རྒྱས་པར་བྱེད་པ་དང། །ནད་རྣམས་འཇུ་བར་བྱེད་པ་ཡིན། །དུས་དང་དུས་ཚིགས ་?་ལོ་དང། །ཡུལ་དང་སྟོབས་ནི་ཅི་བཞིན་དང། །རྟ་ཡི་ཁོང་པོ་དག་གྱུར་ལ། །སྔ་དྲོའི་ཆོན་བླུད་པར་བྱ། །བསེ་ཞིང་འབྲས་བུའི་ཁུ་བ་དང། །འབྲས་བུ་གསུམ་གྱི་ཁུ་བར་བསྲེ། །ལྕགས་ཕྱེ་དང་ནི་སྦྱར་བདག་།ཕོ་བའི་མེ? ་དྲོད་ལེགས་རྟགས་ལ། །ཤིན་ཏུ་བསིལ་བཞག་བཅུའི་བར། །མ་ཡེངས་པར་ནི་འདི་ལ་བླུད། །ཉེར་སྤྱོད་དང་ནི་ཁ་ཟས་དག་།ཀུན་ཀྱང་བསིལ་ཆོས་ཉིད་དུ་བྱ། །འབྲས་མཆན་འོ་མ་དང་བཅས་ཞིང། །སྦྲང ་རྩི་མར་ནི་བཏབ་པ་བྱིན། །དེ་ནས་བསེ་ཞིང་འབྲས་བུའི་ཁུ། །ཆ་ནི་རིམ་གྱིས་སྐྱེད་ནས་ཀྱང། །སྔར་བཤད་པ་ཡི་ཆོག་ཡིས། །ཞག་བཅུའི་བར་དུ་བླུད་པར་བྱ། །དེ་ལྟར་བླུད་པར་གྱུར་བ་ཡི། །རྟ་ནི་སྙོམས་བག་སྐྱེ་བར་འགྱུར། ། ་ཞུ་བར་གྱུར་ནས་འོ་མ་ནི། །སྦྲང་རྩི་དང་སྦྱར་བཏུང་བ་བླུད། །དེ་ཡི་རྗེས་ལ་བྲག་ཞུན་གྱི། །ཁུ་བ་སྦྲང་རྩི་དང་སྦྱར་བླུད། །མེ་སྟོབས་ལ་སོགས་བརྟགས་ནས་ནི། །དེ་ནི་ཟླ་བྱེད་བར་དུ་སྦྱིན། །འོལ་བྱ་གོང་མོ་སྲེག་ཤ་ཁུ། ། ་དྲུག་ཅུ་བ་ཡི་འབྲས་ཆན་བྱིན། །ཀྱི་ར་བུལ་ཀ་སླེ་ཏྲས་དང། །བལ་བི་དར་འབྲས་བུ་གསུམ། །བཀོལ་བ་ཁུ་བ་གྲང་མོ་ནི། །ཞག་བཅུའི་བར་དུ་བླུད་པར་བྱ། །སྦྲང་རྩི་ཁ་ར་དང་བཅས་པའི། །འབྲས་བུ ་གསུམ་གྱི་ལྡེ་གུ་བྱིན། །ཉེ་བར་སྤྱོད་པ་འདི་ཡིས་ནི། །སྟོབས་དང་སྟོབས་མིན་ཤེས་པར་བྱ། །སྦྱོར་བ་འདི་དག་རྟ་རྣམས་ཀྱི། །བཅུད་ལེན་ཆོ་གར་ཡོངས་སུ་བཤད། །ཉེ་བར་སྤྱོད་པ་བསིལ་བ་དང། །རྩཝ་ཡང་མངར་པོ ་བསྔགས་པ་ཡིན་ནོ། །ཆོ་གར་ལྡན་པའི་མར་བྱིན་གྱི། །ཏིལ་མར་ལན་ཚྭ་སྦྱིན་མི་བྱ། །གནས་ནི་བསལ་ཞིང་བདེ་བ་དང། །འཇམ་ཞིང་དབེན་པ་བྱེད་དུ་གཞུག་།སྨན་གྱིས་དུས་ཀྱི་ཉིས་འགྱུར་རམ། །ཡང་ན་དེ་ཡ་གསུམ་འགྱུར ་དུ། །འཇམ་རྩི?་བཏང་བའི་སྦྱོར་བ་ལྟར། །རྟ་ནི་འབད་དེ་བསྲུང་བར་བྱ། །དེ་ལྟར་ལེགས་པར་སྦྱོང་པ་ཡི། །རྟ་ལ་བཅུད་ལེན་བྱིན་གྱུར་ན། །སྔར་བཤད་བ་ཡི་ཡོན་ཏན་དང། །དེ་འདྲར་གཞན་ཡང་ཐོབ་པར ་འགྱུར། །རྟ་རྣམས་ཀྱི་ནི་རོ་ཙ་བའི། །ཆོག་ཡང་དག་མཉན་བར་གྱིས། །རོ་ཙ་བ་ཡི་ཆོ་ག་ཡི། །དྲི་བ་ཁྱེད་ཀྱི་ལེགས་པར་སྨྲས། །རོ་ཙ་བར་ནི་བྱེད་པ་ཡི། །རྒྱུ་ནི་འདི་ཙམ་ཉིད་ཡིན་ནོ། །རྟ་ནི་སུ་ཡང་རུང་བ་ལ། །རོ་ཙ ་འདི་ནི་བྱ་བ་མིན། །སྦེག་དང་རྒན་དང་ཉམ་ཆུང་དང། །སྟོབས་ཆུང་ཁུ་བཟང་པ་དང། །རྒོད་མ་དང་ནི་སྦྱོར་འདོད་ལ། །རོ་ཙ་བ་ཡི་ཆོ་ག་བྱ། །དེ་རྣམས་ཡོན་ཏན་བཅས་འགྱུར་གྱི། །ལྷག་མ་རྣམས་ལ་དེ ་ལྟར་མིན། །ཁྱོད་ལ་ཡང་དག་བཤད་བ་ཡི། །ཡོན་ཏན་འདི་ནི་རིམ་གྱིས་ཉོན། །ཡིད་བདེ་ཤུགས་ནི་ཆེ་བ་དང། །སྦྲོ་བ་ཆེ་ཞིང་ཁུ་བ་མང། །འཇུག་དགའ་བུ་སྐྱེད་པ་ལ་བཟང། །བུ་ནི་མང་པོ་ཉིད་སྐྱེད ་བྱེད། །ལུས་དྲང་མཛེས་ཤིང་མདངས་ལྡན་པ། །རོ་ཙ་ལས་བྱུང་ཡོན་ཏན་ཡིན། །དེ་བས་རྟ་འམ་གཞན་དག་ལ། །རོ་ཙར་བྱ་བ་དེ་ཉིད་ཉོན། །ལེགས་པར་སྣུམ་བཏང་སྦྱང་བྱས་པའི། །ཁོང་པ་དག ་འགྱུར་རྟ་ཡིན། །ཁུ་བ་ལེགས་བར་འཕེལ་བྱེད་པའི། །བཏུང་བ་འདི་ནི་བླུད་པར་བྱ། །འོ་མ་དང་ནི་བིར་ཏི། །ཛི་ད་ཀ་ད་རི་ཤ་བ། །མ་ཤ་པིརྟ?་རམ་ཉེ་བ། །ུཏྨ་གུཔཏ་ཉེའུ་ཤིང། །མུངྒ་སྲི་ཏག་བིརྞ? ་དང། །ས་དང?་མ་དུ་ཀ་།མེ་དང་ཤུ་གན?་པ་ཉིད། །རྩོ་ར་ཀ་དང་བཅས་པ་དང། །བསྐོལ་བའི་ཁུ་བ་གྲང་མོ་ནི། །ཁ་ར་དང་ནི་སྦྲང་རྩིར་བཅས། །ལྡེ་གུ་དང་སྦྱར་བཏུང་བ་ནི། །སྔ་དྲོའི་ཚེ་ན་བླུད་པར་བྱ།། ་བཏུལ་བ་འདི་ནི་ཞུ་བ་དང། །འོ་མ་སླར་ཡང་སྦྱིན་པར་བྱ། །བདེ་བར་གནས་ཆེ་ལྗང་པ་ནི། །སྔར་ཞིང་དུས་སུ་བྱུང་བ་སྦྱིན། །དེ་ཡི་རྟ་ནི་ཉམས་བརྟས་ཤིང། །རྒོད་མ་ལ་ཡང་གདའ་བར་འགྱུར།། ་པདྨ་དང་ནི་ཀུ་མུ་དང། །དྲི་ཞིམ་པ་ཡི་སྡོང་བུ་དང། །སུན་ད་རི་ཀ་བི་ད་རི། །ུཏཔ་ལ་ད་དང་པ་ཡསྨྱ?། །པ་ཏ་རི་དམར་པོ་དང། །ཤ་ལུ་ཀ་ཡི་སྡོང་བུ་དང། །ཀ་ཤེ་རུ་དང་པདྨའི་རྩ། ། ་འབྲོ་གོ་དང་ནི་མ་ག་ཏ། །སྲིཾ་ཀ་ཏ་ཀ་དང་བཅས་པ། །ཆ་མཉམ་བྱས་ཏེ་སྨན་ཁུ་བསྐོལ། །དེ་ཡི་ཁུ་བ་གྲང་མོ་ནི། །ཁོར་དང་ནི་སྦྲང་རྩིར་བཅས། །ཏྨ་གུཔཏའི་མེ་ཏོག་དང། །འབྲས་བུ་དང་བཅས་?་འདྲ ་བླུད། །རེ་ཞུ་རྗེས་ལ་བསྐོམ་བླུད་ཅིང། །སྐོམ་གྱི་རྗེས་ལ་ཁ་ཟས་བྱིན། །མ་ཤ་སྣུམ་བསལ་ལེགས་པར་བཙོས། །ཕྱི་དྲོ་ལེགས་པར་སྦྱིན་པར་བྱ། །ས་ལུའི་འབྲས་ཆན་རི་དགས་དང། །བྱ་ཡི་ཤ ་ཁུར་བཅས་པ་སྦྱིན། །རྩཝ་ཡང་མངར་པོ་བྱིན་ན་ཕན། །གནས་ནི་མཉམ་ཞིང་བདེ་བར་གཞག་།འདི་ཡིས་ཤིན་ཏུ་དྲེགས་བོད་ཞིང། །རྟ་ཡི་རིགས་ནི་འཕེལ་བར་བྱེད། །ཡང་ན་སྦྱོར་བ་འདི་ཉིད་དང། །བ་གཞོན ་རྟེའུ་རྒན་པ་ཡི། ཁ་ཡར་གྱིས་ནི་འོ་མར་སྦྱར། །རྟ་དེ་ལ་ནི་བླུད་པར་བྱ། །འདི་ཡིས་རྟ་ནི་དྲེགས་བོད་ཞིང། །ལན་མང་འཇུག་པར་ནུས་ཕར་འགྱུར། །སྨན་འདི་རྣམས་ཀྱི་ཁུ་བ་དང། །འོལ་བའི་ཤ་ཁུ ་དང་བཅས་པ། །རྟ་ལ་བླུད་པར་གྱུར་པ་ནི། །དེས་ཀྱང་རོ་ཙ་ཉིད་དུ་བྱེད། །བསིལ་ན་ཤིན་ཏུ་ཆགས་འདོད་ཅིང། །རྒོལ་མ་ལ་ཡང་མངོན་དགར་འགྱུར། །ཏྨ་གུབཏ?་ཕ་མའི་རྩ།། །བཏགས ་པའི་ལྡེ་གུ་བསིལ་པོ་ནི། །འོ་མ་དང་སྦྱར་བླུད་ན་ཡང། །ཤིན་ཏུ་རོ་ཙར་འགྱུར་བ་ཡིན། །ཀརྐ་ཏ་ཀ་རྒྱ་མཚོའི་ལྦུ། །དེ་ནི་གཏུན་ནང་བརྡུངས་ནས་ནི། །ཤིན་ཏུ་ཞིབ་པར་གྱུར་པ་དང། །ཏིལ་མ་དབང་ནི ་གཅིག་ཏུ་བསྲེ། །ཧམ་གུཔཏའི་འབྲས་བུར་བཅས། །ཟས་ཀྱི་རྗེས་ལ་སྦྱིན་པར་བྱ། །བི་ད་ར་ཡི་སྔང་བུ་ནི། །ཏིལ་མར་དང་བསྐོལ་བྱིན་པ་བསྔགས། །ུཏྩ་ཏ་ཡི་ཕྱེ་མ་བཏགས། །སྦྲང་རྩི་ཁར་དང་སྦྱོར་བ། ། ་སྣ་ནས་བཏང་དང་བཏུང་བ་དང། །འཇམ་རྩིར་བཏང་བའང་བསྔགས་པ་ཡིན། །བསྐོལ་ནས་ཞག་བདུན་བཞག་པ་ཡིས། །ཏིལ་མར་གྱིས་ཀྱང་བསྐུར་བར་བྱ། །སྐམ་པའི་སྲོག་ཆགས་ལྔ་དང་ནི། །རྩ་བ་སྡོང་བུ ་འབྲས་བུ་དག་།བསིལ་ཞིང་ཡོན་ཏན་དང་ལྡན་པ། །ཚུལ་འདི་འདྲ་བ་གཞན་གང་ཡིན། །དེ་དག་ཐམས་ཅད་གཞན་གང་ནི། །རོ་ཙ་སྐྱེད་པའི་མཆོག་ཡིན་ནོ། །ར་ཡི་འོ་མ་ཉ་དང་མར། །དེ་བཞིན་མར་ཡིད ་ཤ་ཁུ་ནི། །གཡོས་སུ་ལེགས་པར་བྱས་པ་དག་།ཁ་ཟས་མཆོག་ནི་སྦྱིན་པར་བྱ། །རྒྱས་དང་བསྡུས་པའི་ཚུལ་གྱིས་ནི། །སྦྱོར་བ་ལྔར་ནི་བསྟན་པ་ལས། །རོ་དང་ཞུ་རྗེས་དུས་ཀྱི་ཆ། །མཁས་བས་ལེགས་སོ ་པར་བརྟག་པར་བྱ། །ཟས་སུ་ལྗང་པ་བྱན་པ་དང། །ཆང་བླུད་པ་དང་བསྐུ་བ་དང། །ུཏུ?་ཏ་དང་བི་དང། །ཏྨ་གུཔཏ?་འབྲས་བུ་ནི། །རྟག་ཏུ་འདི་ལ་སྦྱིན་བྱ་ཡིན། །ཞག་གཅིག་ཤིན་ཏུ་དྲག་མི་བྱ། །མ་སྟབས ་གནས་ནི་ཅི་འདྲ་དང། །ནད་གཞི་འདུས་ཚིགས་ཅི་བཞིན་དུ། །ལུས་ཀྱི་ཉམས་ནི་ཅི་ཡོད་པ། །ལེགས་པར་བརྟགས་ཏེ་བྱ་བ་ཡི། །སྔར་ནི་ཅི་སྒང་བསྟན་པ་ཡིན། །བརྟ་བའི་ཆོ་ག་རྣམས་ཀྱང་བྱ། །རྒོད་མ་ལ་ནི ་གསོ་བ་དང། །མངལ་སྐྱོན་སྦྱངས་བའི་ལས་རྣམས་བྱ། །འདི་ནི་བཅུད་ལེན་དམ་པ་དང། །རོ་ཙར་བྱེད་པ་ཉིད་ཡིན་ཏེ། །རྟ་ལ་གང་དག་དགོས་པ་ཡི། །དྲིལ་པ་མ་ལུས་བསྟན་པ་ཡིན། །ལེགས་ཐོས་ཀྱིས ་ནི་ཡང་སྨྲས་པ། །བདག་ལ་ཐེ་ཚོམ་གཞན་མཆིས་ཏེ། །རྟ་ལ་དངས་མ་སྐྱོན་མེད་པ། །རིམ་གྱིས་ལུས་ཟུངས་ལ་འཇུག་ན། །རོ་ཙ་བ་ཡི་ཡོན་ཏན་ནི། །ཞག་གཅིག་ནས་འབྱུང་ཁྱོད་ཀྱིས་བཤད། ། ་ལུས་ཟུངས་རྣམས་ཀྱི་མཆོག་གྱུར་པ། །ཁུ་བརྒྱུད་ནི་གང་ཞིག་གིས། །འཕྲལ་དུ་འཕེལ་བར་འགྱུར་བར་བཤད། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །ཇི་ལྟར་ཤིང་ལ་ཆུ་བླུད་ན། །དེ་ནི་མེ་ཏོག་འབྲས་བུ་ལ། །ཉིན་ཞག ་དེ་ཉིད་ཁོ་ན་ལ། །ཁྱད་པར་གྱུར་པར་སྣང་བ་ཡིན། །དེ་བཞིན་སྨན་གྱི་བཅུད་རྣམས་ནི། །འཕྲལ་དུ་ནུས་པ་བསྐྱེད་པ་ཡིན། །བུ་རམ་ཤིང་གི་རྩ་བ་དང། །བར་དང་རྩེ་མོ་བྱེ་བྲག་ཡོད། །དེ་བཞིན་མེ་ཏོག་འབྲས་བུ་སོགས། ། ་ཞུ་རྗེས་སོ་སོར་གནང་བ་ཡིན། །ཡོན་ཏན་ནུས་པ་ཐ་དད་པས། །རྫས་ཀྱི་རང་བཞིན་སྣ་ཚོགས་ཡིན། །སྦྱོར་བའི་ཡོན་ཏན་དབང་གིས་ན། །འཕྲལ་དང་དུས་གཞན་ནུས་པ་འབྱིན། །འདི་ནི་མངོན་སུམ་ཡིན་ཤེས་བྱའོ། །རྒྱུ་དྲིས ་པ་ཡང་མཉན་པར་གྱིས། །དུར་བྱིད་དང་ནི་དེ་འདྲ་གཞན། །མོད་ལ་འཁྲུ་བར་བྱེད་པ་ཡིན། །འོ་མ་མཐས་པར་འགྱུར་བ་དང། །པོ་སོན་ཆ་ཡི་འབྲས་བུ་དག་།འཕྲལ་དུ་འཁྲུ་བར་བྱེད་བ་དང། །ཐལ་སྨན་གྱིས་ཀྱང་འཕྲལ་སྲེག་བྱེད། །ཏིལ ་མར་མར་གྱིས་འཕྲལ་སྣུམ་བྱེད། །མ་ཤ་འཕྲལ་དུ་འདུལ་བར་བྱེད། །ཆང་གིས་འཕྲལ་དུ་དྲེགས་པ་སྐྱེད། །འོ་མས་འཕྲལ་དུ་སྲོག་སྐྱེད་བྱེད། །བསེ་ཤིང་གི་ནི་འབྲས་བུ་ཡིས། །ལ་ལ་སྨྲ་ནི་འཕྲལ་དུ་སྐྱེད། །དེ་དང་འདྲ་བ ་གཞན་དག་ཀྱང། །ནུས་པ་མོད་ལ་འབྱིན་པ་ཡོད། །ར་ཡི་རྫས་ནི་ཁྱད་པར་ཅན། །མངོན་སུམ་གཏན་ཚིགས་འདི་དག་གིས། །རྫས་ཀྱི་ཞུ་རྗེས་ནུས་བ་ནི། །འཕྲལ་དུ་སྐྱེས་པར་མངོན་པ་ཡིན། །རོ་ཙ་བྱེད་བའང ་དེ་བཞིན་དུ། །འཕྲལ་དུ་ཁུ་བ་འདའ་ཕེལ་བར་བྱེད། །སྔར་བཤད་པ་ཡི་སྨན་རྣམས་ཀྱང། །སྦྱོར་ལེགས་འབྲས་བུ་འཕྲལ་དུ་སྐྱེད། །འདི་ནི་སློབ་མ་མིན་པ་དང། །ལོག་འཇུག་བུ་ལའང་སྦྱིན་མི་བྱ། །སྨོད་པར་བྱེད་པ་རྣམས་དང་ནི། ། ་སྡིག་ཅན་ལ་ནི་མི་སྦྱིན་ནོ། །ཤ་ལི་ཧོ་ཏྲ་གྲུབ་པའི་གནས་བདུན་པ་ལས། རོ་ཙ་བར་བྱེད་པ་བསྟན་པའི་ལེའུའོ།། །།རྟ་ཡི་ཆུ་སྦུབས་གྱུར་ནད་དང། །བླུད་བྱ་བླུང་མི་བྱ་ཉིད་དང། །གསོ་བའི་གནས ་ནི་ཡང་དག་ཉིད། །ལེགས་ལྡན་གྱིས་ནི་བསྟན་དུ་གསོལ། །བུ་ཡིས་དེ་སྐད་སྨྲས་པ་དང། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །གང་ཚེ་རྟ་ལ་འོ་མ་ཆུ། །ཆུ་སྦུབས་སྦྱིན་གྱུར་དེ་ཡི་ཚེ། །ཉེས་སྐྱེད་འོ་མ་དང་བཅས་པ། །ཚ ་སྐྱེད་མགོ་བོར་ཞུགས་པ་ན། །སྤོས་བདུག་མགོའི་སྦྱར་བ་ཡིས། །དེས་ནི་བསལ་བར་ནུས་མ་ཡིན། །སྐམ་པར་གྱུར་ཆེ་ཆུ་ཡི་ཚད། །ལེགས་པར་ཤེས་པར་ནུས་མ་ཡིན། །དེ་བས་ཆུ་དང་འོ་མ་ནི། །ཆུ་སྦུབས་ལས་ནི་སྦྱིན་མི་བྱ།། ་ཆུ་དང་འོ་མ་དེ་དག་ཀྱང། །སྨན་དང་བཅས་པར་བསྐོལ་བ་ནི། །ཆུ་སྦུབས་ལས་ནི་སྦྱིན་མོད་ཀྱི། །ཅི་ནས་གནོད་མི་འགྱུར་བར་བྱ། །གང་ཚེ་ཆད་དང་འོ་མཆུ། །སྦུབས་ལས་བླུང་པའི་ཤུགས་དྲགས་ན། །སྦྱོར་བ་ཉེས་པར་འགྱུར་བའི་རྒྱུས།། ་མང་ལ་མང་དུ་ཞུགས་གྱུར་པ། །དེ་ཚེ་ལྕེ་དང་ལྐོག་མའི་སྦུབས། །ཤིན་ཏུ་བཀོད་ན་དྲགས་བར་འགྱུར། །དེ་བཞིན་ཤིན་ཏུ་འཐོར་བ་ཡིས། །སྲོལ་གོང་དུ་ཡང་འཇུག་པར་འགྱུར། །དེ་ཡི་གྱོན་རྒྱུའི་རླུང་ནི། །མྱུར་བའི ་ནད་ཀྱིས་ལུས་སྣོད་བྱེད། །དེ་ལས་ལུང་བ་འབྱུང་བ་ན། །ལྐོག་མར་གནས་པས་གནོད་སྐྱེད་བྱེད། །གྱེན་རྒྱུའི་ཤུགས་ཀྱིས་བསྐྱོད་པ་ན། །མགོ་བོར་ཡང་ནི་བྱིན་པར་བྱེད། །དེ་ཡིས་མཆི་མ་འཛེག་འགྱུར་ཞིང། ། ་མགོ་འདེག་བར་ཡང་དཀའ་བ་ཡིན། །ལྕེ་ནི་ནག་བོར་འགྱུར་བ་དང། །ལུང་བར་ལུ་ཞིང་སྐམ་པར་འགྱུར། །མིག་ཉིས་རྣམ་པར་འགྱུར་བ་དང། །ས་ལ་འགྲེ་ཞིང་འདར་བར་འགྱུར། །པ་ལ་ཤ་ཡི་མདོག་འདྲ ་བའི། །སྣབས་ནི་སྣ་ནས་འཛག་པར་བྱེད། །སྣ་བ་ཆགས་ཅིང་ཡིད་མི་བདེ། །ལུས་ནི་དངུལ་ཞིང་ཞུམ་བར་འགྱུར། །ཆུ་སྦུབས་ལས་ནི་གྱུར་བའི་ནད། གསོ་བར་ཤིན་ཏུ་བཀའ་བ་ཡིན། །འཆི་བར་འདྲ་བ་ཡིན་ན་ཡང། ། ་དེ་ལ་ཕན་འགྱུར་གསོ་དཔྱད་བྱ། །དང་པོར་མར་གྱིས་བསྐུས་ནས་ནི། །ཤིན་ཏུ་བསིལ་བའི་སྨན་ཆུ་བླུད། །ཏ་ལའི་འདབ་མའི་རླུང་ག་ཡབ་བམ། །གོS་ནི་གཤེཌ་པS་གཡང་ག་བྱ། །མར་བསྐུས་ནས་ནི་སྨན་བསིལ་བའི། །ལྡེ་གཱུམ་འདམ ་གྱིས་བསྐུ་བར་བྱ། །དེ་འཕྲལ་ཚ་དང་དབུགས་མི་བདེ། །རྡུལ་དང་དུབ་བ་དང་དྲལ་འགྱུར། །དེ་ནས་དུང་བ་བདུགས་པ་ཡིས། །ཅུང་ཟད་བདེར་གནས་གྱུར་བྱ་ལ། །ཐང་ཤིང་དང་ནི་ས་ར་ལ། །ཤིང་མངར་དང་ནི ་ག་དུར་དང། །པྲི་ཡང་ཀུ་དང་ཙན་དན་དང། །དེ་བཞིན་ཏམ་ལ་བརྞི་དང། །ནག་བུས་པ་སྔོན་ཡང། །དུག་མོ་ཉུངས་དང་བྱ་མ་ཀ་།ཤྲེ་བ་ར་དང་སྤང་སྤོས་དང། །རྡོ་དྲེག་གླ་སླང་མ་དུ་ལི། །ཤིང་རྩ་དང་ནི་སྨྱིགས་རྐང་དང།། ་ཨིདྒུ?་དེའི་ཤིང་གུ་གུལ་དང། །ར་སྣ་ག་བྲ་ལྡོང་རོས་དང། །བུ་ཤེལ་ཙེ་དང་བ་ལ་ཀ་།སྨན་ནི་འདི་རྣམས་ཆ་མཉམ་དུ། །ལེགས་བར་སྦྱར་བར་བྱ་བ་ཡིན། །གཞན་ཡང་དེ་འདྲ་འདུག་པ་ལ། །བསྔགས་པར་གྱུར་པ ་རྣམས་ཀྱང་བརྡུལ། །རླུང་ལས་གྱུར་བའི་ནད་ལ་ནི། །སྣུམ་དང་སྦྱར་ཏེ་བརྡུལ་བར་བྱ། །བད་ཀན་གྱི་ནི་ནད་ཀུན་ལ། །བརྟ་ཀི་ཡི་ཁུ་བ་སྦྱར། །ཁ་ར་མར་དང་སྦྱར་བ་ཡི། །ལྐོག་མ་བདེ་བའི་སྨན་ཡང་སྦྱིན། ། ་སྦུ་གུ་མདོ་ལ་ཁོང་སྟོང་ལས། །ཆ་གཉིས་པ་ནི་ཚེ་ཚད་ཡིན། །བཞི་ཆས་ཕྲི་བ་བར་མ་སྟེ། །ཕྱེད་ཕྲི་བ་ནི་ཐ་མ་ཡིན། །དེ་ནས་རྫ་བུམ་བླངས་ནས་ནི། །དེར་ནི་མེ་མདག་གཞུག་པར་བྱ། །ཁ་བཀག་པ་ཡི་དབུས་སུ་ནི། ། ་སེར་གཅིག་པ་ཡི་བུ་ག་བཏོང། །སྤུ་གུའི་བུ་ག་མཉམ་བྱས་ལ། །སྦུ་གུ་བུམ་པའི་བུ་གར་སྦྱར། །དོས་ལ་བུམ་ག་ཕྲ་གཏད་དེ། །དེ་ལས་དེ་ནི་བུད་པར་བྱ། །འདབ་མ་དེར་ནི་བདུག་པ་དེ། །བཅུག་ལ་དུད་པ་བདུག་དུ ་གཞུག་།སྨན་པ་མཆོག་གིས་དུ་བ་ནི། །ལེགས་པར་དེ་ལ་བདུག་བར་བྱ། །བདུད་པ་བདུག་པའི་ཚེ་ཚད་ཡིན། །གྲངས་བརྒྱའི་བར་དུ་བརྟུལ་བ་ཡིན། །བར་མ་བཞི་པས་ཕྲི་བ་སྟེ། །ཕྱེད་ཕྲི་བ་ནི་ཆུང་ཚད་ཡིན། ། ་རྨ་ལ་དུད་བས་བདུག་གྱུར་ན། །ནང་སེལ་བར་ནི་འགྱུར་བ་ཡིན། །གང་ཚེ་སྣ་ནས་ལྗན་ལྗིན་ནི། །སྤི་བག་མང་བོ་འཛག་འགྱུར་ཞིང། །སྒྲ་ནི་འབྱིན་པར་ནུས་འགྱུར་བ། །སྦྱང་བ་ལེགས་བར་ཤེས་པར་བྱ། །དུ་བས ་མགོར་སོང་ནད་དང་ནི། །རྐན་དང་ལྐོག་མར་གནས་པར་ཡང། །སེལ་ཅིང་བུ་ག་བད་ཀན་གྱིས། །ཁེངས་པའང་སྦྱོང་བར་བྱེད་པ་ཡིན། །རླུང་ནི་བདེ་བར་རྒྱུ་བྱེད་ཅིང། །སོ་ཡི་སྟོབས་ཀྱང་འཕེལ་བར་བྱེད། །དབང་བོ་རྣམས་དང་ལུས ་ཟུངས་དག་།དངས་ཞིང་སྨོན་མེད་བྱེད་པ་ཡིན། །རླུང་གི་ཚིལ་ནི་སེལ་བྱེད་ཅིང། །སེམས་གསལ་ཡིག་འབྱེད་པར་བྱེད། །ལྷོད་པ་རྣམས་ནི་དམ་བྱེད་ཅིང། །གྱོང་བ་མཉེན་པར་བྱེད་པའང་ཡིན། །གསེབ་དང་ལམ་རིངས་ནས་འོངས ་དང། །ཤིན་ཏུ་རྒན་དང་སྒོམ་གྱིས་ཉེན། །ཟས་རྩུ་བཟོས་དང་ཡོངས་སུ་དུབ། །ཁྲག་དང་མཁྲིས་པ་ན་བ་དང། །ཆུ་ཡི་དམུ་རྫིང་ཅན་དང་རྟགས། །སྣུམ་བཏང་བ་དང་དུག་ཟོས་དང། །རྦེག་དང་འཇིགས་པས་ཉེན་པ་དང། །ཆང་ ་འཐུངས་པ་དང་ཉམ་ཆུང་དང། །འོ་མ་འཐུངས་བར་གྱུར་པ་ཡི། །རྟ་ལ་ནམ་ཡང་དུད་མི་འདུག་།ལྐོག་ནད་ནམ་ཚོད་ཡན་ཆད་ནང། །ལུད་པ་སྣབས་ཀྱི་ནད་རྣམས་དང། །སྐྱིགས་བུ་མགོ་བོའི་ནད་རྣམས ་དང། །ཆུ་སྦུབས་ལས་གྱུར་ནད་རྣམས་དང། །བད་ཀན་ལས་གྱུར་ནད་དང་ནི། །དེ་བཞིན་རླུང་གི་ནད་རྣམས་དང། །པུས་ཚིགS་ནད་རྣཾས་ལ་ཡང། །དུད་པས་བདུག་པ་བསྔགས་པ་ཡིན། །རྟ་ཡི་ཁ་ཟས་ཟོས་གྱུར་ཅིང། །བསིལ་བར་གནས ་ལ་དུད་པ་བཏང། །དུད་པས་ནད་ནི་བསལ་བ་དང། །སྨན་པས་རླུང་འཇོམས་ཁ་ཟས་བྱིན། །འབྲས་ཆན་སྦྲང་རྩི་དང་སྦྱར་ཅིང། །འོ་མ་བཅའ་སྒ་བཏབ་པ་སྦྱིན། །པི་ཙུ་མརྡའི་ཁུ་བ་དང། །བསྐོལ་བའི་མུངྒ་ཉིད་བྱིན་ཅིང། ། ་དེ་ལ་རྩཝ་ཡི་དོན་དུ་ནི། །དུར་བ་ཉེ་བར་སྦྱིན་པར་བྱ། །ལེགས་ལྡན་ཤ་ལི་ཧོ་ཏྲ་ཡིས། །དེ་སྐད་ཅེས་བསྟན་སྨྲས་པ་ཡིན། །ཤ་ལི་ཧོ་ཏྲ་གྲུབ་པའི་གནས་དེ་བདུན་པ་ལས། སྦུབས་ལ་གྱུར་པའི་ནད་གསོ་བའི་ལེའུའོ། །གྲུབ་པའི ་གནས་ཞེས་བྱ་བ་གནས་བདུན་པ་རྫོགས་སོ།། །།རིག་བྱེད་རིག་བྱེད་ཡན་ལག་མཁས། །སྙིང་སྟོབས་ལྡན་ཞིང་དབང་པོ་ཐུལ། །གསོ་དང་རིག་པའི་ལས་ལ་མཁས། །རྟ་ཡི་བསྟན་བཅོས་ཕ་མཐར་ཕྱིན། །ཤ ་ལ་ཧོ་ཏྲ་ཐུབ་མཆོག་ལ། །ལེགས་ཐོས་ཀྱིས་ནི་ཡོངས་དྲིས་པ། །རྟ་ནི་འཆི་བར་འདོད་གྱུར་པ། །ནད་དང་བཅས་པར་གནས་གྱུར་ཅིང། །སུམ་ཅུ་རྩ་གཉིས་བར་དག་གིས། །མཚན་ཉིད་ལེགས་ལྡན་ལས་རྟོགས་འཚལ། །འདི ་ནི་ན་ཚོད་གང་གི་ཚེ། །ནད་ནི་གང་དང་གང་དག་གི་།རྟ་ནི་འཆི་བ་ཉིད་འགྱུར་བའི། །མཚན་ཉིད་དེ་ནི་བདག་ལ་གསུངས། །དེ་ནས་ཤ་ལི་ཧོ་ཏྲ་ཡིས། །ལེགས་ཐོས་དྲིས་དོན་སླར་སྨྲས་པ། །རྟ་ཡི་ངེས་པར་འཆི ་འགྱུར་རྟགས། ཤ་ཡི་མིག་ཅན་གྱིས་ཤེས་དཀའ་། །རིམ་གྱིས་བརྒྱུད་དེ་ཤེས་གྱུར་པ། །བཤད་ཀྱིས་མཉན་དེ་བཟུང་པར་གྱིས། །མཆུ་ལྟག་སོར་ནི་བཞི་པ་ལ། །དེར་ནི་རི་མོ་བརྟགས་བྱས་ཏེ། །ཁྱད་པར་རྣམ་པ་སྣ་ཚོགས་པ། ། ་དེ་ལས་འཆི་བཤེས་པར་བྱ། །མི་ཡི་ལག་པ་དང་འདྲ་བར། །རྟ་རྣམས་ཀྱི་ནི་མཆུ་ལྟག་བརྟག་།གང་ལ་ཚེ་ནི་ཡོད་གྱུར་བ། །དེ་ཉིད་བཤད་ཀྱིས་མཉན་པར་གྱིས། །མཆུ་ལྷག་དབུས་མར་རི་མོ་ནི། །གྱེན་དུ་སོར་གཅིག་གང་ལ ་ཡོང། །དེ་ནི་ལོ་གཅིག་ཉིད་ལ་ནི། །ཁ་ནད་ཀྱིས་ནི་འཆི་བར་འགྱུར། །དེ་འདྲ་བ་ཡི་རི་མོ་གཉིས། །སོར་གཉིས་པ་ནི་སྣང་གྱུར་ན། །རྟ་དེ་ཉིད་ནི་ལོ་གཉིས་ན། །ལྕེ་རེངས་ཀྱིས་ནི་འཆི་བར་འགྱུར། །འདི་འདྲ་བའི་རི་མོ ་བཞི། །མཆུ་ལྟག་དུ་ནི་འཕྲེད་དུ་སྣང། །ལོ་གསུམ་ནད་ནི་འགྲོ་མ་ནད་ཀྱིས། །དེ་ནི་འཆི་བར་འགྱུར་བ་ཡིན། །འདི་འདྲའི་རི་མོ་དབུས་ན་དམའ། །རྟ་གང་ལ་ནི་ཡོད་གྱུར་པ། །རྟ་དེ་ལོ་བཞི་ལོན་པ་ན། །འགྲམ་ལྐོག་ནད ་ཀྱིས་མཆི་བར་འགྱུར། །གང་གི་གཡོན་ན་རི་མོ་ནི། །རྩེ་མོ་ཡོན་པོ་སོར་གཉིས་ཡོད། །རྟ་དེ་ཉིད་ནི་ལོ་ལྔ་ནས། །རི་དགས་གླལ་གྱི་ནད་ཀྱིས་འཆི། །མཆུ་ལྟག་དབུས་ན་རི་མོ་ནི། །སོར་གཉིས་ཚད་ནི་ཡོན་པོ་ཡོད།། ་གང་ཡིན་དེ་ནི་ལོ་དྲུག་ནས། ། བ་ཏི་གའི་ནད་ཀྱིས་མཆི། །གང་གིས་རི་མོ་འདི་འདྲ་བ། །སོར་ཕྱེད་ཁར་ནི་ཆུང་གྱུར་པ། །རྟ་དེ་ལོ་ནི་བདུན་ཉིད་ན། །གྲི་ཤིའི་ནད་ཀྱིས་གདུངས་ནས་འཆི། །རི་མོ་དེ་འདྲ་སོར་གསུམ ་པ། །རྟ་ནི?་གང་ལ་སྣང་གྱུར་པ། །རྟ་དེ་ལ་བརྒྱད་ལོན་ནས་ནི། །རིམ་གྱིས་ཉེ་བར་འཆི་བར་འགྱུར། །གང་གི་རི་མོ་འདི་འདྲ་ལས། །དབུས་ན་ནས་འདྲ་སྦོམ་པོ་ཡོད། །རྟ་དེ་ཉིད་ནི་ལོ་དགུ་ན། །རླུང་གི་གཟེར? ་གྱིས་སྲོག་ཟང་འགྱུར། །རི་མོ་མཆུ་ལྟག་དང་མཉམ་པ། །གྱེན་ཏུ་བྱུང་བ་དབུས་ན་གནས། །རྟ་དེ་ལོ་ནི་བཅུ་པ་ན། །སྐེ་རེངས་ཀྱིས་ནི་བརླག་པར་འགྱུར། །གང་ལ་རི་མོ་འདི་འདྲ་གཉས། །མཆུ ་ལྟག་དབུས་ན་གནས་གྱུར་པ། །ལོ་ནི་བཅུ་གཅིག་ལོན་པ་ན། །རླུང་འཁྱིལ་ནད་ཀྱིས་སྲོག་ཟད་འགྱུར། །གང་ལ་དེ་ནི་སོར་གཉིས་ལས། །ཅུང་ཟད་ཆེ་བའི་རི་མོ་ཡོད། །རྟ་དེ་ལོ་ནི་བཅུ་གཉིས་ན། །གྱེན་དུ་ལོག་པའི་རླུང ་གིས་གསོད། །རི་མོ་ཆུར་ནི་སོར་ཕྱེད་པ། །སྦོམ་པོ་ནས་དང་འདྲ་བ་ཡོད། །རྟ་དེ་ལོ་ནི་བཅུ་གསུམ་ན། །དབུགས་མི་བདེ་བའི་ནད་ཀྱིས་འཆི། །སྟེང་དང་ཐད་ཀར་རི་མོ་ནི། །མཆུ་ལྟག་དབུས་ན་གཉིས་གཉིས་ཡོད། ། ་ཡང་ན་བྱ་རོག་རྗེས་འདྲ་བ། །གཉིས་ནི་རྟ་གང་ལ་ཡོད་པ། །རྟ་ནི་ལོ་ནི་བཅུ་བཞི་ན། །འབྱུང་པོའི་ནང་ཀྱིས་དུས་བྱེད་འགྱུར། །དེ་ཡི་བདག་པོའི་ནོར་དང་འབྲུ། །ཉམས་པར་བྱེད་པ་ཉིད་དུ་འགྱུར། །གང་གི་རི་མོ་ཏིལ ་ཙམ་ནི། །གྱེན་དུ་འགྲེང་ཞིང་དབྱིབས་ལེགས་ལ། །དྲང་ཞིང་གསལ་བར་གྱུར་པ་དང། །ལྟ་ན་སྡུག་ཅིང་ཡིད་འོང་བ། །གང་གི་མཆུ་ལྟག་དབུས་ན་ཡོད། །དེ་ནི་གང་གི་ཁྱིམ་ན་འདུག་།དེ་ནི་མྱུར་དུ་རྒྱལ་པོ་ཡིས། ་དྲིན་སྐྱབས་ནོར་དང་འབྲུ་འཕེལ་འགྱུར། །རྟ་དེ་གང་ན་གནས་གྱུར་དེ། །གྲོང་ཁྱེར་རྒྱལ་སྲིད་འཕེལ་བར་འགྱུར། །དེ་འདྲའི་རྟ་ནི་རྙེད་གྱུར་ན། །མཆོད་ཅིང་ཡོངས་སུ་བསྐྱང་བར་བྱ། །དེ་ནི་དེ་འདྲས་ལོ་བཅོ་ལྔ། ་བདེ་བ་ཁོ་ནར་སེན་ནས་ནི། །རྟ་རྫི་ཡིས་ནི་སྣང་བྱས་པ། །དེ་རྗེས་སྲོག་ནི་འདོར་བར་འགྱུར། །གང་ལ་མཆུ་ལྟག་རི་མོ་ནི། །འདི་འདྲ་དཀར་པོ་སྣང་གྱུར་པ། །དེ་ཡང་ལོ་ནི་བཅོ་ལྔ་ནས། །བ་ལ་ཤ་ཡི་ནད ་ཀྱིས་འཆི། །གང་གི་མཆུ་ལྟག་དབུས་ན་ནི། །རི་མོ་སོར་ནི་གསུམ་པ་ཡོད། །དེ་ནི་ལོ་ནི་བཅུ་དྲུག་ན། །ལོ་ལེགས་ནས་ནི་འཆི་བར་འགྱུར། དེ་ལྟ་བུ་ཡི་རྟ་དེ་ནི། །བདག་པོ་མཛའ་བོའི་ནོར་འཕེལ་འགྱུར། །གང་ལ་འདི་འདྲའི་རི་མོ་ནི། །སྙམ ་པོ་གསུམ་ནི་མཆུ་ལྟག་ནས། །དེ་ཡང་ལོ་ནི་བཅུ་དྲུག་ན། །རྨིག་སྐྲངས་ཀྱིས་ནི་དུས་བྱེད་འགྱུར། །དེ་ལྟ་བུ་ཡི་རྟ་དེ་ནི། །རྟག་ཏུ་བདག་པོའི་དོན་སྒྲུབ་འགྱུར། །བུ་མང་བར་ནི་འགྱུར་བ་དང། །རྟ་ནི་ཕ་མ་འཕེལ་བར་འགྱུར།། ་སྟེང་གི་ཆར་གཉིས་འོག་མཁར་གཉིས། །རི་མོ་རྟ་ནི་གང་ལ་སྣང། །དེ་ནི་ལོ་ནི་བཅུ་བདུན་ན། །མཚོན་གྱིས་འཆི་བ་ཐོབ་པར་འགྱུར། །དེ་ལྟ་བུ་ཡི་རི་མོ་ནི། །གྱེན་དུ་ལྟ་བ་གང་ལ་ཡོད། །རྟ་དེ་ལོ་ནི་བཅོ་བརྒྱད ་ན། །ཁྲག་ནད་ཀྱིས་ནི་སྲོག་ཟད་འགྱུར། །རི་མོ་གྱེན་དུ་ལྟ་ཞིང་མཉམ། །སྣུམ་བ་བཞི་ནི་གང་ལ་ཡོད། །རྟ་དེ་ལོ་ནི་བཅུ་དགུ་ན། །གཅིན་འགག་པ་ཡིས་དུས་བྱེད་འགྱུར། །རི་མོ་མཉམ་ཞིང་རིངས་པ་ལྔ། ། ་གང་གི་མཆུ་ལྟག་མཉམ་ཡོད་པ། །དེ་ཡང་ལོ་ནི་ཉི་ཤུ་ན། །པག?་ནད་ཀྱིས་ནི་འཆི་བར་འགྱུར། །གང་ལ་རྟ་ཕྱིས་འོན་སྟེ་ནང། །འདྲ་ཡོད་དེ་ནི་གསེབ་ཀྱི་མཆོག་།ལོ་ནི་ཉི་ཤུ་རྩ་གཅིག་ན། །ཁ་ནང་ཀྱིས་ནི ་འཆི་བར་འགྱུར། །གང་གི་མཆུ་ལྷག་རི་མོ་ནི། །ཅུང་ཟད་གུག་པ་ཡང་གྱུར་པ། །དེ་ནི་ཉི་ཤུ་རྩ་གཉིས་ན། །ཀླད་ནད་ཀྱིས་ནི་འཆི་བར་འགྱུར། །མཆུ་ལྟག་ལྕག་སྐྱུ་འདྲས་བརྒྱན་པ་།རྒྱལ་པོ་ལ་གཅེS་དཔལ་ཡོན་ཅན།། ་?་རྩ་གསུམ་ན། །བྲང་ཚ་བ་ཡིས་འཆི་བར་འགྱུར། །དུས་སྦལ་ཆུ་སྲིན་འདྲ་གང་ཡོད། །དེ་ཡང་རྒྱལ་པོའི་རྗེས་མཐུན་ཡིན། །ལོ་ནི་ཉི་ཤུ་རྩ་བཞི་ན། །རྣ་བའི་ནད་ཀྱིས་འཆི་བར་འགྱུར། །རྟ་ནི་གང ་གི་མཆུ་ལྷག་ན། །པདྨའམ་ཨུཏཔལ་འདྲ་ཡོད་བ། །བདག་པོའི་ནོར་ནི་རྟག་ཏུ་བསྐྱེད། །ལོ་ལེགས་པར་ཡང་བྱེད་པ་ཡིན། །ལོ་ནི་ཉི་ཤུ་རྩ་ལྡན། །གཞོང་འདྲའི་ནད་ཀྱིས་དུས་བྱེད་འགྱུར། །? ་ནི་བསྐར་བཅས་ཡོད་པ། །བདག་པོའི་ནོར་དང་བུད་མེད་སྐྱེས། །ལོ་ནི་ཉི་ཤུ་རྩ་དྲུག་ན། །སྣུམ་ནད་ཀྱིས་ནི་འཆི་བར་འགྱུར། །བ་དན་བཅས་པ་ག་ལ་ཡོད། །བདག་པོ་ལ་བརྟེན་ནོར་གཏེར་འགྱུར། །ལོ་ནི་ཉི་ཤུ ་རྩ་བདུན་ལ། །སྦྲུལ་གྱིས་བཟུང་སྟེ་འཆི་བར་འགྱུར། །གང་ལ་མཆོད་སྡོང་འདྲ་རིས་ཡོད། །བདག་པོ་མཆོད་སྦྱིན་གྱིས་འབྱོར་འགྱུར། །ལོ་ནི་ཉི་ཤུ་རྩ་བརྒྱད་ན། །གཟེར་ནས་ཀྱིས་ནི་འཆི་བར་འགྱུར། ། ་གང་ལ་རི་མོ་བླུགས་གཟར་འདྲ། །མཆུ་ལྟག་དབུས་ན་ཉེ་བར་སྐྱེས། །དེ་ཡི་བདག་པོ་མཆོད་སྦྱིན་བྱེད། །སྦྱིན་སྟོང་རྟག་ཏུ་འགྱེད་པར་འགྱུར། །ལོ་ནི་ཉི་ཤུ་རྩ་དགུ་ན། །མགོ་ནད་ཀྱིས་ནི་དུས་བྱེད་འགྱུར། །གཡུང ་དྲུང་རིས་དང་རིན་ཆེན་འདྲ། །གང་གི་མཆུ་ལྟག་ཉིད་ན་སྣང། །རྟ་མཆོག་དེ་ནི་བདག་པོ་ཡི། །དབལ་ནི་མཆོག་ཏུ་འཕེལ་བར་བྱེད། །བུ་དང་ཚ་འོ་འཕེལ་བར་བྱེད། །བདེ་བར་རྣམ་པར་རྒྱལ་བར་བྱེད། །གང་ལ་འདི་འདྲའི ་རྟ་ཡོད་པ། །རྒྱལ་པོ་དེ་ནི་རྣམ་རྒྱལ་འགྱུར། །བདག་པོ་ཚིམ་ཞིང་བདེ་བ་དང། །ནོར་རྙེད་པ་ནི་ཚིམ་བྱས་ནས། །དེ་ནི་ལོ་ནི་སུམ་ཅུ་ན། །ཁོང་པའི་སྲིན་བུའི་ནད་ཀྱིས་འཆི། །འཁོར་ལོ་འམ་རྡོ་རྗེ་ལྟ་བུའི་དབྱིབས། ་རྟ་གང་གི་ནི་མཆུ་ལྟག་ནས། །རྟ་དེ་རྒྱལ་པོའི་གཞོན་པར་འགྱུར། །བདག་པོའི་རྟག་ཏུ་བདེ་སྐྱིད་བྱེད། །རྒྱལ་བོས་དེ་ནི་ཞོན་གྱུར་ན། །དགྲ་ཡི་ཚོགས་ནི་ཀུན་ལས་རྒྱལ། །རྟ་དེ་སུམ་ཅུ་རྩ་གཅིག་ན། ་ནད་མེད་པར་ནི་འཆི་བར་འགྱུར། །གང་ལ་མཆུ་ལྟག་དབུས་ན་ནི། །ཟླ་བ་ཁམ་པ་འམ་ཉི་འདྲ་ཡོད། །རྒྱལ་པོ་གང་ལའང་འདི་འདྲ་ཡི། །རྟ་ཡོད་དེ་ནི་འབྱོར་ཆེན་ཡིན། །ལོ་ནི་སུམ་ཅུ་རྩ་གཉིས་ན། །བདེ་བར་འདུག་བཞིན་དུས ་བྱེད་འགྱུར། །གལ་ཏེ་རི་མོ་རྩུབ་བམ་ཆད། །དུམ་བུ་ཡོན་བོ་ཡོད་གྱུར་ན། །དེ་ནི་བསྔགས་བ་མ་ཡིན་གྱི། །དྲང་ཞིང་མདངས་སྣུམ་བསྡགས་པ་ཡིན། །དེ་ལྟར་ཚེ་ནི་ཤེས་བྱ་བ། །ང་ཡིས་ཁྱོད་ལ་བཤད་པ་ཡིན། །དེ ་དག་ཤེས་ཀྱང་བརྗོད་མི་བྱ། །བརྗོད་ན་ཉེས་པར་འགྱུར་བ་ཡིན། །ཉེ་བ་དང་ནི་འཚོང་བ་དང། །གསོ་དཔྱད་ཚེའང་བརྗོད་མི་བྱ། །ཤ་ལི་ཧོ་ཏྲའི་མདོའི་གསང་བའི་གནས་བརྒྱད་པ་ལས། རི་མོ་ལས་ན་ཚོད་དང་ཚེ་བརྟག ་པའི་ལེའུའོ།། །།ནད་ནི་ཤིན་ཏུ་མི་བཟད་བས། །རྟ་རྣམས་ཟད་པར་གྱུར་པ་ན། །བཞི་ནས་བརླག་པར་འགྱུར་བ་ཡིན། །བཞོན་བའི་སྡེ་ལས་ཉམས་པར་འགྱུར། །དེ་ཚེ་རྒྱལ་པོ་རྐམ་པོ་རྩ། །གནད་ར་དང་མ་ཏྲཀ། ་སིན་དུ་སོ་བའི་ར་དང་ནི། །ལྷོ་ཕྱོགས་པ་ཡི་གཙོ་བོ་སོགས། །རྒྱལ་བོ་དང་ནི་གླིང་བར་བའི། །མི་རྣམས་གང་དག་ཡིན་པ་དང། །ལུས་ཀྱི་སྐྱེ་བོ་ཐམས་ཅད་ཀྱང། །རྟ་ཡི་འཆི་བའི་འཇིགས་པས་ཉེན། །ཤ་ལི་ཧོ་ཏྲ་དྲང་སྲོང་ཚེ། ། ་དེ་ནི་གནས་སུ་ཉེ་བར་ལྷགས། །ཉི་མ་ལྟ་བུའི་གཟི་བརྗིད་ཅན། །དེ་ལ་དུལ་བས་ཕྱག་བྱས་ནས། །རྟ་ཡི་ཚུལ་ལ་བརྟེན་ནས་ནི། །ཐམས་ཅད་ཀྱིས་ནི་དྲིས་གྱུར་པ། །སྣ་ཚོགས་ནད་ཀྱིས་ཉེན་གྱུར་པ། །རྟ་རྣམས ་ཤིན་ཏུ་མ་རུངས་གྱུར། །སྲོག་དང་བྲལ་གྱུར་ཉེ་བ་ན། །དེ་རྣམས་ཀྱི་ནི་སྐྱབས་ཁྱེད་ལགས། །ཁྱེད་ནི་རྟ་ཡི་དེ་ཉིད་མཁྱེན། །ཅི་ནས་དེ་དག་འཚོ་གྱུར་པ། །དེ་དག་ཁྱེད་ཀྱིས་བསྟན་པར་མཛོད། །དེ་ནས་ཤིན? ་ལི་ཧོ་ཏྲ་ཡིས། །མི་དབང་འཁོར་བཅས་ལ་སྨྲས་པ། །སེམས་ནི་སྡུག་བསྔལ་གྱིས་བརྡུངས་ཞིང། །འཇིག་རྟེན་འདི་ནས་ལོག་ནས་ནི། །འཇིག་རྟེན་གཞན་དུ་འགྲོ་གྱུར་བ། །སྲོག་སྦྱིན་པ་ཡི་ཐབས ་མེད་དོ། །དེ་ཡི་སྲོག་ནི་ཤེས་བྱ་དང། །འཆི་འདོད་པ་ནི་ཤེས་བྱ་དག་།ཤེས་ལ་གོམས་པའི་མིག་ལྡན་ལས། །སྨན་པ་ཡིས་ནི་ཤེས་པར་བྱ། །བློ་མེད་བསྟན་བཅོས་མི་ཤེས་པས། །གསོ་བར་ནུས་པ་མ་ཡིན་ནོ། །གང་ཞིག་དུས ་ལས་འདས་གྱུར་པ། །དེ་ལ་སྨན་པས་བྱེད་མེད་དེ། །སེམས་ཅན་ཀུན་ལ་འཆི་བ་ནི། །བཅོས་སུ་མེད་པ་བདུན་ན་བསྟོད། །སེམས་ཅན་ཀུན་གྱི་དུས་མིན་འཆི། །ནད་ལས་བྱུང་བར་གྱུར་པ་ནི། །སྨན་དང་སྦྱོར་བ་རྣམས་དང ་ནི། །སྔགས་རྣམས་ཀྱིས་ཀྱང་བཟློག་པར་བྱ། །གང་ཞིག་སྔོན་གྱི་ལས་ཀྱིས་ནི། །ཚེ་ནི་ངེས་པར་ཟད་གྱུར་པ། །དེ་ལ་ལྷ་སོགས་བཅས་པས་ཀྱང། །བཟློག་པར་ནུས་པ་མ་ཡིན་ནོ། །སྡུག་བསྔལ་ཚོར་བ་བཟློག་པ་དང། ། ་ནད་རྣམས་བསལ་བར་བྱ་བ་ལ། །ཚེ་ཡི་རིག་བྱེད་ཡན་ལག་བརྒྱད། །རྟག་ཏུ་ནུས་དང་ལྡན་པར་བཤད། །ནད་རྣམས་ཞི་བར་བྱེད་པ་དང། །དེ་བཞིན་ཚོར་བ་གསལ་གྱུར་པ། །འདི་དག་སྨན་བའི་ལས་ཡིན་གྱི། །ཚེ་ཡི་བདག་པོ ་སྨན་པ་མིན། །འཆི་ལྟས་ཀྱིས་ནི་ཟིལ་གནོན་པ། །འཆི་བར་འགྱུར་གྱིས་སྲོག་ཡོད་མིན། །འཆི་ལྟས་མེད་པར་གྱུར་ན་ནི། །དེ་ལ་འཆི་བ་ཡོད་མ་ཡིན། །གང་ཚེ་དུས་ལ་བབ་པ་ན། །དེ་ཚེ་འཆི་ལྟས་མང་དུ་འབྱུང། །དུས ་ནི་གོ་བཟློག་གྱུར་བ་དང། །རྒྱལ་པོའི་སྐྱེས་སྐར་མི་འཕྲོད་དང། །སྔོན་གྱི་ལས་ཀྱི་ཉེས་པ་འམ། །དེ་བཞིན་རྒྱལ་པོའི་སྡིག་སྤྱོད་ལས། །ལོག་པར་སྤྱོད་བར་གྱུར་པ་ལས། །ལྟས་ནི་མང་དུ་འབྱུང་བར་འགྱུར། །འཆི་ལྟས་ཀྱི་ནི ་མཆན་ཉིད་དང། །ནང་ནི་སྣ་ཚོགས་དེ་ལས་འབྱུང། །མི་ཟང་ཚུལ་ཅན་དུ་མིན། །སྲོག་ནི་འཇིགས་པར་བྱེད་བོར་འབྱུང། །དེ་ཚེ་གསོ་བ་བསྔགས་བཅས་པས། །དོན་ནི་ཅི་བཞིན་བྱེད་མི་ནུས། །སྨན་རྣམས་ཀྱིས་ཀྱང་ནད་ཀྱི་ཚོགས། །ལེགས་པར ་སེལ་བར་བྱེད་མི་ནུས། །དེ་ཚེ་ལྷ་ཚོགས་མཆོད་པ་དང། །སྡོམ་པ་གནས་དང་ཞི་བའི་ལས། །སྔགས་དང་སྦྱིན་སྲེག་གཏོར་མ་ཡིས། །ནང་ཀྱིས་ཚོགས་རྣམས་ཞི་བར་བྱ། །ཡམས་ཀྱི་ནང་ནི་ཞི་བྱའི་ཕྱིར། །སྔར་བཤད་པ་ཡི་ཞི ་བའི་ལས། །བྱས་པས་བསྲུང་ཞིང་འཚེ་བ་བསལ། །དེས་ནི་སྣ་ཚོགས་ནད་གཞི་འགྱུར། །སྨན་བས་གང་ཞིག་མཐོང་གྱུར་ན། །རྟ་ནི་ངེས་པར་བརླག་འགྱུར་བའི། །ཚེ་ཟད་པ་ཡི་རྟགས་དང་ནི། །མཚན་མ་ཡང་དག་བཤད་པར་བྱ། ། ་ནད་ནི་མི་ཟད་ཀྱིས་ཉེན་ཅིང། །སྲོག་དང་འབྲལ་བར་འགྱུར་བ་ན། །མཚན་མ་གང་ཞིག་སྣང་གྱུར་པ། །དེ་འདི་བ་ལས་ཤེས་བར་གྱིས། །གང་ཞིག་སྐེ་བསྡམས་ལུང་བ་ལུ། །ཁ་ཆུ་དང་ནི་མཆི་མ་མཛག་།དཀུ་ནི་སྟོད་པར་སྣང ་གྱུར་པ། །ནང་དེའི་མཚན་མ་ངན་པ་ཡིན། །གང་གི་ལུས་ཀུན་སྐྲངས་པ་དང། །རྨེན་བུ་མང་པོ་འབྱུང་བ་དང། །གས་ཤིང་འཛག་པར་བྱེད་པ་དང། །དེ་ལ་དྲིང་འབྱུང་འགྱུར་ཏེ། །བྱ་རྒོད་ཚང་གི་དྲི་འབྱུང་བ། །དེ་ནི་ཅི་ནས་འཚོ་མི་འགྱུར ་རྣམ་གཡབ་པར་མི་བྱེད་ཅིང། །སོ་ཡང་ཀྲིག་ཀྲིག་འཆབ་པར་བྱེད། །སེམས་རྨུགས་ཤིན་ཏུ་ཡིད་མི་བདེ། །མགོ་ཡང་སྤྲུག་པར་བྱེད་མི་ནུས། །མཚན་དང་ལྟོ་བ་སྐྲངས་གྱུར་པ། །རྟ་དེ་འཚོ་བར་མི་འགྱུར་རོ། །རྣ་བ་ཆག་ཅིང་ཟས་མི་ཟ? ་བཞིན་རིས་དྲན་ཅིང་རྡམ་འབྱིན། །འདར་དང་མགོ་འཁོར་གྱིས་ཉེན་བ། །སྐད་མི་འབྱིན་ཅིང་འདུག་མི་ཚུགས། །སེམས་ཁང་ཆུད་ཅིན་མཆིམས་དཀྲུགས། །ཚེ་ཟད་པར་ནི་ཤེས་པར་བྱ། །ཁ་ནས་ཆུ་སྔོན་འདྲ་བ་ཡི། ། ་ཁ་ཆུ་རྒྱུན་ཏུ་འཛག་པ་དང། །རྟ་སྤངས་རྒྱུན་མི་འཆད་པར་འཁྲུ། །གཅིན་ནི་ཁྲག་དང་འདྲ་བར་འཛག་།སྨན་པ་མཁས་བར་གྱུར་བ་ཡིས། །དེ་ནི་འཆི་དང་འདྲར་ཤེས་བྱ། །རྟ་གང་སྒྲ་ནི་མི་ཐོས་དང། ། ་གང་ཞིག་མི་འཕྲོད་ལ་བརྟེན་ལ། །ཁ་ཟས་དང་ནི་བྲལ་གྱུར་པ། །དེ་ཡང་འཆི་བ་འདྲར་ཤེས་བྱ། །ཤིན་ཏུ་འཁྲུ་ཞིང་ཟ་མི་བྱེད། །རྒྱབ་རེངས་ཡིད་མི་བདེ་དང་ལྡན། །གང་ཞིང་སྐུར་ནི་ལྟར་བྱེད་པ། །དེ་ཡང་སྲེག་ཟད་གྱུར་པ་ཡིན། །གང ་ཞིག་རྩཝ་ནི་མི་ཟ་བར། །རྒྱུན་ཏུ་སོ་ནི་འཆའ་བྱེད་ལ། །རྐང་བས་ས་ནི་བརྐོ་བྱེད་པ། །དེ་ཡང་འཆི་བར་འགྱུར་ཤེས་བྱ། །གང་གི་ཁ་དང་སྣ་ནས་ནི། །ཁྲག་ནི་རབ་ཏུ་འབྱུང་འགྱུར་ཞིང། །རྫི་མ་དམར་བོར་སྣང་གྱུར་ལ། །ཉེ་བར ་གྱུར་ཀྱང་མཐོང་མི་ནུས། །མིག་ནི་དམར་ཞིང་འཚུམ་པར་བྱེད། །གཅིན་ནི་ཁྲག་འདྲ་འབྱུང་འགྱུར་ལ། །སེམས་ཁོངས་ཚུད་པར་གྱུར་པ་དག་།དེ་འདྲ་འཚོ་བར་འགྱུར་མ་ཡིན། །གང་གི་མིག་ནི་སེར་གྱུར་ཅིག་།འཁྲུལ་པའི་མིག ་གིས་ལྟ་བ་འམ། །རྐང་པ་ལ་ནི་རྟོག་བྱེད་པ། །རྟ་དེའང་འཆི་བར་འགྱུར་བ་ཡིན། །གང་གི་མིག་ནི་དམར་གྱུར་ཅིང། །དཀར་པོའི་ཆ་ནི་མི་མངོན་ལ། །རབ་ཏུ་གཡོགས་པར་གྱུར་བ་གང། །དེ་ཡང་མྱུར་དུ་མ་རུངས་འགྱུར། །འགྲོ ་བའི་ཚེན་རྣམ་པར་འཁྱོར། །རྐང་པ་འཇུག་པར་མི་ནུས་ཤིང། །འཚེའུ་ཚེ་འཁུམས་བར་བྱེད་པ་དང། །གཉེའུ་རེངས་གྱུར་དེ་མི་འཚོ། །རྩིབས་ལོགས་དག་ནི་རེ་རེ་ཡིས། །ཡང་དང་ཡང་དུ་འགྲོ་བྱེད་ཅིང། །གསུས་ཆེ་མཆུ་འཕྱང ་ལྕེ་ནག་བས། །འགྲོ་བར་བྱེད་པས་དེ་མི་འཚོ། །འགྲོ་བཞིན་དུ་ནི་ལྕི་བ་དང། །དཀུ་ལ་ཡང་དང་ཡང་དུ་བལྟ། །ཁ་ནས་བཏང་བར་གྱུར་པ་རྣམས། །སྣ་ནས་འབྱུང་བར་བྱེད་པ་དང། །མིག་གིས་མཐོང་བར་མི་ནུས་ཤིང། །རྣམ་དུག ་ཀྱང་རེངས་གྱུར་བ། །དེ་ནི་འཆི་བ་དང་འདྲ་བས། །སྨན་གྱི་སྦྱོར་བར་མི་བྱའོ། །གང་ཞིག་རླུང་འཁྱིལ་དྲག་ཏུ་སྦོ། །ཡང་དང་ཡང་དུ་དྲག་ཏུ་འཁྲུ། །འཁྲུ་བ་རིང་དུ་འབྱིན་བྱེད་ཅིང། །འཁྲུས་ནས་སླར་ཡང་སྦོབ་དང། །གཅིན་དང་རྟུག་བཟང་གྱུར ་ཀྱང། །ཆཝ་ནི་ཟ་བར་མི་བྱེད་པ། །དེ་ཡང་འཆི་བ་དང་འདྲ་བས། །སྨན་གྱི་སྦྱོར་བར་མི་བྱའོ། །གང་གིས་རྡོག་མ་འཐོར་གྱུར་ཅིང། །སྐུར་ནི་ལྟ་བར་བྱེད་པ་དང། །ལྕེ་ཀན་ཁ་དང་མཆུ་གནག་ཅིང། །འགྲམ་པ་མཐས་པར་གྱུར་པ་དང། །པགས་བ ་སྤུ་དང་ལུས་དྲི་དང། །འཇིག་རྟེན་ཕ་རོལ་འགྲོར་ཤེས་བྱ། །ཁྲ་ཡི་ཚད་འདྲ་ཤ་རུལ་བ་འམ། །མདའ་སྒྲོ་སྲེགས་པ་ལ་ཏུ་ཡི། །དྲི་ནི་གང་ལ་ཡོད་གྱུར་པ། །དེ་ཡང་འཆི་བར་ཤེས་པར་བྱ། །གང་ལ་སྡོ་དང་གཡན་པ་སོགས། །པགས་ནད་བྱུང ་བར་གྱུར་པ་ན། །པགས་བ་ནག་པོ་ཉིད་འགྱུར་ཞིང། །སྤུ་ཡི་ཚོགས་ཀྱང་བྱི་ནས་ནི། །ཆུ་སེར་ཤས་ནི་ཆེ་བ་ཡི། །ཁྲག་ནི་འཛག་བར་བྱེད་གྱུར་པ། །དེ་མཐོང་ནས་ནི་ཟླ་གསུམ་ནས། །ལྷག་མི་འཚོ་བར་ཤེས་པར་བྱ། །ལུས ་ནི་རྟོག་ཏུ་རེངས་བ་དང། །ཁ་ནས་ཁ་ཆུའི་རྒྱུན་མཛག་ཅིང། །ཡང་དང་ཡང་དུ་སྒྲ་འབྱིན་པའི། །འཇིག་རྟེན་ཕ་རོལ་པར་ཤེས་བྱ། །རྟ་གང་ཁ་སྐམས་ལྕེ་དང་ནི། །རྐན་དང་མཆུ་ནི་ནག་པོར་འགྱུར། །མི་རོ་ལྟ་བུའི་དྲི་འབྱུང་བ། །དེ ་ཡང་?་དང་འདྲ་ཤེས་བྱ། །གང་གི་འབྲུས་ལྐོག་མར་དང་ནི། །རབ་སྐྲངས་མགོ་བོའི་ནད་ཀྱིས་བཏག་།ཁ་ཆུ་མདོག་ནི་དུ་མ་འཛག། །དེ་ཡང་འཚ་བ་དང་འདྲར་བཤད། །གང་ཞིག་ལུང་དུ?་མི་བཟོད་ལུ། །གང་དུ་གནས་པར་རྣམ་པར་འདྲེས། །དབུགས་མི ་བདེ་ཞིང?་འཛག་པ། །དེ་འདྲ་བ་ཡང་འཚོ?་མི་འགྱུར། །ཟད་བྱེད་ནད་ཀྱིS་བཏབ་གྱུར་ཀྱང། །ཡིད་བདེ་ལྟ་བུར་བྱེད་གྱུར་པ། །གང་ལ་མཚན་ཉིད་འདི་ཡོད་པ། །དེ་ཡང་འཆི་བར་ཤེས་པར་བྱ། །མདོག་དང་སྟོབས་དང་སྐད་གསང་ཉམས། ། ་མིག་དང་སྣ་དང་ལུས་སྐྲང་ཞིང། །རྣ་བ་མཇུག་མ་བསྐྱོང་མི་ཤེས། །དེ་ཡང་འཆི་བ་ཤེས་པར་བྱ། །གང་ཞིག་མགོ་དང་དེ་བཞིན་དུ། །རོ་སྟོད་བསྐྱོད་པར་གྱུར་པ་དང། །ལུད་པ་ལུ་ཚི་ཁ་ནས་ནི། །ཁྲག་ནི་འགྱུར་བར་བྱེད་པ་དང། །ལུས་སྐྲངས་གཅིན ་ནི་དམར་བ་འབྱུང། །དེ་ཡང་རོ་དང་འདྲ་བ་ཡིན། །རྟ་གང་གཅིན་མང་སྣ་ཚོགས་པའི། །མདོག་ཅན་མང་དུ་འབྱུང་འགྱུར་ལ། །རྩཝ་ནི་ཅི་ཡང་མི་ཟ་བ། །དེ་ཡང་རོ་དང་འདྲ་བ་ཡིན། །སྙིང་ག་སྐྲངས་པ་དང་བཅས་པས། །ཤིན་ཏུ་མི་བཟང་ལུད་པ་ལུ།། སྨན་པ་མཁས་བས ་མཐོང་གྱུར་ན། །འདི་ནི་མི་འཚོ་ཞེས་བསྟན་བྱ། །རྟ་གང་སྐེ་ནི་ཡང་ཡང་སྐྱོད། །འདར་ཞིང་མིག་ནི་དམར་བ་དང། །ལུས་ལྕི་ཡན་ལག་རེངས་གྱུར་པ། །དེ་ཡང་འཆི་བར་འགྱུར་ཞེས་བྱ། །གང་གི་བུ་གའི་སྒོ་སྐྱ་ཞིང། །མཆུ་ལྟག་སྐྲངས་པར་གྱུར་པ་དང། །མིག་ནི་ཐུར ་དུ་འགེབས་ཤིང་འགྲོ། སྦུ་ནི་ཤིན་ཏུ་གཤོར་གྱུར་པ། །ཡིད་མི་བདེ་བས་རིངས་དུ་འདུག་།ཕྲག་སོའི་སྟེང་ནི་སྐམ་པོར་སྣང། །གཉེའུ་རེངས་ཀྱིས་ཀྱང་བཏབ་གྱུར་པ། །རྟ་དེའང་འཚེ་བར་འགྱུར་མ་ཡིན། །རྩོལ་བ་ཆུང་ཞིང་ཆུ་ཉུང་འཐུང། །ཟས་ཀྱང་ཟ་བར་མི་བྱེད ་ཀྱང། །རྟ་སྤངས་གཅིན་ནི་མང་གྱུར་པ། །དེ་ཡང་རོ་དང་འདྲ་ཤེས་བྱ། །གང་ཞིག་ཚུལ་ནི་འདི་འདྲ་བའི། །འཆི་ལྟས་སྣང་བར་གྱུར་པ་ན། །དེ་ཡང་ལེགས་པར་སྣང་གྱུར་ན། །གཞན་དུ་འགྱུར་བདེ་མ་ཡིན། །ནད་པ་གང་དག་ལུས་འཇམ་ཞིང། །མདོག་དང་སྤྱོད་པ་མང་འགྱུར་ལ། །མིག་དང་སྤྱོད་པ་སྐྱོན་མེད་ན། །ཐམས་ཅད་དུ་ཡང་སྤྱོད་པ་ཡང། །རོ་དྲང་དུས་ནི་ཅི་བཞིན་ཤེས། །གཅིན་རྟུག་གནོད་པ་མེད་པར་འབྱུང། །ས་ལ་འགྲེ་བར་གྱུར་ནས་ནི། །སླར་ཡང་ཆུར་འཇུག་པར་མི་བྱེད། །སྨན་གྱི་སྦྱོར་བ་བྱས ་པ་ན། །ཕན་དང་གནོད་པའི་ཁྱད་པར་སྣང། །ད་ནི་གསོ་བའི་ལས་རྣམས་ལ། །གྲུབ་པའི་འབྲས་བུ་ཡོད་པ་ཡིན། །དེ་ལྟར་གསོར་རུང་གསོར་མི་རུང། །ཤེས་ནས་གསོ་བའི་ལས་རྣམས་བརྩམ། །དེ་ལྟར་ཤེས་ནས་གང་སྤྱོད་པ། །སྨན་པ་དེས་ནི་ལས་གྲུབ ་འགྱུར། །གསོ་བའི་བྱ་བ་བྱས་ཀྱང་ནི། །འཚོ་བར་མི་འགྱུར་འཆི་འདོད་པ།། །དེ་ལ་སྨན་གྱི་སྦྱོར་བ་ནི། །ཡོན་ཏན་སྐྱེད་པར་འགྱུར་མ་ཡིན། །འཆི་ལྟས་ཀྱི་ནི་མཚན་ཉིད་འདི། །ཡོན་ཏན་མེད་ལ་སྦིན་མི་བྱ། །བུ་དང་སློབ་མ་ཡོན་ཏན་གྱི། །སྣོད་ལྡན་རྣམས་ལ་སྦྱིན་བར ་བྱ། །འཆི་ལྟས་བྱུང་བ་གསང་བ་ནི། །ནམ་ཡང་སུ་ལའང་བརྗོད་མི་བྱ། །ཤ་ལི་ཧོ་ཏྲའི་གསང་བའི་གནས་དེ་བརྒྱད་པ་ལས་ནད་ཀྱི་འཆི་ལྟས་བསྟན་བའི་ལེའུའོ།། །།ཤ་ལི་ཧོ་ཏྲ་དྲང་སྲོང་ཆེ། །རྟ་ཡི་ཁང་པ་ལ་དགའ་བ། །ཐོས་ལྡན་བུ་ནི ་ལེགས་ཐོས་ཀྱི། །ཚིག་ནི་འདི་སྐད་སྨྲས་པར་གྱུར། །ནད་དང་ལྡན་པའི་འཆི་ལྟས་རྣམས། །འདི་དག་ལེགས་པར་ཐོས་ལགས་ན། །ནད་མེད་རྣམས་ཀྱི་འཆི་ལྟས་ཀྱང། །གོ་རིམ་བཞིན་དུ་བསྟན་པར་མཛོད། །དེ་སྐད་དྲིས་ཚེ་ལེགས་ལྡན་ནི། །ཤ་ལི་ཧོ་ཏྲས་སླར ་སྨྲས་པ། །ནད་མེད་རྣམས་ཀྱི་འཆི་ལྟས་ཀྱང། །ལེགས་ཐོས་དེས་པར་མཉན་པར་གྱིས། །རྟ་གད་ནད་ནི་མེད་བཞིན་དུ། །ལུས་ཀྱི་ཉམས་ནི་འགྲིབས་པ་དང། །ཡིད་མི་བདེ་ཞིང་སེམས་ཁོངས་ཆུད། །ཕྱིན་ཅི་ལོག་ཏུ་སྣང་གྱུར་ལ། །འཚེར་ཡང་ལོག་པར་འཆེར ་བྱེད་ཅིང། །ལོག་པ་ཁོ་ནར་མཐོང་པར་བྱེད། །དབུགས་ཀྱང་དེ་འདྲ་སྣང་གྱུར་ཅིང། །ལུས་ནི་དེ་ལྟར་མི་སྡུག་འགྱུར། །དེ་མཐོང་ན་ནི་སྐྲན་པ་ཡི། །འཆི་བར་ངེས་པར་ཤེས་པར་བྱ། །མང་དུ་ཟ་ཡང་ཉོན་མོངས་བྱེད། །ཁ་ཆུ་མང་དུ་འཛག་བྱེད་ལ། །གཅིན ་དང་ཏུག་པ་ཉུང་གྱུར་པ། །དེ་ཡང་མྱུར་དུ་བརླག་པར་འགྱུར། །ཉི་མའམ་ཡང་ན་མར་མེ་འམ། །ཟླ་བ་འམ་ནི་ཆུ་ནང་དུ། །གང་གི་གྲིབ་མ་མི་མངོན་པའམ། །ཡང་ན་མུན་པའི་ནད་དུ་ནི། །ཤིན་ཏུ་རིངས་དམ་ཐུང་བར་སྣང། །དེ་ཡང་མྱུར་དུ་འཇིག ་པར་འགྱུར། །གང་ཞིག་འགྲོ་བར་བྱེད་པ་ན། །གྲིབ་མ་རྒྱབ་ཏུ་ཕྱོགས་གྱུར་པའི། །ཡང་ན་ཉིས་འགྱུར་སྣང་གྱུར་པ། །རྟ་དེའང་འཆི་བར་འགྱུར་བ་ཡིན། །ཕག་གམ་དེ་བཞིན་རྔ་མོ་འམ། །ཁྱི་དང་འདྲ་བ་སྣང་འགྱུར་ཞིག། །མི་སྡུག་རྔ་དང་མི ་འདྲ་བའི། །གྲིབ་མ་གདལ་སྣང་འགྱུར་བ། །དེ་ཡང་ཡུན་རིང་ནད་ཀྱིས་ནི། །འཆི་བར་འགྱུར་བ་ཁོ་ན་ཡིན། །ཤིན་ཏུ་དངས་པའི་ཚུལ་ཡང། །གཟུགས་རྙན་སྣང་བར་མི་འགྱུར་བའི། །སྐྱོན་དང་བཅས་པར་སྣང ་གྱུར་པ། །དེ་ཡང་མྱུར་དུ་འཆི་བར་འགྱུར། །གང་གི་གམོ་ནི་སྟོང་སྨད་དག་།མི་འདྲ་བར་ནི་སྣང་གྱུར་ལ། །རྩཝ་ཉུང་ཟ་ཞིང་ཆུ་ལ་དགའ་། །དེ་ཡང་མྱུར་དུ་སྲོག་འཇིག་འགྱུར། །གང་གི་མིག་ནི་མཆིམས་ཁེངས། །དེ་བཞིན་དབང་པོ་ཕོག་པར་འགྱུར། ་གང་གིས་ལུས་ནི་ཤིན་ཏུ་ཞུམ། །སྐོམ་གྱིས་གདུངས་བ་ལྟ་བུར་སྣང། །སྦྲང་བུ་རྣམས་ནི་འདུས་ནས་ཀྱང། །རྒྱུན་ཏུ་ཚོར་བ་མི་བཟང་སྐྱེད། །དེ་ལྟ་བུ་ཡི་རྟ་དེ་ནི། །སྲོག་ཟད་པར་ནི་ཤེས་པར་བྱ། །གང་ཞིག་རྣ་བསམ་ཐོས་ཤིང། །དབང་པོ་ཉམས་པར ་སྣང་གྱུར་ལ། །རྩཝ་ཡང་ཉུང་དུ་ཟ་བྱེད་པ། །དེ་ཡང་མྱུར་དུ་འཚེ་བར་འགྱུར། །གང་གི་རྣ་བ་རེངས་ས་ནས་ནི། །ཤིན་ཏུ་འགྲེང་བར་སྣང་པ་དང། །ཡང་དང་ཡང་དུ་འདུག་བྱེད་ཅིང། །དྲན་པ་ཡང་ཡང་དང་ཡང་དུ་སྟོར། །མིག་ཀྱང་ལིང་ཐོག་དག་གིས་ནི ་ཁེབས་པ་ལྟ་བུར་སྣང་གྱུར་པ། །ཤིན་ཏུ་ལྟོང་པར་སྣང་བ་དང། །རྣམ་པར་སྐྱོད་པར་མི་ཤེས་ལ། །རྙོགས་ཅན་ཚད་ནི་ཆེན་པོར་སྣང། །དེ་ཡང་མྱུར་དུ་མ་རུངས་འགྱུར། །གང་ཞིག་ཤིན་ཏུ་སྐྲག་པ་ལྟར། །རྒྱུ་སྡུད་འགུག་པར་སྣང་བ་དང། ། ་ལྕེ་ཡང་སྲང་ཞིང་རེངས་གྱུར་པ། །དེ་ཡང་མྱུར་དུ་འཆི་པར་འགྱུར། །སྤངས་བར་གྱུར་པ་མ་ཡིན་ཡང། །ཤིན་ཏུ་སྒྲངས་པ་ལྟར་སཅང?་ལ། །རྟ་ནི་གང་ལ་སྣང་བར་འགྱུར། །དེ་ནི་ཡུན་རིངས་འཚོ་མི་འགྱུར། །གང་ཞིག་པདྨ་དཀར་འདྲ་བའི། །མིག ་ནི་རྣམ་པར་ཁྱབ་ལྟར་སྣང། །རབ་རིབ་ཡོད་ཀྱང་མཐོང་གྱུར་པ། །དེ་ཡང་མྱུར་དུ་འཆི་པར་འགྱུར། །མོང་ལ་སྟོབས་དང་ལྡན་གྱུར་ཞིང། །སྦྱོད་པ་ལ་ཡང་ཐགས་ཐོགས་མེད། །དེ་ནས་མྱུར་དུ་ལུས་ཞུམ་པ། །དེ་ཡང་མྱུར་དུ་འཆི་བར་འགྱུར།། ་གང་ཞིག་ཁྲུས་ནི་བྱས་མོང་ལ། །དད་པ་སྙིང་ག་སྐམས་གྱུར་ཞིང། །ལུས་ཀུན་རློན་པར་གནས་གྱུར་པ། །དེ་ནི་ཟླ་ཕྱེད་ལས་མི་འཚོ། །གསོས་ཀྱང་ལྟས་པར་ནི་བྱེད་ཀྱི། །འགྲིབ་པ་ཚབས་ཆེར་སྣང་གྱུར་ལ། །སྟོབས་དང་མདོག་ནི་མེད་གྱུར་བ། །དེ་ཡང་ཡུན་རིངས་འཚོ ་མ་ཡིན། །བྱིན་འཕུར་བར་གྱུར་བ་ན། །ཡུན་རིངས་བལྟ་ཞིང་འབྲེད་འདོད་ལ། །དྲན་པ་ཉམས་ཀྱང་དགའ་དགའ་ལྟར། །ཡང་དད་ཡང་དུ་འཚེ་བར་བྱེད། །རྟ་དེ་ཚ་ནི་ཐུག་ཟིན་བས། །རིང་པོར་ཐུབ་པར་འགྱུར་མ་ཡིན། །བུ་གའི་ཚོགས་རྣམས་སྐམས་གྱུར་ཞིང། །བློ ་ཡང་ཤིན་ཏུ་འགྲིབས་པར་འགྱུར། །ལུས་ཀྱི་ཁྲག་ཀྱང་འགྲིབས་གྱུར་ཅིང། །སྤྱི་བག་ཡོད་ཀྱང་འབྱར་མི་བཏུབ། །ལུས་ལས་དྲི་ནི་མ་ཞིམ་འབྱུང། །སྐད་གསང་མདོག་ཀྱང་ཉམས་གྱུར་བ། །ལུས་ཀྱི་ཀྱང་ནི་ཚ་གྲང་དང། །འཇམ་རྩུབ་ཚོར་བར་མ་གྱུར་བའམ།། ་ཕྱིན་ཅི་ལོག་དུ་བྱེད་གྱུར་པ། །རྟ་དེའང་འཆི་བར་འགྱུར་བ་ཡིན། །ཟས་དང་སྤྱོད་ཚུལ་ཐམས་ཅད་ལ། །ཐམས་ཅད་དུ་ནི་འགྱུར་བ་སྟོན། །བློ་དང་ལྡན་པས་དེ་ལྟ་བུ། །སེམས་ཉམས་པར་ནི་ཤེས་པར་བྱ། །མཚན་མར་སྣང་བ་འདི་དག་གིས། །ཉམས་པར་འགྱུར ་བར་ཤེས་པར་བྱ། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས། །ནད་མེད་པའི་འཆི་ལྟས་བསྟན་པའི་ལེའུའོ།། །།ཤ་ལི་ཧོ་ཏྲ་དྲང་སྲོང་མཆོག་།བསྟན་བཅོས་ཀུན་ལ་འཇིགས་མེད་པ། །ཐོས་ལྡན་བུ་ནི་ལེགས་ཐོས་ཀྱིས། །དུལ ་དང་ལྡན་པས་དྲེས་གྱུར་པ། །ཕོ་ཉ་འོངས་དང་ལི་དང་ནི། །ཁྱིམ་དུ་འཇུག་ཚེ་ཤེས་བྱ་དང། །ནང་ལ་མཐོང་བར་གྱུར་པ་དང། །ལས་ནི་རྩོམ་པར་གྱུར་པ་ན། །ཤིས་དང་མི་ཤིས་མཚན་ནིད་དག་།འདི་ནི་ལེགས་ལྡན་བསྟན་པའི་རིགས། །བུ་ཡིས་དེ་སྐད ་བྲིས་པ་དང། །ཤ་ལ་ཧོ་ཏྲས་སླར་སྨྲས་པ། །འདི་ནི་རྟའི་ཕོ་ཉ་ཡིས། །མཚན་ཉིད་ང་ཡིས་བཤད་པར་བྱ། །ནད་པ་འམ་ཞུམ་པའམ་རྟགས་ཅན་ནམ། །ཡང་ན་གོས་ནི་དྲི་མ་ཅན། །སྡང་དང་གདུག་པའི་ལས་ཅན་དག་།ཕོ་ཉར་འོངས་པ་མཐོང་གྱུར ་ན། །སྨན་པ་མཆོག་གིས་ན་བ་ཡིས། །རྟ་དེ་འཆི་བར་ཤེས་པར་བྱ། །ནད་པའི་དོན་དུ་ཕོ་ཉ་ནི། །རྟ་དང་རྔ་མོ་མི་ལ་ནི། །ཞོན་ཏེ་འོངས་པར་མཐོང་གྱུར་ན། །རྟ་དེ་འཆི་བར་ཤེས་པར་བྱ། །ཕོ་ཉར་བུད་མེད་འོངས་པ་འམ། ། ་མགོར་རེགས་སྐྲ་འཆིང་རལ་བ་ཅན། །གོས་ནི་རྡུལ་ཅན་གྱོན་པའམ། །ཡང་ན་ནག་གམ་རྙོག་ཅན་གྱོན། །མཐོང་ན་སྨན་པས་རྟ་གསོའི་ཕྱིར། །དེར་ནི་འགྲོ་བར་མི་བྱའོ། །གང་ཞིག་གོང་དམར་རློགས་པ་ཡིས། །ལུས་ནི་ཀུན་ནས་དཀྲིས་གྱུར་ཅིང།། ་སྨན་པས་དྲིས་པར་གྱུར་པ་ན། །མེད་ཅེས་བྱ་བའི་ཚིག་སྨྲ་དང། །སོ་འདར་བ་དང་དེ་བཞིན་དུ། །སེན་མོ་ཕན་ཚུན་འདར་བྱེད་ལ། །སྐྲ་དང་ཁ་སྤུ་རྒྱུན་མེད་པར། །ཤིན་ཏུ་སྤུག་ཅིང་ཉེད་བྱེད་པའི། །ཕོ་ཉ་འོངས་པར་མཐོང་གྱུར་ན། །སྨན་པ་དེར་མི་འགྲོ་མི ་བྱ། རྩཝ་དང་ཤིང་དང་རྡོ་བ་དག་།གཅོད་དམ་བཅོག་བར་བྱེད་པའམ། །ཡང་ན་བཅོག་ཅིང་ཉེད་བ་འམ། །སྐྲ་དང་ཐལ་བ་འཐོར་བྱེད་བ། །དེ་ལྟ་བུ་ཡི་ཚུལ་སྟོན་པ། །ཡོངས་སུ་སྤང་བར་བྱ་བ་ཡིན། །ཐལ་བ་ཕྱག་དར་སེལ་ཕུབ་དང། །གྱོ་མོ་འདིར་བར ་བྱེད་བཞིན་དུ། །ཕོ་ཉ་འོངས་པར་གྱུར་ན་ནི། །དེ་ནི་དོན་ནི་འགྲུབ་མི་འགྱུར། །སྐྱེས་བུ་ལག་ན་འཁར་ཐོགས་ན། །ཁྲོས་པའམ་ཤིན་ཏུ་ཞུས་པའམ། །ཡང་ན་མིག་ནི་མཆི་མས་ཁེངས། །གོས་དང་འཕྲེང་བ་དམར་པོ་ཐོགས། །གང་གི་ཕོ་ཉ་འདི ་འདྲ་བ།། །རྟ་ནི་དེ་རུ་འཚོ་མི་འགྱུར། །སྣ་བཅས་ཡནལག་ཉམས་པ་དང། །ཡང་ན་ཅུང་ཟད་ཚིགས་གྱུར་བ། །ཁ་ནས་མི་ཤིས་ཚིག་སྨྲ་བའམ། །ཡང་ན་ཡིད་ལ་མི་དགེ་སེམས། །སྨན་པ་ཉམས་ཚེ་ཡོངས་གྱུར་ན། །དེ་ཡང་གནེས་པར་བརླག ་པར་འགྱུར། །ཤི་འོ་ཚིག་གོ་ཉམས་སོ་ཞེས། །གཏམ་ནི་སྒྲོག་པར་བྱེད་པ་འམ། །མི་ཤེས་པ་ནི་གཞན་སྨྲ་བ། །ཕོ་ཉ་ངེས་ཀྱང་འཆི་འདོད་སྟོན། །ཕོ་ཉ་གང་གི་མདུན་ན་ནི། །མཚུན་གཏོར་བྱེད་པའི་རྫས་ཐོགས་པའམ། །ཤིང་རྟ་ཆགས ་གྱུར་མཐོང་ན་ནི། །དེ་ཡང་སྤང་བར་བྱ་བ་ཡིན། །གང་གི་མདུན་ན་ཆུ་ཡིན་ནོ། །བུམ་པ་ཆག་པ་མཐོང་གྱུར་པ། །ནད་པ་དེ་ནི་འཆི་འདོད་ཅིང། །འཇིག་རྟེན་གཞན་དུ་འགྲོ་ཤེས་བྱ། །སོགས་ཕུབ་མཉའི་རུས་པ། །སྐྲ་དང་ཤ་དང་སེན་མོ་སོ། །ཤིབ་མ་གཏུན་དང ་མཆིལ་ལྷམ་དང། །ཐལ་བ་དང་ནི་ཕྱག་དར་དང། །རྩཝ་དང་ཤིང་དང་སོལ་བ་དང། །བོང་བ་ལ་ཡང་རེག་བྱེད་དང། །ཤི་དང་སྔོན་པོའི་གོས་གྱོན་པ་འམ། །མི་རོའི་རྒྱན་གྱིས་བརྒྱན་པའམ། །བཅོམ་དང་ཉམས་དང་བརླག་བ་དང། །ཚིགས་དང་ཆགས་དང་དེ་བཞིན ་ཤིང། །དེ་ལ་སོགས་པ་གཞན་དག་ཀྱང། །མཐོང་དམ་ཐོས་སམ་རེག་གྱུར་པ། །ཕོ་ཉ་འོངས་པའི་ཐོག་མར་ནི། །སྣང་བར་གྱུར་ན་དེ་མི་འཚོ། །ཕོ་ཉ་འོངས་པར་གྱུར་པ་ན། །རྟ་ཡི་ཚུལ་ནི་དྲིས་པའི་ཚེ། །ནན་གྱིས་མི་ཤེས་སྨྲར་བཅུག་པ། །དེ་འདིར་བརྟག ་པར་བྱ་མ་ཡིན། །པོ་ཉ་འོངས་པར་གྱུར་པའི་ཚེ། །རོ་ནི་ཡིད་དུ་མི་འོངས་པ་འམ། །ཡང་ན་བཤང་བ་འམ་གཅི་བ་ཡི། །དྲི་མ་བློ་བུར་བྱུང་གྱུར་པའམ། །དྲི་བའི་ཚེ་ན་བྱུང་གྱུར་ན། །སྨན་བས་དེ་ནི་སྤང་བར་བྱ། །གསོ་བའི་གནས་སུ་སོང་བ་དང། །ནད་པ་མཐོང ་བར་གྱུར་པ་དང། །ལས་ནི་རྩོམ་པར་བྱེད་པ་དང། །མཚན་མ་མཐོང་བར་བཤད་པར་བྱ། །སྨོད་མོ་འདེབས་པ་འམ་བརྡེག་པ་འམ། །བཟློག་པའམ་ནི་སྨོད་པའམ། །གོས་དང་གཙུག་ཏོར་སྟོད་གཡོགས་དང། །ཕྱུགས་དང་བྱ་ཡི་ཚོགས་རྣམས་དང།། ་ཤིང་རྟ་དང་ནི་གླང་པོ་ཆེ། །དེ་འདྲ་འཇིགས་པར་འགྱུར་པ་དང། །གདུགས་དང་རྒྱལ་མཚན་བ་དན་དག། བསྒྲེང་བ་འགྱེལ་བར་མཐོང་བ་དང། །སྣོད་ནི་གང་བར་གྱུར་བ་དག་།མངོན་སུམ་དུ་ནི་ཆགས་གྱུར་པ། །བཅོམ་དང་ཡིད་དུ་མི་འོད་དང། །མཆིལ ་མ་ཐལ་བ་འཐོར་བ་དང། །ལམ་ནི་འགེགས་པར་ཐོང་གྱུར་ན། །ནད་པ་ཡིན་ནི་སྲོག་ཟད་འགྱུར། །འཇུག་ཚེ་བུམ་པ་གང་དང་མེ། །རྒུན་འབྲུའི་འབྲས་བུ་མར་དང་ནི། །ཁྱུ་མཆོག་བྲམ་ཟེ་རིན་པོ་ཆེ། །ལྷ་ནི་ཕྱིར་འབྱུང་མཐོང་གྱུར་ན། །སྨན་པས ་དེར་ནི་ན་བ་ཡི། །རྟ་དེ་འཚོར་མི་འགྱུར་ཤེས་བྱ། །ཐལ་བས་གང་བའི་སྣོད་དང་ནི། །ཀུན་ནས་ཆག་བར་གྱུར་པ་དང། །ཉམ་ཆུང་བ་འམ་ཆག་གྱུར་པ། །ཐལ་བ་ཕུབ་མ་སོལ་བ་དག། ཁྱིམ་གང་དུ་ནི་འཇུག་མཐོང་ན། །དེར་ནི་རྟ ་དེ་འཚོ་མི་འགྱུར། །ཟས་དང་སྐོམ་དང་སྨན་རྣམས་ནི། །དེ་བཞིན་ལོངས་སྤྱོད་གཞན་དག་ནི། །རལ་བྱེད་པ་ལྟར་བྱེད་ན། །རྟ་དེ་འཚོ་བར་འགྱུར་བ་ཡིན། །ནད་པའི་གནན་གནས་པ་དག་།ཕན་ཚུན་སྤྱོད་པར་བྱེད་པ་ན། །ཤིན་ཏུ་རྨོངས་པ་ལྟར་འཇུག ་ན། །དེ་ཡི་སྲོག་ཀྱང་རྙེད་པར་དཀའ་། །དུད་པ་སོལ་བ་འཐོར་བྱེད་དང། །དེ་བཞིན་ཁྲི་ནི་བཅོག་པ་དང། །སྤེང་པ་འམ་ཡང་ན་མི་སྙན་སྨྲ། །ཡང་ན་སྣོད་ནི་བཅོག་པ་འམ། །གསོ་བ་ལས་ནི་ཟློག་བྱེད་པ། །གལ་ཏེ་སྨན་པས་མཐོང་གྱུར་ན། །དེར ་ཡང་ནད་བ་དེ་ཡི་ནི། །སྲོག་ཟད་གྱུར་བར་ཤེས་པར་བྱ། །ཐལ་བས་བསྐུས་བ་འམ་ཆིག་པ་འམ། །འདམ་གྱིས་བསྐུས་པར་གྱུར་པ་འམ། །སྨོན་པ་འམ་རྫ་མཁན་མཐོང་གྱུར་ན། །དེ་ནི་འཆི་བར་སྟོན་པ་ཨིན། །སྐྱེས་བུ་གདོལ་པ་མཐོང་བ ་དར། །ཡང་ན་ཏིལ་མར་གྱིས་བསྐུ་མཐོང། །ཤིན་ཏུ་ཉམས་པར་མཐོང་གྱུར་ན། །དེ་ཡང་མ་རུངས་གྱུར་ཤེས་བྱ། །བློ་བུར་ནས་ནི་དྲིང་བ། །བྱུང་ན་དེ་ནི་འཆི་གར་འགྱུར། །སྨན་པ་ཡི་ནི་མངོན་སུམ་དུ། །བྲམ་ཟེའི་ཁྱིམ་ནས་ཆུ་ཡི་ནི། །མར ་སྣོད་ཐོགས་ཏེ་སོང་གྱུར་ན། །དེ་ཡང་འཚོ་བར་འགྱུར་མ་ཡིན། །གང་ཞིག་ཨ་རྩོམ་དེ་བཞིན་དུ། །མཇུག་མ་ཉེད་ཅིང་ཕྱི་བྱེད་ན། །དེ་འདྲའི་མཚན་མ་མཐོང་ན་ཡང། །སྲོག་ཟད་པར་ནི་ཤེས་པར་བྱ། །སྨན་གྱིས་རྣམ་པ་ཐམས་ཅད་དུ། །ནད ་ནི་བསལ་བར་མ་ནུས་པ། །གང་ཡིན་དེ་ནི་མྱུར་བ་རུ། །འཆི་བར་འགྱུར་བར་ཤེས་པར་བྱ། །དེ་ལྟར་མི་ཤེས་གྱུར་པ་ཡིས། །མཚན་ཉིད་རྒྱས་པར་བསྟན་པ་ཡིན། །དེ་ན་གཞན་ཡང་ཤིས་པ་དག་།བཤད་ཀྱིས་ང་ལས་མཉན་པར་གྱིས། ་གཅང་ཞིང་ཀུན་སྤྱོད་པ་ཟད་དང་ལྡན། །ས་ཕྱོགས་ཡིད་འོངས་ཉམས་དགའ་བར། །ཕོ་ཉ་འོངས་གྱུར་མཐོང་ན་ནི། །ལས་གྲུབ་བར་ནི་ཤེས་པར་བྱ། །བཅུ་བཞི་ཚེས་དགུ་མ་ཡིན་དང། །དེ་བཞིན་བཅུ་བཞི་མ་ཡིན་ཞིང། །མཚན་ཕྱེད་དང་ནི་ཉི་མ་གུང། །དུས་སུམ་ཡིན་ན་བ་མིན ་ཤིས་ཤིང་སྣོད་པ་མེད་པ་ཡིན། །ཡུལ་དད་དུས་སུ་ཅི་བཞིན་འོངས། །སྨན་པས་དེར་ནི་འོངས་པ་ལས། །ལས་གྲུབ་པར་ནི་ཤེས་པར་བྱ། །ལམ་དུ་འགྲོ་བར་གྱུར་བ་ན། །ཤིས་པའི་མཚན་མ་བཤད་པར་བྱ། །ཞོ་དང་འབྲས་བུ་མ་གནང་དང། །སྐྱེས་བུ་དྲེགས་དང ་བར་ལྡན་པ་དང། ཁྱུ་མཆོག་དང་ནི་བུམ་པ་གང། །མཐོང་ན་འགྲུབ་པར་སྟོན་པ་ཡིན། །རྒྱལ་པོ་དང་ནི་དེད་དཔོན་དང། །དེ་བཞིན་གདུགས་དཀར་མཐོང་བ་དང། །བྲམ་ཟེ་ལག་པ་ཁེངས་པ་དག། མཐོང་ན་ལས་རྣམས་འགྲུབ་པར་འགྱུར། །ན་ཆུང་དགའ་ ་སྟོན་བྱེད་པ་དང། །དེ་བཞིན་རིན་ཆེན་མཐོང་བ་དང། །ཕྱུགས་ཅིག་བཏགས་པར་གྱུར་པ་དང། །དེ་བཞིན་མེ་ནི་འབར་པ་དང། །དྲི་དང་ཕྲེང་བ་ཤིས་པ་དང། །བུད་མེད་བཟང་དང་རྒོད་མ་དང། །ས་ནི་འདེགས་པར་བྱེད་པ་དག་།མཐོང་ན་ལས་ནི་འགྲུབ ་བར་འགྱུར། །བུད་མེད་རིན་ཆེན་རྣམས་ཀྱིས་ནི། །རྒྱན་གྱིས་བརྒྱན་ཅིང་བཀྲ་ཤིས་སྨྲ། །འབྲས་བུས་གང་པའི་སྣོད་དང་ནི། །ཆང་དང་སྦྲང་རྩིས་གང་བ་དང། །དྲི་དང་སྒྲ་ནི་ཡིད་འོངས་དང། །གོས་དཀར་རོ་ནི་མངར་བ་དང། །མཐོང་དམ་ཐོས་ན་བློ་ལྡན་པས།། ་དོན་གྲུབ་པར་ནི་ཤེས་པར་བྱ། །ཕྲེང་བས་རབ་ཡིད་འོང་བ། །དེ་བཞིན་ཟས་སྐོམ་བཟང་པོ་དང། །ཤིང་རྟ་མི་དང་བཅས་པ་དག་།མཐོང་ན་དགེ་བར་བཤད་པ་ཡིན། །རྒྱལ་མཚན་སྒེང་བར་གྱུར་བ་དང། །བ་དན་གྱིས་རྒྱན་མཐོང་བ་འམ། །གླང་པོ་ར་རོ་མཐོང ་བྱུར་ན། །བློ་ལྡན་གྲུབ་པར་ཤེས་པར་བྱ། །ལྷ་དང་དེ་བཞིན་བྲམ་ཟེ་དང། །སྐྱེས་པ་བུད་མེད་ཆོས་དང་ལྡན། །པདྨ་འདབ་བརྒྱད་དང་བ་དང། །ས་ར་ལ་དང་རྨ་བྱ་དང། །ཡུངས་ཀར་དང་ནི་ས་ལའི་ཤིང། །དེ་བཞིན་གྷི་ཧཾ་ཉིད་དག་ནི། །ལི་དུ་མཐོང་ན་སྨན་པ ་ཡིས། །དོན་གྲུབ་པར་ནི་ཤེས་པར་བྱ། །གང་ན་ཁྱུ་མཆོག་བཟང་པོ་ནི། །ལམ་ཁ་ན་ནི་སྣང་གྱུར་ན། །དེ་ནི་རྙེད་པ་དང་བཅས་པར། །བྱ་བ་ཐམས་ཅད་འགྲུབ་པར་འགྱུར། །ཤིང་རྟ་ས་ཡིས་གང་པ་ནི། །བ་བཞི་ཡིས་ནི་དྲངས་གྱུར་པ་འམ། ཡང་ན ་འབྲུ་ཡིས་གང་གྱུར་བ། །མཐོང་ན་དོན་ནི་འགྲུབ་པར་འགྱུར། །ཤིན་ཏུ་བདེ་ལེགས་སྒྲ་དང་ནི། །མི་ནི་ལག་ན་པདྨ་ཐོགས། །གང་ཞིག་བྲམ་ཟེ་དགེ་སྦྱོང་མཆོད། །བརྒྱན་ཅིང་ཡིད་ལ་རེ་བ་རྫོགས། །དེ་ལས་གང་ཡང་རུང་བ་ནི། །མཐོང་ན་དོན་ནི་འགྲུབ་པར་འགྱུར། །ཁྱིམ ་དུ་འཇུག་ཚེ་བུམ་པ་གང། །མཚན་མ་སྣ་ཚོགས་ཀྱིས་བརྒྱན་དང། །དེ་བཞིན་བུད་མེད་རྒྱན་ཅན་དག་།མཐོང་ན་ལས་ནི་འགྲུབ་བར་འགྱུར། །དྲི་ཞིམ་མདོག་ནི་བཟང་པོ་དང། །དེ་བཞིན་རོ་ནི་མངར་ཞིང་གཙང། །བྱ་དང་རི་དགས་མི་རྣམས་ཀྱི། །སྒྲ་སྐད་སྙན་པ་ཐོས་?་དགེ། ་གདུགས་དང་རྒྱལ་མཚན་བསྒྲེང་བ་དག། །འཇུག་པའི་ཚེ་ན་མཐོང་གྱུར་ན། །བློ་ལྡན་དོན་གྲུབ་ཤེས་པར་བྱ། །དུང་དང་རྫ་རྔ་རྔ་བོ་ཆེ། །སྒྲ་ནི་སྙན་ཅིང་སྒྲ་ཆེ་དང། །གླུ་གར་རོལ་མོའི་སྒྲ་དག་དང། །སྙན་པའི་སྒྲ་ནི་སྐོར་ཕྱོགས་འགྲོ། གནས་སུ་འཇུག་ཚེ་ཐོས་གྱུར་ན། །བློ ་ལྡན་དོན་འགྲུབ་ཤེས་པར་བྱ། །མཛའ་བོ་ཆུ་ལྷ་སྐེམ་བྱེད་དང། །ཉི་མ་ཟླ་བ་རྒྱ་མཚོ་ཆེ། །དགའ་བྱེད་དང་ནི་ཁྱབ་འཇུག་དང། །ཚངས་བ་ལྷ་ཆེན་མི་ཐུབ་དང། །བརྒྱ་བྱིན་དང་ནི་རྣམ་ཐོས་སྲས། །ཐ་སྐར་གཉིས་དང་ཚོགས་དང་རླུང། །མིང་ནི་སྒྲོག་པར་བྱེད་པ ་དག་།དོན་གྲུབ་པར་ནི་སྟོན་བ་ཡིན། །དད་པར་བྱེད་དང་རྫས་མཐུན་པ་དང། །ནོར་ནི་མང་པོ་བསགས་པ་དང། །ལས་ཀྱི་མཛའ་ནི་གྲུབ་པ་དང། །དེ་བཞིན་དགེ་བར་སྨྲ་བ་དང། །དབུགས་འབྱིན་བྱེད་ཅིང་ཉུག་བ་དང། །དེ་བཞིན་སྨན་ནི་ཐུང་བ་དང། །གྲུབ་པའི་ཕྱིར ་ནི་བྱེད་པ་དང། །དེར་ནི་ནད་མང་འགྱུར་རྟགས་ཡིན། །སྨན་རྣམས་རྙེད་པར་འགྱུར་བ་དང། །དེ་བཞིན་དགའ་བ་ཐོབ་པ་དང། །སྨན་ནི་སྣ་ཚོགས་སྦྱོར་བ་དག་།བྱེད་བར་མཐོང་ན་འགྲུབ་པར་འགྱུར། །མཚན་ཉིད་ཐམས་ཅད་ཕུན་སུམ་ཚོགས། །དགེ་བ་ཐམས ་ཅད་འདོད་གྱུར་པ། །ལྟས་འདི་ལས་ནི་ནད་མེད་པའི། །དོན་གྲུབ་བར་ནི་འགྱུར་བ་ཡིན། །དེ་ལྟར་ཕོ་ཉའི་གནས་སྐབས་སུ། །རྟགས་ནི་འདི་དག་བསྟན་པ་དག་།ནད་ཀྱིས་བཏབ་པར་གྱུར་པ་ཡི། །གསོར་རུང་མི་རུང་སྟོན་པ་ཡིན། །ལམ་དང་ཁྱིམ་དུ་འཇུག་པ་ན། ། ་ནད་པ་མཐོང་བར་གྱུར་པ་ན། །ལས་ནི་རྩོམ་པར་གྱུར་པའི་ཚེ། །འདིས་ནི་འགྲུབ་དང་མ་འགྲུབ་སྟོན། །འཆི་ལྟས་གསང་བ་འདི་དག་ནི། །ཡང་དག་ཉིད་དུ་ཤེས་པར་བྱ། །འདི་དག་ཐམས་ཅད་གང་གི་ནི། །ཡང་དག་ཤེས་ཏེ་སྨན་པའི་མཆོག་།ལེགས་ལྡན་ཤ་ལི་ཧོ་ཏྲ ་ཡིས། །དེ་སྐད་རྗེས་བསྟན་སྨྲས?་བ་ཡིན། །ཤལ་དེ་ཧོ་ཏྲའི་གནས་བརྒྱད་པ་སྟེ། །གསང་བའི་གནས་ལས། །ཕོ་ཉ་ལ་སོགས་བལྟས་བསྟན་པའི་ལེའུའོ། །རྟའི་ཚེའི་རིག་བྱེད་རྫོགས་སོ།། །།ཤ་ལི་ཧོ་ཏྲ་ཐུབ་ཆེན་ལ། །ལེགས་ཐོས་ཀྱིས་ནི་ཡོངས་དྲིས ་པ། །ལེགས་ལྡན་ཆོས་རྣམས་ཐམས་ཅད་མཁྱེན། །བསྟན་བཅོས་ཀུན་གྱིས་ཕ་མཐར་བྱོན། །གསང་བ་དང་ནི་བཅས་པའི་གནས། །ལེགས་ལྡན་གྱིས་ནི་སྔར་གསུངས་གང། །ཁྱེད་ཀྱིས་དྲིན་གྱིས་ལེགས་པར་ནི། །དེ་ཉིད་མཉན་པར་འཚལ་ལགས་སོ། །བློ? ་ལྡན་དེ་སྐད་འདྲི་བ་དང། །ཤ་ལི་ཧོ་ཏྲས་སླར་སྨྲས་བ། །གསང་བ་ལས་རབ་རྙེད་དཀའ་དང། །ཕྱེ་མ་ཏིལ་མར་སླན་མར་དང། །བཅུད་ཀྱི་ལེན་ནི་བཟང་པོ་དང། །རོ་ཙ་བ་ཡི་མཆོག་གྱུར་བ། །གདོད་ནས་གནས་ཤིང་བསླབ་བྱ་བ། །བཤད་ཀྱིས་བུ་ཡིས་མཉན་པར ་གྱིས། །པི་པི་ལིང་དང་བཅའ་སྒ་དང། །བྱི་དང་ཀ་དང་ལན་ཚྭ་རྣམས། །བཙུ་མར་དང་བཏོལ?། ། རུ་ར་དབན་ལེ་ཤམ། །བ་རུ་ར་དང་སྐྱུ་རུ་ར། །ཡུངས་ཀར་ཤིང་ཀུན་ནེ་ཙི་ཏྲ་ཀ་།ཐལ་ཤིང་དང་ནི་པ་ལ་ཤ་།དུག་མོ་ཉུངས་ཤུན་ཅུ་ཀ་དང། །ར་ཀའི་རྩ ་བ་འོང་བ་དང། །སཔཏ་པརྞ་ཤིང་ཚ་དང། །ཧི་ཇོ་བ་ཏི་ཛི་བ་ཏི། ཀཎྚ་ཀ་རི་པཝི་ཧ་ཏི། ། མྲའི་ཚིག་གུ་སྲུ་སྲུའི་རྩ། །དེ་བཞིན་སྤང་སྤོས་ཀཏཔ་ལ། །སའུ་འབླུ?་དང་ནི་ཏནྟི་ཀ་།ཤུ་དག་རུ་རྟ་སྒར་བུ་དང། །བྱི་ཚེར་བ་དང་སེར་པོ་གཉིས། །དུར་བྱིང་ཏིཀྟ་རོ་ཧི་ནི།། ་ནས་འཁུས་ཐལ་བསྩཙི་ཀ་།ཧེ་ར་ན་ཀ་བྱི་ལྕེ་པ། །ཤུ་ཏི་དང་ནི་མ་ནུ་དང། སླེ་ཏྲེ་དང་ནི་བི་ཤོ་ལ། །བི་པི་ལིང་རྩ་དབྱི་མོང་དང། །དེ་བཞིན་ཧ་རི་པི་པི་ལིང། །རྒྱ་ཤུག་དང་དྲ་བནྟི། ། ཤྲ་གཎདྲ་དན་བྱ་དང། ། ཛ་མོ་དང་ཟིར?་ལྔ། །སོ་མ ་ཀུར་རྩི་ལ་ལ་པུང། །ཉེའུ་ཤིང་དང་དུག་མོ་ཉུངས། །དེ་བཞིན་གི་རྐ་ཏི་ཤི་ཀ། །ཏ་མ་ལ་ག་ག་པྲའི་རྩ། །ཀ་ར་ཏ་དང་བུ་ནིམཔ། །པརྦ་ཏ་དང་གླ་སྒང་དང། །པྲི་ཡང་ཀུ་དང་བ་ལུ་ཀ་།བྲིས་ཙི་ཀ་ལ་སོན་ཀ་།གཟེམ་དང་ནི་གཡར་མ་རྣམས། །དེ་དག་ཆ་ནི་མཉམ ་བྱས་པ། །ཕྱེ་མ་ཞིབ་མོར་བཏགས་པར་བྱ། །ཕྱེ་མ་དང་ནི་སྲང་གཅིག་དང། །ཆར་སྦྱར་བ་ནི་བླུད་པར་བྱ། །ཡང་ན་ཞོ་ཁ་ཆུ་འམ་ནི། །ཆུ་ཚན་དང་ནི་སྦྱར་བ་བླུད། །དེ་ཡིས་རྟ་ནི་གང་ཞིག་གི།། མེ་དྲོད་ཉམས་དང་མ་སྙོམས་དང། །ཁོངས་པའི་སྲིད་བུ་རྣམས ་དང་ནི། །ཟད་བྱེད་ཆད་པར་འཁྲུ་བ་སེལ། །བ་གཅིན་དང་ནི་སྦྱར་ནས་ཀྱང། །དེ་ལ་བླུང་པར་འགྱུར་ན་ནི། །འདི་ལ་རྟ་ཡི་སྐོམས་དང་དག་།མཆོག་ཏུ་སེལ་བར་བྱེད་པ་ཡིན། །ཤ་ལི་ཧོ་ཏྲའི་གཞུང་བསྒྲུབ་པ། །རྟ་ཡི་སྟོབས་སྐྱེད་བྱེད་པ་ཡིན། །གསང་བའི ་གནས་དེ་བརྒྱད་པ་ལས་།སྐྱེ་མ་བདུན་ཅུ་རྩ་ལྔ་པའོ།། །།ཚ་བ་གསུམ་དང་འབྲས་བུ་གསུམ། །ཤིང་ཀུན་པི་པི་ལིང་རྩ་བ། །ཏིནྟི་ལི་ཀ་སེའུ་འབྲུ་དང། །སྟར་བུ་རྒྱ་མཚ་ཀྲུ་ཏྲུག་དྲེས། །ས་ཐ་གླ་སྒང་གཡེར་མ་དང། །ཤིང་ཆ་སུག་སྨེལ་གཡེར་མ ་དང། །ཀ་རྐ་ཏ་སྲ་ཧོ་སུ་ཤ། ཕྱི་དང་ཀ་དང་ཁ་རུ་ཚ། །ཤུ་དག་ཐར་ཤིང་དུར་བྱིད་དང། །དུག་མོ་ཉུངས་དང་པོར་བ་དང། །ས་ཐང་མ་ནུ་ག་བྲའི་རྩ། །ཡ་པཀྵ་ར་པུ་ཙེ་ཤེལ། །འདི་དག་ཚ་ནི་མཉམ་བྱས་ནས། །ཕྱེ་མ་ཞིབ་མོ་ཉིད་དུ་བཏགས། །ཕྱེ་མ ་ཁྱོར་གང་ཚད་དང་ནི། །སྦྱར་བ་རྟ་ལ་བླུང་གྱུར་ན། །རླུང་དང་བད་ཀན་ནད་རྣམས་དང། །དེ་བཞིན་མེ་དྲོད་ཉམས་པ་དང། །ནད་ཀུན་སེལ་ཅིང་སྟོབས་སྐྱེད་ལ། །སྲིན་བུའི་ནད་ནི་སྦྱོད་བར་བྱེད། །ཏིལ་མར་ཡང་ན་མར་སྦྱར་བའི། །ཕྱེད་མ་སྣུམ་ཅན ་མེ་དྲོད་སྐྱེད། །མཁྲིས་དང་བད་ཀན་ལས་གྱུར་པར། །ཁ་ར་སྦྲད་རྩི་དང་སྦྱར་སྦྱིན། །རླུང་ལས་གྱུར་པའི་ནད་རྣམས་དང། །གཉེའུ་རེངས་དང་ལྐོག་ནད་དང། །ཁའི་ནད་ནི་ཐམས་ཅད་ལ། །སྦྲང་ཆད་དང་སྦྱར་སྦྱིན་ན་ཕན། །སྦེག་དང་ཟང་བྱེད་ཅན་ལ་ནི། །ཤ་ཁུ་དང་ནི ་སྦྱར་ཏེ་སྦྱིན། །གལ་ཏེ་འདི་དག་མ་རྙེད་ན། །དར་བ་འམ་ཆུ་ཚན་དང་སྦྱར་སྦྱིན། །སྨན་པ་ཡི་ནི་རྟའི་གནས་དང། །ཉེ་བར་རྟག་ཏུ་འདི་བཞག་བྱ། །ཚ་བ་གསུམ་ལ་སོགས་པའི་ཕྱེ། །ཤ་ལི་ཧོ་ཏྲས་བཤད་པ་ཡིན། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས། ། ་ཚ་བ་གསུམ་པ་ལ་སོགས་པའི་ཕྱེ་མ་བསྟན་པའོ།། །།ཚ་གསུམ་པི་པི་ལིང་མུ་ལ། །ཤུ་དག་ཅི་ཏྲ་འབྲས་བུ་གསུམ། །ཐལ་སྨན་གཉིས་དང་ལན་ཚྭ་ལྔ། །དེ་བཞིན་ཟིར་ལྔ་དང་བཅས། །ཁྱི་ལྕེ་བ་དང་སེར་བོ་གཉིས། །ཁྱི་ལྕེ་བ་དང་གླ་སྒང་དང། །དབྱི ་མོ་ཧ་ཏི་པི་པི་ལིང། །ལ་ལ་བུད་དང་བོང་ད་དཀར། །མུརྦ་དང་ནི་དུག་མོ་ཉུངས། །དེ་བཞིན་དུག་མོ་ཉུངས་ཤུན་པ། །ཐང་ཤིང་དང་ནི་ས་ཁྲིས་དང། །ནིམྦ་དང་ནི་རོ་ཙ་ཀ་།སྲོ་མར་རྩ་སོ་བན་ཛ། །རུ་རྟ་དང་ནི་པ་རྦཏ། །གཡེར་མ་ཤིང་ཀུན་སྒོག་སྐྱ་དང། །དེ་བཞིན་རྟ ་སྒ་ཉིད་དང་ནི། །ཟུར་པ་ཀཎྚ?་ཀ་རི་དང། དེ་བཞིན་བྱི་ཛ་སུ་རའི་ཁུ། །འདི་དག་ཆ་མཉམ་བསྡུས་ནས་ནི། །ཕྱེ་མ་ཞིབ་མོ་ཉིད་དུ་བཏགས། །སྦྲང་རྩི་དང་སྦྱར་གོང་བུ་འམ། །ཆང་དང་སྦྱར་ཏེ་བླུད་པར་བྱ། །ཡང་ན་མར་རམ་ཏིལ་མར་རམ། །བ་གཅིན་ཀན་རྩི་དང ་སྦྱར་བླུད། །བད་ཀན་གྱིས་ནི་ནད་ཀུན་ལ། །སྦྲང་རྩི་དང་སྦྱར་སྦྱིན་ན་ཕན། །མཁྲིས་པའི་ནད་ནི་ཐམས་ཅད་ལ། །མར་རམ་ཁ་ར་དང་སྦྱར་སྦྱིན། །རླུང་གི་ནད་ནི་ཐམས་ཅད་ལ། །མར་རམ་ཏིལ་མར་དང་སྦྱར་སྤྱིན། །གཅིན་སྲིབ་དང་ཟག་གུ་ལ། །བ་གཅིན་ཀན ་མི?་དང་སྦྱར་བླུད། །ཆགས་གླུགས་དང་ནི་ལུས་ཞུས་དང། །ཁྱད་པར་དུ་ནི་སྦེག་ནད་དང། །ཟང་བྱེད་ཀྱིས་ནི་བཏབ་པ་ཡིན། །རྟ་ལ་སྨོན་གྱི་མཆོག་ཡིན་ནོ། །ནད་རྣམས་ཀུན་ལས་རྣམ་གྲོལ་ཞིང། །སྐྱོན་ཀུན་དང་ནི་བྲལ་བར་འགྱུར། །ཤུགས་ནི་རླུང ་དང་མཉམ་པ་དང། །སྟོབས་ནི་ཀླང་པོ་དང་འདྲ་འདྲར་འགྱུར། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས། ཚ་བ་གསུམ་ལ་སོགས་པའི་ཕྱེ་མ་གཉིས་པའོ།། །།ཧ་བུ་ཤ་དང་ལྕེ་མྱང་ཚ། །རུས་རྟ་ཤུ་ནི་བིར? ་དང། ཤུ་དག་ཨེ་རཎྚའི་ས་བོན། །རས་སྣ་བཅའ་ལྒ་ཉུངས་དཀར་དང། །ཐང་ཤིང་ཨ་ཇ་མོ་ད་དང། །ན་བ་ཚིགས་བུས་འཕུལ་ཐལ་བ་ལན་ཚྭ་རྣམས། །ཕྱེ་མར་བྱས་པ་མར་དང་ནི། །ཏིལ་མར་དང་སྐོལ་དམ་པ་འདི། །རྟ་ནི་རླུང་གིས་ཉེན་པ་དང། །འཇམ ་རྩི་བཏང་ན་སྟོབས་སྐྱེད་ཡིན། །ཕྱེ་མ་འདི་དང་སྦྱོར་བ་ཡིན། །སྣུམ་གྱི་འཇམ་རྩི་གཞན་ཡང་འགས། །ནད་མེད་ལྟས་བྱེད་རོ་རྩ་བྱེད། །ནད་གྱིས་གདུངས་ལ་དལ་བ་སེལ། །སྨན་པ་མཁས་པས་འཇམ་རྩི་ཡི། །ལས་རྣམས་ཀུན་ལ་འདི་སྦྱར་བྱ། །ཤ ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས། ཧ་སུ་ཤ་ལོ་སོགས་པའི་ཕྱེ་མ་པའོ།། །།བྱི་དང་ཀ་དང་སེར་པོ་གཉིས། །ལྕེ་མྱང་ཚ་དང་རྩ་རུ་ཚ། །བ་ཐ་བ་ཐོ་ལའི་ལོ་མ། །ནིམཔའི་ལོ་མ་ཙི་ཏྲ་ཀ་།པི་པི་ལྡི་དང་བཅའ་སྒ་རྣམས། །ཕྱེ་མར ་བཏགས་པ་འདི་སྦྱིན་ན། །སྙིང་ནང་ཁོང་བའི་སྲིན་བུ་སེལ། །མེ་དྲོང་སྐྱེད་ཅིང་སྨིན་བྱེད་ཡིན། །ནད་ཀུན་རྣམ་པར་ཞི་བྱེད་ཅིང། །བད་ཀན་དང་ནི་མཛེ་ནད་སེལ། །རྟ་ཡི་མེ་དྲོད་ཉམས་པ་ལ། །ལུས་ཀྱི་མེ་དྲོད་སྟོབས་འཕེལ་བྱེད། །ཤལ་ཧོ་ཏྲའི་གསང་བའི ་གནས་བརྒྱད་པ་ལས། །ཕྱི་དང་ཀལ་སོགས་པའི་ཕྱེ་མའོ།། །།འབྲས་བུ་གསུམ་དང་སེར་པོ་གཉིས། །དེ་བཞིན་ཚ་བ་གསུམ་དང་ནི། །གླ་སྒང་ཏེ་ཛོ་བ་ཏི་དང། །མུརྦ་ཧ་རི་པི་པི་ལིང། །ཡུངས་ཀར་པི་བི་ལིང་རྩ་པ། །པ་ལ་ཀ་དང་པུ ་ཙེ་ཤེལ། །ཕྱི་ཚེར་སྐྲེ་ལོ་ཀྲུ་དྲུག་དྲེས། །དུག་མོ་ཉུངས་ཀྱི་མཁོན?་དང། །བི་ཙུ་ནར་དང་པ་ཏོ་ལ། །ཏྲ་བིན་ཏི་དང་དུར་བྱིད་དང། །བྲིས་ཙི་ཀ་ལི་ཟིར་ནང། །ག་བྲའི་རྩ་བ་ཐར་ཤིང་དང། །གཡེར་མ་དང་ནི་བྱི་དང་ཀ། ཤིང་ཤུན་རུ་རྟ་ཤི་སྐྲུ?་དང། །ཡང? ་མརྒ་བི་ཤ་ལ། །ཤུ་དག་དང་བཅས་ཕྱེ་མར་སྦྱར། །སྨན་གྱི་སྦྱོར་བ་འདི་ཉིད་ནི། །རྟ་ལ་བདུད་རྩི་དང་འདྲ་ཡིན། །རླུང་ནད་བད་ཀན་ནད་རྣམས་དང། །དེ་བཞིན་རླུང་མཁྲིས་འདྲེས་པ་དང། །དེ་བཞིན་ནད་ཁྲག་ཅན་དང་ནི། །གཡན་པ་སྐྲ་བ་སེལ་བ་ཡིན། །ཁྱད་པར་དུ ་ཡང་སྙིང་ནད་དང། །ལུད་པ་མེ་དྲོད་ཉམས་ལ་བསྔགས། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས། །འབྲས་བུ་གསུམ་ལ་སོགས་པའི་ཕྱེ་མའོ།། །།གཡེར་མ་ཤིང་ཀུན་ཨ་རུ་ར། །མ་ནུ་དང་ནི་ལན་ཚྭ་བརྒྱད། །ནས་སྐོལ་ཁུ་བ་དང་སྦྱར་སྦྱིན། ། ་ནད་གཞི་གསུམ་སྐྱེས་གཟེར་རྣམས་འཇོམས། །གནས་བརྒྱད་པ་ལས་གཟེར་འཇོམས་པ་ཞེས་བྱ་བའི་ཕྱེ་མའོ།། །།པི་ཙུ་མར་དང་པ་ཏོ་ལེ། །ཀཎྜཊ་ཀ་རི་བི་ཧ་ནི། །སླེ་ཏྲེས་དང་ནི་འབྲས་བུ་གསུམ། །གཡར་མ་ཆུ་དང་ལྷན་གི་ཅིག་བསྐོལ། །དེ ་གཙགས་པ་ཡི་ཁུ་བར་ནི། །མུངྒ་ལེགས་པར་གཙོ་བར་བྱ། །དེ་ནི་ལེགས་པར་ཆོས་པ་དང། །ཐབས་ནས་སླར་ཡང་ཕོགས་ནས་ནི། །དེར་ནི་ཚ་བ་གསུམ་པོ་དང། །ལན་ཚྭ་དག་ཀྱང་ཚད་ཙམ་གཞུག་།མར་དང་ཏིལ་མྲ་ཞག་སྦྲང་རྩི། །དེ་དག་ཐམས་ཅད ་གཅིག་ཏུ་བསྲེ། །ཚ་ཡི་ཕྱེ་མ་དག་དང་ནི། །མུངྒ་འི་ཁུ་བ་སྦྱར་བར་བྱ། །དེ་ནས་ཚ་བའི་ཁ་ཟས་ཏེ། །རྟལ་ཆོ་ག་བཞིན་དུ་སྦྱིན། །དེ་ནི་བད་རླུང་སེལ་བྱེད་ཅིང། །ལུད་པ་དབུགས་མི་བདེ་བ་འཇོམས། །སྙིང་ནད་ཞི་བར་བྱེད་པ་དང། །སྐྲངས་པ་དག་ཀྱང་སེལ་བར ་བྱེད། །མགོ་དོན?་ནི་ནད་དང་སྣ་ནད་རྣམས། །ངེས་པར་སེལ་བར་བྱེད་པ་ཡིན། །ལྐོག་ནང་རྣམ་པར་སྤྱོད་བྱེད་ཅིང། །མཆོག་ཏུ་མེ་དྲོད་ཉམས་ལ་ཕན། །གནས་བརྒྱད་པའི་ལས་ཚ་བའི་ཕྱེ་མ་དད་བསྲེས་པ་ཞེས་བྱ་བ་སྟེ་ཕྱེ་མའི་ལེའུའོ།། །།ཏིལ་མར ་དེ་བཞིན་མར་ཆ་མཉམ། །ཞིག་དང་རྐང་ནི་ཅི་རྙེད་དང། །དེ་བཞིན་སྐྱུར་ཡང་ཅི་རྙེད་དང། །འདིར་ནི་ཞོ་ནི་བཞི་འགྱུར་གཞུག་།དེར་ནི་སྨན་ནི་འདི་དག་རྣམས། །ལྡེ་གུར་བཏགས་པ་བཞུག་པར་བྱ། །ཤུ་དག་རས་སྣ་ཤིང་མངར་དང། །འཚོ་བྱེད་དང་ནི་རྫི? ་བནྟི། ། ཤུ་མ་ཏི་ནི་དག་ནི། །བ་ལ་བ་སྒི་བ་སྤྲུ་བ། །འདི་དག་དང་སྐོལ་སྣུམ་ཆེན་པོ། །སྟོབས་དང་ནད་མེད་སྐྱེད་པར་བྱེད། །རླུང་ལས་སྐྱེས་པའི་ནང་བརྒྱ་བཅུ། །འདི་ཡིས་སེལ་བར་ཐེ་ཚོམ་མེད། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད ་པ་ལས་སྣུམ་ཆེན་པོའོ།། །།ཀཎྚ་ཀ་རིའི་རྩ་བ་དང། །འབྲས་བུ་བསྲེས་བ་སྲང་བརྒྱ་ནི། །ཆུ་བྲེ་བཞི་ཡི་ནང་དུ་བསྐོལ། །བཞི་ཚ་ལུས་པར་གྱུར་པ་དང། །དེ་ལས་བྲེ་གང་ལུས་པ་རུ། །མར་ནི་བྲེ་གང་དང་བསྲེས་བསྐོལ། །གོ་རིམ་བཞིན་དུ་བཤད ་པ་ཡི། །སྨིན་གྱི་ལྡེ་གུ་འདི་ཡང་གཞུག་།པི་པི་ལིང་རྩ་བྱི་དང་ཀ་།ཧ་ཏེ་པི་ལིང་ཙི་ཏྲ་ཀ་།ཁ་རུ་ཚིགས་འཁྲུས་ཐལ་བ་ཁ་རུ་ཚ། །ར་ན་ཤུ་དག་ཚ་བ་གསུམ། །འདི་བཅུ་མར་གྱི་དུད་པ་ལྔ། །སེལ་ཅིང་ལེགས་པར་གསོ་བར་བྱ། །ནད་ཀུན་སེལ་བ ་བྱེད་པ་དང། །སྣུམ་དེ་བདེ་བར་སྐྱེད་བྱེད་ཡིན། །གསང་བའི་གནས་ཏེ་བརྒྱད་པ་ལས། ཀཎྚ་ཀ་རིའི་སྨན་མར་རོ།། །།ཡུད་དང་སྒྱེར་པ་ཤུ་དག་བཅས། །ནིམཔ་བྱི་ཚིར་པ་རྦ་ཏ། །སླེ་ཏྲེས་དང་ནི་ཁྱི་ལྕེ་བ། །པུ་ཙེ་ཤེལ་ནི་ཆ་མཉམ་བྱས། །དེ་ལ་འབྲས་བུ ་གསུམ་དང་ནི། །ཏིཀྟ་ཙན་དན་པི་པི་ལིང། །དུག་མོ་ཉུངས་དང་ག་བུར་དང། །རི་ཤི་བ་གཉིས་ཛི་བ་ག་།ལྡེ་གུར་བཏགས་པ་དང་བསྲེས་པའི། །མར་བསྐོལ་གྱུར་པ་དེ་ཡིས་ནི། །རྟ་ཡི་མཁྲིས་པ་སེལ་བྱེད་ཡིན། །གཞང་འབྲུམ་ཁོང་ཚ་ཞི་བར་བྱེད། །ཇོ་དང ་གཡན་བ་རྣམས་དང་ནི། །མེ་བ་ལ་དང་ནི་དམིགས་ལ་ཡང། །འདི་ནི་རྟག་ཏུ་བསྔགས་པ་ཡིན། །དབྱར་ཚེ་རྟ་ལ་རྟག་ཏུ་ཕན། །ཤ་ལི་ཧོ་ཏྲ་གསང་བའི་གནས་ཏེ་བརྒྱད་པ་ལས། ཚ་བའི་སྨན་མར་རོ།། །། ཤྭ་གནདྷའི་རྩ་བ་དག། །འབྲས་བུ་ཡལ་ག་སྲང་བརྒྱ ་ནི། །ཆུ་བྲེ་བཞི་ཡི་ནང་དུ་བསྐལ། །དེ་ནས་སྨན་ཁུད་དང་ནི། །མར་ནི་བྲེ་གང་བསྐོལ་བར་བྱ། །ཏིལ་མར་མར་དང་མཉམ་པ་དང། །ཉོ་མ་བཞི་འགྱུར་དེ་རུ་གཞུག་།ཙན་དན་དང་ནི་བཅའ་སྒ་དང། ། ཀ་རུ་ཨང་རྒྱ་ཤུག་དང། །དགུ་ན་འབྲུ་པང་རྩ་འབྲས་བུ ་གསུམ། །སྣ་མའི་ལོ་མ་ཤ་རི་བ། །ཀཎྚ་ཀ་རི་པྲི་ཧ་ཏི། །ན་ག་པུཥཔ་པ་སྦྲུ་བ། །ས་འཁྲིས་ན་པ་རྞི་གཉིས། །ཤིང་ཙ་གན་དང་པ་ཏྲ་དང། །པདྨ་གེ་སར་ལྡེ་གུ་ནི། །བཏགས་པ་དེར་ནི་བཞུགས་པར་བྱ། །འདི་ཡིས་རྟ་ནི་སྦེག་པ་དང། །རླུང་གིས་ཉམ་ཐག་གྱུར་པ་དང། ། ་ཟད་བྱེད་ཀྱིས་ནི་བཏག་པ་དག་ཤ་སྐྱེད་པའི་མཆོག་ཡིན་ནོ། །ཤ་ལི་ཧོ་ཏྲའི་གསང་པའི་གནས་ཏེ་བརྒྱད་པ་ལས། ། ཤྭ་གནདྷའི་སྣན་མར་རོ།། །།བོང་མུར་བ་པུ་ཙེ་ཤེལ། །གླ་སྒང་ཤིང་ཙ་པ་ཏོ་དང། །སཔཏ་པརྞི་པ་ཏོ་ལ། །བི་ཙུ་མར་དང་བྱི་ཚེར་མ ་པརྞ་ཏ་དང་འབྲས་བུ་གསུམ་།སེལ་པོ་གཉིས་དང་འདྲ་ཡན་ཏི། །ཙན་དན་དམར་པོ་མ་རུ་ཀ། རྩཝ་མཁྲིས་དང་ནི་པི་པི་ལིང། །ཉེའུ་ཤིང་ཤུག་པ་བུ་ཤེལ་ཙེ། །དོད་ཁ་དང་ནི་སླེ་ཏྲེས་རྣམས། །དུག་མོ་ཉུངས་ཀྱི་ས་བོན་བཙས། །སྲང་རེ་ཆ་མཉམས་སྦྱར་ལ་གུ། ། ་ནིམྦ་པ་ཏོ་ལ་དང་བཅས། །ཀཎྚ?་ཀ་རི་བ་ཤ་ཁ། །སྲང་ནི་ལྔའི་ཚད་དུ་བྱས། །སྐྱུ་རུ་ར་ནི་བྲེ་གང་བཅས། །ཆོ་ག་བཞིན་དུ་བཀོལ་ནས་ནི། །སྨན་ཁུ་མར་ཁུར་དང་བསྲེས་ལ། །མེ་ནི་ཆུང་དུས་བཙེ་བར་བྱ། །ཏིཀྟ་ཆེན་པོ་ཞེས་བྱ་སྟེ། །འདི་ནི་གུ་གུལ་དང་བཅས་པ ་འམ?་ཡང་ན་འབའ་ཞིག་སྦྱིན་བྱས་ན། །ཡོན་ཏན་བདུད་རྩི་དག་དང་མཚུངས། །ལུས་ཀྱི་མེ་དྲོད་སྐྱེད་པར་བྱེད། །གཟི་མདངས་སྟོབས་ནི་འཕེལ་བྱེད་ཡིན། །མཛེ་དང་ཁྲག་མཁྲིས་ནང་རྣམས་སེལ། །ལུས་རྒྱས་པར་ཡང་བྱེད་པ་ཡིན། །ཤ་སྐྱེད་མདོག་ནི་བཟང ་བྱེད་ཅིང། །ནང་ཀུན་སེལ་བའི་དམ་པ་ཡིན། །ཤ་ལི་ཧོ་ཏྲ་གསང་པའི་གནས་ཏེ་བརྒྱད་པ་ལས། །ཏིཀྟ་ཆེན་པོའི་སྨན་མར་རོ།། །།རྩ་བ་ལྔ་པ་གཉིས་ནིམྦ། །སླེ་ཏྲེས་ཨ་ཏ་རུ་ཤ་ཀ། །དོང་ཁ་དང་ནི་པ་ཧོ་ལ། །འབྲས་བུ་གསུམ་ནི་ཆ་མཉམ་བྱ། ། ་ཆམ?་ཚོམ་བརྡུངས་ལ་ཆུ་ནང་བསྐོལ། །སྨན་ཁུ་བཞི་ཆ་ལུས་པ་རུ། །དེ་དང་མཉམ་པའི་ཞུན་མར་དང། །སྨན་ནི་འདི་རྣམས་དང་བཅས་བསྐོལ། །ཁྱི་ལྕེ་གཅིག་དང་པ་རྦ་ཏ། །ཤ་རི་བ་གཉིས་ཙན་དན་དང། །ཏིཀྟ་དང་ནི་པུ་རྩེ་ཤེལ། པ་ཐ་དད་ནི ་བཅས་པ་དང། །བལ་བུ་དང་ནི་བུ་ཤེལ་ཙེ། །ུཏཔལ་སྔོན་པོ་ཤུག་པ་དང། །པི་པི་ལིང་རྩ་བྱི་དང་ཀ་།ཏེ་ཛོ་བ་ཏི་ཙི་ཏྲ་ཀ། །བོར་ཧ་ཏི་པི་པི་ལིང། །དུག་མོ་ཉུངས་ཤུན་པོ་སོན་དང། །སེར་པོ་གཉིས་དང་པི་པི་ལིང། །ན་ལེ་ཤ་མ་དང་བཅས ་སྒ་དང། །ཐང་ཤིང་ཞེས་བྱ་ཐམས་ཅད་ནི། །ཆ་མཉམ་དེར་ནི་གཞུག་པར་བྱ། །མེ་ཆུང་གིས་བསྐོལ་ཆོས་པ་དང། །ཤིན་ཏུ་སྦྱངས་པའི་སྣོད་དུ་གཞུག་།ཏིཀྟ་ཆེན་པོའི་སྨན་མར་འདི། །རྟ་ཡི་སྨན་གྱི་མཆོག་ཏུ་བཤད། །ལུང་པ་དབུགས་མི་བར་དང་མཛ། །ལྕ་བ ་འབྲས་ཀྱི་ཕྲེང་བ་དང། །བད་ཀན་གྱི་ནི་ནད་རྣམས་དང། །དེ་བཞིན་སྣ་སྣག་གྱུར་པ་དང། །བད་ཀན་ནད་ནི་གཞན་དག་ལའང། །འདི་ནི་ཤིན་ཏུ་མངགས་པ་ཡིན། །འདི་ནི་ནད་ཀུན་སེལ་བྱེད་ཅིང། །གཟི་མདངས་སྟོབས་ནི་བསྐྱེད་པ་དང། །བརྟན་ཞིང་ལུས་ནི་སྲ་བར ་བྱེད། །དབང་པོ་གསལ་བར་བྱེད་པ་དང། །ཡིད་ཀྱང་དགའ་བར་བྱེད་པ་ཡིན། །ཁྲག་དང་མཁྲིས་པ་སེལ་བྱེད་ཅིང། །གཅོང་ཆེན་རིམས་དང་ལུད་པ་འཇོམས། །པགས་པ་ལ་གནས་ནད་རྣམས་དང། །གང་ཡང་ཁྲག་ལ་གནས་པ་ལ། །རུས་པ་རྐང་ལ་ཞེན་པ་རྣམས།། ་མར་འདི་ཡིས་ནི་སེལ་བར་བྱེད། །ནང་ཀྱི་རྒྱ་མཚོ་བརྒལ་འདོད་ལ། །གཟིངས་དང་འདྲ་བ་མར་འདི་ཡིན། །ཏིགཏ་ཆེན་པོའི་སྨན་མར་གཉིས་པའོ།། །།ཤྲི་ཤ་དང་ནི་ཡན་ལག་ལྔ། །ཆ་མཉམ་སྲང་ནི་བརྒྱ་རུ་བྱ། །ཆུ་བྲེ་བཅུ་དྲུག་ནང་དུ་བསྐོལ། །བཞི་ཆ་ལུས ་པར་གྱུར་པ་དང། །དེ་རྣམས་སྨན་ཁུ་དེ་དང་ནི། །མར་ནིབྲེ་དོ་བསྐོལ་བར་བྱ། །སྨན་ནི་འདི་དག་ཉིད་ཀྱི་ནི། །ལྡེ་གུ་དེར་ནི་གཞུག་པར་བྱ། །པི་པི་ལིང་རྩ་ཚ་བ་གསུམ། །ཕྲིས་ལྕི་ཀ་ལི་འབྲས་བུ་གསུམ། །ཤུ་ཏི་དང་ནི་ཐང་ཤིང་དང། །སྤང་སྤོས་དང་ནི་བ་ལུ་དང། །བྱ ་ཀྲ་ན་ཀ་ཤྲི་ཀ་ཏ། །ཙིཏྲ་ཀ་དང་ན་ཀུ་ལི། །བཙོད་དང་ཛི་བ་ནི་ཡ་དང། །ཧ་ཏི་པི་པི་ལིང་ཙན་དན། །གན་དང་བ་ཏྲ་རུ་རྟ་རྣམས། །མེད་གྱུར་བྱས་བཅུག་མེ་ཆུང་བསྐོལ། །རྟ་གང་རླུང་ནད་ཅན་དང་ནི། །དེ་བཞིན་མཁྲིས་པའི་ནད་ཡོད་དང། །བད་ཀན་སྙིང ་གར་འཁྱིལ་གྱུར་པ། །དེ་རྣམས་ཀྱི་ནི་སྨན་མཆོག་ཡིན། །ཤྲི་ཤ་ལ་སོགས་སྨན་མར་འདི། །ནད་ཀུན་སེལ་བའི་མཆོག་ཡིན་ནོ། །ཤ་ལི་ཧོ་ཏྲ་གསང་བའི་གནས་ཏེ་བརྒྱད་པ་ལས། །ཤྲི་ཤ་ལ་སོགས་པའི་སྨན་མར་རོ།། །།ཤྲི་ཤ ་ཡི་ནི་ལོ་མ་ནི། །ཆུ་སྐོལ་དེ་ཡི་ཁུ་བ་དང། །མར་ནི་ཚད་བཞི་སྐོལ་བ་རུ། །ཚ་བ་གསུམ་དང་འབྲས་བུ་གསུམ། །དེ་བཞིན་ཧ་ཏི་པི་པི་ལིང། །ལྡེ་གུར་སྦྱར་བ་དང་བསྲེས་བསྐོལ། །མཛེ་ཡི་ནང་ནི་ཐམས་ཅད་དང། །དུག་སེལ་མེ་དྲོད་སྐྱེད་མཆོག་ཡིན། ། ་རླུང་དང་མཁྲིས་པ་ལས་གྱུར་དང། །ཁོང་ཚ་ཁྲག་གི་ནད་རྣམས་སེལ། །དབྱར་གྱི་ཚེ་ན་བྱིན་གྱུར་ན། །འདི་ནི་བདུད་རྩི་དང་འདྲ་ཡིན། །ཤྲི་ཤ་ལ་སོགས་པའི་སྨན་མར་གཉིས་པའོ།། །།མྱུར་བ་དང་ནི་འབྲས་བུ་གསུམ། །ཙི་ཏྲ་ཀ་དང་ཤུ ་དག་དང། །བཅའ་སྒ་དང་ནི་སེར་པོ་གཉིས། །པ་ཐ་ཤིང་ཚ་པ་རྦ་ཏ། །ན་ལེ་ཤམ་དང་གླ་སྒང་དང། །དེ་བཞིན་ན་ག་གེ་སར་དང། །ཙན་དན་དང་ནི་ཤ་རི་བ། །རྒྱ་སྤོས་དང་ནི་བ་ལུ་ཀ་། བོ་ད་ཧ་རི་པི་པི་ལིང། །དནད་དང་ནི་དྲ་པནྟི། །རོ་ཧ་ནི་དང་ཙ་དྲ་ཀ། །དབྱི ་མོ་དུར་བ་ཁྱི་ལྕེ་བ། །ཆ་མཉམ་སྦྱར་ཏེ་ཆུ་དང་ནི། །མར་དང་མེ་ནི་ཆུང་དུར་བཙོ། །ཚོས་ཏེ་མར་ནི་ལུང་པ་དང། །དེ་ནི་དེ་ལས་དབབ་པར་བྱ། །འདི་བླུད་རྟ་ནི་མགྱོགས་པ་དང། །ལུས་སྟོབས་རྒྱ་ཆེར་འཕེལ་བར་འགྱུར། །ལྕགས་པར་རྟོགས་པའི་ནད་ཀྱི ་ཚོགས། །རྡོ་ལ་སོགས་དང་བྲལ་བར་འགྱུར། །རླུང་ནང་མཛེའི་ནད་རྣམས་དང། །མཁྲིས་པའི་ནད་དང་ལུས་རེངས་དང། །དེ་བཞིན་དབུགས་མི་བདེ་ཀུན་དང། །ནད་ནི་སྣ་ཚོགས་གཞན་ཡང་སེལ། །འདི་ནི་ནད་འཇོམས་མཆོག་ཡིན་ཞིང། །བཀྲ་ཤིས་པར ་ཡང་བྱེད་པ་ཡིན། །ཤ་ལི་ཧོ་ཏྲའི་གསང་བའི་གནས་དེ་བརྒྱད་པ་ལས། །མུར་བ་ལ་སོགས་པའི་སྨན་མར་རོ།།། །།ནིམྦ་པ་ཏོ་ལ་འབྲས་བུ་གསུམ། །སེར་པོ་གཉིས་དང་པུ་ཙེ་ཤེལ། །ཕྱི་ཚེར་བ་དང་པརྦ་ཏ། །དྲ་བིན་ད་དང་སླེ་ཏྲེས་རྣམས། །འདི་དག་ཆ་ནི ་མཉམ་བྱས་ལ། །བརྡུངས་པ་ཆུ་ནད་བསྐོལ་བར་བྱ། །བཞི་ཆ་ལུས་པར་གྱུར་པ་རུ། །སྨན་འདི་དག་གི་ལྡེ་གུ་གཞུག། ཙན་དན་པི་པི་ལིང་བླ་སྒང། །རི་ཤ་པ་གཉིས་ཛི་པ་ཀ། །ཀཎྜ་ཀ་རི་ཏི་ལྟ་དང། །དུག་མོ་ཉུང་ཀྱི་ས་བོན་རྣམས། །ཆ་ནི་མཉམ ་པར་སྦྱར་བྱས་ནས། །དེ་བཞིན་དུ་ནི་མར་ཁུ་དང། །འོ་མ་སྣུམ་དང་མཉམ་བཅུག་ལ། །མེ་ནི་ཆུང་ངུས་བཙོ་བར་བྱ། །འདི་ནི་ཏིཀྟ་ཆེན་ཞེས་བྱ། །མཛེ་དང་རིམས་དང་མེ་དཔལ་དང། །འབྲུམ་བུ་དང་ནི་འབྲས་ནང་དང། །དེ་ནི་པགས་ནད་གཞན་དག་ཀྱང། །ཁྲག་མཁྲིས ་ནད་རྣམས་སེལ་བར་བྱེད། །སྨན་པ་མཁས་པས་འདི་ཉིད་ནི། རྟ་ལ་ཉེ་བར་བླུད་པར་བྱ། །དཔྱིད་དང་དགུན་གྱི་ཚེ་ན་ནི། །སྣ་སྨན་འཇམ་རྩིར་བཏང་ན་ཕན། །དབྱར་གྱི་ཚེ་ན་ཁྱད་པར་དུ། །སྨན་འདི་རབ་ཏུ་མངགས་པ་ཡིན། །ཤ་ལི་ཏོ་ཏྲ་གསང་བའི་གནས་ཏེ་བརྒྱད་པ་ལས། ་ཏིཀྟ་ཅན་གྱི་སྨན་མར་རོ།། །།དུར་བྱེད་ཆེན་པོ་བརྡུངས་ནས་ནི། །ཆུ་བྲི་བཞི་ཡི་ནང་དུ་བསྐོལ། །བཞི་ཆ་ལུས་པར་གྱུར་པ་དང། །དེ་རུ་མར་ཁུ་བྲེ་གང་བླུགས། །རམ་ཉེ་ཁྱི་ར་ཀ་ཀོ་ཡི། །རི་ཤ་བ་གཉིས་ཛི་པ་ཀ་།བ་ལ་ཨ་ཏི་བ་ལ་དང། །དེ་བཞིན་ཀྵ་ར་པི་ད་རི། ། ་མེད་མ་ཧཱ་མེད་དང། །ཤིང་མངར་དང་ནི་ཤ་རི་བ། །ཆ་ནི་མཉམ་པོར་བྱས་ནས་ཀྱང། །དེ་ནི་ལྡེ་གུ་བཏགས་པར་བྱ། །མར་དེར་བཅུག་ནས་དཀྲུགས་ནས་ནི། །མེ་ནི་ཆུང་དུས་ངལ་གྱིས་བཙོ། །དེ་ནི་ཚོས་བར་ཤེས་པ་ན། །དེ་ལས་ཕབ་སྟེ་བཙགས་པར་བྱ། །སྣུམ ་འདི་རྟག་ཏུ་བཏུངས་པ་དང། །འཇམ་རྩི་ཡི་ནི་ལས་ལ་སྦྱོར། །རྒྱུན་ཏུ་བྱིན་ན་མོ་ཤམ་ཡང། །བུ་སྐྱེད་པར་ནི་ནུས་པ་ཡིན། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས། །ཤ་མ་དུར་བྱིད་ཀྱི་སྨན་མར་རོ།། །།ནིམཔ་དང་ནི་པ་ཏོ་ལ། །སྐྱེར་པ་ཙན་དན ་པུ་ཙེ་ཤེལ། །ཁྱི་ལྕེ་བ་དང་མལ་སུ། །པ་རྦ་ཏ་ནིསྲང་རོ་དང། །སྐྱུ་རུ་ར་ནི་བྲེ་གང་བཅས། །ཆུ་བལ་ཅན་གྱི་ཆུ་ལས་ནི། །ཆུ་བྲེ་བཞི་ཡི་ནང་དུ་བསྐོལ། །བཞི་ཆ་ལུས་དང་མར་བྲེ་གང། །གླ་སྒང་རྩ་ཁྲིས་ཤིང་མངར་དང། །ཙན་དུག་དུག་མོ་ཉུངས་ལ་པུད། །པི་པི ་ལིང་དང་བཅས་བསྐོལ་བའོ། །མར་གྱིས་སྣ་མིག་སྣ་ནད་འཇོམས། །རྒྱུ་བླུད་རིམས་དང་ནད་དང་ནི། །མེ་དཔལ་ལ་སོགས་སེལ་བར་བྱེད། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས། ནིམཔ་ལ་སོགས་པའི་སྨན་མར་རོ། །ནིམཔ་ཏོ་ལའི་ལོ་མ་དང། །སླེ ་ཏྲེས་དང་ནི་ཀཎྚ་ཀ་རི་ཉིད། །ཆ་མཉམ་སྲད་ནི་ཉི་ཤུར་བྱས་པ་དག་།ཆུ་ནི་སྨན་གྱི་བཅུ་དྲུག་ནང་དུ་བསྐོལ། །སྨན་གྱི་ཁུ་བ་བཞི་ཆ་ལུས་བ་དང། །སྨན་ཁུ་དེ་དང་མཉམ་པའི་མར་དང་བསྐོལ། །དེར་ནི་ཚ་བ་གསུམ་ནི་སྲང་གསུམ་དག། ཞིབ་དུ་བཏགས་པའི་ཕྱེ་མ ་གཞུག་པར་བྱ། །དེ་ནི་ལེགས་པར་ཚོས་པར་ཤེས་པ་དང། །གུ་གུལ་དང་སྦྱར་རྟ་ལ་བླུད་པར་བྱ། །ཡང་ནི་དེ་དང་མར་བསྲེས་འབའ་ཞིག་སྦྱིན། །དེས་ནི་མཛེ་ཡི་ནད་ཀུན་སེལ་བར་འགྱུར། །ཁྲག་མཁྲིས་རྡོ་དང་དེ་བཞིན་གཡན་པ་དང། །འབྲུམ་བུ་འབྲུམ་ཕྲན ་དེ་བཞིན་ཤུ་བ་ནི། །སེལ་ཅིང་རྟ་ཡི་མདོག་དང་སྟོབས་ནི་སྐྱེད། །ནད་ཀྱི་ཚོགས་འཇོམས་བདུད་རྩི་དང་འདྲ་ཡིན། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས། བདུད་རྩི་ལ་ཏུའི་སྨན་མར་རོ།། །།ཀ་རཉྫ་དང་བ་ཤ་ཀ་།སྦོ་ཏ་ཁྱིམ་གྱི་དུད་པ་དང། ། ་ཀ་པིཏྠ་དང་དོང་ཀ་དང། །ཡུག་སྣམ་དང་ནི་པདྨ་དང། །ཀ་ར་བིར་བོ་ང་དང། །རོ་ཧི་ད་དང་སླེ་ཏྲེས་དང། །བྲེ་ཧ་ཏི་ཡི་འབྲས་བུ་ནི། །ར་ཐུག་གི་ནི་གཅིན་དང་བཏགས། །འདི་དག་སྲང་གཉིས་སྦྱར་བ་ལ། །མར་སྲང་སུམ་ཅུ་རྩ་གཉིས་བསྐོལ། །མར་དང་མཉམ་པའི ་འོ་མ་གཞུག་།བསྐོལ་བའི་སྨན་མར་སྟོབས་ཆེན་ཡིན། །མཛེ་ཡི་ནད་ནི་ཐམས་ཅད་ལ། །རྟག་ཏུ་བསྐུས་དང་བླུད་ནང་ན། །ཤ་ཚིལ་རུས་པ་སྐྱེད་བྱེད་ཅིང། །པགས་པར་ཞུགས་པའི་ཁྲག་སྦྱོང་བྱེད། །མཛེ་ནད་འཛག་པར་བྱེད་པ་ཡིན། །ཐམས་ཅད་ཞི་བར་བྱེད ་པ་ཡིན། །ལེགས་ལྡན་ཤ་ལི་ཧོ་ཏྲ་ཡིས། །དེ་སྐད་རྗེས་བསྟན་སྨྲས་པ་ཡིན། །ཤ་ལི་ཏོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས། ཀ་རཉྫ་ལ་སོགས་པའི་སྨན་མར་གྱི་ལེའུའོ།། །།དེ་ནས་གཞན་ཡང་ཏིལ་མར་གྱི། །ལེའུ་ངེས་པར་བཤད་བྱ་སྟེ། ། ་སྲ་པར་ནི་སྲང་བརྒྱ་ནི། ཆུ་བྲེ་བཅུ་དྲུག་ནང་དུ་བསྐོལ། །བཞི་ཆ་ལུས་པར་གྱུར་པ་ནི། །ཁུ་བ་དེ་ནི་ཐབ་ལ་དབོག། །སྨན་ལུ་དེ་དང་མཉམ་པ་ཡི། །ཏིལ་མར་ཉེ་བར་གཞུག་པར་བྱ། །ཀཉྫི་རང་སྐྱུར་ཉིས་འགྱུར་གཞུག་།དེ་ལ་སྨན་ནི ་འདི་དག་གི་།ལྡེ་གུ་ཉེ་བར་གཞུག་པར་བྱ། །ར་སྣ་བ་ལ་གཟེམ་དང། །ལྕེ་མྱང་ཚ་དང་ཤིང་ཀྲུ་དང། །སྲ་ས་ར་ནའི་རྩ་བ་དང། །པི་པི་ལིང་གི་རྩ་པར་བཅས། །ཙི་ཏྲ་ག་དང་བཅའ་སྒ་དང། །ཤུ་ཏི་དང་ནི་ཐང་ཤིང་དང། །པོས་ཤིང་འབྲས་བུ་བོ་ང་དང།། ་པི་པི་ལིང་ཡང་སྲང་རེ་ནི། །ཆ་ནི་མཉམ་པོར་སྦྱར་ནས་ཀྱང། །ཕྱེ་མ་ཞིབ་མོ་འཐག་ཏུ་བཞུག་།མེ་ནི་ཆུང་དུ་དང་བཙོས་ཏེ། །སྣུམ་དེ་སྣོད་ནི་བཟང་པོར་གཞུག་།འདི་ནི་སྣ་སྨན་བསྐུ་བ་དང། །འཇམ་རྩི་བཏུང་བདག་ལ་བསྔགས། །རྟ་ནི་རླུང་ནད་ཀྱིས་བཅོམ ་དང། མི་འམ་ཡང་ན་གླང་པོས་རུང། །ལུས་འཐེང་ཡུན་རིང་ནད་ཀྱིས་བཏབ། །ངེས་པར་བདེ་བ་ཐོབ་པར་འགྱུར། །རྟ་གང་བུ་ནི་མི་འཆགས་པ། །འདི་ཡིས་ངེས་པར་མངལ་སྐྱེད་འགྱུར། །ཕོ་མིན་སྐྱེས་པ་ཉིད་འགྱུར་ཞིང། །མོ་ཤམ་ཡང་ནི་བུ་སྐྱེ ་བྱེད། །འདི་ཡིས་འོད་བ་ཁྱབ་འཇུག་རིགས། །རབས་ཆད་བུ་ནི་ཡིད་འོད་སྐྱེ། །སྲ་ས་ཏའི་ཏིལ་མར་འདི། །ནད་ཀུན་འཇིག་པར་བྱེད་པ་ཡིན། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས། སྲ་པ་ཏ་ཡི་ཏིལ་མར་རོ།། །།སྲ་སར་ནའི་རྩ་བ་དང།། ་ཡལ་ག་ལོ་མ་བཅས་སྲང་བརྒྱ། །རྩ་བ་བཅུ་ནི་དེ་ཡི་བྱེད། །ཆུ་བྲེ་བཅུ་དྲུག་ནང་དུ་བཀོལ། །བཞི་ཆ་ལུས་པར་གྱུར་པ་དང། །ཐབ་ལས་སླར་ནི་དབོག་པར་བྱ། །སྨན་ཁུ་དེ་ཡི་ཉིས་འགྱུར་གྱིས། །ཀཉྫི་རང་སྐྱུར་གཞུག་པར་ནི། །དེ་ལ་ཉེ་བར་གཞུག་པར་བྱ།། ་སྨན་ནི་འདི་རྣམས་སྲང་རེ་ལ། །ལྡེ་གུར་བྱས་ལ་དེ་རུ་གཞུག་། བོས་ཤིང་འབྲས་བུ་བཅའ་སྒ་དང། །ཙཏྲི་ཀ་དང་ལྕེ་མྱང་ཚ། །པྲ་ས་ར་ཡི་རྩ་བ་དང། །དེ་བཞིན་པི་པི་ལིང་རྩ་བ། །ཐང་ཤིང་དང་ནི་ཤུ་ཏི་དང། །མེ་ད་ཙཀྲ་ཧྭ་གན་དང། །ེ་རཎྚའི་རྩ་ཛི་བིནྟ། ། ་རུ་ཏ་ཤུ་དག་ས་ཧ་ཅར། །བོ་སོན་ཆ་ནི་བཟང་པོ་དང། །དེ་བཞིན་མང་དུ་སྲ་བ་དང། །སོ་བན་ཛ་ན་སེར་པོ་གཉིས། ། ཤྭ་གནདྷ་ཧ་སུ་ཤ་།བ་མ་སེང་ཁྲོམ་སྨྱིག་རྐང་དང། །ཤྲེ་ཡ་སེ་ནི་ཆ་མཉམ་གཞུག་།འདི་ནི་བསྐུ་དང་སྣ་སྨན་དང། །བཏུང་དང་འཇམ་རྩི་དག་ལ་བཏང།། ་རླུང་གི་ནད་ནི་ཐམས་ཅད་དང། །དེ་བཞིན་ནད་གཞན་ཀུན་སེལ་བྱེད། །སྨྱོ་དང་འབྱུང་པོ་བརྗེད་བྱེད་དང། །དེ་བཞིན་གདོན་ནད་སྣ་ཚོགས་དང། །ཞའོ་མེ་དཔལ་གྱིས་ཐེབས་ལ། །ཏིལ་མར་བསྟེན་པ་བདེ་ཐོབ་འགྱུར། །སྐམ་དང་རུས་པའི་ནད་རྣམས་ལ། །ཏིལ་མར ་འདི་ནི་བཏང་བར་བྱ། །རྒོད་མ་བུ་ནི་མི་འཆགས་པ། །འདི་བླུད་ན་ནི་བུ་འཆགས་འགྱུར། །རྒོད་མ་དང་ནི་རྟ་ཕོ་ཡི། །རླུང་ནད་བརྒྱད་ཅུ་སེལ་བར་བྱེད། །གཉེར་མ་འདུས་ཤིང་ན་ཚོད་རྒས། །སླར་ཡང་ལང་ཚོ་ཐོབ་པར་འགྱུར། །སྲ་ས་ར་ཡི་ཏིལ་མར་འདི། །རྟ་ལ ་ཕན་བྱེད་མཆོག་ཏུ་བཤད། །ཚེ་དང་སྟོབས་ནི་སྐྱེད་བྱེད་ཅིང། །དྲན་པ་འང་སེམས་གསལ་དཔལ་སྐྱེད་བྱེད། །རུས་པ་ཆད་དང་རྩ་ཆད་ལ། །ཏིལ་མར་འདི་ཡིས་སྣ་སྨན་བཏང། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས། པྲ་ས་རའི་ཏིལ་མར་གཉིས ་པའོ།། །།སླེ་ཏྲེས་ཆུ་ཡི་ནང་བསྐོལ་ལ། །ཁུ་བ་བཞི་ཆའི་ཏིལ་མར་གཞུག་།འོ་མ་དེ་དང་མཉམ་བཅུག་ལ། །སྨན་འདི་དག་གི་ལྡེ་གུ་གཞུག་།པི་པི་ལིང་རྩ་ཚ་བ་གསུམ། །ཙི་ཏྲ་ཧ་ཏི་པི་པི་ལིང། །ཤུ་དག་རུས་པ་བྱི་དང་ཀ་།སྐྱེར་པ་དང་ནི་ལྕེ་མྱང་ཚ།། ་པྲ་ས་ར་ནི་པ་ལ་དང། །ར་སྣ་གཟེ་མ་ཧ་སུས་པ། །བཅུག་ལ་མེ་ནི་ཆུང་ངུས་བཙོ། །དེ་བཞིན་བཅའ་སྒ་གཞུག་པར་བྱ། །འདི་ཡིས་སྣ་རེངས་རླིག་སྦོས་དང། །ལུས་རེངས་སྐེད་པ་ན་བ་དང། །དེ་བཞིན་རྒྱབ་ནི་རེངས་པ་དང། །རླུང་ནད་པ་ལ་ཤ་དང་ནི། །རླུང་ལས ་གྱུར་པའི་མིག་ནད་ལ། །ཁྱད་པར་དུ་ནི་རྟག་ཏུ་བཏང། །སླེ་ཏྲེས་ལ་སོགས་ཏིལ་མར་ནི། །ཚངས་པས་མངོན་ཚེ་བཤད་པ་ཡིན། །ཤ་ལི་ཧོ་ཏྲའི་གསང་བའི་གནས་བརྒྱད་པ་ལས། སླེ་ཏྲེས་ལ་སོགས་པའི་ཏིལ་མར་རོ།། །།ཤུ་ཏི་ར་ག་དོང་? ་དང། །བཅོད་དང་རུ་རྟ་ལྕེ་མྱང་ཚ། །ཐང་ཤིང་དང་ནི་བ་ལ་གཉིས། །སེར་པོ་གཉིས་དང་ཙན་དན་དམར། །སླེ་ཏྲེས་ཀྱི་ནི་ཁུ་བ་དང། །ཏིལ་མར་འོ་མ་དང་བཅས་བསྐོལ། །འཐེང་པའི་ནད་ནི་ཐམས་ཅད་ལ། །བསྐུ་དང་སྣ་སྨན་འཇམ་རྩི ་བཏང། །གསང་བའི་གནས་ཏེ་བརྒྱད་པ་ལས། །ཤུ་ཏིའི་ཏིལ་མར་དོ། །པི་པི་ལིང་དང་པོ་སོན་ཆ། །བིལྤ་ཤིང་མངར་ཤུ་ཏི་དང། །རུ་རྟ་དེ་བཞིན་མ་ནུ་དང། །ཙི་ཏྲ་ཀ་དང་ཐང་ཤིང་ནི། །བཏགས་ཏེ་ཏིལ་མར་འོ་མ་ནི། །ཉེས་འགྱུར་བཅུག་ཏེ་བསྐོལ་བར་བྱ། ། ་གཞང་འབྲུམ་རླུང་ནི་འཁྱིལ་བ་ལ། །འཇམ་རྩིད་བཏང་བའི་མཆོག་ཡིན་ནོ། །གཞང་འབྲུམ་པ་དང་གཟར་ནད་དང། །གཅིན་སྲི་པ་དང་ཟ་གུ་དང། །རྐེད་པ་བ་རླ་ཡི་ནང་རྣམས་དང། །སྦེག་པ་དང་ནི་སྤོས་ནད་དང། །ཁྲག་འཛག་པ་དང་གཞང་ཁ་སྐྲངས། །རླུང ་འཁྱིལ་བ་ནི་སེལ་པར་བྱེད། །དེ་ལ་སོགས་པའི་ནད་རྣམས་ལ། །འཇམ་རྩེར་བཏང་ན་སེལ་འགྱུར་རོ། །གསང་བའི་གནས་དེ་བརྒྱད་པ་ལས། པི་པི་ལིང་ལ་སོགས་པའི་ཏིལ་མར་རོ། །འཚོ་བྱད་ཤིང་མངར་མ་ང?་དང། །པི་པི་ལིང་དང་པོ་སོན་ཚ། །ཤུ་དག ་ང་སྣ་བ་ལ་དང། །བིལྦ་ཉི་ཤུ་ཤིང་ཤུ་ཏི་ནི། །བཏགས་པའི་ལྡེ་གུ་ཏིལ་མར་དང། །འོ་མ་ཉིས་འགྱུར་བཅུག་སྟེ་བསྐོལ། །ཏིལ་མར་འདི་ནི་འཇམ་རྩི་རུ། །བཏང་ན་རླུང་ནད་སེལ་བར་བྱེད། །གསང་བའི་གནས་ལས་འཚོ་བྱེད་ལ་སོགས་པའི་ཏིལ་མར ་རོ། །མ་ཤའི་རྩ་བ་སྲང་བརྒྱ་ནི། །དུས་སུ་སྐྱེས་པ་བཏུང་བར་བྱ། །ཆུ་པྲེ་བཅུ་དྲུག་ནང་དུ་བསྐོལ། །བཞི་ཆ་ལུས་པར་གྱུར་བ་དང། །སྨན་གྱི་ཁུ་བ་དེ་དང་ནི། །ཏིལ་མར་བྲེ་བཞི་བསྲེས་པ་རུ། སྨན་འདི་དག་ནི་སྲང་གཉིས་པ། །མཉམ་བྱས་ལྡེ་གུ་བཅུག ་སྟེ་བསྐོལ། །བཅོད?་དང་ཨ་ཤྭ་གནདྷ?་དང། །རྒྱམ་ཚ་དང་ནི་ཤིང་མངར་དང། །ནིམྦའི་རྩེ་བ་ཤུ་ཏི་དང། །ར་སྣ་ཡང་ནི་བཅུག་སྟེ་བསྐོལ། །མེ་ཆུང་ལ་བསྐོལ་ཏིལ་མར་འདིས། །རླུང་གི་ནད་ཀུན་སེལ་བྱེད་ཅིང། །ལུས་རེངས་པ་ཡི་ནད་རྣམས་ནི། །རབ་ཏུ་འཇོམས ་པར་བྱེད་པ་ཡིན། །རླུང་ལས་གྱུར་པའི་ནང་བརྐྱད་ཅུ། །ཐམས་ཅད་འདི་ཡིས་སེལ་བར་བྱེད། །གསང་བའི་གནས་ཏེ་བརྒྱད་པ་ལས། །མ་ཤའི་ཏིལ་མར་རོ། །ར་སྣ་ལ་སོགས་བཤད་བྱ་ཡིས། །ལེགས་ཐོས་མ་ཡེངས་ཉན་བར་གྱིས། །ར་སྣའི་རྩ་བ་ལོ་མ་དང། ་འབྲས་བུ་ཡལ་ག་སྲང་བརྒྱད་ནི། །བརྡུངས་ཏེ་ཆུ་བྲེ་བཅུ་དྲུག་དང། །བསྐོལ་ལ་བཞི་ཆ་ལུས་པ་ན། །དེ་ཡི་ཁུ་བ་བྲེ་བཞིར་ནི། །ཏིལ་མར་བྲེ་དོ་གཞུག་པར་བྱ། །ང་སྣ་དེ་ཉིད་ལྡེ་གུ་བྱས། །སྲང?་བཅུ་དེང་ནི་གཞུག་བར་བྱ། །དེར་ནི་འོ་མ་བཞི་འགྱུར་དང། །བློ ་ལྡན་སྨན་པས་སྦྱོར་བར་བྱ། །ཁ་ར་སྲང་ནི་བཅོ་ལྔ་དག་།སྲང་བཅུ་ཉེ་བར་གཞུག་པར་བྱ། །ཁ་ར་རྙེད་པར་མ་གྱུར་ན། །བུ་རམ་ཉིས་འགྱུར་གཞུག་པར་བྱ། །མེ་ནི་ཆུང་ངུས་བསྐོལ་ནས་ནི། །ུ་དུམྦ་རའི་སྣོད་ནང་བཞག་།ཏིལ་མར་འདིས་ནི་རླུང་གྱུར་ན། ་བརྒྱད་ནུས་སེལ་བར་བྱེད་པ་ཡིན། །ར་སྣའི་སྦྱོར་བ་ཅི་བཞིན་དུ། །ཧ་ས་?་རའང་དེ་དང་འདྲ། །སྣ་སྨན་བསྐུ་དང་བཏུང་བ་དང། །འཇམ་རྩིའི་ལས་ལའང་བསྔགས་པ་ཡིན། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས། ར་སྣལ་སོགས་པའི་ཏིལ་མར་རོ། །འབྲས ་བུ་གསུམ་དང་ན་ལེ་ཤམ། །བཅའ་སྒ་ལྡོང་རོས་བབ་ལ་དང། །ནག་ཆུར་དུང་བྱིང་གླ་སྒང་དང། །དེ་བཞིན་ཨ་ཀའི?་ལོ་མ་དང། །ཐང་ཤིང་དང་ནི་སེར་པོ་གཉིས། །སྤང་སྤོས་དང་ནི་ཙན་དན་དམར། །འདི་དག་སྲད་རེའི་ཚད་བྱས་བ། །བ་གཅིན་དང་ནི་ལྷན་ཅིག་བསྐོལ། ་ཡུངས་མར་དང་ནི་སུམ་ཅུ་དང། །དུག་ནི་སྲང་གཅིག་གཞུག་པར་བྱ། །ལྕགས་ཀྱི་སྣོད་དུ་མེ་ཆུང་གིས། །རིམ་གྱིས་དེ་ནི་བསྐོལ་བར་བྱ། །ཏིལ་མར་འདི་ཡིས་རྟ་ཡི་ནི། །ལུས་ཀྱི་ནང་རྣམས་སེལ་བར་བྱེད། །གཡན་པ་དང་ནི་རྐང་ཤུ་དང། །དེ་བཞིན་འབྲུམ་བུ་སྣ ་ཚོགས་ནི། །བསྐུས་པ་ཡིས་ནི་སེལ་བྱེད་ཅིང། །གཉེན་པར་ཡང་ནི་འགྱུར་བ་ཡིན། །གང་ཞིག་རྨ་རང་གྱུར་པ་དག་།དེ་ལའང་སྨན་འདི་མཆོག་ཡིན་ནོ། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱང་བ་ལས། དུག་གི་སྙིང་པོ་ཅན་གྱི་ཏིལ་མར་རོ། །རུ་རྟ?་རྒྱ?་ཆ? ་སེར་པོ་གཉིས། །ཀ་ར་བི་ར་ན་ལེ་ཤམ། །ན་ཏ་མན་ཏ་ནི་ཤལ། །སྐམ་པའི་ལ་དང་སྲ་རྩི་པོག་།ཡུངས་ཀར་གླ་སྒང་པ་ཏོ་ལ། །ནིམྦ་སྤང?་མ་སྐྱེར་ཁཎྚ། །བྱི་དང་ཀ་ནི་ཆ་མཉམ་བྱ། །འདི་དང་ཏིལ་མར་བ་གཅིན་ནི། །ཉིས་འགྱུར་བཅུག་ལ ་བསྐོལ་བར་བྱ། །ཏིལ་མར་སྐ་བར་གྱུར་པའི་ཚ། །རྙིང་མར་བཅས་པས་བསྐུས་ན་ནི། །སྔོ་དང་གཡན་པའི་ནད་རྣམས་དང། །མཛེ་ནང་ལོ་མང་ལོན་པ་འཇོམས། །རྐང་ཤུ་དང་ནི་ཤ་བཀྲ་ཡང། །ལན་གཅིག་བསྐུས་པས་སེལ་བར་བྱེད། །མཛེ་ཡི་ནད་ནི་བཅོ ་བརྒྱད་དང། །དབང་པོའི་ཐོས་བབས་ལ་ཏུར་འཇོམས། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས། རུ་རྟ་ལ་སོགས་པའི་ཏིལ་མར་གྱི་ལེའུ་རྫོགས་སོ།། །།ར་སྣ་བ་ལ་སླེ་ཏྲེས་དང། །བ་སྲུ་བ་དང་ཨེ་རན་དང། །ཤི་སྐུ་བཅའ་? ་སྒ་ཐང་ཤིང་དང། ། ཤྭ་གནདྷ་ཉེའུ་ཤིང་བ། །རྩ་བ་ལྔ་པོ་ཨ་རུ་ར། །ས་ཧ་ཙ་ར་སྲུ་སྲུའི་རྩ། །ཆུ་དང་བསྐོལ་བའི་སྨན་ཁུ་འདི། །གུ་གུལ་བཅས་པ་འམ་དེ་གཅིག་པུ། །སྣང་རྩི་དང་ནི་སྦྱར་བྱས་པས། །སྐེ་རེངས་རྒྱབ་རེངས་མཇུག་དོའི་ནད། །གཞང ་འབྲུམ་རོ་སྟོང་ནད་རྣམས་དང། །སྣ་སྣག་འབྱུང་བ་སེལ་བར་ངེས། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས། ར་སྣ་ལ་སོགས་པའི་སྨན་གྱི་ཁུ་བའོ། །བླ་སྣ་བོ་ད་པ་ཐ་དང། །ཤུ་ཐག་དང་ནི་ཨ་རུ་ར། །པུ་ཙེ་ཤེལ་དང་ཁྱི་ལྕེ་བ། །ཐང་ཤིང་དང་ནི་པརྦ ་ཏ། །པི་པི་ལིང་རྩ་བྱི་ཚེར་བ། །སླེ་ཏྲེས་དང་ནི་བཅའ་སྒ་དང། །བ་ཏོ་ལ་ཡི་ལོ་མར་བཅས། །སྨན་ཁུ་བཟང་པོ་བསྐོལ་བར་བྱ། །མེ་དྲོད་བྲི་དང་རིམས་བཅས་དང། །སེམས་ཁོང་ཆུང་དང་ལྐོག་ནད་དང། །གཞོང་འདྲ་སྐྲངས་ནད་ལུད་བ་དང། །མ་ཞུའི་རླུང ་དང་སྟོབས་ཟད་པའི། །རྟ་ཡི་ནད་ལ་བཏང་གྱུར་ན། །ནད་ཀུན་སེལ་བའི་མཆོག་ཡིན་ནོ། །གསང་བའི་གནས་ཏེ་བརྒྱད་པ་ལས། གླ་སྒང་ལ་སོགས་པའི་སྨན་ཁུའོ། །ཤྲིཾ་ག་ཏ་ཀ་ཤྲི་ཤ་ཡི། །ཤུན་པ་ཨརྒའི་རྩ་བ་དང། ། ཤྭ་གནདྷ་ར་སྣ་དང། །སྲལ ་ར་ཡི་རྩ་བ་དང། །ཆ་ནི་མཉམ་པར་སྦྱར་བྱས་ལ། །གཏུན་གྱི་ནང་དུ་འཐེངས?་ཏེ་བསྐོལ། །བཞི་ཆ་ལུས་པར་གྱུར་བ་དང། །དྲོ་འཇམ་རྟ་ལ་བླུད་པར་བྱ། །བྲང་གི་ནད་ནི་ཐམས་ཅད་ལ། །སྨན་ཁུ་འདི་ནི་མཆོག་ཏུ་བསྔགས། །གསང་བའི་གནས་ཏེ་བརྒྱད་པ་ལས། ། ་ཤྲིཾ་ག་ཏ་ཀ་ལ་སོགས་པའི་སྨན་ཁུའི་ལེའུའོ། །སྨན་ཁུའི་ལེའུ་རྫོགས་སོ།། །།རྟ་ནི་མ་ཞུར་གྱུར་པ་དག་།རྩཝ་ཉུང་ཟ་ཞིང་ཡིད་མི་བདེ། །བྱིན་པ་གཉིས་ནི་འཐེད་གྱུར་ཞིང། །ཉམ་ཐག་པ་ཡི་གཅིན་རྟུག་གཏོང། །ཡང་ན་བྱིན་པ་སྐྲངས་བ ་འམ། །རྨ་ཡི་ནད་ནི་འབྱུང་བར་འགྱུར། །སྤོང་དང་ང་རྒྱལ་མེད་འགྱུར་ཞིང། །རྨོངས་བག་མ་ཞུ་ལས་བྱུང་སྐྱེ། །དེ་ལ་ཅི་སྲིད་ནང་ང་ནི། །ཉམ་ཆུང་གྱུར་པར་མྱུར་བར་བཞག་།ཤིན་ཏུ་ན་ན་ན་བཞི་གསུམ། །སེལ་བའི་སྨན་ཁུ་དྲོ་འཇམ་བླུད། །རྟ་ལ་སྨྱུང་བ་བྱས ་རྗེས་ལ། །དུས་མཐུན་ཟས་དང་སྐོམ་བྱིན་ཏེ། །ཞག་ལྔའམ་ཞག་བཞི་བར་དུ་ནི། །རྗེས་སུ་བཏུང་བ་བླུང་པར་བྱ། །དེ་ཡིས་ནད་བྱང་མ་གྱུར་ན། །ནང་སྟོབས་སྐྱེས་ལ་སྨན་བ་ཡིས། །ཞག་བདུན་གྱི་ནི་རྗེས་ལ་ནི། །གཏར་ཀ་ཉེ་བར་གཏང་བར་བྱ། །རྣ་བ་མུར ་འགྲམ་རྩེའུ་ཆུང་དང། །ཟང་གི་རྩ་ལ་གཏར་ཀ་གདབ། །བྱིན་པ་རྐང་པ་ཚེའུ་ཚེ་ཡི། །རྩ་ལས་འཐེང་འགྱུར་གཏར་ཀ་གདག་།ཤི་ལ་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས། མ་ཞུ་བ་སྦྱང་བའོ། །དེ་ནས་རྟ་ཡི་སོ་སོར་བཏུང། །ཁྱད་ལ་ཡང་དག་བཤད་པར ་བྱ། །རྫ?་མོ་ངལ་ལ་པུང། །པི་པི་ལིང་དང་ཙི་ཏྲ་ཀ་།པི་པི་ལིང་གི་རྩ་བ་དང། །བཅའ་སྒ་ཡང་ནི་ཆ་མཉམ་སྦྱར། །འདི་དག་གི་ནི་ཕྱེ་མ་དག་།ཆུ་ཚན་དང་སྦྱར་བླུང་བར་བྱ། །བཙོད་དང་སྦྲང་རྩིད་དང་ཀི་།སེར་བོ་གཉིས་དང་ལོ་མ་བདུན། །བྲི་ཡང་ཀུ་དང་ཁ་ར ་དང། །ཡུངས་ཀར་དམར་དང་པི་པི་ལིང། །འདི་དག་ཆ་ནི་མཉམ་བྱས་ན། །བུ་རམ་ཆང་དང་བ་སྦྱར་བླུང། །འདི་ནི་རྟ་ཡི་ལྟོ་བ་ན། །གནས་པའི་ནད་རྣམས་སེལ་བྱར་བྱེད། །གསང་བའི་གནས་ཏེ་བརྒྱད་པ་ལས། སོ་སོར་བཏུད་པའོ། །པི་པི་ལིང་དང་ན་ལེ་ཤམ? ་བཅའ་སྒ་ཤུ་དག་བྱི་དང་ཀ་།ཤིང་ཀུན་གཡེར་མ་ཅི་ཏྲ་ཀ་།དནབ་དང་ནི་བུ་ཅེ་ཤེལ། །ཆང་དངས་དང་ནི་སྦྱར་བ་ནི། །སོ་སོར་བཏུང་བ་བླུད་པར་བྱ། །གསང་བའི་གནས་ཏེ་བརྒྱད་པ་ལས། །སོ་སོར་བཏུང་བ་གཉིས་པའོ། །པི་པི་ལིང་དང་ལན ་ཚྭ་དང། །ཤུ་དག་དང་ནི་ཤིང་ཚར་བཅས། ། ཛ་མོ་དང་གོ་སྙོང?་དང། །ཙི་ཏྲ་ཀ་དང་ན་ལེ་ཤ་མ། །ཆང་དང་ས་དང་ནི་སྦྱར་བ་ཡི། །རྗེས་སུ་བཏུང་བ་བླུང་པར་བྱ། །འདི་ཡིས་རླུང་ནད་བད་ཀན་གྱི། །ནད་རྣམས་སེལ་བར་བྱེད་བ་ཡིན། །གསང་བའི་གནས་ཏེ ་བརྒྱད་པ་ལས། རྗེས་སུ་བཏུང་བའོ། །ལུས་ཀྱི་རྩ་བ་མཇུག་ཁུང་ཡིན། །སྨན་བླུད་དེར་ནི་རབ་ཏུ་གནས། །འདི་ཡི་རྐང་མཐིལ་སྤྱི་བོའི་བར། །ལུས་ཀུན་བརྟས་པར་བྱེད་པ་ཡིན། །ཁུར་ཆེན་དང་ནི་བཀྲེས་དང་སྐོམས། །ཆང་དང་དེ་བཞིན་རླུང?་རྣམས་ནི། །རྟ ་ཡིས་རབ་ཏུ་རྣགས་ནུས་ཤིང། །རྩ་མེད་ན་ཡང་སེམས་མི་ཞུམ། །རྟ་ནི་ཤ་ཚིལ་རུས་པ་བརྟན། །གོམ་པ་ཤིན་ཏུ་ཡངས་པ་དང། །ལུས་ནི་མཛེས་བར་གནས་བ་དང། །རྒྱབ་དང་རྐང་པ་སྲ་བར་འགྱུར། །ཇི་ལྟར་ཤིང་ནི་རྩ་བ་ནས། །ཆུ་ཡིས་བརླན་པར་གྱུར་པ་ན།། ་ལོ་འདབ་ལ་སོགས་རྒྱས་པར་འགྱུར། །རྟ་ཡི་འཇམ་རྩིའང་དེ་དང་འདྲ། །ལུས་ལ་གནས་པའི་རླུང་ལྔ་པོ། །སྲོག་དང་གྱེན་ཏུ་ཐུར་སེལ་དང། །མེ་དང་སྙམ་གནས་ཁྱབ་བྱེད་རྣམས། །རྗེས་སུ་མཐུན་པར་རྒྱུ་བར་འགྱུར། །ང་ཚེ་ཐུར་སེལ་རླུང་གི་ནི། །མེད ་སྙམ་གནས་སྐྱེད་བར་བྱེད། སྙམ་གནས་ཀྱིས་ཀྱང་ཁྱབ་བྱེད་བསྟེན། །ངེས་ཀྱང་གཞན་དག་བརྟན་པར་བྱེད། །དེ་ལྟར་གོང་ནས་གོང་དུ་ནི། །འདི་དག་རིམ་གྱིས་རྗེས་མཐུན་གནས། །དཔེར་ན་སོས་ཀའི་ཉི་མ་ཡིས། །ས་ལ་གནས་པའི་ཆུ་ཚོགས་ཀྱི། །གཟི ་མདངས་སླངས་པར་གྱུར་ནས་ནི། །ནམ་མཁའ་ཨི་དོས་ལ་གནས་པ་ཡིན། །རྟ་ལ་འཇམ་རྩི་ལེགས་བཏང་བ། །དེ་དང་འདྲ་བར་ཤེས་པར་བྱ། །ཇི་ལྟར་ལེབ་རྒ་ན་རྩིས་བསྒྱུར་བའི། །ཚོན་ནི་འདག་ཆལ་གྱིས་སལ་ལྟར། །དེ་བཞིན་མས་བཏང་ནི་རུ་ཧ། །? ་ལམ་ནས་ཞུགས་གྱུར་པས། །མགོ་ནས་རྐང་པའི་བར་གྱི་ནི། །ནད་རྣམས་སེལ་བར་བྱེད་པ་རིན། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས། མས་བཏང་བའི་ལས་ཀྱི་ཡོན་ཏན་བསྟན་པའོ། །སྣ་སྨན་གཏོང་པའི་སྦུ་གུ་ནི། །སོར་བཅུ་རུ་ནི་བྱ་བར་བཤད། ་ཡང་ན་སྟེང་ནས་བླུང་བྱ་སྟེ། །དེ་ཡང་རས་བལ་ཉིད་ལ་གཟེག་།སྔ་དྲོ་ལྟོ་སྟོང་གྱུར་པ་ཡི། །རྟ་ཡི་ལུས་ནི་དྲང་བོར་བཞག་།འཕྲལ་དུ་བླུང་ཀྱིས་རྒྱུན་ཏུ་མིན། །དབུགས་དབྱུང་ཚེ་ན་སྤྱང་པར་བྱ། །སྣ་སྨན་བཏང་བརྩོལ་བ་དང། །ཆུ་འཐུངས་པ་ལས་བསྲུང་བར་བྱ། །གསང ་བའི་གནས་ལས། སྣ་སྨན་བཏང་བའི་ཆོ་གའོ། །རུ་རྟ་ཡུང་བ་པི་པི་ལིང། །བཅའ་སྒ་ཤིང་ཁུན་སྐྱེར་ཁན་དང། །པྲི་ཡང་ཀུ་དང་ར་སྣ་ནི། །ལྷ་ཅིག་སྦྱར་ཏེ་བཏགས་པར་བྱ། །སྨན་ཁུ་དེ་ལ་ར་སྣ་ནི། བཞི་ཆ་སླར་ཡང་གཞག་པར་བྱ། །སྣ་སྨན་འདི་ནི་གཉེའུ་རེངས་དང། ། ་སྣ་རྩའི་ནང་ལ་བཏང་བར་བྱ། །དེ་ནི་འཐེང་དང་བྲང་ཁ་ན། །འགྲམ་པ་དང་ནི་བརླ་རོངས་དང། །རླུང་དང་བད་ཀན་ལས་གྱུར་པའི། །ནད་ཀུན་སེལ་བར་བྱད་པ་ཡིན། །གསང་བའི་གནས་ལེ་རུ་རྟ་ལ་སོགས་པའི་སྣ་སྨན་ནོ། །བུ་རམ་བཅའ་སྒའི་རབ་འམ། །པི་པི་ལིང་དང ་རྒྱ་མཚར་སྦྱར། །སྣ་སྨན་བཏང་ན་འགྲམ་པ་སྣང། །དཔུང་པ་མགོ་ཡི་ནད་རྣམས་དང། །ལྐོག་ནད་དང་ནི་རྣ་བའི་ནད། །རྒྱབ་རེངས་སེལ་བར་བྱེད་པ་ཡིན། །གསང་བའི་གནས་ལས་བཅའ་སྒ་ལ་སོགས་པའི་སྣ་སྨན་དོ། །པི་པི་ལིང་དང་བཅའ་སྒ་དང། །རྒྱམ་ཆ ་བྲི་ཧ་ཏའི་འབྲས་བུ། །བ་གཅིན་དང་ནི་སྦྱར་བ་དག་།སྣ་སྨན་དུ་ནི་བཏང་བར་བྱ། །སྣ་སྨན་འདི་ཡིས་རེངས་པའི་ནད། །ཅུང་ཟད་རྙིངས་པར་འགྱུར་བ་ཡིན། །གསད་པའི་གནས་ལས་པི་པི་ལིང་ལ་སོགས་པའི་སྣ་སྨན་ནོ། །བྲི་ཧ་ཏ་ཡ་འབྲས་བུ་ནི། །ཆུ་དང་བཅས་པ ་ཞིབ་ཏུ་བཏགས། །སྣ་སྨན་སྦྱང་བར་བཏང་གྱུར་ན། །ནི་ར་ན་ཀའི་ནད་སེལ་འགྱུར། །གསང་པའི་གནས་ལས་བྲི་ཧ་ཏའི་འབྲས་བུ་ལ་སོགས་པའི་སྣ་སྨན་ནོ། །ཤྲི་ཤ་ནི་དང་ཛི་བིནྟ། །ཤུ་དག་ར་སྣ་ཐང་ཤིང་དང། ། ར་ཤ་དང་བཅས་པ་ནི། །བ་གཅིན་གྱི ་ནི་ནད་དུ་བསྐོལ། །རླུང་ལས་གྱུར་པའི་ནད་བརྒྱད་ཅུ། །སེལ་བར་བྱེད་པར་ཐེ་ཚོམ་མེད། །གསང་བའི་གནས་ལས་ཤྲི་ཤ་ལ་སོགས་པའི་སྣ་སྨན་གྱི་ལེའུའོ། ། ཤྭ་གནདྷ་ཤུ་དག་དང། །གཉེའུ་ཤུ་ཏི་རུ་རྟ་ཐང་ཤིང་དང། ། བ?་དང ་ནི་ཨ་སུ་ཤ་།སེན་རུ་བ་ར་སེར་པོ་གཉིས། །ཆུ་ཡི་ནང་ཞུ་བསྐོལ་ནས་ནི། །བཞི་ཆ་ལུས་པར་གྱུར་པ་ནི། །རླུང་ནད་ཅན་གྱི་རྟ་རྣམས་ལ། །མས་བཏང་བ་ཡི་སྦྱོར་བ་བྱ། །རླུང་ནད་སྐེད་པའི་ཚིགས་གནས་དང། །དེ་བཞིན་བརླ་ལ་བརྟེན་པ་ལ། །རུས་པ ་ལ་གནས་དེ་ཐམས་ཅད། །མྱུར་དུ་སེལ་བར་བྱེད་པ་ཡིན། །མདོག་དང་སྟོབས་ནི་སྐྱེད་བྱེད་དེ། །རྟ་ཡི་འཇམ་རྩིའི་མཆོག་གྱུར་ཡིན། །སྦྱོར་བ་འདི་ཡིས་ལམ་རིངས་སུ། །བསྐོལ་ཡང་གནོད་པ་མེད་པར་འགྱུར། །འདི་བྱས་གྱུར་ན་རྟ་དེ་ནི། །རང ་གི་ལུས་སྟོབས་བྲི་མི་འགྱུར། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས། ཨ་ཤྭ་གནདྷ་ལ་སོགས་པའི་འཇམ་རྩིའོ། ། བུཥཔ་དང་ལྕེ་མྱང་ཚ། །ཙི་ཏྲ་ཀ་དང་དབྱི་མོང་དང། །ཤུ་ཏི་རུ་རྟ་ཤུ་དག་དང། །ཐང་ཤིང་དང་ནི་ཡུངས་ཀར་རྣམས།། ་སྨན་གྱི་ཕྱེ་མར?་བྱས་པ་ཡིས། །འཇམ་རྩིའི་སྦྱོར་བ་བྱས་གྱུར་ན། །རླུང་གི་ནད་ནི་བརྒྱད་ཅུ་དང། །མཁྲིས་པའི་ནད་ནི་བཞི་བ་ཅུ་དང། །བད་ཀན་ནད་ནི་ཉི་ཤུ་དག་།འཇམ་རྩི་འདི་ཡིས་སེལ་བར་འགྱུར། །ཤ་ལ་ཧོ་ཏྲའི་གསང་བའི་གནས ་ལས། ཨ་བུ་ཤ་ལ་སོགས་པའི་འཇམ་རྩིའི། །རྟ་ལ་ཕན་པར་འདོད་པ་ཡིས། །རུ་རྟ་བརྒྱད་པར་བཤད་པར་བྱ། །རུ་རྟ་ཤུ་ཏི་ཤིང་མངར་དང། །ེ་རཎྚ་དང་ཐང་ཤིང་དང། །སྐྱེར་པ་དང་ནི་ཧ་པུ་ཤིང། །བོ་སོན་ཆ་ཡི་འབྲས་བུ་ནི། །ཆ ་མཉམ་ཉིད་དུ་བསྡུས་ནས་ཀྱང། །ཕྱེ་མ་ཞིབ་མོར་བཏགས་ནས་ནི། །ཕྱེ་མ་དེ་ལས་སྲང་གཅིག་ཅིག་།མར་རམ་ཏིལ་མར་དང་སྦྱར་ལ། །འཇམ་རྩི་རྟ་ལ་བཏང་གྱུར་ན། །རླུང་མཁྲིས་པ་ཡི་ནད་རྣམས་སེལ། །ཁུ་བ་ཟད་དང་གཅོད་ཆེན་དང། །རླུང? ་ནད་སྨད་དུ་ཞུགས་པ་དང། །རླིག་སྐྲངས་གཅིན་ནི་སྲི་བ་དང། །རླུང་ནད་ཀྱིས་ནི་སེམས་བཅོམ་ལ། །དུས་དང་མཐུན་པའི་སྣུམ་དང་ནི། །བྱིན་ན་ཕན་པར་འགྱུར་བ་ཡིན། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ལས། རུ་རྟའི་བརྒྱད་པ་ཞེས་བྱ་བའི་འཇམ་རྩིའོ།། ་པི་པི་ལིང་དང་བཅའ་སྒ་དང། །ན་ལེ་ཤམ་དང་དུར་བྱིད་དང། །བྲི་ཏ་ཏ་ཡི་འབྲས་བུ་དང། །གུར་གུམ་དེ་བཞིན་ག་བུར་དང། །གླ་རྩི་དང་ནི་རྒྱ་སྤོས་དང། །དེ་བཞིན་སྨིག་རྐང་ཉིད་དང་ནི། །སྐྱེར་པ་རྣམས་ནི་ཆ་མཉམ་བྱས། །ཕྱེ་མར་ཞིབ་དུ་བཏགས་པར་བྱ། ། ་དེ་ལས་འཇམ་རྩིའི་སྦྱོར་བ་ནི། །བྱས་ཏེ་རྟ་ལ་བཏང་གྱུར་ན། །རླུང་དང་མཁྲིས་པའི་ནད་རྣམས་ནི། །འཇམ་རྩི་འདི་ཡིས་སེལ་བར་བྱེད། །གསང་བའི་གནས་ལས། པི་པི་ལིང་ལ་སོགས་པའི་འཇམ་རྩིའོ། །ཤ་ཁ་ར་ནི་སྲང་གཅིག་དང། །མ་དུ་ཀ་ནི་སྲང ་གཉིས་དང། །དེ་བཞིན་མར་ནི་སྲང་ལྔ་དང། །འོ་མ་ལས་ཀྱང་སྲོང་བཅུ་དྲུག་།འོ་མའི་འཇམ་རྩི་འདི་བཏང་ན། །མཁྲིས་པའི་ནད་རྣམས་སེལ་བར་འགྱུར། །ཁྲག་དང་མཁྲིས་པ་ཞི་བྱེད་ལ། །སྟན?་དང་སོས་ཀའི་ཚེ་ན་བསྔགས། །གསང་བའི་གནས་ལས། འོ ་མའི་འཇམ་རྩིའོ། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས། འཇམ་རྩིའི་ལེའུའོ། །ཕྱེ་མ་མར་ནི་ཁ་ར་འམ། །བུ་རམ་དག་དང་སྦྱར་བྱས་ལ། །ཆུ་འདྲ་དག་དང་བསྐྱོས་པ་ནི། །ནང་པར་རྟ་ལ་བྱིན་གྱུར་ན། །ངལ་དང་སྟོབས་དང་དབུག་མི་བདེ།། ་གཅིན་འགགས་པ་ཡི་ནད་རྣམས་ནི། །འདི་ཡིས་འཕྲལ་དུ་ཞི་བྱེད་ཅིང། །སྟོབས་ཀྱང་སྐྱེད་པར་བྱེད་པ་ཡིན། །སྦེག་དང་གཙེང་ཆེན་གྱིས་ཉེན་དང། །ཉམ་ཆུང་ལམ་གྱིས་དུབ་པ་ལ། །འོ་མ་མར་དང་ཕྱེར་བྱས་པའི། །ལྡེ་གུས་དེ་ལ་སྦྱིན་པར་བྱ། །ཡང་ན་ཕྱེ ་མར་པི་པི་ལིང། །ཁ་ར་དང་སྦྱར་སྦྱིན་གྱུར་ན། །སེམས་ནི་གསལ་པར་འགྱུར་བ་ཡིན། །མཁྲིས་ནད་ངལ་བ་སེལ་བར་འགྱུར། །ལུས་ཀྱིས་སྦོམ་པ་ཉིས་འགྱུར་བས། །རྟག་ཏུ་རྟ་ལ་འདི་སྦྱིན་བྱ། །སྔ་དྲོ་ཁྲུས་བྱས་ཆུ་འཐུངས་ནས། །ཕྱེ་ཡི་ལྡེ་གུ་སྦྱིན་པར་བྱ།། ་གང་གིས་ཁོང་པར་རླུང་ཞུགས་དང། །ལུས་ལ་མཁྲིས་པས་ཉེན་གྱུར་པ། །དེ་ལ་བཏུང་བ་དང་སྦྱར་སྦྱིན། །རླུང་མཁྲིས་ནད་རྣམས་སེལ་བར་བྱེད། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་བ་ལས། ཕྱེ་མའི་ལྡེ་གུའོ། །ཡ ་བཀྵར་ཚ་བ་གསུམ། །སེར་པོ་གཉིས་དང་ཙིཏྲ་ཀ་།ཀ་ར་བིར་དཀར་རྩ་བ། །ལྕེ་མྱང་ཚ་དང་བཅས་པ་དང། །རྐའི་རྩ་བ་པི་ཤ་ལ། ཁང་པའི་དུད་པ་ཡུངས་ཀར་བཅས། །དེ་བཞིན་ས་རྫི?་ཀྵ་ར། །དུག་ནི་ཆ་ཕྱེད་དང་བསྲེས་པ། །རང་སྐྱུར་དང་ནི ་བཏགས་ནས་ཀྱང། །གྲིབ་མ་ལ་ནི་སྐམ་པར་བྱ། །བ་གཅིན་དང་ནི་སྦྱར་ནས་ཀྱང། །སྔ་དྲོ་མཛེ་ཅན་རྟ་ལ་སྦྱིན། ལྡན་ལྡིན་རྣམ་པར་སྦྱར་ནས་ཀྱང། །ཐལ་སྨན་གྱིས་ཀྱང་དྲིལ་ཕྱིས་བྱ། །ཕྱི་བ་དང་ནི་བསྐུ་བ་དང། །ཞག་བདུན་གྱི་ནི་བར་དུ་བྱ། །འདི ་ཡིས་འབུས་ཟོས་སྦྲུལ་གྱིས་ཟིན། །གཡན་པ་སྔོ་དང་འབྲུམ་ཕྲན་དང། །དེ་བཞིན་པགས་པའི་ནད་གཞན་དང། །སྡིག་པ་དང་ནི་དེ་བཞིན་དུ། །སྲོག་ཆགས་གདུག་པས་ཟིན་པ་དང། །རྐང་ནད་གསོར་ནི་མི་རུང་རྣམས། །ངེས་པར་སེལ་བར་བྱེད་པ་ཡིན། ། ་ཐལ་སྨན་གྱི་ནི་སྦྱོར་བ་འདི། །དྲང་སྲོང་རྣམས་ཀྱིས་སྔོན་ཚེ་བཤད། །འདི་ཡིས་རྨ་རེག་རྟག་ཏུ་ནི། །སྦྱང་བར་བྱེད་པར་ཐེ་ཚོམ་མེད། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས། །རྐའི་ཐལ་སྨན་ནོ། །ནས་ཚིག་འཁུས་ཐལ་ཆོ་ག་བཞིན། །བྱིན ་བ་དེ་ཡི་ཡོན་ཏན་གང། །དེ་ནི་ང་ཡིས་བཤད་པར་བྱ། །ངེས་བཤད་པ་ལས་མཉན་པར་གྱིས། །ཆེན་པོ་ལ་ནི་སྲང་གཅིག་བྱིན། །ཆ་གཅིག་ཕྲི་བ་བར་མ་ལ། །ཐ་མ་ལ་ནི་སྲང་ཕྱེད་བྱིན། །ཡང་ཐལ་ལ་ནི་ཞོ་གཉིས་སོ། །དབྱར་ཚེ་ཏིལ་མར་དང་སྦྱར་བ།། ་རྟག་ཏུ་སྦྱིན་པར་བྱ་བ་ཡིན། །དུས་ཀུན་ཏུ་ནི་མར་བཅས་པར། །བྱིན་པར་གྱུར་བ་རབ་ཏུ་བསྔགས། །འདི་ཡིས་སྒྲངས་པ་དྲུག་དང་ནི། །མཛེ་ནད་ཁོང་པའི་སྲིན་བུ་དང། །རླུང་འཁྱིལ་བ་དང་སྦོས་ནང་དང། །གཟེར་གྱི་ནང་དང་གཞང་འབྲུམ་དང། །ཕོ་བ་ཡིན་ནད ་རྣམས་དང། །ཁ་ཡི་ནད་རྣམས་མ་ལུས་དང། །ཤུ་བའི་ནད་རྣམས་སེལ་བ་ཡིན། །དེ་ནི་ཚད་ཙམ་བྱིན་གྱུར་ན། །སྟོབས་སྐྱེད་མདོག་ནི་གསལ་བར་བྱེད། །རྟ་ལ་ནས་ཚིག་འཁུས་ཐལ་བ། །བཅུང་ལེན་མཆོག་ནི་ཡིན་པར་བཤད། །རྟ་གང་རྟག་ཏུ་འདི་འཐུང་བ ་དེ་ནི་རྟག་ཏུ་ནད་མེད་འགྱུར། །དེ་ནི་རླུང་གི་ནད་རྣམས་དང། །མཁྲིས་པ་དང་ནི་བད་ཀན་དང། །ལྡན་པ་དང་ནི་འདུས་པ་དང། །དེ་བཞིན་གློ་བུར་བ་ཡི་ནང། །ཁྲག་ལས་བྱུང་བའི་ནད་རྣམས་སེལ། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས། ནས་ཚིག་འཁུས ་པའི་ཐལ་བའི་ཆོ་གའོ། །དེ་ནས་གཞན་ཡང་ལན་ཚྭ་ཡི། །ཆོ་ག་དམ་པ་བཤད་པར་བྱ། །ལན་ཚྭ་ཡི་ནི་ཡོན་ཏན་རྣམས། །བཤད་ཀྱིས་དེ་ནི་ཉན་པར་གྱིས། །རྒྱམ་ཚ་རྟ་ལ་ཕན་པའི་མཆོག་།རླུང་དང་བད་ཀན་སེལ་བར་བྱེད། །དེ་ཡིས་སྙིང་ནད་མ་ཞུ་བའི་ནད ་རྣམས་སེལ་པར་བྱེད་པ་ཡིན། །རྟ་ནི་ནད་མེད་པར་འགྱུར་ཞིང། །རྔ་ཐོག?་ཀྱང་ནི་ལེགས་པར་སྐྱེ། །ཕོ་བའི་ནད་རྣམས་འབྱུང་མི་འགྱུར། །ཇོས་པ་མྱུར་དུ་འཇུ་འགྱུར་ཞིང། །བདེ་བ་ཁོ་ནར་སྨིན་པར་བྱེད། །ལན་ཚྭས་རྟ་ཡི་གཅིན་རྟུག་དག་།བྱེད་བ་ཁོ་ནར་འབྱུང་བར ་འགྱུར། །ལན་ཚྭ་རྟ་ཡི་ཚེ་ཡིན་པར། །དུས་ནི་རྟག་ཏུ་བསྔགས་པ་ཡིན། །སྨན་པས་དགུན་སྟོང་དགུན་སྨད་ཚེ། །ལན་ཚྭ་སྔ་དྲོ་སྦྱིན་པར་བྱ། །དཔྱིད་དང་སོས་ཀ་དབྱར་དང་སྟོན། །ཕྱི་དྲོའི་དུས་སུ་སྦྱིན་པར་བྱ། །རྟ་ནི་མཆོག་ཏུ་གྱུར་པ་ལ། །ལན་ཚྭ་སྲང་དྲུག་སྦྱིན་པར་བྱ།། ་བར་མ་ལ་ནི་སྲང་བཞི་སྦྱིན། །ཆུད་པ་ལ་ནི་སྲང་གསུམ་སྦྱིན། །དབྱར་གྱི་ཚེན་ལན་ཚྭ་ནི། །ནིམཔའི་ལོ་མ་དང་སྦྱར་སྦྱིན། །དགུན་གྱི་ཚེ་ནི་དགུན་ཐ་ཡི། །ལོ་མ་དང་བཅས་སྦྱིན་པར་བྱ། །པ་ཏོ་ལ་ཡི་ལོ་མར་བཅས། །དགུན་སྨད་དང་ནི་དཔྱིད་དུས་སྦྱིན། །སོས?་ཀ་དང་ནི་སྟོན ་གྱི་ཚེ། །མར་དང?་སྦྱར་བ་སྦྱིན་པར་བྱ། །ལན་ཚྭ་ཡི་ནི་སྦྱར་བ་འདི། །བུ་ལ་ང་ཡིས་བཤད་པ་ཡིན། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས། ལན་ཚྭའི་ཆོ་གའོ། །ཚངས་པ་དྲག་པོ་ཁྱབ་འཇུག་ནི། །བད་ཀན་མཁྲིས་པ་རླུང་དག་ཅན། །? ་རྟེན་བར་བྱེད་བ་དང། །གཅིག་ལ་གཅིག་ནི་མ་འདྲེས་གནས། །དེ་ལ་ཚངས་བ་བད་ཀན་ཏེ། །དྲག་པོ་མཁྲིས་བ་ཡིན་པར་བཤད། །ཁྱབ་འཇུག་རླུང་གི་བདག་ཉིད་ཅན། །དེ་ལྟར་ཚུལ་ནི་རྣམ་གསུམ་ཡིན། །ས་ལ་བཅོས་མས་གནས་པ་ཡིན།། ་ཚངས་པ་ལ་སོགས་ལྷ་གསུམ་པོ། །ལུས་ཅན་རྣམས་ཀྱི་བརྟན་པའི་རྒྱུ། ། རུ་ར་དང་སྐྱུ་རུ་ར། །བ་རུ་དང་འབྲས་བུ་གསུམ། ། འདི་ཡི་ཡོན་ཏན་རྣམས་དང་ནི། །སྦྱོར་བའི་ཁྱད་པར་བཤད་པར་བྱ། །རྐེང་པ་བརླ་ཡི་ནད་སེལ་ཅིང། །ལུས་ཟད་ཐམས་ཅད་དང་བར ་བྱེད། །མདོག་དང་སྟོབས་ནི་སྐྱེད་པའི་མཆོག་།དེ་བཞིན་གནས་གསུམ་སྦྱོར་བར་བྱེད། །འདིས་ནི་མེ་དྲོད་སྐྱེད་བྱེད་ཅིང། །སྨིན་དང་བརྟས་བྱེད་མཆོག་ཡིན་ནོ། །དེ་བས་རླུང་དང་མཁྲིས་པ་དང། །བང་ནད་འཁྲུགས་པར་གྱུར་པ་ན། །འབྲས་བུ་གསུམ་སྐོལ ་སྦྱོར་བ་ཡིས། །ནད་ནི་སྦྱོད་བར་བྱེད་པ་ཡིན། ། རུ་ར་ནི་ཆ་གཅིག་སྟེ། །བ་རུ་ར་ནི་དེའི་ཉིས་འགྱུར། །སྐྱུ་རུ་ར་ནི་བ་རུ་རའི། །ཉིས་འགྱུར་ཁོ་ན་གཞུག་པར་བྱ། །སྨན་ནི་བྲེ་གང་དག་དང་ནི། །ཆུ་ནི་བྲེ་བཞི་བསྐོལ་བར་བྱ། །བཞི་ཆ་ལུས་པར་གྱུར་པ་དང། །སྨན ་ཁུ་དེ་ནི་ཐབ་ལས་དབོག་།ཚགས་ཀྱིས་ལེགས་པར་གཙགས་ནས་ནི། །དུས་ཀྱི་ཆོ་ག་ཤེས་པ་ཡི། །མ་སྟོབས་ཆེ་ཆུང་བརྟགས་བས་ལ། །རྟ་ལ་ཉེ་བར་བླུང་པར་བྱ། །རླུང་ནད་ཅན་ལ་ཏིལ་མར་སྦྱིན། །མཁྲིས་པ་ཅན་ལ་མར་སྦྱར་བླུང། །བད་ཀན་ཅན་ལ ་སླེ་ཏྲེས་དང། །པི་པི་ལིང་དང་སྦྱར་བ་བླུང། །མིག་གི་ནད་དང་རླིག་སྐྲངས་དང། །རྨ་དང་རུས་ནད་འཁུམས་པ་དང། །རྡོ?་དང་གཡན་པ་འབྲུམ་ཕྲན་དང། །འབྲུམ་བུ་ལྟོ?་ཡི་ནད་རྣམས་དང་།དེ་བཞིན་ལྟོ་ནད་གཞོང་འདྲ་དང། །ལྐོག་ནད་འབྲས་ཀྱི་ཕྲེང་བ ་ལ། །ཞག་ནི་ཉི་ཤུ་རྩ་གཅིག་པར། །བླུང་ན་བདེ་བ་ཐོབ་པར་འགྱུར། །ཤ་ལི་ཧོ་ཏྲའི་གསོང་བའི་གནས་ཏེ་བརྒྱད་པ་ལས། འབྲས་བུ་གསུམ་གྱི་སྦྱོར་བའོ། །ལེགས་ཐོས་ཐོས་པ་ཕུན་ཚོགས་བས། །ཤ་ལི་ཧོ་ཏྲ་ལ་དྲིས་པས། ། རུ་ར་ནི་གང་ནས་སྐྱེས།། ་རིགས་ནི་དུ་ཞིག་རོ་དུ་མཆིས། །སྐྱེ་གནས་རྣམ་བ་དུར་ཤེས་བགྱི། །མིང་དང་ཁ་དོག་མཚན་ཉིད་དང། །རྟ་ཡི་ཉེས་བ་གང་དང་གང། །སེལ་འགྱུར་ཐུབ་མཆོག་ཁྱེད་ཀྱི་གསུངས། །བུ་ཡིས་དེ་སྐད་དྲིས་པ་དང། །ཤ་ལི་ཧྲོ་ཏྲས་སླར་སྨྲས་བ། །བརྒྱ་བྱིན་བདུད་རྩི་འཐུང་པ་ནི། ། ་ཐིགས་པ་ས་ལ་ལྷུང་བར་འགྱུར། །དེ་ལས་རིགས་དང་ཡོན་ཏན་ནི། །ཐམས་ཅད་དང་ལྡན་སྨན་སྐྱེ་འགྱུར། །བསིལ་དང་བདུད་རྩིའི་ཐིགས་ལས་བྱུང། །ཡོན་ཏན་གསུམ་ལྡན་ཨ་རུ་ར། །ལན་ཚྭ་ཉིད་ནི་མ་གཏོགས་པ། །རོ་ལྔ་དང་ནི་ལྡན་བཤད་དེ། །བསྐ་དང་མངར?་དང ་ཚ་བ་དང། །ཁ་དང་སྐྱུར་བར་གྲགས་དང་ལྡན། དེ་ལྟར་རོ་ལྔ་བཤད་ནས་ནི། །དེ་ཡི་མིང་ནི་བཤད་པར་བྱ། །རྣམ་རྒྱལ་འཕེལ་བ་ཞེས་བྱ་དང། །སྐེམ་བྱེད་དེ་བཞིན་བདུད་རྩི་དང། །ནག་པོ་དང་ནི་འཇིགས་མེད་དང། །འཚོ་བྱེད་ཅེས་ནི་མིང་དུ་གྲགས། །རྣམ་རྒྱལ་སྐུ་བ་ལ ་ཏུར?་ཟླུམ། །འཕེལ་བྱེད་ཤིན་ཏུ་ཟླུམ་པ་ཡིན། སྐེམ་བྱེད་རུས་པ་ཆེ་ཞིང་དཀར། །བདུད་རྩི་རྩེ་མོ་སྦོམ་པ་ཡིན། །འཚོ་བྱེད་གསེར་གྱི་མདོག་ཅན་ད?། །འཇིགས་མེད་ཟུར་ནི་ལྔ་བ་ཡིན། །ནག་པོ་ཟུང་གསུམ་པ་ཉིད་དེ། །རིགས་ནི་བདུན་དུ་ཤེས་པར་བྱ། །འཇིགས ་མེད་རྟ་ཡི་རྐང་པ་ཡི། །ནད་ལ་རྟག་ཏུ་བཏང་པར་བྱ། །འཕེལ་བྱེད་དང་ནི་བདུད་རྩི་དག་།རྟག་ཏུ་ལྟ་བའི་ལུས་ལ་བཏབ། །ནག་པོ་སྤྱོད་བར་བྱེད་པར་བཤད། །འཚོ་བྱེད་སྟོབས་ནི་འཕེལ་བར་བྱེད། །སྐམ་བྱེད་མིག་གི་ནད་ལ་བཏང། །རྣམ་པར་རྒྱལ་བ་འཁྲུ་བར་བྱེད། ་དེ་ལྟར་རིགས་དང་མི་དག་གི། །རྣམ་པ་བདུན་དུ་བཤད་བ་ཡིན། །རླུང་དང་མཁྲིས་པ་ལས་གྱུར་དང། །ཁྱད་པར་དུ་ནི་བད་ཀན་ནང། །མངོན་དུ་འཕྲོ་བྱེད་ཨ་རུ་ར། །སྐྱུར་བས་རླུང་ནི་སེལ་བར་བྱེད། །མངར་དང་ཁ་བས་མཁྲིས་བ་སེལ། །ཚ་དང་བསྐ་བས་བད་ཀན ་སེལ། །དེ་བས་ཉེས་གསུམ་འཇོམས་ཞེས་བཤད། །རྟ་ལ་ཇི་ལྟར་སྦྱིན་བྱ་བ། །དེ་ཡི་ངེས་བ་མཉན་པར་གྱིས། །བ་གཅིན་ནང་དུ་ཟླ་བ་གཅིག་། རུ་ར?་ནི་བཞག་པར་བྱ། །དང་པོའི་ཞག་ནི་རྡོག་མ་ལྔ། །གཉིས་པ་ལ་ནི་བཅུ་སྦྱིན་བྱ། །ཞག་ནི་ཉི་ཤུ་རྩ་གཅིག་བར། ་ལྔ་ལྔ་ཡིས་ནི་སྐྱེད་པར་བྱས། །ནིམ་པ་ཡི་ནི་ཁུ་བ་དང། །སེང་ལྡེང་ཁུ་བ་དང་བཏགས་ལ། །ལྕགས་ཀྱི་སྣོད་ཀྱི་ནད་བཅུག་སྟེ། །མཚན་མོ་བཀབ་སྟེ་དབེན་བར་བཞག་།ལྡེ་གུ་བཏད་བའི་ཚད་གང་ཡིན། །སྣུམ་གྱི་ཚབ་ཀྱང་དེ?་ཙམ་དུ། ། ་སྨན་པ་མཆོག་གིས་སྦྱིན་བྱ་ཡིས། །སྣུམ་མངས་སྐྱོན་ནི་ཡོད་ཤེས་བྱ། །ཤུ་བ་གཡན་པ་འབྲུམ་བུ་དང། །མཛེ་ནད་རྐང་ཤུ་འབྲས་དང་ནི། །ནང་ནི་རྐང་ལ་ཞུགས་པ་དང། །གཞང་འབྲུམ་དང་ནི་ཤ་བཀྲ་དང། །དེ་བཞིན་རྟ་ཡི་རྐང་པའི་ནང། ། རུ་ར་ཡིས ་སེལ་བར་བྱེད། །དབྱར་ཆེ་རྒྱམ་ཚ་དང་བཅས་སྦྱིན། །སྟོན་ནི་ཁ་ར་ཨ་རུ་ར། །དགུན་ནི་བཅའ་སྒ་དང་བཅས་པ། །དགུན་སྨད་ཁ་རུ་ཚ་དང་བཅས། །སྦྲང་རྩི་དང་སྦྱར་དཔྱིད་ཚེ་སྦྱིན། །སོས་ཀ་བུ་རམ་སྦྱར་བ་སྦྱིན། །དེ་འདྲས་མེ་ཡིས་ཤིང་བསྔགས་ལྟར། །ནད ་ཀྱི་ཚོགས་རྣམས་ཟང་བར་བྱེད། །གནད་དང་རུས་པ་ཚིགས་གནས་དང། །དྲུག་མདོ་དང་ནི་གནས་པའི་ནང། །རླུང་མཁྲིས་ལས་ནི་གྱུར་པ་དང། །དེ་བཞིན་བད་ཀན་ལས་གྱུར་དང། །ཁྲག་ལས་གྱུར་བའི་ཡན་ལག་གི་།ནང་ནི་སྣ་ཚོགས་གནས་པ་སེལ། ། ་བློ་དང་སྟོབས་དེས་དབང་པོ་ཡི། །ཚོགས་ཀྱི་ཁ་ནི་མཇེད་པ་ཡིན། །རླུང་དང་མཁྲིས་བ་བད་ཀན་གྱི། །ནད་རྣམས་ཁ་ནི་འཇུམས་བ་བྱེད། །གཅིན་དང་དེ་བཞིན་རྟུག་པ་དང། །དྲི་མ་རྣམས་ནི་སྦྱོང་བྱེད་བ། ། རུ་རས་ནི་རྟ་ཡི་ནི། །ནད་ནི་མ་ལུས་འཇོམས ་བར་བྱེད། །ཤ་ལི་ཧོ་ཏྲ་གསང་བའི་གནས་ཏེ་བརྒྱད་པ་ལས། ། རུ་ར་ཡི་ཆོ་གའ། །ཤ་ལི་ཧོ་ཏྲ་ཐུབ་མཆོག་ལ། །ལེགས་ཐོས་ཀྱིས་ནི་ཡོངས་དྲིས་པ། །གུ་གུལ་ཇི་ལྟར་བྱུང་གྱུར་ཅིང། །རང་བཞིན་མཆན་ཉིད་ཅི་འདྲ་ལགས། །ཚད་དང་ཚུལ་ནི་ཇི་ཙམ ་ཞིག། ནད་ནི་གང་ལ་བཏང་བར་བགྱི། །བུ་ཡིས་དེ་སྐད་དྲིས་པ་དང། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །བདུད་རྩི་བསྲུབས་པར་གྱུར་པའི་ཆ། །ཐིགས་པ་ཕྲ་མོར་འཐོར་གྱུར་བ། །ཇམྦུའི?་ཆུ་བོ་གྲུབ་པ་དང། །དྲི་ཟས་རྟན་པའི་གནས་སུ་བབ། །དེ་ལས་རྩ་བ་རྒྱས ་པ་ཡི། །ཤིང་ནི་ཆེན་པོར་སྐྱེས་པར་གྱུར། །དེ་ཡི་ཁུ་བཅུད་འཛགས་གྱུར་པ། །གུ་གུལ་ཞེས་ནི་བྱ་བར་གྲགས། །བསྐ?་ཞིང་ཚ་ལ་ཁ་བ་སྟེ། །ཞུ་རྗེས་དངར་པོ་མིན་པར་བཤད། །སྨིན་པ་ཛམ་བུའི་གསེར་འདྲ་ཞིང། །སྨིན་པ་གྷི་ཝང་ལྟ་བཱུང་ཡིན། །དེ་འདྲའི་སེར་མདོག ་རྟེན་འོང་ཡིན། །དེ་ལས་ཟློག་པ་སྨན་པར་འོང། །ཞག་བདུན་བ་གཅིན་དང་སྦྱར་བ། །ཞག་པ་དུན་འབྲས་བུ་གསུམ་དང་སྦྱར། །ཞག་བདུན་མར་དང་སྦྱར་རྟེན་པ། །རྗེས་སུ་མཐུན་པ་བཏང་བར་བྱ། །རླུང་གི་ནད་ལ་མར་དང་སྦྱར། །བད་ཀན་ནད་ལབ་གཅིན་སྦྱར། །མཁྲིས་པ ་འབྲས་བུ་གསུམ་སྦྱར་བཏང། །འདི་དག་ཚུལ་ནི་རྣམ་གསུམ་ཡིན། །སོས་ཁ་དང་ནི་དབྱར་གྱི་ཚེ། །མར་དང་སྦྱར་ཏེ་སྦྱིན་པར་བྱ། །སྟོན་གྱི་ཚེ་ནི་དགུན་སྟོད་ནི། །འབྲས་བུ་གསུམ་ཁུ་དང་དང་སྦྱར་བཏང། །དགུན་སྨད་དང་ནི་དཔྱིད་ཀྱི་ཚེ། །བ་གཅིན་དང་སྦྱར་སྦྱིན་པར་བྱ། །དང ་པོ་སྲང་ནི་ཕྱེད་སྦྱིན་ཞིང། །སྲང་ཕྱེད་ཀྱིས་ནི་རིམ་བཞིན་སྐྱེ། །སྲང་ལྔ་དག་གི་ཚད་བྱས་པ། །ཚེ་ཚད་ཁོ་ན་ཡིན་པར་བཤད། །རྟ་ལ་སྔ་དྲོ་བླུང་ན་ནི། །ཕྱི་དྲོ་ཁ་ཟས་སྦྱིན་བྱ་སྟེ། །ཤིན་ཏུ་སྣུམ་ཞིང་ཡོངས་སུ་བྱས། །ཤ་ནི་དེ་ལ་སྦྱིན་པར་བྱ། །ཆུ་ནི་ཉེ་བར་བསྐོལ་བ་དང། ་ལྗང་པ་སྐམ་པ་སྦྱིན་པ་བསྔགས། །རྟ་ནི་ཚན་པོ་ཉིད་ལ་ནི། །མཐར་གྱིས་དྲུག་ཅུ་རྩ་བཞི་སྦྱིན། །བར་མ་ལ་ནི་བཞི་བཅུ་བརྒྱད། །ཉེ་བར་སྦྱིན་པ་ཉིད་དུ་བྱ། །ཆུད་དུ་ལ་ནི་སྲད་སུམ་ཅུ། །རྩ་གཉིས་ཀྱི་ནི་ཚད་དུ་སྦྱིན། །འདི་ནི་རྟ་ཡི་ནད་གཞི་གསུམ། །འཁྲུགས་པར་གྱུར ་པ་བསྔགས་པ་ཡིན། །ཚིགས་བསྐྲངས་པ་དང་སྙན?་དང་ནི། །དེ་བཞིན་རྨ་ཡི་ནད་རྣམས་དང། །ལུས་རེངས་ཡན་ལག་སྐངས་པ་དང། །སྐྲངས་དང་གཞན་ཁའི་ནད་རྣམས་དང། །ལྟོ་བ་ཡི་ནི་ནད་རྣམས་དང། །དེ་བཞིན་བད་ཀན་ནད་རྣམས་དང། །འཐེང་བའི་ནད་ནི་ཐམས ་ཅད་ལ། །འཛེ་མད་བད་ཀན་ལས་གྱུར་དང། །རྟ་གང་མེ་དྲོད་ཉམས་པ་དང། །དེ་བཞིན་འབྱུང་བ་མི་སྙེམས་དང། །མཚན་དང་རླིག་པ་སྐྲངས་པ་དང། ནད་རྣམས་སྦྱོར་བར་བྱེད་པ་ཡིན། །རྒོད་མ་རྟེའུ་ཤོར་བ་ལ་མི་ཆགས། །གང་ཞིག་རྟག་ཏུ་བུ་འཆི་དང། །གང་ཞིག་རྟག་ཏུ ་རླུང་གི་གནོད། །ནོད་མ་དེ་ལའང་སྨན་པས་བྱིན། །ལུས་ཀྱི་སྟོབས་དང་གོམས་པ་དང། །མ་དྲོད་ཆ་ཚུད?་ཤེས་བྱས་ལ?། །ཉམ་སྟོབས་བརྟན་ཅིང་གཟུགས་དྲེགས་གདའ་ཨོ། །ཁུར་དང་སྡུལ་རྟེན་ནུས་བལ། །བྱིན་ན་བདེ་བ་ཉིད་འགྱུར་གྱི། །གཞན་ལ ་བཅུད་ཀྱི་ལེན་མི་འགྱུར། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་བ་ལས། གུ་གུལ་གི་ཆོ་གའོ། །ཤ་ལི་ཧོ་ཏྲ་དྲང་སྲོང་མཆོག་།ལེགས་ཐོས་ཀྱིས་ནི་ཡོངས་དྲིས་པ། །སྒོག་སྐྱ་ཇི་ལྟར་བྱུང་བར་གྱུར། །འདི་ཡོར་ནི་དུ་རུ་བཤད། །རོ་མཚང་ཞེས་ཇི་ལྟར ་གདགས། །བཅུད་ཀྱི་ལེན་དུ་ཇི་ལྟར་འགྱུར། །གང་ཞིག་དང་ནི་སྦྱར་གྱུར་ན། །སྨན་གྱི་བྱ་བ་བྱེད་པ་ལགས། །ནད་ནི་གང་ལ་སྦྱིན་པར་བགྱི། །ཅི་ལྟར་ན་ནི་ལུས་རྒྱས་བགྱི། །བུ་ཡིས་དེ་སྐད་དྲིས་བ་དང། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །ལྷ་དང་ལྷ་མིན་དག་གིས་ནི ་གནས་སུ་བདུད་རྩི་བྱུང་བར་གྱུར། །དེ་བྱུང་པ་དང་ལྷ་རྣམས་ནི། །ཐམས་ཅད་འབད་དེ་སྐུད?་བར་བྱེད། །དེ་ཚེམ་ལ་ཕན་འདོད་པ། །མཁའ་ལྡིང་གིས་ནི་ཕྲོག་པར་གྱུར། །དེ་ནི་ཤུགས་ཀྱིས་སོད་བ་ནི། །བདུད་རྩི་ཐིགས་བ་སལ་ལྷང། །མི་གཙང་པ་ཡིས་རྨོས ་པ་ཡི། །ཕྱོགས་སུ་ལྷུང་བས་དྲི་བར་འགྱུར། །བདུད་རྩི་ལས་ནི་བྱུང་བས་ན། །དེ་བས་བཅུད་ཀྱི་ལེན་ཉིད་ཡིན། །སྣུམ་ཞིང་བསྟན་ལ་རོ་ལྔར་ལྡན། །ཚ་ཞིང་སྟོབས་ནི་སྐྱེད་པར་བྱེད། །ལྕི་ཞིང་རོ་ཚ་བྱེད་པ་སྟེ། །སྐྱུར་བའི་རོ་དང་བྲལ་པ་ཡིན། །དེ་བས་དོམ?་ཚང་བ ་ཞེས་དུ?་དང་སྲོད་རྣམས་ཀྱིས་བཤད་པ་ཡིན། །གང་ཞིག་རླུང་གི་ཤུགས་ཀྱིས་ནི། །ཡན་ལག་འབྱུང་འམ་འཁུམས་གྱུར་ཏམ། །གང་ཡང་ཤིན་ཏུ་འཐེང་བ་དང། །གང་ཞིག་ལམ་དུ་དུབ་འཐེངས་གྱུར། །གང་ཡང་འཁྱོར་ཞིང་འགྲོ་བ་དང། །བྱིན་པ་རྒྱབ ་དྲུག་མདོ་དང། །དཔུང་པ་པུས་མོ་རྣམས་སུ་ནི། །ནང་ནི་ཞུགས་པར་གྱུར་པ་དང། །རྩ་རུས་ཤ་དང་རུས?་པ་དང། །རྩ་ལ་ནད་ཀྱིས་ཁྱབ་གྱུར་པ། དེ་ལ་སྒོག་སྐྱ་ལས་ལྷག་པའི། །སྟོབས་ལྡན་སྨན་གཞན་ཡོད་མ་ཡིན། །རྟ་ནི་ལྷོ་བའི་ནད་ཀྱིས་ཉེན། །སོག་སྐྱ་ཆང ་དང་སྦྱར་བ་ནི། །ཆོ་ག་བཞིན་དུ་བྱིན་གྱུར་ན། །མྱུར་དུ་དེ་ལས་ཐར་བར་འགྱུར། །རླུང་འཁྱིལ་བ་ལ་སོགས་པའི་ནད། །ཁོད་པ་ལ་བརྟེན་མི་ཟད་དང། །སྐྲན་དང་མཆིན་པ་མཁལ་མའི་ནད། །མེ་དྲོད་ཉམས་པར་གྱུར་པའི་ནད། །ཤིན་ཏུ་གསོ་དཀའ་ཐམས་ཅད་ཀྱང། ། ་འདི་ཡིས་ཉེ་བར་སེལ་བར་བྱེད། །མངར་དང་ཚ་དང་ཁ་བ་དང། །བསྐྲ་དང་དེ་བཞིན་ལན་ཚྭ་སྟེ། །དེ་ལྟར་རོ་ལྔ་དང་ལྡན་ཞིང། །རོ་སྐྱུར་གཅིག་པོ་མེད་པ་ཡིན། །འདི་ལ་ས་བོན་དངར་བ་ཡི། །མཚན་ཉིད་ཡོད་པར་བཤད་པ་ཡིན། །རྩ་བ་ཚ་བ་ཉིད་ཡིན་ལས། །ལོ་མ་ཁ ་བ་ཡིན་པར་བཤད། །སྡོང་བུའི་རོ་ནི་བསྐ་བ་ཡིན། །སྡོང་བུའི་རྩེ་མོ་ལན་ཚྭ་ཅན། །སྦྱོར་བ་ཇི་བཞིན་བྱས་པ་ཡིས། །འདི་ཡི་ཡོན་ཏན་བཤད་པར་བྱ། །རླུང་གི་ནད་ལ་མར་དང་ནི། །ཤ་ཁུ་དང་སྦྱར་བཏང་བར་བྱ། །མཁྲིས་པ་ཅན་ལ་འོ་མ་དང། །ལེགས་པར་བསྐོལ་ཏེ ་སྦྱིན་པར་བྱ། །རང་ཀྱུར་ཀཉྫི་དང་སྦྱར་བའི། །སྤོ་དང་བཤད་བ་འགགས་པ་སེལ། །ཁོངས་པའི་སྲིན་བུ་རྣམས་ལ་ནི། །བ་གཅིན་དང་ནི་སྦྱར་བ་བླུད། །བད་ཀན་ལ་ནི་འབྲས་བུ་གསུམ། །ཁུ་བ་དང་སྦྱར་བླུད་པར་བྱ། །འདི་ནི་སྦེགས་པའི་རྟ་རྣམས་དང། ། རླུང་ནད་ཅན་དང་སེམས་ཉམས་དང། །རྟ་གང་ཁྲག་དང་ཉམས་སྟོབས་བཟང། །དེ་རྣམས་བརྟ་བའི་མཆོག་ཡིན་ནོ། །ལུད་པ་དབུགས་མི་བདེ་སེལ་ཅིང། །ནད་ཀུན་འཇོམས་པར་བྱེད་པ་ཡིན། །ཏིལ་མར་དང་སྦྱར་བར་རླུང་འཇོམས། །མར་དང་སྦྱར་བས་རླུང་མཁྲིས་སེལ། །འོ་མ་བུ་རམ ་ཤིང་ཁུར་སྦྱར། །ཁྲག་དང་མཁྲིས་པ་སེལ་བྱེད་ཡིན། །མེ་དྲོད་ཉམས་པ་རྒྱམ་ཚོ་དང། །ཚད་དང་སྦྱར་ཏེ་སྦྱིན་པར་བྱ། །འོན་ཀྱང་སྲས་ཀ་སྟོན་གྱི་ཚེ། །སྒོག་སྐྱ་སྦྱིན་པར་མི་བྱའོ། །གལ་ཏེ་རྨོངས་པས་སྟེར་གྱུར་ན། །རྟ་ནི་ཉེ་བར་གསོད་པ་ཡིན། །ཞུ་རྗེས་ཁ་དང ་བདན?་བས་ན། །བད་ཀན་དང་ནི་མཁྲིས་པ?་སེལ?། །རྒོད་མ་མངལ་ནི་ཆགས་བྱེད་ཅིང། །གསེབ་ཀྱི་ཁུ་བ་འཕེལ་བར་བྱེད། །རླུང་ནད་ཀྱིས་ནི་ཉེན་པ་དང། །ཚིགས་སུ་བྱུང་བའི་སྨན་མཆོག་ཡིན། །སྒོག་པ་ལས་ནི་སྣུམ་ཉིས་འགྱུར། །བྱ་བ་སྦྱོར་བ་ལ་རབ་བསྔགས། །སྣོད་ནི ་བཟང་བོའི་ནང་བཅུག་སྟེ། །ཤིན་ཏུ་དབེན་པའི་གནས་སུ་སྦ། །ལོ་གཅིག་ལོན་བར་གྱུར་བའི་ཚེ། །དྲི་ནི་གང་ཚེ་བྱུང་གྱུར་བ། །དེ་ཚེ་དུས་ཀྱི་ཁྱད་པར་དང། །རྟ་ཡི་སྟོབས་དང་མེ་དྲོད་དང། །རང་བཞིན་དང་ནི་གོམས་པ་དག་།ཤེས་པར་བྱས་ལ་ལེགས་བར ་བཏང། །ཉིན་ཞག་བཟང་ལ་ལུས་སྦྱང་པར། །གཏར་ཀ་སྦྱང་སོགས་ཀྱིས་བྱས་ལ། །བཅུད་ཀྱི་ལེན་གྱི་སྦྱོར་བ་འདི། །རྟ་རྣམས་ལ་ནི་བྱ་བར་བཤད། །རྟ་ཡི་མཆོག་ནི་རྟག་ཏུ་ནི། །དེ་ལ་སྲང་ནི་ཉི་ཤུ་སྦྱིན། །བར་མ་ལ་ནི་བཅོ་ལྔ་སྟེ། །ཐ་མ་ལ་ནི་བཅུ་གཉིས་སྦྱིན། ། ་ཕག?་དང་དེ་བཞིན་མ་ཧེ་དང། །ཡང་ན་བྱིའུ་གོང་མ་སྲེག་།རྨ་བྱ་དང་ནི་རི་དགས་ཤ་།མར་བཏབ་གཡོས་ནི་ལེགས་བྱས་ལ། །ཁ་ཟས་བཟང་པོ་དང་སྦྱར་བ། །བྱིན་བས་ལུས་ནི་བརྟས་པར་བྱ། །བཅུད་ཀྱི་ལེན་ཀྱི་དམ་པ་འདི། །རྟ་ནི་མང་ཞིག་བརྟེན་བཅས་པ། །ཤིན ་ཏུ་ཉམ་ང་ལ་སྦྱར་ཡང། །ལུས་ནི་འབྲི་བར་འགྱུར་མ་ཡིན། །སྒོག་པ་དག་ནི་ཚེ་ལ་ཕན། །སྟོབས་སྐྱེད་ཁ་དོག་བཟང་བྱེད་ཅིང། །ལུས་འདི་རྒྱས་པར་བྱེད་བས་ན། །རོ་རྣམས་ཀྱི་ནི་མཆོག་ཡིན་ནོ། །འདི་ནི་ལེགས་པར་བསྟེན་གྱུར་ན། །ན་ཚོད་རྒས་བར་གྱུར་བ་ཡང།། ་ཤིན་ཏུ་གཞོན་པ་ཉིད་འགྱུར་ཞིང། །ནུས་པ་ཀུན་དང་ལྡན་པར་འགྱུར། །ལེགས་ལྡན་ཤ་ལི་ཧོ?་ཏྲ་ཡིས། །རྗེས་བསྟན་དེ་སྐད་སྣུས?་པ་ཡིན། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱ་དང་ལས་སྒོག་སྐྱའི་ཆོ་ག་རྫོགས་སོ།། །།ཤ་ལི་ཧོ་ཏྲ་དྲང་སྲོང་མཆོག་། ་ཉི་མ་དང་ནི་གཟའ་སྙམ་པ། །རྟ་གང་ན་ནི་འདུག་པ་ན། །ལེགས་ཐོས་ཀྱི་ནི་ཡོངས་དྲིས་བ། །རྟ་ལ་གོ་ཆ་བཀོན་པ་ནི། །ཅི་འདྲ་བ་ཞིག་བགྱི་བ་གསུངས། །དེ་བཞིན་ཡན་ལག་གཅིག་བར་ནི། །ཤིང་རྟ་ལ་སྦྱར་བདག་ལ་གསུངས། །གཡུལ་དུ་དགྲ་དང་ལྷན་ཅིག་ནི། ། ་འཐབ་བ་ན་ནི་གནོད་མེད་པ། །རྟ་ཡི་ལས་ཀྱི་ཆོ་ག་མཁྱེན། །འདི་ནི་ཁྱེད་ཀྱིས་བཤད་དུ་གསོལ། །ལེགས་ཐོས་ཀྱི་ནི་ཚིག་ཐོས་ནས། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །ན་ཚོད་ཀྱིས་ནི་ཆེ་བ་ཡིས། །སྐྱེས་བུས་སྔར་ནི་སྨྲས་པ་ཡིན། །སུམ་ཅུ་མ་ལོན་པར་མ་ཡིན། ལྔ་པོ ་འབྲི་བ་ཆུང་ངུ་ཡིན། །གྲངས་ལྡན་རྣམས་ཀྱི་མི་ཡི་ཆད། །དེ་ལྟར་སྔར་ནི་བཤད་པ་ཡིན། །ཤིང་རྟ་བ་ཡང་རྟ་ཡི་ནི། །བསྟན་བཅོས་ཤེས་ཤིང་ལེགས་པར་བྱ། །མདའ་གཞུ་རལ་གྲི་ལ་སོགས་པའི། །མཚོན་ཆ་ཡི་ནི་ཐབས་ལ་མཁས། །ལེགས་པར་གོ་བགོས་ཡན་ལག་བདེ།། ་དེ་ལྟ་བུ་དག་རྟ་ལ་སྐྱོན། །རྟ་ནི་རིགས་བཟང་ལེགས་བཏགས་ལ། །འཐབ་པ་བརྩེད་མོའི་ཚུལ་དུ་སྤྱད། །འདི་ཡི་དབང་པོའི་ཁུར་པོ་ནི། །མདོར་བསྡུས་ནས་ནི་བཤད་བར་བྱ། །དང་བོར་ཆོ་ག་སྲང་ཚད་ནི། །བརྒྱད་ཅུ་རྩ་བཞི་ཡིན་པར་བཤད། །ལས་གཅིག་ལ་ནི་རྗེས ་བསྔགས་པ། །དེ་ཡི་སྲང་ཚད་སུམ་ཅུར་བཤད། །མགོ་བོ་འགེབས་པ་ལེགས་བརྡུངས་པ། །སྲང་ཚད་སུམ་ཅུ་རྩ་ལྔར་བཤད། །བརླ་འགེབས་བ་ནི་སྲང་བརྒྱད་དང། །དེ་བཞིན་བཅུ་ནི་ཡིན་པར་བཤད། །ལྐོག་མ་དང་ནི་རྨིག་པ་སོགས། །བསྲུན་བཞིན་རྒྱས་པར་བྱེད་པ་ནི། ་ཐམས་ཅད་སྲང་ནི་ལྔ་བཅུ་སྟེ། །རྟ་མཆོག་ལ་ནི་དེ་ལྟར་བྱ། །བར་མ་ལ་ནི་བརྒྱ་ཡིས་འབྲི། །ཆུང་ངུ་ལ་ནི་བརྒྱ་ལྔ་བཅུ། །ཅི་ནས་གཡུལ་དུ་ཤུགས་དྲགས་བས། །འགྲོ་བར་མི་འགྱུར་དེ་ལྟར་བྱ། །རལ་གྲི་སྲང་ཚད་ཉི་ཤུ་ལྔ། །གཡོན་ལོགས་སུ་ནི་གདགས་པར་བྱ།། ་གཞུ་ཉིད་སྲང་ནི་ཉི་ཤུ་ལྔ། །དེ་ཉིད་དུ་ནི་གདགས་པར་བྱ། །གཡས་ངོས་སུ་ནི་མདའ་ཡི་ཚོགས། །བརྒྱ་པོ་སྲང་ནི་ཉི་ཤུ་གསུམ། །ཚད་དུ་ཕྱིན་པ་གདགས་པར་བྱ། །ཕུབ་དང་དེ་བཞིན་ཐག་པ་ཡི། །ཚད་ནི་འདིར་ནི་ངས་མ་བྱས། །མདུང་ལའང་ཚད་དེ?་ཅིག་ཡོད་གྱུར་པས།། ་འདི་འདྲ་གདགས་ཞེས་དེ་ལ་སྨྲས། །རྟ་ཡི་རྒྱབ་དུ་སྒབ་བྱ་པ། །རི་དགས་རིའི་བལ་ཤ་རཾ?་ག་།སྤུ་གཞན་འཇམ་པ་ལས་བྱས་པ། །སྲ་ཞིང་ཤིན་ཏུ་འཇམས་པ་བྱ། །ཤིན་ཏུ་ལེགས་པར་བརྟགས་པ་ལ། །སྣ་ཚོགས་མདོག་ནི་བརྒྱན་བར་བྱ། །དེ་ཡི་འབྲེལ་ཐག་དང་བཅས ་པ། །སྲང་ནི་སུམ་ཅུའི་ཚད་དུ་བྱ། །གདོང་བརྒྱད་སྲང?་ནི་ཉི་ཤུ་ལྔ། །ལེགས་པར་བརླས་བ་གདགས་པར་བྱ། །གློ་ནཾ་སྡིམས་པར་བྱེད་པས་ན། །རྒྱབ་ཏུ་གནོད་སྐྱེད་མི་འགྱུར་བར། །ལུགས་ལ་ཤིན་ཏུ་འཇམ་པ་ཡི། །སྲང་བུ་ཁ་ནི་ལེགས་པར་བྱ། །ཡང་ན་པགས་བྲ?་ ་ཉེས་པའམ། །ར་བ་ལ་དཀར་པོ་ལ་བྱས་པའམ། །དར་རམ་གསོ་མངར་ལ་བྱས། །གཞན་ཡང་མཛེས་ཤིང་སྲ་ལ་འཇམ། སྟན་དང་ཆ་བྱད་ལེགས་གནས་པའི། །རྫས་ཀྱི་གཟོ་ནི་དུ་མ་བྱ། །དེ་བཞིན་གདོང་གཟིན་སྲང་ཚད་ནི། །བཅུ་དག་རྣ་བའི་བར་ནས ་གདགས། །གདོང་ནི་ལེགས་པར་བསྲུང་བྱེད་པ། །ཤིན་ཏུ་ལགས་པ་ཉིད་དུ་བྱ། །གཡར་ཀ་ཤིན་ཏུ་སྙན་པ་ནི། །སྲང་རེ་ཡི་ནི་ཚང་བྱས་པ། །སྲ་ཞིང་ལུས་ནི་བསྟན་པ་དག་།རྣ་བའི་ངེས་ནས་གདགས་པར་བྱ། །དེ་ལྟར་ཐམས་ཅད་རྟགས་ནས་ནི། །དེ་རྗེས་རྟལ?་ཞོན་པར ་བྱ། །གཡུལ་དུ་རྟ་ཡི་བསྐུར་བྱ་བའི། །ཁུར་དག་བདག་གིས་བཤད་པ་ཡིན། །ཤ་ལ་ཧོ་ཏྲ་གསང་བའི་གནས་ཏེ་བརྒྱད་པ་ལས། གོ་ཆལ་སོགས་པའི་ཁུར་བསྟན་པ་ཞེས་བྱའོ།། །།དེ་ནས་ཤིང་རྟ་དང་སྦྱར་བའི། ངེས་པ་ང་ཡིས་བཤད་པར་བྱ། ། ་རྟ་ནི་གང་གི་མཆུ་ལྟག་ན། །ཤིན་ཏུ་ཤིས་པའི་མཚན་མ་ཡོད། །བ་དན་བཟང་པོ་འམ་ཟླ་བརྒྱས། །ཉ་དང་རྒྱལ་མཚན་ཡོད་གྱུར་པ། །རྟ་དེ་རྟག་ཏུ་བསྔགས་པ་ཡིན། །དེ་འདྲའི་མཚན་ཉིད་དང་ལྡན་པའི། །རྟ་ནི་ས་སྟེར་ཤིས་པར་བཤད། །ངང་ཚུལ་བཟང་ཞིང་བུ ་བཟང་ལ། །སྐད་ནི་དུད་དང་འདྲ་གྱུར་པ། །རྟ་ངེ་རྒྱལ་པོ་ལ་ཤིས་བས། །རིགས་མཐུན་ཤིང་རྟ་ལ་སྦྱར་བྱ། །མདོག་དང་ཚད་ནི་མཚུངས་གྱུར་ཅིང། །སྟོབས་ལྡན་ཉོན་མོངས་བཟོད་པ་ཤིས། །འཐབ་པའི་ཚེ་ནི་མི་སྐྲག་ཅིང། །འདྲེས་པ་ན་ཡང་མི་འཐེན་ལ།། ་མདའ་དང་དབྱེག་པ་མདུང་སོགས་ཀྱིས། །རྒྱབ་པ་ན་ནི་སྲན་ཆེ་བ། །དེ་འདྲ་བ་ཡི་རྟ་དག་ནི། །གཡུལ་གྱི་དུས་སུ་བསྡགས་པ་ཡིན། །རྣ་བར་བཟླས་པའི་ཚེན་ནི། །མིག་ལས་མཆི་མ་འབྱིན་བྱེད་ཅིང། །སྣ་སྦུབས་ཤིན་ཏུ་རྒྱས་བྱས་ནས། །ཉི་མ་ལ་ཡང་ལྟ་བར ་བྱེད། །རྐང་པ་གཡས་པས་ལ་ནི། །ཡང་དང་ཡང་ཟུ?་རྡེབ?་པར་བྱེད། །འདི་ནི་སྐྱེ་བ་དྲན་བ་ཡི། མཚན་ཉིད་དང་ལྡན་མཆོག་ཏུ་བཤད། །དེ་ལས་ཞན་པའི་རྟ་དན་ངག་།ཤིང་རྟ་ལ་ཡང་སྦྱར་མི་བྱ། །ལེགས་ཐོས་རྣམ་པ་ཐམས་ཅད་དུ། །རྣ་བ་ར་བཟླས་ལ་བརྟག ་པར་བྱ། །སྔོན་ཚོང་ཡིས་ཇི་ལྟར་ཐོས། །རྣ་བར་བཟླས་པ་གང་གིས་ནི། །རྟ་ནི་ཤིན་ཏུ་རིགས་ལྡན་བྱུང། །དོན་མེད་མི་འགྱུར་དེ་མཉམ་གྱིས། །ཤིང་རྟ་ཡན་ལག་ཀུན་ལྡན་ཞིང། །འཁོར་ལོ་ལེགས་པར་བརྟགས་པ་དང། །གདུགས་དང་རྒྱལ་མཚན་ལེགས་པར་བསྒྲེང ་ཤིན་ཏུ་རྫོགས་པ་ཉིད་དུ་སྦྱར། །ལེགས་པར་སྦྲེལ་ཞིང་ཤིན་ཏུ་ཕྱིས། །ཉི་མ་ལྟ་བུར་གཟི་མདངས་ལྡན། །རིགས་དང་མཚན་ཉིད་བཟང་བ་ཡིན། །རྟ་བཞི་དང་ནི་ཡང་དག་ལྡན། །ཁ་ལོ་བསྒྱུར་བ་བཟང་བོར་བཅས། །འབྲུག་སྒྲ་ལྟ་བུའི་སྒྲ་སྒོགས་བ། །ཤིང་རྟ་དེ? ་ནི་ལེགས་གནས་བ་།ཤར་ཕྱོགས་སུ་ནི་ཁ་བསྟན་བཞག་།གཡས་སུ་བསྐོར་ཞིང་བཀྲ་ཤིས་དང། །ཤིས་པར་བརྗོད་པ་ལེགས་པར་བྱ། །དེ་ནི་རྣ་བ་གཡས་པ་ནི། །སྔགས་ཀྱི་ཚིག་འདི་བརྗོད་པར་བྱ། །ཁྱོད་ནི་དྲི་ཟའི་རིགས་སུ་སྐྱེས། །རིགས་སུན་པར་ནི ་མ་བྱེད་ཅིག། །ཁྱེད་ནི་དངུལ་ལས་བྱུང་གྱུར་ཞིང། །དཔལ་མོའི་ལག་ཏུ་གནས་ན་འཕེལ། །མེ་ཡི་བུ་ཉིད་ཁྱོད་དྲན་བྱོས། །ཀོ་སྡུ་པའི་ནོར་བུ་འང་སྔོན། །འོ་མའི་མཚོ་ལས་བདུད་རྩིའི་ཕྱིར། །ལྷ་དང་ལྷ་མིན་གྱིས་བསྲུབས་ཚ། །དང་པོ་ཨུ་ཙ་སྲ་བ་བྱུང།། ་དེ་ལས་ཁྱེད་སྐྱེས་དྲན་པར་གྱིས། །ཤུགས་མཆོག་སྟོན་དེ་ང་ཡིས་ནི། །དགྲ་དཔུང་མ་ལུས་ལས་རྒྱལ་གྱིས། །ཚངས་པ་དང་ནི་ཟླུ་བ་དང། །ཆུ་ལྷ་ཡི་ནི་བདེན་ཚིག་དང། །ཉི་མ་ཡི་ནི་གཟི་བརྗིད་དང། །དེ་བཞིན་དྲང་སྲོང་དཀའ་ཐུབ་དང། །སྟོབས་བཟང་གི་ནི་ཆངས ་སྤྱོད་དང། །དེ་བཞིན་རླུང་གིར་ཤུགས་ཉིད་དང། །མ་ཉིད་ཀྱི་ནི་ནུས་མཐུ་ཡིས། །རྟ་ཁྱོད་རྒྱལ་བ་སྐྱེད་གྱུར་ཅིག་།འཐབ་པའི་ཆན་རྟ་ཁྱོད་ཀྱི། །གལ་ཏེ་ལོག་བར་འགྲོ་འགྱུར་ན། །བྲམ་ཟེ་བ་མ་གསོང་འདྲ་ཡི། ཉེས་ང་ཁྱོད་ཀྱིས་ཐོས་པད་འགྱུར། ། ་གལ་ཏེ་གཡུལ་ཡས་རྒྱལ་བྱུང་ན། །བདག་པོའི་བདེ་བ་ཉིད་སྐྱེད་བྱེད། །ོཾ་ནམ། ཨཱ་དེ་ཏྱ་ཡ་ལུ?་པ་ཡ་ག་ག་ག་སྭཱཧཱ། །རྟ་ཡི་རྣ་བ་གཡས་པར་ནི། །འཐབ་པའི་ཚེ་ན་བརྗོད་གྱུར་ན། །སྐྱེ་བ་ངན་པ་ཙམ་གྱིས་ནི། །དོན་མེད་ཉིད་དུ་འགྱུར་མ་ཡིན། །དེ་འདྲའི ་སྟོབས་དང་སྙིང་སྟོབས་ལྡན། །རྟ་དང་སྦྱར་བའི་ཤིང་རྟར་ཞུགས། །གོ་བགོས་མཚོན་ཆར་ལྡན་བརྩོན་བ། །ཡུལ་འཁོར་འཇིགས་པ་ལས་སྐྱབས་བྱ། །ཤ་ལི་ཧོ་ཏྲ་གསང་བའི་གནས་ཏེ་བརྒྱད་པ་ལས། ཤིང་རྟ་སྦྱར་བའི་ཆོ་གའོ། ། ་དེ་ནས་རྣམ་པར་བཟླས་བྱ་བ། །གང་ཞིག་ཤེས་པ་ཙམ་གྱིས་ནི། །སྔོན་གྱི་སྐྱེ་བ་དྲན་བྱེད་པ། །ཤིན་ཏུ་ངེས་པར་བཤད་བར་བྱ། །བུ་ཡི་མཚན་ཉིད་འདི་དག་ནི། །དང་པོ་ངང་ལས་མཉན་བར་གྱིས། །སྦྲམ་ན་སོ་བརྒྱ་བླ་དེ་ནས། །སོམས་བ་རུ་ན་ས་ཙ། །ོ?་ཛསྤ་ཙེ? ་མོ་བ་སུ་རྒྱས། །མ་ནི་ནམ་ཏ་པ་པ་ཏཏ། བྷ་ཏྲ་ས་བྷྲ་མ་ཙརྱེ་ན། །པ་བ་ནས་བ་ལེ་ན་ཙ། །ས་བྷ་བེ་ན་ཕུ་ཏ་ཤས། །བ་རདྷ་སཏྲ་མ་རུང་ག་མ། །ོཾ་ཡ་ཡ་ཡ་ཡ། །ག་ག་ག་ག་སྭཱཧཱ། འདི་ནི་བདག་ཉིད་ཆེན་པོ་ནི། །རྟ་ཡི་སྙིང་པོར་གྱུར་བ་ཡིན། །གཡུལ་གྱི་དུས་སུ ་དྲན་བྱ་ཡི། །གཞན་དུ་ནམ་ཡང་མ་ཡིན་ནོ། །ལེགས་བར་རྟགས་ཤིང་གོ་བགོས་ལ། །འདྲ་བ་ལ་རྟག་ཞོན་ནས་ནི། །འགའ་ཞིག་རང་གི་དོན་གྱི་ཕྱིར། །རྨོངས་བས་བདག་ཉིད་སྐྱོབ་བྱེད་ཀྱི། །ལེགས་ཐོས་རྟ་ཡི་ལུས་ཡན་ལག་།ལེགས་པར་སྲུང་བ་མི་བྱེད་ན།། ་དེ་ཚེ་སྡིག་ཅན་དམྱལ་བ་ནི། །ཡུན་རིངས་དུ་ནི་འཆོད་བར་འགྱུར། །རྟ་ཡི་སྤུ་ནི་ཅི་སྙེད་པའི། །དམྱལ་བར་དེ་ཚེ་གནས་པར་བྱེད། །རྟ་ལ་གོ་ཞིང་མ་བསྐོན་ཡང། །བདག་ཉིད་གོ་གྱོན་ཞོན་གྱུར་པ། །མང་དུ་བཤད་པས་ཅི་ཞིག་བྱ། །དེ་འདྲའི་སྡིག་པ་ཡོད་མ ་ཡིན། །དེ་བས་འབད་པ་ཐམས་ཅད་ཀྱིས། །རྟ་ནི་ལེགས་པར་བསྲུང་བར་བྱ། །དཀའ་ཐུབ་ཡོན་ཏན་ཀུན་གྱི་གཏེར། །རྟ་ཚེའི་རིག་བྱེད་ལ་མཁས་བ། །ལེགས་ལྡན་ཤ་ལི་ཧོ་ཏྲ་ཡིས། །འདི་སྐར་ཅེས་བསྟན་སྨྲས་པ་མིན། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ ་བརྒྱད་བ་ལས། རྣམ་པར་བཟླས་བ་བསྟན་པའོ། །དྲང་སྲོང་ཆེན་པོ་ཤ་ལི་ཧོ་ཏྲས་ཡང་དག་པར་བསྡུས་བའི་རྟའི་ཚོའི་རིགས་བྱེད་མཛའ་དག་རྗེས་སུ་བསྟན་པ་ཞེས་བྱ་བའི་རྒྱས་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨཱ་ཙརྱ། དྷརྨ་ཤྲཱི་བྷ་དྲ། ་བུདྷ་ཤྲཱི་ཤནྟི་དང། ཞུ་ཆེན་གྱི་ལོཙྪ་བ་ཆེན་བོ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིར་ཞུས་ཏེ་གཏན་ལ་ཕབ་བའོ།། །།དཔལ་ལྡན་རྒྱལ་པོའི་རྒྱལ་བ་ཆེ། །མི་དབང་མངའ་བདག་ཅེས་གྲགས་པ། །བརྩོད་བའི་དུས་སུ་འཁྲུངས་གྱུར་ཀྱང། །དམ་པའི ་སྤྱོད་བ་ཀུན་དང་ལྡན། །ཁྱེད་ནི་ཐམས་ཅད་མཁྱེན་དང་ཅིང། །ཁྱེད་ལ་བཟོད་དང་བདེན་སོགས་མངའ་། །ཁྱེད་ལ་ཡོན་ཏན་ཀུན་གནས་བ། །ཁྱོད་ཉིད་སྟོན་པར་འོས་པ་དང། །ཁྱེད་ལ་མཁས་དང་རྒྱལ་ཕྲན་གཞན། །བྲམ་ཟེ་སློང་མོ་བ་རྣམས་ཀྱིས། །རང་རེ་གསེར་གྱི་དབང ་ཕྱུག་ཏུ། །རྒྱལ་ཆེན་ཁྱེད་ནི་གཅིག་ཏུ་བསྒྲགས། །མི་དབང་རྒྱལ་པོ་དགྱེས་པ་དང། །གསོ་དཔྱད་ཀྱིས་གཞན་ཕན་གདགས་ཕྱིར། །བཀའ་ཡིས་བསྐུལ་བས་གཞུང་རྒྱས་འདི། །བོང་ཀྱི་རང་སྐད་སྤྱོད་ཡུལ་བྱས། །ཆོས་ལྡན་གཞུང་ལུགས་ལ་མཁས་བས། །ས་རྣམS ་ལེགས་པར་སྐྱོང་མཛད་ཅིང། །ཡོན་ཏན་ཕུན་ཚོགས་ཀུན་ལྡན་པས། །སྐྱེ་དགུ་ཡུན་རིང་རྐྱང་བར་མཛོད། །དྲང་སྲོང་ཤེས་པ་རྒྱ་མཚོའི་ཕ་མཐར་ཕྱིན། །མངོན་ཤེས་ལྔ་ལྡན་ཡོན་ཏན་ཕུན་ཚོགས་པའི། །ཤ་ལི་ཧོ་ཏྲས་ཚངས་པ་ལས་ཐོས་ནས། །རྟ་ཡི་ཚེའི་རིག་བྱེད ་གང་བརྩམས་ཏེ། །ཡུལ་མཐོ་ས་གཙང་འཛམ་གླིང་དཀྱིལ་སྒང་ན། །མི་རྗེ་ལྷས་མཛད་པུར་རྒྱལ་བཙན་པོ་གདུང། །བྱང་ཆུབ་སེམས་པའི་སྤྲུལ་པའི་རྒྱུད་དུ་འཁྲུངས། །མཛའ་བཞིའི་རྒྱལ་པོ་གཞན་ལས་ཁྱད་པར་འཕགས། །མཁྱེན་པའི་གཏིང་ཕྱིན་གསོ་དཔྱད ་ཀུན་ལའང་མཁས། །ས་ཡི་བདག་པོ་སེང་གེའི་གཟི་བྱིན་གྱིས། །རྒྱལ་ཕྲན་གླང་ཆེན་མྱོས་པའི་དྲེགས་འཕྲོག་པ། །མི་དབང་བཀྲ་ཤིས་ལྷ་ལྔ་བཙན་གྱི་བགས། །གསང་སྔགས་ཕ་རོལ་ཕྱིན་དང་བདེན་བ་ཡི། །ལུང་དང་རིག་པའི་བསྟན་བཅོས་ཀུན་ལ་མཁས། །སྐྱེ་འགྲོ ་དམ་པ་མི་དང་མགྱོགས་འགྲོ་ཡི། །ཚེ་ཡི་རིག་བྱེད་ཀུན་ཀྱང་ཞུགས་སླད་དུ། །སྨན་ལ་སྙིང་བརྩེ་བག་ཡོད་ཁྲེལ་ལ་སོགས། །གཏོང་ལ་སོགས་པའི་ཡོན་ཏན་རྣམས་དང་ལྡན། །མི་ཤེས་བརྡའ་སྦྲོད་སྒྲ་བསྒྱུར་ལོཙྪ་བས། །ལྷ་མི་སྐལ་བ་ཅན་གྱིས་མཆོད་པའི ་གནས། །རིན་ཆེན་ཀུན་ལ་ཡོད་ཀྱང་བཟང་པོ་མེད། །རིན་ཆེན་སྔོན་འགྲོ་བཟང་པོས་མཛའ་བརྒྱན་པ། །གུས་པ་སྔོན་འགྲོའི་བཀའ་ཡིས་རབ་བསྐུལ་བས། །སྒྲ་དང་མཚན་མའི་བསྟན་བཅོས་ལ་མཁས་པས། །རྒྱ་གར་མཁན་པོ ་སངས་རྒྱས་ཞིང་དཔལ་དང། །རྟ་དཔྱད་ཤ་ལི་ཧོ་ཏྲས་བསྡུས་པ་བསྒྱུར། །འདི་ནི་དབང་པོའི་རྡོ་རྗེས་སྡེབས་ཚུལ་དུ། །ཚིགས་བཅད་ཕྱེ་དང་བདུན་དུ་བྱས་པའོ།། །།སྨན་དཔྱད་གཅེས་གྲུབ་ཅེས་བྱ་བ་ལེའུ་སུམ་ཅུ་རྩ་གཅིག་པ་བཞུགས།། །། ་