CLOSE WINDOW

N4667: snang ba'i phreng ba'i 'grel pa yid dga' ba bskyed pa zhes bya ba
Wyliee-texts based on the ACIP/ALL Input

དཔའ་ཨི་སྤྱོད་པ་ལ་གཅིག་ཏུ་གཞོལ་པའི་སློབ་དཔོན་དགྲ་ལས་རྒྱལ་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁས་པ་ཆེན་པོ་ཀ་ན་ཀ་ཤྲཱི་མི་ཏྲ་དང། བོད་ཀྱི་ལོ་ཙྪ་བ་བན་དེ་ཤེས་རབ་གྲགས་ཀྱིས་བསྒྱུར་ཅིང་ཞུས་པའོ།། །། ་`་སྣང་བའི་ཕྲེང་བའི་འགྲེལ་པ་ཡིད་དགའ་བ་བསྐྱེད་བ་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། ཨཱ་ལོ་ཀ་མཱ་ལ་ཧྲི་ད་ཨཱ་ནནད་ཇ་ན་ནཱི་ཊཱི་ཀ་ནཱ་མ། བོད་སྐད་དུ། སྣང་བའི་ཕྲེང་བའི་འགྲེལ་པ། ཡིད་དགའ་བ་བསྐྱེད་བ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར ་གྱུར་པ་ལ་ཕྱག་འཚལ་ལོ། །གསུང་གི་མཆོག་ཏུ་སང་མཛད་པ། །གཟིགས་དབང་མགོན་ལ་ཕྱག་འཚལ་ནས། །སྣང་བའི་ཕྲེང་བ?་གསལ་བ་ཡི། །དོན་ནི་རྣམ་པར་ངེས་པར་བྱ། །མི་ཤེས་གསུམ་ནི་སྤང་བའི་ཕྱིར། །ཞེས་བྱ་བ་ལ་ཆོགས?་བས ་ནི་རབ་ཏུ་བྱེད་བ་འདིའི་འདྲེལ་བ་དང། བརྗོད་པར་བྱ་བ་དང། དགོས་པ་དང། དགོས་པའི་དགོས་བ་རྣམས་བསྟན་ཏེ་།གང་གི་ཕྱིར་འབྲེལ་པ་ལ་སོགས་བ་མ་བསྟན་ན་རྟོག་པ་སྔོན་དུ་གཏོང་བ་རྣམས་ཐོས་པ་ལ་སོགས་པ་ལ་མི ་འཇུག་པའི་ཕྱིར་རོ། །འདིར་སེམས་ཙམ་ཉིད་དུ་རབ་ཏུ་བྱེད་པ་འདིས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་དེ་ནི་བརྗོད་པར་བྱ་བ་ཡིན་ནོ། །མི་ཤེས་པ་གསུམ་སྤངས་པ་ནི་དགོས་པ་ཡིན་ནོ། །མི་ཤེས་པ་གསུམ་སྤངས་ནས་གདུལ་བྱ་རྣམས་སངས ་རྒྱས་ཉིད་ཐོབ་པ་ནི་དགོས་པའི་དགོས་པ་ཡིན་ནོ། །སེམས་ཙམ་ཉིད་ནི་བསྒྲུབ་པར་བྱ་བ་ཡིན་ལ། རབ་ཏུ་བྱེད་པ་ནི་ཐབས་ཡིན་པའི་ཕྱིར་རབ་ཏུ་བྱེད་པ་དང་བརྗོད་བར་བྱ་བ་ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་ནི་འབྲེལ་བ་ཡིན་ནོ ་ཞེས་བྱ་བར་གནས་སོ། །དེ་དག་ནི་རེ་ཞིག་བསྡུས་པའི་དོན་ཏོ། །ཡན་ལག་གི་དོན་བརྗོད་བར་བྱ་སྟེ། གང་གིས་སེམས་ཙམ་དུ་གསུངས་བ། །ཐུབ་དབང་དེ་ལ་ཕྱག་འཚལ་ལ། །ཞེས་བྱ་བ་ནི་ཐུགས་སུ་ཆུང་བས་ན་ཐུབ་བ་སྟེ། ཉན་ཐོས་དང་རང ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སགས?་པ་སྟེ། དེ་རྣམས་ཀྱི་དབང་བོ་ནི་ཐུབ་དབང་སྟེ། ཐུབ་བའི་མཆོག་རྗེ་བཙུན་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བའི་དོན་ཏོ། །སེམས་ཙམ་ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། སྨྲས་པ། རང་ཞིན ་གསུམ་ནི་བསྒོམས་པ་ཡིས། །ཞེས་བྱ་བ་སྨོས་ཏེ། ཀུན་བརྟགས་དང། གཞན་དབང་དང། ཡོངས་སུ་གྲུབ་པའི་རང་བཞིན་ནི་རང་བཞིན་གསུམ་མོ། །རང་བཞིན་གསུམ་གྱི་ངོ་བོ་གང་བསྒོམས་པ་དེ་གསུམ་གྱི་རང་བཞིན་གྱི་ངོ་བོ་ནི་སེམས་ཙམ་ཡིན ་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་རང་བཞིན་གསུམ་གྱི་ངོ་བོ་སྒོམ་ཞེ་ན། མི་ཤེས་གསུམ་ནི་སྤང་བའི་ཕྱིར། །ཞེས་བྱ་བ་སྨོས་ཏེ། ཀུན་བརྟགས་དང། གཞན་དབང་དང། ཡོངས་སུ་གྲུབ་པའི་ཡུལ་ལ་གང་མི་ཤེས་པ་བྱིས་བ་རྣམས་ལ་ཡོད་བ་དེ?་སྤང? ་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །འདི་ལྟར་གང་དག་ཀུན་བརྟགས་པའི་རང་བཞིན་གཟུགས་ལ་སོགས་པ་རྣམས་ལ་དེ་ཁོ་ན་ཉིད་དུ་མངོན་པར་ཞེན་པ་དེ་དག་ནི་ཀུན་བརྟགས་པའི་ཡུལ་མི་ཤེས་པ་ཡིན་ནོ། །དེ་བཞིན་དུ་གང་དག་འདུ་བྱེད ་ཀྱི་བག་ཆགས་ཀྱི་རྒྱུ་ལས་སྐྱེས་བའི་སེམས་ལ་ཡང་རྒྱུ་མེད་པ་ཉིད་དུ་འདོད་པ་དེ་དག་ནི་གཞན་གྱི་དབང་གི་ཡུལ་མི་ཤེས་པ་ཡིན་ནོ། །དེ་བཞིན་དུ་གཟུང་བ་དང་འཛིན་པའི་ངོ་བོ་མེད་པ་ལ་གང་གཟུང་བ་དང་འཛིན་པའི་ངོ་བོར་སྒྲོ་འདོགས་པར་བྱེད ་པ་དེ་དག་ནི་ཡོངས་སུ་གྲུབ་པའི་ཡུལ་མི་ཤེས་པ་ཡིན་ནོ། །མི་ཤེས་པ་གསུམ་པོ་དེ་ཡང་མདོ་གཞན་དག་ལས་བཅོམ་ལྡན་འདས་ཀྱིས་དགག་པ་མཛད་དོ། །ད་ལྟར་ཡང། བློ་ཡིས་རྣམ་པར་གཞིགས་ན་ནི། །གཞན་དབང་མེད་ཅིང་ཀུན་བརྟགས ་མེད། །ཡོངས་སུ་གྲུབ་པའང་ཡོད་མིན་ན། །ཇི་ལྟར་བླ་ཡིས་རྣམ་པར་བརྟག་།ཅེས་གསུངས་སོ། །ཆོས་ཅན་བགག་པ་ཉིད་ཀྱིས་ཆོས་རྣམས་བགག་བ་ཡིན་ཏེ། དེ་ཡང་སློབ་དཔོན་གྱིས་ཀྱང་གཞུང་དེའི་རྗེས་སུ་འབྲངས་ནས་དོན་དེ་ཉིད་རབ་ཏུ་བྱེད ་པ་འདིས་གཏན་ལ་འབེབས་སྟེ་།འདི་ལྟར། མིང་དང་རིགས་སོགས་ཡོན་ཏན་ནི། །ཆོས་རྣམས་བརྫུན་པ་གང་མཐོང་བ། །མཁའ་ལ་རི་མོ་འབྲི་བ་ལྟར། །ཕྱིན་ཅི་ལོག་གི་དུ་བ་བ་ཡིན། །ཞེས་བྱ་བ་དེས་ནི་ཀུན་བརྟགས་པའི་ཡུལ་མི་ཤེས ་པ་སྤོང་བ་ཡིན་ནོ། །འདི་སྐད་དུ། ཁ་ལས་སྒྲ་ནི་ཅི་ཕྱིར་དང། །རྫ་རྔ་ལས་ནི་ཡང་བྱུང་བ། །ཐ་དད་པ་ཡི་རྒྱུ་འདི་ལས། །དངོས་པོ་དངོས་པོ་མེད་པར་སྣང། །ཞེས་བྱ་བ་འདིས་ནི་གཞན་དབང་གི་ཡུལ་ལ་མི་ཤེས་པ་སྤོང་བ་ཡིན་ནོ། །འདི་ལྟར་འདིར ་ནི་ཕྱི་ནང་ཆུང་ཟད་མེད། །ཕན་ཚུན་བལྟོས་བས་གྲུབ་བའི་ཕྱིར། །པར?་ན་མ་ཡིན་མེད་མིན་ཏེ། །སེམས་ཙམ་དུ་ནི་གནས་ཕྱིར་རོ། ཞེས་བྱ་བ་འདིས་ཡོངས་སུ་གྲུབ་པའི་ཡུལ་མི་ཤེས་པ་སྤོང་བ་ཡིན་ནོ། །དེ་བས་ན་འདི་ལྟར་སེམས་ཙམ་དུ ་གསུང་བའི་བཅོམ་ལྡན་འདས་ཉི་མ་ལྟ་བུས་མུན་པའི་ཚོགས་ལྟ་བུའི་མི་ཤེས་བ་གསུམ་མ་ལུས་པ་རིང་དུ་སྤངས་པས་འགྲོ་བ་རྣམས་ངེས་པར་ལེགས་པ་ཐོབ་པར་མཛོད་པར་གྱུར་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སེམས་ཙམ?་དེ་གཅིག་པུ་ཡིན་ན་དེ? ་ལྟར་དང་བཞིན་གསུམ་གྱི་ངོ་བོའི་ཐ་སྙད་དུ་མི་འགྱུར་བ་མ་ཡིན་ནམ་ཞེས་ཟེར་ན། དེ་ལྟར་ཡང་མ་ཡིན་ཏེ། གང་གི་ཕྱིར་བུམ་པ་གཅིག་རིམ་པ་བཞིན་ལྡོག་པའི་དབྱེ་བར་ཡོད་པ་དང། མི་རྟག་པ་དང། བྱས་པ་ཞེས་བྱ་བར་བསྟན་ཏོ། །དེ་བཞིན་དུ་སེམས་ཙམ ་ལ་ངོ་བོ་གསུམ་ཡིན་ཏེ། འདི་ལྟར་སེམས་གཉིས་སུ་མེད་བ་ལས་ལྡོག་པ་ཡང་འཁྲུལ་པའི་བག་ཆགས་རྗེས?་སུ་འབྲེལ་པའི་ཀུན་བརྟགས་བུམ་པ་དང་སྣམ་བུ་ལ་སོགས་པ་ཕྱིའི་དོན་ཉིད་དུ་སྣང་ངོ། །གཞན་དབང་མ་ཡིན་པའི་དོན་ལས་ལྡོག་པ་ལས ་གཞན་དབང་གི་ངོ་བོ་ཉིད་དེ་བཞིན་ནོ། །གཟུང་བ་དང་འཛིན་པའི་ངོ་བོ་ཡོངས་སུ་མ་གྲུབ་པ་ལས་ལྡོག་པ་དེ་ཁོ་ན་ཉིད་ཁོང་དུ་ཚུང་བས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གསལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མི་ཤེས་པ་གསུམ་སྤངས་བས་ཀུན་བརྟགས་ལ ་སོགས་པ་མེད་པར་ཤེས་བ་ནི་མ་ཡིན་ཏེ། གོས་ཀྱི་དྲི་མ་བཀྲུས་པ་ནི་དྲི་མ་མེད་པས་གོས་མེད་པར་རྟོགས་པ་ཡིན་པ་མ་ཡིན་ནམ། དེའི་ཕྱིར་ཡང?་ཀུན་བརྟགས་པའི་ངོ་བོ་ཡོད་བར་འགྱུར་རོ་ཞེ་ན། དེ་སྙམ་དུ་དགོངས་ནས་སློབ་དཔོན་གྱིས། སྲིད་གསུམ་མཛའ་ ་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་ཀུན་བརྟགས་ལ་སོགས་པ་གང་ཡིན་པ་དེ་དག་ནི་སྤྲོས་པའོ། །སྲིད་གསུམ་མཛའ་རུ་བྱོན་ནི་འདོད་པ་དང། གཟུགས་དང། གཟུགས་མེད་བའི་སྲིད་པ་གསུམ་བོ་དེ་དག་མཐར་མཛད་པས་ན་སྲིད་གསུམ ་མཛའ་རུ་བྱོན་ན། །སྲིད་བ་གསུམ་གྱི་མཛའ་རུ་བྱོན་པ་ངེས་ན་སངས་རྒྱས་བཅོམ་ལྡན་འདས་ཞེས་བརྗོད་དོ། །དེ་ལ་བསྡུས་ན་ཏེ། རྣམ་པར་དཔྱད་པའི་རྗེས་སུ་འབྲངས་ན་སེམས་ཀྱི་རྣམ་པར་རྟོག་པ་ཙམ་ཉིད་དུ་རྟོགས་པར་བྱ་བའི་དངོས་པོའི་ངོ་བོ ་ཉིད་དུ་ནི་མ་ཡིན་ནོ། །གལ་ཏེ་དེ་དག་སེམས་ལས་མ་ལུས་སྤངས། ཞེས་བྱ་བ་ནི་གལ་ཏེ་ནི་བརྒྱ་ལའོ། །དེ་དག་ནི་རྣམ་པར་རྟོག་པ་ཙམ་མཆོག་ཏུ་འཛིན་པའོ། །གལ་ཏེ་དེ་དག་སེམས་ལས་ནི་ཤེས་པ་ལས་སོ་།མ་ལུས ་བ་ནི་ཐམས་ཅད་དེ། །བག་ཆགས་དང་བཅས་པའོ། །སྤངས་པ་ནི་བསལ་བར་གྱུར་པ་སྟེ། དེའི་ཚེ་དེ་ཡང་སྲིད་འཆིང་བའི་སྐྱེ་བ་ཡོང་མ་ཡིན་ཞེས་སྨོས་ཏེ། སྐྱེ་བ་ལ་སོགས་པ་ཡོད་པ་མ་ཡིན་པའི་དངོས་པོ་ལ་མངོན་པར་ཞིན་བ་མེད་བའི ་ཕྱིར་ཡང་སྲིད་པར་འཚིལ་བར་མི་འགྱུར་རོ། །དེ་ལྟར་ན་ཡང། རྣམ་པར་རྟོག་པ་མ་གཏོགས་བར། །འཁོར་བ་ཞེས་བྱ་ཡོད་མ་ཡིན། །དེས་ན་རྣམ་པར་མི་རྟོག་པས། །རྟག་ཏུ་ཁྱོད་ནི་མྱ་ངན་འདས། །ཞེས་གསུངས་པ་ཡིན་ནོ། །ང་ནི ་སྲིད་པ་ཐར་པ་དག་ཇི་ལྟ་བ་བཞིན་དུ་ཡང་དག་པར་འབྱུང་བ་དེ་ལྟར་བསྟན་པའི་ཕྱིར་གསུངས་པ་ནི། སྲིད་དད་ཐར་བ་ཡོངས་ཤེས་པས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྲིད་དང་ཐར་པ་ནི་སྲིད་པ་དང་ཐར་པའོ། །དེ་དག་ཡོངས་སུ ་ཤེས་པ་ནི་སྲིད་པ་དང་ཐར་པ་ཡོངས་སུ་ཤེས་པའོ། །དེའི་ཕྱིར་སྲིད་པ་དང་ཐར་པ་ཡོངས་སུ་ཤེས་པའི་རྒྱུ་ལས་འབྲས་བུ་འབྱུང་བར་འགྱུར་བ་ཡིན་ནོ། །འབྲས་བུ་ཇི་ལྟ་བུ་ཞིག་འབྱུང་བར་འགྱུར་ཞེ་ན། དེ་སྤངས་ཐོབ་པའི་འབྲས་བུ ་བྱུང་ཞེས་བྱ་བ་སྨོས་ཏེ། དེ་ཞེས་བྱ་བས་ནི་སྲིད་པ་དང་ཐར་པ་གཟུང་ངོ། །དེ་ལྟར་མངོན་ནི་འདི་ཡིན་ཏེ་སྲིད་པ་ནི་དོར་བར་བྱ་བ་ཉིད་ཡིན་པའི་ཕྱིར་སྤངས་བའི་མཚན་ཉིད་ཀྱི་འབྲས་བུ་བྱུང་ལ། ཐར་པ་ནི་བླང་པར་བྱ་བ་ཉིད་ཡིན་པའི་ཕྱིར ་ཐོབ་པའི་མཚན་ཉིད་ཀྱི་འབྲས་བུ་འབྱུང་བ་ཞེས་བྱའོ། །ཡོངས་སུ་ཤེས་པ་དེ་ཡང་ཇི་སྲིད་འབད་བ་མཆོག་གིས་རིག་པ་རྟོགས་པར་མ་བྱས་ན། དེ་སྲིད་སྲིད་བ་དང་ཐར་པ་ཡོངས་སུ་ཤེས་པ་ནི་འབྱུང་ངོ། །ཡོངས་སུ་ཤེས་པས་དེ་སྤངS ་བ་འཐོབ་བའི་འབྲས་བུ་འབྱུང་བར་མི་འགྱུར་རོ། །དེ་ཉིད་ཀྱི་ཕྱིར། བློ་གྲོས་བཟང་པོ་ཐམས་ཅད་ནི། །ནང་སེམས་པ་ལ་བརྩོན་བ་ཡིན། ཞེས་བྱ་བ་སྨོས་ཏེ། བློ་གྲོས་བཟང་པོ་གང་ལ་ཡོད་པ་དེ་ནི་བློ་གྲོས་བཟང་བོའོ། །བློ་གྲོས་བཟང་བོ་དེ་དག་ཐམས་ཅད ་ནང་གི་བདག་ཉིད་སེམས་ལ་བརྩོན་པ་ཡིན་ནོ། །ནང་གི་སྒྲ་ནི་ནང་རིག་པ་ལ་བྱའོ། །དེ་ཐོས་པ་དང་བསམ་པ་དང་སྒོམ་པ་ནི་སེམས་པའོ། །བརྩོན་པ་ནི་དེའི་དོན་དུ་བརྩོན་བ་སྟེ། གང་གོམས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།?་དེ་ལྟར་བྱས་ན་སྲིད་པ་དང ་ཐར་པ་ཡོངས་སུ་ཤེས་པ་ཕྱིན་ཅི་མ་ལོག་པར་དེ་དག་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ང་ནི་འཁོར་བ་དང་ཐར་བ་དག་ལུང་གི་རྗེས་སུ་འབྲངས་ཏེ་བསྡུས་ནས་མདོའི་གནས་ཀྱི་མཚན་ཉིད། འདོད་ཆགས་ལ་སོགས་དྲིར་བཅས་སེམས་།ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། འདོད་ཆགས་དང་པོར་གང་དག་ལ་ཡོད་པ་དེ་ནི་འདོད་ཆགས་སོ། །སོགས་པ་སྨོས་པས་ཞེ་སྡང་དང་གཏི་མུག་ལ་སོགས་པ་རྣམས་བཟུང་ངོ། །བག་ཆགས་ཀྱི་དབང་གིས་དེ་དང་དེ་དག་གི་འདོད་ཆགས་ལ་སོགས་པའི་དྲི་མས ་བསྒོས་བའི་སེམས་ལ་འཁོར་བ་ཞེས་བྱ་བར་བརྗོད་དོ། །སེམས་དེ་ཉིད་ལས་ལམ་བསྒོམས་པས་འདོད་ཆགས་ལ་སོགས་པས་དབེན་པ་ཉིད་དེ་དག་མདོར་བསྡུས་པ་ནི་རྒྱ་ཆེ་བ་མ་ཡིན་པར་ཐར་བ་ཡིན་པར་གསུངས་སོ། །གང་གིས་གསུངས་ཤེན ་སྒྲིབ་བ་སྤངས་བ་རྒྱལ་པ་ཡོས?། །ཞེས་བྱ་བ་སྨོས་ཏེ། ཉོན་མོངས་བ་དང་ཤེས་བྱའི་སྒྲིབ་པ་གང་དག་ལ་སྤངས་པ་མངའ་པ་དེ་དག་ནི་སྒྲིབ་བ་སྤངས་པའོ། །དེ་ལྟ་བུ་དེས་གསུངས་ཞེས་བྱ་བའི་དོན་ཏོ། །འདོད་ཆགས་ལ་སོགས་པ་རྣམས་དོན་དམ་བར་ཡོད ་པ་ཡིན་ནོ་ཞེས་འགའ་ཞིག་སེམས་པར་འགྱུར་བས་དེ་ལྡོག་པའི་ཕྱིར། འདོད་ཆགས་ཞེ་སྡང་གཏི་མུག་ནི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུས་ཅན་ནི་ལུས་དང་ལྡན་པ་རྣམས་ཏེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གང་ཡིན་པ་དེ་དག ་སེམས་ཀྱི་ཀུན་ཏུ་རྟོག་པ་ཙམ་གྱི་ངོ་བོར་རྟོགས་པར་བྱའོ། །དེ་བས་ན་དེ་དག་དོན་དམ་པར་ཡོད་པ་ནི་མ་ཡིན་ནོ། །གལ་ཏེ་གང་དག་འདོད་ཆགས་ལ་སོགས་པ་རྣམས་ཀྱི་ཡུལ་དུ་གྱུར་བ་གཟུགས་ལ་སོགས་པའི ་ཆོས་དེ་དག་ཀྱང་ཐ་དད་པས་དོན་དམ་པར་ཡོད་པའི་ཕྱིར་སེམས་ཙམ་ཉིད་དུ་མི་གྲུབ་པོ་ཞེ་ན། གང་གིས་ཆོས་ནི་གཞན་དག་ཀྱང། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀྱང་གི་སྒྲ་ནི་བསྡུ་བའོ། །འདོད་ཆགས་ལ་སོགས་པ་འབའ་ཞིག་སེམS ་ཀྱི་ཀུན་ཏུ་རྟོག་པ་ཙམ་གྱི་ངོ་བོ་མ་ཡིན་གྱི། གཟུགས་ལ་སོགས་པའི་ཆོས་གང་ཅི་སྲིད་པའོ། །བྱིས་བ་ནི་མི་མཁས་པའོ། །རྫུན་བདག་ཉིད་ནི་ལོག་བར་ལྟ་བས་ཡོངས་སུ་གཟུང་བ་རྣམས་ཏེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག ་གོས་བརྟགས་པ་དེ་དག་ཀྱང་སེམས་ཀྱི་ཀུན་རྟོག་པ་ཙམ་ངོ་བོར་བལྟ་བར་བྱའོ། །གང་གི་ཕྱིར་གཅིག་དང་དུ་མའི་རང་བཞིན་གྱི་རྣམ་པར་དཔྱད་ན་དྲི་ཟའི་གྲོང་ཁྱེར་ལྟ་བུར་དོན་དམ་པའི་ངོ་བོར་མི་རུང་བའི་ཕྱིར། དེ་བཞིན་སོ་སོའི་བདག ་ཉིད་ཡིད་པ་རྙེད་པར་མི་འགྱུར་ཏེ་དེ་བས་ན་ཀུན་ཏུ་བརྟགས་བའི་རང་བཞིན་ཡིན་ནོ་།ཀུན་བརྟགས་པ་དེ་ཡང་རྟག་ཏུ་མེད་པའི་ཕྱིར་དེ་དག་ཐ་དད་པ་དང་ཐ་དད་མ་ཡིན་བར་དོན་དམ་པར་གང་ཞིག་ལས་འགྱུར། དེ་བཞིན་དུ་འདོད་ཆགས ་ལ་སོགས་བ་རྣམས་དང། གཟུགས་ལ་སོགས་པའི་ཆོས་རྣམས་ཀྱང་རྣམ་པར་རྟོག་པའི་ངོ་བོ་ཡིན་པར་རྣམ་པར་དཔྱད་པའི་སྒོ་ནས་མེད་པར་བསྟན་ནས། དོན་དམ་པའི་བདེན་པ་རྣམ་བར་རྟོག་པ་ཐམས་ཅད་དང་འབྲེལ་བ་མེད་པས་གཅིག ་ཏུ་རྣམ་པར་དག་བ་ཉིད་དུ་བསྟན་པའི་ཕྱིར། འདི་སྐད་དུ། དམ་པའི་དོན་གྱི་རྟོག་པ་ལའང། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་མེད་བདག་སྒྲི་ནི་བསྡུ་བའི་ཡིན་ནོ། །འདོད་ཆགས་ལ་སོགས་པ་དང་གཟུགས་ལ་སོགས་པ་དོན་དམ་པར་མེད་པས ་རྣམ་པར་རྟོག་པ་ཐམས་ཅད་སློབ་དཔོན་གྱིས་བཀག་གི་འབའ་ཞིག་ནི་མ་ཡིན་ནོ། །ཇི་སྲིད་དོན་དམ་པ་ལའང་ཐོབ་བ་དང་དབྱེད་པ་ལ་སོགས་པའི་མཚན་ཉིད་ཀྱི་རྣམ་པར་རྟོག་བ་ཐམས་ཅད་ཤིན་ཏུ་མེད་པའི་ཕྱིར་དགག་བ་ཉིད་བརྗོད་པར་བཞེད་པ་ཡིན ་ཏེ། དོན་དམ་བ་བདག་གིས་རྟོགས་ཟིན་ཏོ། །བདག་གིས་རྟོགས་སོ། །བདག་གིས་རྟོགས་པར་འགྱུར་རོ་ཞེས་བྱ་བ་སྟེ། འདི་ལྟར་རྟོགས་བར་བྱ་བ་དང། རིག་པ་དང། རིག་པར་བྱེད་བ་ལ་སོགས་པ་མཛའ་ཡས་པ་རྣམ་པར་རྟོག་བའི་ཞེན་པ་ནི་དོན་དམ་པ་རིག ་བའི་མཁས་པས་མཛའ་ཡས་པའི་ཆགས་པའི་རྒྱུ་ཡིན་པའི་ཕྱིར་འཁོར་བའི་རྒྱུར་ཡང་རྟོགས་སོ། །གང་གི་ཕྱིར་དེ་ལྟ་བས་ན་དོན་དམ་པར་རིགས་པས་གནས་མི་བྱ་།ཆགས་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དགེ་བའི་དོན་ལ་ཡང་རྟོག་པའི ་དོན་གྱིས་འཁོར་བའི་རྒྱུར་འགྱུར་ལ། མི་དགེ་བ་ཡང་རྣམ་པ་དེ་བཞིན་དུ་ཡིན་ནོ། །རྟོག་ལ་བྱེ་བྲག་ཅི་ཞིག་ཡོད། ཅེས་བྱ་བ་ནི་དོན་དམ་བའི་ཡུལ་ལམ་དོན་དམ་པ་མ་ཡིན་པ་ཡུལ་དུ་རྟོག་བ་དེ་ལའོ། །གཉི་ག་ལ་ཡང་ལམ་མཐུན་པ་ཡིན་ཏེ། བརྟགS? ་བ་ཉིད་ཡིན་པའི་ཕྱིར་རོ། །ང་ནི་སྔར་གསུངས་པའི་དོན་དབེས་བསྟན་པའི་ཕྱིར། རྟེན་གྱི་དབྱེ་བ་ལ་བརྟེན་པའི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མེའི་བསྲེག་པའི་མཚན་ཉིད་ཀྱི་རྟེན་ནི་བུད་ཤིང་ཡིན་མོད་ཀྱི། རྩ་དང་ལོ་མའི་དབྱེ་བས་ངའི་སྲེག་པ་ཉིད་དུ ་ནི་བྱེ་བྲག་མེད་དོ། །བསིལ་བའི་ངོ་པོ་ཙན་དན་གྱི་མེ་འདིས་ཀྱང་རེག་པ་ཙམ་གྱིས་ཏེ། རེག་པའི་སྤྱོད་ཡུལ་དུ་གྱུར་བས་སྲེག་པ་ཉིད་ཡིན་ནོ། །དེ་བཞིན་དུ་དོན་དམ་པའི་ཡུལ་གྱི་རྟོག་པ་ལ་ཡང་ཤེས་པར་བྱའོ། །ཡང་ཅིའི་ཕྱིར་དོན་དམ་པའི་རྣམ་པར་རྟོག ་བ་ལ་ཡང་ཞེ་ན་པར་མི་བྱ་ཞེ་ན། ཐམས་ཅད་ཉིད་དུ་སྦང་བར་བྱ་།ཞེས་བྱ་བ་ལ་སོགས་བ་སྨོས་ཏེ། ཐམས་ཅད་ནི་མ་ལུས་པའོ། །འདི་ལྟར་འཁོར་བའི་རྣམ་པར་རྟོག་པ་རགས?་པ་འབའ་ཞིག་ནི་མི་ཡིན་གྱི་དོན་དམ་པའི་ངོ་བོ་ལ་མངོན་པར་ཞེན་པའི་རྣམ་པར་? ་པ་ཐོབ་བའམ། མི་འཐོབ་པའི་རྒྱུ་མཚན་ཕྲ་མོ་ཇི་སྙེད་བའང་སྤང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །རྟོག་བ་ཇི་ལྟ་བུར་གྱུར་བ་ཞིག་ཅེ་ན། འཁྲུལ་པའི་ངོ་བོ་ཞེས་བྱ་བ་སྟེ་སྐུ?་མའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་ལམS? ་ནི་མངོན་བར་བསླང་པ་ཡིན་ཞེས་པ་ནི་དེ་ཁོ་ན་ཉིད་ལ་གེགས་བྱེད་བར་གྱུར་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟ་ཡིན་ན་འཁྲུལ་པའི་ངོ་བོ་ཇི་ལྟ་བུ་ཡིན། གང་གི་ཕྱིར་དེ་རྟོག་པ་དང་མཚུངས་པ། དེའི་ཕྱིར་དགག་པའི་དབེས་དེའི་ངོ་བོ་བསྟན་པའི་ཕྱིར ་ལ་བྲུལ་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་གི་སྒྲ་ནི་བསྡུ་བའི་དོན་ཏོ། །དེས་ན་འཁྲུལ་པ་མ་དག་པའི་ཕྱིར། མིག་འཕྲུལ་གྱི་ནི་རྣམ་འཕྲུལ་ཡིན། ཞེས་བྱ་བ་ནི་མིག་འཕྲུལ་གྱི་སྤྲོས་བ་ལྟ་བུར་བདེ་བ་ཡིན་ནོ། རྣམ་འཕྲུལ་ནི་ཡང་དག ་བར་བྱུང་བའོ། །ཇི་ལྟར་མིག་འཕྲུལ་མཁན་གྱིས་དེའི་ངོ་བོ་མ་ཡིན་པའི་ས་ལ་སོགས་པའི་དངོས་བོ་གླང་པོ་ལ་སོགས་པའི་དངོས་པོར་སྣང་བ་དེ་བཞིན་དུ་གཉིས་སུ་མེད་བའི་རང་བཞིན་གྱི་སེམས་ཀྱང་འཁྲུལ་པའི་དབང་གིས་གཉིས་ཀྱི་ངོ་བོར ་སྣང་བ་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །ད་ནི་མིག་འཕྲུལ་གྱི་ངོ་པོ་དེ་ཤིན་ཏུ་ཡོད་བ་མ་ཡིན་པར་བསྟན་བའི་ཕྱིར། མིག་འཕྲུལ་ཡང་ཞེས་བྱ་བ་སྨོས་ཏེ། མིག་འཕྲུལ་ཡང་སེམས་འཁྲུལ་བ་ཙམ་དུ་ཤེས་པར་བྱ་སྟེ་ཁོང་དུ་ཆུད་པར་བྱའོ། །ཡང་མིང ་འཕྲུལ་ཞེས་བྱ་བ་དངོས་བོ་ཆུང་ཟད་ཀྱང་མེད་དེ་གང་གི་ཕྱིར་དེའི་ངོ་བོ་རྣམ་པར་དཔྱད་བའི་སྒོ་ནས་ཤིན་ཏུ་ཡོད་པ་མ་ཡིན་པའི་ཕྱིར་རོ། །ད་ནི་འཁྲུལ་བ་བཀག་ནས་སེམས་ཀྱི་ཡོངས་སུ་གྲུབ་བའི་ངོ་བོ་བསྟན་པའི་ཕྱིར། དེ་ཕྱིར་སེམས་ཀྱི་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། དེ་ཕྱིར་ནི་བསྟན་མ་ཐག་པའི་རྣམ་པས་སོ། །རང་བཞིན་མེད་བའི་འཁྲུལ་བ་དང་སེམས་ཀྱི་རང་རིག་ཙམ་ལྷན་ཅིག་གཉིས་སུ་མེད་པར་བལྟའོ། །ཇི་ལྟར་འཁྲུལ་པ་ཤིན་ཏུ་ཡོད་པ་མ་ཡིན་བའི་ཕྱིར་དངོས་པོ་མེད་པ་དེ་བས་ན་སེམS ་ཀྱི་དེ་དང་དེ་གཉིས་སུ་མི་རིགས་པའི་ཕྱིར་གཉིས་སུ་མེད་བར་བལྟའོ། །འཁྲུལ་པ་མི་དམིགས་པའི་ཕྱིར་སེམས་ཉིད་གཅིག་ཏུ་གྲུབ་བོ། །འདི་ལྟར་མོ་གཤམ་གྱི་བུ་དང་རི་བོང་གི་རྭ་གཉིས་ལས་མོ་གཤམ་གྱི་བུ་མི་དམིགས་པའི་ཕྱིར་མོ་གཤམ་རང་ཉིད ་གཅིག་བུ་ཁོ་ན་གྲུབ་བོ། །དེ་ལྟར་རི་བོང་གིར་མི་དམིགས་པ་ཉིད་ཀྱི་ཕྱིར་རྭ་དང་འབྲེལ་བ་མེད་པའི་ངོ་བོ་རྭས་དཔེན་པ་རང་ཉིད་གཅིག་བུ་གྲུབ་བོ། །དེ་བཞིན་དུ་འཁྲུལ་བ་མི་དམིགས་པའི་ཕྱིར་ཤེས་པ་གཅིག་བུ་ཉིད་གྲུབ་བོ། །གཉིས་སུ་མེད་པ་ནི་དེའི ་ངང་ཚུལ་དུ་བལྟའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་འཁྲུལ་པ་དགག་པ་བྱས་ནས་སེམས་ཀྱི་ཡོངས་སུ་གྲུབ་བའི་ངོ་བོ་དེ་བསྟན་པའི་ཕྱིར། དབུ་མའི་ཞེས་བྱ་བ་སྨོས་ཏེ། དེ་ཉིད་གཉིས་སུ་མེད་པར་བལྟ་སྟེ། སྒྲོ་འདོགས་པ་དང་སྐུར་བ་འདེབས་བ་སྤངས ་པ་ནི་དབུ་མའི་ལམ་དུ་ཤེས་པར་བྱའོ། །འདི་ལྟར་ཡོད་པ་མ་ཡིན་པའི་བདག་ཉིད་ཡང་ཕྱིའི་དོན་གཟུང་བ་དང་འཛིན་པ་ཉིད་དུ་ལྷག་པར་སྒྲོ་འདོགས་པ་ནི་སྒྲོ་བཏགས་པའོ། །གཉིས་སུ་མེད་པའི་ཤེས་ཁས་མི་ལོན་པ་ནི་སྐུར་པ་འདེབས་བ ་ཡིན་ནོ། །གང་གཉིས་པོ་དེ་དག་དང་བྲལ་བ་ནི་དབུ་མའི་ལམ་ཞེས་བྱའོ། །དེ་ཉིད་གཉིས་སུ་མེད་པར་བལྟབ་སེམས་ཀྱི་གཉིས་སུ་མེད་པའི་ངོ་བོ་མཐོང་བ་ནི་ཆོས་ཉིད་དེ། ཆོས་ཀྱི་བདག་ཉིད་མེད་པ་ཕུང་པོ་དང། སྐྱེ་མཆེད་དང། ཁམས་ལ་སོགས་བའི ་ཆོས་རྣམས་བདག་མེད་པ་ཞེས་བྱ་པའི་དོན་ཏོ། །དེ་ལྟར་ཡང་བདག་ཏུ་འཛིན་པ་བཟློག་པའི་ཕྱིར། ཕུང་པོ་ཁམས་ལ་སོགས་པ་བསྟན། །དེ་ཡང་བཟློག་ནས་སྐལ་ལྡན་ལ། །སེམས་ཙམ་དུ་ནི་རྣམ་པར་བཞག་།ཅེས་གསུངས་པ་ཡིན་ནོ། །ཡང་དག་པ་དང་བདེན་པའི ་མཛའ་ནི་མཐར་ཐུག་པའོ། །དེ་བས་ན་དེ་ལ་ཡང་དག་པའི་མཛའ་ཞེས་བསྟན་ཏོ། །དེ་ཉིད་ལས་གཞན་མེད་པའི་ཕྱིར་དེ་བཞིན་ཉིད་དོ། །དེ་ཉིད་གཉིས་ཀྱིས་སྟོང་བས་ན་སྟོང་པ་ཉིད་དོ། །དེ་བཞིན་དུ་ཆོས་རྣམས་མཉམ་པ་ཉིད་ཀྱི་ཕྱིར་མཉམ་པ་ཉིད་དོ། །རྣ?་བྱོར་པ་རྣམས་ཞི་གནས་དང་ལྷག་མཐོང་དང་? ་པས་ངེས་པར་གྲོལ་བ་ནི་བྲོལ་བ་ཡིན་ནོ། །དེ་ཉིད་རྣམ་པར་རིག་ཙམ་ཉིད་ནི་ཕྱི་རོལ་གྱི་དོན་བཀག་པ་ཡིན་ནོ། །དེ་བཞིན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་རིང་བ་དང་ཉེ་བ་བཀག་པའི་སྒོ་ནས་ཐོབ་པ་དང་མ་ཐོབ་པ་བསྟན་པའི་ཕྱིར། ཆོས ་ཀུན་ནང་དུ་ཆུད་པའི་ཕྱིར། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཉིས་སུ་མེད་པའི་སེམས་ཉིད་དེ་བཞིན་ཉིད་ཀྱི་སྒྲར་བརྗོད་དོ། །དེ་གཉིས་ཀྱིས་དབེན་པ་ཉིད་ཀྱིས་ཆོས་ཐམས་ཅད་ནང་དུ་ཆུང་པའི་ཕྱིར་དེའི་ནང་དུ་ཆུད་པ་ཡིན་ནོ། །དེའི་ཕྱིར་རིང་བ་མ་ཡིན ་ཏེ། རིང་བ་ན་གནས་པར་གྱུར་པ་མ་ཡིན་ནོ། །འོན་ཀྱང་རྣལ་འབྱོར་བ་མ་ཡིན་པའི་སྐྱེ་བོ་རྣམས་ཀྱིས་ཡོངས་སུ་མ་ཤེས་པའི་ཕྱིར་ཐོབ་པར་མི་འགྱུར་རོ། །གང་གི་ཆེ་བཀའ་བ་ཆེན་པོས་དེའི་ཟག་བ་རྣམས་ཟད་པས་སངས་རྒྱས་པར་གྱུར་པ་དེའི་ཚེ་ཉེ་བ་མ་ཡིན ་པས་ཉེ་བའང་མིན་ནོ། །འདི་ལྟར་གཉིས་སུ་མེད་པའི་ངོ་བོ་དེ་ཉིད་ལ་གཉིས་ཀྱི་རྣམ་པར་བྱིས་པ་རྣམས་འཁྲུལ་པས་ངོ་བོ་དཔྱད་པར་མི་ནུས་ཏེ། ངེས་བ་ཉིད་དུ་མི་ནུས་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་འདི་བྱིས་པ་རྣམས་ཀྱིས་ཐོབ་པར་མི་འགྱུར་ཞེས་བྱ་བའི ་དོན་ཏོ། །འོ་ན་སུ་ཞིག་གིས་དེ་རང་གིས་རིག་ཅེ་ན། རང་རིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྲ་བ་གཟིགས་པ་ནི་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་སྤྱན་གྱིས་དངོས་པོ་ཕྲ་བ་རྣམས་གཟིགས་ཏེ། དེ་དག་གིས་དེ་དང་གིས་རིག་པ་ཡིན་ནོ། །རང་ལ་གནས་པ་ནི་ཡང ་རང་གི་སེམས་ལ་གནས་བའོ། །བདག་འདྲ་བར་ཤེས་རབ་རྩིང་བས་མཐོང་བ་མེད་ཅེས་བྱ་བའི་དོན་ཏོ། །ཡང་ཇི་ལྟར་སངས་རྒྱས་དེ་རྣམས་ཀྱིས་རང་གིས་རིག་ཅེ་ན། ཕྲ་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་སངས་རྒྱས་དེ་དག་གི་རང་བཞིན་ཕྲ་བ་ཡིན་ཏེ། དེ་ལྟ ་བས་ན་ཕྲ་བ་ཉིད་ཀྱི་ཕྱིར་ཕྲ་བ་རང་གིས་རིག་པར་རིགས་སོ་ཞེས་བྱ་བའི་དོན་ཏོ། །ཟག་པ་རྣམས་ཟད་པས་གཉིས་སུ་མེད་པ་དེ་བཞིན་ཉིད་ཤིན་ཏུ་ཕྲ་བ་ཉིད་སངས་རྒྱས་རྣམས་ཀྱི་ཡུལ་དུ་གྱུར་པས་དབང་པོ་ལས་འདས་པ་གཟིགས་ཀྱི་ཕྱི་རོལ་གཟིགས་པ་ནི?་དུ་ཆེས་བྱ་བའི ་དོན་ཏོ། རྣལ་འབྱོར་བ་རྣམས་ཐར་པ་ཐོབ་པ་དགའ་ཨོ་སྙམ་དུ་བརྒྱ་ལ་དོགས་བ་དེ་བསལ་བའི་ཕྱིར་ནམ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣལ་འབྱོར་རིག་པས་ན་རྣལ་འབྱོར་རིག་པའོ། །དེས་ནམ་ཡང་རྣམ་པ་འགའ་ཞིག་ཏུ་ཡང་ཐར་པ་རིང་བོ་ན་གནས་པར ་འགྱུར་སྙམ་མི་བསམ་མོ། །འདི་ལྟར་སེམས་དེ་ཉིད་ཀུན་ཏུ་བརྟགས་པའི་ཆོས་ཀྱིས་དབེན་པ་མ་ཡིན་པ་ནི་འཁོར་བ་ཉིད་དུ་ཤེས་ལ། ཆོས་དེ་དག་ཉིད་ཀྱིས་སྟོང་བ་ནི་མྱ་ངན་ལས་འདས་པར་ཤེས་པའོ། །གང་གིས་ཕྱིར་རང་དངོས་ཉིད་ངེས་མཐོང་བ་ནི་མྱ་ངན ་ལས་འདས་པའོ། །འདི་སྐད་དུ་བསྟན་པར་འགྱུར་ཏེ། སེམས་དེ་ཉིད་དྲི་མ་དང་བཅས་པ་དང། དྲི་མ་མེད་པའི་བྱེ་བྲག་གིས་འཁོར་བ་དང་མྱ་ངན་འདས་ལས་འདས་པར་གཞག་གི་།དེ་ལས་མ་གཏོགས་པར་འཁོར་བ་དང་མྱ་ངན་ལས་འདས་པ་འགའ་ཡང་མི་དམིགས?་སོ་ཞེས ་བྱ་བ་ཡིན་ནོ། །འཁྲུལ་པ་ཐ་དད་པ་ཀུན་བརྟགས་པ་ཇི་སྲིད་རིགས་པ་དང་ལུང་གིས་དགག་པ་མ་བྱས་པ་ཇི་སྲིད་དུ་སེམས་གཉིས་སུ་མེད་པའི་ངོ་བོར་ཇི་ལྟར་འགྲུབ། །དེ་ལྟ་བས་ན་དང་པོར་རྒྱ་ཆེར་དེ་དགག་པའི་ཕྱིར། ཉི་ཆུ་རབ་རིབ་ཅེས་བྱ་བ་ལ་སོགས་བ་སྨོས ་ཏེ། ཉི་ཆུའི་སྒྲ་ནི་སྨིག་རྒྱུའི་ཆུ་ལ་བྱའོ། །ལྷག་མ་ནི་ཁོང་དུ་ཆུད་བར་སླའོ། །ཉི་ཚུ་རབ་རིབ་ལ་སོགས་པའི་འཁྲུལ་པའི་དབེ་འདི་དག་གིས་འཁྲུལ་པ་ཐ་དད་པ་གུན་བརྟགས་པ་དགག་པའི་ཕྱིར་གཉིས་སུ་མེད་པ་སེམས་ཅམ་དུ་སྨྲ་བ་རྣམས་ལ་དགོས་པར ་འགྱུར་བ་ཡིན་ནོ། །འདི་ལྟར་དེའི་རིགས་པ་བརྗོད་པར་བྱ་སྟེ། སྣང་པ་རྩམ་ཉིད་དུ་བརྟགས་པའི་དོན་འགྲུབ་པར་ནི་མི་རིགས་ཏེ། གཞན་དུ་ན་ཉི་ཆུ་རབ་རིབ་ལ་སོགས་པའི་འཁྲུལ་པ་རྣམས་ཡོད་པ་ཉིད་དུ་ཐལ་པར་འགྱུར་ཏེ། འདི་ལྟར་སྣང་བའི་རྒྱུ་མཚན་མཚུངS་བའི་ཕྱིར།། ་རྒྱུ་མཚན་?་པའི་རྒྱུ་མཚན་ཅན་ལ་བྱེ་བྲག་ཆུང་ཟད་མི་དམིགས་སོ། །འདི་ལྟར་རྨི་ལམ་ལ་སོགས་པ་ལ་ཡང་དོན་དུ་སྣང་མོད་ཀྱི། དེ་ལ་དོན་ཡོད་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་སྣང་བ་ཙམ་གྱིས་ཕྱིའི་དོན་ཡོད་པར་མི་འགྲུབ?་བོ། །འཁྲུལ་པ་གཞན་ཀུན་བརྟགས ་དང་འཁྲུལ་པ་རྣམས་ཁྱད་པར་མེད་པའི་ཕྱིར་དེ་དག་གིས་འཁྲུལ་པ་གཞན་ཀུན་བརྟགས་པ་ཇི་ལྟར་དགག་པར་རིགས་པ་མ་ཡིན་ནམ། མོ་གཤམ་གྱི་བུས་རི་བོང་གི་རྭ་དགག་པར་བྱ་བར་མི་ནུས་སོ། །དེ་ལྟར་ནི་མ་ཡིན་ཏེ ་ཕྱིའི་དོན་དུ་མངོན་པར་ཞེན་པའི་དུག་གིས་སེམས་བསླང་བས་ཁྱད་པར་མེད་པའི་ངོ་བོ་མི་སྣང་གི་འོན་ཀྱང་དངོས་པོ་དང་དངོས་པོ་མེད་པའི་ཁྱད་པར་དུའོ། །དེའི་ཕྱིར་བྱིས་པ་དེ་རྣམས་ཀྱི་དངོས་པོར་འཛིན་པ་དེ་དག་གིས་སེལ་བར་བྱེད་པ་ཡིན་ནོ། །གལ ་ཏེ་དེ་ལྟ་ཡིན་ན་དེས་ཀྱང་སེལ་བར་མི་རིགས་ཏེ། འཁྲུལ་བ་ནི་དངོས་པོ་མེད་པའི་ཕྱིར་དང། མེད་པ་བྱ་བ་བྱེད་པ་མི་སྣང་བའི་ཕྱིར་རོ། །དེ་ལྟར་ནི་མ་ཡིན་ཏེ། འདི་ནི་མཐོན་བ་ཁོ་ན་ཏེ། །འདི་ལྟར་ཕ་མེད་པས་བུ་ཤིའོ་ཞེས་བྱ ་བ་དང། ཆར་མེད་པས་འབྲུ་ཉམས་ཞེས་བྱ་བ་ལྟ་བུའོ། །དོན་རྣམས་བརྫུན་པ་ཡིན་ན་བྱིས་པ་རྣམས་ལ་ཅིའི་ཕྱིར་ཕྱིའི་དོན་སྣང་ཞེ་ན། ཡུལ་དུ་ཀུན་བརྟགས་དེ་དང་དེས། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དང་ངེས་ནི་རྣམ་པ་དུ་མ་ཐོག་མ ་མེད་པའི་དུས་སུ་གོམས་བའི་ཡུལ་དུ་ཀུན་ཏུ་རྟོགས་པས་གཟུགས་ལ་སོགས་པའི་ཀུན་བརྟགས་པས་སེམས་འཁྲུགས་བས་ད་ལྟར་ཡང་དེའི་བག་ཆགས་ཀྱི་ཤུགས་ཏེ་བག་ཆཌ?་ཀྱིས་འབྱུང་བའོ། །རྨི་ལམ་གཏན་པ་མེད་པ་ལ་ངོན་དུ་སྣང་བ་དེ་དག ་ལ་སྐྱེའོ། །ཡང་ཅི་ཉིན་པར་སད་པའི་གནས་སྐབས་ན་སྐྱེ་བ་ལྟ་ཅི་སྨོས། དེ་ལྟ་བས་ན་དེ་ཉིད་ཀྱི་ཕྱིར། མི་བཟད་པ་ཡི་བག་ཆགས་དུག་།ཅེས་བྱ་བ་སྨོས་ཏེ། འདི་ལྟར་དུག་གིས་ཟིན་པ་འགའ་ཞིག་ལ་སེར་པོའི་དངོས་པོ་མེད་ཀྱང་སེར་པོའི་དངོས་པོ་སྣང་བ ་སྐྱེའོ། །དེ་བཞིན་དུ་བག་ཆགས་ཀྱི་དུག་གིས་ཟིན་པས་ཕྱིའི་དོན་མེད་ཀྱང་དེར་སྣང་བ་སྐྱེ་བ་ཉིད་དོ། །འོན་ཀྱང་འདི་ཙམ་གྱི་ཁྱད་པར་ཡོད་དེ། དུག་གིས་ཟིན་པ་ནི་སྔགས་ལ་སོགས་པས་དུག་ཞི་བར་ནུས་ཀྱི། ལམ་སྒོམ་པ་ལ་མི་ཕྱོགས་པས་ནི་བག་ཆགས་ཀྱི་དུག?་།ཞི ་བར་མི་ནུས་སོ། །དེ་ལྟ་བས་ན་དུག་སྔ་མ་ལས་དུག་འདི་ནི་མི་བཟད་པ་ཡིན་ནོ། །ད་ནི་ཕྱིའི་དོན་དུ་མངོན་བར་ཞེན་པ་རྣམས་མི་ཤེས་པར་བསྟན་པའི་ཕྱིར། ཨེ་མའོ་བརྫུན་པའི་རྣམ་རྟོག་གི་།ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་ཏེ། །རྫུན་ནི ་གཟུགས་ལ་སོགས་པའི་རྣམ་པར་རྟོག་པའི་སྣང་བའོ། །རྒྱུན་ནི་འཇུག་པའོ། །སྟུག་པོ་ནི་མཐུག་པོ་ཉིད་དོ། །གང་གི་ཕྱིར་དེའི་དབང་དུ་གྱུར་པའི་སེམས་ཅན་རྣམས་ལ། རྨི་ལམ་ལས་ཀྱང་རྨི་ལམ་གཞན། གྱི་རྟོག་པ་སྟེ། མི་ཤེས་པ་གཉིད་ཀྱིས་ལོག་པའི་འཇིག་རྟེན ་རྣམས་ལ་མེད་པའི་དོན་སྣང་བ་ཉིད་ནི་རྨི་ལམ་ཡིན་པར་གྲག་གོ་།རྨི་ལམ་གྱི་གནས་པ་དེ་ལ་ཡང་རྨི་ལམ་གཞན་གྱི་རྟོག་པ་གང་བསྟེན་པ་དེ་རྣམས་ནི་ཤིན་ཏུ་མི་བརྟན་པ་ཉིད་དོ། །འདིར་དཔེ་བསྟན་པའི་ཕྱིར། ཆུ་བུར་ཞེས་བྱ་བ་སྨོས་ཏེ། འདི་ལྟར་ཆུ་བུར་གྱི་སྟེང་དུ་ང་ཆུ་བུར ་གཉིས་པས་གནོད་པའི་བདག་ཉིད་ཅན་དེ་བཞིན་དུ་རྨི་ལམ་གཞན་ཞེས་བྱ་བའི་དོན་ཏོ། །རྨི་ལམ་སྔ་མ་མེད་ན་རྨི་ལམ་ཕྱི་མ་ཇི་ལྟར་འགྲུབ་པར་འགྱུར་ཞེ་ན། གང་གི་ཕྱིར་རྨི་ལམ་ལྟ་བུའི་རྨི་ལམ་མོ། །ཇི་ལྟར་ཞེ་ན། དོན་མེད་པ་སྣང་བ་དང་འདྲ་བའི་ཕྱིར་རོ། །འདྲ་བ ་ཡང་གཉིས་ལ་གནས་པར་འགྱུར་བ་ཡིན་ཏེ། བ་ལང་དང་བ་མེད་པ་བཞིན་ནོ། །དེས་ཀྱང་རྨི་ལམ་གཞན་མེད་པས་འདྲ་བ་མེད་པའི་ཕྱིར་འདོད་པའི་དངོས་པོ་མི་འགྲུབ་བོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས། ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ཡིན་གྱི་རྨི་ལམ་ནི་མ་ཡིན་ནོ།། ་ཞེས་གསུངས་སོ། །དེ་བས་ན་དགོངས་པ་ནི་འདིར་འདི་ཡིན་ཏེ། གང་གིས་དབེ?་ཉིད་དུ་རྨི་ལམ་བསྟན་བ་དེ་དག་གི་གཞུང་མི་འདོད་བ་འགྲུབ་པ་མེད་དོ། །ཡང་གང་དག་ཕྱིའི་དོན་བཞིན་དུ་རྨི་ལམ་དུ་མཐོང་བའི་དོན་ཡང་ཡོད་པ་ཉིད་དུ་འདོད་པ་དེ་དག་ལ་རྨི་ལམ་གཞན་གྱིས ་གནོད་པ་ཡིན་ཏེ། ཆུ་བུར་གྱི་སྟེང་དུ་ཆུ་བུར་བཞིན་ནོ། །དེ་ལྟར་ཡང་སློབ་དཔོན་གྱིས། །རྨི་ལམ་དུ་མཐོང་ཡོད་མིན་ལ། །དངོས་པོ་གཟུང་བའི་སྟོབས་ཡིན་ན། །གཞོན་ནུ་མ་སྤུམ་བུ་ཐོབ་པ། །སྣང་ཕྱིར་འདི་ནི་མི་རིགས་སོ། །ཞེས་ཕྱིས་འཆད་པར་འགྱུར་རོ། །བྱིས་པ་རྣམས་ལ་མེད ་བཞིན་དུ་སྣང་བ་སྐྱེ་བ་ཅིའི་ཕྱིར་ཡིན་ཞེ་ན། ཡང་དག་མ་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་རིག་པའི་དབང་གིས་དེ་དག་ལ་མེད་པ་སྣང་བར་འགྱུར་རོ། །ཡང་དག་པ་ནི་ཡང་གཉིས་མེད་བའི་དོན་དམ་པ་བསྒྲིབས་ནས་གནས་ཏེ། དེ་འགབS? ་པར་བྱེད་བ་ཡིན་ནོ། །འདི་ལྟར་མ་རིག་པས་ཡང་དག་པ་མ་ཡིན་པའི་དོན་བསྐྱེད་པ་ཉིད་ནི་རྫུན་པ་ཉིད་དེ་སྣང་བར་བྱེད་པ་ཡིན་ནོ། །ཇི་ལྟ་བུ་ཞིག་ཅེ་ན། མིག་སེར་ཞེས་བྱ་བ་སྨོས་ཏེ། དཔེར་ན་མིག་སེར་གྱིས་ནད་ཀྱིས་བཏབ་པས་དུང་དཀའ་པོ་ལ་ཡང་དག་པ་མ ་ཡིན་པའི་དོན་སེར་པོའི་དངོས་པོ་ཉིད་དུ་སྣང་ངོ། །དེ་བཞིན་དུ་མ་རིག་པའི་རྒྱུས་འདི་ཡིན་གྱི་ཕྱིའི་དོན་ནི་མེད་ངོ། །ཕྱིའི་དོན་ཐ་དད་པ་མེད་ཀྱི་བག་ཆགས་ཀྱི་དབང་གིས་སེམས་ཉིད་དོན་གྱི་རྣམ་པར་སྣང་བ་ཞེས་རྣལ་འབྱོར་སྤྱོད་པ་བ་སྨྲ་བས། དེ་བས་ན ་དེའི་གཞུང་གི་དོགས་པ་བསུ་བའི་ཕྱིར། ཐ་དད་མིན་པའང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་དད་མིན་པའང་ནི་གཉིས་མེད་པའི་ངོ་བོའི་ཡང་སེམས་བག་ཆགས་ཀྱི་དབང་གིས་ཐ་དད་སྟེ། གཟུང་བ་དང་འཛིན་པའི་བྱེ་བྲག་ཏུ་གས་བར་སྣང་ངོ། །དེ ་བཞིན་དུ་ཕྱི་རོལ་མིན་པའང་ཕྱིའི་དངོས་པོ་ཉིད་རྣམ་བ་དུ་མ་སྔོན་བོའི་བོ་བོ་ལ་སོགས་པའི་རྣམ་པའི་དྲི་མས་བསྒྲིབས་པར་སྣང་བ་ཞེས་བྱ་བའི་དོན་ཏོ། །འདི་སྐད་དུ་བསྟན་པར་འགྱུར་ཏེ། གཟུང་བ་དང་འཛིན་པའི་དབྱེ་བས་སེམས་གཉིས་ཀྱི་ངོ་བོ་ཉིད ་ཡིན་ཞེས་བྱ་བའི་དོན་ཏོ། །ཕྱིའི་དོན་མངོན་སུམ་དུ་དམིགས་བ་ཇི་ལྟར་མེད་པ་བཞིན་དུ་གནས་མ་ཡིན་ནམ། གང་གི་ཕྱིར་ཉི་མ་ལ་སོགས་པ་ཕྱིའི་དངོས་པོ་ཉིད་མངོན་སུམ་དུ་དམིགས་པ་འདི་ཇི་ལྟར་དེ་དག་མེད་པ་ཡིན་སྙམ་བ་ལ། ཉི་མ་ཟླ་བ་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། ཉི་མ་ལ་སོགས་པ་ཕྱིའི་དངོས་པོ་ནི་མ་ཡིན་ཏེ། འོན་ཀྱང་འདི་དག་སེམས་ཀྱི་སྤྲུལ་པའོ་ཞེས་བྱ་བ་ནི་སེམས་ཉིད་དེའི་རྣམ་པར་སྣང་གི་ཕྱིའི་དོན་ནི་མ་ཡིན་ནོ། །ཉི་མ་ལ་སོགས་པ་འབའ་ཤིག་ནི་མ་ཡིན་གྱི། ཁམས ་གསུམ་པོ་འདི་དག་བར་ནི་འདོད་བ་དང་གཟུགས་དང། གཟུགས་མེད་པའི་ཁམས་གསུམ་ནི་ཁམས་གསུམ་པོའོ། །དེ་དག་གི་ཚད་ནི་ཇི་ཙམ་ཞེ་ན། སྲིད་པའི་རྩེ་མོ་ཞེས་བྱ་བ་སྨོས་ཏེ། སྲིད་པའི་རྩེ་མོས་ལས་ཡོངས་སུ་བཅད་པའི་བར་དུའོ། །འདི་སྐད་དུ། འདུ་ཤེས་ལོ ་མོད་མིན་གྱི་བར་འདི་དག་ཐམས་ཅད་སེམས་ཅན་དང་སེམས་ཅན་མ་ཡིན་པའི་གྲངས་ཇི་ལྟར་སྣང་བ་སྟེ། དམིགས་པ་འདི་ཐམས་ཅད་རྣམ་ཤེས་དུག་གི་ཐིག་ལེ་ཡིན། །ཐིག་ལེ་དང་འདྲ་བར་ཁྱབ་ཅེས་བྱ་བའི་དོན་ཏེ། དུག་གི་སྒྲ་སྨོས་བ་ནི་སློབ་དཔོན་རྣལ་འབྱོར ་པའི་གཞུང་མི་གཞེད་པར་ཟུར་གྱིས་སྟོན་པའི་དོན་ཏོ། །དེ་ནི་རྣལ་འབྱོར་སྤྱོད་པ་པ་ལ་ཕྱིའི་དོན་ཏུ་སྨྲ་བས། གལ་ཏེ་སྣང་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གལ་ཏེ་རྣམ་པར་ཤེས་པ་ཉིད་ལ་དོན་གྱི་རྣམ་པ་སྣང་བར་ཁས་ལེན་ན། ཕྱིའི་དོན་མེད་དོ་ཞེས་དེ་ཇི ་ལྟར་རྟོགས། ཇི་སྲིད་ཕྱིའི་དོན་གྱིས་རྣམ་པར་ཤེས་པ་ལ་རྣམ་བ་མ་བསྐྱེད་པ་དེ་སྲིད་དེའི་རྣམ་པ་ཇི་ལྟར་སྣང། རྣམ་པ་མ་བསྐྱེད་བར་དེའི་རྣམ་པ་ཉིད་མི་རིགས་ཀྱི་གང་གི་ཚེ་ཡང་དོན་ཉེ་བ་ན་གནས་པ་དེའི་རྣམ་པ་ཉིད་རྣམ་པར་ཤེས་པ་ལ་འབྱུང་བ་དེའི་ཚེ། ཕྱིའི ་དོན་ཡོད་པ་ཉིད་དུ་གྲུབ་བོ་ཞེས་ཟེར་ཞེས་གྲག་གོ་།གཞན་དུ་དོན་ལ་བལྟོས་པ་མེད་པར་གལ་ཏེ་དོན་གྱི་རྣམ་པ་འབྱུང་བར་འགྱུར་ན་དེའི་ཚེ་དུས་ཐམས་ཅད་དུ་བུམ་པའི་རྣམ་པ་འབྱུང་བ་འམ། འབྱུང་བར་མི་འགྱུར་རོ། །དེ་ལྟ་བུ་སེམས་ལ་བསྡོགས་ནས ་གལ་ཏེ་ཕྱིའི་དོན་སྣང་ན་ཇི་ལྟར་མེད་དེ། ཇི་ལྟར་མེད་བ་ཉིད་དེ་རྟོགས་པར་འགྱུར་ཏེ། རི་བོང་གི་རྭ་ལ་སོགས་པ་མེད་པ་མི་སྣང་བའི་ཕྱིར་རོ། །སྣང་བ་ཡང་ཡོད་པས་ཁྱབ་པ་ཡིན་ལ། མེད་པའི་བདག་ཉིད་སྣང་བར་མི་རིགས་སོ། །དེ་ལྟར་བྱིའི་དོན་དུ་སྨྲ་བ་རྒོལ་བ ་བ་ལ་རྣལ་འབྱོར་སྤྱོད་པ་བ་ལན་འདེབས་ཏེ། སྣང་བའི་ཕྱིར་དོན་ཡོད་བ་ཉིད་སྣང་བ་ནི་མ་ཡིན་ཏེ། དེ་ནི་མ་ངེས་པ་ཉིད་ཡིན་པའི་ཕྱིར་རོ། །འདི་ལྟར། ཅིག་རྨི་ལམ་མི་སྣང་དམ། དོན་དུ་སྣང་མོད་ཀྱི་དེ་ལ་ཡང་དོན་ཡོད་པ་མ་ཡིན་ཏེ། མེད་ཅེས་བྱ་བའི་དོན་ཏོ། །དོན་ཉེ་བར ་སྨོས་ཏེ། གལ་ཏེ་ཡང་སེམས་གཅིག་ཉིད་དེ་བཞིན་དུ་ཡང?་རྣམ་པར་བསླད་པའི་ཕྱིར་ཏེ། རྣམ་པ་འཁྲུལ་པས་སོ། །ཡང་བག་ཆགས་དང་ཐབས་ལ་མཁས་པ་འགའ་ཞིག་གིས་གཟུང་བའི་ཆ་དང་འཛིན་པའི་ཆའི་དབྱེ་བས་གཉིས་སུ་སྣང་བ་ནི་གཉིས ་སུ་དམིགས་ཞེས་བྱ་བའི་དོན་ཏོ། །གཟུང་བ་དང་འཛིན་པའི་ངོ་བོ་མི་ཤེས་པ་དེ་བས་ན་དེ་གཉིས་ཀྱི་མཚན་ཉིད་བསྟན་པའི་ཕྱིར་གཟུང་བའི་རྣམ་པ་ཞེས་བྱ་བ་ལ་སོས་པ་སྨོས་ཏེ། གཟུང་བའི་རྣམ་པ་མི་གཡོ་བའི་ཕྱིར་ནི་འགུལ་བ་མེད་པའི་ཕྱིར་ཏེ། ་ཕྱི་རོལ་ལྟ་བུ་ཉིད་དུ་གནས་པ་ནི་ཕྱི་རོལ་ལྟ་བུར་སྣང་བྱའོ། །འཛིན་པ་འང་སྲོག་དང་བཅས་པའི་ཕྱིར་ནི་གཡོ་བ་དང་བཅས་པའི་ཕྱིར་ནང་ནི་དེ་བྱ་བ་དང་བཅས་པ་ལྟ་བུར་མཚོན་ཞེས་བྱ་བའི་དོན་ཏོ། །འདི་སྐད་དུ་བསྟན་པར་འགྱུར་ཏེ། དོན་ནི་གཟུང་བའི ་རྣམ་པར་ཤེས་པ་ནི་འཛིན་པ་ཡིན་ནོ། །ད་ནི་སློབ་དབོན་གྱིས་གཟུང་བ་དང་འཛིན་པའི་ངོ་བོ་དགག་པ་སྔོན་དུ་འགྲོ་བས་ཕྱིའི་དོན་དུ་སྨྲ་བའི་གཞུང་དགག་པའི་ཕྱིར། འདིར་ནི་ཕྱི་ནང་ཆུང་ཟད་མོད། ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ནི་ཅུང་ཟད་སྟེ ་ཕྱིའི་གཟུང་བའི་ངོ་བོ་མི་དམིགས་པ་དང། ནང་གི་འཛིན་པའི་ངོ་བོ་ཡང་མ་ཡིན་ནོ། །རིག་པ་པོ་མ་གཏོགས་པར་གཟུང་བ་དང་འཛིན་པའི་ངོ་བོ་གཞན་ནི་མེད་དོ། །དེ་ཡན་གཉི་ག་སྐད་ཅིག་གཅིག་ལ་སྐྱ་བ་ནི་མི་རིགས་སོ། །དེའི་བདག་ཉིད་དང། དེ ་ལས་བྱུང་བའི་འབྲེལ་བ་མེད་ན་གཞན་གྱིས་གཞན་རྟོགས་པ་ནི་མ་ཡིན་ནོ། །འཛིན་པ་ནི་གཟུང་བའི་རན་བཞིན་མ་ཡིན་ཏེ། ཐ་དད་པར་ཁས་ལེན་པའི་ཕྱིར་རོ། །དེ་ལས་བྱུང་བ་ཡང་མ་ཡིན་ཏེ། ལྟན་ཅིག་སྐྱེས་པའི་ཕྱིར་རོ། །གང་གི་ཕྱིར་དེའི་བདག ་ཉིད་དེ་ལས་བྱུང་བ་ཉིད་ཡིན་ན་གཟུང་བ་དང་འཛིན་པའི་ངོ་འབོར་འགྲུབ་བོ། །གཅིག་ལ་གཅིག་བལྟོས་པས་གྲུབ་པའི་ཕྱིར་གཟུད་པ་དང་འཛིན་པའི་ངོ་བོ་མ་ཡིན་ནོ། །གང་གི་ཕྱིར་གཟུང་བ་ནི་ཀུན་བརྟགས་པ་ཡིན་པའི་ཕྱིར་རྟག་ཏུ་མེད་པའི་ངོ་བོ་ཉིད་དེ། དེ་བས་ན་ཅི་ཞིག་ལ ་བལྟོས་ནས་རྣམ་པར་ཤེས་པ་ལ་འཛིན་པ་ཞེས་བྱ། བར་ན་མ་ཡིན་པ་ཞེས་བྱ་བ་སྨོས་ཏེ། དབང་པོ་དང་ཡུལ་གྱི་བར་ན་གཟུང་བ་དང་འཛིན་པའི་ངོ་བོ་ཆུང་ཟད་ཀྱང་མེད་དོ། །གཟུང་བ་ལོག་ན་དེའི་རང་བཞིན་མ་ཡིན་པ་དང ་དེའི་འབྲས་བུ་མ་ཡིན་པའི་འཛིན་པ་ངེས་པར་མི་ལྡོག་གེ་།དེ་ཉིད་ཀྱི་ཕྱིར་མེད་མིན་ཞེས་གསུངས་ཏེ། དགག་པ་གཉིས་ཀྱིས་རྣལ་མའི་དོན་སྟོན་པར་བྱེད་པ་ཡིན་ནོ། །དེས་ན་གཟུང་བ་དང་འཛིན་པའི་ངོ་བོ་ལས་འཛིན་པ་མེད་པ་ནི་མ་ཡིན་ཏེ། འོན ་ཀྱང་ཡོད་པ་ཉིད་དོ། །མ་རིག་པའི་དབང་གིས་སེམས་ལ་རྣམ་པའི་ངོ་བོ་ཉིད་སྣང་བར་རྣལ་འབྱོར་སྤྱོད་པ་བ་གང་སྨྲ་བ་དེ་ཡང་མི་རིགས་ཏེ། གང་གི་ཕྱིར་རྣམ་པ་མེད་པ་ནི་རྣམ་པར་ཤེས་པའི་དེ་ཁོ་ན་ཉིད་ཡིན་པས་དེ་དང་འབྲེལ་པ་མེད་པའི་བརྫུན་པའི་རང ་བཞིན་དུ་གྱུར་པ་དེ་ལ་ཇི་ལྟར་སྣང་བར་འགྱུར། རྣམ་པ་དང་རྣམ་པར་ཤེས་པ་ལྷན་ཅིག་འབྲེལ་པ་མེད་ན་གང་ཞིག་དེའི་སྟོབས་ཀྱིས་རྣམ་པ་ཉམས་སུ་མྱོང་པར་འགྲུབ་པར་འགྱུར། འདི་ལྟར་རྣམ་པ་ནི་ཤེས་པའི་རང་བཞིན་མ་ཡིན་ཏེ། ཤེས་པ ་བཞིན་དུ་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཏེ་ཤེས་པའི་རྣམ་པར་རིག་པའི་རང་བཞིན་ཡིན་པར་འདོད་ན་དེའི་ཚེ་རྣམ་པ་བཞིན་དུ་ཤེས་པ་ཡང་མེད་པར་ཐལ་བར་འགྱུར་རོ། །ཤེས་པས་རྣམ་པ་བསྐྱེད་པ་ནི་མ་ཡིན་ཏེ། གཟུགས ་མེད་པས་གཟུགས་ཅན་བསྐྱེད་པ་མི་སྲིད་པའི་ཕྱིར་རོ། །རྣམ་པ་ལས། ཤེས་པ་འབྱུང་བ་ཡང་མ་ཡིན་ཏེ། རྣམ་པ་བརྫུན་པ་ཉིད་ཀྱིས་དོན་བྱེད་པའི་ནུས་པ་དང་བྲལ་བའི་ཕྱིར་རོ། །དེའི་བདག་ཉིད་དང་དེ་ལས་བྱུང་བའི་འབྲེལ་བ་མ་གཏོགས་པར་འབྲེལ་བ ་གཞན་མེད་དོ། །ཡང་དེ་ལྟ་བས་ན་གང་ཞིག་གང་དང་འབྲེལ་བ་མེད་པ་དེ་ཡང་དག་པར་རིག་དེ་ངེས་པར་མི་རྟོགས་ཏེ། འདི་ལྟར་ཤེས་པའི་བདག་ཉིད་རིག་པ་ན་མོ་གཤམ་གྱི་བུ་བཞིན་ནོ། །དེའི་བདག་ཉིད་དང་དེ་ལས་བྱུང་བའི་མཚན་ཉིད ་ཀྱི་འབྲེལ་པ་རྣམ་པ་གཉིས་པོ་རྣམ་པར་ཤེས་པ་དང། མངོན་པར་འདོད་པའི་རྣམ་པར་བཅས་པ་ཡང་མེད་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པ་ཡིན་ནོ། །དེ་ལྟ་བས་ན་ཀུན་རྟགས་པ་སྤངས་པའི་ཕྱིར་སེམས་གཉིས་སུ་མེད་པར་གྲུབ་པ་ཡིན་ནོ། །དེ་ཉིད ་བསྟན་པའི་ཕྱིར། སེམས་ཙམ་བུ་ནི་གནས་ཕྱིར་རོ། །ཞེས་བྱ་བ་སྨོས་སོ། །རྟོག་པའི་དྲ་བ་ཐམས་ཅད་སྤངས་པའི་གཉིས་སུ་མེད་པའི་ཤེས་པ་རྣམ་པར་བཞག་བ་དེ་ཉིད་ཀྱི་ཕྱིར་གཉིས་སུ་མེད་པ་ཤེས་པ་ཉིད་ཐར་པ་ཡིན་ནོ། །འཕགས་པའི་འཕེན་པ་བཞི ་བསྒོམས་པས་འདོད་ཆགས་པ་ལ་སོགས་པ་སྤངས་པ་ཐར་པ་མ་ཡིན་ནམ། ཀུན་ཏུ་བརྟགས་པའི་འཁྲུལ་པ་དང་བྲལ་བའི་སེམས་ཉིད་ཇི་ལྟར་ཐར་པ་ཡིན། འདི་ནི་ཉན་ཐོས་ཀྱི་གཞུང་གི་ངོགས་པ་བསུ་བའི་ཕྱིར། འདོད་ཆགས་ཞེས་བྱ་བ་ལ་སོགས་པ་སྨོས ་ཏེ། ལའི་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །གྲོང་གི་སྒྲ་ནི་ཚོགས་ཀྱི་རྣམ་གྲངས་སོ། །དེ་ལ་དབང་པོའི་ཚོགས་ནི་འདོད་ཆགས་ཀྱི་གནས་མ་ཡིན་ཏེ། དེ་བསན་དབང་པོ་རྣམས་ལ་མི་གནས་སོ། །དོན་རྣམས་མིན་ཏེ། གཟུགས་ལ་སོགས་པ་ལ་མ་ཡིན་ནོ།། ་སེམས་ལ་མིན་ཏེ། རྣམ་པར་ཤེས་བའི་ཚོགས་དྲུག་ལ་ཡང་མ་ཡིན་ནོ། །བདག་ལ་གནས་མིན་གཞན་གནས་མིན། ཞེས་བྱ་བ་ནི། བདག་ཆད་མས་མ་གྲུབ་པའི་ཕྱིར་བདག་ལ་མི་གནས་སོ། །བདག་ཡོད་ན་ནི་གཞན་དུ་འདུ་ཤེས་ལ། གང་གི་ཚེ ་བདག་མ་གྲུབ་པ་དེའི་ཚེ་གཞན་མེད་པའི་ཕྱིར་གཞན་ལ་མི་གནས་སོ། །དེ་ནི་ཡོད་པ་མ་ཡིན་ཏེ་ཡོད་པ་མི་དམིགས་སོ། །གཞན་དུ་ན་གཟུགས་ལ་སོགས་པ་བཞིན་དུ་མངོན་སུམ་གྱིས་ཡོངས་སུ་གཅོད་པར་འགྱུར་རོ། །མེད་པའང་མིན་ནི་སེམས ་ལས་བྱུང་བའི་ངོ་བོར་ཁ་ཅིག་གིས་བརྟགས་པའི་ཕྱིར་རོ། །འོ་ན་སེམས་ཅན་རྣམས་ལ་རྒྱུ་མེད་པར་ཇི་ལྟར་སྐྱེ་ཞེ་ན། མ་བརྟགས་འབྲེལ་པ་ཞེས་བྱ་བ་མ་སོགས་པ་སྨོས་ཏེ། ཕྱི་རོལ་མེད་བའི་ཕྱིར་ཡུལ་རྣམས་རྒྱུ་མ་ཡིན་ཏེ། དེ་བས་ན་དེ་དག་བས ་སྐྱེ་བ་མ་ཡིན་ནོ། །ཁ་ཅིག་སེམས་འཁྲུལ་པ་ལས་ཡིན་ནོ་ཞེའོ། །དེ་ནི་དངོས་པོ་མེད་པའི་ཕྱིར་མ་ཡིན་ནོ། །དེ་བས་ན་མ་བརྟགས་པའི་འབྲེལ་པའི་རྒྱུ་ལས་འདོད་ཆགས་འབྱུང་ངོ། །ག་ལའི་ཡང་ནི་བསྟན་དུ་མེད་ཅིང་མི ་སྣང་བའི་སྤྲིན་གྱི་ནང་ནས་གནམ་ལྕགས་བཞིན་ནི་ཐོག་འབྱུང་བ་ལྟ་བུའོ། །དེ་བས་ན་དེ་བརྟགས་པ་ཉིད་དོ། །དེ་བཞིན་དུ་ཉོན་མོངས་པ་གཞན་ཡང་དངོས་པོ་མེད་པར་བསྟན་པའི་ཕྱིར། དེ་བཞིན་ཞེ་སྡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར ་འདོད་ཆགས་དངོས་པོ་མེད་པ་ཉིད་དུ་བསྟན་བ་དེ་བཞིན་དུ་ཞེ་སྡང་དང་གཏི་མུག་གཉིས་ཀྱང་དངོས་པོ་མེད་པ་ཉིད་དུ་རྟོགས་པར་བྱའོ། །དེ་ལྟར་འདོད་ཆགས་ཞེ་སྡང་གཏི་མུག་འབའ་ཞིག་མ་ཡིན་གྱི། ཉོན་མོངས་པའི་རིགས་གཞན་གང་ཡིན་བ ་ཡང་སྟེ། ང་རྒྱལ་དང་ལྟ་བ་དང་ཐེ་ཚོམ་ལ་སོགས་པའོ། །ཁམས་གསུམ་དུ་ནི་ཁྱབ་བྱེད་པ་ནི་འདོད་བ་དང། གཟུགས་དང་གཟུགས་མེད་པའི་ཁམས་སུ་ཁྱབ་པའི་དང་ཚུལ་ཅན་ནོ། །དེ་དག་ནི་རྟོགས་པའི་དུག་ལས་བྱུང་པར་རྟོགས་པར་བྱའོ། །དངོས ་པོའི་ངོ་བོ་ལས་ནི་མ་ཡིན་ནོ། །ཡང་ཉན་ཐོས་པ་འདི་སྐད་དུ་སྨྲ་སྟེ། རྟོག་པ་ཡང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འདོད་ཆགས་ལ་སོགས་པ་རྟོག་པ་ལས་བྱུང་བ་ཡིན་ན། དེ་ལྟ་ན་ཡང་རྟོག་པ་ནི་ཁོ་ན་ཉིད་དུ་གཞི་མེད་པར་མི་སྲིད་དེ། མེ་ལྕེ ་འབར་བ་ནི་བུད་ཤིང་མེད་པར་འགའ་ཞིག་གིས་ནམ་མཁའ་ལ་མཆེད་པ་མཐོང་བ་མེད་དོ། །དེའི་གཞི་ནི་སེམས་ཉིད་དོ། །དེ་ལྟ་བས་ན་ཡང་དེ་སེམས་དང་འབྲེལ་པ་ཉིད་ཀྱི་ཕྱིར་འདོད་ཆགས་ལ་སོགས་པ་སེམས་ལས་ཀུན་ཏུ་འབྱུང་བ་ཡིན་ཏེ། དེ་དག་ཇི་ལྟར ་རྒྱུ་མེད་པར་འབྱུང་བ་ཡིན། གལ་ཏེ་རྒྱུ་ལས་སྐྱེ་བ་ཉིད་ཀྱང་དངོས་པོ་མེད་པ་ཡིན་ན། རྒྱུ་དང་བཅས་པ་དེ་དག་ཐམས་ཅད་དངོས་པོ་མེད་པར་འགྱུར་རོ། དེའི་ཕྱིར་འདོད་ཆགས་ལ་སོགས་པ་དངོས་པོ་ཉིད་དུ་གྲུབ་བོ། །ཡང་དངོས་པོ་ཉིད་ཡིན་པའི་ཕྱིར ་དེ་སྤངས་པས་ཐར་པ་ཡང་གྲུབ་བོ། །དོན་དེ་ལྟ་བུ་ནི་ཡང་དག་པ་ཉིད་མ་ཡིན་ཏེ། གང་གི་ཕྱིར་དངོས་པོ་ཡོད་པ་གཉིས་ལ་བརྟེན་དང་བརྟེན་པའི་ངོ་བོར་རིགས་སོ། །གཞན་དུ་ན་རི་བོང་ཡང་རྭའི་རྟེན་དུ་འགྱུར་རོ། །དཔེ་ཡང་མ་གྲུབ་སྟེ། མེ་ལྕེ་དང་བུད་ཤིང་གཉིས? ་ག?་ཡང་དངོས་པོ་ཡིན་པའི་ཕྱིར་རོ། །དེ་བས་ན་འདོད་ཆགས་ལ་སོགས་པ་རྣམས་དངོས་པོ་ཉིད་མ་ཡིན་ནོ། །ཡང་དེ་དག་འདི། །སྐད་དུ་སྨྲ་ཏེ། གལ་ཏེ་འདོད་ཆགས་ལ་སོགས་པ་དངོས་པོ་མེད་པར་གྱུར་པ་ཡིན་ན། ཇི་ལྟར་བཅོམ་ལྡན་འདས་ཀྱིས་དེ་དག ་གི་གཉེན་པོ་སྟོན་པར་མཛད་ཅེ་ན། མི་སྡུག་པ་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐོབ་པའི་དབང་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མི་སྡུག་པ་སྒོམ་པ་ལ་སོགས་པ་འདོད་ཆགས་ལ་སོགས་པའི་གཉེན་པོར་གྱུར་པ་གང་གི་གསུངས་པ་དེ་དག ་དུག་ཟིན་དོགས་པ་ཞི་བའི་ཕྱིར་ཡིན་གྱི། ཡང་དངོས་པོ་ལ་གནས་པ་ཉིད་ནི་མ་ཡིན་ནོ། །འདི་ལྟར་དཔེར་ན་འགའ་ཞིག་དུག་ཟིན་པའི་དོགས་པའི་དུག་གིས་ཁྱབ་པ་ལ་དོགས་པའི་དུག་ལ་མཁས་པ་འགའ་ཞིག་གིས་བརྫུན་གྱི་སྔགས་བཟླས་པས་དོགS ་པའི་དུག་ཞི་བར་འགྱུར་རོ། །དེ་བཞིན་དུ་བུད་མེད་ཉིད་འདོད་ཆགས་ཀྱི་རྒྱུ་མཚན་དུ་གྱུར་པ་དེ་ལྟ་བུའི་དོགས་པའི་དུག་གིས་ཡོངས་སུ་ཟིན་པའི་བྱིས་པ་གང་ཡིན་པ་དེ་དག་ལ་མི་སྡུག་པའི་སྒོམ་པ་གཉེན་པོར་བསྟན་པ་ཡིན་ནོ། །ཡང་བུད་མེད་རྣམS ་འདོད་ཆགས་ཀྱི་རྒྱུ་མཚན་ཉིད་ནི་མ་ཡིན་ཏེ། གཞན་དུ་ན་བུད་མེད་མཐོང་བ་དེ་དག་ཐམས་ཅད་འདོད་ཆགས་སྐྱེ་བར་འགྱུར་རོ། །དེ་ལྟ་བས་ན་འགའ་ཡང་འདོད་ཆགས་དང་བྲལ་བར་མི་འགྱུར་རོ། །དེ་ལྟར་ཡང། ཀུན་རྒྱུ་འདོད་ཅན་ཁྱི་རྣམས་ནི། ་ཞེས་གསུངས་པ་ཡིན་ནོ། །འདི་ཉིད་ལ་རིགས་པ་གཞན་བསྟན་པའི་ཕྱིར་ཀུན་དེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དངོས་པོ་མེད་པའི་རང་བཞིན་དེའི་དཔེ་ནི་ཀུན་ད་དང། ཟླ་བ་དང། པདྨ་ལ་སོགས་པ་མེད་པ་ལ་གང་གིས་འདོད་ཆགས་བསྐྱེད་པའི? ་ཕྱིར་སོ་དང། བཞིན་དང། མིག་གི་དཔེར་སྦྱར་རོ། །འདོད་ཆགས་དང་བྲལ་བ་བསྐྱེད་པའི་ཕྱིར། བཤད་བ་ལ་སོགས་པའི་དཔེ་སྦྱར་བ་ལུས་ཀྱི་དཔེར་མི་རུང་སྟེ་།གང་གི་ཕྱིར་སད་པའི་སྐབས་ཀྱི་བུད་མེད་ཀྱི་ལུས་རྨི་ལམ་གྱི་གནས ་སྐབས་བཞིན་དུ་ཁོང་དུ་ཆུད་པར་བྱའོ། །འདི་ལྟར་རྨི་ལམ་གྱི་སྐབས་བརྫུན་པ་དེ་ལྟར་སང་པའི་སྐབས་ཀྱང་བརྫུན་བར་འགྱུར་ཞེས་བྱ་བའི་དོན་ཏོ། །འདི་ལྟར་འདོད་ཆགས་དང། འདོད་ཆགས་དང་བྲལ་བ་རྒྱུ་མཚན་མེད་བར་མཐོང་བས་རྣལ་འབྱོར་པས ་ཡུལ་འགའ་ལ་ཡང་ཆགས་པར་མི་བྱའོ་ཞེས་བསྟན་པའི་ཕྱིར། འདོད་ཆགས་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ནི་བསྟན་མ་ཐག་པའི་རྣམ་པས་སོ། །རྨི་ལམ་གྱི་གནས་སྐབས་ན་བུད་མེད་ཤེས་ན་འདོད་ཆགས་དང་འདོད་ཆགས་བྲལ ་བ་གཉི་ག་བརྫུན་ཞིང་མེད་ཅེས་བྱ་བའི་དོན་ཏོ། །གང་གི་ཕྱིར་རྒྱུ་མཚན་མི་དམིགས་པའི་ཕྱིར་གཞན་ལ་ཡང་དངོས་པོ་མེད་པ་ཉིད་དུ་བསྟན་པའི་ཕྱིར། འགའ་ཞིག་ཅེས་བྱ་བ་སྨོས་ཏེ། དེ་ལ་ཆང་བས་ནི་ཡུལ་ཐཾས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དོ། །གང་གི་ཞེས་པའི་དོན་ཏོ། །གང ་གི་ཚེ་ཕྱོགས་གཅིག་བུད་མེད་རྣམས་དངོས་པོ་མེད་པར་བསྟན་པའི་ཕྱིར། ངེ་ཕྱེ་བར་གྱུར་པ་དེའི་ཚེ། ཆང་བ་ཕྱེ་བའི་གཏན་ཚིགས་ཀྱིས་ཡུལ་གང་ཡང་དངོས་པོ་མེད་པའི་ཕྱིར་རོ། རྣལ་འབྱོར་པ། ཆགས་པ་མ་ཡིན་ཆགས་མེད་མིན། །ཞེས་བྱ་བའི་དོན ་ཏོ། །དོན་ཇི་ཉིད་བསྟན་པར་བྱ་བའི་ཕྱིར། གང་ཞིག་ཆགས་དང་བྲལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་དམིགས་པ་དང་ལྡན་པས་མི་གཙང་བ་བསྒོམས་པས་ཡུལ་རྣམས་ལ་འདོད་ཆགས་དང་བྲལ་བ་སྐྱེ་མོད་ཀྱི། དེས་དེ་ཁོ་ན་ཉིད་མཐོང ་བ་མ་ཡིན་པས། འཁོར་བ་ལས་ངེས་པར་མི་གྲིའོ། །གང་གི་ཕྱིར་ཆགས་པ་དང། ཆགས་པ་དང་བྲལ་བ་ཕན་ཚུན་བལྟོས་པའི་ཕྱིར་ཏིང་ངེ་འཛིན་ལས་ལངས་ན་ཆགས་པ་སྐྱེ་བར་ཐེ་ཚོམ་མེད་དོ། །དེའི་ཕྱིར་འདོད་སྤོང་དོན་གཉེར་བ་སྟེ་གང་ཡིན ་པ་དེ་ཆགས་བྲལ་ལ་འང་སྟེ། འང་གི་སྒྲ་ནི་འདོད་ཆགས་ལའང་བསྟེན་མི་བྱ་སྟེ། ཡིད་ལ་མི་བྱ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་འཕགས་པའི་བདེན་བ་བཞིའི་ལམ་འཁྲུལ་བ་ཉིད་དུ་བསྟན་པས་ཆོས་ལ་བདག་མེད་པའི་ལམ་འདི་ནི་ངོ་མཚར་དང ་བཅས་པས་བསྔགས་པའི་ཕྱིར། ཨེ་མའོ་འཇིག་རྟེན་ལས་འདས་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་རོ། །འཇིག་རྟེན་ལས་འདས་པ་ནི་འཇིག་རྟེན་ལས་འདས་པའི། ལམ་འདི་རྣམ་པར་དབེན་པ་ཉིད། དེ ་བརྟགས་པའི་ཆོས་ཀྱིས་དབེན་པ་ཉིད་དོ། །གང་གི་ཕྱིར། གང་ཞིག་གཞན་གྱི་ཚིག་བདེན་ན་ནི་ཉན་ཐོས་ཀྱི་ཐེག་པར་མི་གཙང་བ་སྒོམ་པ་ལ་སོགས་པའི་ཚིག་དེ་ཉིད་ཁོ་ན་བདེན་པས་ཐེག་པ་ཆེན་པོའི་ཚིག་འདི་བརྫུན་ཏེ། བདེན་པ་མ་ཡིན་ཞེས་བྱ ་བའི་དོན་ཏོ།། གཉི་གལ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ་མ་ཡིན་ནམ། ཇི་ལྟར་གཅིག་ནི་བརྫུན་ལ་གཞན་ནི་བདེན་ཞེ་ན། གནོད་བ་བྱེད་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་།གལ་ཏེ་ཡང་བདེན་པར་ཉན་ཐོས་ཀྱི་ཐེག་པ་བཅོམ་ལྡན་འདས ་ཀྱིས་བདེན་པར་གསུངས་ཏེ། རབ་འབྱོར་ལ་སོགས་པ་ལམ་ངེས་མྱ་ངན་ལས་འདས་པ་ཐོབ་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་ལ་མི་སྦྱོར་བའི་བརྫུན་པ་ཉིད་དེ་མི་བདེན་པར་རྟོགས་བར་བྱའོ། །ཉན་ཐོས་རྣམས་ཡང་སེམས ་ཅན་གྱི་དོན་ལ་འཇུག་པ་མ་མཐོང་བ་སྟེ། དེ་དག་རང་གི་དོན་འདོད་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་གཞན་དག་ལས་ཉན་ཐོས་ཀྱི་ཐེག་པ་དམན་པ་ཡིན་ནོ་ཞེས་གསུངས་སོ། །གཞན་ཡང་ཐེག་པ ་དེ་དག་བདེན་པ་དང་བརྫུན་པར་བརྟགས་པ་ཅི་ཞིག་དགོས་།གང་ཞིག་གཞན་དོན་བྱེད་པ་དེ་བདེན་པར་བདག་གིས་རྟོགས་ཏེ། དེ་ཡང་ཐེག་པ་ཆེན་པོ་ཡིན་ཏེ་།གང་ལ་གནས་བྱང་ཆུབ་སེམས་དཔའ་རྣམས་སྲོག་གཏོང་བས་ཀྱང་སེམས ་ཅན་གྱི་དོན་བྱེད་དོ། །འདི་ལྟར་སེམས་ཅན་གྱི་དོན་ལ་ཉེ་བར་སྦྱོར་བ་ཉིད་ཀྱིས་ཉན་ཐོས་ཀྱི་ཐེག་པ་ལས་ཐེག་བ་ཆེན་པོ་མཆོག་ཉིད་དུ་བསྟན་ནས། ད་ནི་ཡེ་ཤེས་མཆོག་ཉིད་ཀྱིས་དེ་མཆོག་ཉིད་བསྟན་བའི་ཕྱིར། བདེན་ལ་བདེན ་པར་ཞེས་བྱ་བ་ལ་སོགས་བ་སྨོས་ཏེ། གང་གི་ཕྱིར་གཉིས་སུ་མེད་བའི་ཡེ་ཤེས་ཐེག་པ་ཆེན་པོ་བདེན་བ་ཡིན་ཏེ། དེ་བས་ན་ཐེག་པ་ཆེན་པོ་བདེན་ལ། བདེན་པ་ཡིན་པར་མཁས་པ་མཆོག་རྣམས་གསུང་བ་ཡིན་ནོ། །གཉིས་སུ་མེད་པའི་ཡེ་ཤེས་ཉིད་ཀྱིས ་ཉན་ཐོས་ཀྱི་ཐེག་བ་གཟུང་བ་དང་འཛིན་པའི་ངོ་བོར་རྟོག་པའི་བདག་ཉིད་འཁྲུལ་བ་བརྫུན་པར་གཟིགས་ཏེ། དེ་བརྫུན་པའི་ཕྱིར་ཉན་ཐོས་ཀྱི་ཐེག་བ་བདེན་བ་ལ་ནི་གནས་བར་མི་བྱའོ། །མཁས་བ་བདེན་བར་གསུང་བཞེས་བྱ་བ་དང་འབྲེལ་ཏོ། །དེ་ལྟར་ཡེ་ཤེས ་མཆོག་ཉིད་ཀྱིས་ཐེག་བ་ཆེན་བོ་མཆོག་ཉིད་དུ་བསྟན་ནས། ད་ནི་ཉན་ཐོས་ཀྱི་ཐེག་བ་ལ་བརྟེན་བའི་ཚིག་རྣམས་མི་བདེན་བར་བསྟན་བའི་ཕྱིར། བྱིས་བའི་འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱིས་བའི་འཇིག་རྟེན་རྣམས་ཀྱི་ཚིག་སྟེ། ངག་རྣམས ་ཀྱི་ནང་ནས་བདེན་བའི་ངག་ལས་བརྫུན་བའི་དག་མཆོག་སྟེ། ཕུལ་དུ་བྱུང་བ་ཡིན་ནོ། །གང་གི་ཕྱིར་གང་ཆུང་ཟད་དེ་དང་འབྲེལ་བའི་དག་དེ་དག་ཐམས་ཅད་མཐར་ནི་སྟེ། དེའི་བདག་ཉིད་བརྫུན་ཞེས་བྱ་བའི་དོན་ཏོ། །འདི་ལྟར་དེ་དག་གི་དག་རྣམས་ནི་དྲང་? ་དོན་དུ་བསྟན་བ་ཡིན་ཏེ། གང་ཟག་དང་ཕུང་པོ་དང། སྐྱེ་མཆེད་དང། ཁམས་སྟོན་པའི་ཕྱིར་རོ། །གང་ཟག་ལ་སོགས་བ་རྣམས་ཀྱང་ཡོད་བ་ནི་མ་ཡིན་ཏེ། ཉི་ཤུ་བ་ལས་བཀག་བའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་གསུངས་པའི་དགོངས་པ་ཡང་མི ་ཤེས་ཏེ། བློ་ལ་རྣམ་བར་དཔྱོད་བའི་ནུས་པ་མེད་བས་སྒྲ་ཇི་བཞིན་དུ་འཛིན་པའི་ཕྱིར་རོ། །དེ་བཞིན་དུ་ཇི་ལྟ་བ་བཞིན་གྱི་སྒྲའི་དོན་མི་ཤེས་བས་སྒྲའི་ཤེས་བ་ཆད་མར་སྟོན་བར་བྱེད་དོ། །སྒྲའི་ཤེས་པ་ལས་དོན་ཐོབ་བ་ནི་མེད་དེ། གང་གི་ཕྱིར་སྒྲ?་རྣམས ་དང་ནི་ཕྱིའི་དོན་འབྲེལ་པ་མེད་པའི་ཕྱིར་རོ། །དོན་ལ་མི་བསྒྲུབ་ཡང་ཚད་མར་བསྟན་པའི་ཕྱིར། ཐོབ་བློ་དེ་ཉིད་མིན་པའི་ཕྱིར། ཞེས་བྱ་བ་སྨོས་ཏེ། བློའི་སྒྲ་ནི་སྒྲའི་ཤེས་པར་བསྟན་ཏོ། །དེ་ཡང་དེ་ཉིད་མིན་ཏེ་ཡང་དག་པ་མ་ཡིན་པའི་ཕྱིར་རོ། །ཅི་ལྟར་ཞེ ་ན་ཚད་མ་མེད་བའི་ཕྱིར་རོ། །ཐོབ་པར་བྱ་བའི་དོན་ལ་དེས་ཐོབ་བ་མེད་དེ། སྤྱིའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །དེ་བས་ན་ཡང་དག་པ་མ་ཡིན་པ་བརྗོད་པ་འདིས་རང་གི་ཐེག་པ་དམན་པར་བསྟན་པ་ཡིན་ནོ། །ཐེག་པ་ཆེན་པོ་བཟློག་པའི་དོན་གྱིས་མཆོག ་ཏུ་བསྟན་ཏོ། །དོན་དེ་ཉིད་རྣམ་པར་སྤྲོས་པའི་ཕྱིར། དངོས་པོ་གང་གང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དང་དེ་ཞེས་བྱ་བར་བསྟན་པར་རིགས་ཏེ། རྡེབ་སྦྱོར་ཉམས་པས་མ་བརྗོད་ཀྱང་རྟོགས་པར་བྱའོ། །རྣམ་བརྟགས་པ་ཞེས་བྱ་བ་ནི། གཉི་ག་ལ ་ཡང་བལྟའོ། །དེ་ལ་དོན་ནི་འདི་ཡིན་ཏེ། སྔར་བསྟན་པའི་རྣམ་པས་ཉན་ཐོས་ཀྱི་ཐེག་པའི་ཡེ་ཤེས་རྣམས་བློས་བརྟགས་པ་གཟུང་བ་དང་འཛིན་པར་ཀུན་ཏུ་རྟོག་པས་རྣམ་པར་རྟོགས་པ། དེ་དག་ཐམས་ཅད་བརྫུན་པ་ཡིན་།དེ་བདེན་པ་མ་ཡིན་ནོ། ། ་སྒྲས་སྒྲོ་བཏགས་པ་ཀུན་ཏུ་རྟོག་པས་བརྟགས་པ་དེ་དག་ཐམས་ཅད་བརྫུན?་ཞེས་བྱ་བའི་དོན་དུ། དེ་བདེན་ཞེས་བྱ་བ་སྨོས་ཏེ། འདིར་ཡང་གང་དང་གང་བརྗོད་པ་རིགས་པས་སྔ་མ་བཞིན་དུ་སྦྱར་རོ། །གང་ཞིག་མ་བརྟགས་ཞེས་བྱ་བ་ཡང་སྔ ་མ་བཞིན་ནོ། །དེ་ལ་དོན་ནི་འདི་ཡིན་ཏེ། ཐེག་པ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་དེ་ཁོ་ན་ཉིད་བློས་མ་བཅོས་བ་རྣམ་པར་རྟོག་པས་གང་རྣམ་པར་མ་བརྟགས་པ་དེ་ནི་བདེན་པ་ཡིན་ནོ། །ཡང་གང་གིས་སྒྲ་ཡིས་སྒྲོ་བརྟགས་པ་ཡིས་རྣམ ་པར་མ་བརྟགས་པ་དེ་ནི་ཡང་དག་མཛའ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡང། གང་ཞིག་བློའི་ཡུལ་མིན་པ། །དེ་ལ་དག་བརྗོད་ག་ལ་འབྱུང། །ཞེས་གསུངས་སོ། །དེ་ནི་རྟོག་གེ་བའི་དབང་དུ་བྱས་ནས། ཨེ་མའོ་སྐྱེས་བུ་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ་།ེ་མའོ་སྐྱེས་བུའི་རང་བཞིན་ནི། ཨེ་མའོ་སྐྱེས་བུའོ། །དེ་མ་དུལ་བ་ནི་འབར་བའོ། །དེ་ཉིད་ཕྱིར་ནི་གནས་མེད་པ་སྟེ་འགའ་ཞིག་ལམ་དེ་ལ་གནས་པ་མེད་པས་གང་དག་དེ་ལྟ་བུར་གྱུར་པའི་བྱིས་པ་རྣམས ་ཀྱིས་བརྟགས་པའི་དོན། །སྒྲུབ་པ་དང་ནི་སུན་འབྱིན་པའི་རྒྱུས་ཡོད་པ་མ་ཡིན་པ་ཡང་ང་རྒྱལ་གྱི་དབང་གིས། ཇི་ལྟར་མོས་པའི་དོན་དུ་འཇོག་སྟེ། ཡོད་པའི་ངོ་བོ་ཉིད་དུ་འཇོག་ཅེས་བྱ་བའི་དོན་ཏོ། །དེ་ནི་ཐེག་པ་ཆེན་པོའི་ཕན་ཡོན་བསྟན་པར་བཞེད ་ནས་ཐེག་པ་ཆེན་པོ་ཞེས་བྱ་བ་ལ་སོགས་བ་སྨོས་ཏེ། ཐེག་པ་ཆེན་པོ་མི་ཤེས་པ་ནི་ཐེག་པ་ཆེན་པོའི་ངོ་བོ་མི་ཤེས་བ་རྣམས་ལས་བླུན་པ་ཉིད་དེ། རྨོངས་པ་ཉིད་ལེགས་པ་ཡིན་ཏེ། མཆོག་ཡིན་གྱི་བྱང་ཆུབ་ཆེན་པོའི་ལམ་ལས་རིང་བར་བྱེད་པའི ་ལམ་ངན་པ་ལ་ཤེས་རབ་རྣོ་བ་ནི་མ་ཡིན་ནོ། །དཔེར་ན་ལམ་ནོར་བ་ལས་འཕྱེ་བོ་ཉིད་ནི་འཕྱེ་བོའི་རང་བཞིན་ཅན་མཆོག་ཡིན་གྱི། མགྱོགས་པ་ནི་མགྱོགས་པར་འགྲོ་བ་མ་ཡིན་ཏེ། གང་གི་ཕྱིར་ལམ་དེ་ནི་རིང་བ་ནི་ཡོངས་སུ་ཆད་པ་མེད་པར་ཕྱིན ་བས་བརླག་ཅེས་བྱ་བའི་དོན་ཏོ། །ད་ནི་ཐེག་པ་ཆེན་པོ་ལ་གུས་པ་དང་གཞན་པའི་ཕན་ཡོན་དང་སྨད་པ་བསྟན་པའི་ཕྱིར། གང་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་ཐེག་པ་ཆེན་པོ་ཤེས་ཤིང་ཐེག་པ་ཆེན་པོ་ལ་གུས་པ་དེ་དག་ཉིད་དོན ་གྱིས་བདེ་བར་གཤེགས་པ་བར་རྟོགས་པར་བྱའོ། །རང་སྡེ་ནི་གཞན་དག་བཅོམ་ལྡན་འདས་ཀྱིས་སློབ་མ་ཡིན་པའི་ཕྱིར་རང་གི་སྡེ་པའོ། །ལམ་མིན་ནི་ལམ་ལས་ཉམས་པའོ། །དེ་ཉིད་གཡང་ས་སྟེ་ལྷུང་བའི་གནས་ལྟ་བུའོ། །དེང་འཁོར་བ ་ནི་འཁྲུལ་པའི་རྒྱུ་ལ་ཞུགས་ཤིང་ཐོབ་ཅེས་བྱ་བའི་དོན་ཏོ། །ད་ནི་འཁོར་བ་རྣམ་པར་དཔྱད་པའི་ཕྱིར། སེམས་ནི་ཡང་དག་འཇུག་པ་ཡི། །ཞེས་བྱ་བ་ལ་སོགས་བ་སྨོས་ཏེ། སེམས་ནི་ཡང་དག་པར་འཇུག་པའི་གང་ཡིན་པ་དེ་ལ་མཁས་པས ་རྣམ་པར་དཔྱོད་པ་མི་འཇུག་གི། གང་གི་ཕྱིར་དངོས་པོ་འདི་དག་ལ། འཁོར་བ་རབ་ཏུ་སྤང་བའི་ཕྱིར་ཏེ་འཁོར་བ་རབ་ཏུ་སྤང་བ་ལ་དམིགས་ནས། ཐམས་ཅད་བློ་ནི་མཚུངས་པ་ཡིན་ཏེ་དེའི་ཕྱིར་བློ་ཐ་དད་མེད་པའི་རྒྱུས་མཁས་པ་རྣམ་པར ་དཔྱད་པར་མི་རིགས་སོ། །འདི་སྐད་དུ་བསྟན་པར་འགྱུར་ཏེ། ཐེག་པ་གཉིས་པོ་ལ་འཁོར་པ་སྤོང་བར་མི་འདོད་པའི་བློ་ནི་གང་ཡང་མེད་དོ། །ཡང་འཁོར་བ་རྣམས་སྐྱེ་བ་དང་འཇིག་པ་ལ་སོགས་པ་རྣམ་པར་དཔྱོད་པ་ལ་འཇུག་པ་དེ་ཉིད་བསྟན་པའི་ཕྱིར། རྒྱུན ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུན་ཞེས་བྱ་བ་ནི་རྒྱུན་མི་འཆད་པར་སྐད་ཅིག་གཞན་དང་གཞན་གྱི་རྒྱུན་འཇུག་སྟེ། མི་རྟག་པ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་ཇི་ལྟ་བུ་ཡིན་ཞེ་ན། ཐོག་མཛའ་མེད་པའི་བདག་ཉིད་ཅན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐོག ་མ་དང་བྲལ་བ་ནི་ཐོག་མ་མང་པའོ། །གང་གི་ཚེ་ཐོག་མ་ཡོད་པར་གྱུར་པ་དེའི་ཚེ་རྒྱུ་མེད་པར་འགྱུར་རོ། །དེ་ཡང་རྒྱུ་མེད་པ་ཉིད་ཡིན་ན་རྟག་ཏུ་ཡོད་པའམ་མེད་པར་འགྱུར་རོ། །ཆོས་ལ་བདག་མེད་པར་མ་བསྒོམས་པའི་ཚུལ་གྱིས་མཛའ་མ་མེད་པའི་བདག་ཉིད་ཅན་ནོ།། ་རང་བཞིན་འདི་ཅི་ཞེས་ནི་ཅིའི་ངོ་བོ་ཉིད་ཡིན་ཞེས་འཁོར་བ་རྣམ་པར་དཔྱོད་པ་ལ་ཤེས་རབ་ཅན་ཏེ། ཐེག་པ་ཆེན་པོའི་རྗེས་སུ་འབྲང་བའི་མཁས་པས་བློས་ཡོངས་སུ་ཚོལ་ཏེ་འཇུག་ཅེས་བྱ་བའི་དོན་ཏོ། །ད་ནི་སྐྱེ་བ་དང་འཇིག་པ་དབྱད་པའི་སྒོ་ནས་འཁོར་བ་བརྟག་པའི ་ཕྱིར་སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྣ་ཚོགས་ཀྱི་སྒྲ་ནི་འཁོར་བའི་རྣམ་གྲངས་སོ། །དེ་ལྟ་ན་སྣ་ཚོགས་འདི་དག་གང་ལས་འབྱུང་ཞིང་གང་དུ་ཡང་ནི་འཇིག་པར་འགྱུར་ཞེས་རྣམ་པར་དཔྱོད་པ་ལ་འགའ་ཞིག་འཇུག་ན་རང་གི་བག་ཆགས་ས་བོན་ཞེས་བྱ་བ ་སྨོས་ཏེ། དེ་ལྟ་བས་ན་ཀུན་གཞིའི་རྣམ་པར་ཤེས་པ་ལ་གནས་པའི་བག་ཆགས་ཀྱི་ས་བོན་ལས་སྣ་ཚོགས་པ་འབྱུང་ཞིང་སྐྱེས་སོ། །འཇུག་པའི་རྣམ་པར་ཤེས་པ་བཞིན་དུ་ཀུན་གཞིའི་རྣམ་པར་ཤེས་པ་གསལ་བར་རྟོགས་པ་མེད་པ་མ་ཡིན་ནམ། དེ་ཇི་ལྟར་ཡོད་པར་ ་ཁོང་དུ་ཆུད་པར་བྱ་ཞེ་ན། གཉིད་ལོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་གཉིད་ལོག་པ་དང། བརྒྱལ་བ་དང། མི་དྲན་པའི་གནས་སྐབས་དང། དེ་བཞིན་དུ་འདུ་ཤེས་མེད་པ་དང། འགོག་པའི་སྙོམས་པར་འཇུག་པའི ་གནས་སྐབས་ན། འཇུག་པའི་རྣམ་བར་ཤེས་པ་རྣམས་འགགས་ནས་སླ་།ཡང་འབྱུང་བར་སྣང་བས་ས་བོན་ཐམས་ཅད་པ་ངེས་པར་འགྲུབ།?་ས་བོན་ཐམས་ཅད་པའི་སྒྲ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ལ་བྱ་སྟེ། འདི་ལྟར་སུམ་ཅུ་པ་ལས་རྣམ ་སྨིན་ས་བོན་ཐམས་ཅད་པ། ཞེས་བསྟན་ཏོ། །ས་བོན་ཐམས་ཅད་པ་ཉིད་དུ་ཡང་དེ་ཇི་ལྟར་ཁོད་དུ་ཆུད་པར་བྱ། གད་གི་ཕྱིར་འཇུག་པའི་རྣམ་པར་ཤེས་པ་ཐམས་ཅད་ཀྱི་ས་བོན་གྱིས་རང་བཞིན་དུ་གནས་པའི་ཕྱིར་རོ། །དེ་གྲུབ་བ་ན་ངེས་པར་ཡོད་བར ་གྲུབ་ཅེས་བྱ་བའི་དོན་ཏོ། །དེ་ལྟ་བས་ན་འཇུག་བའི་རྣམ་པར་ཤེས་བའི་འབྲས་བུ་མཐོང་བ་ལས་རྒྱུ་རྗེས་སུ་དཔག་པ་འཇུག་པ་ཡིན་ནོ། །རྒྱུ་མེད་ན་འབྲས་བུ་འབྱུང་བ་མི་སྲིད་པའི་ཕྱིར་གང་རྒྱུ་ཡིན་པ་དེ་ཉིད་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་པའོ ་རང་གིང?་གི་ཉེ་བར་ལེན་པའི་རྒྱུ་རྣམ་པར་ཤེས་པ་སྤངས་ནས་རིགས་མི་མཐུན་པ་ལས་རྣམ་པར་ཤེས་པ་གཞན་འབྱུང་བ་ནི་མ་རིགས་སོ། །དབང་པོ་རྣམས་ཀྱང་ཉེ་བར་ལེན་པའི་རྒྱུ་ཉིད་ནི་མ་ཡིན་ཏེ། ཤེས་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །བདག་ཏུ་བརྟགS་པ་ལས ་ཀྱང་མི་རིགས་ཏེ། དེ་ནི་རྟག་པ་ཉིད་ཀྱི་ཕྱིར་དོན་ནི་བྱ་བ་མི་བྱེད་དོ། །དེ་ལྟར་འཁོར་བ་གང་ལས་འགྱུད་བར་ཤེས་པར་བྱ་སྟེ། གང་དུ་འགག་པ་རྣམ་པར་དབྱད་བའི་ཕྱིར་།དབང་དེ་ན?་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབང་པོ་ནི་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཉིད ་ཡིན་ཏེ། གཟུགས་ལ་སོགས་པ་སོ་སོར་ངེས་པའི་ཡུལ་གྱི་རྣམ་པར་ཤེས་པ་འབྲས་བུ་ལས་ནུས་པའི་ཁྱད་པར་འབྲེལ་པ་དང་ལྡན་བའི་མིག་ལ་སོགས་པའི་སྐྱེ་མཆེད་རྗེས་སུ་དཔག་པར་བྱའོ་ཞེས་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར་གཞན་མཐོང་བས་ངེས་ཏེ། རང་གི་རྣམ་པས་སྦ? ་བསྔོན་བོ་ལ་སོགས་བའི་ཤེས་པས་ནུས་པའི་བྱེ་བྲག་དང་ལྡན་བ་གཟུགས་ཀྱི་སྐྱེ་མཆེད་རྗེས་སུ་དཔག་པར་བྱའོ་ཞེས་བསྟན་ཏོ། །དེ་ལྟ་བུར་གྱུར་བའི་དབང་དོན་གྱི་ངོ་བོ་ཀུན་གི་ཞིའི་རྣམ་བར་ཤེས་བ་ལས་འབྱུང་བ་གང་ཡིན་བ་འཇུག་པའི་རྣམ་པར་ཤེས་པ་ཞེས་བྱ་སྟེ། དེ་དང ་ཐམས་ཅད་འཇུག་པའི་རྣམ་པར་ཤེས་པ་ཞེས་བྱའོ། །རྒྱུ་དང་འབྲས་བུའི་ངོ་བོ་ཕན་ཚུན་ཐ་མི་དད་པས་ན་ཐ་དང་མིན་ནོ། །ཕྱིར་ཡང་ནི་སྐྱེ་བ་གཞན་འབྱུང་བའི་རྒྱུའི་ནུས་པ་བག་ཆགས་སྔོན་དུ་འགྲོ་བས། དེ་ཉིད་དུ་ནི་འགག་པར་འགྱུར་ཏེ། ཀུན་གཞིའི་རྣམ་བར་ཤེས་བར་འགག་པར ་འགྱུར་ཞེས་བྱ་བའི་དོན་ཏོ། །འདི་སྐད་དུ་བསྟན་བར་འགྱུར་ཏེ། །འཇུག་བའི་རྣམ་པར?་ཤེས་བ་རྣམས་ཁོ་ན་འཁོར་བའི་སྒྲར་བརྗོད་དེ། གཞན་འགའ་ཞིག་འཁོར་ཞེས་བྱ་བའི་དོན་དུ་གཞག་བ་ནི་མེད་དོ། །གང་གི་ཕྱིར་ཀུན་ཏུ་འཁོར་བས་ན་འཁོར་བ་སྟེ། རྣམ་པར་ཤེས་པ་ལས་མ་གཏོགས ་པ་གཞན་འཁོར་བ་ནི་མེད་དེ་ཕྱིའི་དོན་དག་ནི་བེམས་པོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་རྣམ་པར་ཤེས་པ་རྣམས་འབྱུང་བ་དང། འགག་པ་ནི་འཁོར་བ་འབྱུང་བ་དང་འགག་བ་ཡིན་བར་ཤེས་པར་བྱའོ། །ད་ནི་སྔར་བསྟན་པའི་དོན་བསྟན་བར་བྱེད་བ་གཉིས་སུ་མེད་པའི་རང་བཞིན ་གྱིས་མས?་ཡང་རྣམ་བའི་བྱེ་བྲག་གིས་ཐ་དང་བར་ཇི་ལྟར་སྣང་བ་ཡིན་ཞེ་ན། དེ་ལྟར་ནི་མ་ཡིན་ཏེ། དེ་ནི་རྟག་ཏུ་གཉིས་སུ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། འོན་ཀྱང་བྱིས་བ་རྣམས་ལ་དེའི་ངོ་བོ་བསྟན་པའི་ཕྱིར། ཆུ་གཡོས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབེར་ན། ཆུ་གཡོས ་པ་ལས་དེ་དང་དེར། །རླབས་ནི་ཐ་དད་དངོས་འབྱུང་བཞིན་ཏེ་ངེ?་བོར་མཐོང་བ་ཉིད་སྐད་ཅིག་དེ་ལ་ཡང་ཕྱིར་ཡེད་མི་གཡོ་གཉིད་ལོག་བཞིན་དུ་འགྱུར་རོ། །དེ་བཞིན་དུ་རྣམ་བར་ཤེས་བ་ཀུན་ཏུ་བརྟགས་པའི་རྣམ་པའི་བྱེ་བྲག་གིས་བདག་ཉིད་དུ་ཐ་དད་པའི་ངོ་བོར་སྣང་སྟེ་སྐད་ཅིག?་དེ་ལ ་གཉིས་སུ་མེད་བའི་ངོ་བོར་འགྱུར་ཞེས་བྱ་བའི་དོན་ཏོ། །དངོས་པོ་གཅིག་གི་རང་བཞིན་གཉིས་སུ་སྣང་བར་ཇི་ལྟར་རིགས་མ་ཡིན་ནམ་ཞེ་ན། དེ་ནི་གཉིས་ཞེས་བྱ་བ་ལ་སོགས་བ་སྨོས་ཏེ། རྣམ་པར་ཤེས་པ་དེ་ནི་གཉིས་སུ་སྣང་བ་གང་ཡིན་བ་སྟེ། གཉིས་སུ་མཐོང་པའོ། །རིགས་པའི་སྤྱོད་ཡུལ་དེ་མ?་ཡིན ་ཏེ། དོན་དེ་ནི་རིགས་པའི་སྤྱོད་ཡུལ་དུ་གྱུར་པ་མ་ཡིན་ཏེ་རིགས་པས་བསྟན་པར་མི་ནུས་ཞེས་བྱ་བའི་ངོན་ཏོ། །ཇི་ལྟར་ཞེ་ན། སྐད་ཅིག་ལ་ནི་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་སྐད་ཅིག་ལ་ནི་བརྗོད་པ་ནི་སྐད་ཅིག་ལ་བཏོན་པའོ?་མི?་སྒྲ་དང་སྒྲ་བསྙན? ་ན་བྱེ་བྲག་གཉིས་སུ་ཐོས་པའི་རིགས་པ་ནི་མེད་དེ། དེ་བཞིན་དུ་འདིར་ཡང་ཞེས་བྱ་བའི་དོན་ཏོ། །ཀུན་བརྟགས་པའི་ངོ་བོ་ཉིད་སྣང་བའི་རང་བཞིན་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རྒྱུ་མ་མཁན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་སྒྱུ་མ་མཁན་རྣམ་པར?་ཚོགས ་པ་སྟེ། རྣམ་པ་དུ་མ་སྐད་ཅིག་སྐད་ཅིག་ལ་སྟོན་པ་ན་འགའ་ཞིག་གསང་བའི་གནས་ཤེས་པ་ནི་སྒྱུ་མ་དང་ལྡན་པའི་སྐྱེས་བུ་མཐོང་ན། རང་བཞི་ནི་རང་གི་ངོ་བོར་རྣམ་པར་གནས་སོ། །དེ་བཞིན་དུ་རྣམ་པར་ཤེས?་པ་རྣམས་གྱི་དབང་གིས་བྱིས་པ་རྣམས་རྣམ་པའི་ངོ་བོ ་སྐད་ཅིག་སྐད་ཅིག་ལ་སྣང་ངོ། །མཁས་བའི་རང་བཞིན་ཅན་འགའ་ཞིག་གིས་མཐོང་ན་རང་བཞིན་གཉིས་སུ་མེད་ཅེས་བྱ་བའི་དོན་ཏོ། །དོན་འདི་ཉིད་བསྟན་པར་བྱ་བའི་ཕྱིར། སྔོ?་དང་དམར་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་རྩངས་པ་སྔོ་དང་དམར་པོར ་ངེས་པར་སྨད་པའི་དངོས་པོར་བདག་ཉིད་སྟོན་ཅིང་ཡང་དངོས་པོ་གཞན་དུ་སྟོན་པར་བྱེད་པ་དེ་བཞིན་དུ་རྣམ་པར་ཤེས་པ་བྱིས་པ་རྣམས་ལ་ཀུན་ཏུ་བརྟགས་པའི་དངོས་པོའི་བདག་ཉིད་དུ་སྣང་ཞིང། མཁས་ལ་སྟེ་མཁས་པ་རྣམས་ལ་ནི་གཞན་ཡིན་ཏེ། ཡོངས་སུ་གྲུབ? ་བུའི་རང་བཞིན་སྣང་ཞེས་བྱ་བའི་དོན་ཏོ། ཡང་ཨུ་རྒྱན་པ་ལས་འདི་སྐད་ཐོས་ཏེ། འདི་ལྟར་བདག་ཅག་གི་ཡུལ་གྱི་རྩངས?་པ་གང་ཅི་འདྲ་བཱི་གཟུག་སྟོན་ཅིག་བྱས་ན་དེ་བཞིན་དུ་དེ་འདྲ་བསྟོན་ཅེའོ?། ཁྱིས?་པ་རྣམS་ལ་གཞན་དུ་སྣང་ཞིང་མཁས་པ་རྣམས་ལ་གཞན་དུ་སྣང་ཞེས་བྱ་བའི་བསམ་པ་ཇི་ལྟ་བུར ་ཡིན་ཞེ་ན། སྨྲས་པ་འདིར་དགོངས་པ་ནི་འདི་ཡིན་ཏེ། འདི་ལྟར་ཤེས་པ་ནི་ཀུན་བརྟགས་པའི་རང་བཞིན་དང་ཡོངས་སུ་གྲུབ་པའི་རང་བཞིན་གཉིས་སུ་གནས་ཏེ། དེ་ལ་ཀུན་བརྟགས་པའི་རང་བཞིན་ལོག་པ་དེ་ནི་ཡོངས་སུ་གྲུབ་པའི་རང་བཞིན་ཉིད་ཡིན་ནོ། །དེ་ལ་?་ཏེ? ་དུས་ཐམས་ཅད་དུ་ཀུན་བརྟགས་པའི་ངོ་བོ་དེ་ཡིན་ན་དེའི་ཚེ་འགའ་ཡང་གྲོལ་བར་མི་འགྱུར་རོ། །འོན་ཏེ་ཡོངས་སུ་གྲུབ་བའི་རང་བཞིན་ཡིན་ན་དེའི་ཚེ་སེམས་ཅན་རྣམས་ཐར་པ་རྩོམ?་པའི་ངོན?་མེད?་བར་འགྱུར་རོ། །ད་ལྟ་བས་ན་དྲི་མ་དང་བཅས་པ?་དང་དྲི་མ་མེད་པཱི ་བ་བྱེ་བས་བྱིས་པ་དང་མཁས་པ་རྣམས་ལ་དོའི་བདག་ཉིད་སྣང་བར་འགལ་བ་མེད་པ་ཉིད་དོ། །ད་ནི་སློབ་དཔོན་གྱིས་རང་བཞིན་གྱི་དངོས་པོ་བསྟན་པའི་ཕྱིར། འདིའི་རང་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་ཤེས་པ་འདི་ནི་འདི་ལྟ་བུའི་རང་བཞིན ་དུ་བཞེད་དེ། དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པར་མི་བྱེད་བས་ན་དྲི་མ་མེད་པའོ་ཏེ། སྔོན་པོ་དང་དམར་པོ་ལ་སོགས་བའི་རྣམ་པ་རྣམས་མེད་པའི་ཕྱིར་རྣམ་པ་མེད་ཅིང་ངོ། །སྒྲལ་སོགས་པས་གཞན་གྱི་རྒྱུད་ལ་གསལ་བར་བྱེད་པའི་རྒྱུ་མེད་པའི་ཕྱིར་བརྗོད་དུ་མེད་པའོ། །སངས་རྒྱས ་མིན་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་མ་གཏོགས་པས་ནམ་ཡང་གཞན་འགར་ཞིག་གིས་དོན་དམ་པའི་ངོ་བོ་ཤེས་པར་མི་ནུས་ཞེས་བྱ་བའི་དོན་ཏོ། །ཡང་ཅིའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཁོ་ནས་མཁྱེན་ཞེ་ན། ཐ་མལ་ཞེས་བྱ ་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་སྐྱེ་བོ་ཐ་མལ་པས་རྣམ་པར་ཤེས་པ་གཟུང་བ་དང་འཛིན་པའི་ངོ་བོར་བརྟགས་པ་རིག་པ་དེ་དག་བཞིན་དུ་དེའི་ངོ་བོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མི་མཁྱེན་ཞེས་བྱ་བའི་དོན་ཏོ། །རྣམ་པར་ཞེས་པ་དེའི་རབ་ཏུ་གྲགS ་པ་དེ་ཉིད་ནི་ཡོངས་སུ་གྲུབ་པའི་ངོ་བོ་མཁྱེན་ཏེ་།དེ་ཉིད་བཅོམ་ལྡན་འདས་དེས་མཁྱེན་ཏོ། །གང་གི་ཕྱིར་རབ་ཏུ་གྲགས་པ་དེ་ཉིད་ནི་གཞན་དག་གིས་མ་ཡིན་ནོ། །ཅིའི་ཕྱིར་ཐམས་ཅད་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས་ཁོ་ནས་མཁྱེན་གྱི་གཞན་དག་གིས ་མ་ཡིན་ཞེ་ན། ལུང་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུང་དང་བསྟན་བཅོས་ལ་དྲིས་ནས་བདག་ཅག་སྨྲ་བ་འགའ་ཞིག་ཙམ་ཡིན་གྱི་ཐམས་ཅད་རྟོགས་པས་ནི་མ་ཡིན་ནོ། །ཇི་ལྟར་ཞེ་ན། མིག་དང་ཞེས་བྱ་བ་ལ་སོགས་བ་སྨོས་ཏེ། ཇི་ལྟར་མིག་དང་ལྡན་པའི ་སྤྱོད་ཡུལ་གྱི་གཟུགས་ཡུལ་ཉིད་དུ་དམུས་ལོང་རྣམས་ཀྱིས་བརྒྱུད་པས་ཐོས་ན། མིག་གིས་གསུགས་མཐོང་ངོ་ཞེས་སྨྲ་བ་བཞིན་ནོ། །གལ་ཏེ་སངས་རྒྱས་ཀྱིས་རྣམ་པར་ཤེས་པའི་ངོ་བོ་མཁྱེན་ལ་གཞན་དག་གིས་དེ་ཡོངས་སུ་མི་ཤེས་འདེ?་ལྟ ་ཡིན་ན་དེའི་དོན་དུ་སེམས་པ་ནི་དོན་མེད་པ་ཡིན་ནོ་ཞེ་ན། ཡེ་ཤེས་མིག་སྨན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡེ་ཤེས་མིག་སྨན་ཁྱད་པར་གྱིས་ཏེ་མིག་གིས་སོ། །གང་གི་ཕྱིར་གནས་སྐབས་དེ་རུ་མ་འོངས་འགྱུར་ཏེ། རབ་ཏུ་དགའ་བ་ལ་སོགས་པས་ཐོབ་པའི ་གནས་སྐབས་སོ། །གང་གི་གནས་སྐབས་ལ་ཐུབ་པའི་དབང་པོ་སྟེ། སངས་རྒྱས་བཅོམ་ལྡན་འདས་བཞིན་དུ་བདག་ཅག་གི་སེམས་ཀྱི་དེ་ཉིད་ཏེ། ཡོངས་སུ་གྲུབ་པ་དོན་དམ་པ་དེ་ཐམས་ཅད་མཐོང་བར་འགྱུར་ཞེས་བྱ་བའི་དོན་ཏོ། །སྣ་ཚོགས་པའི་བདག་ཉིད་ཕྱིའི? ་འགྲོ་བར་རྣམ་པར་བཞག་པ་མ་ཡིན་ནམ། ཇི་ལྟར་རྣམ་པར་ཤེས་པ་ལ་དེ་བཞག་ཅེ་ན། བྱིས་པ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུང་དང་རིགས་པས་ལན་འདེབས་ཏེ། དེ་ལ་ལུང་ནི། ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། ཞེས་མདོ་ལས ་གསུངས་པའི་ཕྱིར་རོ། །རིགས་པར་བརྗོད་པར་བྱ་སྟེ། གང་དང་གང་ནི་བྱིས་པ་རྨོངས་པས་ཡང་དང་ཡང་དུ་ཀུན་བརྟགས་པའི་རྣམ་པར་ཤེས་པ་དེ་སྒོམས་བས་དེ་དང་དེའི་རྣམ་པར་ཤེས་པ་བསྒོམས་བའི་སྟོབས་ལས་བྱུང་བ་སྒྱུ་མའི་སྐྱེས་བུ་བཞིན་དུ་མདུན ་ན་སྣང་སྟེ། དེའི་རིགས་ཡིན་པའི་ཕྱིར་ཕྱིའི་དོན་ནི་མེད་དོ། །ཇི་ལྟར་བསྒོམས་པའི་སྟོབས་ལས་འདི་དག་གི་དོན་འགྲུབ་ཅེ་ན། དེའི་ཕྱིར་ཚིགས་སུ་བཅད་པ་གསུམ་གྱིས་དཔེ་བསྟན་པའི་ཕྱིར། གོས་རྣམས་བགོས་ཀྱང?་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོས་རྣམས? ་པ་གོས་ཀྱང་ཡན་ལག་ལ་གོམས་བ་མཚང་བས་ཤིན་ཏུ་གྲང་པའི་བ་ཡོས?་གནོད་པར་འགྱུར་ལ།?་མིག་ལ་མི་གནོད་པ་འདི་ནི་ངོ་མཚར་ཆེའོ། །དེ་ལྟར་བས་ན་འདིར་གོམས་བ་དང་གོམས་པ་མ་ཡིན་པའི་སྟོབས་ལས་རྗེས་སུ་དཔྱད་པར་བྱའོ། །དེ་བཞིན་དུ་སེམས་པའི ་སྟོབས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོམས་པའི་སྟོབས་ཀྱིས་ཀོ་ལྤགས་ཀྱི་མཁན་ལ་ཀོ་ལྤགས་ཀྱི་དྲིང་བས་ཤིན་ཏུ་གནོད་པ་མེད་ཀྱི། གཞན་དག་ལ་གནོད་བ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུར་གྱུར་པཱི་བགS་ལ?་ཡིན་ཞེ་ན། ལག་པས་ཉིད་པཱི་ཞེས་བྱ་བ་སྨོས་ཏེ། ལག་པ་གཉིས་ཀྱི་ཉེད་པ་ན་དེ་ལ་དྲི་ཤིན་ཏུ་ད་བར?་སྣོད། །? ་ལྡན་པས་ཞེS་བྱ་བ་ལ་སོགS་པ་སྨོས་ཏེ། ལུས་དང་ལྡན་པ་རྣམS་ཀྱིS་ཐོག་མར་ནི་དང་པོར་ཏེ། དུག་ཟོས་པས་ནི་འཆི་བ་ཉིད་དུ་འགྱུར་བ་དེ་ཉིད་དུ་གོམས་པའི་སྟོབས་ཀྱི་ཟོས་པས་མཐར་ནི་བཅུད་ཀྱིས་ལེན་དུ་འགྱུར་ཏེ། དེ་བཞིན་དུ་བསྒོམས་པའི་སྟོབས་ཀྱིས་རྣམ་པར་ཤེས་བ་ཉིད་མདུན་ན་སྣང་གི ་ཕྱིའི་དོན་ནི་མ་ཡིན་ནོ། །ད་ནི་སེམས་ལས་ཕྱི་རོལ་ཏུ་གྱུར་པ་འབྱུང་བ་རྣམས་ཀྱི་རྒྱུ་བརྟགས་ནས་དགག་པའི་ཕྱིར། འབྱུང་བ་ཞེས་བྱ་བ་ལ་སོགས་བ་སྨོས་ཏེ། ཀྱང་གི་སྒྲོ་ནི་རྣམ་པར་རྟོག་པའོ། །འབྱུང་པ་རྣམས་ཀྱང་གང་ལས་འབྱུང་ཞེས་ཟེར་ན། ཕྱི་རོལ་ཏུ་གྱུར་པའི་རྒྱུ ་གང་ལས་ཀྱང་བྱུང་བ་མེད་ཅིང་བྱ་བའི་དོན་ཏོ། །འདི་ལྟར། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཤེས་ལས་རྣམས་ལས་འབྱུང་བ་རྣམས་སྐྱེ་བར་འདོད་དོ། །དེ་ཡང་རིགས་པ་མ་ཡིན་ཏེ། །ཇི་ལྟར་མི་རིགས་ཤེ་ན། གང་གི་ཕྱིར་འབྱུང་བ་རྣམས་ནི་སྐྱེ་བ་གཞན་གྱི ་ལུས་ལ་གནས་པ་དེའི་འབྲས་བུ་ཉིད་དུ་འདོད་ན་དེ་དང་དགེ་བ་དང་མི་དགེ་བའི་ལས་རྣམས་འབྲེལ་བ་མེད་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། དེ་མ་ཐག་པའི་འབྲས་བུ་མེད་པའི་ཕྱིར་རོ། །གཞན་ཡང་ལས་ཀྱི་བག་ཆགས་གང་ལ་གནས་ཤེ་ན། ལས་ཀྱིས་བག་ཆགས་སེམS ་གནས་ཕྱིར། ཞེས་བྱ་བ་སྨོས་ཏེ། བག་ཆགས་ནི་སེམས་ལ་གནས་སོ། །གལ་ཏེ་སེམས་ལ་གནས་པ་ཡིན་ན་དེའི་ཚེ་སྐྱེ་བ་གཞན་ན་ཡོད་པའི་འབྱུང་བ་རྣམས་དེའི་སྐྱེ་བའི་རྒྱུ་མ་ཡིན་ཏེ། བར་དུ་ཆོད་པའི་ཕྱིར་རོ། །གང་དུ་བག་ཆགས་གནས་པ་དེར་དེས་འབྲས་བ་ཉིད་བྱེད་དོ་ཞེས ་བྲག་གོ་།དི?་ལ?་ས་བོན་བཏབ་པས་རིའི་རྩེ་མོར་འབྲས་བུ་སྐྱེ་བ་ནི་མེད་དོ། །དེ་ལྟ་བས་ན་བག་ཆགས་ཀྱི་མཐུས་རྣམ་པར་ཤེས་པ་ཉིད་འབྱུང་བ་ལ་སོགས་བའི་རྣམ་པར་མདུན་ན་སྣང་གི་ཕྱིའི་དོན་ནི་མ་ཡིན་ནོ། །གཞན་ཡང་དམིགས་བས་འབྱུང་བ་རྣམས་ཡོད་པར་ཤེས? ་སུ་རྟགས་ཏེ། དམིགས་བ་ཡང་དེའི་རྣམ་བ་ཡིན་ཏེ། ཤེས་བ་ལས་སྐྱེས་བའི་ཕྱིར་རོ། །དེ་ལྟ་བས་ན་ཡང་ཤེས་པ་དེ་ཉིད་གཉི་ག་ལས་གྲུབ་བས་འབྱུང་བའི་རྣམ་པར་ཡོངས་སུ་གྱུར་པའི་བརྟགས་པ་ཡིན་པར་རིགས་ཀྱི། གཉི་ག་? ་བས་ཕྱི་རོལ་གྱི་དོན་ཡིན་པར་མི་རིགས་སོ། །ད་ནི་ལས་ཀྱི་བག་ཆགས་ཀྱི་རྣམ་བ་བསྟན་བའི་ཕྱིར། ལེགས་བྱས་ཞེས་བྱ་བ་ལ་སོགས་བ་སྨོས་ཏེ། ལེགས་པའི་ལས་རྣམས་ནི་སྐྱེ་བ་གཞན་ལ་ལས་ཀྱི་བག་ཆགས་ཀྱི་རྣམ་བ་དེས་རྣམ་བར་རིག་པ་ཞི་བས?་རྣམ ་པ་ཡིན་ཏེ། གཟུགས་ཀྱི་རྣམ་པར་རིག་པ་སེམས་ཡིད་དུ་འོང་བའི་སྐྱེ་བོར་སྐྱེའོ། །དེ་བཞིན་དུ་རྒྱུ་དེ་ཉིད་ཀྱིས་སྐྱེ་བ་སྔ་མ་ལ་གཞན་གྱི་སོག་ལ་མངོན་བར་ཞེན་པ་ན་སྟག་དང་སེང་གེ་དོམ་དང་སྒྲུལ་ཤིན་ཏུ་འཇིགS་པར་སྐྱེའོ་ཞེས་བྱ་བའི་དོན་ཏོ། །ད་ནི་འདིར་དེ་ཉིད་ཀྱི་གཏན ་ཚིགས་གཞན་བསྟན་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འབྱུང་བ་རྣམས་ཤེས་བའི་ངོ་བོ་ཉིད་ལ་བརྟགས་མ་ཡིན་ན་དེའི་ཚེ་དེ་དག་བེམས་པོའི་རང་བཞིན་ཡིན་པའི་ཕྱིར་གང་ལ་སོགས་པའི་བྱ་བ་གཞན་ལ། རྐང་བ་ལག་པའི་གཡོ་བ ་བ་ལ་སོགས། །ཇི་ལྟར་གཞན་ལས་བྱས་པར་འགྱུར། །ད་ནི་གཞན་གྱི་དོགས་པ་བསུ་བ་དང་དེ་དགག་བའི་ཕྱིར། རླུང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རླུང་ལས་འབྱུང་བ་རྣམས་ཀྱི་བྱ་བ་བསྐྱེད་དོ་ཞེ་ན། དེ་ལྟ་ཡིན་ན་དྲུང?་གང་ལས་ཡིན་?་?་ཡིན་ནོ་ཞེས་འབང? ་བ་དེ་ཡང་གང་ལས་ཡིན། །གལ་ཏེ་འདོད་པའམ་ཡིན་ན། དེ་ཉིད་ནི་ཁྱོད་ནི་ལམ་དུ་ངེས་པར་ཞུགས། །ངེས་པར་ནི་རྣམ་པར་རྟོག་བའོ། །ལམ་དེ་ཉིད་དུ་ཁྱོད་ཞུགས་ཏེ་ཤེས་པའི་བྱ་བ་ཡིན་གྱི་རླུང་གི་ནི་མ་ཡིན་ནོ། །གང་གི་ཕྱིར་རྣམ་བར་ཤེས་བ་ལས་མ་གཏོགས་བའི་འདོད་བ ་ནི་མེད་པའི་ཕྱིར་རོ། །དེའི་ཡོན་ཏན་ཡིན་པའི་ཕྱིར་གཞན་ལས་ནི་དེ་འབྱུང་བར་མི་སྲིད་དོ། །རེ་ཞིག་འབྱུང་བ་རྣམས་ཀྱི་རྒྱུའི་དཔྱད་པ་བཞག་ལ། དེ་དག་ནི་རྟག་ཏུ་རང་བཞིན་འགྱུར་བ་ཡིན་ཏེ། གྲངས་ཅན་གྱི་གཞུང་གི་དོགས་པ་བསུ་བའི་ཕྱིར། ཕ་མའི་?་? ་དག་ལས་ཤེས་བྱ་བ་ལ་སོགས་པ་སྨོས་ཏེ། དབྱིབས་དང་ཁ་དོག་ལ་སོགས་པ་གཞན་དང་ལྡན་ཕ་མ་སྟེ། ཕ་མ་གཉིས་དང་འབྲེལ་བའི་ཁུ་ཁྲག་དག་ལS་ཁུ་ཆུ་དང་ཟླ་མཚན་དག་ལས་མཚན་ཉིད་མི་ཐུན་བཱི་མགོ་བོ་དང་།ལག་པ་དང་ལྡན་བའི་ངོ་བོ་མ་རྣམས་འབྱུང་བར? ་འགྱུར། དབྱིབས་དང་ཁ་དོག་གཞུན་དང་ལྡན་པའི་ས་བོན་ལས་མཚན་ཉིད་མི་མཐུན་པའི་ཤིང་རྣམས་དངོས་པོ་ཇི་ལྟར་སྐྱེ་ཞིང་འཕེལ་བར་འགྱུར་ཞེ་ན། རྟག་པའི་བདག་ཉིད་ཀྱི་དངོས་པོ་རྣམས་ཡོངས་སུ་འགྱུར་བར་མི་རིགས་སོ། །འདི་ལྟར་ཁྱོད་འདོད་པའི་གཙོ? ་བོ་ཆེན་པོ་ལ་སོགས་པའི་འབྲས་བུ་འཕོ་བོར་ཡོངས་སུ་འགྱུར་བ་རྟག་པའི་ངོ་བོར་མི་རིགས་ཏེ། དེ་ཅི་བདག་ཉིད་ཐམས་ཅད་ཡོངས་སུ་འགྱུར་རམ། འོན་ཏེ་ཕྱོགས་གཅིག་ཡིན་།བདག་ཉིད་ཐམས་ཅད་ཡོངས་སུ་འགྱུར་ན། འདི་ལྟར་ཆེན་པོ་ལ་སོགས་པ་མི་རྟག་པ་དེ་བཞིན ་དུ་གཙོ་བོ་ཡང་འགྱུར། འོན་ཏེ་ཕྱོགS་གཅིག་ཡིན་ན་དེ་ཡང་གང་གི་ཕྱིར་ཕྱོགས་གང་ཡོངས་སུ་གྱུར་བ་འབྲས་བུ་གསལ་བ་དག་ལྡན་པ་དེ་བྱ་བ་མེད་པ་རྒྱུ་མ་ཡིན་པ། ཕྱོགས་གཅིག་ལས་བྱ་བ་དང་བཅས་བའི་རང་བཞིན་གྱི་དབྱེ་བས་ཁྱད་པར་དུ་འགྱུར་ཏེ། དེ་བས་ན་གཙོ་བོ ་དེ་བྱེད་པ་བྱེད་པ་མེད་པ་ཉིད་ཀྱིས་བྱ་བ་དང་བྱ་བ་མེད་པ་སྣ་ཚོགས་པ་ཡིན་ལ། སྣ་ཚོགས་པའི་ཕྱིར་མི་རྟགས་པ་ཡིན་ནོ། །རྟག་པ་ནི་སྣ་ཚོགས་པར་མི་རིགས་ཏེ། རང་བཞིན་ཐ་དད་པའི་ཉེས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཉེ་བར་ལེན་པའི་རྒྱུ་མེད་ན་སྒྲ་འབྱུང ་བར་མི་འགྱུར་རོ་ཞེ་ན། རབ་ལས་སྒོ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་ནི་སྐྱེས་བུ་ནི་འབད་པའི་རྩོལ་པ་ལ་རག་ལས་པ་གནས་དང་བྱེད་བ་དང། རྐན་དང་མཆུ་སྦྱར་བ་ལ་སོགས་པ་ཐ་དད་པའི་རྒྱུ་འདི་ལས་ལྷན་ཅིག་བྱེད་བ་ཡིན་ཏེ། དངོས་དང་དངོས་པོ་མེད་པར ་སྣང་བ་ན་རྗེས་སུ་འགྲོ་བ་དང་ལྡོག་བ?་མཐོང་བའི་ཕྱིར་རོ། །འདི་ལྟར་དེ་དག་ན་ཡོད་ན་ནི་འབྱུང་ལ་དེ་མེད་ན་ནི་མི་འབྱུང་བ་དེའི་ཕྱིར་གལ་ཏེ་ཉེ་བར་ལེན་པའི་རྒྱུ་མི་འདོད་ན་དེའི་ཚེ། ཁ་དང་རྫ་རྔ་ལ་སོགས་པ་རྣམས་ཀྱི་རྒྱུ་མེད་པ་རྣམས་ལས་སྒྲ་འབྱུང་བར་མི་འགྱུར་རོ། །དེ ་བཞིན་དུ་དངོས་པོ་རྣམས་ཕན་ཚུན་འགལ་བའི་བྱ་བ་བྱེད་པ་དེར་མི་འགྱུར་རོ། །ཞེས་བསྟན་བའི་ཕྱིར། བྱ་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱ་རྣམས་ནི་བྱ་རྣམས་ཏེ། ཇི་ལྟར་འདོད་བ་བཞིན་དུ་ནམ་མཁའ་ལ་འགྲོའོ། །སྣང་བའི་ལྷན་ཅིག་བྱེད་པས་མིག ་གི་རྣམ་བར་ཤེས་པས་དོན་མཐོང་བར་ནུས་པར་གྱུར་པ་ཡིན་མོད་ཀྱི། དེ་ལྟ་ཡིན་ཡང་ཇི་ལྟར་འུག་པ་རྣམས་སྣང་བ་དང་བྲལ་བའི་སྨིག་ཏུ་ཟས་ལ་སོགས་པའི་དངོས་པོ་རྣམས་ཇི་ལྟར་མཐོང་བར་འགར་ཁུང་ན་ཁུང་བུར་སྣང་བ་མེད་པར་བྱི་བ་རྣམས་ཀྱིས ་དེ་བཞིན་ནོ། །བར་དུ་ཆོད་པའི་དངོས་པོ་མིག་གིས་མཐོང་བ་ཡིན་ན། ཉ་རྣམས་ཀྱི་ཆུ་ནང་དུ་སྟེ། རྒྱ་མཚོའི་ཆུས་ཆོད་པའི་དངོས་བོ་ཇི་ལྟར་མཐོང་བར་འགྱུར། དབང་བོའི་རྣམ་པར་ཤེས་པའི་ཡུལ་སོ་སོར་ངེས་པ་ཡིན་ན། སྤྲུལ་རྣམས་ནི་སྦྲུལ་རྣམས་ཏེ། མིག ་གཉིས་ཀྱིས་ཇི་ལྟར་ཐོས་པ་དང་མཐོང་བར་འགྱུར། དེ་ལྟ་བུའི་འགལ་བ་གཞན་དང་གཞན་རྣམས་ནི། དངོས་བོ་རྣམས་དེ་བཞིན་དུ་རྣམ་པ་དུ་མར་འཁོར་བར་བསྟེན་པ་སྟེ། འགལ་བར་མཐོང་ངོ། །དེ་ལྟ་བས་ན་ཉེ་བར་ལེན་པའི་རྒྱུ་རྗེས་སུ་དཔག་གོ་།འདི་ལྟར ་དངོས་པོ་འདི་དག་གི་དབྱེ་བ་ནི་འགལ་བའི་ཆོས་དང་འབྲེལ་པ་དང། རྒྱུའི་དབྱེ་བ་ལས་ཡིན་ནོ། །གལ་ཏེ་ཡང་དངོས་པོ་རྣམས་ཀྱི་ཉེ་བར་ལེན་པའི་རྒྱུ་མི་འདོད་ན་དེའི་ཚེ་འགའ་ཡང་བྱེ་བྲག་ཏུ་མི་འགྱུར་རོ། །བྱེ་བྲག་མེད་ན་ཡང་སྣ་ཚོགས་པ་བྱེ་བྲག་མེད་པར་འགྱུར་རོ། །རྣམ ་པ་གཞན་གྱི་རྒྱུད་སྣ་བར་ཁས་ལེན་ན་ཐམས་ཅད་བདེ་བ་འམ་སྡུག་བསྔལ་བར་ཅིའི་ཕྱིར་མི་འགྱུར། དེ་བཞིན་དུ་འབྲས་བུ་དང་སྣང་བ་དང་མེ་ལོང་ལ་སོགས་པ་རྣམས་ཀྱིས་ས་བོན་དང་སྡོང་བུ་དང་བུད་ཤིང་གི་བྱེད་པ་རྣམས་མེད་ཀྱང་སྐྱེ་བར་འགྱུར་རོ། །འདི་ལྟར་ཞར ་ལ་བྱུང་བའི་རྒྱུར་སྨྲ་བ་ཀ?་གནས། སྔར་བསྟན་པ་ཉིད་བརྟན་པར་བྱེད་ཅིང། ཇི་ལྟར་རྣམ་པར་ཤེས་པའི་དངོས་པོ་ལས་མ་གཏོགས་པའི་བྱ་བ་གཞན་མེད་པར་བསྟན་པའི་ཕྱིར། གནས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོམས་པས་སྒྲ་ལ་ཕོག་པའི་སྐྱེས་བུས ་གནས་དང་གནས་པ་མ་མཐོང་བའི་འབེན་ལ་ཤེས་པའི་རྟོག་བ་མ་གཏོགས་པར་ཏེ། ཤེས་པའི་རང་བཞིན་ན། གཏོགS་པར་མི་འཚོར་བར?་ཕོག་པ་ནི་མངའ་རྣམས་འབྲས་བུ་དང་བཅས་པར་ཇི་ལྟར་འགྱུར་བ་ཆུའི་རྒྱུན་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཆུའི། ་རྒྱུན་དང་འདྲ་བར་འབྱུང་བ་རྣམ་པར་རིག་བ་མ་ཡིན་པར་འགྱུར་ན་ནི། དེའི་ཚེ་གང་ཆུང་ཟད་བསྟན་བཅོས་གང་གཟུང་བ་གོམས་པར་མ་བྱས་ཀྱང་མི་འཆོར་ཏེ་དེ་ཉིད་ལ་གནས་པ་ཡིན་ནོ། །འདི་ལྟར་སེམས་ལས་བསྟོན?་བཅོས་ཤོར་བ་ཡང་གཞན་གྱི་རྒྱུད་ལས་ཡང་ཇི་ལྟར ་གཟུང་དགོས་ཞེས་བྱ་བར་རིགས། གང་འགྲོ་པ་བསྐྱེད་པའི་རྒྱུ་དབང་ཕྱུག་ཡིན་པར་འདོད་པ་བསྟན་པའི་ཕྱིར་།རི་བོ་རྣམས་ནི་ཞེས་བྱ་བ་སྨོས་ཏེ། གལ་ཏེ་བྱ་བ་མེད་ན་དེ་རི་བོ་རྣམས་ནི་མཐོ་འགྱུར། དེ་བཞིན་དུ་རྒྱ་མཚོ་ཆེན་པོ་སྟེ། རྒྱ་མཚོ་གཏིན?་དཔག་དཀའ་བའོ། །ཕྲ ་རབ་རྣམས་ནི་འདུས་པ་ཡི་སྟེ། ཕྲ་རབ་འདུས་པའི་དངོས་པོར་གྱུར་བ་གཉིས་འདུས་པ་དང་གསུམ་འདུས་པའི་རིག་གྱི་ཇི་ལྟར་འབྲས་བུར་བྱེད། གང་གི་ཕྱིར་དེ་རྟག་པའི་ཕྱིར་རིམ་འམ་ཅིག་ཅར་གྱིས་དོན?་བྱེད་པར་མི་རིགས། །དེ་ལྟ་བས་ན་སྣ་ཚོགས་པ་སྐྱེ་བ་ཉིད་ཀྱི ་རྒྱུ་དབང་ཕྱུག་མ་ཡིན་བའི་ཕྱིར། འཇིག་པའི་རྒྱུ་ཡང་མ་ཡིན་བར་བསྟན་པའི་ཕྱིར། ནུས་པ་བསྟན་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངང?་གི་སྒྲ་ནི་རྣམ་པར་རྟོག་པའོ། །ནུས་པ་ཆེན་པོ་དང་ལྡན་པར་འབྲས་བུ་བྱས་ནས་ནི། དེ་ཉིད་སྐྱོན་པ་བཞིན་དུ་ཡང་སྟེ། སྣ ་ཚོགས་འགག་པའི་དུས་སུ་བདག་ཉིད་ཀྱི་འབང་པ་ཇི་ལྟར་འཇིག་པར་བྱེད་ཅེས་བྱ་པའི་དོན་ཏོ། །དེ་ལྟ་བས་ན་དབང་ཕྱུག་ལ་སོགས་པ་བྱེད་པ་བོ་ཉིད་དུ་མི་རིགས་སོ། །རྣམ་པར་རིག་པ་ཙམ་དུ་མི་འདོད་ན་ཇི་ལྟར་སྔགས་ལ་ནུས་པ་ཡོད་ཅེས་པ་བསྟན་པའི ་ཕྱིར། །བབ་ལོག?་ཞེས་བྱ་བ་ལ་སོགས་བ་སྨོས་ཏེ། ཁབ་ལོང་ལ་སོགས་པས་ནི་སྦུང་ལོང་ལ་སོགས་པ་བསྡུས་སོ། །འདྲེན་པ་ནི་ལྕགས་དང་རྩཝ་འདྲེན་ལ་དེ་བཞིན་དུ་སྔགས་ཀྱིས་དུག་ཞི་བ་དང། སྨན་གྱིས་རིམས་སེལ་པར་སུ་ཞིག་གིས་བྱས་ཞེས་བྱ་བའི་ ་དོན་ཏོ། །ད་ནི་མཇུག་བསྡུ་བའི་ཕྱིར་།དེ་ཕྱིར་མ་རིག་སྣ་ཚོགས་པས། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཕྱིར་དེ་དག་ཐམས་ཅད་གང་ཆུང་ཟད་སྣ་ཚོགས་པའི་དངོས་པོ་ཕྱི་རོལ་ཏུ་སྣང་འདི?་དག་སེམས་ཀྱི་སྤྲུལ་པར?་རྟོགས་པར་བྱའོ། ་སེམས་ཉིད་གོམས་བའི་སྟོབས་ཀྱིས་ཀུན་བརྟགས་པའི་ངོ་བོ་སྣ་ཚོགས་སྣང་བ་ལས་ཕྱིའི་དོན་ཅི་མ་ཡིན་ནོ། །ཡང་གང་ཞིག་མ་རིག་པའི་སྣ་ཚོགས་མ་རྟོགས་པ་དེ་ལ་བདག་གིས་བྱར་ཅི་ཞིག་ཡོད་དེ་།ཇི་ལྟ་བུ་ཞིག་ཅེ་ན་།ཅོག་ཅུང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ ་ཅོག་ཆུང་ནི་བྱའི་ཁྱད་པར་རོ། །དེའི་སྒྲ་ནི་ཅོ་གའི་སྒྲའོ། །དེའི་སྒྲ་བརྙན་ནི་ཅོག་ཆུང་གི་སྒྲ་བརྙེན་ཏེ་རྒྱ་ཆེ་བའོ། །ཅོག་ཅུང་གི་སྒྲ་བརྙན་གྱི་གཞན་ཆུང་ཟད་འདི་ལྟར་མི་ཤེས་ཏེ། དེ་བཞིན་དུ་ཞེས་བྱ་བའི་དོན་ནོ། །སེམས་ལས་ཕྱིའི་དོན་དུ་མི་འདོད་ན་ལུང་དུ་འགལ ་ལོ་ཞེ་ན། ཟད་བར་ཞེས་བྱ་བ་ལ་སོགས་བ་སྨོས་ཏེ། ཕྱིའི་དོན་མེད་ན་རྣལ་འབྱོར་བ་རྣམས་ཀྱི་ཟད་པར་སྒྲོམ་པ་ནས་ལ་སོགས་པ་སྒོམ་པ་ཇི་ལྟར་རིགས་།གང་གི་ཕྱིར་བརྟན་པའི་རང་བཞིན་དངོས་པོ་རྣམས་གཞན་དང་གཞན་དུ་གཞག་པར་མི་རིགས་སོ། ཡང ་གི་ཚེ་རང་གི་གཞུང་ལ་ཟད་པར་སྒོམ་བ་གྲུབ་པ་དེ་ལྟར་བསྟན་བའི་ཕྱིར། དེས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེས་ན་ནི་རྣམ་པ་འདིས་རྣལ་འབྱོར་པ་རྣམས་ཀྱི་ཟད་བར་སྒོམ་པར་རིགས་སོ། །ཅི་ལྟར་སེམས་འདི་ཉིད་ཤེལ་བཞིན་དུ་ནི་ནོར་བུ་ཤེལ་དང ་འདྲའོ། །རྣམ་པ་དུ་མ་ནི་ས་ལ་སོགས་པའི་དངོས་པོ་ལ་ཁྱབ་པ་འཁྲུལ་བ་གོམས་པ་དེའི་ཚེ་ཟད་པར་སྒོམ་པར་རིགས་ཀྱི། ཕྱིའི་དོན་མཁས་ལེན་པའི་རྒྱུས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཁྱབ་ཅེ་ན་།བག་ཆགས་ཆུ་ལ་ཏིལ་མར་བཞིན། ཞེས ་བྱ་བ་སྨོས་ཏེ་།ཇི་ལྟར་ཚུལ་ཏིལ་མར་ཕྱོགས་གཅིག་ཏུ་བཏབ་པས་ཐམས་ཅད་དུ་ཁྱབ་བ་དེ་བཞིན་དུ་བག་ཆགས་ཀྱི་ཚུལ་སེམས་ཀྱིས་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་སེམས་ཙམ་ཉིད་དུ་མོས་པའི་རྣལ་འབྱོར་བས་ངོ་མཚར་མེད་པར་བསྟན་པའི ་ཕྱིར། འཇིག་རྟེན་པ་ཡི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་རྟེན་པའི་ངོ་མཚར་རྣམས་ནི་བྱིས་པ་རྣམས་ཀྱི་ཕྱི་རོལ་གྱི་དོན་ལ་ངོ་མཚར་དུ་བྱེད་པ་ལ་ངོ་མཚར་དུ་འགྱུར་བ་མ་ཡིན་ཏེ། ངོ་མཚར་ཉིད་དུ་མི་བྱེད་ཅེས་བྱ་བའི་དོན་ཏོ། །ས་བོན་ཐམས་ཅད་པའི་སྒྲ་ནི། ཀུན་གཞི ་རྣམ་པར་ཤེས་པ་ལ་བརྗོད་དེ། འདི་ལྟར་འཇུག་པའི་རྣམ་པར་ཤ་?་རྣམས་ཀྱི་ས་བོན་ཉིད་དུ་གནས་པའི་ཕྱིར་རོ། །ས་བོན་ཐམས་ཅད་པ?་ངལ་འབྱུང་བ་ལ་སོགས་པ་ཡོད་དོ། །འདི་ལྟར་རྣལ་འབྱོར་པས་བསམ་སྟེ། ཤེས་རབ་ཀྱིས་རྣམ་པར་ངེས་པར་བྱའོ། །དེ་ནི་གཞན ་གྱིས་ཕྱི་རོལ་གྱི་དོན་མངོན་སུམ་གྱི་ཚད་མས་གྲུབ་པར་སྨྲ་བ་དགག་བའི་ཕྱིར་དྲིས་པ། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་སྣང་བའི་བུམ་པ་དང་སྣམ་བུ་ལ་སོགས་པའི་མིང་གིས་སྣང་བ་ཐོབ་པ་གང་ཡིན་པ་དེ་དག་རེ?་ཞིག་དངོས་འདི་ཡོད་ཡིན་ན་ནི་གནས་བའོ།། ་དེ་དག་ཡོད་པ་ཉིད་དུ་བྱེད་ཀྱིས་ཇི་ལྟར་ངེས་གཟུང་ཞེས་བྱ་བ་ནི་དྲི་བའོ། །གཞན་གྱི་དོགས་པ་བསུ་ནས་དགག་བའི་ཕྱིར། ཨེ་མའོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཞེ་ནའི་སྒྲ་ནི་གལ་ཏེའི་དོན་ཏོ། །གལ་ཏེ་དེ་རྣམས་སེམས་ཡིན་བར་རྟོགས་ན་དེའི་ཚེ་ཨེ་མ་སྟེ་ངོ ་མཚར་བ་ཡིན་ནོ། །སེམས་ལ་རྒྱུ་མེད་པར་ཁྱེད་སྡང་བར་མི་རིགས་སོ། །གང་ཡིན་སེམས་དེ་ཉིད་ཀྱི་རྣམ་པ་ཅིའི་ཕྱིར་མི་འདོད་པ་གོས་པ་མེད་པའི་ཕྱིའི་དོན་གྱིས་ཅི་ཞིག་བྱ། འདི་ལྟར་ཕྱི་རོལ་གྱི་དོན་ནི་བག་ཆགས་ཀྱི་འབྲས་བུ་ཡིན་པའི་ཕྱིར་རོ། །གང་གི་ཚེ་བས་ཆགS ་སེམས་ལ་གནས་པ་དེའི་ཚེ། །དེ་ཉིད་ལས་འབྲས་བུ་འབྱུང་ངོ། །ཞིང་ལ་ས་བོན་བཏབ་པས་རིའི་རྩེ་མོར་འབྲས་བུ་མི་འབྱུང་ཞེས་བྱ་བའི་དོན་ཏོ། །གལ་ཏེ་སེམས་ཉིད་དོན་གྱི་རྣམ་པར་སྣང་ན་དེའི་ཚེ་ཡང་འཛིན་པ་ཉིད་གང་ཞིག་ཡིན་ཞེ་ན་།རྣམ་པར་ཤེས་པ་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་རྣམ་པར་རྟོག་པའོ། །རྣམ་པར་ཤེས་པ་ཕྱིར་བྱུང་ནས་ཡུལ་རྣམས་འགུལ་བ་ནས་དྲངས་ནས་ཅི་འཛིན་པ་ཡིན་ནམ། གང་གི་ཕྱིར་མ་གཟུང་ན་འཛིན་པ་ཉིད་པ་མ་འགྱུར་རམ། གང་གི་ཕྱིར་བག་ཆགས་ཀྱི་ཐུས་དེའི་རྣམ་པ་དེ ་ཡིན་ཏེ། དེ་བས་ན་དེའི་རྣམ་པ་སེམས་ལ་སྐྱེ་བ་ཉིད་འཛིན་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །གཞན་ཡང་ཅི་སེམས་དེ་ཐོག་མ་ནས་ཡོད་དམ་འོན་ཏེ་མེད་ཅེས་བྱ་བའི་ཕྱོགས་གཉིས་ཏེ། དེ་ལ་གལ་ཏེ་ཐོག་མ་ནས་ཡོད་ན་དེའི་རྣམ་པ་ཉིད་སེམS ་ལས་སྐྱེས་པ་ཡིན་ན་དུས་ཕྱིས་འབྱུང་བའི་ཡུལ་གཟུང་བ་ལ་དགོས་པ་ཅི་ཞིག་ཡོད་།གལ་ཏེ་ཐོག་མར་མེད་ལ་ཕྱིས་བྱུང་བས་ཡུལ་འཛིན་ཏེ་ཞེ་ན། དེ་ལྟར་མ་ཡིན་ཏེ་།དེའི་ཚེ་དོན་འགགས་པའི་ཕྱིར་དེ་གང་གི་འཛིན་པ་ཡིན། ལྷན་ཅིག་སྐྱེས་པ་ཡིན་ན་ཕན ་པར་བྱ་བ་དང་ཕན་པར་བྱེད་བ་མེད་བས་ཇི་ལྟར་གཟུང་བ་དང་འཛིན་པའི་དངོས་པོར་འགྱུར་།དེ་ལྟ་བས་ན་མངོན་སུམ་གྱིས་ཕྱིའི་དོན་མ་གྲུབ་བོ་ཞེས་བསྟན་ཏོ། །གང་ཞིག་ཡང་རྗེས་སུ་དཔག་པས་ཕྱིའི་དོན་གྲུབ་པར་འདོད་དེ། འདི་ལྟར་ཇི་སྲིད་ཕྱིའི་དོན་གྱིས་རང ་དང་འདྲ་བར་རྣམ་པར་ཤེས་བ་མ་བསྐྱེད་པར་དེ་སྲིད་དུ་དེའི་རྣམ་པར་ཇི་ལྟར་སྣང། དེའི་ཕྱིར་དོན་གྱིས་བསྐྱེད་པ་ཉིད་ལ་དོན་གཟུང་ཞེས་བྱའོ། །དེ་ལྟར་ཡང་མ་ཡིན་ཏེ། རྨི་ལམ་ལ་སོགས་པ་བཞིན་དུ་རྗེས་སུ་འགྲོ་བ་དང་ལྡོག་བ་མེད་བའི་ཕྱིར་རོ། །དེ་ལྟ་བས ་ན་རྗེས་སུ་དཔག་བ་ལས་ཀྱང་གྲུབ་པ་མ་ཡིན་ནོ། །གལ་ཏེ་མངོན་སུམ་དང་རྗེས་སུ་དཔག་བསམ་གྲུབ་ཀྱང་ལུང་གིས་གྲུབ་པོ་ཞེ་ན། ལུང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུང་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་ཚད་མས་ཕྱིའི་དོན་ཡང་དག་པར ་རྟོགས་པར་གྲུབ་པ་ཡིན་ཏེ། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ངོ་ཞེས་གསུངས་སོ། །འདིར་ལན་སྨྲས་པ། མངོན་སུམ་དོན་ལ་ལུང་ཅི་དགོས། ཞེས་བྱ་བ་སྨོས་ཏེ། མངོན་སུམ་གྱི་དོན་གང་ཡིན ་པ་དེ་ལ་ལུང་གིས་དགོས་པ་ཅི་ཞིག་ཡོད། ལུང་གི་ཚིག་ཀྱང་ག་ལ་ཞེ་ན་།མི་སྣང་ཞེས་བྱ་བ་སྨོས་ཏེ། གང་དབང་པོ་ལས་འདས་པའི་དངོས་བ་འཇིག་རྟེན་ཕ་རོལ་ལ་སོགས་པའི་དོན་མངོན་སུམ་གྱི་ཡུལ་མ་ཡིན་པ་དེ་ལ་ལུང་གིས་གསུངས་པའི་རྗེས་སུ་འབྲངས ་ནས་རྟོགས་སོ། །འདི་སྐད་དུ་བསྟན་པར་འགྱུར་ཏེ། གལ་ཏེ་ཕྱིའི་དོན་ཡོད་ན་དེ་མངོན་སུམ་ཉིད་ཀྱིས་ཡོངས་སུ་བཅད་པས་ལུང་གི་ཚིག་གིས་ཅི་ཞིག་བྱ། འོན་ཏེ་མེད་ན་དེ་ཡང་ལུང་གི་ཚིག་གིས་མ་གྲུབ་བོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་དེ་ཉིད་ཀྱི་ཕྱིར། དྲང་བའི ་དོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུང་གི་ཚིག་གིས་ཀྱང་ཕྱིའི་དོན་ཡོད་པར་མི་འགྲུབ་སྟེ། ཇི་ལྟར་ཞེ་ན་།དྲང་བའི་དོན་ཡིན་ཕྱིར་ཡང་སྟེ། འདི་ལྟར་དྲང་པའི་དོན་དུ་བསྟན་པ་ཐམས་ཅད་ནི་རྣམ་པ་བཞིར་བརྗོད་པར་བྱ་སྟེ་།དེ་ལ་དགོངས་པ་ནི་གང་ལ་དགོངས་ནས་སྒྲ་སྦྱར ་བ་ཡིན་ནོ། །སྐྱེ་བོ་གདུལ་བྱའི་ཡུལ་ནི་གང་དག་ལ་བསྟན་པའོ། །འབྲས་བུ་ནི་གང་ལ་བསྟན་པས་གྲུབ་པའོ། །རྒྱུན་ནི་གང་གིས་མངོན་པར་འདོད་པའི་དོན་བརྟགས་པ་ཞེས་བྱ་བའོ། །ཡང་འདིར་ནི་དགོངས་བས་གསུངས་པ་ཡིན་ནོ། །འདིར་དགོངས་པ་གང་ཞིག་ཡིན ་ཞེ་ན། སྨྲས་པ། ཁ་ཅིག་གིས་བདག་མཐོང་བ་བོ་ཉིད་དང་།ཟ་བ་པོ་ལ་སོགས་པར་འདོད་པ་དེ་སྤང་བའི་ཕྱིར། །གཟུཌ་ལ་སོཌ་པ་སྐྱེ་མཆེད་རྣམས། །ཡང་བཅོམ་ལྡན་འདས་ཀྱིས་བསྟན་པ་མཛད་དེ། འདི་ལྟར་ཡུལ་སོ་སོར་ངེས་པ་ལ་དབང་པོ་རྣམས་ཡིངས?་ཡོང?་བ ་པོ་དང་ཡུལ་གང་ལ་བཞག་པར་བྱ་ཞེ་ན། བསྟན་པ་སེམས་ཀྱི་སྤྱོད་ཡུལ་ལོ། །ཞེས་བྱ་བ་སྨོས་ཏེ་།སེམས་ཉིད་ལ་ཡུལ་དང་དབང་པའི་ངོ་བོར་རྣམ་པར་བཞག་གི་ཕྱིའི་དོན་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན་།རང་གི་ས་བོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་།གང ་གི་ཕྱིར་རྐྱེན་གཞན་གྱིས་བག་ཆགས་ཀྱི་ནུས་པའི་ཁྱད་པར་སད་པར་བྱས་པས། རང་གི་ས་བོན་ཀུན་གཞི་རྣམ་པར་ཤེས་པ་ལ་དེ་མ་ཐག་ཏུ་འབྱུང་བ་མིག་གི་རྣམ་པར་ཤེས་པ་དང་།དབང་པོར་བརྗོད་དོ། །དེ་བས་ན་དེ་ཉིད་ཀྱང་སེམས་ཡིན་ཏེ། བག་ཆགས ་ཀྱི་དབང་གིས་སྔོན་པོ་དང་སེར་བོ་ལ་སོགས་པ་ཡུལ་གཟུགས་ཀྱི་རྣམ་པར་སྐྱེས་པ་ཡུལ་དུ་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་ཤེས་པ་དོན་དམ་པར་ཐ་དད་པ་མེད་པའི་ཕྱིར་དབང་པོ་དང་ཡུལ་གྱི་དབྱེ་བས་ཇི་ལྟར་བྱེ་བྲག་ཏུ་འགྱུར་བ་མ་ཡིན་ནམ་ཞེ་ན། འདི ་དག་བློ་ཡི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་།མིག་དང་གཟུགས་ལ་སོགས་པ་རྣམས་ཕྱིའི་དོན་ཉིད་ཀྱི་དབང་པོ་རང་ཡུལ་གྱི་ངོ་བོར་གྱུར་པ་མེད་དོ་ཞེས་བློ་ཡིས་ངེས་པར་བྱའོ། །དོན་དམ་པར་སེམས་ལ་ཆ་ཤས་མེད་མོད་ཀྱི། འཇིག་རྟེན ་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་མཁས་པས་དབང་པོ་དང་ཡུལ་གྱི་སྒོ་ནས་ཆ་ཤས་སུ་སེམས་ལ་བརྟགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དོན་དམ་པར་ནི་ཡང། འདི་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལ་ནི་སེམས་ཏེ། མིག་ནི་དབང་པོར ་བརྟགས་པ་དེ་མེད་དོ། །གཟུགས་མིན་ནི་ཡུལ་དུ་བརྟགས་པ་མི་རིགས་པའོ། །སྣང་བ་མེད་ཅིང་ཡིད་བྱེད་མེད་པ་ནི་ལྷན་ཅིག་བྱེད་པར་བརྟགས་པ་མེད་པའོ། །གང་གི་ཚེ་བག་ཆགས་ཀྱི་དབང་གིས་བརྟགས་བའི་རྣམ་པ་འཁྲུལ་པའི་སེམས་ལས་བྱུང ་བ་དེའི་ཆོ་ཀུན་རྫོབ་ཏུ་ཐམས་ཅད་ཡོད་པ་ཡིན་ནོ། །དོན་དམ་པར་ནི་ཆུང་ཟད་ཀྱང་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན་།རྨི་ལམ་ལྟ་བུ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་རྨི་ལམ་གྱི་ངོ་བོ་དོན་མེད་པ་ལས་དོན་གྱི་རྣམ་པར་འཁྲུལ་པའི་སེམས་སྐྱེ་སྟེ། ་དེའི་ཚེ་དོན་ཡོད་པའི་རྣམ་པར་སྣང་ངོ། །གང་གི་ཚེ་ཡང་སད་པ་དེའི་ཚེ་ཆུང་ཟད་ཀྱང་མེད་དོ་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་ཐམས་ཅད་རྣམ་པར་རིག་པ་ཙམ་ཡིན་ལ་ཕྱིའི་དོན་མེད་ན་དགེ་བའི་བཤེས་གཉེན་དང་།སྡིག་པའི་གྲོགས་པོ་བསྟན་པ ་ལས་དགེ་བ་དང་མི་དགེ་བའི་བྱ་བ་ངེས་པར་ཇི་ལྟར་གྲུབ་ཅེ་ན་།བཟང་དང་ངན་བའི་གྲོགས་བསྟེན་ལས། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཟང་དང་ངན་པའི་གྲོགས་བསྟེན་པ་ལས་ཏེ། བཟང་པོ་དང་བཟང་པོ་མ་ཡིན་པ་དང་འབྲེལ་པས་སེམས་ཅན ་གྱི་རྒྱུད་ལ་དགེ་བ་དང་མི་དགེ་བའི་བྱ་བའི་ཁྱད་པར་གང་ཡིན་པ་དེ་གཞན་གྱི་སེམས་ཀྱི་དབང་གིས་བྱུང་བ་ཡིན་ནོ། །གང་གི་ཚེ་སྲོག་ཆགས་རྣམས་དགེ་བའི་བཤེས་གཉེན་དང་སྡིག་པའི་གྲོགས་པོའི་སྤྱོད་པ་བསླབ་པར་འདོད་པ་དེའི་ཚེ་།དགེ་བའི་བཤེས་གཉེན ་དང། སྡིག་པའི་གྲོགས་པོའི་རྣམ་པར་ཤེས་པའི་དབང་གིས་དགེ་བ་དང་མི་དགེ་བའི་རྣམ་པ་སྐྱེའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། དེ་ཡང་འབྱུང་པོས་གཟུང་སོགས་བཞིན། ཞེས་བྱ་བ་སྨོས་ཏོ། དཔེར་ན་འབྱུང་པོས་གཟུང་བ་རྣམས་སེམས་ཀྱི་དབང་གིས ་སེམས་ཅན་རྣམས་ཀྱི་ཁྲག་ལ་སོགས་པ་འདྲེན་པར་འགྱུར་བ་དེ་བཞིན་དུ་འདི་ཡང་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་ཐམས་ཅད་རྣམ་པར་རིག་བ་ཙམ་ཡིན་མར་ལུག་ལ་སོགས་པ་ཤེན་པས་ཇི་ལྟར་གསོང་ཅེ་ན་།ཉེ་བའི་རིམ་པས་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ་།ར་ལུག་རྣམས་གཞན་དི?་ལུས་དང་ཉེ་བའི་རིམ་པས་བསད་པར་ནི་མི་འདོད་དེ། དེ་དག་སྐད་ཅིག་མ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་ཕུང་པོ་རྣམས་སྐད་ཅིག་རེ་རེར་གྱུར་བའི་ཇིག་པ་ལ་རྒྱུ་མེད་པ་ཡིན་ནོ། །ཡང་གང་ཐོབ་ལ་སོགས་པས་བུམ ་ལ་སོགས་པ་འཇིག་ཕ་ཡིན་པར་རྟོགས་ན་དེ་ནི་འཇིག་བ་མ་ཡིན་ཏེ། འོན་ཀྱང་མཚན་ཉིད་མི་མཐུན་པ་གྱོ་མེ་ལ་སོགས་པའི་འབྲས་བུ་བསྐྱེད་པ་ཉིད་དུ་རྟོག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འོན་ཀྱང་ཚུལ་འདིས་ཐེག་པ་ཆེན་བོ་ནི་ཆོས་བདག་མེད་པའི་ཕྱིར་རང ་བཞིན་གྱིས་རྣམ་པར་བྱང་བའི་ཚུ?་གཉིས་སུ་མེད་པ་སེམས་ཙམ་ཉིད་དུ་གནས་ཏེ། གང་འདི་ནི་བསད་པར་བྱ་བ་དང་གསོད་པར་བྱེད་པ་ཡིན་ནོ་ཞེས་བྱ་བར་གཞག་བའི་རྒྱུ་མཚན་ཉིད་མེད་དོ་ཞེས་བྱ་བའི་དོན་ཏོ། །འོ་ན་ཀྱང། མི་འདོད་པ་ཡིས་ལས་ཀྱི་མཐུས། ། ་ཞེས་བྱ་བ་ལ་སོགས་པ་སྟེ་མི་འདོད་པའི་ལས་ཀྱི་མཐུས་ཏེ། སྔར་བྱས་པའི་ལས་ཀྱི་འབྲས་བུའི་མཐུས་འབའ་ཞིག་ཏུ། དྲག་ཤུལ་སྤྱོད་པའི་རྣམ་རིག་ནི། །འཇིགས་པའི་དོན་དུ་འདི་སྐྱེས་ཏེ། །ཤིན་ཏུ་འཇིགས་བ་བསྐྱེད་པར་བྱེད་ཅིང་གནོད་པར་བྱེད་བའི་རྣམ ་པར་རིག་པ་སྐྱེའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུ་ཉིད་ཅེ་ན། དམྱལ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་དམྱལ་བར་དམྱལ་བ་བ་རྣམས་ཀྱི་འཇིགས་པ་བསྐྱེད་བའི་ཕྱིར་སེང་གེ་དང་སྟག་གི་རྣམ་པར་རིག་པ་སྐྱེའོ། །འདིར་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། ་ཕྱིའི་དོན་ཏུ་སྨྲ་པའི་ཞར་ལ་གཞན་བསྟན་པའི་ཕྱིར་།ཇི་ལྟར་སྣང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་བུམ་པ་དང་སྣམ་བུ་ལ་སོགས་པའི་དངོས་པོའི་ཆོས་སྣང་བ་ནི་སོ་སོར་སྣང་བའི་སྟེ། དེ་ཁོ་ནའི་གལ་ཏེ་རང་བཞིན་ཉིད ་དོན་དམ་པའི་ངོ་བོ་ཡིན་གྱི་བརྟགས་བ?་ན་མ་ཡིན་ན་།དེའི་ཚེ། ཡང་དག་དོན་ནི་མཐོང་པའི་ཕྱིར་།འགྲོ་བ་ཐམས་ཅད་ཅིས་མི་གྲོལ། །ཞེས་བྱ་བ་ཡིན་ནོ། །ད་ནི་དེ་དག་བརྟགས་པ་ཡིན་པར་བསྟན་པའི་ཕྱིར། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་སྨོས་ཏེ། གང་གི ་ཕྱིར་དོན་དམ་པར་དེས་ཆོས་རྣམས་ལ་བྱས་པ་རྣམས་ཞེན་པ་བསྐྱེད་ན་རྒྱུ་དེ་ཉིད་ཀྱིས་རང་བྱུང་སྟེ། རང་གིས་དངོས་པོ་ཐམས་ཅད་མཁྱེན་པར་གྱུར་པ་ནི་རང་བྱུང་ངོ། །རང་བྱུང་སངས་རྒྱས་བཅོམ་ལྡན་འདས་དེས་ཐུགས་རྗེས་ཏེ་།སྙིང་རྗེས་བྱིས?་པ་དེ ་དག་ཆོས་རྣམས་ཀྱི་དོན་དམ་པའི་ངོ་བོ་ལ་འགྲོ་བ་འཁྲུལ་པ་དེ་སྤང་པའི་ཕྱིར་དགོངས་སོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་བདག་ཉིད་པ་དེ་པའི་འགྲོ་བ་ལ་ཐུགས་རྗེ་དེ་དོན་མེད་པར་འགྲོ་བའི་ཕྱིར་རོ། །ནད་མེད་པ་ལ་སྨན་པའི་དག་གིས་ཆུའི་ཟད ་ཀྱང་བྱ་བ་མེད་པ་བཞིན་ནོ། །གཞན་ཡང་སེམས་ཙམ་ཉིད་དུ་ཁས་མི་ལེན་ན་ཉིས་པ་འབྱུང་བ་བསྟན་པའི་ཕྱིར་རོ། གློག་དང་འབྲུག་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གློག་ལ་སོགས་པ་རང་གི་ཉེ་བར་ལེན་པའི་རྒྱུ་མི་དམིགས་པས་སེམས ་ཙམ་ལས་མ་གཏོགས་པར་དེ་དག་ནམ་མཁའ་ཨི་དཀྱིལ་དུ་སྐྱེ་བ་འགྲུབ་པར་འགྱུར་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ནི་ཕྱིའི་དངོས་པོ་རྣམས་ངེས་པར་རང་བཞིན་མེད་པས་མི་འགྲུབ་པ་ནི། གལ་ཏེ་དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེའི ་དོན་ནི་བརྒྱ་ལའི་དོན་ཏོ། །གལ་ཏེ་ཕྱིའི་དངོས་པོ་རྣམས་གཅིག་ཉིད་དང་རྟག་བར་འགའ་ཞིག་ལ་བདག་ཉིད་ཀྱི་རང་བཞིན་གྲགས་པ་བཞིན་དུ་ཡིན་ན། དེའི་ཚེ་འདོད་པའི་དབྱེ་བས་ཏེ། འདོད་པ་དང་མི་འདོད་པས་ངེས་པའི་དབྱེ་བ་དུ་མར་སྣང་བར་མི་འགྱུར། །དབྱེ? ་བ་མཐོང་སྟེ་།འདི་ལྟར་འགའ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བུད་མེད་དུ་གཅིག་པ་ལ་གཞོན་ནུ་དང། བར་མ་དང། ཚེ་བ་དང་།སྐེམས་པ་དང། སྔོ་བསངས་ཞེས་བྱ་བ་དུ་མ་ཐ་དད་པའི་ཤེས་པ་སྐྱེའོ། །འདིས་ནི་ཆ་ཤས་ཅེན་དགས་པའི་ཡུལ་གྱི? ་དངོས་པོ་བཀག་པ་ཡིན་ནོ། །རྡུལ་ཕྲ་རབ་རྣམས་ནི་ཡུལ་མ་ཡིན་ཏེ། དབང་པོ་ལས་འདས་པའི་ཕྱིར་རོ། །དེ་དག་ཀྱང་རང་བཞིན་མེད་པ་ཉིད་ཡིན་ཏེ། དྲུག་གིས་ཅིག་ཅར་སྦྱར་བ་ཡིས། །ཞེས་བསྟན་པའི་ཕྱིར་རོ། །དེ་ལྟར་ཡང། སྣ་ཚོགས་རང་བཞིན་ཉིད་གྲུབ ་པས། །དེ་ཕྱིར་མིག་དང་རྫས་ལ་སོགས། །བདག་དང་གཞན་སྨྲས་མང་པོ་དག། རང་བཞིན་མེད་པར་མངོན་པ་ཡིན། །ཞེས་གསུངས་སོ། །དེ་ལྟ་བས་ན་རགས་པ་དང་ཕྲ་བའི་ཡུལ་གྱི་དངོས་པོ་མེད་པའི་ཕྱིར་སེམས་ཙམ་ཉིད་དུ་གྲུབ་པ་ཡིན་པས་།སེམS ་ཉིད་ཅེས་བྱ་བ་ལ་སོགས་བ་སྨོས་ཏེ། ཕྱི་རོལ་གྱི་དོན་མེད་མོད་ཀྱི་བག་ཆགས་ཀྱི་དབང་གིས་གང་གི་ཚེ་བུད་མེད་ཀྱི་རྣམ་པར་སེམས་ཉིད་སྐྱེས་པ་དེའི་ཚེ། ངོ་ཚ་དང་བཅས་འདོད་ཆེན་གྱིས་ཏེ། འདོད་པ་ལ་ཆགས་པའི་སེམས་དང་ལྡན་པས་བདག་ཉིད་བདག་ལ་སུ་ཞིག ་ཆགས་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་ཅིས་བྱ་བ་ལ་སོགས་པ་སྨོས་ཏེ། དེས་ན་ནི་སྔར་བཤད་པའི་གཏན་ཚིགས་ཀྱིས་ཡུལ་ཐམས་ཅད་རང་གི་ངོ་བོར་ཡིན་པར་བློ་ལྡན་ཏེ་།བློ་གྲོས་དང་ལྡན་པས་སོ། །ཐམས་ཅད་དུ་ནི་དུས་ཐམས་ཅད་དུ་སྟེ། ཡུལ་གྱི་ཉེ་བར་ལོངས་སྤྱོད་ཕྱིར་གྱིས? ་པ་ལྟ་བུར་འཇུག་པར་མི་རིགས་ཞེས་བྱ་བའི་དོན་ཏོ། །ཡུལ་ཡོད་པས་ཡུལ་གྱི་ཉེ་བར་ལོངས་སྤྱོད་ཇི་ལྟར་སྤང་མ་ཡིན་ནམ་ཞེ་ན། རང་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱིའི་དོན་ནི་མེད་པར་སྣང་བ་ཡིན་ཏེ། དཔེར་ན་འགའ་ཞིག་རང་གི་རྨི་ལམ་གྱི་འཁྲུལ་པའི་ཕྱིར་ལག་པ་ནི ་?་བ་སྟེ། ལག་པ་ཡིས་ནི་ལག་གཟུང་ནས། །བདག་གིས་རྐུན་མ་འདི་ཡིན་ཞེས། །སྨྲས་པ་གཞན་གྱིས་སྤོང་བར་བྱེད། །ཅེས་བྱ་བ་ནི། དཔེར་ན་འདི་ནི་རྐུན་མ་མ་ཡིན་ཏེ་།འོན་ཀྱང་རྨི་ལམ་གྱིས་འཁྲུལ་པ་ཁྱོད་ཀྱིས་མཐོང་བ་ཡིན་ནོ། །དེ་བཞིན་དུ་རྐུན་མ་ལྟ་བུའི་ཡུལ་འདི་དག ་ལ་དེ་དག་ཇི་ལྟར་ཉེ་བར་ལོངས་སྤྱོད་པར་རིགས། ཕྱིའི་དོན་ཡོད་ན་གཅིག་ཅིང་ཐ་མི་དད་པའི་མཚན་ཉིད་ལ་ཐ་དད་པའི་འདུ་ཤེས་བསྐྱེད་བར་འགལ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དུད་འགྲོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུད་འགྲོ ་ནི་བ་ལང་ལ་སོགས་པའོ། །རྩཝ་སྐམ་པོའི་ཚིགས་ལ་ཟ་བའི་འདུ་ཤེས་དང་ལྡན་ན། མི་རྣམས་བཟའ་བར་སེམས་མ་ཡིན་།དེ་བས་ན་རྣམ་རྟོག་འཇུག་བ་ངོ་མཚར་ཆེ་སྟེ། མ་རིག་བའི་ཕྱིར་ངོ་མཚར་དུ་གྱུར་པའོ། །གང་རྣལ་འབྱོར་བས་ཀྱང་བསམ་མི་ཁྱབ། ་ཅེས་བྱའོ། །གཞན་ཡང། རི་དགས་མེས་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུལ་ཁ་ཅིག་ན་རི་དགས་མེས་དག་ཅེས་བྱ་བ་མེས་དྲི་མ་མེད་པར་འགྱུར་ལ། གཞན་དག་ནི་སྲེག་གོ། དེ་བཞིན་དུ་དེ་དག་མེ་ཟའི་གཞན་དག་ནི་མ་ཡིན་ནོ། །དེ་བཞིན་དུ་དུག་གི ་བྱི་བས་སྲོག་ནི་མཛའ་རུ་བྱེད་པའི་དུག་ཟོས་པས་དེ་ནི་འཆི་བར་འགྱུར་བ་མ་ཡིན་།གཞན་དག་ནི་འཆི་བར་འགྱུར་རོ། །དེ་བཞིན་དུ་མས་དྲན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་།སེམས་ཅན་གཞན་དག་ནི་དངོས་བོ་འདི་དག་གིས་འཚོ་བར་འགྱུར་རོ། །སེམས་ཅན ་གང་དག་དངོས་པོ་གང་དག་གིས་ཤེ་ན། དེ་ལ་ཉ་དང་བྱ་དང་ཁྱི་དང་སྦྲུལ་རྣམས་ནི་སེམས་ཅན་དེ་རྣམས་སོ། །མས་དྲན་བས་ཉའི་རྒྱུད་འཚོ་བ་ཡིན་གྱི་གཞན་དག་ནི་མ་ཡིན་ནོ། །འཚོ་བ་ཡིན་ཞེས་བྱ་བ་ནི་ཐམས་ཅད་ལ་སྦྱར་རོ། །དེ་བཞིན་དུ་སྒྲོ་དའི་གནས་སྐབས་ན་བྱ་རྣམས ་ནི་རེག་པས་ཡིན་གྱི་གཞན་དག་ནི་མ་ཡིན་ནོ། །ཁྱི་རྣམས་གཉིད་ལོག་བས་ཡིན་གྱི་གཞན་དག་ནི་མ་ཡིན་ནོ། །སྤྲུལ་ནི་བྲང་འགྲོའོ། །ཡང་དག་འགྲོ་སྟེ་རླུང་གིས་སྟེ་རླུང་གིས་ཡིན་གྱི་གཞན་དག་ནི་མ་ཡིན་ནོ། །དེ་བཞིན་དུ་སྣ་ཚོགས་ལས་ཀྱིས་དབེན་པ་ཡི། །བླ་ཀན་མཐོང་ན་གནོད་སྦྱིན་མི ་སེམས་ཅན་གྱི་ཁྱད་པར་རོ། །ཇི་ལྟ་བུར་མཐོང་ཞེ་ན། འཁོར་གྱི་སྐྱེ་བོའི་ཚོགས་ཞེས་བྱ་བ་ནི་བྲན་གྱི་ཚོགས་དང་བཅས་བས་རང་གི་ཁྱིམ་དང་འདྲ་བར་བླ་ཀཤ་མཐོང་ངོ། །གནོད་སྦྱིན་འབའ་ཤིག་གིས་མཐོང་བ་མ་ཡིན་གྱི་གནོད་སྦྱིན་མོས་ཀྱང་མཐོང་ཞེས་བྱ་བའི ་པར་དུའོ། །ཡང་གཞན་དག་གིས་བླ་ཀཤ་ཉིད་དུ་མཐོང་ངོ། །དེ་བཞིན་དུ་ཡི་དྭགས་ཞེས་བྱ་བ་སྨོས་ཏེ་།འདིར་ཡང་ལས་སྣ་ཚོགས་པས་ཆུ་བོ་གཅིག་ལ་ཡང་རྣག་ཏུ་འགྲུབ་ཅིང་དེ་བཞིན་དུ་བཤད་གཅི་རྙོག་བ་དང་ལྡན་ན་།ཕྱི་ས་དང་གཅིན་འདྲེས་བའི་རྙོག་པ་དང་ལྡན་བར་ཡི་དགS? ་ཀྱིས་མཐོང་ངོ། །དེ་བཞིན་དུ་ཆུ་བོ་དེ་ཉིད་ལ་མེ་ཡིས་ཆུ་བོ་དྲི་མ་མེད་བར་མཐོང་བ་དང་ནི་འཐུང་བ་ཡང་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་དག་ཐམས་ཅད་ཕྱིའི་དོན་ཡིན་ན་འགལ་བ་ཉིད་དོ། །དེ་ལྟ་བས་ན། དགེ་མིན་དགེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་།མི་དགེ་བ་དང་དགེ་བའི ་འབྲས་བུའི་རྣམ་པ་ལས་ཀྱི་བག་ཆགས་ཀྱིས་བསྒོས་པས་ནི་དེ་དང་དེའི་ལས་ཀྱིས་བསྒོས་པས་ཕྱིའི་དོན་སྟོང་པ་རྣམ་པར་ཤེས་པ་གལ་ཏེ་འདི་ཉིད་ལ་འཇུག་ན། དེའི་ཚེ་འདི་དག་ཐམས་ཅད་ལ་འགལ་བ་མེད་པ་ཡིན་ནོ། །རྣམ་པར་ཤེས་པ་གཅིག་དུ་མར་ཇི་ལྟར་སྣང་ཞེ་ན་།ཡེ ་མའོ?་ཡུལ་ནི་སྣ་ཚོགས་པ་།ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་།ེ་མའོ་ནི་ངོ་མཚར་རོ། །རྣམ་པར་ཤེས་པ་འདི་ཡུལ་གྱི་རྣམ་པ་ཉིད་སྣ་ཚོགས་རྣམས་ཏེ་ཐ་དད་བ་ཉིད་དོ། །དུས་གཅིག་ལ་ནི་དུ་མ་རུ་སྟེ། སྣ་ཚོགས་བའི་རྣམ་བར་རྟོག་པའི་རྗེས་སུ་འགྲོ་བ་ཡིན་ན། །ཇི་ལྟར་ཞེ ་ན། རོལ་མོའི་ཞེས་བྱ་བ་ལ་སོགས་བ་སྨོས་ཏེ། ཇི་ལྟར་རོལ་མོའི་ཚོགས་ཀྱིས་སྒྲ་བཞིན་ཏེ་།རོལ་མོའི་ཚོགས་ཀྱི་སྒྲེ་དལ་དང་དྲག་པ་ལ་སོགས་པའི་དབྱེ་བས་སྣ་ཚོགས་པའི་རྟོག་པའི?་རྗེས་སུ་འགྲོ་བ་དེ་བཞིན་དུ་།རྣམ་པར་ཤེས་བ་ཞེས་བྱ་བའི་དོན་ཏོ། །ད་ནི་དོན་མེད་པ་དོན ་བྱེད་པར་མི་རིགས་པ་ནི་འདིར་ཚིགས་སུ་བཅད་པ་གསུམ་གྱིས་བསྟན་པ་ནི། གལ་ཏེ་དོན་ཡོད་དོན་བྱེད་ཉིད། ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཕྱིའི་དོན་གྱིས་དོན་བྱ་བ་བྱེད་པར་གྱུར་བ་དང། དེ་མེད་ན་ཡང་མི་འགྱུར་ན། དེའི་ཚེ་ཁྱོད་ཀྱི་རྩོད་པ་འཇུག ་གར་རིགས་ན། གང་གི་ཕྱིར་ཕྱིའི་དོན་གྱིས་སྟོང་པ་ལ་དོན་བྱེད་པར་སྣང་ངོ། །གང་དུ་ཇི་ལྟ་བུ་ཞིག་ཅེ་ན་།གཞན་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་སྐྱེས་བུ་འགའ་ཞིག་གིས་སེའུ་ནི་བལ་པོ་སེའུ་ལ་སོགས་པ་ཟོས་པས་གཞན་གྱི་ཁ་ནས་ཆུ་འཛག་འགྱུར?་ཏེ་ ་བརླན་གྱིས་ཁྱབ་བར་གྱུར་བ་ཡིན་ནོ། །གལ་ཏེ་ཡང་དོན་གྱིས་དོན་བྱེད་བར་གྱུར་པ་ཡིན་ན། དེའི་ཚེ་གང་དག་བལ་པོ་སེའུ་ཟ་བ་དེ་ཉིད་ཀྱིས་རླན་འཛག་པའི་བྱ་བ་བྱེད་པར་རིགS་ཀྱི་མདོར་ན་གཞན་གྱིས་གཞན་གྱི་བྱ་བ་བྱེད་པ ་ནི་མི་རིགས་སོ། །དེ་ལྟ་བས་མངོན་ཡོད་བས་དོན་བྱེད་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་།མཚན་མ་ཞེས་བྱ་བ་ལ་སོགས་བ་སྨོས་ཏེ། སྐྱེས་བུ་འགའ་ཞིག་གིས་གྲུས་ཏེ་གྲུས་ཟ་བ་ལ་གཞན་འགའ་ཞིག་གིས་དྲིས་པ་ན་ཏེ། །ཁྱོད་ཅི་ཟ་ཞེས ་དྲིས་པ་ན་ངེས་དེ་ལ་གལ་ཏེ་སེའུ་?་ཞེས་སྨྲས་ན་སྟེ། བལ་བོ་སེའུ་ཟའོ་ཞེས་སྨྲས་ན་དེའི་ཚེ་ཐོས་བས་རླན་གྱི་བྱ་བའི་འགྱུར་བ་ཅི་མི་བསྐྱེད་དམ། དེ་ལྟ་བས་ན་དོན་ཡོད་པས་དོན་བྱེད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་།རྨི་ལམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྨི་ལམ ་དུ་བདེ་བ་ཐོབ་བའི་རྒྱུ་མེད་ལས་ཏེ། འདོད་པའི་བུད་མེད་དང་ཕྲད་པ་མེད་བར་ཡང་ཁུ་བ་ཤོར་བ་འབྱུང་བ་མིན་ནམ་ཅི། དེ་བས་ན་དོན་ཡོད་པས་དོན་བྱེད་པར་མ་གྲུབ་པ་ཡིན་ནོ། །གང་ཞིག་རྨི་ལམ་དུ་ཡོད་བའི་ང་རྒྱལ་དེ་བསྟན་བའི་ཕྱིར་།རྨི་ལམ་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འགའ་ཞིག་རྨི་ལམ་དུ་མཐོང་བའི་དོན་ལ་ཡོད་པར་འཛིན་པ་ནི་གོམས་པའི་སྟོབས་ཀྱིས་ཏེ་།སྔོན་གོམས་པའི་བག་ཆགས་ཀྱི་ནུས་བས་ཡོད་པ་དེ་དག་དཔེ་འདིས་སེལ་ཏེ། དཔེར་ན་གཞོན་ནུ་མ་སྦྲུམ་བུ་སྐྱེས་པ ་ནི་འདི་ལྟར་རྨི་ལམ་དུ་མཐོང་བ་དེ་ནི་འདི་ལྟར་རིགས་ལྡན་མིན་ཏེ། རིགས་པས་འབྲེལ་པར་མི་འགྱུར་རོ། །དེ་བཞིན་དུ་རྨི་ལམ་གྱི་དོན་ཡོད་པ་ཉིད་ཅེས་བྱ་བའི་དོན་ཏོ། །གཞན་དུ་ན་གང་གཞོན་ནུ་མ་ཉིད་དུ་མི་འགྱུར་ལ། བུ་ཡང་མཐོང་བར་འགྱུར་རོ།། ་དོན་དེ་ཉིད་གསལ་བར་བྱ་བའི་ཕྱིར། །བདེ་བའི་ནང་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེ་འདིས་ཀྱང་རྨི་ལམ་དུ་མཐོང་བའི་དཔེའི་དོན་མེད་པར་སྟོན་ཏེ་།དཔེར་ན་ཁང་བའི་ནང་དུ་ནི་ཁང་པའི་ནང་སྟེ། དུས་རིང་པོ་དང་ལམ་དང་རི་དང་།དེ་བཞིན་དུ་ཡུལ་རྣམས་ཀྱང ་ཅིག་ཅར་རྣམ་པ་ཐ་དད་ཏེ། སོ་སོའི་དངོས་བོ་རྣམས་ཀྱི་རྨི་ལམ་དུ་མཐོང་བ་བསྐྱེད་བ་དེའི་ཚེ་རྨི་ལམ་མཐོང་བ་ཡོད་མིན་ཞེས་བྱ་བའི་དོན་ཏོ། །འདི་ལྟར་གཟུགས་ལ་སོགས་པ་རྣམས་ཕྱི་རོལ་དུ་གྱུར་པ་བཀག་ནས་རྣམ་པར་རིག་པ་གཞན་ཡང་ཡུལ་ཕྱི་དངོས་བོ་ཡིན ་པ་དགག་བའི་ཕྱིར་།རྣམ་པར་རིག་བ་འང་རྣམ་རིག་གི་།ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་རིག་པ་འང་རྣམ་པར་རིག་པ་གཞན་གྱི་དོན་མིན་ཏེ་ཡུལ་མ་ཡིན་ནོ། །གལ་ཏེ་ཡང་འགའ་ཞིག་ཡིན་པར་འདོད་ན་དེའི་ཚེ་དེའི་གྲུབ་པའི་མཛའ་ནི་དུས་གཅིག་པ ་ཉིད་དུ་འགྱུར་རོ། །རྒྱུད་གཅིག་བ་ཉིད་དུ་འདོད་ན་ངེས་པར་རགས་བའི་གནས་ཐོབ་པར་འགྱུར་ཞེས་བྱ་བ་ལ་།ངེས་པར་ནི་རྣམ་པར་རྟོག་པའོ། །རགས་པའི་དངོས་པོ་བཞིན་དུ་ཡུལ་དང་ཡུལ་ཅན་གྱི་ངོ་བོའི་གནས་ཐོབ་པར་འགྱུར་རོ། །དེ་གཉིས་ཡུལ་དང་ཡུལ་ཅན་དུ་མི ་རིགས་ཏེ། འདི་ལྟར་དམིགས་བའི་རྐྱེན་ཉིད་ནི་ཡུལ་གྱི་ངོ་བོ་ཡིན་གྱི། དེ་ཡང་འགགས་ནས་ཡུན་རིང་དུ་ལོན་བའི་ཕྱིར་མི་རིགས་སོ། །འདས་མ་ཐག་བ་ནི་དེའི་དེ་མ་ཐག་པའི་རྐྱེན་ཡིན་བའི་ཕྱིར་དམིགས་བའི་རྐྱེན་ནི་མ་ཡིན་ཏེ། གཞན་དུ་ན་མིག་གི་དབང་པོ་ཡང ་ཡིན་བར་འགྱུར་རོ། །སྐད་ཅིག་གཉིས་པ་དེ་མེད་པའི་ཕྱིར་ཇི་ལྟར་ཡུལ་ཉིད་དུ་འགྱུར་ཞེས་བྱ་བའི་དོན་ཏོ། །གཞན་ཡང་རགས་པའི་གནས་ཐོབ་འགྱུར་ནི་རྟག་པ་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ལྟ་མོད་ཀྱི་གཞན་སེམས་དུས་མཉམ་པ་འཛིན་པའི་ཕྱིར་དེའི་ཡུལ ་ཉིད་དུ་འགྱུར་རོ། །གཞན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་གྱི་སེམས་ལ་སོགས་པའི་ཡུལ་རྣལ་འབྱོར་པའི་ས་གང་ཤེས་པའང་དེ་ཡང་ཤེས་བ་ཁོ་ན་མིན་ཏི་མ་ཡིན་བ་ཉིད་དོ། །ཇི་ལྟ་བུ་ཞིག་ཅེ་ན། རང་གི་སེམས་ཀྱི་མོས་པ་བཞིན། །ཞེས་བྱ་བ་སྨོས་ཏེ། འདི་ལྟར ་རང་གི་བདག་ཉིད་སྟེ། རང་གི་བདག་ཉིད་ཀྱི་སེམས་ཀྱིས་འདས་འཁོང་དུ་ཆུད་སྙམ་པ་ནི་མངོན་པའི་ང་རྒྱལ་ཡིན་ནོ། །འདི་ཡང་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་དུས་མཉམ་དུ་འཛིན་ཏོ། །ཞེས་སྨྲས་པ་དེ་ལ་ཡང་སྐད་ཅིག་མ་ཡིན་པའི་ཇི་ལྟར?་དུས ་མཉམ་ཞེས་བྱ། གཞན་ཡང་གཞན་གྱི་སེམས་ཀྱང་གཉིས་མེད་པའི་ཕྱིར། དེ་ཇི་ལྟར་ཡུལ་གྱི་རང་བཞིན་ཉིད་ཡིན་།གཉིས་སུ་མེད་བའི་ཤེས་པ་ཕྱོགས་གཅིག་བ་ཉིད་མ་ཡིན་ཏེ། ཀུན་ཏུ་འགྲོ་བའི་ཕྱིར་རོ། །འདི་ལྟར་སེམས་ཙམ ་ལ་གནས་པ་ཡིན་ནོ་ཞེས་གསུངས་བ་ཡིན་བའི་ཕྱིར་རོ། །འདི་ལྟར་ཕྱིའི་དོན་མེད་ན་གཟུང་བ་དང་འཛིན་བ་མེད་བའི་ཕྱིར་གཉིས་སུ་མེད་བའི་སེམས་ཉིད་གཟུང་བ་མེད་པ་བརྗོད་པར་བྱ་བ་མ་ཡིན་པ་དོན་དམ་པའི་རང་བཞིན་གྲུབ་ཅེས་བྱ་བའི་དོན་ཏོ། ། ་གལ་ཏེ་བརྗོད་པར་བྱ་བ་མ་ཡིན་ལ་གཟུང་བར་བྱ་བ་དོན་དམ་པ་ཡིན་ན་ཇི་ལྟར་བཅོམ་ལྡན་འདས་ཀྱིས་སྟོན་པར་མཛད་ཅིང། བྱང་ཆུབ་སེམས་དཔའ་རྣམས་འཛིན་པར་བྱེད་པ་མ་ཡིན་ནམ་ཞེ་ན། ཀུན་རྫོབ་ལྡན་ཤེས་ཐམས་ཅད་ལ། །ཞེས་བྱ་བ ་ལ་སོགས་བ་སྨོས་ཏེ། གང་ཆུང་ཟད་ཀུན་རྫོབ་དང་ལྡན་བའི་ཤེས་པ་ཐམས་ཅད་ལ། མཁས་བ་དང་ནི་གཞན་དག་གིས། །གཟུང་བ་དང་ནི་སྟོན་པ་ལ། །མཚུངས་པ་ཁོ་ནར་འཇུག་པར་འགྱུར་ཏེ། །མི་མཉམ་བ་མ་ཡིན་ནོ། །དོན་དམ་པའི་ཡེ ་ཤེས་ནི་མ་ཡིན་ཏེ། དེ་བརྗོད་དུ་མེད་པའི་ཕྱིར་རོ། །འདི་སྐད་དུ་བསྟན་བར་འགྱུར་ཏེ། ཀུན་རྫོབ་ཀྱིས་སྟོན་པར་བྱེད་པ་དང། བསྟན་པར་བྱ་བའི་ཐ་སྙད་དུ་འཇུག་གི་དོན་དམ་བར་ནི་མ་ཡིན་ནོ། །ད་ནི་ཆོས་ལ་བདག་མེད་པ་མཐོང་བས་རྣལ་འབྱོར་པ་རྣམས ་སྣང་བའི་འབྲས་བུ་བསྟན་པའི་ཕྱིར་།སྟོང་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་།དང་པོ་རུ་ནི་སྔ་མ་རུའོ། །ཆོས་ཐམས་ཅད་ཕྱིའི་གཟུགས་ལ་སོགས་པས་སྟོང་ངོ་ཞེས་གང་གི་ཚེ་དེ་ཁོ་ན་ཉིད་མཐོང་བ་སྐྱེས་བའི་ཚེ་མི་སྣང་བའི་འབྲས་བུ་འབའ་ཞིག་མ་ཡིན ་གྱི། །གང་ཇི་སྲིད་སྣང་བ་ཁོ་ནའི་འབྲས་ཆེན་ཡིན་ཏེ། དེ་ལས་སྐྱེས་པ་ཡིན་ནོ། །གང་གི་ཕྱིར་ཆོས་ལ་བདག་མེད་པ་མཐོང་བའི་ཕྱིར་འཇིག་པ་མེད་པ་ཐོབ་པ་འདི་རྣལ་འབྱོར་པ་།འཇིག་རྟེན་གཞན་བཞིན་འཇིགས་པ་མེད་དེ་འཁོར་པ་བ་བཞིན་དུ་འཇིགས་པ་མེད་ཅེས ་བྱ་བའི་དོན་ཏོ། །གལ་ཏེ་ཡང་སྟོང་པ་ཉིད་མཐོང་བ་དེས་འཆི་བའི་ཆོས་ལས་མ་འདས་པ་མ་ཡིན་ནམ། དེ་ལྟ་བས་ན་ཡང་དེ་ཇི་ལྟར་འཇིགས་པ་མེད་པར་འགྱུར་ཞེ་ན་།འཆི་བ་ཞེས་བྱ་བ་ལ་སོགས་བ་སྨོས་ཏེ། གང་བདག་ཉིད་ཀྱི་འཆི་བ་དང་ནི་སྐྱེ་བ་ཉིད། སྦྲུལ་པ་འདྲ་བ་ནི ་སྤྲུལ་པའི་སྐྱེས་བུ་ལྟ་བུར་བཞེད་དེ། དེ་ལ་ཇི་ལྟར་ན་རྣམ་པ་གང་གིས་ཀྱང་འཆི་བའི་འཇིགས་པ་མེད་ཅེས་བྱ་བའི་དོན་ཏོ། །ལམ་ཐོབ་པ་ལའང་འཇིགས་པ་ཡོད་ན་ལ་མཚོལ་བ་ནི་ཉམས་པར་འགྱུར་རོ་ཞེ་ན་།འདི་དག་ལས་ཀྱི་སྤྲུལ་ཉིད་དུ། ཞེས་བྱ་བ་ལ་སོགས་པ་སྨོས ་ཏེ། གང་མཐོང་བའི་ལམ་ལ་གནས་པའི་རྣལ་འབྱོར་པ་དེས་འདི་དག་ལས་ཀྱི་སྦྲུལ་པ་ཉིད་དུ་ཡིན་གྱི་རང་གི་ངོ་བོར་གྲུབ་པ་ནི་མ་ཡིན་ནོ། །ཞེས་ས་གསུམ་པོ་ཡང་ཤེས་པ་ཡིན། གལ་ཏེ་ཕྱིར་ཡང་འཇིགས་གྱུར་ན་ཏེ། འཁོར་བ་བའི་སྡུག་བསྔལ་གྱིས་འཇིག་།པ་དེ་ལྟར ་ཡིན་ན། བདག་ཅག་འདྲ་བ་དེ་ཁོ་ན་ཉིད་མ་མཐོང་བས་ལམ་འདིས་སྤང་བར་འདོད་པ་ངལ་བ་འབྲས་བུ་མེད་པའི་ཕྱིར་ཉམས་ཞེས་བྱ་བའི་དོན་ཏོ། །མཐོང་བའི་ལམ་ལ་གནས་བའི་རྣལ་འབྱོར་བས་བདག་ཉམས་བར་རྟོགས་བ་རིགས་པ་མ་ཡིན་ནོ་ཞེས་བསྟན་བ ་ཕྱིར། ཡན་ལག་མཆོག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཡན་ལག་མཆོག་ནི་ཏེ། མགོ་བོ་གཉིས་བ་དང་།དེ་བཞིན་མིག་ནི་གསུམ་པ་སྟེ་མེད་བའི་ཕྱིར་རོ། །གཉིས་པོ་དེ་དག་མེད་ན་སྐྱེས་བུ་སུ་ཞིག་བཅས་པ་དང་ཕྱུང་བར་དོགས་པར་འགྱུར། དེ་བཞིན ་དུ་མཐོང་བའི་ལམ་ལ་གནས་པའི་རྣལ་འབྱོར་བས་ཀུན་ཏུ་བརྟགས་པའི་རང་བཞིན་གྱིས་མེད་བས་དེའི་སྡུག་བསྔལ་གྱི་ཇི་ལྟར་གནོད་བར་དོགས་ཞེས་བྱ་བའི་དོན་ཏོ། །འདི་ལྟར་མཐོང་བའི་ལམ་ལ་གནས་བས་མཐོང་བས་སྤང་པར་བྱ་བའི་ཉོན་མོངས་པ ་རྣམས་སྤངས་པ་ཡིན་གྱི། སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་བ་མ་ཡིན་ཏེ། དེ་བསྟན་པའི་ཕྱིར། དེ་ལྟས་བློ་དང་ལྡན་པས་ཡུལ་འདི་རྣམ་པར་ངེས། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟས་ནི་སྔར་གསུངས་བའི་རིམ་པས་སོ། །ཡུལ ་འདི་རྣམ་པར་ངེས་པ་ནི་ཕྱིར་དོན་མེད་པར་རྣཾ་པར་ངེས་པ་ཡིན་ནོ། །བློ་དང་ལྡན་བ་ནི་མཁས་བའོ། །གལ་ཏེ་ཡང་ལྷག་པའི་དྲི་མ་དང་འདྲེས་པ་རྣམ་པར་བསྒོམས་པས་ཀྱང་ནི་ལྷག་པའི་སྒྲ་ནི་ཕྱུང་བོ་ལ་སོགས་པ་ལ་བརྗོད་དོ། །དེ་ཉིད་ནི་དྲི་མ་སྟེ། ལྷག ་བའི་དྲི་མ་རྣམས་སོ། །འདྲེས་པ་ནི་ཕན་ཚུན་འདྲེས་པའོ། །བསྒོམས་བས་ཀྱང་སྟེ་ཟིལ་གྱིས་གནོན་པའོ། །དེ་བཞིན་དུ་ཡང་ཤིན་ཏུ་དག་བའི་ཕྱིར་མཐོང་བའི་ལམ་གྱི་སྤང་བ་རི་བྱ་བའི་ཉོན་མོངས་པའི་དྲི་མས་ནམ་ཡང་དྲི་མ་དང་ལྡན་པ་མ་ཡིན་ཏེ། ་མི་འགྲོའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུར་ཞེ་ན། སྤྲིན་དུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ནམ་མཁའ་ནི་ནམ་མཁའ་ཨོ། །སྤྲིན་གྱི་དུམ་བུ་ནི་སྤྲིན་གྱི་ཆས་མ་དག་པས་དྲི་མ་ཅན་ཉིད་དུ་དེ་མི་འགྱུར་རོ། །དེ་བཞིན་དུ་མཐོང་བས་སྤང་བར་བྱ་བའི ་ཉོན་མོངས་པས་བློ་དང་ལྡན་པ་ལ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་གཟུགས་ལ་སོགས་བའི་ཡུལ་རྣམ་པ་ཐམས་ཅད་དུ་མེད་ན། འདི་དེ་ཡིན་ཞེས་དོན་ངེས་པའི་རྣམ་པ་ཅན་གྱི་ཤེས་པ་ཇི་ལྟར་སྐྱེ་ཞེ་ན། འདིར་ནི་མང་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། འདིར་ནི་སྟེ་ཕྱོགས་སྔ་མ་ལ་མང་དུ་སྨྲས་པས་ཅི་ཞིག་བྱ། གལ་ཏེ་ཁྱི་དང་རི་བོང་རྟ་མགོར་སྐྱེས་པའི་རྭ་རྣམས་འགའ་ཞིག་གིས་བསྒོམས་ན་དེའི་ཚེ་བསྒོམས་པའི་སྟོབས་ཀྱིས་མེད་པའི་ངོ་བོ་ཡང་མཐོང་ཞེས་བྱ་བའི་དོན ་ཏོ། །སྦལ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦལ་པ་ནི་ཆུ་ན་གནས་པའི་སྲོག་ཆགས་ཀྱི་བྱེ་བྲག་གོ་།དེ་གལ་ཏེ་འགའ་ཞིག་གིས་འདི་ལྟ་བུའི་ཚུལ་དུ་བསྒོམས་ན་དེའི་ཆེ་སྒོམ་བ་གོམས་པས་དེ་བཞིན་དུ་སྣང་ཞེས་བྱ་བའི་དོན་ཏོ། །ཇི་ལྟ ་བུར་གྱུར་པ་ཞིག་ཅེ་ན། རལ་བའི་ཐོད་ཅེས་བྱ་བ་ལ་སོགས་པའི་ཁྱད་པར་གྱིས་ཞེས་བྱ་བའི་དོན་ཏོ། །ཁང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁང་པ་མུན་པ་དང་བཅས་པའི་ནང་དུ་དེ་དང་དེ་བརྟགས་པས་ཏེ། མི་མ་ཡིན་པ་ལ་སོགས ་པ་བརྟགས་པའོ། །འཇིགས་པ་ནི་འཇིགས་པས་ནོན་པའོ། །ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན་།རང་སེམས་ངེས་པར་སྣང་བ་ནི། ཞེས་པ་སྨོས་ཏེ། སྐྱེ་བོའི་འཇིགས་པའི་དོན་བྱེད་པ་དང་ལྡན་ཞེས་བྱ་བའི་དོན་ཏོ། །བྱིས་པ་ནི་བྱིས་པ་སྟེ་མཐོང་བ་མིན་ནམ་ཅི་།དེ་བཞིན་དུ་ཤིང ་ཞེས་བྱ་བ་ལ་སོགS་བ་སྨོས་ཏེ། ཤིན་ཏུ་འཇིགས་པའི་གནོད་སྦྱིན་གྱི་གཟུགས་རང་གིས་ཏེ། བདག་ཉིད་ཀྱི་བྲིས་ནས་དབེན་པ་ནི་སྐྱེ་བོ་མེད་པའི་ཕྱོགས་སོ། །གཅིག་བུ་ནི་གྲོགས་མེད་པར་དེས་ཡང་གནོད་སྦྱིན་འདིས་བདག་འཛིན་པར་འགྱུར་རོ། །ཞེས་སེམས་པས་རི་མོ་? ་འཇིགས་མིན་ནམ་ཅི་སྟེ། ཅི་འཇིགས་པ་ཐོབ་བར་མི་འགྱུར་རམ། ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ། སྡོང་དུ་མ་ཞེས་བྱ་བ་ལ་སོགས་པ་ཏེ། འགའ་ཞིག་སྣང་བ་མི་གསལ་བའི་ཕྱོགས་སུ་རིང་པོ་ན་སྡོང་དུམ་དང་ཐག་པ་མཐོང་བལ་།སྡོང་དུམ་ལ་རྐུན་མ་དང ་ཐག་བ་ལ་སྤྲུལ་ཡིན་ནོ་ཞེས་བརྟགས་པ་སྟེ། འགའ་ཞིག་ཏུ་སྐྱེ་བོ་དུ་མ་ཡམ་ནས་འགྲོ་བ་ན་འདི་དང་འདི་ཡིན་ནོ། །ཞེས་བརྟགས་བས་གློ་བུར་དུ་སྟེ། རྒྱུ་མེད་པར་འཇིགས་པ་ཐོབ་པ་མ་ཡིན་ནམ་སྟེ་།ཅི་འཇིགས་པར་མི་འགྱུར་རམ། ཞེས་བྱ་བའི ་དོན་ཏོ། །དེ་བཞིན་དུ་ཡང་དག་མིན་ཞེས་བྱ་བ་ལ་སོགས་བ་སྨོས་ཏེ་།ཡང་དག་མིན་ཉིད་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་སོ། །ཡུལ་རྣམས་ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན་།རང་རྟོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་།རང་གི་རྟོག་བ་ཉིད་ནི་བཟོའོ་སྟེ། ་རི་མོ་མཁན་དང་འདྲ་སྟེ། དེས་བྲིས་ཞེས་བྱ་བའི་དོན་ཏོ། །བྱིས་པ་ཐམས་ཅད་ནི་བླང་བ་དང་དོར་བ་མི་ཤེས་པའོ། །ཅིའི་ཕྱིར་བྱིས་བའི་སྐྱེ་བོ་ཡུལ་རྣམས་ཀྱིས་བཅོམ་ཞེ་ན། རང་གི་ཉེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་སེམས་ཡུལ་གྱི་རྣམ ་པའི་བག་ཆགས་ཡིན་པར་ཁོང་དུ་མ་ཆུད་པ་དེའི་ཚེ། རང་བདག་ཉིད་ཀྱི་ཉེས་བས་བཅོམ་ཞེས་བྱ་བའི་དོན་ཏོ། །སྒྲ་བརྗོད་པས་ཀྱང་ཡུལ་རྣམས་སྣང་བ་མིན་ནམ་ཞེ་ན་།ཉིན་དང་མཚན་མོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉིན་དང་མཚན་མོ་མཚུངས་པ་ནི་འདྲ་བའོ ་ལོང་བས་སྔོན་མཐོང་བའི་དོན་ནམ་ནངས?་ཞེས་བྱ་བའི་སྒྲ་ཐོས་ནས། སྣང་བ་དང་ནི་བཅས་པ་སྐྱེ་།ཞེས་བྱ་བ་ནི་ཇི་ལྟར་མཐོང་བ་དང་ལྡན་པའི་སྐྱེས་བུས་དོན་མཐོང་བ་དེ་བཞིན་དུ་ལོང་བས་ཤེས་བྱ་བའི་དོན་ཏོ། །ད་ནི་ཡུལ་དང ་དུས་ལ་སོགས་བ་ཡང་གཞན་དུ་སྣང་བ་འཁྲུལ་པ་ཉིད་དུ་བསྟན་བའི་ཕྱིར། ཡུལ་དུས་ཤེས་བྱ་བ་ལ་སོགས་བ་སྨོས་ཏེ་།ཇི་ལྟར་རྨི་ལམ་ན་ཡུལ་དང་དུས་ལ་སོགས་བའི་དངོས་པོ་གཞན་དུ་སྣང་བ་ཉིད་ཀྱི་ཕྱིར་འཁྲུལ་པའི་ཤེས་པ་བསྐྱེད་པ་ཡིན་ནོ། །དེ ་བཞིན་དུ་སད་བའི་གནས་སྐབས་ལ་ཡང་སྐྱེ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་དུ་བ་པ་ནི་ལམ་རིང་པས་སྐྱེ་བའོ། །ལམ་ཉེ་བ་ལ་རིང་བ་རུ་ནི་སེམས་པ་ཡིན་ཏེ། དེ་བཞིན་ཡིད་འོང་དང་བྲལ་བས། །ཞེས་བྱ་བ་སྨོས་ཏེ་།དེ་བཞིན་ནི་གང་གི་ཕྱིར་གྱི་དོན་ཏོ། །གང ་གི་ཕྱིར་འདོད་ལྡན་ནི་འདོད་པ་ལ་མངོན་བར་ཞེན་བའི་སྐྱེས་བུ་ཉིན་ཅིག་སྟེ་།ཆུ་ཚོད་གྲངས་དང་མཉམ་པ་ལ་ནི་ཆུ་ཚོད་སུམ་ཅུའི་ཚད་ཀྱི་རང་བཞིན་ཡིན་ན་ཡང་ལོ་བསྐོར་བ་བརྒྱ་དང་འདྲ་བར་སེམས་ཏེ་།ལོ་བརྒྱར་གྱུར་པར་རོ། །དུས་གང་ལ་ཞེ་ན་།ཡིད་དུ ་འོང་བ་དང་བྲལ་བའི་སྟེ། མངོན་པར་འདོད་པའི་དངོས་པོ་དང་བྲལ་བ་ཐོབ་བས་མ་འབྲེལ་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་ཕྱི་རོལ་གྱི་དོན་མེད་ན་བྱང་ཆུབ་སེམས་དཔའ་རྣམས་སྦྱིན་པ་ལ་སོགས་པ་ལ་འཇུག་པ་དང་སེམས་ཅན་གྱི་དོན་ཇི་ལྟར་བྱེད་ཅེ་ན། དེ་ཉིད ་མཐོང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཁོ་ན་ཉིད་དོན་དམ་པ་མཐོང་བའི་བྱང་ཆུབ་སེམས་དབས་དེ་ཉིད་དང་དེ་འདྲ་བ་ནི་བརྟགས་པའི་དོན་གྱི་སྦྱིན་པ་ལ་སོགS་བ་ལ་ཀུན་རྫོབ་ཀྱི་ཐ་སྙད་དུ་འཇུག་གི་དེ་བཞིན་དུ་ནི་དམིགས་ལམ་ཡིན་ཏེ་།དོན་དམ་པ་རྟོགས ་ཞེས་བྱ་བའི་དོན་ཏོ། །དོན་དེ་ཉིད་རྒྱས་པར་བསྟན་པའི་ཕྱིར་།སྣ་ཚོགས་འདི་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་དག་ནི་སྔར་བསྟན་པའི་ཚུལ་གྱིས་བསྟེན་པ་ཡིན་ཏེ། བྱང་ཆུབ་སེམས་དཔས་སྣ་ཚོགས་འདི་དག་ཐམས་ཅད་མི་རོ་བཞིན་དུ་མཐོང་སྟེ། ་དོན་དམ་པའི་རང་བཞིན་དུ་མཐོང་བ་ནི་མ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུར་གྱུར་བའི་སྣ་ཚོགས་པ་ཞེ་ན། རྣམ་རྟོག་ཚོན་གྱིས་བྲིས་པ་ནི་བྲིས་པའི་སྒྲས་ནི་རྒྱུ་མཚན་བཤད་དོ། །དེ་ལ་དོན་འདི་ཡིན་ཏེ། འདི་ལྟར་ཚོན་གྱི་རྒྱུ་མཚོན་གྱི་རི་མོ་སྣང་ལ། དེ་བཞིན་དུ་རྟོག་པའི་?་གྱི ་རྒྱུ་མཚན་གྱིས་སྣ་ཚོགས་པར་སྣང་ཞེས་བྱ་བའི་དོན་ཏོ། །དེ་ཁོ་ན་ཉིད་མཐོང་བ་ལ་ཡང་འགྲོ་བ་འདི་དག་གིས་འཁྲུལ་བ་བསྐྱེད་དོ་ཞེ་ན། ཨེ་མའོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཨེ་མའོ་ནི་ངོ་མཚར་རོ། །སྣ་ཚོགས་ནི་ངོ་མཚར་ཏེ་གཞན་དུ་མ་མཐོང་བའོ། །སྣ་ཚོགS ་པ་ནི་རྣམ་བ་དུ་མ་ཁམས་གསུམ་པོ་འདི་དག་གོ་།མཉམ་དང་མི་མཉམ་མཐོ་དང་དམའ་བར་རྟོགས་ཏེ། རྣལ་འབྱོར་བའི་བློ་ལ་འཁྲུལ་པ་རྒྱས་བའོ། །འདི་དག་ཐོག་མ་མེད་བའི་འཁོར་བ་འདིར་བདག་ཅག་མཉམ་བ་སྟེ། མིའི་འགྲོ་བ་རུ་སྐྱེས་པ་འམ། མི་མཉམ ་སྟེ་དམྱལ་བའི་འགྲོ་བར་རོ། །ཡང་དམའ་བ་ནི་དུད་འགྲོ་དང་ཡི་དགས་ལ་སོགས་བའོ། །མཐོ་བ་ནི་ལྷ་ལ་སོགས་པའོ། །ཡང་དག་དོན་གྱིས་སྒྲུབ་པ་ནི་དོན་དམ་པའི་ངོ་བོ་ལ་བརྟེན་ནས་ཀུན་བརྟགས་པའི་ངོ་བོ་ཤེས་ཀྱང་ནི་ཤེས་པས་ཀྱང་ངོ། །ཇི་ལྟར་རྣལ་འབྱོར ་པ་རྣམས་ཀྱི་བློ་འཁྲུལ་པར་བྱེད་ཅེ་ན་།སེམས་ཀྱི་ནམ་མཁའ་ཨི་དཀྱིལ་དུ་བྲིས་པ་ཡི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ནམ་མཁའ་ལྟ་བུ་སྟེ། དེའི་དཀྱིལ་ནི་རྒྱ་ཆེ་བའོ། །དེ་ལ་བྲིས་བ་ལྟ་བུ་ཞེས་བྱ་བའི་དོན་ཏོ། །བརྫུན་པའི་ཀུན་ཏུ་རྟོགས་པས་ས་རྣམས་གསུམ་པ ་འདི་དག་བསྡུས་ལྟ་བུ་ཞེས་བྱ་བ་སྨོས་ཏེ་།བརྫུན་པ་ནི་ཀུན་ནས་ཉོན་མོངས་པས་བསྡུས་ཞེས་བྱ་བའི་དོན་ཏོ། །ཀུན་བརྟགས་པ་དེ་བདེན་པ་མ་ཡིན་པར་བསྟན་པའི་རིགས་པ་གཞན་བསྟན་པའི་ཕྱིར་།གལ་ཏེ་དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་།གལ་ཏེ་དེ་གང་གི ་ཕྱིར་གྱི་དོན་ཏོ། །གང་གི་ཕྱིར་གལ་ཏེ་དངོས་པོ་དངོས་པོ་ཡིན་ན་དེའི་ཚེ་དོན་དམ་པའི་ངོ་བོ་ཡིན་པཱི་ཕྱིར་གཞན་ཉིད་དུ་རྟོགས་པར་མི་འགྱུར་རོ། །དེ་ཇི་ལྟར་ཆོས་ལ་བདག་མེད་པ་རྟོགས་ནས་དངོས་པོ་དེ་ཉིད་ཕྱིས་ནི་ཅིའི་ཕྱིར་དངོས་པོ་མེད་པར་འགྱུར་།དོན་དམ་པ་ལ་ངོ་བོ་གཉིས་ནི་མེད་དོ ་འོན་གང་ལ་དངོས་པོའི་ཐ་སྙད་དུ་བྱ་ཞེ་ན། དེ་བཞིན་ཞེས་བྱ་བ་སྨོས་ཏེ། གཉིས་མེད་པའི་སེམས་ལ་དེ་བཞིན་ཉིད་ཀྱི་སྒྲར་བརྗོད་དོ། །དེ་ཡང་བརྟན་ངོ་བོའི་ཕྱིར་གང་གི་ཚེ་གཞན་བ་ཉིད་དུ་འགྱུར་བ་མ་ཡིན་པ་དེའི་ཚེ། དེ་ཉིད་དངོས་པོའི་སྒྲའི་ཐ ་སྙད་དུ་རིགས་ཀྱི་བརྟགས་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཀུན་ཏུ་བརྟགས་པ་རྣམས་ཀྱི་མིང་ལ་སོགས་པའི་མིང་ཡང་དངོས་པོ་མེད་དོ་ཞེ་ན་ཆོས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་འདི་ཆོས་བརྟགས་པལ?་རྫུན་པའི་དངོས་པོ་དེ་དང་རིགས་སོགས ་ཡོན་ཏན་ནི། ཡོན་ཏན་གྱི་ཁྱད་པར་དུ་མཐོང་བ་དེས་ནམ་མཁའ་ལ་རི་མོ་བྲིས་བ་ནི་ནམ་མཁའ་ཨི་དཀྱིལ་དུ་རི་མོ་བྲི་བ་ལྟ་བུ་རོ། །དེ་ཡང་ཕྱིན་ཅི་ལོག་གིས་དུབ་པ་ཡིན་ནོ། །ཡོན་ཏན་དང་ལྡན་བ་ཡོད་ན་ཡོན་ཏན་ལ་འཇུག་གི། གང་གི་ཚེ་ཡོན་ཏན་ཅན་མེད་ན་དེའི་ཚེ ་གང་གི་ཡོན་ཏན་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ནི་ཉེ་བར་སྡུད་པར་བྱེད་དོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཕྱིར་ནི་སྔར་བསྟན་པའི་གཏན་ཚིགས་ཀྱིས་སོ། །སྣ་ཚོགས་རང་བཞིན་རྣམས་ནི་གཟུང་བ་དང་འཛིན་བའི་རང་བཞིན་གྱི་ཆོས་རྣམས་སོ། །རང་བཞིན ་ངོ་བོ་མེད་བ་ཡིན་ཏེ། དེ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །ཡང་གང་གིས་གཞན་དུ་སྟེ་གཟུང་བ་དང་འཛིན་པའི་དངོས་པོའི་རང་བཞིན་དུ་ཡོངས་སུ་རྟོག་བའི་བྱེད་པ། དེ་ནི་དམ་པའི་དོན་ལས་ལོག་སྟེ། དོན་དམ་བའི་དོན་ལས་ལོག་སྟེ། དོན་དམ་པ་ཡོངས་སུ་ཤེས་པ་ལ ་མཁས་པར་གྱུར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དོན་དམ་པའི་མཚན་ཉིད་རྣམ་པར་བཞག་ནས་འགའ་ཞིག་དེ་མངོན་སུམ་དུ་བྱ་བའི་ཕྱིར་འབད་བར་མི་བྱ་བ་སྟོན་བར་བྱེད་བས་གལ་ཏེ་ཞེས་བྱ་བ་ལ་སོགས་བ་སྨོས་ཏེ། གང་དུ་སྟོང་པ་ཉིད་ཀྱི་སྒྲ་དེ་བསྟན་བ་དེར ་གཉིས་སུ་མེད་པའི་སེམས་ཉིད་ཡིན་པ་ཁོང་དུ་ཆུད་པར་བྱའོ། །ཡང་ཀུན་བརྟགས་པའི་སྒྲར་བསྟན་པ་དེར་ནི་གཟུང་བ་དང་འཛིན་པའི་ངོ་བོ་ཡིན་ནོ། །དེ་ལ་གལ་ཏེ་ཀུན་བརྟགས་བ་ཐམས་ཅད་དུ་མེད་པ་ཁོ་ནར་གྱུར་ལ། །སྟོང་པ་ཉིད་ཡང་གལ་ཏེ་ཡོད་པར་གྱུར་ན། དེའི་ཚེ་སྐྱེ་བ་དང་ནི་འཇིག ་པ་དག་འབད་བ་མེད་པར་རང་ཉིད་ཐོབ་སྟེ། རྣལ་འབྱོར་པས་འབད་པ་མེད་པར་རང་ཉིད་ཐོབ་པར་འགྱུར་རོ། །དེ་བས་ན་སྟོང་པ་ཉིད་ཡོད་ལ་ཀུན་བརྟགས་བ་མེད་བ་དེ་ལྟ་བུ་ཡིན་ན་འབད་པ་དང་བྲལ་བས་ལུས་ཅན་རྣམས་གྲོལ་བར་འགྱུར་རོ། །དེ་ལྟར་མ་ཡིན་ཏེ་གང་གི་ཕྱིར་།མི་ཤེས ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྲིད་རྟོག་པས་སྒྲོ་བརྟགས་པ་གཟུང་བ་དང་འཛིན་བའི་དངོས་པོ་བརྟགས་པ་དངོས་པོ་མེད་པ། རིགས་པ་དང་ལུས་སྔོན་དུ་འགྲོ་བའི་རྣལ་འབྱོར་པས་མི་ཤེས་པ་དེ་དེ་སྲིད་མེད་པ་ཙམ་གྱིས་དེ་ལྡོག་པར་ནི་མི་རིགས་སོ།། གཉེན་པོས ་སྒོམ་པ་མེད་པར་དེ་ལྡོག་པ་ནི་མེད་དོ། །དོ་ལྟ་བས་ན་ལྡོག་པ་མེད་ན་ནི་བརྟན་པའི་ངོ་བོ་ཡང་སྟོང་པ་ཉིད་དེས་བསྒྲིབས་པ་ཐོབ་པར་མི་འགྱུར་ཏེ་གསལ་བ་མ་ཡིན་ན་དེ་བས་ནི་ཇི་ལྟར་དོན་དམ་པ་འགྲུབ་བར་འགྱུར། གཞན་ཡང་།འདི་དག་འགའ་ཡང་བྱེ་བྲག་མེད། ། ་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཀུན་བརྟགས་པ་འདི་ནི་སྟོང་པ་ཞེས་འདི་གཉིས་ཇི་སྲིད་འགའ་ཞིག་གིས་བྱེ་བྲག་མ་མཐོང་བ་དེ་སྲིད་ཀུན་བརྟགས་པའི་རང་བཞིན་དུ་སྟོང་པ་ཉིད་མེད་པའི་བདག་ཉིད་འཐོབ་བོ་ཞེས་གཞན་དག་རྒོལ་བས་ལན་གདབ་བའི་ཕྱིར ་གཞན་དབང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་།གཞན་དབང་ཉིད་ནི་གཞན་གྱི་དབང་གི་སེམས་ལ་བརྟེན་པ་སྟེ། སྟོང་པ་ཉིད་དང་བརྟགས་པ་ཡང་དག་པ་དང། ཡང་དག་པ་མ་ཡིན་པ་མཐོང་བ་སྐྱེས་པ་དེའི་ཚེ་དེ་གཉིས་ཀྱི་དབྱེ་བ་ཤེས་པར་འགྱུར་རོ། །འདི་ལྟར ་གཞན་གྱི་དབང་ལ་ངོ་བོ་གཉིས་ཏེ། ཀུན་བརྟགས་པ་དང་ཡོངས་སུ་གྲུབ་པའོ། །དེ་ལ་ཀུན་བརྟགས་པ་ནི་གཟུང་བ་དང་འཛིན་པའི་དངོས་པོར་སྒྲོ་བརྟགས་པ་ཡིན་ནོ། །ཡོངས་སུ་གྲུབ་པ་ནི་ཡང་དེས་ཨནསྟོང་པ་ཞེས་བྱའོ། །དེ་ལ་གང་གི་ཚེ་རྣལ་འབྱོར་པས ་ཀུན་བརྟགས་པ་རྟག་ཏུ་མེད་པར་རིགས་པས་དཔྱད་ཅིང་དེའི་གཉེན་པར་འགྱུར་བ་ཡོངས་སུ་གྲུབ་པའི་ངོ་བོ་ཡང་བསྒོམས་པ་དེའི་ཚེ་ཡོངས་སུ་གྲུབ་པའི་ངོ་བོ་མཐོང་བས་སྟོང་པ་ཉིད་ཡང་དག་པ་མཐོང་པར་འགྱུར་རོ། །ཡོངས་སུ་གྲུབ་པའི་ངོ་བོ་མ་ ་གཏོགས་པར་གཞན་སྟོང་པ་ཉིད་ཅེས་བྱ་བ་འགའ་ཡང་མེད་དོ། །ཀུན་བརྟགས་པ་ནི་བརྫུན་པ་ཉིད་ཡིན་བའི་ཕྱིར་ཡང་དག་པ་མཐོང་བ་མ་ཡིན་ནོ་ཞེས་བྱ་བས་དོན་དམ་པ་གྲུབ་པ་ཡིན་ནོ། །དོན་དེ་ཉིད་ཚིགས་སུ་བཅད ་པ་འདིས་བསྟན་པར་བྱ་བའི་ཕྱིར་།ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྟོང་བ་ཉིད་འདི་ལ་རྣལ་འབྱོར་པ་རྣམས་ཇི་ལྟར་འཇུག་ཅེས་དྲི་བ་ལ། རང་བཞིན་གསུམ་ནི་མཐོང་བས་སོ། །ཞེས་བྱ་བ་ནི་ལན་ཡིན་ནོ། །གང་གི་ཚེ་ཀུན་བརྟགས་པ་དང་གཞན་གྱི ་དབང་དང་ཡོངས་སུ་གྲུབ་པ་རང་བཞིན་གསུམ་གྱི་ངོ་བོའི་སེམས་མཐོང་བར་གྱུར་ན། དེའི་ཚེ་རང་བཞིན་གསུམ་མཐོང་བའི་རྒྱུས་ཏེ། སྔར་བསྟན་པའི་རིམ་བས་སྟོང་བ་ཉིད་ལ་འཇུག་པར་འགྱུར་རོ། །སེམས་ཀྱི་ངོ་བོ་གསུམ་པོ་སྟོང་བ་ཉིད་འབའ་ཞིག ་མཐོང་བར་གྱུར་པ་མ་ཡིན་གྱི། ཇི་སྲིད་དེ་མཐོང་བས་ནི་རང་བཞིན་གསུམ་གྱི་ངོ་བོ་གང་གི་ཚེ་སེམས་མཐོང་བ་དེའི་ཚེ། ད་མཐོང་བས་ནི་ཆོས་ཀུན་ལ། རིལ་པོར་འཛིན་པ་ལྡོག་པར་འགྱུར། །གཅིག་ཏུ་མངོན་པར་ཞེན་པ་ལྡོག་པར་འགྱུར་རོ། །དེ་བས་ན་གཅིག་ལ ་ཐ་དད་མཐོང་བ་མེད། ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་ངོ་བོ་གཅིག་ལ་ཐ་དད་བ་མཐོང་བ་ནི་མེད་དོ། །དེ་བས་ན་ཚུལ་གསུམ་དུ་གསལ་བར་སྣང་ངོ། །འོན་ཀྱང་བག་ཆགས་འཇུག་པའི་ནུས་པ་ཡིས་ཏེ། བག་ཆགས་ཀྱི་ནུས་པའི་མཐུས་དེ་ཉིད་ལས་ཏེ ་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་ངོ་བོ་ལས་ཀུན་བརྟགས་པའི་ངོ་བོ་གསལ་བར་སྣང་ཞེས་བྱ་བའི་དོན་ཏོ། །དེའི་ཕྱི་མེའི་གནས་སྐབས་བསྟན་པའི་ཕྱིར། ཀུན་བརྟགས་ཞེས་བྱ་བ་ལ་སོགས་བ་སྨོས་ཏེ། གཟུང་བའི་དངོས་པོ་དགག་པའི་ཕྱིར། །ཀུན ་བརྟགས་དོན་ནི་ནུབ་པའི་ཕྱིར། ཞེས་བྱ་བ་སྨོས་ཏེ། མི་གསལ་བར་གྱུར་བའི་ཕྱིར་རོ་ཡོངས་སུ་གྲུབ་བའི་རང་བཞིན་ལས་དང་པོར་གཞན་གྱི་དབང་ནི་རབ་ཏུ་གསལ་བར་མཐོང་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུར་གྱུར་པ་ཞིག་གསལ?་ཞེ་ན། རང་བཞིན་སྔ་ནས་མ་མཐོང་ཕྱིར། ་ཞེས་བྱ་བ་སྟེ། སྔ་ནས་མ་མཐོང་བ་ནི་ཀུན་བརྟགས་པའི་གནས་སྐབས་སོ། །གང་གི་ངོ་བོ་མ་མཐོང་བ་དེའི་ངོ་བོས་གཡོ་བ་བཞིན་ཏེ། མི་བརྟན་པའི་ངོ་བོ་ལྟ་བུར་གསལ་ཞེས་བྱ་བའི་དོན་ཏོ། །ད་ནི་མཐོང་བའི་ལམ་བསྟན་པའི་ཕྱིར། རིམ་གྱིས་ཤེས་བྱ་བ་ལ་སོགས་པ་སྨོས ་ཏེ། རིམ་པ་ནི་སྔར་བསྟན་པའི་རིམ་པས་སོ། གཟུང་བ་མེད་པས་འཛིན་པ་མེད་པའི་རིགས་པས་སོ། །དེ་ཉིད་ཀྱི་སྟེ་གཞན་གྱི་དབང་འཛིན་པའི་རྣམ་བ་སྣང་བ་བཟློག་པ་སྟེ་སྤངས་པས་སོ། །གཉིས་དང་བྲལ་བ་ནི་སྟོང་པ་ཉིད་དོ། །དེ་ཉིད་ནི་གཞན་དབང་སྟེ། བརྟན་པར་བྱ་བའི་ཕྱིར། ་སྙིང་ག་རུ་ནི་འོད་གསལ་སྐྱེས་ཏེ་ཡོངས་སུ་གྲུབ་པའི་རང་བཞིན་གྱིས་གསལ་བའི་ངོ་བོ་བསྐྱེད་ཅེས་བྱ་བའི་དོན་ཏོ། །སྐད་ཅིག་ལ་དེ་མཐོང་བར་བསྟན་པ་ནི། དེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་གང་གི་ཚེ་མངོན་དུ་མ་བྱས་ན་གློག་བཞིན་དུ་མི་བརྟན་ཕྱིར ་སྐད་ཅིག་ལ་ནི་འགྲོ་ཞིང་འོང་སྟེ། འགྲོ་བ་དང་འོང་ཞེས་བྱ་བའི་དོན་ཏོ། །འདིར་རྒྱུ་གང་ཡིན་ཞེ་ན། ཐམས་ཅད་ནི་དུས་ཐམས་ཅད་དུའོ། །ཐོག་མ་མེད་དུས་ཀྱི་གཉིས་པོ་ནི་གཟུང་བ་དང་འཛིན་པ་གཉིས་པོའོ། །གང་གི་ཚེ་ཀུན་ཏུ་བསླང་པ་དེའི་ཚེ་གཉིས་པོ་དེ་ཉིད་ཀྱིས ་བསླད་ཕྱིར་ཏེ། སྐད་ཅིག་ལ་འོང?་ཞིང་འགྲོ་ཞེས་བྱ་བའི་དོན་ཏོ། །དོན་དེ་ཉིད་བསྟན་པར་བྱ་པའི་ཕྱིར། གཉིས་གནས་ཤེས་བྱ་བ་ལ་སོགས་པ་སྨོས་ཏེ། གཉིས་གནས་ནི་གཟུང་བ་དང་འཛིན་པ་གཉིས་སོ། །གཉིས་མེད་པ་ནི་སྟོང་པ་ཉིད་ཀྱི་གནས་སོ། །རྗེས ་སུ་འབྱུང་བ་ནི་རེས་འགའ་རྗེས་སུ་འགྲོ་བ་ཡིན་ནོ། །ཇི་སྲིད་ནི་སྟོང་པ་ཉིད་དེའི་དབུས་མ་ནི་གཟུང་བ་དང་འཛིན་པ་གཉིས་ཀྱི་དབུས་སོ། །བརྟན་པར་མ་བྱས་པ་ནི་དངོས་པོ་བརྟན་པར་མ་བྱས་པ་དེ་སྲིད་ཡང་དང་ཡང་དུ་དེར་འགྲོ་ཞེས་བྱ་བའི་དོན་ཏོ། །ད་ནི་བརྟན་པ ་ཉིད་ནི། བརྟན་པར་གྱུར་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེས་བརྒྱད་པར་སྟོང་པ་ཉིད་བརྟན་པར་གྱུར་པ་དེའི་ཚེ། མུན་པའི་འཇུག་པའི་གནས་སྐབས་ཉིད་ནི་ཡོད་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུ་ཞེ་ན། འོད་ཟེར་སྟོང་ཞེས་བྱ་བ་ལ་སོགས་པ་སྨོས ་ཏེ། འདི་ལྟར་འོད་ཟེར་སྟོང་ལྡན་ནི་ཉི་མ་ཤར་བས་མུན་པའི་འཇུག་པ་ལ་གནས་པའི་སྐབས་མེད་པ་དེ་བཞིན་དུ་སྟོང་བ་ཉིད་ཡིན་ཏེ། དེ་དང་འགལ་བའི་ཕྱིར་རོ། །ད་ནི་སྟོང་བ་ཉིད་རྣམ་པ་ཐམས་ཅད་དུ་དངོས་པོ་མེད་པ་ཉིད་དགག ་པའི་ཕྱིར། གནས་སྐབས་དེ་ཡང་མི་ཤེས་པས་ཏེ། གནས་སྐབས་གསུམ་ཡོད་པ་དེའི་ཕྱིར་ཡང་སྒྲ་སྨོས་སོ། །དེ་ལྟ་བས་ན་གནས་སྐབས་དེ་ཡང་གནས་སྐབས་གང་ཡིན་པ་ལ་སྟོང་པ་ཉིད་ཅེས་བྱ་སྟེ། བདག་ཅག་འདྲ་བས་མི་ཤེས་ཀྱི་སངས་རྒྱས་ཉིད ་ཀྱིས་མཁྱེན་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་གྲགས་པ་ཉིད་བཞིན་དུ། །མེད་པའི་རྗེས་སུ་འབྲང་མི་བྱ། །འཇིག་རྟེན་རྒྱང་པན་པའི་བསྟན་པར་གྲགས་པ་ནི་དོན་ཅུང་ཟད་ཀྱང་མེད་ཅེས་སྨྲ་སྟེ། དེ་སྟོང་པ་ཉིད་མ་ཡིན་ཞེས་བྱ་བའི་དོན་ཏོ། །གང་གི་སྟོང་པ ་ཉིད་ནི་ཆོས་ཀྱི་སྒྲས་བསྟན་ཏེ། ཆོས་ཅན་ལས་ཆོས་ཉིད་ནི་གཞན་མ་ཡིན་ནོ། །ད་ནི་མཛའ་མེད་པར་བསྟན་པའི་ཕྱིར། དེ་ཡི་དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོར་རྟོག་པའི་མཛའ་ཨི་གཡེང་བ་སྤང་བའི་ཕྱིར་དེའི་སྟོང་པ་ཉིད་དེ་དངོས་པོ་མེད ་པར་ཁོང་དུ་ཆུད་བར་བྱའོ། །དངོས་པོ་མེད་པར་རྟོག་བའི་མཛའ་ཨི་གཡེང་བ་སྤང་བའི་ཕྱིར། ཐ་སྙད་དོན་ཏེ་ཀུན་རྫོབ་ཏུ་ཡོད་བར་ཡང་ཤེས་པར་བྱའོ། །དོན་དམ་པ་རྟོགས་ན། རང་བཞིན་མེད་པའི་ཆོས་རྣམས་ལ། །གང་ཞིག་ཡོད་དང་མེད་བ་ཡིན། །ཞེས་སྨོས་ཏེ། མཛའ་གཉིས་མེད ་ཅེས་བྱ་བའི་དོན་ཏོ། །ཡོད་པ་དང་མེད་པའི་སྤྱོར་བ་མེད་ན་མ་འབྱུང་བའི་ཕྱིར། གཅིག་ཀྱང་གཟུང་བར་མི་བྱའོ་ཞེས་བསྟན་པའི་ཕྱིར། ཁྱོད་དྲན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་འགའ་ཞིག་ལ། ཁྱོད་དྲན་མ་བྱེད་ཅེས་བརྗོད་ན་སྟེ། ་ཁྱོད་དངོས་པོ་འདི་ངན་པར་མ་བྱེད་ཅེས་སྨྲ་བའོ། །དེའི་ཕྱིར་དགག་བ་ནི་དངོས་པོ་སྟེ་མེད་ན་མི་འབྱུང་བའི་ཕྱིར། བློས་མཆོག་ཏུ་དཔྱོད་པས་དྲན་པ་ཡིན་ནོ། །དེ་ལྟར་དེ་བཞིན་མེད་པའི་སྒྲས། །མེད་ན་མི་འབྱུང་བའི་ཕྱིར་ཡོད་པར་ཁོང་དུ་ཆུད་པ ་ཡིན་ནོ། །དེ་ལྟ་བས་ན་ཡོད་པ་དང་མེད་པའི་རྣམ་པར་རྟོག་པ་གཉིས་སྤངས་པ་ནི་དབུ་མའི་ལམ་དུ་ཤེས་པར་བྱའོ། །གལ་ཏེ་དགག་པར་བྱ་བ་མི་འབྱུང་བར་གྲུབ་པ་ཡིན་ན་ཡང་དེའི་ཕྱིར་དངོས་པོའི་སྟོབས་ཀྱིས་ཀུན་བརྟགས་པ་དེ་ཡོད་བར་གྲུབ་བོ་ཞེ་ན། རྣམ ་པར་རྟོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་རྟོག་པ་ནི་སྒྲའི་རྣམ་པར་རྟོག་བ་ལས་བག་ཆགས་ཀྱི་དབང་གིས། རྣམ་པར་རྟོག་ལས་དོན་ཤེས་ལས། །ནི་དྲན་བའི་ཤེས་པ་སྐྱེ་བ་ཡིན་ནོ། །དོན་གྱི་བློ་ལས་རྣམ་རྟོག་ཀྱང་སྟེ་དེ་ལས་བྱུང་བ་ཡིན་ནོ། །གཉི་ག་རྣམ་རྟོག ་ཆོས་ཡིན་ཕྱིར་ཏེ། སྒྲ་དང་དོན་གྱི་རྣམ་པར་རྟོག་པ་དག་རྣམ་པར་རྟོག་པའི་ཆོས་?་ཡིན་པའི་ཕྱིར། ཡོད་པ་གང་ཡིན་མེད་གང་ཡིན། །ཞེས་བྱ་བའི་དོན་ཏོ། །མེད་པའི་རྣམ་པར་རྟོག་པ་ལ་ཡང་བརྟག་པར་མི་བྱའོ་ཞེས་བསྟན་པའི་ཕྱིར། རྟེན་ནི་གང་ཞིག་ཅེས་བྱ་བ་ལ་སོགS ་བ་སྨོས་ཏེ། རྟོན་ནི་གང་ཞིག་ནི་ཀུན་བརྟགས་པ་ལ་སོགས་པ་སྟེ། མེད་པ་ཉིད་ཀྱང་སྒོམ་པ་ཡིས་མེད་ན་མི་འབྱུང་བའི་ཕྱིར་ཡོད་པར་འགྱུར་ཏེ་འགྲོ་བ་ཡིན་ནོ། །གལ་ཏེ་དེ་བཞིན་དུ་འདོད་ན་དེའི་ཚེ་ཡང་དེ་བཞིན་ཡོད་པ་ཉིད་ཀྱང་འཐོབ་སྟེ། འདི་ལྟར་མེད་པ་ཉིད ་བསྒོམས་བ་ཡིས་ཡོད་པར་འགྱུར་བ་དེ་བཞིན་དུ་ཡོད་པ་ཡང་བསྒོམས་པ་ཡིས་མེད་ན་མི་འབྱུང་བའི་ཕྱིར་མེད་པ་ཉིད་ཀྱང་ཐོབ་པ་ཡིན་ནོ། །དེ་དག་ཐམས་ཅད་ཀུན་བརྟགས་པའི་དངོས་པོ་ཁས་ལེན་པ་ལ་ཡོད་པར་འགྱུར་རོ། །ཡང་གི་ཚེ་ཀུན་ཏུ་བརྟགས་པ ་རྟག་ཏུ་མེད་པའི་ཕྱིར་དེའི་ཚེ་བརྟེན་མེད་པས་བརྟེན་པ་ཡོད་པ་མ་ཡིན་ནོ། །དེ་ནི་ཉེ་བར་བསྡུ་བའི་ཕྱིར། དེ་བཞིན་ཡོད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་དུ་ཡོད་པ་དང་མེད་པ་དང་བདེ་སྡུག་ལ་སོགས་མེད་པར་བཞེད་དེ། དངོས་པོ་མེད་ཅེས་བྱ་བའི་དོན་ཏོ།། ་གང་གི་ཕྱིར་གང་ཆུང་ཟད་ཡོད་པ་དེ་དག་ཐམས་ཅད་བལྟོས་པས་གྲུབ་པ་ཡིན་ཏེ་སྐྱེས་ཞེས་བྱ་བའི་དོན་ཏོ། །འདི་ཇི་ལྟ་བུ་ཞིག་ཅེ་ན། རིང་ཐུང་ལ་སོགས་བྱེ་བྲག་བཞིན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཐུང་ངུ་མེད་ན་རིང་བོའི་བདག་ཉིད ་ཡོད་པར་མི་འགྲུབ་ལ། རིང་བོ་མེད་མཐུང་ངུ་ཡང་དེ་བཞིན་ནོ། །དེ་བཞིན་དུ། སྐྱེས་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་སྐྱེས་བུ་ནི་སྐྱེས་བུ་རྣམས་ཏེ། སྡུག་བསྔལ་ཞི་བ་ལ་བདེ་བ་ཞེས་བྱ་བ་རང་གི་རྟོག་པས་བརྟགS ་པ་ཡིན་ནོ། །བདེ་བ་ཉམས་པ་སྡུག་བསྔལ་ཡིན་ཏེ། དེའི་ཕྱིར། གཉིས་པོ་འདི་ནི་བལྟོས་པས་ཡིན་ནོ། །བལྟོས་བ་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་བདེ་བ་དང་སྡུག་བསྔལ་ལ་སོགས་བའི་རིགས་པས་ཀུན་རགས་བ་དང་ཕྲ་བ་ལ་སོགས ་པའི་བདག་ཉིད་བལྟོས་པ་ལས་ཀུན་ཏུ་བྱུང་བར་ཤེས་བར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར། གཅིག་ཉིད་ལ་ནི་མི་བལྟོས་པར། །གཞན་དག་ཁོང་དུ་ཆུད་ལ་ཡིན་ཏེ། གཉིས་པ་ཤེས་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་དུ་བསྟན་པར ་འགྱུར་ཏེ། ལྟོས་པ་མེད་པར་དངོས་པོ་འགའ་ཞིག་འབའ་ཞིག་ཏུ་ཡོད་པ་ནི་མ་ཡིན་ནོ་ཞེས་བྱའོ། །གཞན་དུ་ན་ཐམས་ཅད་རྟག་པ་ཁོ་ནར་འགྱུར་རོ། །འདི་ལྟར་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པའི་གཡེང་བ་བཀག་པས་སེམས ་གཉིས་སུ་མེད་པའི་ངོ་བོ་དབུ་མའི་ལམ་ཡིན་པར་བསྟན་ནས་།འདི་ལྟར་མིང་དང་རྣམ་པར་རྟོག་པ་རྒྱ་ཆེར་དགག་བའི་ཕྱིར། གཞན་སེལ་བ་ཡི་ཞེས་བྱ་བ་ལ་སོགས་པ་སྨོས་ཉེ། གཞན་སེལ་བ་ནི་རིགས་མི་མཐུན་པ་གཞན་སེལ་བའོ། །སྤྱོད་ཡུལ ་རྣམ་པར་མ་དབྱང་བར། ཏེ་རང་གི་མཚན་ཉིད་ཀྱི་ཡུལ་རྣམ་པར་མ་དཔྱད་པང?་རོ། །བསྟན་པ་ལ་སོགས་སྒྲུབ་པ་ཡིས། །ཏེ། སྒྲ་བརྗོད་བ་དང། ཉན་བ་དང་དྲན་པ་ལ་སོགས་པའི་རྒྱུས། ཁ་ཅིག་འཁྲུལ་པ་ཡང་དག་བསྐྱེད་སྟེ་།དངོས་པོ་མེད ་སྤྱིའི་མཚན་ཉིད་འཁྲུལ་བའི་ཤེས་པས་དོན་མེད་པ་ལ་ངོན་དུ་མངོན་པར་ཞེན་ཅེས་བྱ་བའི་དོན་ཏོ། །སྒྲའི་ཤེས་ཚང་མར་གྱུར་བ་ལ་འཁྲུལ་པའི་ཤེས་པ་ཡིན་ཞེས་ཇི་ལྟར་བརྗོད་ཅེ་ན། ཡི་གེ་ཚིག་དང་ཞེས་བྱ་བ་ལ་སོགས་བ་སྨོས་ཏེ། །ཡི་གེ? ་ནི་ཨ་ལ་སོགས་པའོ། །ཚིག་ནི་ཡི་གེའི་སྦྱོར་བ་སྟེ་བུམ་པ་དང་སྣམ་བུ་དང་ཤིང་རྟ་ལ་སོགས་པའོ། །ངག་ནི་ལྷས་བྱིན་པ་ལང་དཀར་པོ་ལ་དབྱུག་པས་རྒྱོ་བ་ཅེས་བྱ་བ་ལ་སོགས་པའོ། །རྟགས་རྣམས་ནི་སྐྱེས་པ་དང་བུད་མེད་དང་མ་ནིང་ངོ། །ཚིག་ནི་གཅིག་གི ་ཚིག་དང་གཉིས་ཀྱི་ཚིག་དང་མང་པོའི་ཚིག་རྣམས་སོ། །བྱ་བ་ནི་འཆད་པ་ཉིད་ལ་སོགས་པའོ། །བྱེད་པ་ནི་ལས་ལ་སོགས་བའོ། །འབྲེལ་པ་ནི་བྱ་བ་དང་བྱེད་པའི་འབྲེལ་པ་ལ་སོགས་པའོ། །དེ་དག་ཐམས་ཅད་ནི་བརྫུན་ཕྱིར་རྗོད་པར་བྱེད་མ་ཡིན། ཏེ། རྗོད ་པར་བྱེད་པ་མ་ཡིན་པར་རྟོགས་པར་བྱའོ། །འདི་ལྟར་རིམས་ཀྱིས་བརྗོད་པ་ན་གང་གི་ཚེ་འཇིག་པ་དེའི་ཚེ། བརྗོད་པར་བྱའི་དོན་མེད་པའི་ཕྱིར་རྗོད་པར་བྱེད་པ་མ་ཡིན་ནོ། །ཐ་མི་དད་པ་དང་འདུས་བའི་ངོ་བོར་མི་དམིགས་ཏེ། གང་གི་ཕྱིར་འདུས་བ་ནི་གཅིག ་ཡིན་པའི་ཕྱིར་རིམས་ཀྱིས་བཇོད?་པ་འབྱུང་བར་མི་འགྱུར་རོ། །དེའི་ཆ་ཤས་ཀྱི་རྡུལ་ཕྲ་རབ་དངོས་བོར་ཡོད་བ་ཡང་མ་ཡིན་ཏེ། དེ་དག་རྫས་སུ་མེད་པའི་ཕྱིར་རོ། །སྒྲ་ལས་ལོགས་ཤིག་པའི་ཡི་གེ་དམིགས་པ་ནི་མེད་དེ། དེ་དག་མཛའ་ཡས་པའི་ཕྱིར་འདི ་ཙམ་ཞེས་ཡོངས་སུ་ཆད་པ་མེད་པས་ཐུག་པ་མེད་པར་འགྱུར་རོ། །སྒྲ་ལས་དོན་རྟོགས་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་སྒྲ་དང་དོན་གྱི་ཐ་སྙད་ནི་ལག་པའི་ཐ་སྙད་དང་བརྡོ་དང་དྲན་པ་ལ་སོགས་པ་བཞིན་དུ་འཇུག་པའི་ཕྱིར་རོ། །བརྫུན་པའི་ཡི་གེ་ལ་བརྟེན ་པས་ཚིག་དང་ངག་དང་རྟགས་ལ་སོགས་བ་བདེན་པ་ཉིད་ཁོ་ན་བརྫུན་ཞེས་བྱ་བའི་དོན་ཏོ། །ད་ནི་ཞར་ལ་བྱུང་བའི་སྒྲའི་བསྟན་བཅོས་མི་རིགས་པར་བསྟན་པའི་ཕྱིར། ཚིགས་བཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྲིད་རྐང་བ་ལྔ་འམ་གསུམ ་གྱིས་དོན་རྟོགས་པར་གྱུར་ན། དེ་སྲིད་ཚིགས་སུ་བཅད་བ་ཅིའི་ཕྱིར་མི་འདོད། རྗེད་བྱེད་བརྗོད་བྱ་ལ་བལྟོས་ནས། ཏེ། དེ་གཙོ་བོ་ཡིན་པའི་ཕྱིར་རོ། །འོན་ཏེ་མི་འདོད་ན་དེའི་ཚེ་རྐང་པ་བཞི་པར་ངེས་པ་ནི། མཁའ་འགྲོའི་དམ་ཚིག་བཞིན་དུ་འགྱུར་ཏེ། རང ་གི་འདོད་པས་བརྟགས་པར་འགྱུར་རོ། །རྣལ་འབྱོར་པ་རྣམས་ཀྱི་བརྡ་སྒྲ་དང་དོན་ལ་མ་བལྟོས་པར་རང་གི་འདོད་པས་བརྟགས་པར་གྱུར་པ་ཡིན་ནོ། །དེ་བཞིན་དུ་ལྕི་བ་དང་ཡང་བ་ལ་སོགས་ཁོང་དུ་ཆུང་པར་བྱའོ། །? ་སྤྲོད་པས་རབ་ཏུ་བརྟགས་པའི་སྒྲའི་སྦྱོར་བ་ཉོན་མོངས་ཤིང་དོན་མེད་པའང་བསྙན་པའི་ཕྱིར། ཆོས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་འགའ་ཞིག་ལག་པའི་ཐ་སྙད་དང་བརྡའ་དང་དྲན་པའི་དབང་གིས་ཆོས་རྣམས་གཟུང་བར་བྱ་བ་ཡིན་ནོ།། ་པའི་ཕྱིར་སྔོན་གྱི་ཡུན་རིང་པོར་བྱུང་བ་བྱ་གར་ཎ་ལ་སོགས་པ་རྩོམ་པས་།སྒྲ་རྣམས་སྦྱོ་བ་ཉོན་མོང་ལ། །སྟེ་སྒྲ་སྦྱོར་བ་དཀའ་བའི་གནས་ཡིན་ཏེ། འཇིག་རྟེན་པ་དག་ཅི་ཕྱིར་བཅུད། འདི་ནི་སྣ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་གང ་མི་ཤེས་པ་འགའ་ཞིག་འདྲི་སྟེ། སྣ་གང་ཡིན་ཞེས་ཟེར་བ་ལ། དེས་ཀྱང་སྣ་འདི་འདི་ཡིན་ནོ་ཞེས་གསལ་བར་བརྗོད་པ་ང་ཙམ་གྱིས་དེ་ལ་དོན་གོ་བསྐྱེའོ། །མགོ་བོ་བསྐོར་བར་གྱུར་པ་ཡི། །ལག་དང་བཀུག་པའི་ལག་པ་ཡིས། །སྣ་བཟུང་ནས ་འདི་སྣ་ཡིན་ནོ་ཞེས་།དྲིས་ལ་སུ་ཞིག་སྟོན་པར་བྱེད། །འདི་ལྟར་ན་སའི་སྒྲ་བརྗོད་པས་དོན་རྟོགས་ན། ན་སི་ཀའི་སྒྲ་བརྗོད་པ་ལ་དགོས་བ་ཅི་ཞིག་ཡོད་དོ། དགོས་བ་མེད་པའི་སྒྲའི་བསྟན་བཅོས་ལ་མངོན་བར་ཞེན་པ་ནི་དཔྱོད་པ་མེད་པ་ལ་གུས ་པར་བྱ་བ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སྒྲ་ཡི་བདག་ཉིད་འཇིག་རྟེན་པ། །སྒྲ་དགོད་པའི་ཁྱད་པར་ཤེས་པས་བདག་ཉིད་དང་དེའི་རྗེས་སུ་འབྲང་བའི་འཇིག་རྟེན་པ། བདག་ཉིད་གུས་པར་འགྱུར་མ་ཡིན། །དེ་ཉིད་ཀྱི་དཔེ་བསྟན་པའི་ཕྱིར།། ་བྲག་གི་དཀྱིལ་གྱི་གབ?་ཅོ་བཞིན། །བྲག་གི་དཀྱིལ་གྱི་གབ་ཆོ་ནི་གབ་ཆོའོ། །དེ་ཡང་གང་གི་ཚེ་གསེར་གྱིས་བཀང་པ་བདག་གིས་ཐོབ་སྙམ་དུ་འགའ་ཞིག་སེམས་ནས་དེའི་ཚེ་གུས་པས་སྤོས་དང་མེ་ཏོག་གིས་མཆོད་དེ། ཕྱིས?་ཕྱེ་གདང་ནང་ན་སྙིང་པོར ་གྱུར་པའི་དངོས་བོ་ཆུང་ཟད་མེད་པར་ཤེས་ནས་གུས་པ་མ་ཡིན་བ་ཆེན་པོས་འདོར་བ་དེ་བཞིན་དུ་ཇི་སྲིད་བ་རྡའི་ཐ་སྙད་ཀྱིས་དོན་ཡོངས་སུ་ཤེས་པ་མ་སྐྱེས་པ་དེ་སྲིད་དུ་སི་སྐྲ་ཏའི་སྐད་ལ་གུས་པར་བྱེད་ཀྱི། ཇི་སྲིད་ཡང་བརྡའི་དབང་གིས་དོན་རྟོགས་པ་དེའི ་ཆི་གུས་པར་མི་བྱེད་དོ་ཞེས་བྱ་བའི་དོན་ཏོ། །སྔར་ནི་སྒྲ་བརྫུན་བའི་ཕྱིར། བརྗོད་པར་བྱེད་པ་མ་ཡིན་པར་བསྟན་ནས་།ད་ནི་བདེན་པ་ཡིན་དུ་ཆུ་ག་ན་ཡང་རྗོད་པར་བྱེད་པ་མ་ཡིན་བར་བསྟན་པའི་ཕྱིར། གཞན་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་རྒྱུ ་མ་ཡིན་པ་དང་དེའི་བདག་ཉིད་མ་ཡིན་པས་གཞན་ནི་འབྲས་བུར་གྱུར་པ་མ་ཡིན་བ་དང་།དེའི་བདག་ཉིད་མ་ཡིན་པ། །འབྲེལ་པ་མེད་ཕྱིར་མི་རིགས་སོ། །གང་གི་ཕྱིར་འབྲེལ་པ་ནི་གཉིས་ཏེ། དེའི་བདག་ཞིང་དང་དེ་ལས་བྱུང་བའོ། །དེ་ལ་དེའི་བདག་ཉིད་ནི་མ ་ཡིན་ཏེ་ངོ་བོ་ཐ་དད་བའི་ཕྱིར་རོ། །དེ་ལས་བྱུང་བ་ཡང་མ་ཡིན་ཏེ། དེ་མ་ཐག་པའི་རྐྱེན་མེད་པར་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་འབྲེལ་བ་མེད་པའི་ཕྱིར་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་མ་ཡིན་ནོ། །འདིར་དེ་ཉིད་ཀྱི་དཔེ་བསྟན་པའི་ཕྱིར། རལ་གྲི་ཞེས་བྱ་བ ་ལ་སོགས་པ་སྨོས་ཏེ། རལ་གྲི་ནི་གཅོད་པ་སྟེ། གཞན་ལ་སྟེ་སྐྱེས་བུ་ལ་སོགས་པ་ལ་རྒྱབ་པ་ཡིས། གཞན་དག་ཤིང་ལ་སོགས་པ་གཅོད་པར་བྱེད་དམ་ཅི་ཞེས་བྱ་བའི་དོན་ཏོ། །ད་ནི་ཁ་ཅིག་སྒྲ་དང་དོན་ལ་བསྐྱེད་པར་བྱ་བ་དང་སྐྱེད་བར་བྱེད་པའི་དངོས་པོ ་འབྲེལ་པའི་མཚན་ཉིད་ཡོད་དོ་སྙམ་པ་དེ་བསལ་བའི་ཕྱིར། མ་བྱས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕལ་ཆེར་འབྲས་བུའི་བྱ་བ་བྱེད་པའི་ནུས་པས་རྒྱུ་དང་འབྲས་བུར་བཅས་པར་རྗེས་སུ་འགོ་བ་དང་ལྡོག་པ་མ་མཐོང་སྟེ། ས་བོན་དང་མྱུ་གུ་བུ་བཞིན་ནོ། །ཡང ་གང་ཞིག་བྱ་བ་དང་བྲལ་བའི་དངོས་པོ་བྱ་བ་བྱེད་པའི་ནུས་པ་དང་བྲལ་བ་སྒྲ་ཐ་མལ་པའི་དབྱེ་བས་དེས་ནི་གང་ཡང་ཐོབ་མེད་ཏེ། མི་བསྐྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ནི་རྟག་པ་ནི་དངོས་པོ་ཡིན་པའི་ཕྱིར་རོ། འོན་ཏེ་དངོས་པོ་གང་ཞིག་གིས་དངོས་པོ་གང་ཞིག་བསྐྱེད་ཅེ་ན། །དངོས ་པོ་མེད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་གང་ཞིག་འདིར་སྔར་མ་སྐྱེས་པ་ཕྱིས་རྒྱུ་དང་རྐྱེན་གྱི་དབའ་གིས་སྐྱེ་བ་དེ་ལྟར་གྱུར་པའི་དངོས་པོས་ཡང་དངོས་པོ་རབ་ཏུ་བསྐྱེད་པ་ཡིན་ཞེས་བྱ་བའི་དོན་ཏོ། །འོན་ཏེ་དོན་མེད ་ན་སྒྲ་མི་འཇུག་པ་དེའི་ཕྱིར། སྒྲ་འཇུག་པ་ལས་རྒྱུ་མཚན་ཡོད་པའི་ཕྱིར་ཇི་ལྟར་འབྲེལ་པ་མེད་པ་ཡིན། དེ་ལྟར་ནི་མ་ཡིན་ཏེ། གང་གི་ཕྱིར་བརྗོད་པར་འདོད་པའི་དབང་གི་སྒྲ་འཇུག་པར་མཐོང་བའི་ཕྱིར་རོ། །གལ་ཏེ་སྒྲ་རང་གི་རྒྱུ་ལས་སྐྱེ་མོད་ཀྱི། བརྡའ་སྤྲོད་པས ་འདོད་སྦྱོར་བར་བྱེད་པའི་དོན་རྒྱུ་དེ་དང་ལྷན་ཅིག་སྦྱོར་བ་དང་སྦྱོར་བར་བྱེད་པའི་དངོས་པོའི་འབྲེལ་པའི་མཚན་ཉིད་ཡོད་དོ་ཞེ་ན། དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་ནི་བསྐྱེད་པའི་བྱ་བ་བྱེད་པ་རྫོགས་ན་དངོས་པོའི་རང་བཞིན་མིན་ཏེ། གཞན་སྐད ་ཅིག་མའི་ངོ་བོ་ནི་སྦྱོར་བར་བྱེད་པ་མ་ཡིན་ནོ། །དངོས་པོའི་དུས་ན་དངོས་མེད་ཕྱིར། ཏེ། བསྐྱེད་བར་བྱ་བ་ཡོད་པའི་དུས་ན་སྐྱེད་བར་བྱེད་པའི་རྒྱུ་ཉིད་དུ་མངོན་པར་འདོད་པ་འགགས་བའི་ཕྱིར་རོ། །དེ་ཉིད་ཕྱིར་ན་འདས་པའི་དངོས། །ནི་དེ་ཉིད་ཕྱིར་ནི་སྐད་ཅིག་མ་ཡིན་པའི་ཕྱིར་རོ།། ་འབྱུང་བ་ཞེས་ནི་བརྗོད་པ་ཡིན། ཏེ། བརྗོད་པར་བྱ་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །གཞན་ཡང་བསྐྱེད་པར་བྱ་བ་དང། སྐྱེད་པར་བྱེད་བའི་དངོས་པོ་བརྟགས་པ་ཡིན་ན་ནི། དེ་ཉིད་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཉིད་ཕྱིར་ན་སྟེ་སྔར་བཤད་པའི་སྐྱེད་པར ་བྱེད་པའི་ངོ་བོ་བློ་ལ་བཞག་ནས་སྐྱོབ་པ་ནི་སངས་རྒྱས་ཏེ། འབྱུང་བ་ཞེས་བྱ་བ་ནི་ས་ལ་སོགས་པའོ། །འབྱུང་བ་ཀུན་ནི་གཟུགས་ལ་སོགས་པའི་གཙོ་བོ་ཡིན་པའི་ཕྱིར་རོ། །ངེས་པའི་ཚིག་ལ་མཁས་པ་ཡིན་།སྒྲའི་དོན་རྣམ་པར་དཔྱད་པ་ནུས་པ་དང་ལྡན་པས ་རབ་ཏུ་གསུངས་བ་ཡིན་ནོ། །ཁ་ཅིག་གཞན་སྐྱེད་པར་བྱེད་པར་འདོད་ཀྱི་འབྱུང་བ་ཆེན་པོ་ནི་མ་ཡིན་ནོ་ཞེས་ཟེར་བའི་ཕྱིར་རོ། །གཞན་ཡང་སྒྲའི་རྣམ་པར་རྟོག་པའི་ཡུལ་བསྟན་པའི་ཕྱིར། གཅིག་ལ་ཞེས་པ་ལ་སོགས་པ་བསྟན་ཏེ། གཅིག་ནི་དང་པོ་ལའོ། །བརྒྱའི?་བློ་སྐྱེ་མིན ་ནོ། །དེ་བཞིན་དུ་གཉིས་པ་ནས་བརྩམས་ཏེ་བརྒྱ་རྫོགས་ཀྱི་བར་དེ་ལ་ཡང་རེ་རེ་ལ་ཡང་མེད་དེ། དེ་བཞིན་ཡང་བརྒྱའི་སྒྲ་ལས་འདུས་བའི་ངོ་བོ་ཐ་དད་བ་དངོས་པོར་ཡོད་པ་བརྒྱའི་དོན་གྱི་རྣམ་པར་རྟོག་པ་ལ་འཁྲུལ་བའི་རང་བཞིན་གྱི་སེམས་ཡིན་ནོ་ཞེས་བྱ་བའི་དོན ་ཏོ། །གལ་ཏེ་སྒྲ་ཉམས་པས་ཀྱང་དོན་རྟོགས་པར་འགྱུར་མོད་ཀྱི། འདི་ལྟར་ཡང་བརྟགས་ལ་སོགས་པ་དང་ལྡན་པའི་སཾ་སྐྲི་ཏའི་སྐད་དེས་དོན་ཁྱད་པར་ཅན་ཉིད་རྟོགས་པར་བྱེད་པ་ཡིན་ནོ་ཞེ་ན། མཐོ་རིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཐོ་རིས་དང་ས་འོག་ལ་སོགS ་པ་མ་མཐོང་བ་དང། བུམ་པ་ལ་སོགས་པ་མཐོང་བ་ལ་རྣམ་པ་འགའ་ཞིག་གིས་ལག་བའི་ཐ་སྙད་དང་བརྡས་དེའི་བདག་ཉིད་རྟོགས་འགྱུར་ན་།མཐོ་རིས་དང་བུམ་པ་ལ་སོགས་པའི་ཚིག་ཏུ་བརྗོད་པས་ཅི་ཞིག་བྱ་སྟེ། དེ་ལ་དགོས་པ་ཅི་ཞིག་ཡོད་ཅེས་བྱ་བ ་ཡིན་ནོ?། །དོན་དེ་ཉིད་གསལ་བར་བྱ་བའི་ཕྱིར། གླང་པོ་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིག་ལ་སོགས་པ་དང། ལྡན་པའི་སཾ?་སྐྲཾ?་ཏས་ས་བསྲུང་གི་བུ་དང་ལྷའི་བུ་མོ་ཁྱད་པར་གྱིས་ཁྱད་བར་ཅན་གླང་པོ་དང་བུད་མེད་ཡིན་ལ་སྒྲ་ཉམས་པས་དེ་བཞིན་དུ ་ཡང་གླང་པོ་ཉིད་དང་བུད་མེད་རྟོགས་ཏེ། དེ་ལ་སྔ་ན་མེད་བློ་མེད་།སྟེ་སྐྱེ་བ་མེད་དོ། །མཐོ་བ་ལ་མངོན་པར་ཞེན་བ་འབའ་ཞིག་གིས་མཆོག་ཏུ་སྐྱེ་ཞེས་བྱ་བའི་དོན་ཏོ། །ད་ནི་ཉེ་བར་བསྡུ་བའི་ཕྱིར། མཐོང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་རང་གི་མཚན ་ཉིད་མཐོང་ནས། སྤྱིའི་མཚན་ཉིད་གཞན་རང་གི་རྣམ་པར་རྟོག་པ་སྨྲས་ཏེ། སྤྱིའི་མཚན་ཉིད་བསྟན་པ་ཐོས་པས་རང་གི་མཚན་ཉིད་རྟོགས་སོ། །དེ་ལྟར་སྨོན་པ་བཞིན་ཏེ་སྨྱོན་པ་ལྟ་བུའི་འཇིག་རྟེན་གྱིས་གཞན་བསྟན་པས་གཞན་མཐོང་ཞིང་གཞན་ཐོས་པས་གཞན་རྟོགས ་ཏེ་བདག་ཉིད་ཁོང་དུ་ཆུད་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཤིན་ཏུ་སྨྱོན་པ་དང་ཆོས་མཐུན་པར་བསྟན་པའི་ཕྱིར། བདག་ཉིད་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཞེས་པའི་སྒྲའི་དོན་ནི་གལ་ཏེ་འགའ་ཞིག་སྨྱོན་པར་གྱུར་ནས་ངེས་བདག་སྨྱོན་པ་ཡིན་ནོ ་ཞེས་ཤེས་བའི་ཕྱིར་ཇི་ལྟར་སྨོན་པར་འགྱུར། འོན་ཀྱང་རང་རིག་བའི་ཡེ་ཤེས་ལ་གང་འཁྲུལ་པ་དེ་སྨྱོན་པ་ཞེས་བརྗོད་དོ། །དེ་ལྟ་བུའི་སྨྱོན་ནད་ཀྱིས་སྨྱོན་པ་ལྟ་བུར་མཐོང་ཞེས་བྱ་བའི་དོན་ཏོ། །ཞར?་ལ་བྱུང་བ་ཉེ་བར?་བསྡུས ་ནས། ད་ནི་རང་བཞིན་གསུམ་གྱི་རང་གི་ངོ་བོ་བསྟན་བའི་ཕྱིར། ཡུལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུལ་སོགས་ངེས་བའི་རྣམ་བར་ནི།། སོགས་པ་སྨོས་བས་ནི་དུས་ངེས་བའི་རྣམ་པ་གཟུང་རོ། །ཇི་ལྟར་འགྲོ་བ་གསུམ་པོ་འདོད་བ་དང་གཟུགS ་དང་གཟུགས་མེད་པ་ཞེས་བྱ་བ་མ་རིག་པའི་བག་ཆགས་མཐུས་རྣམ་པར་རིག་པ་སྣང་བ་ནི་གསལ་བར་རོ། །དེའི་ཚེ་འཁྲུལ་བའི་རང་བཞིན་གཞན་གྱི་དབང་རྣམ་པར་རིག་བར་གྱུར་བ་ཡིན་ནོ། །དེའི་ཕྱིར་ནི་རྒྱུ་དེ་ཉིད་ཀྱིས་ཀུན་བརྟགས་པའི་དྲི་མ་དང ་བྲལ་ན། དེ་ནི་རྣམ་བར་རིག་བ་འཁྲུལ་པར་མི་འགྱུར་རོ། །གལ་ཏེ་འདི་ལྟར་དུས་ཐམས་ཅད་དུ་མ་འཁྲུལ་བ་ཉིད་ཡིན་ན། ཅིའི་ཕྱིར་རྣམ་པར་རིག་པ་མཐོང་བར་མི་འགྱུར་ཞེ་ན་།དེ་ལྟར་ནི་མ་ཡིན་ཏེ། ཐམས་ཅད་གྲོལ་བར་འགྱུར་བའི་ཕྱིར་རོ། །གཞན ་ཉིད་དང་མ་བྲལ་ན་དེ་བཞིན་ཉིད་དུ་མི་འགྱུར་རོ། །ད་ནི་རང་བཞིན་གསུམ་གྱི་རང་གི་ངོ་བོ་རྣམ་པར་དཔྱད་པའི་ཕྱིར། གླང་བོའི་དོན་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། སྒྱུ་མ་མཁན་གྱིས་གླང་བོ་གཅིག་སྦྲུལ་པ་ལ། སྒྱུ ་མའི་གླང་པོ་ལ་གྲངས་ཇི་ལྟ་བ་བཞིན་དུ་མཁས་པས་ཀུན་བརྟགས་བའི་རང་བཞིན་ལ་སོགས་པར་ཤེས་པར་བྱའོ། །འདི་ལྟར་དོན་དམ་བར་དོན་སྟོང་པའི་གླང་པོ་ལ་གླང་བོའི་དོན་དུ་སྣང་བ་སྐྱེ་བ་འདིས་ནི་ཀུན་བརྟགས་པའི་ངོ་བོ་ཤེས་པར་བྱའོ། །དེ་བཞིན ་དུ་དོན་སྣང་བ་ནི་དེ་དོན་མ་ཡིན་ཏེ། འོན་ཀྱང་དོན་གྱིས་རྣམ་པ་ཅན་གྱི་རྣམ་པར་རྣམ་པར་ཤེས་པ་སྐྱེའོ། འདིས་ནི་གཞན་གྱི་དབང་གི་རང་བཞིན་ཡིན་པར་ཤེས་པར་བྱའོ། །གཞན་ཡང་གཟུང་བའི་དངོས་པོར་བརྫུན་དོན་ཡིན་ཏེ། གཟུང་བ་དང་འཛིན་པའི་དངོས་? ་དེའི་དངོས་པོ་ནི་གནས་སུ་གྱུར་བ་སྟེ་རྟེན་ཏུ་གྱུར་པའོ། །གཟུང་བ་དང་འཛིན་བ་དེ་ཡང་དངོས་པོ་མེད་པར་གྱུར་ན། མཁས་བ་ཤེས་རབ་དང་ལྡན་བས་ཡོངས་སུ་གྲུབ་བའི་རང་བཞིན་དུ་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་དེ་ཉིད་ཀྱི་ཕྱིར། དེ་ལྟར་ཡང་དག ་མཐོང་བས་སྔར། ཞེས་བྱ་བ་ལ་སོགས་བ་སྨོས་ཏེ། དེ་ལྟར་ནི་སྔར་གསུངས་བའི་རིམ་བས་སོ། །སྒྱུ་མའི་གླང་པོ་བཞིན་དུ་ཡང་དག་པར་མཐོང་བས་དང་པོར་དོན་དུ་འཛིན་པ་ལྡོག་པར་འགྱུར་རོ་ཞེས་བྱའོ། །རྣལ་འབྱོར་པ་དེས་དེ་མ་ཐག་ཏུ་གཞན་དབང་དེའི་རྣམ ་པ་ནི་བག་ཆགས་ཀྱི་དབང་གིས་དེའི་སེམས་ལས་བྱུང་བ་ཡིན་ཞེས་བྱ་བའི་དོན་ཏོ། །དུས་ཇི་སྙེད་གཅིག་ཅེ་ན། རྣམ་བ་དེ་ཡི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ནི་གཞན་གྱི་དབང་གི་སེམས་ས་བདུན་བའི་བར་དུ་རྣམ་པ་དེའི་རྙོག་པ་ཡང་སྟེ་དྲི་མ་དང ་ལྡན་པར་འཇུག་གོ་།ཡང་ཕྱི་ནས་ས་བརྒྱད་བ་ལ་བག་ཆགས་ལོག་པས་རྒྱུ་ལོག་པས་འབྲས་བུ་ལྡོག་གོ་ཞེས་བྱ་བའི་རིགས་པ་འདི་སྟེ་།དོན་གྱི་དངོས་པོ་མེད་མཐོང་བས། །སྟེ། རྩ་བ་དང་བཅས་བར་འདོད་བའི་ཕྱིར་རོ། །དོན་གྱི་རྣམ་པ་གཞན་གྱི་དབང་གི ་སེམས་ལྡོག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་དུ་སྲིད་བ་ཡོངས་སུ་འཛིན་བ་བསྟན་པའི་ཕྱིར། སེམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷན་ཅིག་སྐྱེས་པའི་བདག་ཏུ་བལྟ་བ་ལ་སོགས་པའི་འབྲེལ ་པས་རྟག་ཏུ་འཁོར་བའི་ཆོས་དང་ལྡན་པའི་ཕྱིར། རྫ་མཁན་གྱི་འཁོར་ལོ་ལྟ་བུར་སེམས་མཐོང་ན་ཡིད་ལྡོག་པས་ཡོངས་སུ་གྲུབ་བའི་ཆོས་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ཕྱིར་ཡང་འཁོར་བར་འཁོར་མི་འགྱུར་ཏེ། འཁོར་བ་མ་ཡིན་ནོ། ་འོན་ཀྱང་སེམས་ཅན་གྱིས་དོན་དུ་ཐབས་ལ་མཁས་བའི་དབང་གིས་ཡང་དག་པར་སྐྱེ་བ་འབྱུང་ཞེས་བྱ་བའི་དོན་ཏོ། །གཉིས་སུ་མེད་པ་ལ་གནས་པའི་རྣལ་འབྱོར་པའི་མཚན་ཉིད་བསྟན་བའི་ཕྱིར། རི་མོར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཉིས་མེད་པའི་ཡུལ་ལ ་གནས་པའི་རྣལ་འབྱོར་པའི་མཚན་ཉིད་འདི་ཡིན་ཏེ། རི་མོར་བྲིས་པའི་སྐྱེས་བུ་བཞིན་དུ་གཡོ་བ་མེད་པ་ཡིན་ཏེ། དེ་ཁོ་ན་ཉིད་ལ་བྱ་བ་དམིགས་པའི་ཕྱིར་རོ། །རྫས་ཀྱི་བདག་ཉིད་ཕུང་པོ་ལྔ་པོ་མི་དམིགས་བའི་ཕྱིར་རྟོག་པ་མེད་པའོ།། ་ཡུལ་འགའ་ལ་ཡང་འདོད་པ་མེད་པས་ན་འདོད་པ་མེད་པའོ། །འཁོར་བ་ཀུན་བརྟགས་པའི་ངོ་བོ་ནི་དེ་ཁོ་ན་ཉིད་དུ་མེད་པའི་ཕྱིར་དང། དེ་དང་བྲལ་བའི་མཚན་ཉིད་མྱ་ངན་ལས་འདས་བ་མི་དམིགས་པའི་ཕྱིར་ངེས་མྱ་ངན་ལས་འདས་པ་མི་ལེན་ཅིང་འཁོར་བ ་འདོར་བ་ཅུང་ཟད་ཀྱང་མེད་དོ། །གང་གི་ཕྱིར་ལྷག་མ་དང་བཅས་པ་དང་ལྷག་མ་མེད་པའི་མྱ་ངན་འདས་པ་དོན་གཞན་རྫས་སུ་ཡོད་པར་མི་རིགས་ཏེ། གང་གི་ཕྱིར་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་སྡུག་བསྔལ་དང། ཀུན་འབྱུང་དང་ལམ་གྱི་གནས་སྐབS ་གསུམ་མ་གཏོགས་པར་དོན་གཞན་དུ་གྱུར་བའི་མྱ་ངན་ལས་འདས་པ་ནི་མེད་དོ། །ལྷག་མ་མེད་པ་དེ་ཡང་དང་གཞན་དུ་གྱུར་བ་ཉིད་ནི་མི་རིགས་ཏེ། འདི་ལྟར་ལྷག་མ་ནི་ཕུང་པོ་རྣམས་ཏེ། དེ་དང་བྲལ་བ་གང་ལ་ཡོད་པའི་མྱ་ངན་ལས་འདས་པ་དེ་ནི་ལྷག་མ་མེད་པའི ་མྱ་ངན་ལས་འདས་པའོ། །ཡང་དེ་བས་ན་མྱ་ངན་ལས་འདས་པ་ཐོབ་པ་དང། མྱ་ངན་ལས་འདས་པའི་རྟེན་ཡང་སླར་འབྱུང་བའི་ཕུང་བོའི་ཚོགས་མེད་བའི་ཕྱིར་གང་ཞིག་དངོས་པོར་གྱུར་པའི་མྱ་ངན་ལས་འདས་པ་ནི་འགའ་ཡང་མེད་དོ། །གཞན་ཡང་གལ་ཏེ ་གཟུགས་ལ་སོགས་པ་བཞིན་དུ་མྱ་ངན་ལས་འདས་བ་ཐ་དད་པར་གྱུར་ན། དེའི་དེ་རྣམ་པར་བཞག་པ་གང་གིས་རྟོགས་པར་འགྱུར་བ་ཡིན། ཤེས་པ་གཞན་གྱིས་རང་གི་ངོ་བོ་ངེས་པར་གཟུང་ན་ནི་དེའི་ངོ་བོ་ཉིད་དུ་མི་འགྱུར་ཏེ། འོན་ཏེ་ངེས་པར་གཟུང་ན་ནི་དེའི་ཚེ ་གཟུགས་ལ་སོགས་པ་བཞིན་དུ་འདུས་བྱས་ཉིད་དུ་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་སྐད་ཅིག་མ་ཉིད་མ་ཡིན་ནོ། །དེ་ལྟ་བས་ན་མྱ་ངན་ལས་འདས་པ་དངོས་པོ་དེ་ལེན་པར་རྣལ་འབྱོར་པ་སུ་ཞིག་བྱེད་ཞེས་བྱ་བའི་དོན་ཏོ། །དོན་དམ་པ་ལ་གནས་ན་དེ་ལ་སེམས་ཅན་གྱི ་གྱི་དོན་བྱས་བས་དགོས་པ་ཅི་ཞིག་ཡོད་ཅེ་ན། སྨོན་ལམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཁོར་བ་དང་མྱ་ངན་ལས་འདས་པ་ལ་རྣམ་པར་མི་རྟོག་པའོ། །འོན་ཀྱང་སྔོན་གྱི་སྨོན་ལམ་གྱི་མཐུས་སྲིད་བ་གསུམ་གྱི་སེམས་ཅན་གྱི་དོན་བྱེད་བའི་ཕྱིར་འབྱུང་ངོ། །ཇི་ལྟ་བུར་ཞེ་ན། ཉི་མ་བཞིན ་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་ཉི་མའི་དཀྱིལ་འཁོར་འཇིག་རྟེན་གྱི་མུན་ནག་སྨག་སེལ་བར་བྱེད་པའི་ཕྱིར། འབྱུང་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་འཇིག་རྟེན་གྱི་མི་ཤེས་པའི་མུན་པ་བསལ་བའི་ཕྱིར། བྱུང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ནི་ཀུན་རྫོབ་ཀྱི། ་བདེན་པ་ལ་བརྟེན་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་བསྟན་པ་ལ་འཇུག་གོ་ཞེས་བསྟན་པའི་ཕྱིར། དེ་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་གང་གི་ཕྱིར་གཉིས་སུ་མེད་བ་ཁོ་ན་དོན་དམ་པ་ཡིན་བ་དེ་ཉིད་ཀྱི་ཕྱིར་དགེ་བ་དང་མི་དགེ་བའི་ལས་བྱེད་པ་པོའི ་སྐྱེས་བུའི་ལས་ཀྱི་འབྲས་བུ་ནི་མཐོ་རིས་དང་དམྱལ་བ་ལ་སོགས་པ་སྐྱོབ་པས་གསུངས་བ་དེ་ཡང་རྟོག་པའི་ངོ་བོ་སྟེ་།བརྟགས་པ་ཁོ་ནར་ཁོང་དུ་ཆུད་པར་བྱའོ། །ལས་ཀྱི་འབྲས་བུ་འབའ་ཞིག་མ་ཡིན་གྱི། བཅོམ་ལྡན་འདས་ཀྱིས་ཇི་སྙེད་བསྟན་པ་དེ་སྙེད ་ཀུན་རྫོབ་ཀྱི་འཇུག་པ་ཡིན་ནོ། །ཞེས་བསྟན་པའི་ཕྱིར། ཆོས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཆོས་ནི་དགེ་བའི་བྱ་བ་རྣམས་ནི་མི་མི་བརྗེད་པའོ། །ཆོས་མིན་དེ་ལས་བཟློག་པའོ། །དཀའ་ཐུབ་ནི་སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པའོ། །གཏོང་བ་ནི ་དོན་དུ་གཉེར་བ་ལ་ལུས་ལ་སོགས་སྟེར་བའོ། །བསྡམས་པ་ནི་ལུས་དང་སེམས་མི་དགེ་བ་ལས་ལྡོག་པའོ། །ངེས་བསྡམས་པ་ནི་གཉེན་པོས་དཀའ་བ་ལས་ལྡོག་པའོ། །དུལ་བ་ནི་སེམས་ཉེ་བར་ཞི་བའོ། །དུད་འགྲོ་ནི་བ་ལང་ལ་སོགས་པའོ། །དམྱལ་བ ་ནི་མཚམས་མེད་པ་ན་གནས་པ་ལ་སོགས་པའོ། །སྦྱིན་བ་ལ་སོགས་པ་ལ་གགས་བྱེད་པའི་ལས་ཀྱིས་ཟས་སྐོམ་དང་བྲལ་བའི་ཡུལ་གནས་པ་ནི་ཡི་དགས་སོ། །ཕུང་པོ་ལྔ་བསྡུས་པ་ནི་མིའོ། །མཐོ་རིས་ན་གནས་བས་ན་ལྷའོ། །འབྱུང་བ་ནི་ས་ལ་སོགས ་པའོ། །འབྱུང་བ་ལས་གྱུར་པ་ནི་གཟུགས་ལ་སོགས་པའོ། །ཕུང་པོ་ནི་གཟུགས་དང་ཚོར་བ་ལ་སོགས་པའོ། །ཁམས་ནི་མིག་ལ་སོགས་པའོ། །ཐུབ་པས་སེམས་ཅན་ལ་རྗེས་སུ་བསྟན་པ་ནི་བསྟན་པའོ། །སྟོན་པ་ནི་སངས ་རྒྱས་བཅོམ་ལྡན་འདས་སོ། །ཉན་ཐོས་ནི་ཤཱ་རིའི་བུ་ལ་སོགས་པའོ། །དེ་དག་ནི་ཀུན་རྫོབ་ཏུ་བསྟན་པ་ཡིན་ཏེ། དེ་དག་ཐམས་ཅད་ཀུན་རྫོབ་ཡིན་པར་བསྟན་ཀྱི། །དོན་དམ་པར་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་དོན་དམ་པ་ཁོ་ན་འབའ་ ་ཞིག་ཅིའི་ཕྱིར་བསྟན་པར་མི་མཛད་པར་ཀུན་རྫོབ་དགོས་པ་ཅི་ཞིག་ཡོད་པ་མ་ཡིན་ནམ་ཞེ་ན། དང་པོའི་ལས་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོར་བཅོམ་ལྡན་འདས་ཀྱིས་བསྟན་པ་ལ་དད་པ་དང་ལྡན་པ་ནི་དང་པོའི་ལས་ཅན་ཞེས་བྱའོ། ། ་དང་པོའི་ལས་ཅན་འཇིག་རྟེན་པ་དེ་དོན་དམ་པ་གཉིས་སུ་མེད་བའི་ཡེ་ཤེས་ལ་གཞུག་པའི་ཕྱིར་ཐབས་ནི་ཀུན་རྫོབ་སྟེ། འདི་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྐས་ལ་འཛེག་པའི་རིགས་པས་གསུངས་ཀྱི། ཡང་ཀུན་རྫོབ་ཀྱི་རང་གི་ངོ་བོ ་ཡོད་པར་གྲུབ་བ་ནི་མ་ཡིན་ནོ། །དོན་དེ་ཉིད་བརྟན་པར་བྱ་བའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ནི་ཀུན་རྫོབ་པའི་དངོས་པོ་ཐམས་ཅད་བྱིས་པས་བརྗོད་པ་དང་འདྲ་བ་དེ་ཁོ་ན་ཉིད་ཀྱི་རང་བཞིན་མ་ཡིན་པ་མཛའ་ནི་ཐམས་ཅད ་འཇིག་པ་ཡིན་ཏེ། རྣམ་པར་དཔྱད་མི་བཟོད་པའི་ཕྱིར་བློ་ལ་གནས་པ་མེད་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་བརྗོད་པར་བྱ་མིན་ཏེ་བརྗོད་པར་བྱ་བ་མིན་ཞེས་བསྟན་ཏོ། །གཟུང་བ་དང་འཛིན་པའི་ངོ་བོ་དཔྱད་མི་བཟོད་པའི་ཕྱིར་དཔྱད་དུ་མེད་ཞེས ་བྱ་བའི་དོན་ཏོ། །ཆུང་ཟད་གཞན་ཡང་སྟེ་དོན་དམ་པ་གསལ་བ་ཞེས་བྱ་བའི་དོན་ཏོ། །ད་ནི་དེ་ཁོ་ན་ཉིད་ལ་རབ་ཏུ་གནས་པ་བསྟན་པའི་ཕྱིར། དེ་ལ་ནམ་མཁའ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་བརྗོད་པར་བྱ་བ་མ་ཡིན་པ་དཔྱད ་དུ་མེད་པ་ཆུང་ཟད་མེད་པའི་གོ་འཕང་ལ་གནས་པ། དེ་ནི་ནམ་མཁའ་གསལ་བའི་དངོས་པོ་བྱང་ཆུབ་སེམས་དཔས་བདག་ཉིད་ནི་གང་ཟག་གོ་།སྟོང་བ་ཉིད་ནི་ངེས་སྟོང་པ་ཉིད་དེ་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དོ། །སྟོང་པ་ཉིད་ནི་གས་བར་བྱེད་ན་འཇིག་རྟེན་རྣམས ་ལ་རང་བཞིན་མེད་བ་གསལ་བར་བྱེད་ཅེས་བྱ་བའི་དོན་ཏོ། །གང་ཁམས་དང་སྐྱེ་མཆེད་བསྟན་པ་དེ་ནི་བདག་ཉིད་སྟོང་པ་ཉིད་དོ། །གང་གི་ཕྱིར་བདག་ཉིད་མཐོང་བ་པོ་ལ་སོགས་པར་འགའ་ཞིག་འདོད་པས་ཡང་གང་གི་ཚེ། མིག་ལ་སོགས་པ་ཡུལ་ལ་སོ་སོར ་ངེས་བ་ཉིད་ཁོང་དུ་ཆུད་པ་དེའི་ཚེ་བདག་གང་ཟག་གི་སྟོང་པ་ཉིད་གྲུབ་པའོ། །གལ་ཏེ་མིག་ལ་སོགས་པའི་དམིགས་པ་ཆོས་ལ་བདག་མེད་བར་མི་འགྱུར་རོ་ཞེ་ན། དེ་ལྟར་ནི་མ་ཡིན་ཏེ། གང་ཞིག་མིག་ལ་སོགས་པའི་རང་བཞིན་གྱི་གང་ཟག་སྟོང་པ་ཉིད ་དེས་སྟོང་པ་ཉིད་ནི་གཉིས་སུ་མེད་པ་སྟོང་པ་ཉིད་དོ། །འདི་ལྟར་སེམས་ཉིད་གང་གི་ཚེ་གཉིས་སུ་མེད་པའི་རང་བཞིན་དུ་མཐོང་བ་དེའི་ཚེ་གང་ཟག་དང་ཆོས་ལ་བདག་མེད་པར་གྲུབ་པར་གྱུར་པའི་ཕྱིར་འདི་ལ་རྩོད་པ་མེད་དོ། །རྣམ་པར་སྨིན་བའི་ས་ལ་གནས ་པའི་བྱང་ཆུབ་སེམས་དཔའ་དེའི་ཉོན་མོངས་པ་དང་ཤེས་བྱའི་བསྒྲིབ་པ་སྤངས་པས་ཉོན་མོངས་པ་མེད་པས་བདེ་བར་གནས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་པའི་ཕྱིར་ཇི་སྐད་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉན་ཐོས་ཀྱི་ལམ་གྱི་གང ་ཟག་ལ་བདག་མེད་པར་རྟོགས་པས་ཉོན་མོངས་པ་སྤངས་པས་འདོད་ཆགས་ལ་སོགས་པ་ཉེས་པ་མི་དམིགས་སོ། །དེ་བཞིན་དུ་ཇི་སྐད་བསྟན་པའི་བྱང་ཆུབ་སེམས་དཔའ་ཨི་ལམ་འདི་ལ་ཤེས་བྱ་དང་ཉོན་མོངས་པའི་སྒྲུབ་པ་སྤངས་པས་གཉི་ག་མི་དམིགS ་སོ། །གཞན་གྱི་ལམ་ལ་བརྟེན་པའི་འགྲོ་བ་མ་ལུས་པ་འདོད་ཆགས་ལ་སོགས་པའི་ཁྱད་བར་གྱིས་ཉེ་བར་བཅོམ་པར་མཐོང་སྟེ། བཞད་རྒད་བཞིན་ཏེ་ཁྲེལ་རྒད་དང་འདྲ་བར་བྱང་ཆུབ་སེམས་དཔས་མཐོང་ཞེས་བྱའོ། །འགྲོ་བ་ཇི་ལྟ་བུར་གྱུར་བ་ཞིག་ཅེ?་ན་ ་ཞི་བ་སྤངས་པ་ཡི་སྟེ། ཞི་བ་ནི་ཏིང་ངེ་འཛིན་གྱིས་ཉོན་མོངས་པའི་དགྲ་ལས་རྒྱལ་བར་མ?་བྱས་བས་ཞི་བ་སྤངས་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་བདག་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔོན་གྱི་སྐྱེ་བ་ཉམས ་སུ་མྱོང་བས་དེ་གཟུང་བའི་རོ་གཅིག་དངོས་སྟེ་ལམ་གཞན་གཟུང་བས་རོ་གཅིག་པའི་བདག་ཉིད་ཀྱིས་དྲན?་ནས་གང་གིས་སེམས་དཔར་བྱེད་པ་ནི་བྱང་ཆུབ་སེམས་དཔའ་སྟེ། གདོན་མི་ཟ་བར་ངོ་མཚར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཆོས་ལ་བདག ་མེད་པ་ཡིན་ན་ཆོས་འགའ་ཡང་མི་དམིགས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྦྱིན་པ་ལ་སོགས་པའི་ཆོས་ཀྱི་རྩོམ་པ་དོན་མེད་པར་འགྱུར་བ་མ་ཡིན་ཞེ་ན། གལ་ཏེ་འདི་ཀུན་སྟོང་ཉིད་ཡིན། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གིས་ཞེས་བྱ་བ ་འདིའི་ཕྱིར་ལན་འདེབས་སོ། །བྱང་ཆུབ་སེམས་དཔའ་གང་གི་ཕྱིར་བྱ་བ་ལྟག་མ་མེད་པའི་ཕྱིར་དོན་བྱས་པ་དགོས་པ་བྱས་པའི་ཕྱིར་འགྲོ་བ་སྟོང་པ་མཐོང་བ་ཡིན་པ་དེའི་ཆོས་ཀྱི་རྩོམ་བ་དོན་མེད་པ་བདེན་ཞེས་བྱ་བའི་ཐ་ཚིག་གོ་།འདི་མོས་པ་སྤྱོད ་པའི་གནས་སྐབས་ན་བསོད་ནམས་ཀྱི་ཚོགས་བསགས་བའི་སྟོབས་ཀྱིས་ས་བརྒྱད་པ་ལ་སོགས་པ་ཐོབ་བའི་བྱང་ཆུབ་སེམས་དཔའ་དེ་སྟོང་པ་ཉིད་ལ་གནས་པ་སྐྱེའོ་ཞེས་བྱ་བའི་དོན་ཏེ། །དེ་ལྟ་མོད་ཀྱི་སྡིག་པ་སྤོང་བར་མི་བྱེད་དམ་ཞེ་ན། དེ་ཚེ ་སྡིག་པའི་རྩོམ་པ་ཡང། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་རྣལ་འབྱོར་པ་སྟོང་པ་ཉིད་ཀྱི་ལྟ་བ་ལ་གནས་པ་དེའི་ཚེ་སྡིག་པའི་རྩོམ་པ་ནི་སྡིག་པ་བྱེད་པའི་རྩོམ་པའོ། །དེ་ཡིས་ཤིན་ཏུ་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་འཇིག་ཚོགས་ལ ་ལྟ་བའི་རྩ་བ་ཅན་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པས་བསྒྲིབས་བས་བསོད་ནམས་མ་ཡིན་པ་ལ་འཇུག་པར་འགྱུར་གྱི། ཡང་གང་ཞིག་ཆོས་ལ་བདག་མེད་པ་མཐོང་བ་དང་ལྡན་པ་དེ་དག་མི་དགེ་བ་རྩོམ་པར་ཇི་ལྟར་འགྱུར། དེ་ཉིད་བསྟན་པའི ་ཕྱིར། ཆང་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཏར་སྐྱེས་བུ་འགའ་ཞིག་ལག་པ་སྟོང་བའི་ཕྱིར་ཆད་པ་མི་འཆང་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆོས་ལ་བདག་མེད་པ་རྟོགས་བའི་ཕྱིར་བྱ་བ་ལ་མི་འཇུག་ཅེས་བྱ་བའི་དོན་ཏོ། །དེ་ཁོ་ན་ཉིད་མ ་མཐོང་བས་བསོད་ནམས་དང་སྡིག་པ་ལས་འདའ་བ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རྟོག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་རྟོག་པའི་ནང་དུ་ལྷུང་བ་ནི་རྟོག་པ་དང་བཅས་བའོ། །དེ་དག་ཐམས་ཅད་གཞན་ཉིད་འགྱུར་ཏེ། བསོད་ནམས་དང ་སྡིག་པ་ཇི་ལྟ་བ་བཞིན་དུ་དེ་ཁོ་ན་ཉིད་ཅེས་བྱ་བའི་དོན་ཏོ། །གང་གི་ཕྱིར་འཁོར་བ་འདིར་རྒྱུ་དང་འབྲས་བུའི་དངོས་བོས་དེ་དག་འབྲས་བུ་ཐོབ་པར་མཐོང་ངོ། །འདི་ལྟར་བསོད་ནམས་མ་ཡིན་པའི་རྒྱུས་དམྱལ་བ་ལ་སོགས་པའི་འབྲས་བུ་འཐོབ ་ལ། བསོད་ནམས་ཀྱི་རྒྱུས་མཐོ་རིས་ལ་སོགས་པའི་འབྲས་བུ་འཐོབ་ཅེས་བྱ་བའི་དོན་ཏོ། །ད་ནི་འཁོར་བའི་ལས་དང་འབྲས་བུ་རྟོག་བའི་རང་བཞིན་ལ། རྣམ་པར་མི་རྟོག་པ་དཔེས་བསྟན་པའི་ཕྱིར། རྨི་ལམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི ་ལྟར་རྨི་ལམ་གྱི་ནང་ནས?་བྱས་པའི་དགེ་བ་དང་མི་དགེ་བའི་ལས་ཀྱིས་དགེ་བ་དང་མི་དགེ་བའི་མཐོ་རིས་དང་དམྱལ་བ་ལ་སོགས་བ་ཆུང་ཟད་ཀྱང་མི་དམིགས་སོ། །དེ་བཞིན་དུ་འཁོར་བའི་ལས་དང་འབྲས་བུ་འབྲེལ་པ་ཡིན་པར་རྟོག་པར་བྱའོ། །དངོས ་པོའི་རང་བཞིན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དཔེར་ན་རྨི་ལམ་ཁོ་ནའི་ནང་དུ་སྐྱེས་བུ་འགའ་ཞིག་མ་སད་བར་འབྲས་བུ་ཉམས་སུ་མྱོང་བ་ནི་མེད་དོ། །དེ་བཞིན་དུ་འཇིག་རྟེན་ཐམས་ཅད་འཁོར་བའི་ལས་དང་འབྲས་བུ་མ་སད་པར་བརྟགས་པ་ཉིད ་དུ་མི་ཤེས་བའི་དོན་ཏོ། །སང་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་སད་པ་ནི་རྨི་ལམ་དུ་མཐོང་བའི་དོན་མེད་དོ་ཞེས་དེའི་ཤེས་པ་སྐྱེས་བ་དེའི་ཚེ། རྨི་ལམ་འཇུག་པའི་འབྲས་བུ་མེད་པར་འགྱུར་རོ། །དེ་བཞིན་དུ་མི་ཤེས་པ་ཉིད་མ་སད་པའི ་འཇིག་རྟེན་པས་ལས་དང་འབྲས་བུའི་འབྲེལ་པ་བརྟགས་པ་ཉིད་དུ་ཇི་སྲིད་མི་ཤེས་པ་དེ་སྲིད་འཇིག་རྟེན་ལས་འདས་བའི་ཡེ་ཤེས་ཀྱིས་སད་པར་མི་འགྱུར་རོ། །སད་པར་གྱུར་ན་རྨི་ལམ་གྱི་གནས་སྐབས་ཀྱི་ངོ་བོ་ལྟ་བུའི ་ཡེ་ཤེས་སྐྱེས་ན་ལས་དང་འབྲས་བུ་ལ་སོགས་པ་ཐམས་ཅད་ཀྱི་འབྲས་བུ་མཛའ་རུ་བརྫུན་ཞེས་བྱ་བའི་དོན་ཏོ། །རྨི་ལམ་གྱི་མཐོང་བ་བརྫུན་པའི་ཕྱིར་རྒྱུ་དང་འབྲས་བུའི་ངོ་བོར་རིགས་པ་དང་མི་ལྡན་པ་ཡིན་མོད་ཀྱི། གཞན་ལ་ཡང་རྟེན་ཅིང་འབྲེལ ་པར་འབྱུང་བའི་ཕྱིར་རྒྱུ་དང་འབྲས་བུའི་ངོ་བོར་རིགས་པ་དང་ལྡན་པ་མ་ཡིན་ཞེ་ན། རྨི་ལམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྨི་ལམ་དང་འགལ་མེ་དང་མིག་འཕྲུལ་ནི་རྨི་ལམ་དང་འགལ་མེ་དང་མིག་འཕྲུལ་ལོ། །རྨི་ལམ་ལ་སོགས་བ་ཇི་ལྟ ་བ་བཞིན་དུ་རྒྱུ་དང་འབྲས་བུའི་དངོས་པོ་སྐྱེ་བ་དང་འགག་པར་མཐོང་བ་དེའི་ཚེ་ཐ་དད་མེད་པ་ནི་གཞན་དག་དང་ཁྱད་པར་མེད་པར་རྟོག་པར་བྱའོ། །གཞན་ཡང་གང་ཆུང་ཟད་ཇེ་མཐོང་བ་དེ་དག་ཐམས་ཅད་མཚན་ཉིད་མི་མཐུན་པར་སྣང ་བ་ནི་མེད་དོ། །དེ་བས་ན་རྨི་ལམ་ལ་སོགས་བ་བཞིན་དུ་རྒྱུ་དང་འབྲས་བུའི་དངོས་པོ་རིགས་པ་དང་ལྡན་པ་མ་ཡིན་ནོ། །དེ་ལྟར་ཡང། བདག་ལས་མ་ཡིན་པ་གཞན་ལས་མིན།། གཉི་ག་ལས་མིན་རྒྱུ་མེད་མིན། །དངོས་པོ་གང་ཡང་གང་ན ་ཡང། །སྐྱེས་བ་ནམ་ཡང་ཡོད་མ་ཡིན། །ཞེས་གཞན་དག་ལས་གསུངས་སོ། །དོན་དེ་ཉིད་དབེས་བསྟན་པའི་ཕྱིར། ཞི་མ་གཞན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་ནི་འདས་པའི་ཞག་དང་དེ་བཞིན་དུ་རྨི་ལམ་གྱི་གནས་སྐབS ་དང་གནས་དང་གསང་པའི་གནས་སྐབས་སོ། །གང་གཟུགས་ལ་སོགས་པའི་ཡུལ་ཉེ་བར་ལོངས་སྤྱོད་བ་དེ་དག་རང་བཞིན་ཉམས་སུ་མྱོང་བ་ན། ཇི་ལྟར་འགས་ཀྱང་བྱེ་བྲག་སྨྲ་བར་མི་ནུས་པ་དེ་བཞིན་དུ་རྨི་ལམ་དང་གཞན་ལ་སྐྱེ་བ་དང་འཇིག ་པ་ལ་བྱེ་བྲག་འགའ་ཡང་མེད་དོ། །ཡང་ཁ་ཅིག་ལས་ནི་རང་བཞིན་ཉམས་སུ་མྱོང་བ་ན་ཞེས་བརྗོད་དེ། དེར་ཡང་གནས་སྐབས་གསུམ་བདེ་བ་ལ་སོགས་པ་ཉམས་སུ་མྱོང་བ་ལས་བྱེ་བྲག་ཆུང་ཟད་ཀྱང་མེད་དོ། །ད་ནི་བརྟེན་ནས་སྐྱེས་པ་རང་བཞིན ་མེད་པར་བསྟན་པའི་ཕྱིར། གང་དང་གང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དང་གང་རྒྱུ་དང་རྐྱེན་ལས་བརྟེན་ནས་སྐྱེས་པ་དེ་དེའི་རངབཞིན་ཞི་ཞིང་སྐྱེ་བ་མེད་པ་ཉིད་བརྟོགས་པར་བྱའོ། །ཇི་ལྟ་བུར་ཞེ་ན། སྒྱུ་མའི་ཡན་ལག་ཅེས་བྱ་བ་སྨོས་ཏེ། ་དཔེར་ན། སྒྱུ་མ་མཁན་གྱིས་སྒྱུ་མའི་ཡན་ལག་སྔགས་དང་སྨོན་རྒྱུ་དང་རྐྱེན་བསགས་ནས་གླན་པོ་ལ་སོགས་པ་འབྱུང་བར་སྟོན་ཏོ། །དེ་དག་ཀྱང་རང་གི་ངོ་བོར་ནི་མེད་དོ། །དེ་བཞིན་དུ་གཞན་དག་ཀྱང་དེ་བཞིན་ནོ། །འདི་ལྟར་གལ་ཏེ་རང་བཞིན་གྱིས་སྐྱེ་བར ་འགྱུར་ན་དེའི་ཚེ། ཡོངས་སུ་གྲུབ་བའི་གནས་སྐབས་བཞིན་དུ་རྒྱུ་ལ་ལྟོས་པར་མི་འགྱུར་རོ། །ཡང་གང་གི་ཚེ་བལྟོས་པ་དེའི་ཚེ་རང་བཞིན་མ་ཡིན་ནི། །གལ་ཏེ་གཞན་གྱི་དབང་གིས་རང་བཞིན་གྱིས་ཆོས་རང་བཞིན་དང་བྲལ་བ་ཡིན་ན་དེའི་ཚེ་ཇི ་ལྟར་བྱེ་བྲག་ཏུ་སྣང་བར་འགྱུར་ཞེ་ན། རྣམ་པ་དུ་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་རྣམ་པ་ཐ་དད་པ་དུ་མ་དང་ལྡན་པའི་གོས་མེར་བསྲེགས་པའི་ཐལ་བར་བྱེ་བྲག་འགའ་ལ་ཡང་མེད་པ་དེ་བཞིན་དུ་གཞན་དབང་གི་དངོས་པོ་སྣ་ཚོགས་པ་དུ་མ ་རྣམས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མེས་བསྲེགས་ན་བྱེ་བྲག་འགའ་ཡང་མེད་ཅེས་བྱ་བའི་དོན་ཏོ། །དེ་བཞིན་དུ། སྣོད་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་གྱི་འཇིག་རྟེན་དང་སྣོད་ཀྱི་འཇིག་རྟེན་ནི་འཇིག་རྟེན་གཉིས་སོ། །དེ་དགའ་དི ་ལྟར་ཆོས་ཐམས་ཅད་བདག་མེད་བའི་སྟོང་པ་ཉིད་ཀྱི་མེས་བསྲེགས་ནས་བདག་ཉིད་དེ་ཡང་དེ་ཉིད་དུ་སྟེ། སྟོང་པ་ཉིད་དེ་ཡང་བདག་ཉིད་ཀྱི་ངོ་བོ་འཇིག་རྟེན་གཉིས་ཀྱི་དབུས་སུ་སྟོང་བ་ཉིད་སྟོང་བ་ཉིད་ཀྱི་བསྲེགས་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུར་ཞེ་ན། ་མེ་ལྕེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་མེ་ལྕེས་བུས་ཤིང་ལ་སོགས་པ་བསྲེགས་པ་དེ་བཞིན་དུ་ཆོས་ཐམས་ཅད་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་སོ། །འདིའི་དགོས་པ་ནི་འདི་ཡིན་ཏེ། ཕྱིའི་འཇིག ་རྟེན་གཉིས་བསྲེགས་པ་གང་ཡིན་པ་དེ་ཙམ་ཞིག་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དགོས་པ་མ་ཡིན་གྱི། ཇི་སྲིད་དེ་བསྲེགས་པ་ཆོས་གཞན་དང་མཉམ་པར་གནས་པ་ཡང་ཤེས་པ་བསྲེག་པར་གྱུར་པ་ནི་མ་ཡིན་ནོ། །གཞན་དུ་ཆད་པ ་ལྟ་བར་འགྱུར་རོ། །གཞན་ཡང་ཆུ་ཁམས་གསེར་དང་ནམ་མཁའ་བཞིན། །དྲི་མ་དང་བཅས་པ་དང་དྲི་མ་མེད་པའི་བྱེ་བྲག་གིས་གང་གི་ཚེ་སྟོང་བ་ཉིད་རྣམ་པ་གཉིས་ཀྱི་བདག་ཉིད་དུ་གྱུར་པ་དེའི་ཚེ། དྲི་མ་དང་བཅས་པའི་རྟོག་བའི་བདག ་ཉིད་སྲེག་ཅེས་བྱ་བའི་དོན་ཏོ། །བསྲེགས་ཞེས་བྱ་བའི་དོན་ཅི་ཞིག་ཅེ་ན། རྣམ་པར་དག་ཅིང་དྲི་མ་མེད་པར་གནས་ཞེས་བྱ་བའི་དོན་ཏོ། །སྟོང་ཉིད་མེ་ཡིས་ངས་བསྲེགས་པར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ན་སྔོན་དུ་གསུངས་པའི་རིམ་པས ་འགྲོ་བ་གསུམ་པོ་སྟོང་པ་ཉིད་ཀྱི་མེས་བསྲེགས་པར་མཐོང་བའི་རྣལ་འབྱོར་པ་འཁོར་བ་རུ་ནི་གནས་པ་ན། འགའ་ལ་ཡང་ཆགས་མིན་ཏེ་ཆགས་པས་འཆིང་བ་མེད་ཅེས་བྱ་བའི་དོན་ཏོ། །ད་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བསྒོམ་པ་བསྟན་པའི་ཕྱིར། གང་? ་ཞེས་བྱ་བ་ལ་སོགས་བ་སྨོས་ཏེ། གང་གི་ཚེ་སྟོང་པ་ཉིད་དེ་གཉིས་སུ་མེད་པའི་སྟོང་པ་ཉིད་ལ་གནས་པ་དེའི་ཆེ་འདི་ལ་རབ་ཏུ་སྦྱོར་མིན་ཏེ། ཉོན་མོངས་བ་རབ་ཏུ་སྤྱོད་པ་མ་ཡིན་ནོ། །དེ་དག་བཀག་པའི་ཕྱིར། སྤྱོད་པ་ཡང་ཡིན་ནོ།། །བླང་བ་དང་དོར་བ་དང? ་དབྱེད་པའང་མ་ཡིན་ནོ། །སྤྱོད་ཡུལ་མིན་ན་ཡུལ་འགའ་ལ་ཡང་མི་སྐྱེ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་ཨི་རང་བཞིན་གྱིས་འཕྲ་མོར་གྲུབ་པ་ཡིན་ནོ། །དེ་མ་ཐག་ཏུ་བྱང་ཆུབ་ཐོབ་པར་བསྟན་པའི་ཕྱིར། སྟོང་པ་ཉིད་ལ་གནས ་ཞེས་བྱ་བ་ལ་སྨོས་ཏེ། དཔེར་ན་མེ་ནི་བུད་ཤིང་ལ་སོགས་པ་སྤངས་ནས་སྲེག་བའི་བྱ་བ་སྟོང་པོ། །ལྷག་མ་མེད་པ་ནི་སྒྲའི་ཐ་སྙད་ཀྱི་ཡུལ་དུ་མི་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་གཉིས་སུ་མེད་པའི་སྟོང་པ་ཉིད་ལ་གནས་ཕྱིན་ཆད་ནི་དུས་ཕྱི་ནས་ཏེ ་ཡེ་ཤེས་ཀྱི་མེས་ཉོན་མོངས་པའི་བུད་ཤིང་བསྲེགས་པ་སྤངས་ནས་དོན་བྱེད་པ་སྤོང་ངོ། །ལྷག་པ་མེད་པ་ནི་སྒྲའི་ཐ་སྙད་ཀྱི་ཡུལ་དང་རྣམ་པ་བརྟོག་པའི་ཡུལ་ལས་འདས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་བྱང་ཆུབ་ཐོབ་པའི་མཚན་ཉིད་བསྟན་པའི་ཕྱིར། དེ་ལྟར ་གྱུར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་གྱུར་བ་ནི་བྱང་ཆུབ་ཐོབ་པའི་རྣལ་འབྱོར་པའོ། །ཀུན་བརྟགས་དང་གཞན་དབང་མེད་པའི་ཕྱིར་ཐོགས་པ་མེད་དེ་ཆགས་པ་མེད་བ་ཡིན་ནོ། །རྟོག་པ་མེད་པས་ན་གོས་མེད་དོ། །གསལ་བའི་དངོས་པོ་མེད་པའི་ཕྱིར་ཆགS ་ཡོད་མ་ཡིན་ནོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བུད་ཤིང་མེད་པས་ཕྱིར་ཡང་འབྱུང་བ་མེད་ཅིང་འབང་བ་མེད་ཅེས་བྱ་བའི་དོན་ཏོ། །འབར་བ་མེད་པས་རྣལ་འབྱོར་པ་ཉོན་མོངས་པའི་བུད་ཤིང་རང་དུ་བྱས་པས་ཞི་བ་མཐོང་བ་ནི་ཐོབ་པའོ། །ཐོབ་པའི་སྒྲ་ནི ་ཐམས་ཅད་ལ་སྦྱར་རོ། །ཞི་བ་དམ་པ་ལ་གནས་པའི་ཕྱིར་ཉེར་ཞི་ཉིད་དེ། ཉན་ཐོས་ལ་སོགས་པ་ལས་བག་ཆགས་དང་བཅས་པའི་ཉོན་མོངས་པ་རབ་ཏུ་སྤངས་པའི་ཕྱིར་ཤིན་ཏུ་ཞི་བས་རབ་ཞི་ཉིད་དོ། །གཞན་རྗེས་སུ་གདུང་བ་མེད་པས་ན་བསིལ་བ ་ཉིད་དོ། །རང་གི་རྒྱུན་མི་སྲེག་པའི་ཕྱིར་གདུང་མེད་ཉིད་དོ། །ནད་ཐམས་ཅད་དང་བྲལ་བའི་ཕྱིར་རིམས་མེད་བརྗོད་དོ། །རྡུལ་གྱི་ཉེས་པ་དང་བྲལ་བའི་ཕྱིར་རྡུལ་མེད་དོ། །རྡུལ་མེད་པ་དེ་ཉིད་ཀྱི་ཕྱིར་དག་བའོ། །གཉིས་སྤངས་པས་ན་གཉིས་མེད་དོ། །འགའ་ ་ལ་ཡང་གནོད་པར་སེམས་པ་མེད་པས་གནོད་པ་མེད་པ་ཡིན་ནོ། །བདག་གི་ཞེས་བྱད་མེད་པའི་ཕྱིར་བདག་གི་མེད་དོ། །དར་འཛིན་པ་ཡོངས་སུ་སྤངས་པས་ན་ངར་འཛིན་མེད་དོ། །དེ་ཉིད་ཀྱི་ཕྱིར་སྲིད་པའི་རྒྱ་མཚོ་ཡང་དག་བརྒལ་ལོ། །གང་གི ་བདག་དང་བདག་གི་ནི་འཁོར་བར་གནས་པའི་རྒྱུ་ཡིན་ཞེས་བྱ་བའི་དོན་ཏོ། །སྐྱེ་བ་ལ་སོགས་པ་མེད་པའི་ཕྱིར་རྒ་བ་དང་འཆི་བ་དག་མེད་དོ། །བདུད་རྩིའི་གོ་ཕངས་ཉམས་སུ་མྱོང་བ་གཉིས་སུ་མེད་པའི་གོ་འཕངས ་ཐོབ་ཅེས་བྱ་བའི་དོན་ཏོ། །ཚུལ་དེ་ནི་གཉིས་སུ་མེད་པ་སྟོང་པ་ཉིད་ཀྱི་ལམ་ཐོབ་པའོ། །ཐོབ་པར་བྱ་བ་གཞན་མི་དམིགས་སོ་ཞེས་བྱ་བའི་དོན་ཏོ། །ད་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པ་བསྟན་པའི་ཕྱིར། འཁོར་བར་ཞེས་བྱ་བ ་ལ་སོགས་པ་སྨོས་ཏེ། ཉེ་བར་ལེན་པའི་ཕུང་པོ་ལྔ་ལས་བྱུང་བའི་གཞན་དུ་བྱས་པའི་འཁོར་བ་དང་བདེ་བ་དང་སྡུག་བསྔལ་གྱིས་ཞེ་སྡང་དང་འདོད་ཆགས་བྱང་ཆུབ་སེམས་དཔའ་འཆད་པ་མ་ཡིན་ཏེ། མི་འཛིན་ཏོ། །གང་གི་ཕྱིར ་ཐམས་ཅད་ཞེ་སྡང་འདོད་ཆགས་ལ་བཏང་སྙོམས་སྤྱོད། འདི་སྐད་བསྟན་པར་འགྱུར་ཏེ། འཁོར་བའི་སྡུག་བསྔལ་ལ་སྐྱོ་བ་སྐྱེས་ན་མྱ་ངན་ལས་འདས་བ་ལ་མྱུར་དུ་གཞོལ་བ་ཡིན་ནོ། །ཉོན་མོངས་པའི་བདེ་བ་ལ་ཆགས་བར ་གྱུར་ན། འཁོར་བ་ལ་གཅིག་ཏུ་གཞོལ་བར་འགྱུར་རོ། །དེ་ལྟ་བས་ནད་དག་ལ་བཏང་སྙོམས་སུ་བྱས་ཏེ། མི་གནས་པའི་མྱ་ངན་ལས་འདས་པ་ལ་སྤྱོད་ཅེས་བྱ་བའི་དོན་ཏོ། །དོན་དེ་ཉིད་བརྟན་པར་བྱ་བའི་ཕྱིར། བལྟོས་དང་བཅས་པ ་ཞེས་བྱ་བ་ལ་སོགས་སྨོས་ཏེ། བལྟོས་དང་བཅས་པ་ནི་སྐྱེ་བོ་ཐམས་ཅད་ལ་དམིགས་པ་དང་ལྡན་བའོ། །བདེ་བ་དང་སྡུག་བསྔལ་དང་འཁོར་བ་དང་མྱ་ངན་ལས་འདས་པ་དེ་ཁོ་ན་ཉིད་དུ་མཐོང་ན་འདོད་ཆགས་དང་ཞེ་སྡང་གིས་འཇིག་པ ་སྟེ། ཟད་པ་ཐོབ་བོ། །སྟོང་པ་ཉིད་མཐོང་ན་བལྟོས་པ་མེད་པ་ནི་བལྟོས་པ་སྤངས་པས་རྟག་ཏུ་འཇིག་པ་མེད་དོ། །དེ་ལྟ་བས་ནི་འཇིག་པ་མེད་པ་ནི་ཡུན་རིང་པོ་ནས་བསགས་པའི་ཚོགས་རྣམ་པ་གཉིས་ཀྱིས་མི་འགྱུར་བའི་གོང་བར ་ཐོབ་པོ། །གང་གི་ཕྱིར་འགྱུར་བ་མེད་པར་བཞུགས་ཏེ་སྒྲའི་ཐ་སྙད་ཀྱི་བག་ཆགས་ཀྱི་རྣམ་པར་རྟོག་པར་འགྱུར་བའི་སྤྲོས་པ་སྤངས་པས་འགྱུར་བ་མེད་ཅེས་བྱ་བའི་དོན་ཏོ། །མི་གནས་པའི་མྱ་ངན་ལས་འདས་པ་གསལ་བར་བསྟན་པའི་ཕྱིར། འཇིག་བ ་མེད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་འཇིག་པ་མེད་པའི་གནས་ཐོབ་པར་རྣལ་འབྱོར་པ་གྱུར་པ་དེའི་ཚེ། འཁོར་བ་འམ་མྱ་ངན་ལས་འདས་པ་འགའ་ལ་ཡང་གནས་པར་འགྱུར་པ་མ་ཡིན་ནོ། །ཅིའི་ཕྱིར་མི་གནས་ཞེ་ན། དབང་ཐོབ ་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྲིད་འཁོར་བར་གནས་ཀྱི་བར་དུ་དབང་ལ་སྒྲིབ་པའི་བག་ཆགས་སྤངས་པས་དབང་ཐོབ་ཁྱབ་བདག་དབང་སྒྱུར་ཕྱིར་མི་གནས་ཞེས་བྱ་བའི་དོན་ཏོ།། །ད་ནི་བྱང་ཆུབ་པའི་ཕན་ཡོན་བསྟན་པའི་ཕྱིར། དེ་དབང་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། དབང་ཐོབ་པའི་ཕྱིར་དེ་དབང་ངོ། །ལུས་དང་ངག་དང་ཡིད་ཐུབ་པས་ན་ཐུབ་པའོ། །ཐེག་པ་གསུམ་གྱིས་འགྲོ་བ་རྣམས་ལ་རྗེས་སུ་སྟོན་པའི་ཕྱིར་སྟོན་པའོ། །འདུལ་བའི་ཐབས་ཀྱི་ཕྱིར་བརྟུལ་ཞུགས་འཛིན་པས་ན་བྱ་བ ་བྱས་སོ། །གང་དུ་བགྲོད་པར་བྱ་བར་ཕྱིན་པའི་ཕྱིར་དེ་བཞིན་གཤེགས་བའོ། །བླ་ན་མེད་པའི་ལམ་གྱིས་ཕྱིར་མི་ཕྱིན་པའི་ཕྱིར་བདེ་བར་གཤེགས་པའོ། །དེ་ལྟར་གྱུར་པའི་གཉིས་སུ་མེད་པའི་ཡེ་ཤེས་དབང་ཕྱུག་རྣམས་འཕྲུལ་སྣང་བའོ། །ད་ནི་སྟོང་པ ་ཉིད་ཀྱི་ལམ་གྱི་ཕན་ཡོན་བསྟན་པའི་ཕྱིར། ཡུལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཕགས་པའི་ལམ་མ་ཐོབ་པས་ན་བྱིས་པའོ། །ཡུལ་ནི་འདོད་ཆགས་ལ་སོགས་པའི་ཡུལ་ལ་ཤིན་ཏུ་ཆགས་པའོ། །སེམས་ནི་མ་སྦྱངས་པ་སྟེ། མངོན་པར ་འདུས་མ་བྱས་པའི་སེམས་ཀྱིས་སྟོང་པ་ཉིད་བསྟན་པ་ཐོས་པ་ཡིས། སྙིང་ནི་གཉིས་སུ་འགས་པར་འགྱུར་ཞེས་བྱ་བའི་དོན་ཏོ། །རྒྱ་ཆེ་བའི་ཆོས་ཐོས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཐོས་པའི་རྒྱུ་དང། བཤེས་གཉེན་བཟང་པོ་བསྟེན ་བའི་རྒྱུ་དང། བྱང་ཆུབ་སེམས་དཔའ་རིགས་ཀྱི་ནུས་པའི་རྒྱུས་ཞེས་བྱ་བའི་དོན་ཏོ། །གང་དག་ཡང་འབར་བར་བྱེད་པ་ནི་བདག་དང་གཞན་གྱི་དོན་བསྒྲུབ་པའི་ཕྱིར། བརྩོན་འགྲུས་འབར་བར་བྱེད་པའི་? ་ཚུལ་ཅན་དེ་རྒྱུ་འདི་དག་གིས་དེ་ལ་སྟོང་པ་ཉིད་བསྟན་པར་ཐོས་པ་ལ་འབྱུང་པར་འགྱུར་བ་ཡིན་ནོ། །དེ་བཞིན་དུ། རྟག་ཏུ་བརྩོན་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཉིས་སུ་མེད་བའི་སྟོང་པ་ཉིད་སྟོན་པ་དང། ཉན་པ་དང་སེམS ་པ་ལ་རྟག་ཏུ་སྟེ་དུས་ཐམས་ཅད་དུ་བརྩོན་པའོ། །དེ་བཞིན་དུ་སྟོང་པ་ཉིད་བསྒོམ་པ་ལ་སྦྱོར་ལྡན་པ་ཞེས་བྱ་བའི་དོན་ཏོ། །ལམ་འདི་ལ་ནི་རྗེས་སུ་ཞུགས་པས་དེ་རྣལ་འབྱོར་བ་འགའ་ཞིག་ཐེག་པ་ཆེན་པོའི་ལམ་ལ་རྗེས་སུ་ཞུགས ་བས་རིང་པོ་མི་ཐོགས་ཆོས་རྣམས་ཀུན་སྟེ། བརྟགས་པ་རྣམས་དུས་དེ་ཉིད་དུ་བདག་མེད་པ་ནི་རྟོག་པར་འགྱུར་ཞེས་བྱ་བའི་དོན་ཏོ། །ད་ནི་ཐོས་པ་དང་བསམས་པ་ལས་བསྒོམ་པའི་ཁྱད་པར་བསྟན་པའི་ཕྱིར། ཆོས་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། ཆོས་ནི་ལམ་གྱི་མཚན་ཉིད་ཐོས་པ་དང་བསམས་པ་ཡང་མ་བསྒོམས་པས་ཆོས་ཉིད་ཐོབ་པར་མི་འགྱུར་ཏེ། གཉིས་སུ་མེད་པའི་སྟོང་པ་ཉིད་ཐོབ་པའི་རྒྱུར་མི་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །འདི་ཉིད་ཀྱི་དཔེ་བསྟན་པའི་ཕྱིར། ཆུ་ནི་ཞེས་བྱ ་བ་ལ་སོགས་པ་སྨོས་ཏེ། ཆུ་ནི་གཞོལ་འགྲོའོ། །ཐོས་པ་དང་?་མཐོང་བ་ཡིས་མ་འཐུངས་བར་ཏེ། མ་ཕྱིན་པར་སྐོམ་པ་ཇི་ལྟར་ཟློག་ཅེས་བྱ་བའི་དོན་ཏོ། །ད་ནི་བསྒོམ་པའི་རིམ་པ་རྣལ་འབྱོར་པ་ཇི་ལྟ་བུས་བྱ་བ་བསྟན་པའི་ཕྱིར། ཚུལ་གནས་ཞེས་བྱ ་བ་ལ་སོགས་པ་སྨོས་ཏེ། ཚུལ་ཁྲིམས་ཕུན་སུམ་ཚོགས་བའི་ཕྱིར་ཚུལ་གནས་པའོ། །དམ་པའི་ཆོས་ཐོས་པས་ན་ཐོས་པ་དང་ལྡན་པའོ། །འཇིག་རྟེན་ལས་འདས་པའི་ཤེས་རབ་ཐོབ་པས་ན་ཤེས་རབ་ལྡན་ནོ། །བསོད་ནམས་བྱ་བའི་དངོས་པོ ་བྱེད་པས་ན་བསོད་ནམས་ཚོགས་ནི་ཡང་དག་བསགས་སོ། །ཡུལ་རྣམས་ནི་གཟུགས་ལ་སོགས་པ་ལ་དུག་བཞིན་དུ་བལྟ་བའོ། །དེ་བཞིན་དུ་བྱ་བ་བྱས་པའི་ཕྱིར་ལུས་དང་སྲོག་ལ་ཆགས་པ་མེད་དེ་འདོད་པ་སྤངས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡང། ཅིལ ་ཡང་མངོན་པར་དགའ་མིན་ཏེ། སྲོག་ལ་མངོན་པར་དགའ་མ་ཡིན། ཞེས་གསུངས་སོ། །ད་ནི་གང་དུ་གང་གི་ཕྱིར་ཇི་ལྟ་བ་བཞིན་དུ་གོམས་པས་སྒོམ་མོ་ཞེས་བསྟན་པའི་ཕྱིར། ཁྱིམ་འམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐོག་མར་ནི་དང་པོར་ཏེ། ཁྱིམ་སྟེ་རང ་གི་གནས་སམ་ནགས་ནི་དགོན་པའོ། །བྱང་ཆུབ་སེམས་དཔའ་གང་ཞིག་སངས་རྒྱས་ཀྱི་གོ་འཕང་ལ་འཇུག་པས་ཏེ་འཇུག་པར་འདོད་པ་དེས་བདག་མེད་པའི་ཏིང་ངེ་འཛིན་ལ་དམིགས་པར་བྱའོ། །དེ་ལ་དམིགས་ནས་གང་ཟག་ལ་བདག་མེད་པ་ལ ་འཇུག་པར་རོ། །གང་གི་ཕྱིར་བློ་དང་དབང་པོ་དང་ནི་ཡིད་རྣམས་སྤངས། །ལུས་ཀྱི་བྱ་བྱེད་གལ་ཏེ་རང་དབང་བྱེད་གྱུར་ན། གང་ཚེ་བློ་སོགས་སྤངས་ན་ཆུང་ཟད་ཡོད་མིན་ཏེ། དེ་ཕྱིར་དངོས་པོ་འདི་དག་ཚོགས་པའི་བདག་ཉིད་ཡིན་ཞེས་བྱ་བའི་རིགས་པ་འདིས ་བདག་མེད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་བདག་གི་རྣམ་པར་རྟོག་པ་ཟློག་ནས་འཇིག་རྟེན་དོན་ན་གཙོ་བོར་བྱས། བདག་ཉིད་ཀྱི་དོན་དུའོ། །རང་དོན་ཞར་མཛད་ནི་གཙོ་བོ་མ་ཡིན་པར་བྱས་པའོ། །ཐུགས་རྗེའི་བདག་ནི་སྙིང་རྗེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཨོ། །འཇིག་རྟེན་དུ་ནི་སེམས་ཅན་གྱི་འཇིག་རྟེན་དུའོ། །འཁོར་བ་ལས་འདོན་པའི་ཕྱིར་དང་ཆོས་རྣམས་ནི་བདག་མེད་པ་ལ་གཞུག་པའི་ཕྱིར་རོ། །རང་བཞིན་གསུམ་གྱི་ངོ་བོ་ཉིད། སྐད་ཅིག་ཙམ་ཡེང?་སྐབས་ལྡན་ན་སྟེ། གནས་སྐབས ་ཐོབ་བའོ། །ཁྱིམ་པར་གྱུར་པ་ནི་དགོན་པལ་ལྟོས་པ་མེད་པས་ཀྱང། བསྒོམ་ཞེས་བྱ་བ་ནི་བློས་རྣམ་པར་དཔྱད་ཅེས་བྱ་པའི་དོན་ཏོ། །སྐྱིལ་མོ་ཀྲུ་ནི་བཅས་ནས་སུ་གཡོ་བ་ནི་ག.ོ་བའོ། །སྣའི་རྩེ་མོར་ཡིད་བསྡུ་བར་བྱའོ། །འདི་ལྟར་གཞན་གྱི་དབང་གི ་ངོ་བོ་གཉིས་ཏེ། གཟུང་བ་དང་འཛིན་པའི་ངོ་བོ་རྣམ་པར་སྒྲོ་བཏགས་པ་ཀུན་བརྟས་པའི་རང་བཞིན་ནི་ངོ་བོ་གཅིག་གོ། ཀུན་བརྟགས་པ་དེ་ཡང་རྟག་ཏུ་མེད་པའི་ཕྱིར་ཆོས་ལ་བདག་མེད་པར་གྲུབ་པོ། ཆོས ་ལ་བདག་མེད་པ་དེ་ཉིད་ཀྱིས་གཞན་དབང་གི་སེམས་ལ་ཡོངས་སུ་གྲུབ་པའི་རང་བཞིན་ངོ་བོ་གཉིས་པ་གསལ་བར་འགྱུར་རོ། །དེ་ལྟར་རྣམ་པར་དཔྱོད་པའི་བྱང་ཆུབ་སེམས་དཔའ་གང་གི་ཚེ་ཀུན་བརྟགས་པ་མེད་པ་དང། གཞན་གྱི་དབང ་སྒྱུ་མ་བཞིན་དུ་རང་བཞིན་མེད་པ་ཉིད་དུ་མཐོང་བ་དེའི་ཚེ། ཡོངས་སུ་གྲུབ་པའི་ཕྱིར་གཉིས་སུ་མེད་བའི་ཡེ་ཤེས་སེམས་ཅན་གྱི་དོན་གྱི་ཕྱིར་སྒོམ་ཞེས་བྱ་བའི་དོན་ཏོ། །རང་གི་གནས་སུ་ཡིད་ཀྱིས་ཆོས་ལ་དམིགས་ན་རྩེ་གཅིག་པར་མི་འགྱུར་ཏེ། ་དེའི་ཕྱིར་སྣའི་རྩེ་མོར་གཏད་པར་བྱའོ། །ཀད་ནི་དམིགས་པའི་དབང་དུ་བྱས་ནས། ལོངས་སྤྱོད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ལོངས་སྤྱོད་ནི་ཕྱི་རོལ་ལོ། །ཉེར་གནས་པ་སྟེ་གཟུགས་ལ་སོགས་པའོ། །དེ་བཞིན་དུ་ཀུན་བརྟགས་པའི་རབ་ཞིན་སྣང ་བའི་ཕྱིར་བརྫུན་ནི་མི་བདེན་པའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་བསླུ་བནི་ཡུལ་མེད་ཀྱང་དེ་ལ་འཇུག་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཇི་ལྟར་སྣང་བའི་རང་གི་སེམས་གང་དང་གང་གི་མིང་གི་སྣང་བ་དེ་དང་དེའི་མིང་གིས་དམིགས ་པ་མདུན་དུ་བྱས་ནས་ནི་སྟེ། དེ་དག་ཉེས་པ་དང་ལྡན་པར་བསྒོམ་པ་ཡིན་ཏེ། དམིགས་པ་སྤྱིར་བསྟན་པ་ཡིན་ནོ། །ད་ནི་ཁྱད་པར་བསྟན་པར་དམིགས་ཀྱིས་དགར་བའི་ཕྱིར། འདོད་ཆགས་ཤེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་འདོད་ཆགས ་ཅན་དེས་འདོད་ཆགས་གནས་ལ་ནི་བུད་མེད་ལ་སོགས་པ་རྟེན་གྱི་ངོ་བོ་མདུན་དུ་དམིགས་པར་མི་བྱའོ། །དེ་བཞིན་དུ་སྡང་བ་སྟེ། སྡང་བའི་རྒྱུ་དགྲ་ལ་དམིགས་པར་མི་བྱའོ། །གང་གི་ཕྱིར་ཉེ་བ་དང་ལྡན་པ་ལས་ཞེ་སྡང་དུ་འགྱུར་བའི་ཕྱིར་རོ། །རྨོངས ་མི་བྱ་སྟེ་གཏི་མུག་བསྐྱེད་པ་མུན་པ་དང་བཅས་པ་རྟོགས་པ་མེད་པ་མེད་པའི་རང་བཞིན་དམིགས་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །རབ་ཏུ་དགག་པའི་དངོས་པོ་ཉེ་བར་བསྟན་པ་ཚིགས་སུ་བཅད་པ་གསུམ་གྱིས་འཆད་དེ། ཆགས་པའི་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། འདོད་ཆགས་ཅན་གང་ཞིག་ཡང་འདོད་ཆགས་ཀྱི་གནས་ལ་དེ་དང་མཐུན་པར་བུད་མེད་ཀྱི་དངོས་པོ་ལ་སོགས་པ་ལ་གལ་ཏེ་དམིགས་པར་བྱེད་ན། དེའི་ཚེ་འདོད་ཆགས་ཀྱིས་གནོད་པར་འགྱུར་རོ། །དེ་བཞིན་དུ་ཞེ་སྡང་ཅན ་ལ་སྡང་བས་དང། རྨོངས་པའི་གཏི་མུག་གིས་ནི་ཉམས། གང་གི་ཕྱིར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཤིན་ཏུ་སྟེ། ཕུལ་དུ་བྱུང་བར་ཉོན་མོངས་པ་འཕེལ་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ། ཏིང་ངེ་འཛིན་ནི་མི་བསྟན་ཕྱིར། ཞེས་བྱ་བ ་སྨོས་ཏེ། གང་ཞིག་ཏིང་ངེ་འཛིན་བརྟན་པ་དེ་ལ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་ན་ནོད་པར་མི་འགྱུར་རོ། །ཡང་གང་ཞིག་ཏིང་ངེ་འཛིན་ནི་མི་བརྟན་ཕྱིར་ཏེ་ཞེས། ཐར་པ་མེད་པའི་ཕྱིར་རྣམ་པར་རྟོག་པས་ཉམས་བྱས་ནས། ཉམས་བའི་སྒོ ་ནི་དེ་དང་ངེས་ཏེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པ་ལ་དམིགས་པས་རྣལ་མའི་ཏིང་ངེ་འཛིན་སྤངས་ནས་གཞན་དག་ཉིད་ནི་འདོད་ཆགས་ལ་སོགས་པའི་གནས་སུ་གྱུར་བ་བུད་མེད་ལ་སོགས་པའི་དངོས་པོ་རབ་ཏུ་རྟོག་ཞེས་བྱ་བའི ་དོན་ཏོ། །དེ་བཞིན་དུ་རྨོངས་པའང་ཞེས་བྱ་བ་སྨོས་ཏེ། རྨོངས་པ་ནི་རྨོངས་པའི་བདག་ཉིད་གང་ཡིན་པའོ། །འདུ་ཤེས་རྨོངས་པའི་ཕྱིར་ནི་རྨོངས་པའི་རྒྱུའི་ཕྱིར་རྨོངས་པའི་དངོས་པོ་ནི་རྟོགས་པ་མེད་པའི་རང་བཞིན་གྱིས་རྟེན་ཅིང་འབྱུང་བའི་དངོས་པོ་སྤངས་ནས ་གཞན་བདག་དང་བྱེད་པ་པོ་སེམས་དཔའ་ཡིན་ནོ། །ཤིན་ཏུ་མུན་ནག་སྨག་ཏུ་ལྟུང་སྟེ་མ་རིག་པའི་མུན་ནག་ཏུ་ཤིན་ཏུ་ལྷུང་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བ་བཞིན་དུ་དམིགས་པར་བྱ་བ་དེ་བཞིན་དུ་རིགས་པ་བསྟན་པའི་ཕྱིར། མཁས་པ་ཞེས་བྱ ་པ་ལ་སོགས་པ་སྨོས་ཏེ། མཁས་པ་ནི་བློ་ལྡན་ནོ། །དམིགས་པའི་གནས་ནི་བུད་མེད་ལ་སོགས་པའོ། །བཟློག་པ་ནི་གཉེན་པོ་ཡིད་ལ་བྱེ་བའོ། །ཉོན་མོངས་ཆུང་ཟད་གོམས་པའི་ས་འདོད་ཆགས་ལ་སོགས་པའི་ཁྱད ་པར་འཕེལ་བར་འགྱུར་བ་ཡིན་ནོ། །ཇི་ལྟ་བུ་ཞེ་ན། མེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྣུམ་ནི་མར་གྱི་ཐིགས་པ་སྟེ་ཉུང་དུ་ཡིས་ཀྱང་མེ་འབར་ཞེས་འཕེལ་བར་བྱེད་པ་དེ་བཞིན་དུ་འདི་ཡང་ཞེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་གྱི་སྟོབས་ལེགས ་བར་ཐོབ་པས་ཕྱིས་འདོད་ཆགས་ལ་སོགས་པའི་གནས་ལ་མངོན་པར་ཕྱོགས་པར་བྱས་ནས་སྤོང་བ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་མཚོན་ཆའི་ཐབས་ལེགས་པར་བསླབས་པའི་མཁས་པ་དཔའ་པོ་སྟེ། གཡུལ ་དོར་སྟེ་གཡུལ་གྱི་ནང་དུ་དགྲ་པོ་རྣམས་རྟེག་པ་དེ་བཞིན་དུ་རྣལ་འབྱོར་པའི་ཏིང་ངེ་འཛིན་བསྟན་པའི་ཕྱིར། སྦྱོར་བ་ལེགས་པར་བྱས་པས་འདོད་ཆགས་ལ་སོགས་པའི་གནས་དཔའ་བའ་ཨི་དགྲ་ལས་ཏེ་དགྲ་གཞན་བཞིན་དུ་ཐབས་བདེ་བས་སྒྲུབ་པར་མི ་ནུས་པ་ལ་བསྣུན་པར་བྱ་ཞེས་བྱ་བའི་དོན་ཏོ། །འདི་ནི་ལུང་གི་ཚད་མ་ཡིན་ཏེ། མ་ལུས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་དེ་ཁོ་ན་ཉིད་གཉིས་སུ་མེད་བའི་ཡེ་ཤེས་མ་ལུས་པ་གཟིགས་པ་སངས་རྒྱས་བཅོམ་ལྡན་འདས་དེས་གསུངས་ཏེ་བཀའ་སྩལ་ཏོ། ་འདི་ལྟར་ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་བའོ། །སོགས་པ་སྨོས་པས་ནི་ཤེས་བྱ་སྟེ་གཟུགས་ལ་སོགས་པའོ། །འདི་ལྟར་དེ་ཁོ་ན་ཉིད་ཀྱི་གེགས་སུ་གྱུར་པའི་ཕྱིར་སྒྲིབ་པའོ། །དེ་ཕྱིར་འབད་བ་ཐམས་ཅད་ཀྱིས། དེ་དག་ཉིད་ནི་སྤང་བར་བྱ། ཞེས ་སྨོས་ཏེ། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་གཞོམ་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཞི་གནས་བརྟན་པས་ལྷག་མཐོང་ལ་འཇུག་པར་བྱ་བའི་ཕྱིར། བརྟགས་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནས་དེ་མ་ཐག་ཏུ་རྣལ་འབྱོར་པས་ཀུན་བརྟགས ་བ་དང་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་ངོ་བོ་སེམས་ཀྱི་སྣང་བ་དེ་དག་གསུམ་ཐོས་པའི་ཤེས་རབ་ཀྱིས་དམིགས་པར་བྱའོ། །དོན་འཛིན་ནི་ཀུན་བརྟགས་པའི་དངོས་པོའོ། །དོན་དུ་ངེས་སྣང་ནི་གཞན་གྱི་དབང་གི་ངོ་བོའོ། །དོན་རྣམས་སྟོང་པ་ཉིད་ནི་ཡོངས་སུ་གྲུབ་པའི ་ངོ་བོའོ། །ད་ནི་བསམ་པའི་ཤེས་རབ་ཀྱིས་དབྱེ་བ་དེས་བར་ཡང་བསམ་བྱ་སྟེ། འདྲེས་པ་ལ་དམིགས་པར་བྱའོ། །བསྒོམ་པའི་རང་བཞིན་གྱི་ཤེས་རབ་བརྟགས་པའི་བྲི་མ་མེད་པས་ཤེས་རབ་ཀི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ནི་དོན་དམ་པའི་རང་བཞིན་ཡོངས་སུ་གྲུབ་པ་སྒོམ ་བ་བསམ་གྱིས་མི་ཁྱབ་པ་བསམ་པར་བྱ་བནི་འབའ་ཞིག་པ་སེམས་པའོ། །ད་ནི་བརྟགས་པའི་དོན་བསམ་པར་བྱ་བའི་ཕྱིར། གང་སྣང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་སྣང་དེ་ནི་རྣམ་པར་རྟོག་པས་བརྟགས་པ་རང་བཞིན་གྱི་སེམས་དེ་ཉིད་མིན་ཏེ་དོན་དམ་པར་མཐོང་བ་མེད་དོ། །གང་ཞིག་མ་མཐོང་བ་ནི་ཡོངས་སུ་གྲུབ་པའི་རང་བཞིན་གྱི་སེམས་སོ། །དེ་དེ་བཞིན་ནི་ཕྱིན་ཅི་མ་ལོག་པ་ཞེས་བྱ་བའི་དོན་ཏོ། །དཔེར་ན་རབ་རིབ་ཀྱིས་འཁྲུལ་པའི་མིག་གིས་སྐྲ་ཤད་མེད་པ་ལ་སྐྲ་ཤད་དུ་མཐོང་བ་དེ་བཞིན་དུ་གོ་ཇི་སྐད་བསྟན་པ་དེ་ཉིད་བསྟན ་པའི་ཕྱིར། བདག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚད་མས་མ་གྲུབ་བས་ན་མི་དབེན་པ་བརྟགས་པའི་དངོས་པོ་མཐོང་ངོ། །དེ་བཞིན་དུ་ཀུན་བརྟགས་པ་འཁྲུལ་པ་ཙམ་ནི་དངོས་པོའི་རྒུ་མཚན་མེད་པ་ཞེས་བྱ་བ་ནི་རྒྱུ་མཚན་ཡོད་པ་མ་ཡིན་པའོ། །མཚན་མར་ཡང་སྟེ ་རྒུ་དང་སྐྱེ་མ་ལས་སྐྱེས་བའོ། །མཚན་མས་བཅོམ་པ་ནི་བག་ཆགས་ཀྱིས་བཅོམ་པའོ། །བག་ཆགས་ཀྱིས་ཡུན་རིང་པོ་སྟེ་དུས་ཐམས་ཅད་དུ་མཐོང་ཞེས་བྱ་བའི་དོན་ཏོ། །ད་ནི་གཞན་གྱི་རྒྱུད་ལ་འཁྲུལ་པར་བསྟན་པའི་ཕྱིར། ཀྱེ་མ་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། ཀྱི་མ་ནི་ངོ་མཚར་རོ། །འཇིག་རྟེན་པའི་མིག་བརྫུན་པའི་དབང་གིས་འཁྲུལ་པ་ཡིན། གང་གིས་རིའི་རྩེ་མོར་སྐྲ་མེད་པ་མཐོང་ཞིང། རགས་པའི་རི་བོ་མཐོང་མ་ཡིན། དེ་བཞིན་དུ་མི་སྣང་བའི་ངོ་བོ་ཀུན་བརྟགས་བ་མཐོང་ངོ། །རྣམ་པར་རིག་པ ་ཙམ་མངོན་སུམ་གྱིས་གྲུབ་པ་ནི་མི་མཐོང་ཞེས་བྱ་བའི་དོན་ཏོ། །ཕྱིའི་དོན་དུ་སྨྲ་བའི་རྒྱུ་མཚན་ཕོག་བ་ལ་གཞད་གང་དུ་བྱ་བའི་ཕྱིར། སྐྲ་ཉག་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྲ་ཉག་མུ་ཏིག་ཤིན་ཏུ་ཕྲ་བ་ལ། དེ་དག་ལ་གང ་གིས་ཕོག་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། འགྲོ་ན་འབོང་རྐྱེན་ནི་འགྲོ་བ་ན་འཕོང་རྐྱེན་བ་བསྟན་པ་གང་ལ་ཡོད་པ་ནི་འགྲོ་ན་འཕོང་རྐྱེན་ནོ། །མཚན་མ་ལ་ཕོག་ནི་ཕྱིའི་དོན་ལ་རབ་ཏུ་ཕོག་པས་གཉིས་པོ་ཡང་རྐྱེན་མ་ཡིན་ཏེ། ཕམ ་པར་བྱས་ཞེས་བྱ་བའི་དོན་ཏོ། །འདི་སྐད་བསྟན་པར་འགྱུར་ཏེ། སྐྲ་དང་མུ་ཏིག་ནི་མངོན་སུམ་གྱི་ཡུལ་ཡིན་ལ། ཕྱིའི་དོན་མངོན་སུམ་ལས་འདས་པ་ལ་ཡང་རབ་ཏུ་ཕོག་པའི་ཕྱིར། དེ་གཉིས་ལས་དེ་དག་རྐྱེན་ཡིན་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ ་བསྟན་པའི་དོན་དེ་ཉིད་རྒྱུན་དང་བཅས་པ་སྤོང་བར་བསྟན་པའི་ཕྱིར། དོན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་དོན་དུ་ལྟ་བ་ནི་ཕྱིའི་དངོས་པོར་བལྟ་བས་ཐམས་ཅད་ཀུན་བརྟགས་པ་ཁོ་ནའི་དོན་ནི་གསལ་བར་སྣང། སྣང་བ་ནི་རབ་ཏུ་སྣང་བའི ་རླུང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རླུང་གིས་བསྐྱོད་པ་ནི་རབ་ཏུ་བསྐྱོད་པའོ། །དཔའ་ཚོགས་ནི་དཔའ་རླབས་ཀྱི་ཚོགས་གང་ལ་ཡོད་པའོ། །དེ་ཉིད་ཀྱི་དཔེ་ནི་གར་མཁན་སྟེ་གར་བྱེད་པ་ལ་ཞུགས་པ་ལྟ་བུ་ཞེས་བྱ་བའི་དོན་ཏོ།། ་རི་དགས་ཆུ་བཞིན་ནི་རི་དགས་ཆུ་འདོད་པ་བཞིན་ནོ། །རྫིང་བུ་ལ་Sསོགས་པ་ནི་གནས་པའི་ཆུའི་དངོས་པོ་ཡོད་པ་ཉེ་བར་གནས་པ་ནི་ཡང་དག་པའི་ཤེས་པས་རྟོགས་ལ་མི་སྣང་ཞེས་བྱ་བའི་དོན་དེ་ཉིད་ཀྱི་དོན་གཞན་དགོད་པ་བསྟན་པ་ནི་ཡང་དག ་བ་མ་ཡིན་བརྟགས་བར་ལྟུང་ནི་དེ་ཁོ་ན་ཉིད་མ་མཐོང་བའོ། །འབད་མེད་ནི་འབད་པ་དང་བྲལ་བས་ཕལ་ཆེ་ནི་ཕལ་ཆེར་རོ། །ཡང་དག་ནི་བདེན་པ་མི་བདེན་ཅེས་བྱ་བའི་དོན་ཏོ། །འདི་སྐད་དུ་བསྟོན་པར་འགྱུར་ཏེ། རྣམ་པར་རིག་པ་ཙམ་ཡང་དག་པ ་ཡོངས་སུ་སྤངས་ནས་ཡང་དག་པ་མ་ཡིན་པའི་ཀུན་ཏུ་བརྟགས་པ་ལ་དངོས་པོར་མངོན་པར་ཞེན་ཏོ། །ད་ནི་གཞན་གྱི་དབང་དང་ཡོངས་སུ་གྲུབ་པ་བསམ་པའི་ཤེས་རབ་ཀྱིས་རྣམ་པར་དབྱད་པ་བསྟན་པའི་ཕྱིར། སེམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་སེམས་ཀུན་བརྟགས་པའི་རྣམ་པར་སྐྱེ་སྟེ། དེ་ལ་བརྟགས་བའི་བདག་ཉིད་ནི་དངོས་པོ་མེད་དོ། །གང་གི་ཚེ་རྣལ་འབྱོར་པ་དེ་ལྟར་སེམས་པ་དེའི་ཚེ།། འདི་ལྟར་རྨི་ལམ་དུ་དོན་དུ་སྣང་བ་ཡོད་པ་དེ་ལ་དོན་ཡོད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་ཕྱིའི་དོན་གྱི་རྒྱུ ་མཚན་གྱི་བག་ཆགས་ཡིན་ནོ། །ཀུན་བརྟགས་མེད་པས་གཞན་གྱི་དབང། དེ་ནས་སེམས་ཀྱི་ཐོབ་པ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ། ཉོན་མོངས་མེད་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྲིད་ཡོངས་སུ་གྲུབ་པ་ཡོངས་སུ་རྫོགས་པའི་ས་དང ་ཉེ་སྟེ། སམ་ཐོབ་པ་དེ་སྲིད་དུ་ས་བདུན་པའི་བར་དུ་གཞན་གྱི་དབང་གི་རང་བཞིན་དོན་གྱི་རྣམ་པ་ཉོན་མོངས་པ་ཅན་གྱི་ཡིད་ལ་སྣང་ཞེས་བྱ་བའི་དོན་ཏོ། །གང་གི་ཚེས་བརྒྱད་པ་ཐོབ་པ་དེའི་ཚེ། ཡོངས་སུ་རྫོགས་པ་གང་ཐོབ་པ། །རྣམ་པར་མི་རྟོག་པ་ལ་གནས ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ནི་ཡོངས་སུ་གྲུབ་པའི་ངོ་བོ། །སེམས་བློ་ལྡན་གྱིས་མཐོང་ནས་གཞན་གྱི་དངོས་པོ་ལ་འཇུག་པ་ཡིན་ཏེ། གཞན་གྱི་ངོ་བོ་ལ་མི་འཇུག་ཅེས་བྱ་བའི་དོན་ཏོ། །གང་གི་ཀུན་བརྟགས་པའི་རང་བཞིན་ཤིན་ཏུ་མེད་བའི་ཕྱིར། དེ་ཉིད ་ནི་དེའི་བདག་ཉིད་ཀུན་བརྟགས་པའི་རང་བཞིན་མི་འཇུག་ཅེས་བྱ་བའི་དོན་ཏོ། །བརྫུན་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་བརྫུན་པའི་བདག་ཉིད་མཐོང་བས་ཡང་སྟེ། ཀུན་བརྟགས་པའི་རང་བཞིན་དེ་བཞིན་དུ་ཡང་བདག་ཉིད་དང་བཅས་པ་དེའི་བདག་ཉིད ་བསྟན་པ་དེའི་ཚེ་རྨི་ལམ་བཞིན་དུ་བས་མོ། །འདི་ལྟར་རྨི་ལམ་གྱི་གཟུང་བ་དང་འཛིན་པ་ཡོད་མོད་ཀྱི་དེ་ཁོ་ན་ཉིད་མ་ཡིན་ཏེ། དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར། རྨི་ལམ་ལྟ་བུར་ངེས་ཞེས་བྱ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་རྨི་ལམ ་དང་ཆོས་མཐུན་པར་དོན་མཐོང་བ་དེའི་ཚེ། བརྫུན་པའི་བདག་ཉིད་ནི་ཀུན་བརྟགས་པའི་རང་བཞིན་དེའི་སེམས་སྐད་ཅིག་གཅིག་ལ་སྣང་མ་ཡིན་ཏེ། ཡོངས་སུ་གྲུབ་པའི་རང་བཞིན་གསལ་བར་མི་སྣང་ངོ། །གང་གི་ཕྱིར། གཉེན ་པོ་ཡིས་ནི་དགག་ཕྱིར་རོ། །ཞེས་སྨོས་ཏེ། གཉེན་པོ་རྨི་ལམ་གྱིས་དཔེས་ཀུན་བརྟགས་པའི་ཕྱིར་རོ། །ད་ནི་མཛའ་གཉིས་དང་བྲལ་བའི་ལམ་བསྟན་པའི་ཕྱིར། སྙིང་པོ་ཞེས་བྱ་བ་ལ་སོགས་བ་སྨོས་ཏེ། དེ་ལྟ་བུ་ནི་སྔར་བསྟན་པ་རིགས་པའོ། །སྙིང་པོ་འཛིན ་པ་ནི་ཡོངས་སུ་གྲུབ་པའི་རང་བཞིན་གྱི་སྙིང་པོ་འཛིན་པའི་རྣལ་འབྱོར་པས་གལ་ཏེ་མེད་པའི་མཛའ་ལ་རེག་ན་མེད་བའི་རྣམ་པར་རྟོག་པའི་གཡང་པས་སེམས་ཀྱིས་རེག་ན་དེའི་དེS་དེ་བཞིན་ཉིད་ལ་ཤིན་ཏུ་དམིགས་ཏེ། གཉིས་སུ་མེད་བའི་ཡེ་ཤེས ་ཀྱི་དར་བཞིན་ལ་དམིགས་པར་བྱ་སྟེ། དེ་དུས་ཐམས་ཅད་དུ་ཡོད་པའི་ཕྱིར་རོ། །གཞན་དུ་ན་སྐུར་པ་འདེབས་པའི་ལྟ་བར་འགྱུར་རོ། །འོན་ཏེ་ཡོད་པའི་མཛའ་ནི་ཡོད་པའི་རྣམ་པར་རྟོག་པའི་གཡེང་བས་གལ་ཏེ་སེམས་ཀྱིས་རག་ན་དེའི་ཚེ་དེ་ནི་སྤང ་བའི་དོན་ཕྱིར་ཡང་སྟོང་ཉིད་ཤིན་ཏུ་དམིགས་པར་བྱ། གང་གི་ཕྱིར་སྣ་ཚོགས་ནི་དངོས་པོ་དང་།དངོས་པོ་མེད་བའི་ལྟ་བའི་རྣཾ་པར་རྟོག་པ་སྤང་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྟོང་བ་ཉིད་བསྟན་ཏོ། །འདི་སྐད་བསྟན་པར་འགྱུར་ཏེ། དངོས་པོ་གང་ཚར་མས ་ཡོངས་སུ་མ་བཅང་པ་དེ་དགག་པའི་སྟོང་པ་ཉིད་བསྟན་པ་ཡིན་གྱི་གཉིས་མེད་པའི་སེམས་ནི་མ་ཡིན་ཏེ་།དེ་དངོས་པོ་དང་དངོས་པོ་མེད་པར་མཆོག་ཏུ་མེད་པའི་ཕྱིར་རྟག་ཏུ་དབུ་མའི་ལམ་གྱི་རང་བཞིན་དུ་གནས་པའི་ཕྱིར་རོ། །དོན་དེ་ཉིད་དཔེས ་བསྟན་པའི་ཕྱིར། རྡོ་རྗེ་སྦྱིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་འགའ་ཞིག་ལྷ་མ་ཡིན་གྱི་ཁང་པའི་སྒོ་རྡོ་རྗེ་སྦྱིན་གྱིས་ཉེ་བར་བྱུགས་པ་ནས་ཕྱོགས་གཉིས་མ་རེག་པར་ཞུགས་པ་དེ་བཞིན་དུ་རྣལ་འབྱོར་པ་ཡོད་པ་དང་མེད་པར་མི ་རྟོག་པས་རྣམ་རིག་ནི་གཉིས་སུ་མེད་བ་སྟོང་པ་ཉིད་ལ་འདྲུག་གོ་།དེ་བཞིན་དུ་འདི་ལྟར་ལྷ་མ་ཡིན་གྱི་ཁང་པར་འགའ་ཞིག་ཞུགས་པ་ནི་གལ་ཏེ་ཕྱོགས་གཉིས་ལས་གང་ཡང་རུང་བ་ཞིག་རེག་ན། དེའི་མ་རྡོ་རྗེ་སྤྱིན་གྱིས་གཟུང་བས་ནི་དེའི་ལུས ་ནི་སྲེག་པར་འགྱུར་ཏེ། ལུས་སྲེག་ན་དུས་ནམ་ཡང་འཇུག་པར་མི་འགྱུར་རོ། །དེ་བཞིན་དུ་རྣལ་འབྱོར་པ་ཡོད་པ་རང་མེད་པ་གཉིས་གང་ཡང་རུང་བ་གཅིག་གི་མཛའ་ལ་རེག་ན་རྣམ་པར་རིག་པ་ཙམ་ལ་མི་འཇུག་ཅེས་བྱ་བའི་དོན་ཏོ། །དེ་ནི་ཀུན ་བརྟགས་བ་དང་གཞན་གྱི་དབང་མཐོང་བའི་མཚན་མ་བསྟན་པའི་ཕྱིར། སྣང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྣང་བ་ཐོབ་པ་ནི་ཡེ་ཤེས་ཀྱི་སྣང་བ་ཐོབ་པའི་རྣལ་འབྱོར་པས་དེའི་རྟགས་ནི་མཚན་མ་སྟེ། མེད་ན་མི་འབྱུང་བར་ཤེས་པར་བྱའོ། །གང་དང ་མེད་ན་མ་འབྱུང་ཞེ་ན་དངོས་གྲུབ་དང་ངོ། །ཇི་ལྟར་ཀུན་བརྟགས་པ་དང་གཞན་གྱི་དབང་གཟུང་བ་ལོག་པས་ཡོངས་སུ་གྲུབ་པའི་རང་བཞིན་མངོན་སུམ་དུ་བྱེད་དེ། དེ་བཞིན་དུ་གྱུར་པའི་དངོས་གྲུབ་དང་མེད་ན་མི་འབྱུང་བའི་རྟགས་དེ་དག་ན་རྣལ་འབྱོར ་པས་ཤེས་པར་བྱའོ། །ཇི་ལྟ་བུ་ཞེ་ན། དུ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེས་སྒྲུབ་པའི་ཕྱིར་དུ་བ་མི་འཁྲུལ་བ་ལྟར་འདི་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དང་པའི་ཚིགས་སུ་བཅད་པ་གསུམ་གྱིས་ཀུན་བརྟགས་ཀྱི་རྟགས་བསྟན ་པའི་ཕྱིར། ཀུན་བརྟགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེས་ནི་ཀུན་ཏུ་བརྟགས་པའི་གཟུང་བ་སྤངས་པ་མེད་པར་བྱས་པའི་ཕྱིར་རོ། །མི་གསལ་བའི་རི་མོ་བཞིན་ནི་བསམ་གཏན་ལ་གནས་པའི་རྣལ་འབྱོར་པ་འབའ་ཞིག་མ་ཡིན་གྱི་ཇི་སྲིད་བསམ ་གཏན་ལས་ནི་ལངས་པ་ཡིས་ཀྱང་འགྲོ་བ་ཐམས་ཅད་མི་གསལ་སྣང་ཞེས་བྱ་བའི་དོན་ཏོ། །གལ་ཏེ་སྣང་བའི་དངོས་པོ་དངོས་པོ་མེད་པ་ཡིན་ན་ཇི་ལྟར་སྣང་བ་མ་ཡིན་ནམ་ཞེ་ན། དེ་ལྟར་མ་ཡིན་ཏེ། འདི་དག་ནི་ཀུན་བརྟགས་པ་རྟག་ཏུ་དངོས་པོ་མེད་པ ་སྣང་བ་དངོས་པོ་མེད་ཅེས་བྱ་བའི་དོན་ཏོ། །གཞན་ཡང་ཇི་ལྟ་བུར་གྱུར་བར་འགྲོ་བ་མཐོང་ཞེ་ན། ཟད་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཤིང་ཟད་པ་ལ་སོགས་པ་དོན་བྱེ་བ་འགའ་ཡང་མི་བྱེད་ཅིང་མི་དགོས་པ ་དེ་བཞིན་དུ་མཐོང་ངོ། །མཐོང་བ་ཞེས་བྱ་བ་ཐམས་ཅད་དུ་སྦྱོར་རོ། །རྙིངས་པ་ལྟ་བུ་ནི་འདི་ལྟར་སྣམ་བུ་ལ་སོགས་པ་བགོ་བ་ལ་སོགས་པའི་བྱ་བ་མི་བྱེད་པ་དེ་བཞིན་ནོ། །གཞན་ཡང་ཀུན་ཏུ་ཞིགས་པ་ལྟ་བུ་ཕྱོགས་ཐམས་ཅད་ནས་རྙིང ་བའི་ཁང་པ་ལྟ་བུའོ། །གྲོང་སྟོང་ལྟ་བུར་སྐྱེ་བོས་དབེན་པའོ། །དགའ་བ་མེད་པ་ནི་དགའ་བ་ནི་དགའ་བའོ། །དེ་མེད་པའི་ཕྱིར་དགའ་བ་མེད་པའོ། །ཚད་མིའི་རྟེན་མེད་པ་ནི་རྟེན་མེད་དོ། །འདི་སྐད་དུ་བསྟན་པར་འགྱུར་ཏེ། འདི་ལྟར་འདི ་དག་དངོས་པོ་མེད་པར་ཡང་མཐོང་བས་འགྲོ་བ་འདི་དག་ཀྱང་དེ་བཞིན་ཞེས་བྱ་བའི་དོན་ཏོ། །སྒྲ་ལས་བྱུང་བའི་འགྲོ་བ་ལ་ཤིན་ཏུ་སྐྱོ་བ་སྐྱོས་ཏེ། ཇི་ལྟ་བུ་ཞེ་ན། ཅི་རི་བཞིན་ཏེ་འཁོར་ལོ་ཞེས་བྱ་བའི་སྲོག་ཆགས་ཀྱི་བྱེ་བྲག་གོ། དེ་སྒྲ་འདོན་པ ་ལ་ཐོས་པ་རྣམས་སྐྱོ་བ་སྐྱེའོ། །འགྲོ་བ་ཡང་དེ་བཞིན་ནོ། །བདག་ཅེས་བྱ་བ་སྨོས་ཏེ། གཞན་ཡང་དེ་ལས་ཐ་དད་པའི་ཀུན་བརྟགས་པའི་ཆོས་མེད་པས་ན་བདག་མེད་དོ། །གང་གི་ཕྱིར་ཐ་དད་བ་ཡོད་ན་ནི་བདག་ཡོད་ན་འདི་ལྟར་ཐ་དད་པའི་རྒྱུས ་དྲུག་བ་ཡིན་ནོ། །བདག་གི་ངོ་བོ་མེད་ན་བདག་གི་བ་ཡང་མེད་དོ། །བརྗོད་བར་བྱ་བའི་དོན་མེད་པས་ན་མིང་ཙམ་འབའ་ཞིག་ཁོ་ནའོ། །ད་ནི་གཞན་གི་དབང་གི་རྟགས་ཚིགས་སུ་བཅང་བ་གཉིས་ཀྱིས་བསྟན་པའི་ཕྱིར། གཞན་དབང་ཞེས་བྱ་བ་ལ ་སོགས་བ་སྨོས་ཏེ། སྔར་ཀུན་བརྟགས་བའི་རང་བཞིན་གྱི་བདག་ཉིད་དུ་འགྲོ་བ་མཐོང་བ་ལང་ནི་གཞན་གྱི་དབང་གི་རང་བཞིན་དེ་ཉིད་དུ་འགྲོ་བ་མཐོང་ཞེས་བྱ་བར་འབྲེལ་ཏོ། །འགྲོ་བ་ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། རང་སེམས་ཞེས་བྱ་བ་སྨོས་ཏེ། ཤིང ་རྟ་ལྟ་བུ་རང་གི་སེམས་གང་ཡིན་པ་དེ་ལ་ཞོན་པ་སྟེ། གང་གི་ཕྱིར་སེམས་ལས་མ་གཏོགས་པར་ཕྱིའི་དོན་མི་དམིགས་བའི་ཕྱིར་བདག་གི་ནང་དུ་ཞུགས་ལྟ་བུར་མཐོང་ཞེས་བྱ་བའི་དོན་ཏོ། །གཞན་ཡང་ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། མིག་འཕྲུལ་ཞེས་བྱ ་བ་ལ་སོགས་པ་སོ་སོ། །མིག་འཕྲུལ་ལས་བྱུང་བའི་གླང་པོ་ལ་སོགས་པ་དེ་བཞིན་དུ་དེ་དག་སྣང་ངོ། །དེ་ཉིད་ཁོ་ན་འཁྲུལ་པ་ཙམ་དེ། དངོས་པོའི་རང་བཞིན་ནི་མ་ཡིན་ཏེ། དེ་བཞིན་དུ་མ་ལུས་མུན་པས་ཞེས་བྱ་བ་སྨོས་ཏེ། འདི་ལྟར་རྐུན་པས་བྱ་བ ་པའི་རི་མོ་མི་གསལ་བ་དེ་བཞིན་དུ་ཀུན་བརྟགས་པ་དང་གཞན་གྱི་དབང་མ་ལུས་པར་མཐོང་ཞེས་བྱ་བའི་དོན་ཏོ། །གཞན་ཡང་འགྲོ་བ་དེ་དག་ཇི་ལྟར་མཐོང་བ་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་པའི་ཕྱིར། བག་ཆགས་ཞེས་བྱ་བ་ལ་སོགས ་པ་སྨོལ?་ཏེ། བག་ཆགས་དང་བཅས་པར་ཀུན་ཏུ་བརྟགས་པ་མ་སྤངས་བས་ཀུན་ཏུ་བརྟགས་པའི་བག་ཆགས་རི་མོ་དང་འདྲ་བས་ཐམས་ཅད་བྲིས་བ་ལྟ་བུ་རུ་སྟེ་བྲིས་པ་ལྟ་བུ་རུའོ། །ཉོན་མོངས་པ་ཉིད་ཀྱི་ཁྱབ་པར་ཏེ། ཉོན་མོངས་པའི་བག་ཆགས་ཀྱིས ་མངོན་པར་ཁྱབ་པས་མཆོན་པ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་ཤིང་རྟའི་འཁོར་ལོ་ལྟ་བུར་འཁོར་ཞེས་བྱ་བའི་དོན་ཏོ། །རྨི་ལམ་གསལ་སང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་འགའ་ཞིག་རྨི་ལམ་ཤིན་ཏུ་གསལ་བར་མཚན་ཉིད་དང ་མཚན་ཉིད་ཅན་དུ་ལྡན་པར་སྣང་བསང་པའི་དུས་ན་དེ་དག་ཐམས་ཅད་མེད་པར་འགྱུར་རོ། །དེ་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་ཇི་ལྟ་བུར་གྱུར་པ་འགྲོ་བ་སྣང་ཞེ་ན། མཐོང་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་མིག་འཕྲུལ་གྱི ་སྤུལ་བའི་གླང་པོ་ལ་སོགས་པའི་དངོས་པོ་མཐོང་བ་སྐད་ཅིག་དེ་ཉིད་ལ་སླར་མི་སྣང་ངོ། །འགྲོ་བ་དེ་བཞིན་ནོ་ཞེས་བྱེ་བའི་དོན་ཏོ། །ད་ནི་ཡོངས་སུ་གྲུབ་པའི་རྟགས་བསྟན་པའི་ཕྱིར་འགྲོ་བ་དེ་ཉིད་རྣལ་འབྱོར་བས་ཇི་ལྟ་བ་བཞིན་དུ་མཐོང་བ་བསྟན་པའི ་ཕྱིར། ཡོངས་སུ་གྲུབ་པ་ཤེས་པ་ན། ཞེས་བྱ་བ་སྨོས་ཏེ། ཡོངས་སུ་གྲུབ་པའི་རང་བཞིན་ཉིད་ཤེས་པའི་རྣལ་འབྱོར་པས་འགྲོ་བ་ཇི་ལྟ་བུར་མཐོང་ཞེ་ན། ཆ་ཤས་མེད་ཅིང་ཞེས་བྱ་བ་སྨོས་ཏེ། ཀུན་བརྟགས་པའི་དངོས་པོ ་མེད་པའི་ཕྱིར་ཆ་ཤས་མེད་དོ། །ཐོག་མཛའ་མེད་པ་ནི་སྡང་བཤད་པའོ། །རྣམ་པ་དང་བྲལ་བའི་ཕྱིར་རྣམ་པ་མེད་ཅིང་ངོ། །ཐམས་ཅད་དུ་ཆགས་པ་མེད་པའི་ཕྱིར་གཟུང་དུ་མེད་དོ། །ཉོན་མོངས་པ་སྤངས་པར་གྱུར་ཅིག་སྐྱོ་བ་དང་འཚེ་བ་ལོག་པར་གྱུར་པས ་ན་སྐྱོ་མེད་འཚ་བ་ཡོད་མིན་ནོ། །དབྱིབས་མེད་པའི་ཕྱིར་རིང་པོ་མ་ཡིན་ཟླུམ་པོ་མིན་ནོ། །གཞན་ཡང་ཉི་མས་མུན་པ་བསལ་བ་གང་ལ་ཡོད་པ་དེ་ནི་ཉི་མས་མུན་པ་བསལ་བའོ། །ནམ་མཁའ་ལྟ་བུར་དྲི་མ་མེད་དེ་དྲི་མ་སྤངས་པ་ཡིན་ནོ། །གཞན་ཡང། མཉམ ་ཉིད་ཆོས་ནི་རྟོགས་པའི་ཕྱིར། །ཐམས་ཅད་མི་མཉམ་པ་དང་མཉམ། །ཞེས་བྱ་བ་སྨོས་ཏེ། མཉམ་པའི་ཆོས་ཉིད་ནི་དེ་བཞིན་ཉིད་དོ། །དེ་རྟོགས་པ་ནི་མཉམ་ཉིད་ཆོས་རྟོགས་པའོ། །མཉམ་ཉིད་ཆོས་རྟོགས་པའི་རྒྱུ་རེ་བས་ན་ཡང་འགྲོ་བ་ཐམས་ཅད་མཉམ ་པ་ཉིད་དུ་མཐོང་བ་ཡིན་གྱི་མི་མཉམ་པར་མཐོང་བ་ནི་མ་ཡིན་ནོ། །བསམ་གཏན་ལས་ལངས་པ་དེས་ཇི་ལྟར་དེ་དག་མཐོང་ཞེ་ན། ཀུན་རྫོབ་ཅེས?་བྱ་བ་ལ་སོགས་པ་སྨོས་ཏེ། རྣལ་འབྱོར་པ་དེས་ཀུན་རྫོབ་ཏུ་སྟེ། འཇིག་རྟེན་གྱི་ཐ་སྙད་དུ་ཆོས་འདི་སྣང་སྟེ། ཀུན་བརྟགS ་པའི་ཆོས་དེས་མཐོང་བར་གྱུར་པ་ཡིན་ནོ། །དམ་པའི་དོན་དུ་སྣང་བ་མ་ཡིན་ཏེ། ཡོངས་སུ་གྲུབ་བའི་རང་བཞིན་དུ་གནས་པས་ཆོས་ཉིད་མཐོང་བ་མ་ཡིན་ཏེ། དེ་དག་ཀུན་བརྟགས་པ་ཉིད་ཀྱིས་ནི་དབེན་པ་མ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་ན་ཀུན་རྫོབ་ཏུ་ཡོད ་པའི་ཆོས་རྣམས་མཐོང་བ་ད་ལྟ་ཡིན་ན་ཀུན་བརྟགས་པའི་ཆོས་རྣམས་ཡོད་པར་གྱུར་པར་ཁས་བླངས་པར་བྱའོ། །རྣམ་པར་རྟོག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀུན་རྫོབ་ཞེས་བྱ་བའི་དངོས་པོ་ནི་ཆུང་ཟད་ཀྱང་མེད་དེ། གང་གི་ཕྱིར་ཀུན་བརྟགས ་བའི་ཆོས་རྣམས་ཡོད་བ་ཉིད་དུ་གྲུབ་བར་འགྱུར་བའི་ཕྱིར་རོ། །སྒྲ་དང་རྣམ་པར་རྟོག་ལ་ནི་ཀུན་རྫོབ་ཞེས་བྱ་སྟེ། འདི་ལྟར་བློས་བརྗོད་པར་འདོད་པའི་དོན་སྒྲས་བསྟན་པ་དེ་ལ་ཀུན་རྫོབ་ཀྱི་སྒྲར་བརྗོད་དོ། །སྒྲ་དང་རྣམ་པར་རྟོག་པ་དེས་ཀྱང་བུམ་པ་ལ ་སོགས་པ་དོན་གྱི་རྣམ་པ་བསྐྱེད་པར་འགྱུར་པ་ཡིན་ནོ། །དེ་ཉིད་ཀྱིས་རྣམ་པར་རྟོགས་པ་ཀློ?་དང་སྒྲ་དང་འབྲལ་པ་དོན་དམ་པའི་བདེན་པ་ལ་བརྟེན་པ་ཀུན་རྫོབ་ཀྱི་རྣམ་པར་རྟོག་བཟློག་པར་གྱུར་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །དོན་དེ་ཉིད་བརྟན ་པར་བྱ་བའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མིང་གིས་བསྟན་དེའང་ནི་དོན་དམ་པ་ཉིད་དོ། །གཞན་རྟོགས་པའི་ཆེད་དུ་སྒྲས་དོན་དམ་པ་ཡིན་ནོ། །ཞེས་བསྟན་པ་དེ་ནི་ཀུན་རྫོབ་ཉིད་དུ་གནས་པ་ཡིན་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དོན་དམ་པ ་ནི་དེ་བཞིན་ཉིད་དེ་ནི་དོན་དམ་པ་ཉིད་དོ། །དེ་བཞིན་ཚིག་གི་དེ་ཡུལ་མིན་ཏེ། ཚིག་གི་སྤྱོད་ཡུལ་མ་ཡིན་བ་ནི་བློའི་ཡང་སྤོང་ཡུལ་མ་ཡིན་བ་ཉིད་དོ། །དོན་བཅོམ་ལྡན་འདས་?་བསྟན་པ་ཡང་ཀུན་རྫོབ་ཉིད་དུ་བསྟན་པའི་ཕྱིར། རིག་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར ་སྒྲའི་དོན་དམ་པ་ཡིན་པ་དེ་ཉིད་ཀྱི་ཕྱིར། རིག་ལ་གནས་པ་མ་ཡིན་པ་ཞེས་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་བསྟན་པའི་ཆོས་གདུལ་བྱ་རྣམས་ཀྱིས་ཁོང་དུ་མཆུད་པའི་ཕྱིར། ཐུབ་པ་སྟེ་བཅོམ་ལྡན་འདས་ཀྱིས་བསྟན་ཅིང་གསུངས་ཏེ། དོན་དམ་པའི ་བདེན་པ་ལ་བརྟེན་ནས་སྟོང་པ་ཉིད་ཐ་དད་བའི་ཆོས་རྣམས་བསྟན་ཅེས་བྱ་བའི་དོན་ཏོ། །འདི་ལྟར་གང་གི་ཚེ་རྣལ་འབྱོར་པ་ཀུན་རྫོབ་ལ་གནས་པ་དེའི་ཚེ་དེས་ཆོས་མཐོང་བར་འགྱུར་རོ། །གང་གི་ཚེ་ཡང་དོན་དམ་པ་ལ་གནས་པ་དེའི་ཚེ་ཀུན་བརྟགས་པའི་ཆོས་རྣམས་མེད ་པའི་ཕྱིར་ཆོས་དེ་རྣམས་དེས་ཇི་ལྟར་མཐོང་བར་འགྱུར་ཞེས་བྱ་བའི་དོན་ཏོ། །ཡང་ཅིའི་ཕྱིར་སེམས་ཅན་རྣམས་ཀུན་རྫོབ་ལ་གནས་པར་འགྱུར་ཞེ་ན། ཡུན་རིང་འཕེལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུན་རིང་འཕེལ་བ་ནི་ཐོག་མ་མེད་བའི་དུས་ནས ་ཀུན་རྫོབ་ཀྱི་རྣམ་པར་རྟོག་པ་ལ་གོམས་པས་སོ། །བྱིས་པ་རྣམས་ནི་རྨོངས་པ་དགའ་བ་ཉིད་དུ་གྱུར་པའོ། །སྤྲོས་ལ་སེམས་ནི་ཆགས་པས་ན་ཏེ། དོན་དམ་པ་མ་ཡིན་པ་ཀུན་རྫོབ་སྒྲ་དང་རྟོག་པ་སྟེ། ད་ལྟར་ན་ཡང་འདི་འཕེལ ་ལོ་ཞེས་བྱ་བ་ལ་ནི་འཕེལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་དག་གིས་ཕྱིའི་དོན་དུ་སྨྲ་བ་རྣམས་རྨོངས་པ་ཡིན་པར་བསྟན་ནས། རྣལ་འབྱོར་སྤྱོད་པ་པ་བྱིས་པ་ཡིན་པར་བསྟན་པའི་ཕྱིར། མཚན་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཚན་མ ་དགོད་པའི་དོན་ལ་ནི་ཏེ། རྣལ་འབྱོར་སྦྱོང་པ་པ་ནི་བག་ཆགས་ཀྱི་དབང་གི་སེམས་ཉིད་དོན་གྱི་རྣམ་པར་སྣང་གི་ཕྱིའི་དོན་ནི་མེད་དེ་དགོད་པའི་དོན་ལ་མཁས་པ་ཉིད་སུ་ཞིག་ཡིན། གང་གིས་དེ་དག་དུས་གང་དུ་ཡང། རྣམ་རྟོག་བྱ་བྲག་ཞི་མ་ཡིན། ་མི་འགྱུར་བ་ནི་གང་དཱུང་མེད། །ཞེས་བྱ་བའི་དོན་ཏོ། །ཆོས་ལ་བདག་མེད་པའི་རང་བཞིན་མཐོང་བའི་ཆོས་ལ་བདེ་བར་གནས་པའི་ཕན་ཡོན་བསྟན་པའི་ཕྱིར། བདག་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ཐམས་ཅད་བདག་མེད་བར་སག་ཇ? ་དམིགས་པས་བཏང་སྙོམས་འདྲ་བ་ཐོབ་པ་ཡིན་ཏེ། བཏང་སྙོམས་དང་བཅས་པར་འགྱུར་རོ། །དེ་བཞིན་དུ་ཀུན་བརྟགས་པའི་ཆོས་མེད་ན་གཉིད་ལོག་ལྟ་བུར་འདོད་པ་མེད་པ་ནི་གཉིད་ཀྱིས་ལོག་པ་ལྟ་བུའི་མཚན་ཉིད་དོ། །དུབ་པ་བརྟས ་པ་ལྟ་བུ་དང་སྟེ་ཀུན་བརྟགས་པ་ལ་སོགས་པའི་ལམ་ལ་ཡོངས་སུ་སྐྱོབ་བས་དུབ་པ་བལྟས་པ་ལྟ་བུར་མཐོང་ཞེས་བྱ་བའི་དོན་ཏོ། །སྟོང་པ་ཉིད་བསྒོམ་པ་དང་སྟོང་བ་ཉིད་མཐོང་བའི་ལུས་དང་སེམས་ཀྱི་བྱེད་བ་བསྟན་པའི་ཕྱིར། མིག ་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་ཆོས་ཐམས་ཅད་རང་བཞིན་མེད་པ་མཐོང་བས་མིག་ནི་འཛུམ་པར་བྱེད་མ་ཡིན་དང། མགོ་དཔངས་མཐོན་པོར་བྱེད་པ་མ་ཡིན་པ་དང། དེ་བཞིན་དུ་སེམས་དང་སེམS ་བྱུང་འགག་པར་འགྱུར་ཏེ། འཇུག་པའི་རྣམ་པར་ཤེས་པ་དང་ཚོར་བ་ལ་སོགས་པ་གཉིད་ལོག་པ་དང་འདྲ་བར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་བཞིན་དུ་མཐོང་བའི་ལམ་སྐྱེས་པས་སྒོམ་པའི་ལམ་བསྐྱེད་པའི་དགོས་པ་དང་བཅས་པ་ཚིགས ་སུ་བཅད་པ་གཉིས་ཀྱིས་སྟོན་ཏོ། །རྟགས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་དག་ཅེས་བྱ་བའི་སྡང་བསྟན་པའི་རྟགས་མཐོང་ནས། མཐོང་བའི་ལམ་གྱིས་ཆོས་ལ་བདག་མེད་པ་རྟོགས་ནས་བདག་གིས་དོན་བྱས་དེ་ཉིད་མ་ཤོང?་ཞེས ་བ་བ་ནི་འདི་ཙམ་གྱིས་དཔའ་བོས་ནི་བྱང་ཆུབ་སེམས་དཔས་སོ། །ཕྱིར་ཡང་བསྒོམ་པ་འདོར་མ་ཡིན་ནི་ཡོངས་སུ་མི་སྤོང་བའོ། །གང་གི་ཕྱིར་མཆོག་ལས་ཀྱང་ནི་མཆོག་ཡོད་ཕྱིར། མཐོང་བའི་ལམ་ལས་སྒོམ་པའི་ལམ་མཆོག་ཡོད་པའི་ཕྱིར ་རོ། །ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། དེ་ཉིད་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་ནི་བསྒོམ་པའི་ལམ་དེ་འདི་ཡིན་ནོ། །ཞེས་འགས་ཀྱང་བསྟན་པར་ནུས་མ་ཡིན་ནོ། །དེ་འདི་ཡིན་ནོ་ཞེས་གང་དཔྱད་པར་མི་ནུས་ན་དེ་ཡོད་དོ་ཞེས་ཇི་ལྟར་རྟོགས་ཞེ་ན། ་སྨྲས་པ། རྣམ་པར་རིག་པ་ཙམ་མཐོང་བས་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་སོ་སོར་རིག་པའི་ཕྱིར་རོ། །དེ་བས་ན་དེ་ཁོ་ན་ཉིད་མཐོང་པ་བསྟན་པའི་ཕྱིར། རྣམ་པར་རིག་པ་ཙམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་རིག་པ་ཙམ་ནི། སྔར ་བསྟན་པའི་རམ?་པས་སོ། །ཡོད་པ་དང་མེད་པའི་མཛའ་གཉིས་ཀྱི་དབུས་རྣལ་འབྱོར་བ་གང་གིས་མཐོང་བ་དེས་འགྲོ་བ་མ་ལུས་པ་འདི་དག་ལ་དེ་དག་ཉིད་ཕུན་སུམ་ཚོགས་པ་སྟོན་ཅེས་བྱ་བའི་དོན་ཏོ། །ད་ནི་སེམས་ཅན་གྱི་དོན་བྱེད་པ་བསྟན་པའི ་ཕྱིར། དེ་ཉིད་ཕུན་སུམ་ཚོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དང་པོར་དེ་ཉིད་ཕུན་སུམ་ཚོགས་གནས་ཏེ། ཕྱི་ནས་སྙིང་རྗེ་དང་ལྡན་ཏེ། སྙིང་རྗེ་བསྔགས་བའོ། །བདེ་གཤེགས་སྲས་ནི་བྱང་ཆུབ་སེམས་དཔའ་སྲོག་གིས་ཀྱང་སྟེ། སྲོག་སྦྱིན་པར་ ་བཏང་བའི་བར་གྱིས་སོ། །སེམས་ཅན་དོན་བྱེད་ལ་བཏང་སྙོམས་ལ་འཇོག་མ་ཡིན་ཏེ། སེམས་ཅན་གྱི་དོན་བྱེད་ཅེས་བྱ་བའི་དོན་ཏོ། །ཡུལ་ལ་ཆགས་པའི་སེམས་ཅན་གྱི་དོན་བྱེད་པ་མ་ཡིན་ནོ། །ཡུལ་རྣམས་ཞེས ་བྱ་བ་ལ་སོགས་བ་སྨོས་ཏེ། ཡུལ་རྣམས་ནི་ནོར་དང་འབྲུ་འབའ་ཞིག་མ་ཡིན་གྱི་བུ་དང་བུ་མོ་ལ་སོགས་པའི་གཞན་གྱི་ཉེ་བར་ལོངས་སྤྱོད་ཀྱང་བྱང་ཆུབ་སེམས་དཔའ་ཡུལ་རྣམས་འགའ་ལ་ཡང་མི་སེམས་ཞེས་བྱ་བའི་དོན་ཏོ། །ཡུལ་ཇི་ལྟ་བུར ་གྱུར་བ་ཞིག་ཅེ་ན། རྨི་ལམ་ཞེས་བྱ་བ་སྨོས་ཏེ་།དཔེར་ན་རྨི་ལམ་གྱི་ཡུལ་ཉེ་བར་ལོངས་སྤྱོད་པ་སད་བ་དང་ཡུལ་དུ་མི་སེམས་པ་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་ལྟུང་བ་ཐམས་ཅད་ལས་ལོག་པར་བསྟན་བའི་ཕྱིར། ་བག་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱ་ཆེ་བའི་སེམས་དང་ལྡན་པའི་མཁས་པ་གང་ཡིན་པ་དེ་དག་ཀྱང་བག་མེད་པའི་གནས་དང་ལྡན་ན་འགྱུར་བ་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ནི་ཡང་འབྱོར་པ་དང་ནི་རྒྱུད་པས་འགྱུར ་བ་ཐོབ་པར་མི་འགྱུར་རོ། །གང་གི་ཕྱིར་ཐམས་ཅད་དུ་ནི་སེམས་མཉམ་ཉིད་ཅེས་བྱ་བའི་དོན་ཏོ། །ད་ནི་བྱང་ཆུབ་སེམས་དཔའ་ཨི་མངོན་པར་ཤེས་པའི་རྣམ་པར་འཕྲུལ་བ་ཚིགས་སུ་བཅད་པ་བཞིས་བསྟན་པའི་ཕྱིར། དུས་མ་ཡིན་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། དུས་མ་ཡིན་བའི་སྤྲིན་བཞིན་ཡང། ག་ལའི?་འང་ཞེས་བྱ་བ་ནི་གནས་མ་ཡིན་པའི་ཏིང་ངེ་འཛིན་ལས་ལྡང་སྟེ། ནམ་མཁའ་ལ་གནས་བ་ནས་དེའི་དབུས་སུ་བདག་ཉིད་ཀྱིས་ནི་དེ་དང་དེ་ངོ་མཚར་རྣམ་པར་འཕྲུལ་པ་སྟོན་ཏེ། ངོ་མཚར ་ཁྱད་པར་ཅན་སྟོན་ཅེས་བྱ་བའི་དོན་ཏོ། །རྣམ་པར་འཕྲུལ་པ་ཇི་ལྟ་བུ་ཞིག་ཅེ་ན། འབར་བ་ཞེས་བྱ་བ་སྨོས་ཏེ། དུས་ཤེས་པའི་བྱང་ཆུབ་སེམས་དཔའ་དུས་གཅིག་ལ་འབར་བ་དང་ཆར་འབབ་བྱེད་སྟེ་།གདུང་བ་དང་འབབ་པ་སྟོན་པར་བྱེད་དོ?། འབར ་བ་དང་འབབ་པ་འབའ་ཤིག་མ་ཡིན་གྱི་།ས་ལ་ཡང་ནི་ཆུ་བཞིན་དུ་བྱི་ཟུལ་དུ་ནི་བྱེད་པའང་ཡིན་ཏེ་།རབ་ཏུ་སྟོན་པར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་བཞིན་དུ་རི་ལ་སོགས་ཞེས་བྱ་བ་མི་འགུལ་བའི་རོ་ཡང་འགུལ་བར་བྱེད་པའོ། །དེ་དག་ཉིད་ནི་འབྱེད ་པ་དང་།དེ་བཞིན་དུ་ལག་པས་སྡུད་པ་ཡང་སྟོན་པར་བྱེད་དེ། །གཞན་ཡང་བདག་ཉིད་ནམ་མཁའ་ལ་འགྲོ་སྟེ་དང་པའི་རྒྱལ་པོ་བཞིན་ནམ་མཁའ་ལ་སྟོན་པར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་བཞིན་དུ། སྤྲུལ་པ་ཡིས་ཀྱང་ཞེས་བྱ་བ་སྨོས་ཏེ། སྤྲུལ་པ་ནི་ཚངས ་པ་དང་བརྒྱ་བྱིན་ལ་སོགས་པའི་གཟུགས་ཀྱིས་སེམས་ཅན་རྣམས་འདུལ་བའོ། །མཐོང་དང་ཐོས་བྱེད་ནི་ལྷའི་མིག་གིས་ཐག་རིང་པོ་ནས་དངོས་པོ་མཐོང་བ་དང། ལྷའི་རྣ་བས་ཐག་རིང་པོ་ནས་སྒྲ་ཐོས་བའོ། །དེ་དག་ཐམས་ཅད་ནི་མངོན་པར ་ཤེས་པའི་རྣམ་པར་འཕྲུལ་པ་ཡིན་ཏེ། ཐེག་ཆེན་ཚུལ་ལ་སྟེ། རྣམ་པར་རིག་པ་ཙམ་ལ་བསྙེན་པ་ལ་རིགས་པ་ཡིན་གྱི། ཕྱིའི་དོན་ལ་བསྟེན་པ་ལ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་རྣམ་པར་རིག་བ་ཙམ་ལ་མི་བསྟེན་པས་མངོན་བར ་ཤེས་པ་ལ་སོགས་པ་བྱེད་པ་ཡིན་ནོ་ཞེས་བསྟན་བའི་ཕྱིར། དེ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལས་ནི་སྔར་བསྟན་པའི་རྒྱུ་ལས་སོ། །གཞན་པའི་ཕྱི་རོལ་པ་ནི་མུ་སྟེགས་ལ་སོགས་པ་དང་།གཞན་གྱི་སྒྲས་ནི་ཉན་ཐོས་ལ་སོགས་པ ་ལ་གང་ཞིག་ཅུང་ཟད་མཐོང་བས་ནི་མངོན་པར་ཤེས་པས་རྣམ་པར་འཕྲུལ་པ་མཐོང་བའོ། །དེ་ཉིད་ནི་དེ་རྣམས་སོ། །ལམ་འདི་ལས་ཡིན་གྱི་གཞན་ལས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལམ་ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། རང་གི་རོ་ལས ་འོངས་པ་སྟེ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་ཡང་དེ་དག་གི་བསྟན་བཅོས་ལ་རྣམ་བར་རིག་པ་ཙམ་གྱི་ལམ་མ་བསྟན་པས་དེ་ལྟ་མོད་ཀྱི་རང་གི་རོ་ནི་བསྒོམ་པའི་སྟོབས་གོམས་པས་ལམ་དེ་ཉིད་ལས་འདས་པ་ཡིན་ཏེ། གང་གི་ཕྱིར་ཕྱི་རོལ ་གྱི་དོན་ཁས་ལེན་པར་བྱེད་ན་མངོན་པར་ཤེས་པ་ལ་སོགས་པ་མི་འགྲུབ་པོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་དངོས་པོ་བསྟན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཆོས་ལ་བདག་མེད་པའི་ལམ་གྱིས་བཅོམ་ལྡན་འདས ་ཐམས་ཅད་མཁྱེན་པར་བསྟན་པའི་ཕྱིར། ཆུང་ཟད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས་ལ་སོགས་པ་ཐ་དད་པར་བརྟགས་པ་ངོ་བོ་གཅིག་ཏུ་བརྟག་པར་མི་ནུས་སོ། །ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས། །ཞེས་བྱ་བ ་སྨོས་ཏེ། བཅོམ་ལྡན་འདས་ཀྱིས་ཐ་དད་བའི་ཀུན་བརྟགས་པ་ཐམས་ཅད་གཟིགས་སོ། །འདི་ལྟར་རྣམ་པ་ཐ་དད་པ་བརྟགས་པ་ནི་ཀུན་བརྟགས་པ་ཐམས་ཅད་དོ། །དེ་ཉིད་ཕྱིར་ན་དངོས་གཅིག་ཉིད། །ཆོས་ཐམས་ཅད་བདག་མེད་པའི་ངོ ་བོར་གཅིག་པ་ཡིན་ཏེ། ངོ་བོ་གཅིག་པ་དེ་ཉིད་ཀྱི་རྒྱུས་གཟིགས་ཤེས་བྱ་བའི་དོན་ཏོ། །དོན་དེ་ཉིད་དཔེས་བསྟན་པའི་ཕྱིར། སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་།སྟོང་ཉིད་དོན་གཅིག་ནི་བདག་མེད་པའི་དངོས་པོ་མཐོང་བའོ། །འགྲོ ་ཀུན་དོན་ནི་གཅིག་ཏུ་མཐོང་བ་དེའི་ངོ་བོ་ཉིད་དུ་མཐོང་པར་གྱུར་པ་ཡིན་ནོ། །ཇི་ལྟ་བུ་ཉིད་དུ་ཞེ་ན། ཕྱོགས་གཅིག་ཅེས་བྱ་བ་སྨོས་ཏེ། དཔེར་ན་ཕྱོགས་གཅིག་ནས་ཆུ་འཐུངས་པས་ཆུ་ཐིགས་ཀྱི་ངོ་བོ་ཉིད་ཀྱི་རྒྱ་མཚོ་མ་ལུས་ཤེས ་པར་འགྱུར་ཏེ། རྒྱ་མཚོའི་ཆུ་ཐམས་ཅད་ངོ་བོ་གཅིག་ཏུ་ཤེས་པར་འགྱུར་རོ། །འདི་དེ་བཞིན་ཞེས་བྱ་བའི་དོན་ཏོ། །གང་ཞིག་སྟོང་པ་ཉིད་ཀྱི་ལམ་ལས་ཕྱི་རོལ་དུ་གྱུར་བས་ནི་ཐམས་ཅད་མཁྱེན་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་།དུས ་གཅིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་དད་བ་ནི་སྔོན་པོ་དང་སེར་བའི་ངོ་བོ་ཉིད་ཀྱིས་སོ། །ཡུལ་ལ་སོགས་པ་ཐ་དད་ལ་སྟེ། ཐ་དད་པའི་ཡུལ་དང་དུས་དང་ནུས་པ་ལ་སོགས་བའི་ཕྱིའི་དོན་དུ་བརྟགས་པ་རྣམས་སོ། །སྟོང་པར་མཐོང་བ ་མ་གཏོགས་པར། སྐྱོབ་པའི་ཡེ་ཤེས་འཁྲུངས་མ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཇི་ལྟར་འཁྲུངས་པར་འགྱུར། དེ་ཉིད་ཀྱི་ཕྱིར་ཆོས་ལ་བདག་མེད་པར་མ་མཁྱེན་ན་དེ་སྐྱོབ་པར་མི་འགྱུར་རོ་ཞེས་བྱ་བའི ་ཕྱིར་རོ། །ཆོས་ཀྱི་སྐུའི་ངོ་བོ་ཐུགས་སུ་མཆུད་པའི་སྐྱོབ་པས་འགྲོ་བ་གསུམ་པོ་མ་ལུས་པ་ཕྱི་རོལ་དུ་གྱུར་པ་ཇི་ལྟ་བུར་གཟིགས་ཞེ་ན། རང་ཞེས་བྱ་བ་སྨོས་ཏེ། རང་གི་སེམས་ཀྱིས་ནི་ཀུན་བཏགས་པ་ཉིད་བྲིས་པའོ། །ཕྱི་རོལ་གསལ་བའི་དབྱིབས་སུ་གནས་ཏེ། ་དབྱིབས་སྣ་ཚོགས་བཀོད་པས་མ་ལུས་པར་བསལ་བའོ། །གཞན་ཡང་ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། སྐྱེ་བ་དུ་མ་གོམས་པས་གསལ། ཞེས་བྱ་བ་སྨོས་ཏེ། སྐྱེ་བ་དུ་མར་གོམས་པའི་ཕྱིར་གསོལ་ཏེ། གསལ་བའི་ངོ་བོ་རུའོ། །འདི་ལྟར་ལན་ཅིག་མཐོང་བའི་དངོས ་པོ་གང་ཡིན་པ་གསལ་བར་མི་སྣང་སྟེ། ཇི་སྲིད་ཡང་དང་ཡང་དུ་མ་བལྟས་ཀྱི་བིར?་དུའོ། །དེ་པས་ན་དེ་ཉིད་ཀྱི་ཕྱིར་།སྲིད་གསུམ་རི་མོའི་བྱེ་བྲག་བཞིན། ཞེས་བྱ་བ་སྨོས་ཏེ། འདི་ལྟར་རི་མོའི་བྱེ་བྲག་ཁ་དོག་ཏུ་བྲིས་པས་གླང་པོ་དང་རྟ་ལ་སོགས་བའི་དབྱིབས ་བཀོད་པ་གསལ་བར་སྣང་བ་དེ་བཞིན་དུ་འདོད་བ་དང་གཟུགས་དང་གཟུགས་མེད་པའི་ཁམས་གསུམ་པོ་བྲིས་ཤེས་བྱ་བའི་དོན་ཏོ། །ཐ་དད་པའི་ངོ་བོར་འགྲོ་བ་གསུམ་པོ་མཐོང་བ་འདིས་ཁྱབ་པ་མེད་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་མི་འགྲུབ་བོ། ། ་ཆོས་ཀྱི་སྐུ་ཐུགས་སུ་ཚུང་པའི་སྐྱོབ་པས་འགྲོ་བ་གསུམ་ཇི་ལྟར་གཟིགས་ཞེ་ན། ཀུན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་སྤྲོས་པ་ནི་འགྲོ་བ་གསུམ་པོ་དེ་དྲི་ཟའི་གྲོང་ཁྱེར་ལྟ་བུར་བརྫུན་པའི་ངོ་བོར་མཁྱེན་པས་ཞེས་བྱ་བའི་དོན་ཏོ། །གཟུང་བ་དང ་འཛིན་བའི་དངོས་པོ་མེད་བའི་ཕྱིར་དངོས་པོ་མེད་དོ། །མཚོན་མ་མི་དམིགས་པས་ན་མཚན་མ་མེད་དོ། །སྐྱེ་བ་དང་འགག་བ་མེད་པས་ཟད་བ་མེད་དོ། །ཀུན་ཏུ་བརྟགས་པ་འབའ་ཞིག་གོ་སྟེ་།ཀུན་རྫོབ་ཅེས་བྱ་བའི་དོན་ཏོ། །དེ་ལྟར་ཆོས་ཀྱི་དབྱིངས ་ཀྱི་རང་བཞིན་དུ་འགྲོ་བ་གསུམ་གཟིགས་བའི་ཕྱིར་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པར་འགྲུབ་བོ། །དེ་ལྟ་བས་ན་སྟོང་བ་ཉིད་ཀྱི་ལམ་གྱིས་ཐམས་ཅད་མཁྱེན་པ་ཡིན་ནོ། །ད་ནི་ཉེ་བར་བསྡུ་བའི་ཕྱིར། འདི་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཞེས་བྱ་བ་ནི་འདི་ལྟར་གྱི་དོན་ནོ། །ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བའི་ཕྱིར་འདོད་ཆགས་ཐུལ་བའོ། །རིམ་གྱིས་བདེ་སྤྱོད་འདོད་པ་མེད་ནི་བརྟགས་པ་ལ་སོགས་པ་མེད་པའི་ཕྱིར་འདོད་པ་མེད ་ཅེས་བྱ་བའི་དོན་ཏོ། །གཞན་ཡང་ཐུབ་དབང་འདོད་པ་མ་སྤངས་པས་ནི་གང་ལ་མ་སྤངས་པ་ཡོད་པ་དེ་ནི་ཐུབ་དབང་འདོད་པ་མ་སྤངས་པ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གཉིས་སུ་མེད་པ་བསྒོམས་པས་གནས་མཆོག་གཞན་གྱི་དོན་ལྡན ་ཐོབ་སྟེ། གཞན་གྱི་དོན་བྱེད་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རིམ་གྱིས་སངས་རྒྱས་ཉིད་ཐོབ་པར་བྱ་བའི་དོན་ཏོ། །ད་ནི་སློབ་དཔོན་གྱིས་རབ་ཏུ་བྱེད་པ་འདིའི་དོན་དང་ལྡན་པའི་མཚན་བསྟན་པའི་ཕྱིར། བདེ་གཤེགས་ཀྱིས་གསུངས་ཤེས་བྱ་བ ་ལ་སོགས་པ་སྨོས་ཏེ། བདེ་གཤེགས་ཀྱིས་གསུངས་དབྱེ་བ་ནི་ཐེག་བ་གསུམ་བསྟན་པའི་རང་བཞིན་ནོ། །དེས་གྲགས་པའི་དང་ཚུལ་ཅན་ནོ། །འདི་སྐད་དུ་བསྟན་པར་འགྱུར་ཏེ་།བཅོམ་ལྡན་འདས་ཀྱིས་ཐེག་པ་གསུམ་གྱི་སྙིང་པོར་གང་ཅུང་ཟད་གསུངས ་པ་དེ་ཐམས་ཅད་འདི་ལ་ཡོད་དེ་འདི་ལྟར་།དོན་ཆེན་རྣམ་གསལ་ཚིག་གིས་རབ་སྦྱར་བ། ཞེས་བྱ་བ་ནི་རྒྱན་དད་བཅས་པའི་ཕྱིར་དོན་ཆེན་ནོ། །དོན་རྟོགས་བར་བྱེད་བའི་ཕྱིར་ན་རྣམ་གསལ་ལོ། །ཚིག་གིས་རབ་སྦྱར་བ་ནི་ཚིག་དགོད་པ་གང་ལ་ཡོད་པ་དེ ་ནི་དེ་བཞིན་དུ་འགྱུར་རོ། །ལོག་པའི་ལམ་ཞུགས་པ་ནི་ལམ་ངན་པར་ཞུགས་པ་རྣམས་ཀྱི་མི་ཤེས་མུན་པ་སེལ་བ་སྟེ། ཡེ་ཤེས་ཀྱི་སྣང་བ་བསྐྱེད་པའི་ཕྱིར་རོ། །སྣང་བའི་ཕྲེང་བའི་དེ་ནི་བདག་གིས་སྦྱར་སྟེ་།དེ་བདག་གིས ་བྱས་ཞེས་པའི་དོན་ཏོ། །ད་ནི་དེའི་ཕན་ཡོན་བསྟན་པའི་ཕྱིར་།དངོས་པོར་འཛིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོར་འཛིན་པ་ནི་གཟུང་པ་དང་འཛིན་པའི་དངོས་པོའོ། །དེ་སྤོང་བ་ནི་བཟློག་པར་བྱེད་པའོ། །དེ་བཞིན་དུ་ཀུན་བརྟགས་པའི་དངོས་པོ་མེད་པའི ་ཕྱིར་ཡུལ་གྱི་ཐོབ་པའི་ཞེན་པ་གཅོད་དེ་།གཟུགས་ལ་སོགས་པའི་ཞེན་པ་གཅོད་པའོ། །སེམས་ལ་སྣང་བ་འཕེལ་བྱེད་ནི་བྱང་ཆུབ་སེམས་དཔའ་ཨི་ཐུགས་ལ་ཡེ་ཤེས་ཀྱི་སྣང་བ་རྒྱ་ཆེར་སྐྱེད་པའོ། །ཇི་ལྟ་བུ་ཞེ་ན། ཆེན་པོར་སྟེ། དཔེར་ན་སྒྲོན་མ་ཆེན་པོ་སྤར་ན ་སྣང་བ་སྐྱེད་པ་དེ་བཞིན་དུ་སྣང་བའི་ཕྲེང་བས་ཡེ་ཤེས་ཀྱི་སྣང་བ་སྐྱེད་ཅེས་བྱ་བའི་དོན་ཏོ། །ཡེ་ཤེས་སྣང་པ་སྐྱེད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རང་གི་ལག་ན་གནས་པ་བཞིན་དུ་དེ་ཁོ་ན་ཉིད་མཐོང་བ་ཡིན་ནོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་འདི་རྒྱུར་གནས་ནི་སྣང་བའི་ཕྲེང་བ་འདིས་དེའི་རང་བཞིན་ཐོབ་པའི་ཕྱིར་རོ། །དེ་བཞིན་དུ་མངོན་པར་འདོད་པའི་དངོས་པོ་སྟེར་བའི་ཕྱིར་ཀུན་ཏུ་ཡིད་བཞིན་ནོར་བུ་ཞེས་བྱ་བའི་དོན་ཏོ། །ཀུན་ཏུ་བརྟགས་པའི་རང་བཞིན་དགག་པ་ཉན་ཐོས་རྣམས་ལ་བཅོམ་ལྡན ་འདས་ཅིའི་ཕྱིར་སྟོན་པར་མི་མཛད་ཅེ་ན། ཀུན་རྫོབ་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀུན་རྫོབ་ནི་དགོངས་པ་འགའ་ཞིག་བཅོམ་ལྡན་འདས་ཀྱི་གཟུགས་ལ་སོགས་པའི་སྐྱེ་མཆེད་བསྟན་པའི་སྒོ་བཏགས་པ་སྟེ། དེ་ཙམ་གསུངས་ལས་ཕྱི་རོལ་པ་དེ ་དག་ལ་དོན་དམ་པ་བསྟན་པས་ཅི་ཞིག་བྱ་ཉན་ཐོས་གང་ཡིན་པ་དེ་ཡང་བདེ་བར་གཤེགས་པ་ཉིད་དེ་ངེས་པའི་དོན་ནི་ཕྱིའི་དོན་ལ་དོན་དམ་པར་ཞེན་པའོ། །དེའི་མདུན་དུ་བདེ་གཤེགས་ནི་བཅོམ་ལྡན་འདས་ཀྱིས་སློབ་དཔོན་གྱི་ཆར་པ་འབྱེད་པར་མི ་མཛད་དོ། །འདི་སྐད་བསྟན་པར་འགྱུར་ཏེ། གཉིས་སུ་མེད་པའི་ཡེ་ཤེས་གསལ་བར་མི་མཛད་ཅེས་བྱ་བའི་དོན་ཏོ། །ཀོ་ཊ་བའི་ཟས་ཀྱིས་འདྲངས་ན་འབྲས་ས་ལུ་མཆོག་གིས་དགོས་པ་མེད་དོ། །གལ་ཏེ་ཕྱིའི་དོན་མེད་ན་དེ་ཇི་ལྟར་སྟོན་ཅེ་ན་།གལ་ཚེ ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀྱེ་འཇིག་པ་མེད་པ་གང་གིས་ཚེ་ཁྱོད་ཀྱིས་འཇིག་པ་མེད་པའི་བྱང་ཆུབ་ཐོབ་ནས་ཡི་གེ་ཙམ་ཡང་གསུངས་པ་མི་མངའ་སྟེ། དེ་ཚེ་ཡུན་རིང་ནས་ཉམས་ལྕགས་སྐྱོ་མེད་བ་ཡིས། ཞེས ་བྱ་བ་སྨོས་ཏེ། དེ་ཁོ་ན་ཉིད་ཀྱིས་ལམ་ཡུན་རིང་ནས་ཉམས་པ་དང་ངེས་པར་འབྱེད་པའི་སློབ་དཔོན་མེད་པའི་ཕྱིར་ལྕགས་ཀྱོ་མེད་པའི་ཉན་ཐོས་ཀྱིས། ཕྱིན་ཅི་ལོག་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་།ཅེས་བྱ་བ་ནི་ཇི་ལྟར་བཅོམ ་ལྡན་འདས་ཀྱིས་ཕྱིའི་དོན་བསྟན་བར་མཛད་ཅེས་རྫུན་དུ་སྨྲ་བ་ལ་དགོས་པ་ཅི་ཞིག་ཡོད་ཅེས་བྱ་བའི་དོན་ཏོ། །ད་ནི་རང་གི་གྲུབ་པའི་མཛའ་གཞན་ལས་སྟོབས་དང་ལྡན་པར་བསྟན་བའི་ཕྱིར་།སངས་རྒྱས་པ་དང་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། སངས་རྒྱས་པ་དང་ནི་སངས་རྒྱས་པའི་གྲུབ་པའི་མཛའ་ཨོ། །ཕྱི་རོལ་པ་རྣམས་ནི་མུ་སྟེགས་མ་རྣམས་ཀྱི་གྲུབ་པའི་མཛའ་ཨོ། །རྣམ་པར་འབྱེད་པ་གང་སྟེ་སྟོང་ཉིད་གཅིག་བུ་འདིར་ནི་མ་བསྟན་པར་ཏེ། རྣམ་པར་འབྱེད་པར་བྱེད་བ་མ ་སྨྲས་ན་དེའི་ཚེ། ཞིབ་མོའི་བློ་ནི་དཔྱོད་པར་ནུས་པའི་གློ་གང་ལ་ཡོད་པ་དེ་ཞིབ་མོའི་བློའོ། །ཞིག་པའི་བློ་ཡིས་རྣམ་པར་དཔྱད་བྱས་ན། གྲུབ་མཛའ་ཐམས་ཅད་མཚུངས་པར་འགྱུར་བ་ཡིན་ཏེ་འདྲ་བར་འགྱུར་རོ། །ཐམས་ཅད་མཁྱེན་བ་ཉིད ་དམིགས་པ་གཞན་གྱིས་མི་རིགས་ཀྱི། སྟོང་པ་ཉིད་ལ་དམིགས་པ་ཁོ་ནས་ཡིན་ནོ་ཞེས་བསྟན་པའི་ཕྱིར་།གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་།གལ་ཏེ་སྟོང་པ་དེ་ཆོས་ཐམས་ཅད་སྟོང་པ་ཉིད་བརྟགས་པ་དང་མཉམ་པ་ཉིད་མ་ཡིན ་ན་ནི་རྟགས་མ་ཡིན་ཏེ། དེའི་ཚེ་ཐ་དད་བདག་ཉིད་རྒྱུ་མཚན་སྐད་དུ་ཅིག་དག་ཏུ་སྟེ། བརྟགས་པའི་དངོས་པོ་ལ་ཐམས་ཅད་མཁྱེན་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། གང་གི་རྒྱུ་ཡིས་སྟོན་པར་འགྲུབ་པར་འགྱུར་ཞེས་བྱ་བའི་དོན་ཏོ ་གལ་ཏེ་དེ་ཁོ་ན་ཉིད་སྟོང་པ་ཉིད་ལ་དམིགས་པས་ཐམས་ཅད་མཁྱེན་པ་ཡིན་ན་རྣལ་འབྱོར་པ་རྣམས་ཀྱིས་གཞན་ལ་སེམས་ལ་དམིགས་པའི་མངོན་པར་ཇི་ལྟར་སྐྱེ་ཞེ་ན། གང་ཞིག་ཅེས་བྱ་བ་ལ་སོགས་བ་སྨོས་ཏེ་།རྣལ་འབྱོར་བའི་ཕ་རོལ ་གྱི་སེམས་ཀྱི་སྤྱོད་ཡུལ་མངོན་པར་ཤེས་པ་གྲུབ་བའི་རྒྱུའི་ཁྱད་པར་ནི་ཤེས་པའི་ང་རྒྱལ་ཡིན་ཏེ། དེ་དག་མུན་པའི་དྲི་མ་ལྷག་པ་ཡིན་པར་འདོད་ཅེས་བྱ་བ་ནི་བྱིས་པའི་སྐྱེ་བོ་རྣམས་ལས་ཤིན་ཏུ་ལྟག་པའི་ཤེས་བའི་དྲི་མ་ཡིན་ནོ། །འཆིང་བའི་རང་གི? ་ཉིད་ནི་འཁོར་བ་འཆིང་བའི་བདག་ཉིད་དུ་བདག་གིས་ཤེས་སོ། །གང་གི་ཕྱིར་བྱིས་ལ་ཇི་ལྟར་གནས་པ་བཞིན་ནི་བདག་མེད་པའི་ལམ་མ་ཐོབ་པས་ཕྱིའི་དོན་དུ་མངོན་པར་ཞེན་པ་ལ་དེ་དག་ཐམས་ཅད་གནས་སོ། །ཇི་སྐད་བསྟན་པའི་དོན་དེ་ཉིད་དཔེས་སྤྲོས ་ནས་བསྟན་པའི་ཕྱིར་།གང་ཞིག་ཀུན་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་ཀུན་ནི་རྣམ་པ་ཐམས་ཅད་དུ་ལོང་པའོ། །དེ་བཞིན་དུ་གཞན་རབ་རིབ་ཅན་གཉིས་པོ་དག་ལས་སྔ་མ་མཆོག་ཡིན་ཏེ། ཤིན་ཏུ་མཆོག་ཡིན་ནོ། །གང་གི་ཕྱིར་བདག་ནི ་ཡོད་བ་ཡིན་ཞེས་བྱ་བ་ནི་བདག་གི་ང་རྒྱལ་ལོ་ཞེས་བདག་གི་བའི་ང་རྒྱལ་ལོ། །ང་རྒྱལ་གྱིས་སྟོང་ནི་བདག་དང་བདག་གི་ང་རྒྱལ་གྱིས་སྟོང་པའོ། །ཡང་གང་འབྲས་བུ་མེད་པ་སྟེ་།སྙིང་པོ་མེད་པའི་མིག་གོ་།རབ་རིབ་ཀྱིས་མཐོང་བ་དེ་ནི་བདག་དང་བདག་གི་ང་རྒྱལ ་གྱིས་སྟོང་པ་མ་ཡིན། །དེ་བཞིན་དུ་ཆོས་ལ་བདག་མེད་པའི་རྣལ་འབྱོར་པ་དང། ཕྱིའི་དོན་དུ་མངོན་པར་ཞེན་པའི་རྣལ་འབྱོར་པ་བལྟ་བར་བྱའོ། །སྐྱོན་དང་ཡོན་ཏན་མི་ཤེས་པར་དེ་ཁོ་ན་ཉིད་ཐོབ་པར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར་།གང་ཞིག་ཅེས་བྱ་བ་ལ་སོགS ་པ་སྨོས་ཏེ། གང་ཞིག་དང་སྐྱོན་གྱི་ངོ་བོར་མི་ཤེས་པ་སྟེ། ཉེས་པའི་རང་བཞིན་ཕྱིའི་དོན་དུ་མངོན་པར་ཞེན་པ་སྐྱོན་དུ་མི་ཤེས་སོ། །དེ་བཞིན་དུ་ཡོན་ཏན་གཉིས་སུ་མེད་པའི་ཡེ་ཤེས་མི་ཤེས་པའི་ཕྱིར་རོ། །དགེ་བའི་བཤེས་གཉེན་རྣམས་ལ་གུས་པར་བྱེད་མ་ཡིན ་དེ་དག་གིས་དེ་ཁོ་ན་ཉིད་རོ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རོ་ཇི་ལྟར་འཐུང་བར་འགྱུར་ཞེས་བྱ་བའི་དོན་ཏོ། །ཡང་རྒྱ་ཆེ་བའི་བདག་མེད་པའི་ལམ་ལ་ཇི་ལྟར་འཇིག་རྟེན་མ་རྨོངས་བར་གྱུར་ཅེ་ན་།ནམ་མཁའ་ཨི་དཀྱིལ ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནམ་མཁའ་ཨི་དཀྱིལ་དུ་བྲིས་པ་ལྟ་བུའི་བརྟགས་པའི་དངོས་པོ་འབྱེད་པ་ལ་མཁས་པ་སྟེ་།དེ་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམ་པར་འབྱེད་པ་ལ་མཁས་པ་ཞེས་བྱ་བའི་དོན་ཏོ། །གཞན་ཇི་ལྟ་བུར་གྱུར ་གྱུར་བ་ཞིག་ཅེ་ན་།དངོས་བོའི་ཞེས་བྱ་བ་ལ་སོགས་བ་སྨོས་ཏེ། ཆོས་རྣམས་ནི་དེ་བཞིན་ཉིད་ཀྱི་ངོ་བོ་སྤྱིའི་མཚན་ཉིད་སྤངས་ནས་།སྔོན་པོ་ལ་སོགས་པའི་རྣམ་པ་ཕྱི་རོལ་གྱི་དངོས་པོའི་ཁྱད་པར་བྱེ་བྲག་སྟོན་པའི་བརྩོན་འགྲུས་ཅེ་ན་ཞེས ་བྱ་བའི་དོན་ཏོ། །ཀྱེ་མ་ཐོག་མར་སྤྲོས་བ་ཐོབ་པའི་འཆད་པ་བོས་ཏེ། དེ་ལྟར་འདས་པའི་འཆད་པ་བོས་ད་ལྟར་གྱི་འཆད་པ་པོ་སྤྲོས་པར་བྱེད་དོ། །དེའི་ཚེ་དེ་དག་བདག་མེད་པའི་ལམ་ལ་མི་མོས་སོ་ཞེས་བྱ་བའི་དོན་ཏོ། །གང་ཞིག་ཀུན་བརྟགས་པ་དོན་དམ ་བར་མེད་པར་མི་འདོད་པ་དེ་དག་གིས་འདི་ཡང་མི་སྲིད་བ་ནི་མ་ཡིན་ཞེ་ན་།ཚུ་ནང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆུའི་ནང་དུ་སྤྲུལ་ཞུགས་པ་རྗེས་མཐོང་བ་དང་།དེ་བཞིན་དུ་ནམ་མཁའ་ཨི་མེ་ཏོག་ཕྲེང་བས་རབ་ཏུ་རྒྱན་བྱེད་དང་།གཞན་ཡང་རྒྱུ ་སྤུན་མེད་པའི་སྣམ་བུ་འཐག་པར་བྱེད་པ་ནི་བྱེད་པ་པོའི་དངོས་པོ་བྱེད་པ་འཇིག་རྟེན་རྣམས་ལ་ཇི་ལྟར་ངོ་ཚ་མི་ཤེས་འགྱུར་ཞེས་བྱ་བའི་དོན་ཏོ།། འདི་སྐད་བསྟན་པར་འགྱུར་ཏེ། འདི་ལྟར་དེ་ལྟར་དེ་དག་མི་ཤེས་བཞིན་དུ་ཀུན་བརྟགས ་པོའི་དངོས་པོ་མེད་པར་གྱུར་པ་ཡོད་བའི་དངོས་པོར་སྟོན་པར་བྱེད་ཅེས་བྱ་བའི་དོན་ཏོ། །ད་ནི་བཅོམ་ལྡན་འདས་ཀྱི་གསུང་རབ་མུ་སྟེགས་པའི་གཞུང་ལས་ཡིད་འཕྲོག་པར་བསྟན་པའི་ཕྱིར་།སུན་འབྱིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་།ཡང ་གང་ཞིག་ཐུབ་པའི་དབང་པོའི་གསུང་ལ་གུས་སྤངས་ནས་སུན་འབྱིན་འདོད་པ་གང་ཞིག་འཛིན་བྱེད་པ་སྟེ། འཛིན་པོར་ཞུགས་ཞེས་བྱ་བའི་དོན་ཏོ། །ཤིན་ཏུ་མངར་བ་མྱངས་ནས་ཁ་བའི་རོ་བཞིན་ནི། མུ་སྟེགས་ཀྱིས་བསྟན་པའི་ཚིགས་རྣམས་ལ་རྗེས་སུ ་ཆགས་མ་ཡིན་ཏེ་།རྗེས་སུ་མི་འདྲང་ཞེས་བྱ་བའི་དོན་ཏོ། །ཐེག་པ་ཆེན་པོ་ཐེག་པ་གཞན་ལས་མཆོག་ཏུ་བསྟན་པའི་ཕྱིར་།ཁྱད་པར་ཞེས་པ་ལ་སོགས་པ་སྨོས་ཏེ། ཁྱད་པར་འཕགས་པའི་བུད་མེད་ནི་གཟུགས་དང་ལྡན་པའི་གཞོན་ནུ་མའོ། །འདོད ་པ་ནི་དེ་འདོད་པའོ། །གསལ་བའི་རིགས་རྒྱུད་དབང་ཕྱུག་ནི་རིགས་རྒྱུད་དག་པ་ལས་བྱུང་བའི་རྒྱལ་པོ་ཁྱིམ་འདོད་པ་སྟེ། ཡུན་རིང་པོ་ནས་འདོད་པའོ། །གླང་པོའི་ཁྱུའི་གཙོ་བོ་ནི་གླང་པོའི་མཆོག་སྤངས་ནས་དམན་པའི་བཞོན་པ་སྟེ། ་བུའི་བཞན་བས་སྐྱེས་བུ་སུ་ཞིག་འགྲོ་དེ་བཞིན་དུ་ཁྱད་པར་དུ་འཕགས་པའི་བུད་མེད་ལྟ་བུ་བླ་ན་མེད་པར་ཡང་དག་བར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པས་ཐེག་པ་ཆེན་པོ་སྤངས་ནས་ཅི་ཉན་ཐོས་ཀྱི་ཐེག་པ་ལ་བརྟེན་པར་བྱ་བ ་ཡིན་ནམ། སྔོན་གྱི་སློབ་དཔོན་དགེ་སློང་ནི། །དགའ་བ་སྤངས་པས་མཛད་པ་ཡི། །རབ་ཏུ་བྱེད་པ་དཀའ་འགྲེལ་གྱིས་།།རྟོགས་དཀའ་ཡིད་ནི་དགའ་བྱེད་མིན། །དེ་གཞུང་ཆུང་ཟད་གཟུང་ནས་ནི། །མཁས་པ་ཡིད་ནི་དགའ་བསྐྱེད ་པ། །དོན་གསལ་བ་ཡི་དཀའ་འགྲེལ་འདི། །བདག་གིས་ཡང་དག་སྦྱར་བ་ཡིན། །བདག་གིས་ཆུང་ཟད་འདི་བྱས་པའི། །བསོད་ནམས་བསགས་པ་གང་ཡོད་པ། །དེ་ཡིས་མ་རིག་སྡོངས་པའི་བློ། །ལུས་ཅན་ཡེ་ཤེས་སྣང་ཐོབ ་ཤོག། སྣང་བའི་འཕྲེང་བ་ཞེས་བྱ་བའི་དཀའ་འགྲེལ་ཡིད་དགའ་པ་བསྐྱེད་པ་ཞེས་བྱ་བ། དགེ་བསྙེན་བཙུན་པ་ངོ་བོ་ཉིད་མེད་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་བོ་ཀུ་མཱ་ར་ཀཱ་ལ་ཤ་དང་།དགེ་སློང་ཤཱཀྱ་འདི་ཀྱིས་བསྒྱུར།། །། ་