CLOSE WINDOW

N4664: snang ba'i phreng ba zhes bya ba'i rab tu byed pa
Wyliee-texts based on the ACIP/ALL Input

སྟེང་ཁྱབ་པར་གནས། །འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ཞེས་བྱ་བ། ཤཱཀྱའི་དགེ་སློང་པཎྚི་ཏ་གནས་བརྟན་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་མཛད་པ།། །། ་སྣང་བའི་ཕྲེང་བ་ཞེས་བྱ་བའི་རབ་ཏུ་བྱེད་པ་བཞུགས། །རྒྱ་གར་སྐད་དུ། ཨཱ་ལོ་ཀ་མཱ་ལ་པྲ་ཀ་ར་ཎ་ནཱ་མ། བོད་སྐད་དུ། སྣང་བའི་ཕྲེང་བ་ཞེས་བྱ་བའི་རབ་ཏུ་བྱེད་པ། །མི་ཤེས་གསུམ་ནི་སྤང་བའི་ཕྱིར། །རང་བཞིན་གསུམ་ནི་བསྒོམས་པ་ཡིད ་གང་གིས་སེམས་ཙམ་དུ་གསུངས་པ། །ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །སྲེད་གསུམ་མཛའ་དུ་བྱོར་པས་སྤྲོས་གསུངས་པ། །བསྡུས་ནས་སེམས་ཀྱི་རྣམ་པར་རྟོགས་པ་ཙམ། །གལ་ཏེ་དེ་དག་སེམས་ལས་མ་ལུས་སྤངས། །ཡང་སྲིད་འཆིང་བའི ་སྐྱེ་བ་ཡོད་མ་ཡིན། །སྲིད་དང་ཐར་པ་ཡོངས་ཤེས་པས། །དེ་སྤངས་ཐོབ་པའི་འབྲས་བུ་འབྱུང། །བློ་གྲོས་བཟང་པོ་ཐམས་ཅད་ནི། །ནང་སེམས་པ་ལ་བརྩོན་པ་ཡིན། །འདོད་ཆགས་ལ་སོགས་དྲིད་བཅས་སེམས། །འཁོར་ཡིན་དེ་ལས་དབེན་པ ་ཉིད། །སྒྲིབ་པ་སྤངས་པའི་རྒྱལ་བ་ཡིས། །བསྡུས་ནས་ཐར་བ་ཡིན་པར་གསུངས། །འདོད་ཆགས་ཞེ་སྡང་གཏི་མུག་ནི། །ལུས་ཅན་རང་སེམས་རྟོག་པ་ཡིན། །གང་ཞིག་ཆོས་ནི་གཞན་དག་ཀྱང། །བྱིས་པས་བརྟགས་པ་རྫུན་བདག་ཉིད། །དམ་པའི ་དོན་གྱི་རྟོག་པ་ལའང། །མཁས་པ་དེ་ཡིས་གནས་མི་བྱ། །དགེ་བ་འམ་མི་དགེ་བ་ཡི་ཡང། །རྟོག་ལ་བྱེ་བྲག་ཅི་ཞིག་ཡོད། །རྟེན་གྱི་དབྱེ་བ་ལ་བརྟེན་པའི། །མེ་སྲེག་ཉིད་དུ་བྱེ་བྲག་མེད། །ཙན་དན་གྱི་ནི་མེ་འདིས་ཀྱང། །རེག་པ་ཙམ་གྱིས་སྲེག་པ ་ཉིད། །རྣམ་པར་རྟོག་པ་ཆུང་དུ་ཡང། །ཐམས་ཅད་ཉིད་དུ་སྤངས་པར་བྱ། །འཁྲུལ་བའི་ངོ་བོ་རྣམ་རྟོག་གིས། །སེམས་ནི་མངོན་པར་བསླད་པ་ཡིན། །འཁྲུལ་པ་ཡང་ནི་མ་དག་ཕྱིར། །མིག་འཕྲུལ་གྱི་ནི་རྣམ་འཕྲུལ་ཡིན། །མིག་འཕྲུལ་ཡང་ནི ་ཤེས་བྱ་སྟེ། །སེམས་ཀྱི་ཡང་རྣི་རྣམ་འཕྲུལ་ཡིན། །དེ་ཕྱིར་སེམས་ཀྱི་དེ་དང་དེ། །འཁྲུལ་པར་གཉིས་སུ་མེད་པར་བལྟ། །དབུ་མའི་ལམ་ནི་དེ་ཉིད་དེ། །དེ་ཉིད་ཆོས་ཀྱི་བདག་མེད་པ། །ཡང་དག་མཛའ་ཡང་དེ་ཡིན་ཏེ། །དེ་ཉིད་དེ་བཞིན་ཉིད་སྟོང་ཉིད། །མཉམ ་ཉིད་དེ་ཉིད་དེ་གྲོལ་ཉིད། །དེ་ཉིད་རྣམ་པར་རིག་ཙམ་ཉིད། །ཆོས་ཀུན་ནང་དུ་ཆུད་པའི་ཕྱིར། །རིང་བ་མ་ཡིན་ཉེ་བའང་མིན། །དེ་ཉིད་རྟོགས་པར་དཀའ་བས་ན། །འདི་ཡི་ངོ་བོ་དཔྱད་མི་ནུས། །རང་རིག་དེ་ཡང་ཕྲ་བའི་ཕྱིར། །སངས་རྒྱས་རྣམས་ཀྱིས་ཕྲ་བ ་གཟིགས། །རང་ལ་གནས་ཀྱང་བདག་འདྲ་བས། །རྩིང་བའི་ཕྱིར་ནི་མཐོང་བ་མེད། །ནམ་ཡང་རྣལ་འབྱོར་རིག་པ་ཡིན། །ཐར་པ་རིང་སྙམ་མི་བསམ་སྟེ། །བརྟགས་པའི་ངོ་བོས་སྟོང་པ་ཉིད། །རང་དངོས་མཐོང་བས་མྱ་ངན་འདས། །ཉི་ཆུ་རབ་རིབ་རྨི་ལམ་དང།། ་དྲི་ཟའི་གྲོང་ཁྱེར་ལ་སོགས་པ། །འཁྲུལ་པ་ཡིས་ཀྱང་དགོས་བྱེད་དེ། །འཁྲུལ་པ་གཞན་དག་བཟློག་ཕྱིར་རོ། །ཡུལ་དུ་ཀུན་བརྟག་དེ་དང་དེས། །སད་པ་འཁྲུལ་པའི་བདག་ཉིད་ཀྱི། །རྨི་ལམ་བསྟན་པའང་དེ་ཡི་ཤུགས། །མི་ཟད་ཕ་ཡི་བག་ཆགས་དུག་།ེ་མ ་རྫུན་པའི་རྣམ་རྟོག་གི་།རྒྱུན་ནི་ཤིན་ཏུ་མཐུན་པ་སྟེ། །རྨི་ལམ་ལས་ཀྱང་རྨི་ལམ་གཞན། །ཆུ་བུར་སྟེང་དུ་ཆུ་བུར་བཞིན། །ཡང་དག་མ་ཡིན་དོན་སྣང་བས། །ཡང་དག་དོན་ནི་བསྒྲིབས་ནས་གནས། །མ་རིག་པ་ཡིས་བསྐྱེད་པ་ཉིད། །མིག་སེར་ནད་ཀྱིས ་བཏབ་པ་བཞིན། །ཐ་དད་མིན་པའང་ཐ་དད་དང། །ཕྱི་རོལ་མིན་པའང་ཕྱི་རོལ་ཏུ། །ཡུལ་གྱི་རྣམ་པའི་རྙོག་པ་ཡིས། །སེམས་ནི་རྣམ་པ་དུ་མར་སྣང། །ཉི་མ་ཟླ་བ་ནམ་མཁའ་དང། །སྐར་མའི་ཚོགས་དང་ས་རྣམས་དང། །ཆུ་བོའི་རྒྱ་མཚོ་ཕྱོགས་དང་རི། །འདི ་དག་སེམས་ཀྱི་སྤྲུལ་པའོ། །སྲིད་པའི་རྩེ་མོས་ཡོངས་བཅད་པ། །ཁམས་གསུམ་པོ་ནི་འདི་དག་པར། །ཇི་ལྟར་སྣང་བ་འདི་ཐམས་ཅད། །རྣམ་ཤེས་དུག་གི་ཐིག་ལེ་ཡིན། །གལ་ཏེ་སྣང་ན་ཇི་ལྟར་མེད། །སྣང་བ་ཇི་ལྟར་མེད་དངོས་ཡིན། །སྣང་ཕྱིར་ཡོད་པ། ་སྣང་མ་ཡིན། །ཅིག་རྨི་ལམ་མི་སྣང་དམ། །ལྷག་པའི་དྲི་མ་སྐྱེས་པ་ཡིས། །རང་གི་ངོ་བོ་ངེས་རྟོགས་བསྒྲིབས། །གཞན་གྱི་ངོ་བོ་སྣང་བ་སྡེ། །བློ་རྣམས་ཤེལ་དང་འདྲ་བ་ཡིན། །རང་བཞིན་ཉིད་ནི་མི་སྣང་བའང། །དུས་ཀྱིས ་བསགས་པ་ཐོབ་པ་ཡིས། །འདུ་བྱེད་བག་ཆགས་ཀྱིས་བསྒོམས་པས། །རྣམ་པར་རྟོགས་པ་སྣང་བར་འགྱུར། །སེམས་ནི་རྣམ་པར་བསླང་པའི་ཕྱིར། །གཅིག་ཉིད་གཉིས་སུ་སྣང་བ་ཡིན། །གཟུང་དང་འཛིན་པའི་དབྱེ་བ་ལ། །ཤིན་ཏུ་མཁས་པ་ཅིས་མ ་ཡིན། །གཟུང་བའི་རྣམ་པ་མི་གཡོའི་ཕྱིར། །ཕྱི་རོལ་ལྟ་བུ་ཉིད་དུ་གནས། །འཛིན་པའང་སྲོག་དང་བཅས་པའི་ཕྱིར། །ནང་ནི་གཡོ་བ་ལྟ་བུ་ཉིད། །འདིར་ནི་ཕྱི་ནང་ཅུང་ཟད་མེད། །ཕན་ཚུན་དག་ནི་གྲུབ་པའི་ཕྱིར། །བར་ན་མ་ཡིན་མེད་མིན་ཏེ། །སེམས ་ཙམ་དུ་ནི་གནས་ཕྱིར་རོ། །དབང་པོའི་གྲོང་དུ་འདོད་ཆགས་མེད། །དོན་རྣམས་ལ་མིན་སེམས་ལ་མིན། །བདག་ལ་གནས་མིན་གཞན་གནས་མིན། །དེ་ནི་ཡོད་མིན་མེད་པའང་མིན། །མ་བརྟགས་འབྲེལ་བའི་རྒྱུ་ཡིས་ནི། །སེམས་ནི་འཁྲུལ་པར་གྱུར ་ལས་ཡིན། །གལ་ཡི་ཡང་སྦྲིན་ནང་ནས། །གནམ་ལྕགས་འབབ་པར་འགྱུར་བ་བཞིན། །དེ་བཞིན་ཞེ་སྡང་གཏི་མུག་དང། །ཉོན་མོངས་རིགས་གཞན་གང་ཡིན་པའང། །ཁམས་གསུམ་དུ་ནི་ཁྱབ་བྱེད་པ། །རྟོག་པའི་དུག་ལས་ཀུན་ཏུ་བྱུང།། ་རྟོག་པ་ཡང་ནི་གཞི་མེད་པ། །ཡང་དག་ཉིད་དུ་ཡོད་མ་ཡིན། །འགའ་ཡིས་མེ་ལྕི་འབར་བ་ནི། །ནམ་མཁའ་ལ་མཆེད་མཐོང་དམ་ཅི། །མི་སྡུག་ལ་སོགས་གཉེན་པོའི་ཕྱོགས། །ཐུབ་པའི་དབང་པོས་གསུངས་པ་ནི། །དུག་ཟིན་དོགས་པ་ཞི་བའི ་ཕྱིར། །མཁས་པས་རྫུན་གྱི་སྔགས་བཞིན་ནོ། །ཀུནད་ཟླ་བ་བད?་སོགས་མེད། །བཤད་སོགས་མེད་ཅིང་དངོས་ཡོད་མིན། །སང་བའི་སྐབས་ཀྱིས་བུད་མེད་ལུས། །རྨི་ལམ་གྱི་ནི་སྐབས་བཞིན་ནོ། །འདོད་ཆགས་དང་ནི་ཆགས་བྲལ་ཉིད། །དེ་ལྟར ་ཤེས་ན་གཉི་ག་རྫུན། །འགའ་ཞིག་འཆང་བ་ཕྱེ་བ་ལ། །ཆགས་པ་མ་ཡིན་དགས་མེད་མིན། །གང་ཞིག་ཆགས་དང་བྲལ་བ་ངེས། །སླར་ཡང་ཆགས་སྐྱེ་ཐེ་ཚོམ་མེད། །དེ་ཕྱིར་འདོད་སྤོང་དོན་གཉེར་བས། །ཆགས་བྲལ་ལ་ཡང་བརྟེན་མི་བྱ། །ེ་མའོ་འཇིག ་རྟེན་ལས་འདས་པའི། །ལམ་འདི་རྣམ་པར་དབེན་པ་ཉིད། །གང་ཞིག་གཞན་གྱི་ཚིག་བདེན་ན། །དེ་ཉིད་ཁོ་ནས་ཚིག་འདི་བརྫུན། །གནོད་པ་བྱེད་ལ་བདེན་པ་ཡང། །གང་ཞིག་སྨྲ་བར་བརྫུན་པ་ཉིད། །བདེན་དང་བརྫུན་པར་ཅི་ཞིག་དངོས། ། ་གང་ཞིག་གཞན་དོན་བྱེད་དེ་བདེན། །བདེན་པ་བདེན་བའི་ཡེ་ཤེས་ནི། །མཁས་པས་བདེན་པར་གསུངས་པ་ཡིན། །བདེན་པ་བརྫུན་པར་མཐོང་བ་ཡིས། །བདེན་པ་ལ་ན་གནས་མི་བྱ། །བྱིས་པའི་འཇིག་རྟེན་རྣམས་ཀྱིས་ཚིག། བདེན་པ་ལས་ནི་བརྫུན ་བ་མཆོག། ཐོབ་བློ་དེ་ཉིད་མིན་པའི་ཕྱིར། །ཐམས་ཅད་མཐར་ནི་དེའི་བདག་ཉིད། །དངོས་པོ་གང་གང་རྣམ་བརྟགས་པ། །དེ་དག་ཐམས་ཅད་བརྫུན་པ་ཡིན། །དེ་བདེན་དེ་ནི་ཡང་དག་མཛའ་། །གང་ཞིག་མ་བརྟགས་དེ་ཉིད་ཡིན། །ེ་མའོ་སྐྱེས ་བུ་མ་དུལ་བ། །དེ་ཉིད་ཕྱིར་ནི་གནས་མེད་པས། །སྒྲུབ་པ་དང་ནི་སུན་འབྱིན་པས། །ཇི་ལྟར་མོས་བའི་དོན་དུ་འཇོག། ཐེག་པ་ཆེན་པོ་མི་ཤེས་པས། །བླུན་པ་ཉིད་ནི་ལེགས་པ་ཡིན། །ལམ་ནོར་བ་ལས་འཕྱེའོ་ཉིད། །མགྱོགས་པ་མ ་ཡིན་རིང་ཕྱིན་བརླག་།གང་དག་ཐེག་པ་ཆེ་ལ་གུས། །དེ་ནི་བདེ་བར་གཤེགས་པ་པ། །རབ་སྡེ་གཞན་དག་སྨན་ལ་གཞོལ། །ལམ་མིན་གཡང་སེར་འཁོར་ཕྱིར་རོ། །སེམས་ནི་ཡང་དག་འཇུག་པ་ཡི། །རྣམ་པར་དཔྱོད་ལ་མི་འཇུག་གི། ་འཁོར་པ་རབ་ཏུ་སྤང་བའི་ཕྱིར། །ཐམས་ཅད་བློ་ནི་མཚུངས་པ་ཡིན། །རྒྱུན་མི་འཆད་པར་འཇུག་པ་དེ། །ཐོག་མཛའ་མེད་བའི་བདག་ཉིད་ཅན། །འཁོར་བའི་རང་བཞིན་འདི་ཅི་ཞེས། །ཤེས་རབ་ཅན་ནི་ཡོངས་སུ་ཚོལ། །སྣ་ཚོག་འདི་དག་ཡང? ་ལས་འབྱུང། །གང་དཱུང་ནི་འགག་པར་འགྱུར། །རང་གི་བག་ཆགས་ས་བོན་གྱི། །ཀུན། རྣམ་པར་ཤེས་པ་ལས། །གཉིད་ལོག་བརྒྱལ་དང་མི་དྲན་དང། །རྣམ་པར་ཤེས་པ་འགགས་པ་ལས། །སྙོམས་པར་འཇུག ་ལས་ལྡང་བས་ན། །ས་བོན་ཐམས་ཅད་པ་དེས་གྲུབ། །དབང་དོན་ལས་བྱུང་ཐམས་ཅད་ནི། །འཇུག་པའི་རྣམ་པར་ཤེས་ཤེས་བྱ། །ཀུན་རྣམས་ཤེས་དང་ཐ་དང་མིན། །ཕྱེར་ཡང་དེ་རུ་འགག་པར་འགྱུར། ཆུ་གཡོས་པ་ལས་དེ་དང་དེར། །རླབས་ནི་ཐ་དང ་དངོས་འབྱུང་བཞིན། །སྐད་ཅིག་ལ་ནི་སྣང་བ་ཉིད། །ཕྱིར་ཡང་མི་གཡོ་གཉིད་ལོག་བཞིན་ནོ། །དེ་ནི་གཉིས་སྣང་གང་ཡིན་པ། །རིགས་པའི་སྤྱོད་ཡལ་དེ་མ་ཡིན། །སྐད་ཅིག་ལ་ནི་བརྗོད་པ་ཡིན། སྒྲ་དང་སྒྲ་བརྙན་ཇི་བཞིན་ནོ། །སྒྱུ་མ་མཁན་གྱི ་སྐད་ཅིག་ལ། །རྣམ་པ་སྣ་ཚོགས་སྟོན་པ་ན། །འགའ་ཞིག་གསང་བའི་གནས་ཤེས་ལ། །རང་བཞིན་རྣམ་པར་གནས་པ་བཞིན། །གྱིས་པ་རྣམས་ལ་གཞན་དུ་སྣང། །མཁས་པ་དངོས་པོ་གཞན་ཡིན་ཏེ། །སྡོ་དང་དམར་བོར་དེས་སྣང ་བའི། །གཙང་སྦྲ་ཡི་ནི་བདག་ཉིད་བཞིན། །འདི་ཡི་རང་བཞིན་དྲི་མེད་འདོད། །རྣམ་པ་མེད་ཅིང་བརྗོད་དུ་མེད། །སངས་རྒྱས་མིན་བས་ནམ་ཡང་ནི། །དེ་ཡི་ངོ་བོ་ཤེས་མི་ནུས། །ཐ་མལ་སྐྱེ་བོ་འདི་དག་བཞིན། །དེ་བཞིན་སངས་རྒྱས་ཀྱིས ་མཁྱེན་མིན། །རབ་ཏུ་གྲགས་པ་དེ་ཉིད་དེ། །དེ་ཉིད་ཁོ་ན་དེ་མཁྱེན་ནོ། །ལུང་དང་བསྟན་བཅོས་ལ་དྲིས་ནས། །བདག་ཅག་སྨྲ་བ་འབའ་ཞིག་ཙམ། །མིག་དང་ལྡན་བའི་སྤྱོད་ཡུལ་ཀྱི། །གཟུགས་ནི་དམུས་ལོང་རྣམས་ཀྱིས་བཞིན། ཡེ ་ཤེས་མིག་སྨན་ཁྱད་པར་གྱིས། །གནས་སྐབས་དེ་རུ་མ་འོངས་འགྱུར། །གང་ཕྱིར་ཐུབ་པའི་དབང་པོ་བཞིན། །བདག་ཅད་དེ་ཉིད་བདེན་མཐོང་འགྱུར། །བྱིས་བ་རྣམས་ཀྱིས་ཡང་དང་ཡང། །འདིར་ནི་གང་དང་གང་བསྒོམས་པ། །དེ་དང་དེ་ལ ་མདུན་ན་སྣང། །བསྒོམས་པའི་སྟོབས་ལས་བྱུང་བ་ཡི། །གོས་རྣམས་བགོས་ཀྱང་མ་གོམས་པས། །ཡན་ལག་ལ་ནི་གནོད་པ་ཡི། །ཤིན་ཏུ་གྲང་བའི་བ་མོས་ཀྱང། །མིག་ལ་མ་ཡིན་ངོས་ཚར་ཆེ། །གོམས་པའི་སྟོབས་དང་འབྲེལ་པའི་ཕྱིར། །ལག་པས ་ཀྱང་ན་ཉིད་བྱེད་བའི། །མཉེད་མཁན་ལ་ནི་པགས་པ་ཡི། །དྲི་ངས་ཤིན་ཏུ་གནོད་པ་མེད། །ལུས་དང་ལྡན་པས་ཐོག་མ་རུ། །དུག་ཟོས་པས་ནི་འཆི་བ་ཉིད། །དེ་ཉིད་གོམས་པའི་སྦྱོར་བ་ཡིས། །མཐར་ནི་བཅུད་ཀྱི་ལེན་དུ་འགྱུར། །འབྱུང་བ་རྣམས་ཀྱང་ག ་ལས་བྱུང། །ལས་ལས་ཤེ་ན་མི་རིགས་ཏེ། །འབྱུང་རྣམས་དེ་དང་འབྲེལ་མེད་དེ། །ལས་ཀྱི་བག་ཆགས་སེམས་གནས་ཕྱིར། །ལེགས་བྱས་རྒྱུ་ཡིས་རྣམ་རིག་ནི། །དེ་ཕྱིར་ཞི་བའི་རྣམ་པ་ཡིན། །སྟག་དང་སེང་གེ་དོམ་དང་སྒྲུལ། །གསོད་ཅིང་ཤིན་ཏུ ་འཇིགས་པ་ཡིན། །གལ་ཏེ་ཤེས་པའི་དངོས་ཉིད་ལ། །འབྱུང་བར་བརྟགས་པ་མ་ཡིན་ན། །རྐང་པ་ལག་པའི་གཡོབ་ལ་སོགས། །ཇི་ལྟར་གཞན་ལས་བྱས་པར་འགྱུར། །རླུང་ལས་ཤན་རླུང་གང་ལས། །འབད་པ་ཡིས་ན་ད་གང་ལས། །གལ་ཏེ་འདོད ་ཡིན་ཏེ་ཉིད་ནི། །ཁྱོད་ནི་ལམ་དུ་ངེས་པར་ཞུགས། །ཕ་མའི་ཁུ་བ་ཁྲག་དག་ལས། །མགོ་དང་རྐང་སོགས་ངོ་བོ་དང། །ཤིང་རྣམས་དངོས་པོ་ས་བོན་ལས། །ཇི་ལྟར་སྐྱེ་ཞིང་འཕེལ་བར་འགྱུར། །ཁ་ལས་སྒྲ་ནི་ཅི་ཕྱིར་དང། །རྫ་རྔ་ལ་ནི་ཡང་འབྱུང་བ། ། ་ཐ་དད་པ་ཡིས་རྒྱུ་འདི་ལས། །དངོས་དང་དངོས་པོ་མེད་པར་སྣང། །བྱ་རྣམས་ནམ་མཁའ་ལ་ལྡིང་ཞིང། །མུན་པའི་ནང་དུ་དངོས་མཐོང་དང། །ཁུང་དུ་བྱི་བ་ལ་སོགས་དང། །ཉ་རྣམས་ཀྱིས་ནི་ཆུ་ནང་དུ། །སྒྲུལ་རྣམས་ཀྱི་ནི་མིག་གཉིས་ཀྱིས། །ཐོས་པ ་དང་ནི་མཐོང་བ་ཡིན། །འགལ་བ་གཞན་དང་གཞན་རྣམས་ནི། །དེ་བཞིན་དུ་མ་འཁོར་བ་བསྟེན། །གནས་དང་གནས་པ་མ་མཐོང་བའི། །གོམས་པས་དགྲ་ལ་ཕོག་པ་ཡི། །ཤེས་པའི་རྟོགས་པ་མ་རྟོགས་པར། །འབེན་ལ་མི་འཆོར་ཇི་ལྟར་འཕོག་།ཆུ ་ཡི་རྒྱུན་ནི་ཅི་བཞིན་དུ། །གལ་ཏེ་རྣམ་ཤེས་རྒྱུ་མིན་ན། །དང་པོ་གཟུང་པ་གོམས་མེད་ཤོར། །ཕྱི་ནས་གཟུང་འདི་དགོས་མ་ཡིན། །རི་བོ་རྣམས་ནི་མཐོ་གྱུར་དང། །རྒྱ་མཚོ་ཆེན་པོ་གཏིང་དཔག་དཀའ་། །ཕྲ་རབ་རྣམས་ནི་འདུས ་པ་ཡིས། །བྱ་བ་མེད་ན་སུ་ཡིས་བྱ། །ནུས་དང་ལྡན་པས་བྱས་ན་ནི། །དེ་ཉིད་སྨྱོན་པ་བཞིན་དུ་ཡང། །བདག་གིས་འབད་པ་ཞེས་བྱ་བས། །འཇིག་པའི་དུས་ལ་ཇི་ལྟར་འཇིག། ཁབ་ལོང་གི་ནི་རྡོ་སོགས་ཀྱིས། །ལྕགས་ལ་སོགས་པ་འདྲེན་ཕྱིར་དང། ། ་སྨན་དང་སྔགས་ལ་སོགས་པ་ཡི། །ཅུས་པ་སུ་ཞིག་གིས་ནི་སྤྲུལ། །དེ་ཕྱིར་མ་རིག་སྣ་ཚོགས་པས། །ལྕོག་ཆུང་སྒྲ་སྙན་རྒྱ་ཆེན་བཞིན། །ཇི་ལྟར་སྣང་བ་འདི་ཐམས་ཅད། །དེ་དག་སེམས་ཀྱིས་ཉེ་བར་སྤྲུལ། །བྲག་པར་བསྒམས་པའི་རྣལ་འབྱོར་བས། ་ཇི་ལྟ་བུར་ནི་ཡང་དག་འགྲུབ། །བསྟན་པའི་རང་བཞིན་དངོས་པོ་རྣམས། །གཞན་དང་གཞན་དུ་ཇི་ལྟར་བཞག། དེས་ན་འཁྲུལ་པར་རིག་པ་ཡིན། །རྣམ་པ་དུ་མའི་ཤེལ་བཞིན་དུ། །འདི་དག་སེམས་ཀྱིས་ཁྱབ་པ་སྟེ། །བག་ཆགས་ཆུལ་ཏིལ་མར་བཞིན། །འཇིག ་རྟེན་པ་ཡིས་ངོ་མཚན་རྣམས། །འགལ་ལའང་ངོ་མཚར་གྱུར་མ་ཡིན། །ས་བོན་ཐམས་ཅད་ས་ལ་ནི། །འདི་དག་མ་ལུས་ཡོད་ཅེས་བསམ། །ཇི་ལྟར་ཕྱི་རོལ་གནས་སྣང་བ། །རེ་ཞིག་དངོས་འདི་ཡོད་ཡིན་ན། །དེ་དག་ཡོད་པ་ཉིད་དུ་ཡང། །ཁྱེད་ཀྱིས ་ཇི་ལྟར་ངེས་པར་གཟུང། །ེ་མ་སེམས་ཡིན་ཞེ་ན་རིགས། །རྒྱུ་མེད་པར་ནི་ཅི་ཕྱིར་སྤང། །གང་ཡིན་དེ་ནི་རྣམ་པ་ནི། །བག་ཆགས་འབྲས་བུ་མི་འདོད་དམ། །རྣམ་པར་ཤེས་པ་ཕྱིར་བྱུང་ནས། །ཕྱི་ཡི་ཡུལ་རྣམས་འཛིན་ནས་ཅི། །ཐོག་ནས་དེ་ཅི ་ཡོད་དམ་མེད། །གལ་ཏེ་ཡོད་ན་ཡུལ་ཅི་དགོས། །ལུང་གི་དོན་ནི་དེས་ཡིན་ན། །མངོན་སུམ་དོན་ལ་ལུང་ཅི་དགོས། །མི་སྣང་འཇིག་རྟེན་ཕ་རོལ་སོགས། །ལུང་ལས་གསུངས་པའི་རྗེས་འབྲང་རྟོགས། །དྲང་བའི་དོན་ཡིན་ཕྱིར་ན་ཡང། །ལུང་གིས ་ཡོང?་བར་འགྲུབ་མ་ཡིན། །གཟུགས་ལ་སོགས་པའི་སྐྱེ་མཆེད་ཀྱང། །བསྟན་པ་སེམས་ཀྱི་སྤྱོད་ཡུལ་ལོ། །རང་གི་ས་བོན་ལ་སྐྱེ་བས། །དབང་པོ་རྣམས་ཀྱང་སེམས་ཉིད་ཡིན། །ཡུལ་གྱི་རྣམ་པ་སྐྱེ་བ་ལའང། །དེ་ཉིད་ལ་ནི་ཡུལ་དུ་བརྗོད། །འདི་དག ་?་ཡི་ཆ་ཡིན་པར། །མཁས་པ་ཡིས་ནི་ཡོངས་སུ་རྟོགས། །ཆ་ཤས་མེད་པའི་སེམས་འདི་ལ། །འཇིག་རྟེན་ཀུན་རྫོབ་བདེན་པར་ཡོད། །འདི་ལ་མིག་མེད་གཟུགས་ཀྱང་མེད། །སྣང་བ་མེད་ཅིང་ཡིད་བྱེད་མེད། །རྨི་ལམ་ལྟ་བུའི་འཁྲུལ་པའི་སེམས། །ཐམས ་ཅད་ཡོད་མིན་མེད་པའང་མིན། །བཟང་དང་རན་པའི་གྲོགས་བསྟེན་ལས། །རྒྱུད་ནི་གང་ཡིན་ཁྱད་པར་འགྱུར། །གཞན་གྱི་སེམས་ཀྱིས་དབང་གིས་ནི། །དེ་ཡང་འབྱུང་པོས་གཟུང་སོགས་བཞིན། །ཉེ་བའི་རིམ་པས་གཞན་བསང་ན། །སྐད་ཅིག ་མར་ཡང་འདོད་མ་ཡིན། །འོན་ཀྱང་ཚུལ་འདིས་གང་དུ་ཡང། །བསད་བྱ་མེད་ཅིང་གསོང་བྱེད་མེད། །མི་འདོད་པ་ཡི་ལས་ཀྱིས་མཐུས། །དྲག་ཤུལ་སྦྱོད་པའི་རྣམ་རིག་ནི། །འཇིགས་པའི་དོན་དུ་འདི་སྐྱེས་ཏེ། །དམ?་བ་རྣམས་ཀྱི་འབའ་ཞིག ་བཞིན། །ཇི་ལྟར་སྣང་བ་དེ་བཞིན་དུ། །ཆོས་ཀྱི་རང་བཞིན་གལ་ཏེ་ཡིན། །ཡང་དག་དོན་མི་མཐོང་བའི་ཕྱིར། །འགྲོ་བ་ཐམས་ཅད་ཅིས་མི་གྲོལ། །དེ་ཉིད་ཀྱི་ཕྱིར་འཁྲུལ་པ་ཡིན། །འགྲོ་བ་འདི་ལ་རང་བྱུང་རྣམས། །ཐུགས་རྗེས་འཁྲུལ་པ་སྤང་ཕྱིར ་ཡིན། །བདག་ཉིད་བདེ་ལ་དོན་མེད་འགྱུར། །གོག་དང་འབྲུག་དང་ཆར་དག་ནི། །སྤྲིན་དང་རླུང་དང་གནམ་ལྕགས་ནི། །སེམས་ཙམ་ཡིན་ལས་མ་གཏོགས་པར། །ནམ་མཁའ་ཨི་དཀྱིལ་དུ་འགྲུབ་མ་ཡིན། །གལ་ཏེ་དངོས་པོ་ཡོད་ཡི་ཅན། །?་ཡང ་བདག་ཉིད་ཀྱིས་གྲུབ་ན། །འདོད་པའི་དབྱེ་བས་ངེས་ཕྱེ་བའི། །འདི་དག་དུ་མར་མཐོང་མི་འགྱུར། །འགའ་ཞིག་གཞོན་ནུ་ལ་ཆགས་ཤིང། །གཞན་དག་བུད་མེད་པར་མ་ལ། །ཁ་ཅིག་ཚེ་ལ་གཞན་དག་ནི། །སྐམ་དང་ཁ་ཅིག་སྡོ་བ?་ལ། །གང ་ཚེ་བུད་མེད་རྣམ་པ་ནི། །སེམས་ཉིད་ལས་སྐྱེས་དེ་ཡི་ཚེ། །ངོ་ཚ་དང་བཅས་འདོད་ཆེན་གྱི། །བདག་ཉིད་བདག་ལ་སུ་ཞིག་ཆགས། །འདི་དག་ཐམས་ཅད་བློ་ལྡན་གྱིས། །ཐམས་ཅད་ནི་རང་དངོས་ཡིན། །ཡུལ་གྱིས་ཉེ་བར ་ལོངས་སྤྱོད་ཕྱིར། །བྱིས་པ་ལྟ་བུ་འཇུག་མི་རིགས། །རང་གི་རྨི་ལམ་གྱིས་འཁྲུལ་ཕྱིར། །ལག་པ་ཡིས་ནི་ལག་གཟུང་ནས། །བདག་གིས་རྐུན་མ་འདི་ཟིན་ཅེས། །སྨྲ་བ་གཞན་གྱིས་སྤོང་བར་བྱེད། །དུད་འགྲོ་རྩཝ་སྐམ་བཟའ་བར་སེམས། །མི ་རྣམས་བཟའ་བར་སེམས་མ་ཡིན། །རྣམ་རྟོག་འཇུག་པར་ངོ་མཚར་ཆེ། །རྣལ་འབྱོར་བས་ཀྱང་བསམ་མི་ཁྱབ། །རི་དྭགས་མེ་མངག་མི་ཟ་ཞིང། །དུག་གིས་བྱི་བ་དུག་གིས་ནི། །སྲོག་ནི་མཛའ་རུ་བྱེད་པས་ཀྱང། །དེ་ནི་འཆི་བར་འགྱུར་མ་ཡིན། ། ་མ་དྲན་པ་ཡི་རྒྱུད་དང་ནི། །རག་དང་གཉིད་དར་རླུང་རྣམས་ཀྱིས། །ཉ་དང་བྱ་དང་ཁྱི་དང་སྦྲུལ། །སེམས་ཅན་གཞན་རྣམས་འཚོ་བ་ཡིན། །སྣ་ཚོགས་ལས་ཀྱིས་དབན་པ་ཡིས། །བླ་ཀྵ་མཐོང་ན་སྦྱིན་མོ་དང། །གནོད་སྦྱིན་འཁོར་གྱི་སྐྱེ་ཚོགས ་ཀྱིས། །རའི་ག་ཁྱིམ་དང་འདྲ་བར་རོ། །ཡི་དགས?་ཀྱིས་ཆུ་རྣག་འབྲུབ་ཅིང། །བཤད་གཅིག?་རྙོག་པ་དང་ལྡན་སྣང། །མི་ཡི་ཆུ་བོ་དྲི་མེད་པར། །མཐོང་བ་དང་ནི་འཐུངས་པ་འང་ཡིན། །དགེ་མིན་དག་པའི་འབྲས་རྣམ་པ། །ལས་ཀྱིས་བག་ཆགས ་ཀྱིས་བསྒོས་པས། །རྣམ་རིག་དེ་དང་དེ་ཉིད་ནི། །སྟོང་པ་ཉིད་ཀྱི་དོན་ལ་འཇུག་།ེ་མའོ་ཡུལ་ནི་སྣ་ཚོགས་པ། །དུས་གཅིག་ལ་ནི་དུ་མ་རུ། །རྟོག་པའི་རྗེས་སུ་འགྲོ་བ་ཡིན། །རོལ་མོའི་ཚོགས་ཀྱིས་སྒྲ་བཞིན་ནོ། །གལ་ཏེ་དོན་ཡོན་དོན་བྱེད ་མིན། །མེད་ན་འདོད་རུ་མི་འགྱུར་རོ། །གཞན་གྱིས་སྒྱུར་ལྡན་སེའུ་ཟོས་པས། །གཞན་གྱིས་ཁ་ནས་ཆུ་འཛག་འགྱུར། །མཚན་མོ་བྲུས་ནི་ཟ་བ་ལ། །གཞན་འགའ་ཞིག་གིས་དྲིས་པ་ན། །གལ་ཏེ་སེའུ་ཟ་ཞེས་སྨྲས་ན། །ཐོས་བས་འགྱུར་བ་མིན ་ནམ་ཅི། །རྣཾ་ལམ་མཛེས་མ་དང་ཕྲིང་པའི། །བདེ་བ་ཐོབ་ལ་རྒྱུ་ཡོད་མིན། །དོན་མེད་པ་ལས་ཁུ་བ་ནི། །ཤོར་ཞིང་འབྱུང་བ་མིན་ནམ་མི་།རྨི་ལམ་མཐོང་བ་འདི་ཡོད་ན། །གལ་ཏེ་གོམས་པའི་སྟོབས་ཀྱིས་འཛིན། །གཞོན་ནུ་མ་སྦྲུམ་བུ་སྐྱེས་པ། །མཐོང་བ་འདི ་ནི་རིགས་ལྡན་མིན། །ཁང་བའི་ནང་ན་ཡུན་རིང་དང། །ལམ་དང་རི་དང་ཡུལ་རྣམས་ནི། །རྣམ་པ་ཐ་དང་མཐོང་བའི་ཕྱིར། །རྨི་ལམ་མཐོང་ལ་དོན་མེད་དོ། །རྣམ་པར་རིག་པའང་རྣམ་རིག་གིས། །དོན་མིན་གལ་ཏེ་མི་འདོད་ན། །དེ་ཚེར་ཡི་གྲུབ་བའི་མཛའ་།། ་ངེས་པར་རགས་པའི་གནས་ཐོབ་འགྱུར། །གཞན་གྱི་སེམས་ལ་སོགས་པའི་ཡུལ། །རྣལ་འབྱོར་པ་ཡིས་གང་ཤེས་པའང། །དེ་ཡང་ཤེས་པ་ཁོ་མ་མིན། །བདག་ཉིད་སེམས་ཀྱིས་མོས་པ་བཞིན། །ཀུན་རྫོབ་ལྡན་ཤེས་ཐམས་ཅད་ལ། །མཁས་པ་དང ་ནི་གཞན་དག་གིས། །གཟུང་བ་དང་ནི་སྟོན་པ་ནི། །མཚུངས་པ་ཁོ་ནར་རབ་ཏུ་འཇུག་།སྟོང་ཉིད་མཐོང་བའི་དང་པོ་རུ། །སྣང་བ་ཁོ་ནར་འབྲས་ཆེན་ཡིད། །གང་ཕྱིར་འཇིགས་མེད་ཐོབ་པ་ནི། །འཇིག་རྟེན་གཞན་བཞིན་འཇིགས་པ་མེད། །འཆི་བ་དང་ནི་སྐྱེ་བ་ཉིད ་སྤྲུལ་པ་འདྲ་བ་ཉིད་དུ་བཞེད། །བདག་ཉིད་གང་ཡིན་དེ་ཡིས་ནི། །ཇི་ལྟར་འཇིགས་པ་ཞེས་བྱར་འགྱུར། །འདི་དག་ལས་ཀྱིས་སྤྲུལ་ཉིད་དུ། །ས་ནི་གསུམ་པ་ཤེས་པ་ཡང། །གལ་ཏེ་ཕྱིར་ཡང་འཇིགས་འགྱུར་ན། །ཀྱེ་མ་བདག་འདྲའི་སྐྱེ་བོ་ཉམས། །ཡན ་ལག་མཆོག་ནི་གཉིས་པ་དང། །དེ་བཞིན་མིག་ནི་གསུམ་པ་སྟེ། །བཅད་དང་ཕྱད་བར་དོགས་པ་ནི། །དེ་གཉིས་མེད་ན་གང་ལས་འགྱུར། །དེ་ལྟས་བློ་དང་ལྡན་པས་ཡུལ་འདི་རྣམ་པར་ངེས། །ལྷག་པའི་དྲི་མ་དང་འདྲེས་རྣམ་པར་བསྒོམས་པས ་?། །དག་པའི་ཕྱིར་ན་ནམ་ཡང་དྲི་མ་ལྡན་མ་ཡིན། །སྤྲིན་དུམ་མ་དག་པ་ཡིས་དྲི་མེད་ནམ་མཁའ་བཞིན། །འདིར་ནི་མང་སྨྲས་ཅི་ཞིག་བྱ། །གལ་ཏེ་འགའ་ཞིག་གིས་བསྒོམས་ན། །བྱི་དང་རི་བོང་རྟ་?་སྐྱེས། །རྭ་དང་མཐོང་བར་སྣང་བ་ཡིན།། ་སྦལ་པ་རལ་བའི་ཐོད་བཅིངས་ཤིང། །ཁ་དོག་གསལ་བའི་ཐལ་བས་བྱུགས། །ཚངས་པའི་སྐུར་བ་དཀར་པོས་ཐོགས། །ཕྲག་པ་ལ་ནི་སྤྱི་བླུགས་བཞག། ཁང་པ་མུན་པ་དང་བཅས་?་།འཇིགས་པའི་དང་དེ་བཏགས ་པས། །རང་སེམས་ངེས་པར་སྣང་བ་ནི། །བྱིས་པས་གདོན་མཐོང་མིན་ནམ་ཅི། །ཤིན་ཏུ་འཇིགས་པའི་གནོར་སྦྱིན་གཟུགས། །རང་གིས་བྲིས་ནས་བལྟས་པ་ཡིས། །དབེན་པ་དུ་ནི་གཅིག་པུ་ཡང། །རི་མོས་ལན་འཇིགས་མིན་ནམ་?། །སྡོང་དམ་ལ ་ནི་མིན་རྐུན་མ་དང། །ཐག་པ་ལ་ནི་སྦྲུལ་བཏགས་པས། །སྐྱེ་བོ་དུ་མ་གློ་བུར་དུ། །འཇིགས་པ་ཐོབ་པ་མ་ཡིན་ནམ། །རང་གི་རྟོག་པས་བཟོ་བྱས་པ། །བདེན་ཉིད་མིན་པའི་ཡུལ་རྣམས་ཀྱིས། །བྱིས་པ་ཐམས་ཅད་རྣམ་བཅོམ་སྟེ། བདག་ཉིད་ཀྱི་ནི་སྐྱོན ་ལས་སོ། །ཉིན་མཚན་མཚུངས་པའི་ལོང་བ་ལའང། །ནམ་ལངས་ཤེས་བྱའི་སྒྲ་ཐོས་ན། །སྔོན་གྱི་རྫས་རྣམས་མཐོང་བ་ནི། །སྣང་བར་བཅས་བཞིན་སྐྱེ་བར་འགྱུར། །ཡུལ་དུས་ལ་སོགས་དངོས་པོ་རྣམས། །རྨི་ལམ་འཁྲུལ་པའི་རྣམ་ཤེས་ལ། ། ་ལམ་ནི་ཐུང་དུ་དག་ལ་ཡང། །རིང་བོར་སྣང་བས་དུབ་པར་འགྱུར། །དེ་བཞིན་གང་ཕྱིར་འདོད་ལྡན་གྱིས། །སྐྱེས་བུ་འདོད་མ་དང་བྲལ་ན། །ཆུ་ཚོད་གྲངས་མཚུངས་ཉིན་མོ་ཡང། །ལོ་བརྒྱ་དག་དང་མཚུངས་པར་འགྱུར། །དེ་ཉིད་གཟིགས་པ་དེ་རྣམས ་གྱིས། །དེ་ལྟའི་ཚོལ་དུ་དར་བརྟགས་ནས། །ཐ་སྙད་དུ་ནི་མཇད་ན་ཡང། །བདེན་ནོ་སྙམ་དུ་མི་སེམས་སོ། །དེ་ལྟར་བསྟན་པས་སྣ་ཆགས་འདི། །རྟོག་པའི་ཚན་གྱི་རྒྱུ་ལས་ནི། །ཐམས་ཅད་རི་མོ་འདྲར་མཐོང་སྟེ། །ངོ་བོ་ཉིད་ཀྱིས་མཐོང་མ་ཡིན། །ེ་མ ་བདེན་མིན་ཀུན་ཏུ་རྟོག་པས་ཐོག་མ་མེད་པའི་འཁོར་བ་རུ། །ས་གསུམ་པོ་འདི་བསྡུས་པ་བཞིན་དུ་སེམས་ཀྱིས་ནམ་མཁའ་དག་ཁྱབ་བར། །བྱིས་པའི་མཉམ་དད?་མི་མཉམ་མཐོ་དམན་འགྲོ་བ་ངོ་མཚར་ལས་ངོ་མཚར། །བདེན་དོན་ལྟ་བུར་འཁྲུལ ་པས་རིག་པར་ཡང་ནི་བློ་ཡིས་གཟུང་བར་བྱ། །གལ་ཏེ་དངོས་པོ་དང་གྱུར་ན། །སླར་ཡང་དངོས་མེད་འགྱུར་བ་ཅི། །དེ་བཞིན་ཉིད་བསྟན་རང་བཞིན་ཕྱིར། །ནམ་གཞན་ཉིད་དུ་མི་འཐད་དེ། །མིང་དང་རིགས་སོགས་ཡོན་ཏན་གྱིས། །གང་གིས་ཆོས་རྣམས་མཐོང ་གྱུར་པ། །ཕྱིན་ཅི་ལོག་གིས་བཅོམ་པ་ཡི། །མཁའ་ཁོངས་རི་མོ་དེ་བྱེད་དོ། །དེ་ཕྱིར་སེམས་ཀྱི་རང་བཞིན་གྱི། །ཆོས་རྣམས་རང་བཞིན་མེད་པ་ཉིད། །གང་ཞིག་རྣམ་པ་གཞན་དུ་རིགས། །དེ་ནི་དོན་དམ་རིགས་པ་མིན། །གལ་ཏེ་རྟོག་པ་ཡོད་མིན་ལ། །གལ་ཏེ་སྟོང ་ཉིད་ཡོད་ན་ཡང། །གསལ་བ་དང་ནི་མི་གསལ་བ། །རང་ཉིད་འབད་པ་མེད་པར་འགྱུར། །མི་ཤེས་ན་ནི་རྟོག་མི་མཉམ། །རྟོག་པ་ཉམས་པ་མ་གཏོགས་པར། །སྒྲིབ་བྱེད་བརྟན་པའི་རང་བཞིན་ཅན། །སྟོང་པ་ཉིད་?་གསལ་མི་འགྱུར། །འདི་དག་?་བ་ཅུང་ཟད ་མེད། །རྟོག་པ་མེད་པར་འགྱུར་ཞེ་ན། །གཞན་དབང་ཉིད་ཀྱིས་སྟོང་བ་ཉིད། །ཡང་དག་པར་ནི་མཐོང་བར་འགྱུར། །ཇི་ལྟར་འདི་ལ་ཡང་དག་ཞུགས། །ངོ་བོ་ཉིད་གསུམ་མཐོང་བའི་ཕྱིར། །དེ་མཐོང་བ་ལ་ཆོས་ཀུན་ལ། །རིལ་བར་འཛིན་པ་ལྡོག་པར་འགྱུར། ། ་གཅིག་བུ་མཐོང་མིན་ཐ་དང་པ། །གསུམ་གྱི་ཚུལ་དུ་གསལ་བར་མཐོང། །བག་ཆགས་ཀྱིས་བསྒྲིབས་ནུས་པ་ལས། །དེ་ལ་བརྟགས་པ་གསལ་བར་འགྱུར། །བརྟགས་པའི་དོན་གྱིས་དམན་པ་ལས། །གཞན་གྱི་དབང་ནི་རབ་ཏུ་གསལ། །དང་པོ་ལས ་ནིར་བ་གཡོས་བཞིན། །རང་བཞིན་མ་མཐོང་ཚུལ་གྱིས་སོ། །རིམ་གྱིས་དེ་ཡི་སྣང་བ་དང། །བྲལ་ན་སླར་ཡང་སྟོང་བ་ཉིད། །དེ་ཉིད་བརྟན་པོར་བྱད་པ་བཞེན། །སྙིང་ལ་གསལ་སྣང་སྐྱེས་པར་འགྱུར། །དེ་ཡང་གློག་བཞིན་མི་བརྟན་པའི། །སྐད་ཅིག་ལ་ནི ་འོད་བཞི་འགྲོ་།རྣམ་ཀུན་ཐོག་མ་མེད་དུས་ཀྱིས། །གཉིས་ཀྱིས་དེ་ཉིད་བསླད་ཕྱིར་རོ། །སླར་ཡང་ཇི་སྲིད་དེ་དབུས་སུ། །གཡོ་མེད་མ་གྱུར་དེ་སྲིད་དུ། །གཉིས་དང་གཉིས་མིན་གོ་འཕང་དག། འཆར་ཞིང་ནུབ་པ་ཉིད་ཡིན་ནོ། །གཡོ་མེད་གྱུར་ནས་ཕྱིར་ཡང་ནི། །འོད་པ ་ཟེར་སྟོང་བ་ཤར་བ་བཞིན། །འགལ་ཕྱིར་མུན་པ་འཇུག་པ་ཡི། །གནས་སྐབས་འཐོབ་པར་མི་འགྱུར་རོ། །གནས་སྐབས་དེ་ཡང་འདི་འདྲི་བར། །ཤེས་མིན་སྟོང་བ་ཉིད་དུ་བརྗོད་མོང། །འཇིག་རྟེན་ལ་གྲགས་མེད་པ་བའི། །དོན་གྱི་རྗེས་སུ ་ལྟུང་བ་མིན། །མེད་པ་ཉིད་དང་གཟུགས་ཉིད་དེ། །འདི་ནི་ཐ་སྙད་དོན་དུ་ཡོད། །དངོས་པོ་མེད་པའི་ཆོས་རྣམས་ལ། །ཡོད་དམ་མེད་པ་སུ་ཡི་ཡིན། །ཁྱོད་ཀྱིས་དྲན་བར་མི་བྱ་ཞེས། །སྨྲས་ན་བཀག་པ་འདི་དྲན་པ། །ཇི་ལྟ་དེ་ལྟར་ཡོད་མིན་པའི། །སྒྲ་ལས་གཞན ་ནི་རྟོག་པར་འགྱུར། །རྣམ་པར་རྟོག་ལས་དོན་རྣམ་ཤེས། །དོན་གྱི་བློ་ལས་རྣམ་རྟོག་ཀྱང། །གཉི་ག་རྣམ་རྟོག་ཆོས་ཡིན་ཕྱིར། །ཡོད་པ་ཡང་ཡིན་མེད་གང་ཡིན། །རྟེན་ནི་གང་ཞིག་བསྒོམས་པ་ཡིས། །མེད་པ་ཡང་ནི་ཡོད་པར་འགྱུར། །གལ་ཏེ་དེ་བཞིན ་དུ་འདོད་པ། །དེ་བཞིན་ཡོད་པ་ཉིད་ཀྱང་ཐོབ། །དེ་བཞིན་ཡོད་དང་མེད་པ་དང། །བདེ་སྡུག་ལ་སོགས་མེད་པར་བཞེད། །ལྟོས་བས་གྲུབ་པ་དེ་ཐམས་ཅད། །རིང་ཐུང་ལ་སོགས་བྱེ་བྲག་བཞིན། །སྐྱེས་བུའི་སྡུག་བསྔལ་ཞི་པ་ལ། །བདེ་བ་ཞེས་བྱར་རབ ་ཏུ་བརྟགས། །བདེ་བ་ཉམས་པ་སྡུག་བསྔལ་ཡིན། །གཉིས་པོ་འདི་ནི་བལྟོས་བས་ཡིན། །བལྟོས་པ་ཉིས་ལས་ཀུན་འབྱུང་བར། །འདི་དག་ཐམས་ཅད་ཤེས་པར་བྱ། །གཅིག་ཉིད་ལ་ནི་མ་བལྟོས་པར། །གཞན་དག་ཁོང་དུ་ཆུད་མ་ཡིན། །གཞན ་སེལ་བ་ཡི་རྣམ་ཤེས་ནི། །སྤྱོད་ཡུལ་རྣམ་པར་མ་སྤྱད་པར། །བསྟན་པ་ལ་སོགས་སྒྲུབ་པ་ཡིས། །ཁ་ཅིག་འཁྲུལ་པ་ཡང་དག་བསྐྱེད། །ཡི་གེ་ཚིག་དང་དག་དང་ནི། །རྟགས་རྣམས་དང་ནི་ཚིག་དང་ནི། །བྱ་བ་བྱེད་བའི་འབྲེལ་བ་དང།། ་རྫུན་ཕྱིར་བྱེད་བར་བྱེད་མ་ཡིན། །ཚིགས་བཅད་ཚིགས་རྐང་ལྔ་བའམ། །གསུམ་པ་རུ་ནི་ཅིས་མི་འདོད། །བརྗོད་བྱེད་བརྗོད་བྱ་ལ་བལྟོས་ནས། །མཁའ་འགྲོའི་དམ་ཚིག་བཞིན་དུ་འགྱུར། །ཆོས་རྣམས་གཟུང་བར་བྱ་བ་ཡིན། །སྔོན ་གྱིས་མཁས་པར་རང་འདོད་པས། །སྒྲ་རྣམས་སྦྱར་བས་ཉོན་མོངས་ལ། །འཇིག་རྟེན་པ་དག་ཅི་ཕྱིར་བཙུང། །འདི་ནི་སྣ་ཞེས་བརྗོད་པ་ན། །མགོ་བོ་བསྐོར་བར་གྱུར་བ་ཡི། །ལག་དར་བཀུག་པའི་ལག་པ་ཡིས། །དྲིས་ལ་སུ་ཞིག་སྟོན་པར་བྱེད། ། ་སྒྲ་ཡིས་བདག་ཉིད་འཇིག་རྟེན་པ། །བདག་ཉིད་གུས་པར་འགྱུར་མ་ཡིན། །སྒྲ་འདོན་པ་ཡི་སྦལ་ཚོགས་དང། །བྲག་གི་དཀྱིལ་གྱི་བག་ཚི་བཞིན། །གཞན་གྱིས་གཞན་ནི་རིགས་པ་རུ། །འབྲེལ་བ་མེད་ཕྱིར་མི་རིགས་སོ། །རལ་གྲི་གཞན་ལ་བརྒྱབ་པ ་ཡིས། །གཞན་དག་གཅོད་པར་བྱེད་དམ་ཅི། །མ་བྱས་བ་ཡིས་དངོས་པོ་ནི། །འགའ་ཡིས་གང་ཡང་མཐོང་བ་མེད། །དངོས་པོ་མེད་པའི་ངོ་བོ་ཡིས། །དངོས་པོ་རབ་ཏུ་བསྐྱེད་པ་ཡིན། །དངོས་པོ་དངོས་པོའི་རང་བཞིན་མིན། །དངོས་པོའི་དུས་ན་དངོས་མེད ་ཕྱིར། །དེ་ཉིད་ཕྱིར་ན་འདས་བའི་དངོས། །འབྱུང་བ་ཞེས་ནི་བརྗོད་པ་ཡིན། །དེ་ཉིད་ཕྱིར་ན་སྐྱོབ་པ་ཡིས། །འབྱུང་བ་ཞེས་ནི་རབ་ཏུ་གསུངས། །འབྱུང་བ་ཀུན་ཀྱི་འབྱུང་མཆོག་ཕྱིར། །དེས་པའི་ཚིག་ལ་མཁས་པ་ཡིན། །གཅིག་ལ་བརྒྱ་ཡི་བློ་སྐྱེ་མིན། །དེ ་བཞིན་བརྒྱ་ཡི་བར་ལའང་མེད། །དེ་བཞིན་དུ་ཡང་བརྒྱ་བརྗོད་པ། །སེམས་ནི་འཁྲུལ་བར་གྱུར་བ་ཡིན། །མཐོ་རིས་སོགས་སམ་བུམ་པ་འམ། །མཐོང་བ་འམ་ནི་མ་མཐོང་བ། །དེ་ཡི་བདག་ཉིད་རྟོགས་འགྱུར་ན། །ཚིག་ཏུ་སྟོན་པས་ཅི་ཞིག་བྱ། ། ་གླང་པོ་དང་ནི་ས་སྲུང་གླང། །བུད་མེད་དང་ནི་ལྟའི་བུད་མེད། །དེ་ལས་སྔ་མེད་བློ་མེད། །མཐོང་བ་ལས་ནི་མཆོག་ཏུ་སྐྱེ། །མཐོང་བ་གཞན་ཡིན་སྨྲ་བའང་གཞན། །ཐོས་པ་གཞན་ཡིན་རྟོགས་པའང་གཞན། །དེ་ལྟར་འཇིག་རྟེན་སྨྱོན་པ་བཞིན། །བདག ་ཉིད་ཁོང་དུ་ཆུད་མ་ཡིན། །བདག་ཉིད་སྨྱོན་པ་ཡིན་ཞེས་པ། །དེ་ནི་ཇི་ལྟར་སྨྱོན་ཡིན་འགྱུར། །ཡང་དག་རང་ཤེས་སྨྱོན་པ་མིན། །རྣམ་པར་འཁྲུལ་བ་སྨྱོན་པར་བརྗོད། །ཡུལ་སོགས་ངེས་པའི་རྣམ་པར་ནི། །འགྲོ་བ་གསུམ་པོ་གང་སྣང་བ། །དེ ་ཕྱིར་དེ་ནི་འཁྲུལ་མ་ཡིན། །རྣམ་པར་རིག་ཡིན་དེ་ཡི་ཕྱིར། །གླང་པོའི་དོན་དང་དེའི་རྣམ་པ། །དེ་ཉིད་དངོས་མེད་མཁས་པ་ཡིན། །ཀུན་བརྟགས་ལ་སོགས་རང་བཞིན་རྣམས། །རིམ་པ་བཞིན་དུ་ཤེས་པར་བྱ། །སྒྱུ་མ་མཁན ་གྱིས་སྤྲུལ་བ་ཡི། །གླང་པོ་གཅིག་བུ་ཁོ་ན་ལ། །དོན་སྟོང་དོན་དུ་སྣང་བ་དང། །གཟུང་བའི་དངོས་པོ་རྫུན་དོན་ཡིན། །དེ་ལྟར་ཡང་དག་མཐོང་བ་སྔར། །དོན་དུ་འཛིན་པ་ལྡོག་པར་འགྱུར། །གཞན་དབང་དེ་ཡི་རྣམ་པ་ནི། །དེ་ཡི་སེམས་ལས་བྱུང་བ ་ཡིན། །རྣམ་པ་དེ་ཡི་རྙོག་པ་ཡང། །དོན་གྱིས་དངོས་པོ་མེད་མཐོང་བས། །བག་ཆགས་སྤངས་པའི་ཕྱི་ནས་ནི། །ས་བརྒྱད་པ་ལ་ལྡོག་པ་འགྱུར། །སེམས་ཀྱི་འཁོར་ལོ་དེས་ལོག་ན། །ཕྱིར་ཡང་འཁོར་བས་འཁོར་མི་འགྱུར། །ཡོངས་སུ་གྲུབ་པའི ་ཆོས་ཡིན་ཕྱིར། །འོན་ཀྱང་ཡང་དག་སྐྱེ་བ་འབྱུང། །རི་མོར་བྲིས་བཞིན་གཡོ་བ་མེད། །རྟོག་པ་མེད་ཅིང་འདོད་པ་མེད། །དེ་ནི་གཉིས་མེད་སྤྱོད་ཡུལ་ཕྱིར། །ལེན་དང་འདོར་བ་ཅུང་ཟད་མེད་སྨོན་ལམ་རྣམས་ཀྱི་མཐུ་ཡིས་ནི། །ཐོག་མཛའ་མེད་པའི ་སྲིད་གསུམ་དུ། །རྟོག་པ་མེད་པར་འཇིག་རྟེན་གྱི། །མུན་བ་སེལ་བྱེད་ཉི་མ་བཞིན། །དེ་ཕྱིར་བྱེད་པ་པོ་རྣམས་དང། །སྐྱེས་བུའི་ལས་འབྲས་གང་ཡིན་པ། དེ་ཡི་དགེ་དང་མི་དགེ་བ།། སྐྱོབ་པས་རྟོག་པའི་ངོ་བོར་གསུངས། །ཆོས་དང་ཆོས་མིན་དཀའ་ ་ཐུབ་སྟོང། །བསྡམས་དང་དེས་བསྡམས་དུལ་བ་དང། །དུང་འགྲོ་དམྱལ་བ་ཡི་དྭགས་དང། །ལྷ་དང་བཅས་པའི་མི་རྣམས་དང། །འབྱུང་དང་འབྱུང་འགྱུར་ཕུང་པོ་དང། །ཁམས་དང་ཐུབ་པའི་བསྟན་པ་དང། །སྟོན་པ་དང་ནི་ཉན་ཐོས་ཏེ། ། ་ཐམས་ཅད་ཀུན་རྫོབ་ཡིན་པར་བསྟན། །དང་པོའི་ལས་ཅན་འཇིག་རྟེན་པ། །དམ་པའི་དོན་ལ་བཞུགས་པའི་ཕྱིར། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་ཐག་པ་ལྟ་བུར་གསུངས། །དེ་ལྟར་བྱིས་པས་བརྗོད་པ་རྣམས། །མཐར་ནི ་ཐམས་ཅད་འཇིག་པ་ཡིན། །བརྗོད་པར་བྱ་མིན་དཔྱད་དུ་མེད། །ཅུང་ཟད་གཞན་ཡང་བསལ་བ་ཡིན། །དེ་ལ་ནམ་མཁའ་གསལ་བ་འདིས། །སྟོང་པ་ཉིད་ནི་གསལ་བར་བྱེད། །བདག་ཉིད་དང་ནི་སྟོང་པ་ཉིད། །ཅུང་ཟད་གནས་པའི་གནས་པ་མེད། །ཇི་སྐད་བསྟན ་པའི་ལམ་འདི་ནི། །ཅུང་ཟད་ཀྱང་ནི་མཐོང་བ་མེད། །ཉམས་ཤིང་ཞི་བ་སྤངས་པ་ཡིས། །འཇིག་རྟེན་མ་ལུས་བཞད་གང་བཞིན། །བདག་ཉིད་ཀྱི་ནི་སྲོན་གྱི་རབས། །དེ་གཟུང་བ་ཡི་རོ་གཅིག་དངོས། །གང་ཞིག་སེམས་པར་བྱེད་ན་ཡང། །གདོན་མི་ཟ་བར་ངོ ་མཚར་འགྱུར། །གལ་ཏེ་འདི་ཀུན་སྟོང་ཉིད་ཡིན། །དགེ་བའི་རྩོམ་བ་དོན་མེད་འགྱུར། །གང་གིས་སྟོང་ཉིད་དོན་བྱས་པ། །བདེན་ཏེ་དོན་ལ་དོན་མེད་ཡིན། །དེ་ཚེ་སྡིག་པའི་རྩོམ་པ་ཡང། །དེ་ཡིས་ཤིན་ཏུ་མི་རིགས་སོ། །གང་ཚེ་སྟོང་མཐོར་རྣལ་འབྱོར་པས། །ཆད ་པ་སྟོང་བཞིན་འཆིང་བ་མེད། །རྟོག་པའི་ནང་དུ་ལྷུང་བ་ལ། །དེ་དག་ཐམས་ཅད་གཞན་ཉིད་འགྱུར། །རྒྱུ་དང་འབྲས་བུའི་དངོས་པོ་ཡི། །འཁོར་བའི་འབྲས་ངེས་ཐོབ་ཕྱིར་རོ། །རྨི་ལམ་ན་བྱས་ལས་རྣམས་ལ། །དགེ་དང་མི་དགེ་ཅི་ཞིག་ཡོད། །མ་སང་པར་ཡང་འབྲས ་མི་མྱོང། །མ་ལུས་རྨི་ལམ་ཉིད་ན་ཡང། །སད་ན་མེད་པར་ཤེས་པའི་ཕྱིར། །རྨི་ལམ་འདྲུག་བའི་འབྲས་བུ་མེད། །དེ་ཕྱིར་ཡེ་ཤེས་སྐྱེས་བས་ན། །ཐམས་ཅད་ཀྱི་འབྲས་མཛའ་རུ་རྫུན། །རྨི་ལམ་འགལ་?་མིག་འཕྲུལ་ནི། །སྐྱེ་དང་འགག་ལ་ཐ་དང་མེད།། ་རྒྱུ་དང་འབྲས་བུའི་དངོས་པོ་ནི། །གང་གིས་ཐམས་ཅད་ཡང་དག་མཐོང། །ཉི་མ་གཞན་ལ་ཡུལ་མྱོང་དང། །གང་ཞིག་རྨི་ལམ་དེས་སང་དང། །རང་བཞིན་ཉམས་སུ་མྱོང་བ་ན། །དེ་དག་བྱེ་ཕྲག་གང་ཡིན་སྨོས། །གང་དང་གང་ནི་རྟེན་ཅིང་འབྱུང། །དེ་དང་དེ་ཡི་རང ་བཞིན་ཞི། །སྒྱུ་མའི་ཡན་ལག་ཚོགས་པ་ཡིས། །སྒྱུ་མ་མཁན་གྱི་སྟོན་པ་བཞིན། །རྣམ་པ་དུ་མ་ཐ་དད་པ། །གོས་འདྲ་བ་ཡི་དངོས་ཕོ་རྣམས། །སྟོང་ཉིད་མ་ཡིས་བསྲེགས་པ་ན། །ཐལ་པར་བྱེ་བྲག་འགའ་ཡང་མེད། །སྣོད་དང་སེམས་ཅན་ཞེས་བྱ་བའི ་འཇིག་རྟེན་གཉིས་ཀ་བསྲེགས་ནས་ནི། །བདག་ཉིད་དེ་ཡང་དེ་ཉིད་དུ། །མེ་ལྕེ་བཞིན་དུ་བསྲེགས་པ་ཡིན། །སྟོང་ཉིད་མེ་ཡིས་དེས་བསྲེགས་པར། །དེ་ལྟར་འགྲོ་བ་གསུམ་མཐོང་བས། །འཁོར་བ་རུ་ནི་གནས་པ་ན། །འགའ་ལའང་ཆགS ་མིན་རྣལ་འབྱོར་བ། །གང་ཚེ་སྟོང་ཉིད་ལ་གནས་པས། །རབ་ཏུ་དཔྱོད་སྨིན་དཔྱོད་པའང་མིན། །དབྱོད་པ་མ་ཡིན་སྤྱོད་ཡུལ་མིན། །དེ་ཚེ་དེ་ལ་ཕྲ་མོར་འབྱུང། །སྟོང་ཉིད་ལ་གནས་ཕྱིན་ཆད་ནི། །བུད་ཤིང་བཞིན་དུ་ཐམས་ཅད་སྤོང། །མེ་བཞིན་ཡོངས་སུ ་མྱ་ངན་འདས། །དེ་ནི་ལྷག་མ་མེད་པར་འགྱུར། །དེ་ལྟར་གྱུར་བ་ཐོགས་པ་མེད། །གོས་མེད་ཆགས་པ་ཡོད་མ་ཡིན། །ཕྱིར་ཡང་དུ་བ་འབྱུང་བ་མེད། །རྣལ་འབྱོར་རིག་པས་ཡོང་འབར་མེད། །འབར་བ་མེད་པ་ནི་བ་ཐོང། །ཞི་བས་ཀྱང་ནི་ཉེར་ཞི་ཉིད ་ཉེ་བར་ཞི?་བས་རབ་ཞི་ཉིད། །རབ་ཏུ་ཞིབས་ཡང་བསིལ་ཉིད། །བསིལ་བར་གྱུར་བས་གདུང་མེད་ཉིད། །གདུང་བ་མེད་པས་རིམ་མེད་བརྗོད། །རིམ་མེད་པ་ཡིས་རྡུལ་མེད་དག། གཉིས་མེད་གནོད་པ་མེད་པ་ཡིན། །བདག་གིས་མེད་པས་རང་འཛིན ་མེད། །སྲིད་པའི་རྒྱ་མཚོ་ཡང་དག་བརྒལ། །ཕྱིར་ཡང་སྐྱེ་བ་ལན་མི་བྱེད། །སྐྱེ་མེད་དེ་ལ་འཆི་བ་འང་མེད། །སྐྱེ་དང་འཆི་བ་སྤངས་པ་ཡིས། །བདུད་རྩིའི་གོ་འཕང་ཉམས་སུ་མྱོང། །ཚུལ་དེ་ཐོབ་ནས་ཕྱིར་ཡང་ནི། །འཐོབ་པར་བྱ་བ་དམིགས་པ་མེད། ། ་འཁོར་བར་སྐྱེ་བའི་སྡུག་བསྔལ་དང། །སྡུག་བསྔལ་གྱིས་རྒྱུ་བདེ་བས་ཡང། །འདོད་ཆགས་ཞེ་སྡང་འཆང་མ་ཡིན། །ཐམས་ཅད་ནི་བཏང་སྙོམས་སྤྱོད། །བལྟོས་དང་བཅས་པ་ཐམས་ཅད་འཇིག། བལྟོས་མེད་རྟག་ཏུ་འཇིག་པ་མེད། །འཇིག་པ ་མེད་པས་མི་འགྱུར་ཐོབ། །འཇིག་མེད་འགྱུར་བ་མེད་བར་ཞུགས། །འཇིགས་པ་མེད་པའི་གནས་ཐོབ་པ། །གང་ལའང་གནས་པ་མ་ཡིན་ནོ། །མྱ་ངན་འདས་པའམ་འཁོར་བ་ལ། །དབང་ཐོབ་ཁྱབ་བདག་དབང་སྒྱུར་ཕྱིར། །དེ་དབང་དེ་ཐུབ་དེ ་སྟོན་ཡིན། །བྱ་བ་བྱས་ཏེ་དེ་བཞིན་གཤེགས། །བདེ་བར་གཤེགས་དེའང?་གང་ཡིན་པ། །ཡེ་ཤེས་དབང་ཕྱུག་རྣམ་འཕྲུལ་བའོ། །ཡུལ་ལ་ཤིན་ཏུ་ཆགས་པ་ནི། །བྱིས་པའི་སེམས་ནི་མ་སྦྱངས་པས། །སྟོང་ཉིད་བསྟན་པ་ཐོབ་པ་ཡིས། །སྙིང་ནི་གཉིས ་སུ་འགས་པར་འགྱུར། །རྒྱ་ཆེ་བ་ཡིས་ཆོས་ཐོས་དང། །བཤེས་གཉེན་བཟང་པོ་བསྟེན་པ་དང། །རིགས་ལྡན་འབར་བར་བྱད་པ་ནི། །འདི་ལ་འཇུག་པར་འགྱུར་བ་ཡིན། །རྟག་ཏུ་བརྩོན་དང་སྦྱོར་ལྡན་པ། །ལམ་འདི་ལ་ནི་རྗེས་ཞུགས་པར?། །རིང་པོར་མི ་ཐོགས་ཆོས་རྣམས་ཀུན། །བདག་མེད་པ་ནི་རྟོགས་པར་འགྱུར། །ཆོས་འདི་ཡོངས་སུ་མ་བསྒོམས་པས། །ཆོས་ཉིད་ཐོབ་པར་མི་འགྱུར་ཏེ། ཆུ་ནི་ཐོས་དང་མཐོང་བ་ཡིས། །མ་འཐུངས་སྐོམ་པ་ཇི་ལྟར་བཟློག། ཚུལ་གནས་ཐོས་དང་ཤེས་རབ་ལྡན།། ་བསོད་ནམས་ཚོགས་ནི་ཡང་དག་བསགས། །ཡུལ་རྣམས་ལ་ནི་དུག་བཞིན་བལྟ། །ལུས་དང་སྲོག་ལ་ཆགས་པ་མེད། །ཁྱིམ་མ་མ་ཡང་ན་ནགས་སུ་ནི། །བྱང་ཆུབ་སེམས་དཔའ་མཉམ་བཞག་སྟེ། །དང་པོར་བདག་མེད་ལམ་གྱིས་ནི། །སངས་རྒྱས་གོ་འཕངས ་ལ་འཇུག་པས། །འཇིག་རྟེན་དོན་ནི་གཙོ་བོར་བྱས། །རང་དོན་ཞར་མཛད་ཐུགས་རྗེ་བདག། འཇིག་རྟེན་ཉིད་དང་ཆོས་རྣམས་ནི། །རང་བཞིན་གསུམ་གྱི་ངོ་བོ་ཉིད། །སྐད་ཅིག་ཙམ་ཡང་སྐབས་ལྡན་ན། །ཁྱིམ་པར་གྱུར་པ་ཡིན་ཡང་བསྒོམ། བསྐྱིལ་མོ ་ཀྲུང་ནི་བཅས་ནས་སུ། །སྣ་རྩེར་གཡོ་བའི་ཡིད་བསྡུས་ལ། །ལོངས་སྤྱོད་ཉིད་ནི་ཉེར་གནས་པ། །རྫུན་དང་སླུ་བར་བྱེད་པ་ཡིན། །ཇི་ལྟར་སྣང་བའི་རང་གི་སེམས། །དམིགས་པ་མདུན་དུ་བྱས་ནས་ནི། །འདོད་ཆགས་གནས་ལ་ཆགས་མི་བྱ། །ཉེས ་དང་ལྡན་ལ་སྔར་མི་བྱ། །གཏི་མུག་བཅས་པས་རྨོངས་མི་བྱ། །མྱོས?་བས་བས་དམིགས་པར་མི་བྱའོ། །ཆགས་པའི་གནས་ལ་ཆགས་བྱེད་དང། །ཞེ་སྡང་ཅན་ལ་སྡང་བས་གནོད། །ཉོན་མོངས་ཤིན་ཏུ་འཕེལ་བའི་ཕྱིར། །རྨོངས་པ་གཏིར་མུག་གིས? ་ནི་ཉམས། །ཏིང་ངེ་འཛིན་ནི་མེ་བརྟན་ཕྱིར། །རྣམ་པར་རྟོག་པས་ཉམས་བྱས་ནས། །ཉམས་བའི་སྒོ་ནི་དེ་དང་ངེས། །གཞན་དག་ཉིད་ནི་རབ་ཏུ་རྟོག། །རྨོངས་པ་འདི་འདུ་ཤེས་རྨོངས་བའི་ཕྱིར། །རྨོངས་བའི་དངོས་པོ་སེམས་པ་ཡིན། །ཤིན ་ཏུ་མུན་ནག་དམག་ཏུ་ལྷུང། །འཁྲུལ་པ་ཡིས་ནི་ལོང་བ་བཞིན། །མཁས་པས་དམིགས་པའི་གནས་ལ་ནི། །བཟློག་པ་རུ་ནི་ཡིད་ལ་བྱ། །ཉོན་མོངས་ཅུང་ཟད་གོམས་པ་ཡི། །མེ་ལ་སྣུམ་གྱིས་བཞིན་དུ་འཕེལ། །དེ་ནས་སྦྱོར་བ་བྱས་པ་ཡིས།། ་གཡུལ་དོ་རུ་ནི་དཔའ་བོ་བཞིན། །འདོད་ཆགས་ལ་སོགས་པ་ཡི་གནས། །དཔའ་བའ་ཨི་དགྲ་ལ་བསྣུན་བར་བྱ། །མ་ལུས་པ་ནི་གཟིགས་པ་ཡིས། །ཉོན་མོངས་དེ་ཉིད་སྒྲིབ་པར་གསུངས། །དེ་ཕྱིར་འབད་པ་ཐམས་ཅད་ཀྱིས་སོ། །དེ་དག་ཉིད་ནི་སྤང ་བར་བྱ། །རྟགས་སོགས་བདག་ཉིད་མ་ལུས་པ། །དེ་དག་གསུམ་དུ་དམིགས་པར་བྱ། །དོན་འཛིན་དོན་དུ་ངོས་སྣང་དང། །དོན་རྣམས་སྟོང་པ་ཉིད་བསྟན་པ། །བསམས་པ་ཡིས་ནི་ཤེས་རབ་ཀྱིས། །དབྱེ་བ་མེད་པ་ཡང་བསམ་བྱ། །ཤེས ་རབ་ཕ་རོལ་ཕྱིན་པའི་ཚུལ། །བསམ་གྱིས་མི་ཁྱབ་བསམ་བར་བྱ། །གང་སྣང་དེ་ན་དེ་ཉིད་མིན། །གང་ཞིག་མ་མཐོང་དེ་དེ་བཞིན། །དངོས་པོར་རྟོག་པ་ཉིད་ཀྱིས་ལོང། །རབ་རིབ་ཀྱིས་ནི་འཁྲུལ་པ་བཞིན། །བདག་གིས་ཅུང་ཟད་མཐོང ་བདན་མིན། །ཀུན་ཏུ་བརྟགས་པ་འཁྲུལ་པ་ཙམ། །རྒྱུ་མཚན་མེད་པའི་མཚན་མར་ཡང། །ཡུན་རིང་གནས་ནི་མཚན་མས་བཅོམ། །ཀྱེ་མ་འཇིག་རྟེན་པ་ཡི་མིག། བརྫུན་བའི་དབང་གིས་འཁྲུལ་པ་ཡིན། །རི་ཡི་རྩེ་མོའི?་སྐྲ་མཐོང་ཞིངས ་རགས་པའི་རི་བོ་མཐོང་བ་ཡིན། །སྐ་ཉག་མུ་ཏིག་ལ་ཕོག་པ། །འགྲོ་ན་འཕོངས་རྐྱེན་གང་ཡིན་པ། །མཚན་མ་ལ་ཕོལ་ཁྱད་འཕགས་པར། །རྐྱེན་ཏེ་གཉིས་པོ་རྐྱེན་མ་ཡིན། །དོན་དུ་ལྟ་ལ་ཐམས་ཅད་ཀུན་བརྟགས་ཁོ་ནའི་?་ནི ་ཤིན་ཏུ་གསལ་བར་སྣང། །རླུང་གིས་བསྐྱོང་བས་གར་མཁན་ལྟ་བུའི་ཝ་ཚོགས་འདྲ་བའི་རི་དྭགས་ཆུ་བཞིན་ནོ། །རྫིང་བུ་ལ་སོགས་ཆུ་ནི་ཉེ་བར་དེ་བཞིན་བདེན་པར་རིགས་མིན་སྙམ། །ཡང་དག་མ་ཡིན་བརྟགས་པར་ལྷུང་བཞིན་འབར་མེད་པ་ལ་ཆེར་ཡང་དག ་འཛིན་མ་ཡིན། །སེམས་ཀྱིས་མེད་པ་འདི་སེམས་པ། །རྒྱུ་མཚན་རྨི་ལམ་འཇུག་པ་བཞིན། །ཀུན་བརྟགས་མེད་པས་གཞན་གྱིས་དབང། །དེ་ན་སེམས་ཀྱིས་ཐོབ་པ་ཡིན། །ཉོན་མོངས་མེད་པའི་རང་བཞིན་སྣང། །ཡོངས་སུ་རྫོགས་བའི་ས་དང་ཉེ། །ཡོངས་སུ་རྫོགས ་པ་གང་ཐོབ་པ། །རྣམ་པར་མི་རྟོག་པ་ལ་གནས། །ཡང་དེ་མཐོང་བའི་བློ་ལྡན་གྱིས། །གཞན་གྱི་དངོས་ལ་འཇུག་མ་ཡིན། །ཀུན་བརྟགས་བདག་ཉིད་མེད་པའི་ཕྱིར། །དེ་ཉིད་ཤིན་ཏུ་བསྒོམས་མ་ཡིན། །རྫུན་པར་བདག་ཉིད་མཐོང་བས་ཡང། །གལ་ཏེ་འདིར་དེ ་དག་ཉིད། །བདག་ཉིད་མྱུར་དུ་མཐོང་ན་ནི། །དེ་ཚེ་རྨི་ལམ་བཞིན་དུ་བསམ། །རྨི་ལམ་ལྟ་བུར་དེས་ཤེས་ན། །ཕྱི་ནས་རྫུན་པའི་བདག་ཉིད་ནི། །སྐད་ཅིག་གཅིག་ལ་སྣང་མ་ཡིན། །གཉེན་པོ་ཡིས་ནི་བཀག་ཕྱིར་རོ། །སྙིང་པོ་ད་ལྟ་བུ་འཛིན་པ། །མེད་པའི ་མཛའ་ལ་གལ་ཏེ་རེག། དེ་བཞིན་ཉིད་ལ་ཤིན་ཏུ་དམིགས། །གལ་ཏེ་དེ་ཉིད་དམིགས་གྱུར་ན། །དེ་ནི་སྤང་བའི་དོན་ཕྱིར་ཡང། །སྟོང་ཉིད་ཤིན་ཏུ་དམིགས་པར་བྱ། །སྣ་ཚོགས་ལྟ་ཀུན་སྤང་བའི་ཕྱིར། །སྤོང་བའི་སྟོང་ཉིད་བསྟན་པ་ཡིན། །རྡོ་རྗེ་བྱིན་གྱིས ་བྱུགས་པ་ཡི། །ཁང་བའི་སྒོ་ལ་ལྷ་མིན་བཞིན། །རྣམ་རིག་ལ་འཇུག་རྣལ་འབྱོར་པས། །ཕྱོགས་གཉིས་ཡང་དག་རེག་མ་ཡིན། །དེ་གཉིས་དབུས་སུ་བག་མེད་པས། །གཞན་འགའ་ཞིག་གིས་རེག་གྱུར་ན། །རྡོ་རྗེ་འབྱིན་གྱིས་གཟུང་ནས་ནི། །དེ་ཡི་ལུས ་ནི་བསྲེག་པར་འགྱུར། །སྣང་བ་ཐོབ་བའི་རྣལ་འབྱོར་བ། །དེ་ཡི་རྟགས་ཀྱང་ཤེས་བྱ་སྟེ། །དངོས་གྲུབ་མེད་ནི་མི་འབྱུང་སྟེ། །དུ་བ་སོལ་མ་དངོས་པོ་བཞིན། །ཀུན་ཏུ་བརྟགས་པ་སྤང་བ་དེ། །མི་གསལ་བ་ཡིའི་མོ་བཞིན། །བསམ་གཏན་ལས་ནི་སང ་པ་ཡིས། །འགྲོ་བ་ཐམས་ཅད་མི་གསལ་སྣང། །ཟད་དང་རྣིངས?་པ་ལྟ་བུ་དང། །ཀུན་ཏུ་ཞིབ་པ་ལྟ་བུ་དང། །གྲོང་སྟོང་ལྟ་བུར?་དབེན་པ་དང། །དཀའ་བ་མེད་ཅིང་རྟེན་མེད་པ། །ཤིན་ཏུ་སྐྱོ་སྐྱེ་འགྲོ་བ་ལ། །ཅི་རི་སྒྲ་འདོན་པ་ལ་བཞིན། །བདག ་དང་བདག་གིས་མེད་པ་དང། །མིང་ཙམ་འབའ་ཞིག་ཁོ་ནའོ། །གཞན་དབང་ཞེས་བྱ་མཐོང་བས་ཀྱང། །རང་བཞིན་འདི་ལྟ་བུ་དུ་སྣང། །རང་སེམས་ཤིང་རྟ་ལ་ཞེན་དང། །བདག་གི་སྣང་དུ་ཞུགས་ལྟ་བུར། །མིག་འཕྲུལ་འབྱུང་བ་ལྟ་བུ་སྟེ། །དེ་ཉིད་ཁོ་རྒལ?་ཕྲུལ? ་པ་ཙམ། །མ་ལུས་མུན་པས་ཁྱབ་པ་བཞིན། །དེ་ལ་ཀུན་བརྟགས་སྣང་མ་ཡིན། །བག་ཆགས་ལྷག་མའི་རིམ་ཡིས། །ཐམས་ཅད་བྲིས་པ་ལྟ་བུ་རུ། །ཉོན་མོངས་ཉིད་ཀྱིས་ཁྱབ་པ་དང། །འཁོར་ལོ་ལྟ་བུར་འཁོར་བ་དང། །རྨི་ལམ་གསལ་སད་ཤེས་པ ་དང། །མཚན་དང་མཚན་ཉིད་མེད་པར་སྣང། །མཐོང་ནས་མི་སྣང་དང་མཚུངས་པར། །ཅི་ཞིག་ལྟ་བུར་སྣང་བ་ཡིན། །ཡོངས་སུ་གྲུབ་པ་ཤེས་པ་ན། །ཐམས་ཅད་རོ་གཅིག་བདག་ཉིད་དེ། །ཆ་ཤས་མེད་ཅིང་ཐོག་མཛའ་མེད། །རྣམ་པ་མེད་ཅིང་གཟུང་དུ་མེད།། ་སྐྱོ་མེད་འཚེ་བ་ཡང་མ་ཡིན། །རིང་པོ་མ་ཡིན་ཟླུམ་པོར་མིན། །ཉི་མས་མུན་པ་བསལ་བ་ཡི། །ནམ་མཁའ་ལྟ་བུར་དྲི་མ་མེད། །མཉམ་པ་ཉིད་ཆོས་ནི་རྟོགས་པའི་ཕྱིར། །ཐམས་ཅད་མི་མཉམ་པ་དང་མཉམ། །ཀུན་རྫོབ་ཏུ་ནི་ཆོས་འདི་སྣང། །དམ་པའི ་དོན་དུ་སྣང་མ་ཡིན། །རྣམ་པར་རྟོག་པ་གཞན་གྱི་རྒྱུའི། །རྣམ་རྟོག་ཀུན་རྫོབ་ཅེས་བྱར་བརྗོད། །རྣམ་པར་རྟོག་པ་བཟློག་པ་ནི། །དེ་ཉིད་ཁོ་ན་དམ་བའི་དོན། །ཇི་ལྟར་མིང་གི་བསྟན་དེ་ཡང། །ཀུན་རྫོབ་ཉིད་དུ་གནས་པ་ཡིན། །དམ་པའི་དོན་ནི་དེ་བཞིན་ཏེ།། ་དེ་བཞིན་ཚིག་གིས་ད་ཡུལ་མིན། །རིག་ལ་གནས་པ་མ་ཡིན་པས། །དེ་ཕྱིར་དེ་འཇིགས་ཐུབ་པ་ཡིས། །སྟོང་ཉིད་བདག་ཉིད་གསུངས་ཤིང་གསུངས། །ཐ་དད་པ་ཡི་ཆོས་རྣམས་བསྟན། །ཡུན་རིངས་འཕེལ་བའི་རྣམ་རྟོགས་ལ། །བྱིས་པ་རྣམས ་ནི་དགའ་བ་ཉིད། །སྤྲོས་ལ་སེམས་ནི་ཆགས་པས་ན། །དེ་ལྟ་ན་ནི་འདྲི་འཕེལ་ལོ། །མཚན་མོ་འགོད་པའི་དོན་ལ་ནི། །སེམས་འདི་ཡང་ནི་མཁས་པ་ཡིན། །རྣམ་རྟོག་བྱེ་བྲག་ཞི་མ་ཡིན། །མི་འགྱུར་བ་ནི་གང་དཱུང་མེད། །བདག་མེད་པ་ལ་སེམས་དམིགས་པ། །བཏང ་སྙོམས་འདྲ་བ་ཐོབ་བ་དང། །གཉིད་ལོག་ལྟ་བུར་འདོད་པ་མེད། །དུབ་པ་ལྟས་པ་ལྟ་བུ་དང། །སྟོང་ཉིད་སྟོང་བར་མཐོང་བ་ཡིས། །མིག་མི་འཛུམ་པར་བྱེད་མ་ཡིན། །མགོ་འཕངས་མཐེན་པོ་མ་ཡིན་དང། །སེམས་དང་སེམས་བྱུང་འགག་པར་འགྱུར། །རྟགས་ནི་འདི ་དག་མཐོང་ནས་བྱང། །བདག་གིས་དོན་བྱས་འདི་ཉིད་མཐོང། །དཔའ་པོས་སྒོམ་པ་འདོད་མ་ཡིན། །མཆོག་ལས་ཀྱང་ནི་མཆོག་ཡོད་ཕྱིར། །དེ་ཡང་འདི་ཞེས་འགའ་ཡིས་ཀྱང། །དེ་ཉིད་བསྟན་པར་ནུས་མ་ཡིན། །འདི་ནི་གོམས་བྱས་རྣལ་འབྱོར་པས། །བདག་ཉིད ་ཀྱིས་ནི་རྟོགས་པར་འགྱུར། །རྣམ་པར་རིགས་ཙམ་ཉིད་མཐོང་ན། །དེ་ནི་མཛའ་གཉིས་དབུས་ལ་གནས། །འགྲོ་བ་མ་ལུས་འདི་དག་ལ། །དེ་ཉིད་ཕུན་སུམ་ཚོགས་པ་སྟོན། །དེ་ཉིད་ཕུན་སུམ་ཚོགས་ནས་ཕྱིར། །སྙིང་རྗེ་ལྡན་པ་བདེ་གཤེགས་སྲས། །སྲོག་གིས་ཀྱང ་ནི་སེམས་ཅན་དོན། །བྱེད་ལ་བཏང་སྙོམས་འཇོག་མ་ཡིན། །ཡུལ་རྣམས་འགའ་ཡང་སེམས་པ་མེད། །རྨི་ལམ་འཇུག་པ་བཞིན་དུ་བརྟེན། །བུ་དང་བུ་མོ་ལ་སོགས་པའི། །གཞན་གྱིས་ཉེ་བར་ལོངས་སྤྱོད་ཀྱང། །བག་མེད་གནས་ནི་རྒྱ་ཆེ་བས། །སེམས་ནི་རྣམ ་པར་འགྱུར་མ་ཡིན། །འབྱོར་པ་དང་མི་རྒུད་པ་ལ། །ཐམས་ཅད་དུ་ན་སེམས་མཉམ་ཉིད། །དུས་མ་ཡིན་པའི་སྤྲིན་བཞིན་ཡོད། །གལ་?་མཁའ་ལས་སྤྲིན་ལྡད་པ། །བདག་ཉིད་ཀྱིས་ནི་དེ་དང་དེ། །ངོ་མཚར་རྣམ་པར་འཕྲུལ་པ་སྟོན། །དུས་རྣམས་ཤེས་པར་དུས ་གཅིག་ལ། །འབར་བ་དང་ནི་ཆར་འབབ་བྱེད། །ས་ལ་ཡང་ནི་ཆུ་བཞིན་དུ། །བྱི་འཇུལ་དུ་ནི་བྱེད་པའང་ཡིན། །རི་ལ་སོགས་པ་གཡོ་བ་དང། །འབྱེད་དང་སྡུད་པ་དེ་བཞིན་ནོ། །བདག་ཉིད་ནམ་མཁའ་ལ་འགྲོ་ཞིང། །ཆུལ་དང་བའི་རྒྱལ་པ་བཞིན། །སྤྲུལ་པ་ཡིས་ཀྱང་རིང ་པོ་ནས། །མཐོང་དང་ཐོས་བྱེད་དེ་བཞིན་ནོ། །ཐེག་ཆེན་ཚུལ་ལ་ཐམས་ཅད་དུ། །རིགས་གྱི་འདི་ནི་གཞན་ལ་མིན། །དེ་ལས་གཞན་པའི་ཕྱི་རོལ་པ། །གང་ཞིག་ཅུང་ཟད་མཐོང་བ་ནི། །རང་གི་རོ་ལས་འོངས་པ་སྟེ། །དེ་ཉིད་ཀྱི་ནི་ལམ ་འདི་ལ། །ཅུང་ཟད་ཅིག་ཀྱང་མཐོང་བ་མེད། །ཐམས་ཅད་མཁྱེན་པས་ཐམས་ཅད་གཟིགས། །རྣམ་པ་ཐ་དད་བརྟགས་པའང། །དེ་ཉིད་ཕྱིར་ན་དངོས་གཅིག་ཉིད། །སྟོང་ཉིད་དོན་གཅིག་མཐོང་བ་ཡིས། །འགྲོ་ཀུན་དོན་ནི་གཅིག་ཏུ ་མཐོང། །ཕྱོགས་གཅིག་གིས་ནི་ཆུ་འཐུངས་པས། །རྒྱ་མཚོ་མ་ལུས་ཤེས་པར་འགྱུར། །དུས་གཅིག་ལ་ནི་ཐ་དད་པ། །ཡུལ་ལ་སོགས་པ་ཐ་དད་ལ། །སྟོང་པར་མཐོང་པ་མ་གཏོགས་པར། །སྐྱོབ་པའི་ཡེ་ཤེས་འཁྲུང་མ་ཡིན།། ་རང་སེམས་ཀྱིས་ནི་ཀུན་བརྟགས་བྲིས། །ཕྱི་རོལ་གསལ་བའི་དབྱིངས་སུ་གནས། །སྐྱེ་བ་དུ་མ་གོམས་པས་གསལ། །སྲིད་གསུམ་རི་མོའི་བྱེ་བྲག་བཞིན། །ཀུན་བརྟགས་དེ་ཡི་སྤྲོས་མཁྱེན་པའི། །སྐྱོབ་པས་འདི་དག་ཐམས་ཅད ་གཟིགས། །དངོས་མེད་མཚན་མེད་ཟད་པ་མེད། །ཀུན་ཏུ་བརྟགས་པ་འབའ་ཞིག་གོ། འདི་བསྒོམས་ཚུལ་གྱིས་འདོད་ཆགས་ཐུལ། །རིམ་གྱིས་བདེ་སྤྱོད་འདོད་པ་མེད། །ཐུབ་དབང་འདོད་པ་མ་སྤངས་པས། །གནས་མཆོག་གཞན་གྱིས ་དོན་ལྡན་ཐོབ། །བདེ་གཤེགས་ཀྱིས་གསུངས་དབྱེ་བ་རབ་གྲགས་པ། །དོན་ཆེན་རྣམ་གསལ་ཚིག་གིས་རབ་སྦྱར་བས། །ལོག་པའི་ལམ་ཞུགས་མི་ཤེས་མུན་སེལ་བ། །སྣང་བའི་ཕྲང་བ་འདི་ནི་བདག་གིས་སྦྱར། །དངོས་པོར་འཛིན ་པ་སྤོང་བྱེད་ཡུལ་གྱིས་ཐོབ་པའི་ཞན་པ་གཅོད། །སེམས་ལ་སྣང་བ་འཕེལ་བྱེད་སྒྲོན་མ་ཆེན་པོ་གསལ་འབར་བཞིན། །ཡེ་ཤེས་སྣང་བ་སྐྱེས་པས་དེ་ཉིད་ཡང་མཐ?་རང་གི་ལག་ན་གནས་པ་བཞིན། །ཤེས་རབ་ཕ་རོལ་ཕྱིན་འདི ་རྒྱུད་ནས་ཀུན་ཏུ་ཡིད་བཞི་ནོར། །ཀུན་རྫོབ་སྒྲོ་བཏགས་གསུངས་ལ་ཕྱི་རོལ་པ། །ངེས་པའི་དོན་དུ་ཞེན་ལ་བདེ་གཤེགས་ཉིད། །གང་ཞིག་ཕྱི་རོལ་དོན་འདོད་དེ་མདུན་དུ། །སློབ་དཔོན་ཆང་བ་བདེ་གཤེགས་ཕྱེད་མི་མཛད། །གང་ཚེ་འཇིག་པ་མེད་པར་བྱང ་ཆུབ་མངོན་ཐོབ་པས། །ཁྱོད་ཀྱིས་ཀྱང་ནི་ཡི་གེས་ཡི་གེ་གསུངས་མི་མངའ་། །དེ་ཆེ་ཡུན་རིངས་ནས་ཉམས་ལྕགས་ཀྱུ་མེད་པ་ཡི། །ཕྱིན་ཅི་ལོག་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད། །སངས་རྒྱས་པ་དང་ཕྱི་རོལ་རྣམ་པར་འབྱེད་བྱེད་པ། ། ་གལ་ཏེ་སྟོང་ཉིད་གཅིག་པུ་འདི་ནི་མ་བསྟན་པར། །ཞིབ་མོའི་བློ་ཡིས་རྣམ་པར་དཔྱད།། བྱས་ན། །གྲུབ་མཛའ་ཐམས་ཅད་མཚུངས་པར་འགྱུར་བ་ཡིན། །གལ་ཏེ་སྟོང་མིན་རྟག་ཅིང་མཉམ་ཉིད་མ་ཡིན་ནོ། །ཐ་དད་བདག་ཉིད་རྒྱུ་མཚན་སྐད་ཅིག་མ ་དག་ཏུ། །ཐམས་ཅད་མཁྱེན་པས་དངོས་པོ་ཡོངས་དཔྱད་པས། །གང་གི་རྒྱུ་ཡིས་སྟོན་པར་གྲུབ་པ་གྱུར། །གང་ཞིག་རྣལ་འབྱོར་བ་ཡི་དངོས་གྲུབ་ཁྱད་འཕགས་རྒྱུ། །གཞན་སེམས་སྤྱོད་ཡུལ་ཤེས་པའི་ང་རྒྱལ་ཡིན། །དེ་དག་མུན་པའི་དྲི ་མ་ལྷག་པ་ཡིན་པར་འདོད། །འཆིང་བའི་བདག་ཉིད་བྱིས་ལ་ཇི་ལྟར་གནས་པ་བཞིན། །གང་ཞིག་ཀུན་ཏུ་དམུས་ལོང་དད་ནི་རབ་རིབ་ཅན། །གཉིས་པོ་དག་ལས་སྔ་མ་བཞིན་དུ་མཆོག་ཡིན་ཏེ། །བདག་ནི་ལོང་བ་ཡིན་ཞེས་ང་རྒྱལ་གྱིས་སྟོང་གི། ་རབ་རིབ་ཀྱིས་མཐོང་འབྲས་བུ་མང་ལ་ང་རྒྱལ་མིན། །གང་ཞིག་རང་སྐྱོན་སྐྱོན་གྱིས་ངོ་བར་མི་ཤེས་པ། །དེ་བཞིན་ཡོན་ཏན་ཀུན་ལས་ཡོན་ཏན་དུ་མ་ཡིན། །དགེ་བའི་བཤེས་གཉེན་རྣམས་ལ་གུས་པར་བྱེད་མ་ཡིན། །དེ་དག་ད་ཉིད་རོ་ནི་ཇི་ལྟར ་འཐུང་བར་འགྱུར། །ནམ་མཁའ་ཨི་དཀྱིལ་ལ་རི་མོ་འབྱེད་པ་ལ་མཁས་པ། །དངོས་པོའི་བྱེ་བྲག་སྟོན་པའི་བརྩོན་འགྲུས་ཅན། །ཀྱེ་མ་ཐོག་མར་སྤྲོས་པ་ཐོབ་པའོ་འཆད་པ་པོས། །སྐྱེ་བོ་གཞན་ལ་སྣ་ཚོགས་བསྟན་པས་སྤྲོས་པ་བསྐྱེད། །? ་ནང་སྦྲུལ་ཞུགས་རྗེས་ནི་མཐོང་བ་དང། །ནམ་མཁའ་ཨི་མེ་ཏོག་ཕྲེང་བས་རབ་ཏུ་རྒྱན་བྱེད་དང། །རྒྱུ་སྤུན་མེད་པའི་སྣམ་བུ་འཐག་པར་བྱེད་པ་ནི། །འཇིག་རྟེན་རྣམས་ལ་ཇི་ལྟར་ངོ་ཚ་མི་ཤེས་འགྱུར། །སུན་འབྱིན་འདོད་པར་ཀྱང ་ནི་དག་གཅིག་འཛིན་བྱེད་པ། །ཐུབ་པའི་དབང་པོའི་གསུང་ལ་དེ་གུས་མིན་མོད་ཀྱི། །ཤིན་ཏུ་མངར་བ་མྱངས་ནས་ཁ་བའི་རིགས་བཞིན་དུ། །གཞན་གྱིས་སྨྲས་པའི་ཚིག་ལ་རྗེས་སུ་ཆགས་མ་ཡིན། །ཁྱད་པར་འཕགས་པའི་བུད་མེད་འདོད་པ ་དང། །གསལ་བའི་རིགས་རྒྱུད་དབང་ཕྱུག་ཁྱིམ་འདོད་པས། །གླང་པོའི་ཁྱུ་ཡི་གཙོ་བོ་སྤངས་ནས་ནི། །དམར་པའི་གཞོན་པ་བོང་བུས་སུ་ཞིག་འགྲོ། སྣང་བའི་ཕྲེང་བ་ཞེས་བྱ་བ། །སློབ་དཔོན་ཀ་མ་ལའི་ཞལ་སྔ?་ནས་མཛད་པ་རྫོགས་སོ།། །། ་རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་ཀ་ལ་ཤ་དང། ལོཙྪ་བ་དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་ཅིང་ཞུས་པའོ། །རྒྱ་གར་སྐད་དུ། སུ་ག་ཏ་མ་ཧོ་བི་བྷཾ་?་ཀཱ་རི་ཀཱ། བོད་སྐད་དུ། བདེ་བར་གཤེགས་པའི་གཞུང་རྣམ་པར་འབྱེད་པའི ་