| Wylie | e-texts based on the ACIP/ALL Input |
མང་པོ་ཞེས་བྱའོ། །དང་བས་ནི་བསྡེ་བས་བསོད་ནམས་ཀྱི། །འགྲོ་ཀུན་སྲིད་པ་ཡོང་སྤོང་ཞིང། །བསམ་གཏན་བདེ་བ་བརྟེན་བྱེད་དེ། །རྟག་ཏུ་གཞན་དོན་མོས་བར་ཤོག་།བསམ་གཏན་ལ་འཇུག་པ་བསྡུས་པ་རྫོགས་སོ།། །།སེམས་ཀྱི་ཉམས་ཅུང་ཟད ་ཙམ་ཞིག་མདོར་བསྡུས་ཏེ་བརྗོད་པར་བྱའོ། །དེ་ལ་མཚན་མ་དང་བཅས་པའི་རྣལ་འབྱོར་དང། མཚན་མ་མེད་པའི་རྣལ་འབྱོར་རྣམ་པ་གཉིས་ཏེ། དེ་ལ་མཚན་མ་དང་བྱས་བའི་རྣལ་འབྱོར་བཤད་པའི་དབང་དུ་བྱས་ནས་ཆོས་བརྒྱད་ཤེས་ཤིང་ལྡན་ན་མཚན་མ ་དང་བཅས་པའི་དམིགས་པ་ལ་གཏད་དུ་འདོད་པར་འགྱུར་ཏེ། ཆོས་བརྒྱད་ནི་ཞི་གནས་ཀྱི་རྒྱུ་དྲུག་དང་ལྡན་པར་བྱ་བ་དང། དབྱིབས་དང་ཁ་ཅོག་གི་མཚན་ཉིད་ཤེས་པར་བྱ་བ་དང། གཙོ་ཆེར་སྤྱི་ལ་བསྒོམ་པར་བྱ་ཞིང། བྱེ་བྲག་ལ་གནས་ཀྱི་བར་དུ་བྱེ་བྲག་ལ ་བཞག་པར་བྱ་བ་དང། དམིགས་པ་ཤིན་ཏུ་གསལ་བ་བསྒོམ་བར་བྱ་བ་དང། བྱིང་རྒོད་གཉིས་ཀྱི་དབང་དུ་མི་བཏང་བ་དང། བསྒོམ་པ་ཚོད་ཟིན་པར་བྱ་བ་དང། རྒྱུ་ཆོས་དེ་དྲུག་ཡིད་ལ་བཞག་སྟེ་བསྒོམས་པས་འབྲས་བུ་སེམས་སྐྱེ་བའི ་རིམ་པ་མུ་བཞིར་རིག་པར་བྱ་བ་དང། མུ་གསུམ་པའི་དུས་སུ་མ་ངེས་བ་རྣམ་པ་ལྔའི་རྗེས་སུ་འབྲང་བར་བྱ་བ་མ་ཡིན་པའོ། །དེ་ལ་ཞི་གནས་ཀྱི་རྒྱུ་དྲུག་དང་ལྡན་བར་བྱ་བ་ནི་མཐུན་པའི་ཡུལ་ན་གནས་པ་དང། འདོད་པ་ཆུང་བ་དང། ཆོག་ཤེས་པ་དང། བྱ་བ་མང་པོ ་སྤང་བ་དང། ཚུལ་ཁྲིམས་རྣམ་པར་དག་པར་བྱ་བ་དང། འདོད་བ་ལ་སོགས་པའི་རྣམ་བར་རྟོག་པ་སྤང་བའོ། །ཞི་གནས་ཀྱི་རྒྱུ་དྲུག་ཤེས་པར་བྱས་ནས་རྒྱུད་ལ་ལྡན་པར་བྱའོ། །དབྱིབས་དང་ཁ་དོག་གི་མཚན་ཉིད་ཤེས་པར་བྱ་བ་ནི་དེ་བཞིན་གཤེགས་པའི་སྐུ ་ལ་དམིགས་པ་གཏོད་པ་ཡིན་ན་དབྱིབས་ཀྱི་མཚན་ཉིད་ནི་སྟོད་སྨད་ལ་སོགས་པའི་བྱེ་བྲག་ཇི་ལྟར་གནས་པ་བཞིན་དུ་ཤེས་པར་བྱ་བ་དང། ཁ་དོག་གི་མཚན་ཉིད་ནི་ཁ་དོག་རྣམ་པ་བཞི་ལས་ཇི་ལྟར་གནས་པ་བཞིན་དུ་ཤེས་པར་བྱའོ། །གཙོ་ཆེར་སྤྱི་ལ་བསྒོམ ་པར་བྱ་ཞིང་བྱེ་བྲག་ལ་གནས་ཀྱི་བར་དུ་བྱེ་བྲག་ལ་བཞག་བར་བྱ་བ་ནི་དབྱིབས་དང་ཁ་དོག་གི་མཚན་ཉིད་ཤེས་པར་བྱས་ནས་བསྒོམ་པའི་དུས་ན་སྐུ་རྫོགས་པའི་ངོ་བོ་སྤྱི་ལ་སེམས་གཏད་པར་བྱ་སྟེ། དེ་ལྟར་གཏན་ཙམ་ན་རྫོགས་པ་མི་སྣང་བར་བྱེ་བྲག ་ཕྱོས་འགའ་སྣང་ན་ཇི་ཙམ་སྣང་གི་བར་དུ་བྱེ་བྲག་དེ་ལ་སེམས་གཏད་པར་བྱའོ། །དེ་བས་ན་གཙོ་ཆེར་སྤྱི་ལ་བསྡོམ་བར་བྱ་ཞིང་བྱེ་བྲག་ལ་གནས་ཀྱི་བར་དུ་བྱེ་བྲག་ལ་བཞག་བར་བྱ་བ་ཡིན་ཏེ། དེ་ལྟར་མ་ཡིན་པའི་དམིགས་བར་བྱ་བ་མདུན་དུ་བཞག་ནས ་དུས་རྟག་ཏུ་ཧ་ཧ་ར་སྒོམ་བྱེད་པའམ། སྐུའི་བྱེ་བྲག་རིམ་གྱིས་ཡིད་ལ་བྱེད་པའམ། བྱེ་བྲག་ཕྱོགས་འགའ་ལ་མི་སྣང་བ་བཞིན་དུ་དོན་དང་ཆེད་དུ་གཏོད་པ་ནི་དམིགས་པ་མྱུར་དུ་མི་འཐོབ་པའི་རྒྱུ་ཡིན་པར་ཤེས་པར་བྱའོ། །དམིགས་བ་ཤིན་ཏུ་གསལ་བ ་བསྒོམ་པར་བྱ་བ་ནི་གཙོ་ཆེར་སྤྱི་ལ་བསྒོམ་པའི་དུས་ན་ཡོད་དོ་སྙམ་པ་དང། གནག་ཡོ་དེ་ཙམ་དང། རབ་རིབ་ཙམ་དུ་སྒོམ་པ་མ་ཡིན་ཏེ། དབྱིབས་དང་ཁ་དོག་གི་མཚན་ཉིད་ཤིན་ཏུ་གསལ་བར་བསྒོམ་པའི་སྟོབས་ཀྱིས་ཕྱི་དམིགས་བར་བྱ་བ་ཤིན་ཏུ་གསལ ་བར་འགྱུར་ཏེ། དེ་བས་ན་དམིགས་པ་ཤིན་ཏུ་གསལ་བསྒོམ་བར་བྱའོ། །བྱིང་རྒོད་ཀྱི་དབང་དུ་བཏང་བར་བྱ་བ་མ་ཡིན་པ་ཡིན་པ་ནི་དམིགས་པ་ཤིན་ཏུ་གསལ་བར་བསྒོམ་པའི་དུས་ན་བྱིང་རྒོད་གཉིས་ཀྱི་བར་དུ་བཏང་ནས་སྒོམ་པ་མ་ཡིན་གྱི། དེ་བས་ན་བྱིང་ན ་གཟེངས་བསྟོད་ཅིང་རྒོད་ན་བླན་པར་བྱའོ། །སྒོམ་པ་ཚོད་ཟིན་བར་བྱ་བ་ནི་ཁམས་རབ་འབྲིང་ཐ་མ་གསུམ་ལས་ཀྱང་རབ་ཀྱིས་ནི་ཉིན་གྱི་བཞི་ཆ་མཚན་གྱི་བཞི་ཆ་བསྒོམ་པར་བྱ་སྟེ། ཉིན་གྱི་བཞི་ཆ་ནི་ཐུན་བཞི་འམ་ལྔ་བསྒོམ་བར་བྱ། མཚན་གྱི་བཞི་ཆ་ནི་སྲོད་ཐོར་དེས ་ལ་བསྒོམ་པར་བྱའོ། །འབྲིང་གིས་ནི་ཉིན་གྱི་འབའ་ཞིག་གི་བཞི་ཆ་བསྒོམ་པར་བྱ་སྟེ། མཚན་གྱི་བཏང་སྙོམས་སུ་བཞག་ཅིང་ཉིན་བར་གྱི་བཞི་ཆ་ལ་ཐུན་ལྔ་འམ་དྲུག་ཏུ་བསྒོམ་བར་བྱའོ། །ཐ་མས་ནི་ཉིན་འབའ་ཞིག་གི་ལྔ་ཆ་འམ་དྲུག་ཆ ་འམ་ད་བདུན་ཆ་འམ། བསྒོམ་པར་བྱ་སྟེ་མཚན་མོ་བཏང་སྙོམས་སུ་བཞག་ཅིང། ཁམས་ཐ་མ་ཡང་རབ་འབྲིང་ཐ་མ་གསུམ་དུ་ཤེས་པར་བྱས་ནས་ཉིན་གྱི་ལྔ་ཆ་འམ་དྲུག་ཆ་འམ། བདུན་ཆ་ལ་ཐུན་དྲུག་གམ་བདུན་དུ་བསྒོམ་པར་བྱའོ། ། ་དེ་ལ་བསྒོམ་པའི་དུས་ནི་ཐུང་ལ་མི་བསྒོམ་པའི་དུས་ནི་རིང་བས་དམིགས་པ་གཏད་དུ་མི་འདོད་བར་འགྱུར་རོ་སྙམ་དུ་སེམས་ན། སྒོམ་པ་ཡུན་ཐུང་ཡང་ཤིན་ཏུ་གསལ་བའི་སྟོབས་བག་ཆགས་འཇོག་ནུས་བར་འགྱུར་ལ། མི ་བསྒོམ་པའི་དུས་རིང་ཡང་གཡེལ་བ་གཞན་མ་བྱས་བས་སྔ་མའི་བག་ཆགས་ཀྱང་མཐུ་ཆུང་བར་མི་འགྱུར་ལ། སྒོམ་པ་ཡུན་ཐུང་བའི་དབང་གིས་ཤེས་པའི་རྒྱུད་ནས་ནུས་བ་ཆེ་བར་གྱུར་ནས། ཤིན་ཏུ་གསལ་བར་སྒོམ་པའི ་སྟོབས་ཀྱིས་དམིགས་པ་ལ་གཏང་དུ་འདོད་པ་མྱུར་དུ་འཐོབ་པར་འགྱུར་རོ། །རྒྱུ་ཆོས་དེ་དྲུག་ཡིད་ལ་བཞག་ནས་བསྒོམ་པས་འབྲས་བུ་སེམས་སྐྱེ་བའི་རིམ་པ་མུ་བཞིར་རིག་པར་བྱ་བ་ནི་ཆོས་དྲུག་ནི་ཞི་གནས་ཀྱི་རྒྱུ་དྲུག་དང?་ལྡན་ན?་དམིགས?་པ་ལ་སོགས་? ་ཆོས་དྲུག་ཤེས་ཤིང་ལྡན་ནས་བསྒོམས་པའི་སྟོབས་ཀྱིས་སེམས་སྐྱེ་བའི་རིམ་པ་མུ་བཞི་འབྱུང་སྟེ། མུ་དང་པོ་ལ་ནི་རྩོལ་བ་དྲག་ཏུ་བསྒོམས་ཀྱང་དམིགས་པར་བྱ་བ་མི་སྣང་ལ་རྩོལ་བ་ཞན་དུ་བསྒོམས་ཀྱང་དམིགས་པར་བྱ་བ་མི་སྣང་བ་ཡིན་ནོ།། ་མུ་གཉིས་པ་ལ་ནི་རྩོལ་བ་དྲག་ཏུ་བསྒོམས་ན་གནས་སྐབས་ཁ་ཅིག་ཏུ་སྣང་ལ། གནས་སྐབས་ཁ་ཅིག་ཏུ་ནི་དྲག་ཞན་གཉིས་ཀ་ལ་ཡང་མི་སྣང་བ་ཡིན་ནོ། །མུ་གསུམ་པ་ལ་ནི་རྩོལ་བ་དྲག་ཏུ་བསྒོམས་ན་སྣང་ལ། ཞན་དུ་བསྒོམས་ན་མི་སྣང་བ་ཡིན་ནོ། །མུ ་བཞི་པ་ནི་མུ་གསུམ་པ་ལས་ཁྱད་པར་དུ་གྱུར་པ་ཡིན་ཏེ། རྩོལ་བ་དྲག་ཞན་གཉིས་ཀ་ལ་ཡང་སྣང་ལ་ཐུན་རྐྱང་པར་ཡང་ནུས། མི་མཐུན་པའི་ཕྱོགས་གཉིས་དང་བྲལ་ཞིང་མཐུན་པའི་ཆོས་གསུམ་དང་ལྡན་པ་ཡིན་ཏེ། མི་མཐུན་པའི་ཆོས་ནི་རྒོད་པ ་རྒྱུན་ཆགས་དང། བྱིང་བ་ཤས་ཆེ་བ་ཡིན་ལ། མཐུན་པའི་ཆོས་གསུམ་ནི་ཚོར་བ་དགའ་བདེ་བའི་ཕྱོགས་དང་མཐུན་པ་དང། ཞི་གནས་ཀྱི་ཕྱོགས་དང་མཐུན་པ་ཡིན་ནོ། །ཡང་ཆོས་དྲུག་ཡིད་ལ་བཞག་ནས་བསྒོམས་པས་སེམས་ཀྱི་སྐྱེ་བའི་རིམ་པ་མུ ་བཞིར་ཤེས་པར་བྱ་བ་ནི། མུ་དང་པོ་ནི་རྩོལ་བ་དྲག་ཞན་གཉིས་ཀ་ལ་ཡང་སྣང་ལ། གནས་སྐབས་ཁ་ཅིག་ཏུ་ནི་རྩོལ་བ་དྲག་ཞན་གཉིས་ཀ་ལ་མི་སྣང་བ་ཡིན་ནོ། །མུ་གཉིས་པ་ནི་མུ་དང་པོ་ལས་ཁྱད་པར་དུ་གྱུར་པ་ཡིན་ཏེ། རྩོལ་བ་དྲག་ཞན ་གཉིས་ཀ་ལ་ཡང་སྣང་བའི་གྲངས་ནི་མང་ལ། མི་སྣང་པའི་གྲངས་ནི་ཉུང་བ་ཡིན་ནོ། །མུ་གསུམ་པ་ལ་ནི་རྩོལ་བ་དྲག་ཞན་གཉི་ག་ལ་ཡང་སྣང་ལ། གནས་སྐབས་ཁ་ཅིག་ཏུ་ནི་བརྩོན་པ་ཞན་དུ་བསྒོམས་ན་མི་སྣང་བ་ཡང་ཡིན་ལ། ཡང་ན་ཁ་ཅིག་གི་དབང ་དུ་བྱས་ན་མ་ངེས་པ་རྣམས་པ་ལྔར་སྣང་སྟེ། མ་ངེས་པ་རྣམ་པ་ལྔ་ནི་དབྱིབས་མ་ངེས་པ་དང། ཁ་དོག་མ་ངེས་པ་དང། ཁ་དོག་འབའ་ཞིག་སྣང་བ་དང། གྲངས་མ་ངེས་པ་དང། ཆེ་ཆུང་མ་ངེས་པའོ། །དེ་ལ་དབྱིབས་མ་ངེས་པ་ནི་དེ་བཞིན་གཤེགས་པའི་སྐུའི་དབྱིབས ་དང། ཁ་དོག་གི་མཚན་ཉིད་སྣང་བར་འདོད་པ་ལ་མཆོད་རྟེན་གྱི་དབྱིབས་འདྲ་བ་དང། ཟླུམ་ཟླུམ་པོ་ལྟ་བུར་སྣང་བ་ཡིན་ནོ། །ཁ་དོག་མ་ངེས་པ་ནི་སེར་པོར་སྣང་བར་འདོད་པ་ལ་དཀར་པོ་དང་སྔོན་པོ་ལྟ་བུར་སྣང་བ་ཡིན་ནོ། །ཁ་དོག་འབའ་ཞིག་སྣང་བ་ནི་དབྱིབས་དང ་ཁ་དོག་གི་མཚན་ཉིད་བཅས་པར་འདོད་པ་ལ་དབྱིབས་མེད་པར་ཁ་དོག་སྣང་བ་ཡིན་ནོ། །གྲངས་མ་ངེས་པ་ནི་དམིགས་པར་བྱ་བ་གཅིག་ཁོ་ན་སྣང་བར་འདོད་པ་ལ་ལྔའམ་དྲུག་ཏུ་སྣང་བ་ཡིན་ནོ། །ཆེ་ཆུང་མ་ངེས་པ་ནི་དམིགས་པར་བྱ་བ་ཆེ་བ་སྣང་བར་འདོད་པ་ལ་ཆུང་བ་སྣང་བ ་འམ་ཆུང་བ་སྣང་བར་འདོད་པ་ལ་ཆེ་བ་སྣང་བ་ལྟ་བུའོ། བརྟགས་པའི་དོན་མི་སྣང་བར་མ་བརྟགས་པའི་དོན་སྣང་བའི་ཕྱིར་མ་ངེས་པ་ཞེས་བྱའོ། །མུ་བཞི་པ་ནི་མུ་གསུམ་པ་ལས་ཁྱད་པར་དུ་གྱུར་ཏེ། རྩོལ་བ་དྲག་ཞན་གཉིས་ཀ་ལ་ཡང་སྣང་ལ། ཐུན་བརྐྱང་བར ་ཡང་ནུས། མི་མཐུན་པའི་ཆོས་གཉིས་དང་བྲལ་ཞིང་མཐུན་པའི་ཆོས་གསུམ་དང་ལྡན་པ་ཡིན་ནོ། །མུ་གསུམ་པའི་དུས་སུ་མ་ངེས་པ་ལྔའི་རྗེས་སུ་འབྲང་བར་བྱ་བ་མ་ཡིན་པ་ནི་གང་གི་ཚེ་རྩོལ་བ་དྲག་ཞན་གཉིས་ཀ་ལ་ཡང་མི་སྣང། ཐུན་བརྐྱང་བར་ཡང་མི ་ནུས། རེས་སྣང་རེས་མི་སྣང་བ་ཡིན་པ་འབྲངས་ཀྱང་བུལ་མེད་པ་ཡིན་ཏེ། དེ་བས་ན་སྔར་བརྟགས་པའི་དོན་ལ་བརྩོལ་བ་དྲག་ཏུ་བསྒོམས་ཞིང་བསྒོམ་པ་ཚོད་ཟིན་པར་བྱས་དམིགས་པ་མྱུར་དུ་འཐོབ་པར་འགྱུར་ཏེ། དེ་བས་ན་དེའི་ཚེ་མ་ངེས་པ་ལྔའི ་རྗེས་སུ་འབྲང་བར་བྱ་བ་མ་ཡིན་ནོ། །མུ་བཞི་པའི་དུས་སུ་ནི་མ་ངེས་པ་རྣམ་པ་ལྔ་སྣང་བར་གྱུར་ཀྱང་དམིགས་པ་ལ་གཏད་དུ་འདོད་པའི་མཚན་ཉིད་དང་ལྡན་པས་འབྲངས་ཀྱང་སྐྱོན་མེད་དེ། ཕྱིས་ཇི་ལྟར་འདོད་པ་བཞིན་དུ་སྣང་བར་ཡང་འགྱུར་རོ། །ཡང་ན་ཆོས ་དྲུག་ཡིད་ལ་བཞག་ནས་བསྒོམས་པས་སེམས་ཀྱི་སྐྱེ་བ་རིམ་པར་མི་འབྱུང་བར་ཅིག་ཅར་སལ་གྱི་འབྱུང་སྟེ། ཐུན་དང་པོ་འམ་ཞག་དྲུག་གམ་བདུན་གྱི་བར་ལ་དབྱིབས་དང་ཁ་དོག་གི་མཚན་ཉིད་ཅིག་ཅར་སལ་གྱིས་སྣང་བར་གྱུར ་ནས་གཏད་དུ་འདོད་པར་གྱུར་པའམ། ཡང་ན་ཐུན་མི་རིང་བ་ཙམ་དུ་སྣང་བར་གྱུར་ནས་ཉིན་མཚན་གཉིས་གསུམ་གྱི་བར་དུ་ཉམས་པར་འགྱུར་ཞིང་ཡང་ཕྱིས་ཅིག་ཅར་སལ་གྱིས་དབྱིབས་དང་ཁ་དོག་གི་མཚན་ཉིད་ཅིག་གསལ ་བར་འགྱུར་ནས་གཏད་དུ་འདོད་པར་འགྱུར་བ་ཡིན་ནོ། །དེ་ལ་རིམ་གྱིས་པའམ། ཅིག་ཅར་བའི་དམིགས་པ་ལ་གཏད་དུ་འདོད་པའི་མཚན་ཉིད་ནི་ཆོས་བཞི་དང་ལྡན་ན་དམིགས་པ་ལ་གཏད་དུ་འདོད་པ་ཡིན་ཏེ། ཆོས་བཞི་ནི་རྩོལ་བ་དྲག་ཞག་གཉིས་ཀ་ལ་སྣང ་བ་དང། ཐུན་བརྐྱང་བར་ནུས་པ་དང། མི་མཐུན་པའི་ཆོས་གཉིས་དང་བྲལ་བ་དང། མཐུན་པའི་ཆོས་གསུམ་དང་ལྡན་པ་ཡིན་ནོ། །དམིགས་པ་ལ་གཏད་དུ་འདོད་པའི་གསལ་བའི་བྱེ་བྲག་ནི་རབ་འབྲིང་ཐ་མར་ཤེས་པར་བྱ་སྟེ། རབ་ནི་མིག་གིས་མཐོང་བ་བས ་གསལ་བར་ང་རྒྱལ་སྐྱེ་བ་དང། འབྲིང་ནི་མིག་གིས་མཐོང་བ་ཙམ་དུ་ང་རྒྱལ་སྐྱེ་བ་དང། ཐ་མ་ནི་ཡིད་ལ་གསལ་བའོ། །རབ་འབྲིང་ཐ་མར་ཤེས་ནས་དམིགས་པ་ལ་གཏད་དུ་འདོད་པའི་དུས་སུ་གང་སྣང་ཡང་ཆོ་ག་ཤེས་པར་བྱས་ནས་བརྟན་པའི་ཆོ་ག་བྱས་ན ་ཁམས་མི་བདེ་བར་མི་འགྱུར་བ་དང། ཕྱིས་མི་ཉམས་པར་འགྱུར་རོ། །རབ་འབྲིང་ཐ་མར་ཤེས་ཀྱང་འབྲིང་དང་ཐ་མས་ཆོ་ག་མ་ཤེས་ན་ཅི་གསལ་དུ་རྩོལ་བ་དྲག་ཏུ་བསྒོམས་ཤིང་བརྟན་པའི་ཆོ་ག་མ་བྱས་པས་ཁམས་མི་བདེ་བར་འགྱུར་བ་དང། ཕྱིས ་ཉམས་པར་འགྱུར་རོ། །དབང་པོ་རྣམ་རྟུལ་དང། ཐོས་པ་མང་ཉུང་དང། ཁམས་རབ་འབྲིང་ཐ་མལ་རིམ་གྱིས་པ་དང། ཅིག་ཅར་བ་དང། གསལ་བའི་བྱེ་བྲག་རབ་འབྲིང་ཐ་མ་ལས་གང་འབྱུང་མ་ངེས་པར་ཤེས་པར་བྱའོ། །ཅིག་ཅར་པའི་དབང་དུ ་བྱས་ནས། ཆོས་དྲུག་དང་ལྡན་ན་དམིགས་པ་ལ་གཏད་དུ་འདོད་པར་འགྱུར་བ་དང། སེམས་ཀྱི་སྐྱེ་བའི་རིམ་པ་དང་པོའི་དབང་དུ་བྱས་ནས། ཆོས་བདུན་དང་ལྡན་ན་དམིགས་པ་ལ་གཏད་དུ་འདོད་པར་འགྱུར་བ་དང། སེམས་ཀྱི་སྐྱེ་བའི་རིམ་པ་དང་པོའི་དབང ་དུ་བྱས་ནས། ཆོས་བདུན་དང་ལྡན་ན་དེ་དམིགས་པ་ལ་གཏད་དུ་འདོད་པར་འགྱུར་བ། སེམས་ཀྱི་སྐྱེ་བའི་རིམ་པ་གཉིས་པའི་དབང་དུ་བྱས་ནས་ཆོས་བརྒྱད་དང་ལྡན་ན་དམིགས་པ་ལ་གཏད་དུ་འདོད་པར་འགྱུར་ཏེ། དེ་བས་ན་ཆོས་བརྒྱད་ཤེས་ཤིང ་ལྡན་ན་དམིགས་པ་ལ་གཏད་དུ་འདོད་པའི་རྒྱུ་རྣམས་ནི་རྫོགས་ལ་གཏད་དུ་མི་འདོད་པའི་རྐྱེན་རྣམས་ནི་རྣམ་པར་གཅད་པ་ཡིན་ནོ། །དེ་ལ་མཚན་མ་དང་བཅས་པའི་རྣལ་འབྱོར་ལ་དམིགས་པ་གཏད་དུ་འདོད་ནས་མཚན་མ་མེད་པའི་རྣལ་འབྱོར ་བསྒོམས་པར་བྱ་སྟེ། མཚན་མ་མེད་པའི་རྣལ་འབྱོར་གྱི་དབང་དུ་བྱས་ན་ཡང་ཆོས་བརྒྱད་ཤེས་ཤིང་ལྡན་ན་དམིགས་པ་ལ་གཏད་དུ་འདོད་པར་འགྱུར་ཏེ། ཆོས་བརྒྱད་ནི་ཞི་གནས་ཀྱི་རྒྱུ་དྲུག་དང་ལྡན་པར་བྱ་བ་དང། ཆོས་ཀྱི་རང་བཞིན ་ཇི་ལྟར་གནས་པ་བཞིན་དུ་ཤེས་པར་བྱ་བ་དང། མི་རྟོག་པ་བསྒོམ་པར་བྱ་བ་དང། དམིགས་པ་ཤིན་ཏུ་གསལ་བ་བསྒོམ་པར་བྱ་བ་དང། བྱིད་རྒོད་གཉིས་ཀྱི་དབང་དུ་མི་བཏང་བར་བྱ་བ་དང། བསྒོམ་པ་ཚོད་ཟིན་པར་བྱ་བ་དང། རྒྱུ་ཆོས་དེ་དྲུག ་ཡིད་ལ་བཞག་ནས་བསྒོམ་པས་འབྲས་བུ་སེམས་སྐྱེ་བའི་རིམ་པ་མུ་བཞིར་རིག་པར་བྱ་བ་དང། མུ་གསུམ་པའི་དུས་སུ་མ་ངེས་པ་དྲུག་གི་རྗེས་སུ་འབྲང་བར་བྱ་བ་མ་ཡིན་པའོ། །དེ་ལ་ཆོས་ཀྱི་རང་བཞིན་ཇི་ལྟར་གནས་པ་བཞིན་དུ་ཤེས་པར ་བྱ་བ་ནི་ཀུན་རྫོབ་དུ་སྒྱུ་མ་ལྟ་བུ་ཡིན་ལ། དོན་དམ་པར་རང་བཞིན་མེད་པར་ཤེས་པར་བྱའོ། །མི་རྟོག་པ་བསྒོམ་པར་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་སྤྲོས་པའི་མཛའ་རྣམ་པ་བརྒྱད་དང་བྲལ་བ་ཡིན་པས་ཅིར་ཡང་མི་འཛིན་པར་བསྒོམ་པར ་བྱའོ། །དམིགས་པ་ཤིན་ཏུ་གསལ་བར་བསྒོམ་པར་བྱ་བ་ནི་མཚན་མ་དང་བཅས་པ་བསྒོམ་པའི་དུས་ན་ནི། སྐུའི་ཁ་དོག་དང་དབྱིབས་གསལ་བར་བསྒོམ་པ་ཡིན་ལ་མཚན་མ་མེད་པ་སྒོམ་པའི་དུས་ན་ནི། ཅིར་ཡང་མི་འཛིན་པའི ་མཚན་ཉིད་ཤིན་ཏུ་གསལ་བར་བསྒོམ་པའོ། །མཚན་མ་བསྒོམ་པའི་དུས་ན་ནི། མཚན་མ་ནི་རང་གི་ངོ་བོ་ཡང་རགས་པ་ཡིན་ལ། སོ་སོའི་སྐྱེ་བོ་ཐོག་མ་མེད་པ་ནས། མངོན་སུམ་དུ་བྱས་པས་བསྒོམས་པའི་དུས་ན་ཡང་ཡུལ་ཅན་ཤུགས་ཀྱིས་གསལ ་བར་འགྱུར་ཏེ། ཤུགས་ཀྱིས་གསལ་བར་གྱུར་བ་དེས་ཁ་དོག་དང་དབྱིབས་ཀྱི་མཚན་ཉིད་ཤིན་ཏུ་གསལ་བར་བསྒོམ་པའི་སྟོབས་ཀྱིས། ཕྱིས་ཁ་དོག་དང་དབྱིབས་ཤིན་ཏུ་གསལ་བར་འགྱུར་རོ། །མཚན་མ་མེད་པའི་བསྒོམ་པའི་དུས་ན་ནི་ཤེས་པ་མ་བསྒྲིམས་པར ་ཞན་པར་ཅིར་ཡང་མི་འཛིན་པར་དོན་དམ་པར་ཆོས་ཐམས་ཅད་སྤྲོས་པའི་མཛའ་བརྒྱ་དང་བྲལ་བས་ཟབ་ཅིང་རྟོགས་པར་དཀའ་ལ། སོ་སོའི་སྐྱེ་བོ་བློ་དང་ལྡན་པས་ཀྱང་སྔར་མངོན་སུམ་དུ་མ་བྱས་པས་བསྒོམས་པའི་དུས་ན་ཡུལ་ཅན་ཤུགས་ཀྱིས་གསལ་བར ་མི་འགྱུར་ཏེ། དེ་ལྟ་བས་ན་ཤེས་པ་བཟེངས་བསྟོད་ཅིང་གསལ་བར་བྱས་ནས་ཅིར་ཡང་མི་འཛིན་པ་ཤིན་ཏུ་གསལ་བར་བསྒོམ་པའི་སྟོབས་ཀྱིས་ཕྱིས་ཅིར་ཡང་མི་འཛིན་པ་ཤིན་ཏུ་གསལ་བར་ཉམས་སུ་མྱོང་བར་འགྱུར་ཏེ། དེ་བས་ན་སེམས་རྩོལ་བ་ཞན་པའི་ཅིར ་ཡང་མི་འཛིན་པ་ནི་མྱུར་དུ་དམིགས་པ་ཐོབ་པར་མི་འགྱུར་ཏེ། གལ་ཏེ་བསྒོམ་པ་ལས་བསྐྱེད་བྱུང་ན་ཅིར་མི་འཛིན་པ་མཐུས་ཆུང་ཞིང་ཤེས་པའི་རྒྱུ་གསལ་བ་མ་ཡིན་པའི་མཚན་ཉིད་ཉམས་སུ་མྱོང་བར་འགྱུར་ཏེ། དེ་བས་ན་ཤེས་པའི་རྒྱུད་ཤིན་ཏུ་གསལ་བར ་བྱས་ནས་དམིགས་པ་ཤིན་ཏུ་གསལ་བར་བསྒོམ་པར་བྱའོ། །བསྒོམ་པ་ཚོད་ཟིན་པ་ནི་གོང་དུ་བསྟན་པ་བཞིན་དུ་ཤེས་པར་བྱའོ། །རྒྱུ་ཆོས་དེ་དྲུག་ཡིད་ལ་བཞག་ནས་བསྒོམས་པས་འབྲས་བུ་སེམས་སྐྱེ་བའི་རིམ་པ་མུ་བཞིར་ཤེས་པར་བྱ་བ་ནི་མུ?་དང་པོ ་ལ་ནི་རྩོལ་བ་དྲག་ཞན་གཉིས་ཀ་ལ་ཡང་མི་རྟོག་པའི་ངོ་བོར་ཅུང་ཟད་ཙམ་ཡང་མི་སྣང་བ་ཡིན་ནོ། །མུ་གཉིས་པ་ལ་ནི་རྩོལ་བ་དྲག་ཏུ་བསྒོམས་ན་མི་རྟོག་པའི་ངོ་བོར་ཅུང་ཟད་ཙམ་གནས་ལ་གནས་སྐབས་ཁ་ཅིག་ཏུ་ནི་རྩོལ་བ་དྲག་ཞན་གཉིས་ཀ་ལ་ཡང་མི་རྟོག ་བའི་ངོ་བོར་ཅུང་ཟད་ཙམ་ཡང་མི་གནས་པ་ཡིན་ནོ། །མུ་གསུམ་པ་ལ་ནི་རྩོལ་བ་དྲག་ཏུ་བསྒོམས་པ་མི་རྟོག་པའི་ངོ་བོར་ཅུང་ཟད་ཅི་གནས་ལ་གནས་སྐབས་ཁ་ཅིག་ཏུ་རྩོལ་བ་དྲག་ཏུ་བསྒོམས་ན་མི་རྟོག་པའི་ངོ་བོར་ཅུང་ཟད་ཙམ་ཡང་མི་གནས་པ་ཡིན་ནོ། །མུ་བཞི་པ་ནི་མུ་གསུམ ་པ་ལས་ཁྱད་པར་དུ་གྱུར་ཏེ། རྩོལ་བ་དྲག་ཞན་གཉིས་ཀ་ལ་མི་རྟོག་པའི་ངོ་བོར་གནས་ལ། ཐུན་བརྐྱང་བར་ཡང་ནུས། མི་མཐུན་པའི་ཆོས་གཉིས་དང་བྲལ་ཞིང་མཐུན་པའི་ཆོས་གསུམ་དང་ལྡན་པ་ཡིན་ནོ། །ཡང་ན་རྒྱུ་ཆོས་དྲུག་ཡིད་ལ་བཞག་ནས་སྒོམས ་པས་འབྲས་བུ་སེམས་ཀྱི་སྐྱེ་བའི་རིམ་པ་མུ་བཞིར་ཤེས་པར་བྱ་བ་ནི་མུ་དང་པོ་ནི་རྩོལ་བ་དྲག་ཞན་གཉིས་ཀ་ལ་ཡང་མི་རྟོག་པའི་ངོ་བོར་ཅུང་ཟད་ཙམ་གནས་ལ་གནས་སྐབས་ཁ་ཅིག་ཏུ་རྩོལ་བ་དྲག་ཞན་གཉིས་ཀ་ལ་ཡང་མི་རྟོག་པའི་ངོ་བོར་ཅུང་ཟད་ཙམ ་ཡང་མི་གནས་པ་ཡིན་ནོ། །མུ་གཉིས་པ་ནི་མུ་དང་པོ་ལས་ཁྱད་པར་དུ་གྱུར་ཏེ། རྩོལ་བ་དྲག་ཞན་གཉིས་ཀ་ལ་ཡང་མི་རྟོག་པའི་ངོ་བོར་ཅུང་ཟད་ཙམ་གནས་པའི་དུས་ནི་གྲངས་མང་ལ་གནས་སྐབས་ཁ་ཅིག་ཏུ་ནི་རྩོལ་བ་དྲག་ཞན་གཉིས་ཀ་ལ་ཡང ་མི་རྟོག་པའི་ངོ་བོར་ཅུང་ཟད་ཙམ་ཡང་མི་གནས་པ་ཡིན་ནོ། །མུ་གསུམ་པ་ལ་རྩོལ་བ་དྲག་ཞན་གཉིས་ཀ་ལ་ཡང་མི་རྟོག་པའི་ངོ་བོར་ཅུང་ཟད་ཙམ་གནས་ལ་གནས་སྐབས་ཁ་ཅིག་ཏུ་རྩོལ་བ་ཞན་དུ་བསྒོམས་ན་མི་རྟོག་པའི་ངོ་བོར་ཅུང་ཟད་ཙམ་དུ ་མི་གནས་པ་ཡིན་ལ། ཡང་ཁ་ཅིག་གི་དབང་དུ་བྱས་ན་མི་རྟོག་པའི་ངོ་བོར་མི་གནས་པས་མ་ངེས་པ་དྲུག་སྣང་སྟེ། དྲུག་ནི་ཁ་དོག་བཞི་དང། ནམ་མཁའ་དང། ནམ་མཁའ་ས་ཕྱོགས་དང་བཅས་པ་ཡིན་ནོ། །མུ་བཞི་པ་ནི་མུ་གསུམ་པ་ལས་ཁྱད་པར ་དུ་གྱུར་ཏེ། ཆོས་བཞི་དང་ལྡན་པའི་མཚན་ཉིད་ཡིན་ནོ། །མུ་གསུམ་པའི་དུས་སུ་མ་ངེས་པ་རྣམ་པ་དྲུག་གི་རྗེས་སུ་འབྲང་བར་བྱ་བ་མ་ཡིན་པ་ནི་གང་གིས་ཚེ་ཆོས་ཐམས་ཅད་དོན་དམ་པར་སྤྲོས་པའི་མཛའ་བརྒྱད་དང་བྲལ?་ཡིན ་པས་ཅིར་ཡང་མི་འཛིན་པ་ནི་ཡང་དག་པའི་ཤེས་པ་ཡིན་ནོ། །མ་ངེས་པ་དྲུག་ལྟར་སྣང་བ་ནི་ཤེས་པ་ནི་ཕྱིན་ཅི་ལོག་གི་ཤེས་པ་ཡིན་ཏེ། དེ་བས་ན་དེའི་ཚེ་མུ་གསུམ་པའི་དུས་སུ་མ་ངེས་པ་རྣམ་པ་དྲུག་གི་རྗེས་སུ་མི་འབྲང་བར་ཤེས་པར་བྱའོ། །ཡང ་ན་ཆོས་དྲུག་ཡིད་ལ་བཞག་ནས་བསྒོམས་པས། སེམས་ཀྱི་སྐྱེ་བའི་རིམ་པ་བཞིར་མི་འབྱུང་བར་ཅིག་ཅར་ཅིར་ཡང་མི་འཛིན་པར་འགྱུར་ཏེ། ཐུན་དང་པོའམ། ཞག་དྲུག་བདུན་གྱི་བར་དུ་ཅིར་ཡང་མི་འཛིན་པར་གྱུར་ན་གཏད་དུ་འདོད་པ་འམ། ་ཡང་ན་ཐུན་མི་རིང་བ་ཙམ་དུ་ཅིག་ཅར་ཡང་མི་འཛིན་པར་གྱུར་ནས་ཉིན་མཚན་གཉིས་གསུམ་གྱི་བར་དུ་ཡང་ཉམས་པར་འགྱུར་ཞིང། ཡང་ཕྱིས་ཅིག་ཅར་ཡང་མི་འཛིན་པར་གྱུར་ནས་གཏད་དུ་འདོད་པར་གྱུར་པ་ཡིན་ནོ། །དེ་རིམ་གྱིས་པ་འམ་ཅིག་ཅར ་བའི་དམིགས་པ་ལ་གཏད་དུ་འདོད་པའི་མཚན་ཉིད་ནི་ཆོས་བཞི་དང་ལྡན་པ་ཡིན་ནོ། །དམིགས་པ་ལ་གཏད་དུ་འདོད་པའི་གསལ་བའི་བྱེ་བྲག་ནི་རབ་འབྲིང་ཐ་མར་ཤེས་པར་བྱ་སྟེ། རབ་ནི་མི་རྟོག་པའི་མཐུ་ཡང་ཤིན་ཏུ་ཆེ་ལ་ཤེས་པའི་རྒྱུད་ཀྱང་ཤིན་ཏུ ་གསལ་བ་ཡིན་ནོ། །འབྲིང་ནི་མི་རྟོག་པའི་མཐུ་ཡང་འབྲིང་ལ་ཤེས་པའི་རྒྱུད་ཀྱང་གསལ་བར་འབྲིང་ཙམ་དུ་གནས་པ་ཡིན་ནོ། །ཐ་མ་ནི་མི་རྟོག་པའི་མཐུ་ཡང་ཆུང་ལ་ཤེས་པའི་རྒྱུད་ཀྱང་སྔ་མ་བས་ཅུང་ཟད་མི་གསལ་བ་ཡིན་ནོ། །རབ་འབྲིང་ཐ་མར་ཤེས་ནས ་དམིགས་པ་ལ་གཏད་དུ་འདོད་པའི་དུས་སུ་གར་ཉམས་སུ་མྱོང་ཡང་ཆོག་ཤེས་པར་བྱས་ནས་བསྟན་པའི་ཆོ་ག་བྱས་ན་ཁམས་མི་བདེ་བར་མི་འགྱུར་བ་དང། བྱིས་མི་ཉམས་པར་འགྱུར་རོ། །འབྲིང་དང་ཐ་མར་ཤེས་ཀྱང་འབྲིང་དང་ཐམས་ཆོག་མ་ཤེས་ནས་རྩོལ་བ་དྲག ་ཏུ་ཅིར་ཡང་མི་འཛིན་པར་བསྒོམས་ཤིང་བསྟན་པའི་ཆོ་ག་མ་བྱས་པས་ཁམས་མི་བདེ་བར་འགྱུར་བ་དང། ཕྱིས་ཉམས་པར་འགྱུར་རོ། །དབང་པོ་རྣོ་རྟུལ་དང། ཐོས་པ་ཆེ་ཆུང་དང། ཁམས་རབ་འབྲིང་ཐ་མ་ལ་རིམ་གྱིས་པ་དང་ཅིག་ཅར་བ་དང། གསལ་བའི ་བྱེ་བྲག་རབ་འབྲིང་ཐ་མ་ལས་གང་འབྱུང་མ་ངེས་པར་ཤེས་པར་བྱའོ། །དེ་ལ་ཆོས་བརྒྱད་ཤེས་ཤིང་ལྡན་པར་བྱས་ནས་བསྒོམས་པའི་སྟོབས་ཀྱིས་དམིགས་པ་ལ་གཏད་དུ་འདོད་པར་གྱུར་ན་བརྟན་པའི་ཆོ་ག་ནི་ཆོས་བཞིའི་དབང་གིས་བྱེ་བྲག་དགུར་ཤེས ་ན་སྐྱོན་སྤངས་ཤིང་ཡོན་ཏན་དང་ལྡན་པས་ཕྱིས་མི་ཉམས་པར་འགྱུར་ཏེ། དེ་ལ་ཆོས་བཞི་ནི་ཁམས་རབ་འབྲིང་ཐ་མ་དང་དམིགས་པ་ལ་གཏད་དུ་འདོད་པར་བྱེད་པའི་དུས་སུ་མི་བདེ་བ་མེད་པ་དང། ཅུང་ཟད་མི་བདེ་བ་དང། རབ་འབྲིང་ཐ་མའི་དམིགས ་པ་ལ་གཏད་དུ་འདོད་པར་བྱེད་པའི་དུས་སུ་ཆེར་མི་བདེ་བར་འགྱུར་བ་ཡིན་ནོ། །བྱེ་བྲག་དགུ་ནི་རབ་ལ་གསུམ། འབྲིང་ལ་གསུམ། ཐ་མལ་གསུམ་མོ། །དེ་ལ་རབ་ལ་གསུམ་ནི་དམིགས་པ་ལ་གཏད་དུ་འདོད་པར་བྱེད་པའི་དུས་སུ་ཡེ་མི་བདེ་བ་མེད་ན་ཉིན་མཚན ་དྲུག་ཏུ་ཅི་ནུས་སུ་བསྒོམ་པར་བྱའོ། །རབ་རེ?་ཅུང་ཟད་མི་བདེ་བར་གྱུར་ན་ཉིན་མཚན་བཞིར་ཅི་ནུས་སུ་བསྒོམ་པར་བྱའོ། །རབ་དེ་ཆེར་མི་བདེ་བར་གྱུར་བ་དང། དམིགས་པ་དུས་མཚུངས་སུ་སྣང་ན་བརྟན་པའི་ཆོག་ག་བྱ་མི་དགོས་པར་བྱའོ། །འབྲིང་ལ་གསུམ ་ནི། དམིགས་པ་ལ་གཏད་དུ་འདོད་པར་བྱེད་པའི་དུས་སུ། ཡེ་མི་བདེ་བ་མེད་ན་ཉིན་མཚན་བཞིར་ཅི་ནུས་བསྒོམ་པར་བྱའོ། །འབྲིང་དེ་ཅུང་ཟད་མི་བདེ་བར་གྱུར་ན་ཉིན་མཚན་གཉིས་སུ་ཅི་ནུས་བསྒོམ་པར་བྱའོ། །འབྲིང་དེ་མི་བདེ་བར་གྱུར་པ་དང། ་དམིགས་པ་དུས་མཚུངས་སུ་སྣང་ན་བརྟན་པའི་ཆོ་ག་ཡེ་མི་དགོས་པར་ཤེས་པར་བྱའོ། །ཆོས་བཞིའི་དབང་གིས་ཁམས་ཐ་མ་ལ་གསུམ་ནི་ཁམས་ཐ་མ་དེ་དམིགས་པ་ལ་གཏད་དུ་འདོད་པར་བྱེད་པའི་དུས་སུ་མི་བདེ་བ་ཡེ་མེད་ན་ཉིན་མཚན ་གཉིས་སུ་ཅི་ནུས་སུ་བསྒོམ་པར་བྱའོ། །ཁམས་ཐ་མ་དེ་ཅུང་ཟད་མི་བདེ་བར་གྱུར་ན་སྔ་སའོ་སྒོམ་པ?་ཙམ་ཉིན་མཚན་གཉིས་ནས་གསུམ་དུ་བསྒོམ་པར་བྱའོ། །ཁམས་ཐ་མ་དེ་ཆེར་མི་བདེ་བར་གྱུར་པ་དང་དམིགས་པ་དུས་མཚུངས ་སུ་སྣང་ན་བསྟན་པའི་ཆོ་ག་ཡི་མི་དགོས་པར་ཤེས་པར་བྱའོ། །སྐྱོན་སྤངས་ཤིང་ཡོན་ཏན་དང་ལྡན་པ་ནི་ཁམས་མི་བདེ་བར་འགྱུར་བ་དང། དམིགས་པ་མི་གསལ་པར་འགྱུར་བ་དང། དམིགས་པ་ཉམས་པར་འགྱུར་པའི་སྐྱན་རྣམས་? ་ཤིང་ཡོན་ཏན་གསུམ་དང་ལྡན་ཏེ། ཁམས་བདེ་བར་མི་འགྱུར་པ་དང། དམིགས་པ་མི་གསལ་བར་འགྱུར་པ་དང། དམིགས་པ་ཉམས་པར་མི་འགྱུར་པའོ། །དེ་བས་ན་མི་ཉམས་ཤིང་བསྟན་པར་འགྱུར་རོ། །དེ་དམིགས་པ་ལ ་གཉིད་དུ་འདོད་པར་གྱུར་ནས་བརྟན་པའི་ཚོགས་བསྟན་པ་བྱས་པའི་དབང་གིས་ཕྱིར་དམིགས་པ་ལ་གཏད་དུ་འདོད་པ་དེ་ནི་ཞི་གནས་ཀྱི་ཕྱོགས་དང་མཐུན་པ་ཞེས་བྱ་སྟེ། ཞི་གནས་རྫོགས་པ་མ་ཡིན་ནོ། །དེ་ལ་ཞི་གནས་ཀྱི་ཕྱོགས་དང ་མཐུན་པ་ཐོབ་ནས་ཀྱང་ཆོས་གསུམ་ཤེས་ཤིང་ལྡན་ན་ཞི་གནས་རྫོགས་པར་འགྱུར་ཏེ། ཆོས་གསུམ་ནི་མུ་བཞིར་ཤེས་ཤིང་བླང་དོར་གྱི་བྱེ་བྲག་ཤེས་པ་དང་ཞི་གནས་ཀྱི་རྒྱུ་དྲུག་དང་ལྡན་ཞིང་དེའི་མི་མཐུན་པ་སྤང་པར་བྱ ་བ་དང། སྒོམ་པ་ཆོད་ཟིན་ཅིང་ཐུན་རིང་པོ་མ་ཡིན་པའོ། །དེ་ལ་མུ་བཞིར་ཤེས་ཤིང་བླང་དོར་ཀྱི་བྱེ་བྲག་ཤེས་པ་ནི་ཏིང་ངེ་འཛིན་མ་རྫོགས་པའི་དབང་གིས་སེམས་ཀྱི་ཉམས་མུ་བཞིར་འབྱུང་བར་ཤེས་པར ་བྱ་སྟེ། མུ་དང་པོ་ལ་དམིགས་པ་མི་གསལ་པ་ལ་རྒོད་པ་དང། མུ་གཉིས་པ་ལ་ནི་དམིགས་པ་མི་གསལ་ལ་རྒོད་པ་མེད་པ་དང། མུ་གསུམ་པ་ལ་ནི་དམིགས་པ་འབྲིང་ཙམ་ལ་རྒོད་པ་ཡོད་པ་དང། མུ ་བཞི་པ་ནི་དམིགས་པ་ཤིན་ཏུ་གསལ་ལ་རྒོད་པ་མེད་པ་ཡིན་ནོ། །མུ་དང་པོ་ནི་རྣལ་འབྱོར་པའི་ཤེས་པའི་རྒྱུད་ནུས་པ་ཆུང་བའི་དུས་ན་འབྱུང་ངོ། །མུ་གཉིས་པ་ནི་བྱིང་བ་ཤས་ཆེ་བའི་དུས་ན་འབྱུང་ངོ། །མུ་གསུམ་པ་ནི་ཤེས་པའི་རྒྱུད་ནུས་པ ་འབྲིང་གི་དུས་ན་འབྱུང་ལ། ནུས་པ་ཆེ་བ་ཡིན་ན་ཡང་སྒོམ་སྙིང་མི་འདོད་པའི་དུས་ན་འབྱུང་ངོ། །མུ་བཞི་པ་ནི་ཤེས་པའི་རྒྱུད་ཀྱང་ནུས་པ་ཆེ་ལ། སྒོམ་སྙིང་འདོད་པའི་དུས་མ་འབྱུང་ངོ། །བླང་དོར་གྱི་བྱེ་བྲག ་ཤེས་པ་ནི་ཏིང་ངེ་འཛིན་མ་རྫོགས་པའི་དབང་གིས་སེམས་ཀྱི་ཉམས་མུ་བཞིར་འབྱུང་སྟེ། དེ་ལྟར་འབྱུང་བར་ཤེས་ན་བླང་དོར་གྱི་བྱེ་དྲག་ཤུགས་ཀྱི་ཤེས་པ་འབྱུང་སྟེ། དེ་ལ་མི་ལྕོགས་པ་མེད་པའི་ཏིང་ངེ་འཛིན་གྱི་མཚན ་ཉིད་ནི་སེམས་ཤིན་ཏུ་གསལ་བ་ཡིན། བྱིང་རྒོད་གཉིས་དང་བྲལ་བ་ཡིན། ཚོར་བ་བཏང་སྙོམས་དང་ལྡན་པ་ཡིན་པས། དེ་བས་ན་མུ་བཞི་པ་ལ་མི་ལྕོགས་པ་མེད་པའི་ཏིང་ངེ་འཛིན་གྱི་ཕྱོགས་དང་མཐུན་པ་ཤེས་ཆེ་བ་ཡིན ་པས། དེ་བས་ན་མུ་གསུམ་པའི་དུས་སུ་རྩོལ་བ་བྱ་ཞིང་སྤང་བར་བྱའོ། །མུ་བཞི་པའི་དུས་སུ་ལང?་བ?་དང?་ཤོར་བར་བྱ་ཞིང་དེ་ལ་གུས་པར་བྱའོ། །ཏིང་ངེ་འཛིན་མ་རྫོགས་པའི་དབང་གིས་སེམས་ཀྱི་ཉམས ་མུ་བཞིར་འབྱུང་སྟེ། དེ་ལྟར་འབྱུང་བར་མི་ཤེས་ན། བླང་དོར་གྱི་བྱེ་བྲག་ཤེས་པར་མི་འགྱུར་ཏེ། དེ་བས་ན་ཏིང་ངེ་འཛིན་རྫོགས་པར་མི་འགྱུར་ཏེ། ཏིང་ངེ་འཛིན་མ་རྫོགས་པའི་དབང་གིས་སེམས ་ཀྱི་ཉམས་མུ་བཞིར་འབྱུང་སྟེ། དེ་ལྟར་འབྱུང་བར་ཤེས་ན་བླང་དོར་གྱི་བྱེ་བྲག་ཤུགས་ཀྱིས་ཤེས་པར་འགྱུར་ཏེ། དེ་ལྟ་བས་ན་ཏིང་ངེ་འཛིན་མྱུར་དུ་རྫོགས་པར་འགྱུར་རོ། །ཞི་གནས་ཀྱི་རྒྱུ་དྲུག་དང་ལྡན་ཞིང་དེའི་མི་མཐུན་པ་སྤང ་པ་ནི། ཞི་གནས་ཀྱི་རྒྱུ་དྲུག་ནི་མཐུན་པའི་ཡུལ་ན་གནས་པ་ལ་སོགས་པའོ། །ཞི་གནས་ཀྱི་རྒྱུ་དྲུག་ནི་ཤེས་པར་བྱས་ནས། རྒྱུད་ལ་ལྡན་པར་བྱ་ཞིང། མི་མཐུན་པའི་ཡུལ་ན་གནས་པ་ལ ་སོགས་པ་སྤང་པར་བྱའོ། །ཞི་གནས་ཀྱི་རྒྱུ་དྲུག་དང་ལྡན་ཞིང་དེའི་མིན་ཐུན་པ་སྤོང་བ་ནི། དོར་བར་བྱ་བའི་མུ་གསུམ་པ་ནི་ཕལ་ཆེར་འབྱུང་ཞིང། དང་དུ་བླང་བར་བྱ་བའི་མུ་བཞི་པ་ནི་གནས་སྐབས་ཁ་ཅིག་ཏུ་འབྱུང་བར ་འགྱུར་ཏེ། དེས་ན་ཏིང་ངེ་འཛིན་རྫོགས་པར་མི་འགྱུར་རོ། །ཞི་གནས་ཀྱི་རྒྱུ་དྲུག་དང་ལྡན་ཞིང་དེའི་མི་མཐུན་པ་སྤོང་བ་ནི། དོར་བར་བྱ་བའི་མུ་གསུམ་པ་ནི་སྐབས་ཁ་ཅིག་ཏུ་འབྱུང་བར་འགྱུར་ཞིང། དང་དུ་བླང་བར ་བྱ་བའི་མུ་བཞི་པ་ནི་ཕལ་ཆེར་འབྱུང་བར་འགྱུར་རོ། །དེ་བས་ན་ཏིང་ངེ་འཛིན་མྱུར་དུ་རྫོགས་པར་འགྱུར་རོ། །སྒོམ་པ་ཚོད་ཟིན་ཅིང་ཐུན་རིང་པོ་མ་ཡིན་པ་ནི་ཁམས་རབ་འབྲིང་ཐ་མ་གསུམ་ལས། རབ་ཀྱིས ་ནི་ཉིན་གྱི་སུམ་ཆ་བསྒོམ་པར་བྱ་སྟེ། ཉིན་གྱི་སུམ་ཆ་ན་ཐུན་གསུམ་མམ་བཞི་བསྒོམ་པར་བྱའོ། །མཚན་གྱི་སུམ་ཆ་ནི་ནམ་གྱི་ཆ་སྟོང་དང་ཆ་སྨད་ལ་བསྒོམ་པར་བྱའོ། །ཁམས་འབྲིང་གིས་ནི ་ཉིན་གྱི་བཞི་ཆ་མཚན་གྱི་བཞི་ཆ་བསྒོམ་པར་བྱ་སྟེ། ཉིན་བཞི་ཚ་ནི་ཐུན་བཞིར་མ་ལྔར་བསྒོམ་པར་བྱའོ། །མཚན་གྱི་བཞི་ཆ་ནི་ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་བསྒོམ་པར་བྱའོ། །ཁམས་ཐ ་མས་ནི་ཉིན་མཚན་གཅིག་གི་བཞི་ཆ་ཙམ་ལ། ནམ་གྱི་ཆ་སྟོང་དང་ཆ་སྨད་དང་ཉིན་པར་ཐུན་བཞི་འམ་ལྔ་བསྒོམ་པར་བྱའོ། །ཁམས་རབ་འབྲིང་ཐ་མ་རེ་ཕྱིས་ཏིང་ངེ་འཛིན་མཐུ་སྐྱེས་པར་གྱུར་ནས་ཉིན་གྱི་ཕྱེད་མཚན་གྱི་ཕྱོད་བསྒོམ ་བར་བྱ་སྟེ། ཉིན་གྱི་ཕྱེད་ནི་ཉིན་པར་ཐུན་གསུམ་དུ་བསྒོམ་པར་བྱའོ། །མཚན་གྱི་ཕྱེད་ནི་ནམ་གྱི་ཆ་སྟོང་དང་ཆ་སྨད་ལ་བསྒོམ་པར་བྱའོ། །མི་བསྒོམ་པའི་དུས་ན་ཡང་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པར་བྱ་བ་དང། སྙིང་རྗེ ་བསྒོམ་པ་ལ་སོགས་པ་ནི་བསྒོམ་པའི་རིམ་པ་ནས་བྱུང་བ་བཞིན་དུ་ཤེས་པར་བྱའོ། །ཐུན་རིང་པོ་མ་ཡིན་པ་ནི་བསྒོམ་པའི་ཚོད་ཟིན་ཅིང་ལས་དང་སེམས་ལ་མི་གནོད་ཙམ་དུ་བསྒོམ་མོ། །སྒོམ་པའི་ཚད་མ་ཟིན་ཅིང་ཐུན ་རིང་ན་ནི་དོར་བར་བྱ་བའི་མུ་གསུམ་པ་ནི་ཕལ་ཆེར་འབྱུང་ལ། །དང་དུ་བླང་བར་བྱ་བའི་གཞི་པ་ནི་གནས་སྐབས་ཁ་ཅིག་ཏུ་འབྱུང་བར་འགྱུར་རོ། དེས་ན་ཏིང་ངེ་འཛིན་རྫོགས་པར་མི་འགྱུར་རོ། །སྒོམ་པ་ཚོད་ཟིན་ཅིང་ཐུན ་རིང་པོ་མ་ཡིན་ན་ནི་དོར་བར་བྱ་བའི་མུ་གསུམ་པ་ནི་གནས་པ་སྐབས་ཁ་ཅིག་ཏུ་འབྱུང་ལ། དང་དུ་བླང་བར་བྱ་བའི་མུ་བཞི་པ་ནི་ཕལ་ཆེར་འབྱུང་བར་འགྱུར་ཏེ། དེ་བས་ན་ཏིང་ངེ་འཛིན་མྱུར་ཏུ་རྫོགས་པར་འགྱུར་རོ། །དེ ་ལྟར་ཤེས་པར་བྱ་བ་ཞིང་པོ་བརྩོན་འགྲུས་བརྩམས་ན། ཏིང་ངེ་འཛིན་མྱུར་དུ་རྫོགས་པར་འགྱུར་རོ། །མུ་བཞིར་ཤེས་ཤིང་བླང་དོར་བྱེ་བྲག་མཁས། །ཞི་གནས་རྒྱུ་དྲུག་མི་མཐུན་སྤོང་ལ་མཁས། །སྒོམ་པ་ཚོད་ཟིན ་ཐུན་རིང་མིན་ལ་མཁས། །དེ་ལྟར་གང་ཤེས་ཏིང་འཛིན་རྫོགས་པ་ལ་མཁས། །བདག་ནི་བློ་ལྡན་སྐྱེ་བོ་མ་ལགས་ཀྱང། །གདམས་ངག་བློ་ལ་བཞག་ནས་སེམས་ཉམས་བརྗོད། །སྐྱེ་བོ ་མ་སྦྱངས་འདི་ལ་མོས་གྱུར་ན།། །མཉམ་གཞག་གོང་མའི་ཁྱད་པར་ཐོབ་པར་འགྱུར། །ཤེས་རབ་རྣམ་གསུམ་དབང་གིས་བློའི་བྱི་དོར་བྱས། །བློ་ལྡན་སྐྱེ་བ་འདི་ལ་མ་དང ་གྱུར་ན་འང། །མི་མཁས་དབང་གིས་བློ་ལྡན་ཡིད་མི་དབབ། །གཞན་ཕན་མ་འདྲེས་བློ་ཡིས་བརྩམས་པས་ཉེས་པ་མེད། ། ་བདག་གིས་ཤིན་ཏུ་དད་པའི་སྒོ་ནས་འདི་བརྩམས་པས། །སྐྱེ་བོ་ཐམས་ཅད་ལུང་དང་རིགས་པའི་དོན་རྟོགས་ནས། །ལམ་གྱི་རིམ་ཚུལ་བཞིན་དུ་བགྲོད་ནས ་མཐར་ཕྱིན་ཏེ། །མི་རྟོག་དང་ལས་ཐུགས་རྗེ་རྒྱུན་བཞིན་འབྱུང་བར་ཤོག་།སེམས་ཀྱི་ཉམས་ཅུང་ཟད་ཙམ་ཞིག་མདོར་བསྡུས་ནས་བརྗོད་པ་རྫོགས་སོ།། མངྒཱ་ལཾ།། །། ་