CLOSE WINDOW

N4660: bsam gtan la 'jug pa bsdus pa
Wyliee-texts based on the ACIP/ALL Input

པས་དེ་མཐོང་ཤོག། ཞི་གནས་ལ་འཇུག་པའི་ཐབས་ཅུང་ཟད་བྲིས་པ་རྫོགས་སོ།། །།དངོས་དང་དངོས་མེད་རབ་མཁྱེན་ཏེ། །སྐུ་མཆོག་མཁའ་འདྲ་བརྙེས་འགྱུར་ཀྱང། །ཐུགས་རྗེའི་དབང་གིས་ཇི་སྲིད་པར། །འགྲོ་དྲུག་སེམས་ཅན་མུན་འཐོམ་ལ། ་ཆོས་ཀྱི་སྒྲོན་མ་སྤོར་མཛད་པ། །དེ་ལ་གུས་པས་ཕྱག་འཚལ་ཏེ། །ཐ་དད་ལས་ལས་བྱུང་བས་ན། །འདི་ལ་མོས་པའི་སྐྱེ་བོ་འགའ་། །ཡོད་སྲིད་དེ་དོན་བདག་གིས་ནི། །བསམ་གཏན་ལ་འཇུག་ཅི་ནུས་བསྡུ། །སྡོམ་ནི། ཚོགས་དང་དམིགས་དང་ཉེས་པ་དང། ་སྤང་བྱ་གོ་རིམས་རྟགས་འབྲས་བུ། །དེ་ལ་ཚོར་ནི་རྣམ་པ་གཉིས་ཏེ། །ཕྱི་དང་ནང་གིའོ། །དེ་ལ་ཕྱིའི་མདོར་བསྡུ་ན་ཡིད་དུ་འོང་བའི་ས་ཕྱོགས་སོ། །ནང་གི་ཡང་མདོར་བསྡུ་ན་གཉིས་ཏེ། མ་ཆགས་པ་དང་ཚུལ་ཁྲིམས་རྣམ་པར་དག་པའོ། །འཇིག་རྟེན་མ་ཆགས ་པ་མེད་ལ་མངོན་དགོས་འགྲུབ། །ཅེས་ཀྱང་གསུངས་ལ། སྡོམ་པའི་ཚུལ་ཁྲིམས་ཀྱི་སེམས་གནས་པའི་བྱ་བ་བྱེད་ཅེས་ཀྱང་གསུངས་ཏེ། །དེ་ལ་དམིགས་པ་གང་ཞེ་ན། འདིར་སྐྱེ་བ་མེད་པའོ། །དེ་ཡང་མདོ་སྡེ་ལས་ཆོས་འདི་དག་ཐམས་ཅད་ནི་སེམས ་ལ་གནས་པ། སེམས་ལས་བྱུང་བ། སེམས་སྔོན་དུ་འགྲོ་བ་སྟེ། སེམས་ཤིན་ཏུ་བཅིལ། ཤིན་ཏུ་བརྟུལ། ཤིན་ཏུ་ཁོང་དུ་ཆུད་པར་བྱས་ན། ཆོས་དེ་དག་ཐམས་ཅད་ཀྱང། ཤིན་ཏུ་བཅིལ་པ་དང། ཤིན་ཏུ་བརྟུལ་བ་དང། ཤིན་ཏུ་ཁོང་དུ་ཆུད་པར་འགྱུར་ཏེ། དེས་ཆོས ་རྣམས་དེ་ལྟར་མཐོང་བས་རྒྱུ་དེ་དང་རྐྱེན་དེ་དང། གཞི་དེས་སེམས་ཞི་བར་བྱ་བའི་ཕྱིར་ནན་ཏན་བྱེད་དེ། སེམས་ཉིད་ལ་སེམས་ཉིད་འདོགས་སོ། །སེམས་ཉིད་ཀྱིས་སེམས་ཞི་བར་བྱེད་དོ། །སེམས་ཉིད་ལ་སེམས་རབ་ཏུ་གཞོག་གོ་།དེ་ལྟར་ཞི་བ་ལ་བརྩོན་པས་སེམས ་རྩེ་གཅིག་ཏུ་འགྱུར་ཏེ། རྩེ་གཅིག་ཏུ་གྱུར་ནས་མཉམ་པར་འཇོག་གོ། སམས་མཉམ་པར་བཞག་པ་ལ་དབེན་པ་ལས་སྐྱེས་པའི་དགའ་བ་མངོན་དུ་འགྱུར་ཏེ། དེ་ཡིད་དགའ་བར་གྱུར་ནས་འདོད་པ་དག་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་རྣམས ་ལས་དབེན་པ། རྣམ་པར་རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང། བདེ་བ་ཅན་བསམ་གཏན་དང་པོར་རྫོགས་པར་བྱ་སྟེ་གནས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་སེམས་ནི་སྐད་ཅིག་མའི་མཚན་ཉིད ་ཡིན་པ་ལ་དེ་ཡང་བློས་གཞིགས་ན་མི་གནས་ཏེ། འདས་པ་དང་མ་འོངས་པ་ནི་འགགས་པ་དང། མ་སྐྱེས་པའི་ཕྱིར་མ་གྲུབ་ན། །ད་ལྟར་གྱི་ཡང་སྐྱེ་བའི་ཆ་དང། །གནས་པའི་ཆ་དང། འགག་པའི་ཆོས་གཅིག་ཏུ་མི་འགྲུབ་པོ། །གང་གི་ངོ་བོ་གཅིག་ཏུ་མ ་གྲུབ་པ་དེས་དུ་མ་ཡང་སྤངས་ཏེ། དེ་བས་ན་སེམས་ནི་གཅིག་དང་དུ་མ་དང་བྲལ་བ། གཟུང་དུ་མེད་པ་དང། བསྟན་དུ་མེད་པ་དང། གཟུགས་ཅན་མ་ཡིན་པ་སྟེ། སྐད་ཅིག་ཐོག་མ་མཛའ་ཡོད་པ། འཇིག་རྟེན་སྐད་ཅིག་ལ་མི་གནས་ཞེས་ཀྱང་གསུངས་སོ། །དེ ་ལྟར་སེམས་མ་བསྐྱེས་པར་རྟོགས་པ་དེ་ཉིད་ཁོ་ན་ལ་གོམས་པར་བྱའོ། །ཉེས་པ་ནི་ལྔ་སྟེ། དེ་སྤང་བའི་ཆེད་དུ་འདུ་བྱེད་བརྒྱད་བསྒོམ་པར་གསུངས་སོ། །མདོར་ན་དམིགས་པ་བརྗེད་པའི་གཉེན་པོ་དྲན་པ་མ་ཤོར་ན་ཤེས་སུ་བཞིན་གནས་ཏེ། དེའི་སྐབས་སུ་མི ་བརྩལ་བར་ལུས་དང་སེམས་ལ་མི་གནོད་ཙམ་དུ་བསྒོམ་ཞིང་འདུག་པར་བྱའོ། །སྤང་བར་བྱ་བ་ནི་འདོད་པའི་སྤོང?་བ་དང། སྡིག་པ་མི་དགེ་བའི་ཆོས་རྣམས་ཏེ། དེ་ཡང་ཇི་སྐད་དུ་འདོད་པ་ནི་ཉོན་མོངས་པའི་འདོད་པ་དང། དངོས ་པོའི་འདོད་པ་སྟེ། མཚུངས་བར་ལྡན་པ་ལས་དབེན་པ་དང། དམིགས་པ་ལས་དབེན་པའོ། །སྡིག་པ་མི་དགེ་བའི་ཆོས་ནི་གང་དག་ཉོན་མོངས་པའི་རྒྱུད་ལས་བྱུང་བ་ལུས་དང། ངག་དང། ཡིད་ཀྱིས་ཉེས་པས་སྤྱོད་པར་གཏོགས་པ་ཆད་པས་གཅོད ་པ་དང། མཚོན་ཆས་འདེབས་པ་དང། འཐབ་པ་དང། རྩོད་པ་དང། འགྱེས་པ་དང། གཡོའི་ཚིག་དང། གནོད་བ་དང། རྫུན་ཟེར་བ་ལ་སོགས་པ་ལས་དབེན་པའོ་ཞེས་གསུངས་སོ། །གོ་རིམས་ནི་རྣམ་པ་བདུན་དུ་གསུངས་ཏེ། དེ་ལ་མཚན་ཉིད་རབ་ཏུ་རིག ་པས་ནི། སྤང་བར་བྱ་བ་དང། འཐོབ་པར་བྱ་བ་ལོགས་བར་ཡོངས་སུ་ཤེས་ན་སྤང་བ་དང། ཐོབ་པར་བྱ་བའོ་ཕྱིར་སེམས་འཇོག་གོ། དོན་ཐོས་པ་དང་སེམས་པ་དང་འདྲེས་པར་རིག་པར་བྱའོ། །དེའི་འོག་ཏུ་ཐོས་པ་དང་སེམས་པ་ལས་འདས་ནས ་གཅིག་ཏུ་བསྒོམ་པའི་རྣམ་པས་དེའི་རགས་བ་ཞི་བའི་མཚན་ཉིད་ཀྱིས་མཚན་མ་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་བསྒོམ་ཞིང་ཡང་ཇི་ལྟར་ཡོངས་སུ་བཙོལ་བར་རགས་པ་ཞི་བ་ཉིད་དུ་མོས་ཏེ། དེ་ནི་མོས་པས་ཡིད་ལ་བྱེད་པ་ཞེས ་བྱའོ། །དེ་གོམས་པས་ཐོག་མ་ཁོ་ནར་སྤོང་བའི་ལས་དང་ལྡན་པའི་ཡིད་ལ་བྱེད་པའི་རབ་ཏུ་དབེན་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །དེས་ཀུན་ནས་ཉོན་མོངས་པ་ཆེན་པོ་རྣམས་རབ་ཏུ་སྤོང་ངོ། །དེ་དག་ཀྱང་གང་ན། ཡེ་ཤེས་སྒྲོན་མའི་མདོ་ལས། དེ ་ལ་འདོད་ཆག་ཆེན་པོ་གང་ཞེ་ན། གང་ལུས་ཐམས་ཅད་དུ་ཁྱབ་སྟེ། སེམས་ཀུན་ནས་གཟུང་ཞིང་གནས་པ་དང། གང་ཞིག་དེ་ལ་གཞོལ་ཞིང་འདོད་ཆགས་དང་བྲལ་བའི་སེམས་མི་འཐོབ་པ་སྟེ། དེ་ལ་གཞོལ་བ་དེ་ལ་ངོ་ཚ་བ་དང། འཇམ ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པར་འགྱུར་ཏེ། ཇི་ལྟར་ན་ངོ་ཚ་བ་དང་འཛེམ་པ་ཐམས་ཅད་ཀྱིས་ཐམས་ཅད་དུ་མེད་པ་ཡིན་ཞེ་ན། དེ་གཅིག་ཏུ་ལྐོག་དུ་སོང་སྟེ། དེ་ཉིད་རྗེས་སུ་རྣམ་པར་རྟོག་ཅིང་དེ་ཉིད་ལེགས་པར་ཤིན་ཏུ་སྨོན་པ་དང། དེ་ཉིད ་ལ་ཡང་ཡོན་ཏན་དུ་ལྟ་བ་ཡིན་ཏེ། དེ་ལྟར་ན་དེ་ལ་ངོ་ཚ་མེད་པ་ཡིན་ན། ཇི་ལྟར་ན་འཛེམ་པ་མེད་པ་ཡིན་ཞེ་ན། དེ་རྒྱུ་དེ་དང་རྐྱེན་དེ་དང། གཞི་ངེས་ཕ་མའམ་བླ་མ་ལྟ་བུ་གཞན་བདག་དང་རྩོད་ཅིག་ཕྱིར་ཟློག་པ་དང། རྒོལ་བར་བྱེད་ཅིང་དེས་ངོ་མི་ཚ་ལ ་དེ་ལ་ཡོན་ཏན་དུ་ལྟེ་བ་ཡིན་ཏེ། དེ་ལྟར་ན་འཛེམ་བ་མེད་པ་ཡིན་ཏེ། རྒྱུ་དེ་དང་རྐྱེན་དེ་དང། གཞི་དེས་ན་ངན་སོང་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་ནི་འདོད་ཆགས་ཆེན་པོ་ཞེས་བྱའོ། །ཞེ་སྡང་ཆེན་པོ་གང་ཞེ། ཞེ་སྡང་གི་རྣམ་པ་གང་གིས་ཞེ་སྡང་ཞེ་སྡང་ཞིང་རྔམ་འཁྲུགས་གཏུམ་བར་གྱུར་ནས། མཚམས་མེད་པ་སྡེ ་ལས་གང་ཡང་རུང་ལ་བྱེད་པའམ། དམ་པའི་ཆོས་སྤོང་བ་གང་བྱས་པ་ལ་མཚམས་མེད་པ་ལྔ་བསྡོམས་ཀྱང་གྲང་སུ་ཡང་ཉེ་བར་མི་འགྲོ། ཆ་དང། བ་གྲང་བ་དང། དཔེ་དང་རྒྱུར་ཡང་ཉེ་བར་མི་འགྱུར་བ་དེ་ལྟར་བུར་བྱེད་དེ། དེ་རྒྱུད་དང་རྐྱེན་དེ་དང། ་བཞི་དེས་ལུས་ཞི་གནས་སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་སྐྱེ་ཞིང། གལ་ཏེ་བ་རྒྱལ་མིར་སྐྱེས་ན་ཡང་གན། ཅིང་མིག་དམར་ལ་གཏུམ་ཞིང་གནོད་སེམས་མང་བར་འགྱུར་ཏེ། དེ་རྒྱུ་དེ་དང་རྐྱེན་དེ་དང། གཞི་དེས་ཡང་སེམས་ཅན་དམྱལ ་བ་དག་ཏུ་སྐྱེ་བར་འགྱུར་ཏེ། དེ་ནི་ཞེ་སྡང་ཆེན་པོ་ཞེས་བྱའོ། །གཏི་མུག་ཆེན་པོ་གང་ཞེ་ན། གང་ཇི་སྐད་དུ་སྨོས་བའི་གནས་དེ་དག་ལ་ཉེས་ཀྱང་དགའ་ཞིང་མྱ་ངན་དུ་མི་བྱེད། སྨྲེ་སྔགས་མི་འདོན?། འགྱོད་པ་མེད་པ་ཡིན་ཏེ། དེ་ནི་གཏི་མུག་ཆེན ་པོ་ཞེས་བྱའོ། །ཞེས་གསུངས་སོ། །རྣལ་འབྱོར་པ་དེ་དེའི་འོག་ཏུ་སྤོང་བ་ལ་དགའ་བར་འགྱུར་ཞིང་སྤོང་བ་ལ་ཕན་ཡོན་ཏུ་ལྟ་སྟེ། རབ་ཏུ་དབེན་པའི་དགའ་བ་དང་བདེ་བ་ཆུང་དུས་རིག་ནས་དུས་དུས་སུ་དད་བར་འགྱུར་བའི་ཡིད་ལ་བྱེད་པས་ཇི་ཙམ་དུ ་དུ་རྨུགས་པ་དང་གཉིད་དང་རྒོད་པ་དང་བྲལ་བར་བྱ་བའི་ཕྱིར་རབ་ཏུ་དགའ་བར་བྱེད་པ་འདི་ནི་དགའ་བ་སྡུད་པ་ཞེས་བྱའོ། །དེས་ཉོན་མོངས་པའི་རྣམ་པ་འབྲིང་རབ་ཏུ་སྤོང་ངོ། །དེ་ཡང་གང་ཞེ་ན། དེ་ཉིད་ལས་འདོད་ཆགས་སྤང?་བ ་གང་ཞེ་ན། གང་གིས་འདོད་པ་རྣམས་ལ་བརྟེན་པར་གྱུར་ན་བྱ་བ་གྲུབ་ཀྱི་བར་དུ་བསྟེན་ཅིང་བྱ་བ་གྲུབ་ནས་འདོད་ཆགས་དང་བྲལ་བའི་སེམས་འཐོབ་པ་དང། འགྱོད་པ་འཐོབ་པ་དང། སེམས་ལ་མི་ཆ་བ་འཐོབ་པ་སྟེ། དེ་ནི་འདོད་ཆགས་འབྲིང་པོ་ཞེས་བྱ་བའོ ་ཞེ་སྡང་འབྲིང་པ་གང་ཞེ་ན། གང་གིས་ཞེ་སྡང་བར་འགྱུར་ཏེ། སྡིག་པ་མི་དགེ་བའི་ལས་བྱས་ན་མྱུར་བ་མྱུར་བར་སྐྱེན་པ་སྐྱེན་པར་ལ་རོ་ལ་གོར་དུ་འགྱོད་ཅིང་དེའི་གཉེན་པོ་ལ་ཡང་བརྟེན་པ་སྟེ། དེ་ནི་ཞེ་སྡང་འབྲིང་པོ་ཞེས་བྱའོ། །གཏི་མུག་འབྲིང་པོ་གང ་ཞེ་ན། གང་གིས་མི་དགེ་བའི་ལས་ལ་ལ་བྱས་ཀྱང་ལ་གོར་ལ་གོར་དུ་འགྱེད་ཅིང་ཚངས་པ་མཚུངས་པར་སྤྱད་པ་རྣམས་ཀྱི་དྲུང་དུ་འཆགས་ཤིང་མི་འཆི་བ་ལ་དེ་ཡོན་ཏན་དུ་ཡང་མི་ལྟ་བ་ཡིན་ཏེ། དེ་ནི་གཏི་མུག་འབྲིང་པོ་ཞེས་བྱའོ། །དེ་ལྟར་ལེགས་པར ་ཞུས་བ་དེ་དགེ་བའི་ཕྱོགས་ལ་སྦྱོར་བས་བརྟན་པའི་ཕྱིར་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་ཀུན་ནས་དཀྲིས་པ་ཀུན་ཏུ་མི་འབྱུང་བས་དེ་སྤངས་སམ་མ་སྤངས་བ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དེ་འབྱུང་བ་དང་མཐུན་པ་སྡུལ་བའི་མཚན་མ་ཡིད་ལ་བྱེད་པས་སོ་སོར ་རྟོག་པ་ནི་དཔྱོད་པ་ཡིད་ལ་བྱེད་པའོ། །དེས་ཐོབ་པ་མངོན་པའི་བརྒྱ་ལ་མེད་པ་ལ་སེམས་འཇོག་བར་བྱེད་དེ། དེས་དེ་ལྟར་དཔྱད་ནས་གཉེན་པོ་བསྒོམ་པས་དུས་དེས་ཇི་སྲིད་གཅིག་པའི་ཚུལ་གྱིས་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཐམས་ཅད་དང་བྲལ་བར་བྱ ་བའི་ཕྱིར་བསམ་གཏན་དད་པ་ལ་སྦྱོར་བའི་མཐར་ཐུག་པའི་གཉེན་པོ་ཡིད་ལ་བྱེད་པ་ནི་སྦྱོར་བའི་མཛའ་ཨོ། །དེ་ལ་ཉོན་མོངས་པའི་རྣམ་པ་ཆུང་ངུ་རབ་ཏུ་སྤོང་ངོ། །དེ་ཉིད་ལ་འདོད་ཆགས་ཆུང་ངུ་གང་ཞེ་ན། གང་གིས་འདོད་པ་རྣམས་བསྟེན་པར་གྱུར་ཀྱང་མནམ་པ་དང་བྱུགས ་བ་དང། ལུས་ཀྱིས་རེག་པ་ཙམ་མམ། ཚིག་ཏུ་སྨྲས་པ་ཙམ་གྱིས་ཚིམ་པར་འགྱུར་བ་དེ་ནི་འདོད་ཆགས་ཆུང་ངུ་ཞེས་བྱའོ། །འདོར་ན་འཚེ་བའི་ཡོ་བྱད་ཐམས་ཅད་ལ། ཆགས་པའི་སེམས་སུ་གྱུར་པ་སྟེ། དེ་ནི་འདོད་ཆགས་ཞེས་བྱའོ། །ཞེ་སྡང་ཆུང་ངུ་གང་ཞེ་ན། གང་གིས་ཞེ་སྡང ་བར་གྱུར་ནས། ཚིག་ཙམ་དང། མི་སྙན་པ་དང། དོན་དུ་བརྡང་བ་ཙམ་གྱིས་མི་དགེ་བའི་ལས་སོགས་པ་སྟེ། བྱུང་ན་ཡང་སྐད་ཅིག་དེ་ཉིད་དང། ཡུད་ཙམ་དེ་ཉིད་དང། ཐང་ཅིག་དེ་ཉིད་ལ་གཉེན་པོ་བསྟེན་པ་སྟེ། དེ་ནི་ཞེ་སྡང་ཆུང་ངུ་ཞེས་བྱའོ། །གཏི་མུག་ཆུང་ངུ་གང་ཞེ་ན། ་གང་གི་རང་བཞིན་གྱི་ཁ་ན་མ་ཐོ་བ་མ་ཡིན་པ་བཅས་པའི་ཁ་ན་མ་ཐོ་བ་ཐོབ་པ་སླབ་པ་ཀུན་སྤངས་བའི་ལན་གཉིས་གསུམ་ལས་འདའ་བ་སྟེ། དེ་ནི་གཏི་མུག་ཆུང་ངུ་ཞེས་བྱའོ། །ཞེས་གསུངས་སོ། །རྟགས་ནི་ལུས་གཡོ་བ་སྙམ་བྱེད་པ་དང། ལུས་བྱར་བ་རྩུབ་པོས་དྲུང་བ་སྙམ་བྱེད་པ ་དང། ལུས་ཐམས་ཅད་ལ་འོ་མས་གཏོར་བ་སྙམ་བྱེད་པ་དང། ལུས་དྲོད་འབྱུང་བ་དང། སྙིང་གནས་མར་མ་ལྟ་བུ། འབྱུང་བ་དང། སྨིན་མཚམས་ནས་ཉི་ཟེར་གྱི་འོད་འབྱུང་བ་དང། སྤྱི་བོ་ནས་འོད་ཟེར་སྣ་འབྱུང་བ་ལ་སོགས་པ་གསུངས་སོ། །འབྲས་བུ་ཡང་དེ་ཉིད་དེ་བསམ་གཏན ་མང་པོ་ཞེས་བྱའོ། །དང་བས་ནི་བསྡེ་བས་བསོད་ནམས་ཀྱི། །འགྲོ་ཀུན་སྲིད་པ་ཡོང་སྤོང་ཞིང། །བསམ་གཏན་བདེ་བ་བརྟེན་བྱེད་དེ། །རྟག་ཏུ་གཞན་དོན་མོས་བར་ཤོག་།བསམ་གཏན་ལ་འཇུག་པ་བསྡུས་པ་རྫོགས་སོ།། །།སེམས་ཀྱི་ཉམས་ཅུང་ཟད ་