CLOSE WINDOW

N4659: zhi gnas la 'jug pa'i thabs
Wyliee-texts based on the ACIP/ALL Input

གཤེགས་བཀའ་ནི་བདུད་རྩི་ལྟ་བུ་སྨན་ཆེན་ལས། །བདག་འདྲ་རྨོངས་པས་སློབ་ཕྱིར་བསྡེམ?་པར་མི་འོས་ཀྱང། །ཅི་ཞིག་ལྟར་དེས་བདག་ལ་མོས་པ་དེ་དོན་བྱས། །བསོད་ནམས་འདི་ཡིས་སྐྱེ་མེད་ཡེ་ཤེས་ཐོབ་གྱུར་ཅིག་།ཞི་གནས་སྐུ་ལ་བསྒོམ ་ཐབས་ཆུང་ངུ་རྫོགས་སོ།། །།གང་གིས་ཞི་གནས་ལྷག་མཐོང་མཐར་ཕྱིན་པས། །འགྲོ་བའི་མི་ཤེས་རབ་རིབ་སེལ་མཛད་པ། །ཐམས་ཅད་མཁྱེན་པ་དེ་ལ་ཕྱག་འཚལ་ཏེ། །ཞི་གནས་འཇུག་པའི་ཐབས་ཚུལ་ཅུང་ཟད་བྲིས། །སྡོམ ་ནི། ཚོགས་དང་ཤེས་བྱ་སྔོན་འགྲོ་དང། །བསྒོམ་དང་ཉེས་སྤང་ཚོད་གཟུང་དང། །ངལ་སོ་སྐྱེ་ལུགས་གནས?་པའི་ཚད། །བཅུ་བ་བརྟན་ཐབས་ངོས?་གཟུང་གཅིག། དེ་ལ་ཞི་གནས་ཀྱི་ཚོགས་གང་ཞེ་ན། །འཕགས་པ་བློ་གྲོས་མི་ཟད་བས ་བསྟན་པ་ལས། །ཞི་གནས་ཀྱི་ཚོགས་ཀྱི་དབང་དུ་བྱས་ནས། །དེ་ལ་ཞི་གནས་མི་ཟད་པ་གང་ཞེ་ན། གང་སེམས་ཞི་བ་དང། རབ་ཏུ་ཞི་བ་དང། ཉེ་བར་ཞི་བ་དང། རྣམ་པར་མི་གཡེང་བ་དང། དབང་པོ་ལེགས་པར་བསྡམས་པ་དང། མི ་རྒོད་པ་དང་མི་འབྱང་བ་དང། མུ་གཅོར?་མི་སྨྲ་བ་དང། ཡབ་བོ་ཡབ་པོ་མ?་ཡིན་པ་དང། མི་འགྱུར་བ་དང། ཞི་ངེས་པ་དང། བསྲུངས་པ་དང། ཅང་ཤེས་པ་དང། ལས་སུ་རུང་བ་དང། རྩེ་གཅིག་པ་དང། གཅིག་པུར་དགའ་བ་དང། འདུ་འཛི་ཡོངས་སུ་སྤང་བ་དང། ་དཔེན་པར་དགའ་བ་དང། ལུས་དཔེན་པ་དང། སེམས་བསླད་པ་དང། དགོན་པ་སྔོན་དུ་ཕྱོགས་པ་ཡིད་ལ་བྱེད་པ་དང། འདོད་པ་ཉུང་བ་དང། འདོད་པ་མེད་པ་དང། འདོད་ཚན་མེད་པ་དང། ཆོག་ཤེས་པ་དང། འཚོ་བ་ཡོངས་སུ་དག་པ་དང། ཆོ་ག་ཕུན་སུམ་ཚོགས ་པ་དང། སྤྱོད་ལམ་བསྲུངས་བ་དང། ཤེས་པ་དང། ཚོད་ཤེས་པ་དང། དུས་མིན་ཤེས་པ་དང། སླན་དྲོད་ཤེས་པ་དང། དགང་སླ་བ་དང། གསོ་སླ་བ་དང། སོ་སོར་རྟོག་པའི་སྟོབས་ཀྱིས་མི་ཐོད་མི་དམའ་བ་དང། ངན་དུ་བརྗོད་པ་དང། ངན་དུ ་སྨྲས་པའི་ཚིག་གི་ལམ་དང་དུ་ལེན་པ་དང། རྣལ་འབྱོར་ལ་མངོན་དུ་ཕྱོགས་པའི་སེམས་བསྐྱེད་པ་དང། ནང་དུ་ཡང་དག་འཇོག་ལ་མངོན་པར་དགའ་བ་དང། །བསམ་གཏན་གྱི་ཡང་དག་ཡིད་ལ་བྱེད་པ་དང། བྱམས་པ་བསྐྱེད་པ་དང། སྙིང་རྗེ་མངོན ་པར་སྒྲུབ་པ་དང། དགའ་བ་ལ་གཞོག་པ་དང། བཏང་སྙོམས་བསྒོམ་པའོ། །ཞེས་གསུངས་སོ། །གཞན་ཡང་དཀོན་མཆོག་སྤྲིན་ལས་རྣལ་འབྱོར་སྤྱོད་པའི་སྐབས་སུ་སྐྱོན་ལ་མཁས་པ་ཡིན་བྱ་བ་ལས་བརྩམས་ཏེ། སྐྱོན་དེ་དག་གང་ཞེ་ན། ་འདི་ལྟ་སྟེ། སངས་རྒྱས་ལ་རིམ་གྲོ་མི་བྱེད་པ་དང། ཆོས་དང། དགེ་འདུན་དང། བསླབ་པ་དང། འཕགས་པ་རྣམས་དང། ཚངས་པར་སྤྱོད་པ་རྒན་རབས་དང། བར་མ་དང་གསར་བུ་རྣམས་ལ་རིམ་གྲོ་མི་བྱེད་པ་ནི་སྐྱོན་ནོ། །བདག་ལ་རིམ་གྲོ ་བྱེད་པ་དང། གཞན་ལ་བརྙས་པ་དང། ཡུལ་ལ་མངོན་དུ་ཕྱོགས་པ་དང། མྱ་ངན་ལས་འདས་པ་ལ་རྒྱབ་ཀྱིས་ཕྱོགས་པ་དང། བདག་ཏུ་ལྟ་བ་དང། སེམས་ཅན་དུ་ལྟ་བ་དང། གང་ཟག་ཏུ་ལྟ་བ་དང། ཆད་བར་ལྟ་བ་དང། རྟག་པར་ལྟ་བ་དང། སྟོང་པ་ཉིད ་དུ་འཛིན་པ་དང། རྟག་པར་འཛིན་པ་དང། མི་རྟག་པར་འཛིན་པ་དང། འཕགས་པ་རྣམས་ལ་མཉེས་པར་མི་བྱེད་པ་དང། བྱིས་པའི་སྐྱེ་བོ་དང་བརྟེན་པ་དང། ཚུལ་ཁྲིམས་དང་ལྡན་པ་ཡོངས་སུ་སྤོང་བ་དང། སེམས་ཅན་ཚུལ་ཁྲིམས་འཚལ་བ་ལ་བསྙེན ་བཀུར་བྱེད་པ་དང། སྡིག་པའི་གྲོགས་ལ་བརྟེན་པ་དང། དགེ་བའི་གཤེགས་གཉེན་ཡོངས་སུ་སྤོངས་བ་དང། མདོ་སྡེ་ཟབ་མོ་སྤོང་བ་དང། མདོ་སྡེ་ཟབ་མོས་སྐྲག་པ་དང། སྙོམ་ལས་དད་ལེ་ལོ་བྱེད་པ་དང། བདག་ལ་བརྙས་བ་དང། ་གཟི་བརྗིད་བྱང་ཆུབ་བ་དང། སྤོབས་པ་མེད་པ་དང། གནས་མ་ཡིན་པ་ལ་འགྱོད་པ་དང། མི་འགྱོད་པ་ལ་འགྱོད་པ་དང། འགྱོད་པ་ལ་མི་འགྱོད་པ་དང། སྒྲིམ་པ་ཀུན་ནས་ལྡན?་བས་གྲགས་པ་དང། གཡོ་རྒྱུས་བཅིངས་པ་དང། རྨུགས ་ཤིང་གཉིད་ཀྱིས་ནོན་པ་དང། རྙེད་པ་དང་བཀུར་སྟི་འདོད་པ་དང། རུས་པ་ལ་འདོད་ཆགས་པ་དང། རིགས་ལ་འདོད་ཆགས་པ་དང། ལྟ་བ་ལ་འདོད་ཆགས་པ་དང། ཡུལ་ལ་འདོད་ཆགས་པ་དང། འཁོར་ལ་འདོད་ཆགས་པ་དང། འཇིག་རྟེན་རྒྱང ་ཕན་པའི་གསང་ཚིག་ལ་རྟེན་པ་དང། དམ་པའི་ཆོས་ལ་འབྱོད་པ་དང། ཡིད་མ་འདོར་བ་དང། མི་དགེ་བ་དང་ལྡན་པ་དག་ལ་རྩོལ་བ་དང། རབ་ཏུ་བྱུང་བ་དང་སྡེབ་པ་དང། སྐྱེས་པ་དང་སྡེབ་པ་དང། བུད་མེད་དང་སྡེབ་པ་དང། ཀྱེའུ་དང་སྡེབ་པ ་དང།?་བུ་མོ་དང་སྡེབ་པ་དང། མུ་སྟེགས་ཅན་དང་སྡེབ་པ་དང། དགོན་པ་ལ་མངོན་པར་མི་དགའ་བ་དང། ཟས་ཀྱི་ཚོད་མི་ཤེས་པ་དང། བླ་མའི་དྲུན?་དུ་མི་འགྲོ་བ་དང། ཁ་དོན་གྱི་དུས་མི་ཤེས་པ་དང། སྦྱོད་ཡུལ་གྱི་གནས་མི་ཤེས་པ ་དང། བསླད་པ་ཕྲ་མ་དགལ?་གུས་པར་མི་བྱེད་པ་དང། སྡིག་པ་ཆུང་ངུ་རྣམས་ལ་འཇིགས་པར་མི་ལྟ་བ་དང། དབང་པོ་གཏི་མུག་གི་སྒྲིབས་པ་དང། ལྡན་པ་དང། གཡེང་བ་དང་ལྡན་བ་ལ་དང་པོ་གྲིམས་པ་དང། རྒོད་པར་སྤྱོད་པ་དང། ་བཅོས་དཀའ་བ་དང། དཀའ་བློ་མི་བདེ་བ་དང། ཡིད་དུ་འོང་བ་དང། ཡིད་དུ་མི་འོང་བའི་གཟུགས་དག་ལ་མཚན་མ་དང་མངོན་རྟོགས་སུ་འཛིན་པ་དང། ཁྲོག?་རྣམས་ལ་སེམས་མི་བྱམས་པ་དང། སྡུག་བསྔལ་བ་རྣམས་ལས ་སྙིང་མི་རྩེ་བ་དང། ན་བས་སྐྱོ་བར་མི་བྱེད་པ་དང། ཤི་བར་མི་སྐྲག་པ་དང། ཀུན་ཏུ་འབར་བ་ལས་མི་འབྱུང་བ་དང། ལུས་སོ་སོར་མི་རྟོག་པ་དང། ཚུལ་ཁྲིམས་ལ་སོ་སོར་མི་རྟོག་པ་དང། ཅི་བྱས་ཅི་བྱེད་ཅི་བྱ་ཞེས་སོ་སོར་མི་རྟོག་པ་དང། མི་བསམ་པ་ལ ་སེམས་པ་དང། མི་རྟག་པ་ལ་རྟོག་པ་དང། མི་སྨོན་བ་ལ་སྨོན་པ་དང། མི་འབྱུང་བ་ལ་འབྱུང་བར་འདུ་ཤེས་པ་དང། མི་དགེ་བ་ལ་དགེ་བར་འདུ་ཤེས་པ་དང་ལམ་ཡིན་པ་ལམ་དུ་འདུ་ཤེས་པ་དང། མཐོབ་པ་ལ་ཐོབ་པར་འདུ་ཤེས་པ་དང། འཕྲལ་གྱི་བྱ་བས་ཆགས་པ་དང་ཁྱེད་པ་ངན?་པ ་གཡེངས་པ་དང། དགེ་བའི་ཕྱོགས་རྒྱ་ཆེན་པོ་རྣམ་པར་སྤོད་བ་དང། ཐེག་པ་ཆེན་པོ་ལ་མི་བསྔགས་པ་བརྗོད་པ་དང། ཉན་ཐོས་ཀྱི་ཐེག་པ་ལ་བསྔགས་པ་བརྗོད་པ་དང། ཐེག་པ་ཆེན་པོ་ལ་མངོན་པར་དང་པའི་གང་ཟག་རྣམས་ལ་མི་བསྔགས་པ་བརྗོད ་པ་དང། ཉན་ཐོས་ཀྱི་ཐེག་པ་ལ་མངོན་པར་དད་པའི་གང་ཟག་རྣམས་ལ་བསྔགས་པ་བརྗོད་པ་དང། རྩོད་པ་ལྷུར་བྱེད་པ་དང། འཐབ་པའི་དང་ཚུལ་ཅན་དང། བརླང་བ་དང། རྩུབ་པ་དང། ཕོ་ཐེག་ཅན་དང། སྤྱི་བལྟོས་ཆེལ?་བ་དང། གཏུམ་པ་དང། གདུག་པ ་དང?་པ་དག་མི་བསྙན?་པ་དང། མུ་ཅོར་སྨྲ་བ་དང། མི་གཙིགས་པར་སྨྲ་བ་དང། ངག་ཏུ་སྨྲ་བ་དང། བརྫུན་ཟེར་བ་དང། སྤྲོས་པ་ལ་མངོན་པར་དགའ་བ་དང། སྤྲོས་པ་ལ་གཞོལ་བ་ནི་སྐྱོན་ནོ་ཞེས་གསུངས་སོ། །དེ་ཉིད་ལས་ཡང་གསུངས་པ། དེ ་འདུ་བ་ཐམས་ཅད་དུ་ཡོངས་སུ་སྤང་ངོ། །འདུ་འཇི་ཐམས་ཅད་དུ་ཡོངས་སུ་སྤང་ངོ། །སྨྲ་བ་ལ་དགའ་བ་དང། འདོད་པའི་རྣམ་པར་རྟོག་པ་དང། གནོད་སེམས་ཀྱི་རྣམ་པར་རྟོག་པ་དང། འཚོ་བའི་རྣམ་པར་རྟོག་པ་དང། ལྟ་བ་ལ་རྣམ་པར་རྟོག་པ ་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་སྤོང་ངོ། །ཤེས་ཀྱི་ཁེ་འདོད་པ་དང། གྲགས་པ་འདོད་པ་དང། རྙེད་པ་འདོད་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་སྤོང་སྟེ། དེ་ལུས་དང་སེམས་རབ་ཏུ་དབེན་པས་སེམས་ལ་མཁས་པ་ཡིན་ཏེ། དེ་ལ་སེམས ་ལ་འདི་སྙམ?་དུ་བདག་གི་སེམས་འདི་ཅི་དག་པ་ལ་སྤྱོད་པའམ། འོན་ཏེ་མི་དགེ་བའམ། འོན་ཏེ་ལུང་དུ་མ་བསྟན་པའམ། ཆོས་གང་ལ་སྤྱོད་ཅེས་རྣམ་པར་དཔྱོད་དོ། །གལ་ཏེ་དགེ་བ་ལ་སྤྱོད་ན་དེ་ལ་སེམས་དགའ་བ་དང། རངས་པ ་དབང་མགུ་བ་བསྐྱེད་དོ། །དགེ་བའི་ཆོས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནོ། །འོན་ཏེ་མི་དགེ་བ་ལ་སྤྱོད་ན་དེ་ལ་སྐྱོ་བ་མང་བ་དང། རྟོག་པ་མང་པ་ཡིན་ཏེ། མི་དགེ་བའི་ཆོས་དེ་དག་སྤང་བ་ལ་བརྩོན་པ་ཡིན། མི་དགེ ་བའི་ཆོས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་དང། ཞེ་སྡང་དང། གཏི་མུག་གོ། དེ་ལ་འདོད་ཆགས་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ཆེན་པོ་དང། འབྲིང་པོ་དང། ཆུང་ངུའོ། །དེ་ལ་འདོད་ཆགས་ཆེན་པོ་གང་ཞེ་ན། གང་ལུས་ཐམས་ཅད ་དུ་ཁྱབ་སྟེ། སེམས་ཀུན་ནས་གཟུང་ཞིང་གནས་པ་དང། གང་གི་དེ་ལ་གཞོལ་ཞིང་འདོད་ཆགས་དང་བྲལ་བའི་སེམས་མི་འཐོབ་པ་སྟེ། དེ་ལ་གཞོལ་བ་དེ་ལ་ངོ་ཚ་བ་དང། འཇོམ?་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པར་འགྱུར་ཏེ། ཇི་ལྟར་ན་ངོ་ཚ་བ་དང ་འཛེམ་པ་ཐམས་ཅད་དུ་མེད་པ་ཡིན་ཞེ་ན། དེ་ལ་གཅིག་པུ་ལྐོག་ཏུ་སོང་སྟེ། སེམས་ཀུན་ནས་བཟུང་ཞིང་གནས་པ་དང། དེ་ཉིད་རྗེས་སུ་རྣམ་པར་རྟོག་ཅིང་དེ་ཉིང་ལ་ལེགས་པར་ཤིན་ཏུ་སྨོན་པ་དང། དེ་ཉིད་ལ་ཡང་ཡོན་ཏན་དུ་ལྟ་བ ་ཡིན་ཏེ། དེ་ལྟར་ན་དེ་ལ་ངོ་ཚ་བ་མེད་པ་ཡིན་ནོ། །ཇི་ལྟར་ན་འཛོམ་པ་མེད་པ་ཡིན་ཞེ་ན། དེ་རྒྱུ་དེ་དང་རྐྱེན་དེ་དང། གཞི་ངེས་ཕ་མ་འམ། བླ་མ་ལྟ་བུ་གཞན་དག་ལ་རྩོད་ཅིང་ཕྱིར་ཟློག་པ་དང། རྒོལ་བར་བྱེད་ཅིང་དེ་ངོ་མི་ཚ་ལ་དེ ་ལ་ཡོན་ཏན་དུ་ལྟ་བ་ཡིན་ཏེ། དེ་ལྟར་ན་དེ་ལ་འཛོམ་པ་དང། ངོ་ཚ་མེད་པ་ཡིན་ཏེ། དེ་ལ་རྒྱུ་དེ་དང་རྐྱེན་དེ་དང། གཞི་དེས་ངན་སོང་རྣམས་སུ་སྐྱེ་བར་འགྱུར་ཏེ། ད་ནི་འདོད་ཆགས་ཆེན་པོ་ཞེས་བྱའོ། །དེ་ལ་འདོད་ཆགས་འབྲིང་པོ་གང་ཞེ་ན། གང་གི་འདོད ་པ་རྣམས་ལ། བརྟེན་པར་གྱུར་ན་བྱ་བ་གྲུབ་ཀྱི་བར་དུ་སྟེན་གྱི་བྱ་བ་གྲུབ་ནས་འདོད་ཆགས་དང་བྲལ་བའི་སེམས་ཐོབ་པ་དང། འགྱོད་པ་འཐོབ་པ་དང། སེམས་ལ་མི་འཆབ་པ་འཐོབ་པ་སྟེ། དེ་ནི་འདོད་ཆགས་འབྲིང་པོ་ཞེས་བྱ་བའོ། །ནད་དེ་ལ་འདོད་ཆགས་ཆུང་ངུ་ཞེས་བྱ་བ་དང་ཞེ ་ན། གང་གིས་འདོད་པ་རྣམས་བསྟན་པར་གྱུར་ཀྱང་མནམས?་པ་དང། བྱུགས་པ་དང། ལུས་ཀྱི་རེག་པ་ཙམ་མམ། ཚིག་ཏུ་སྨྲས་པ་ཙམ་མམ། མཐོང་བ་ཙམ་གྱིས་ཚིམ་པར་འགྱུར་བ་དེ་ནི་འདོད་ཆགས་ཆུང་ངུ་ཞེས་བྱའོ། །མདོར་ན་འཚོ་བའི་ཡོ་བྱད་ཐམས་ཅད་ལ་ཆགས་པའི ་སེམས་སུ་གྱུར་པ་སྟེ་དེ་ནི་འདོད་ཆགས་ཞེས་བྱའོ། །དེ་ལ་ཞེ་སྡང་གང་ཞེ་ན། ཞེ་སྡང་ཡང་རྣམ་པ་གསུམ་རིག་པར་བྱ་སྟེ། ཆེན་པོ་དང་འབྲིང་དང་ཆུང་ངུའོ། །དེ་ལ་ཞེ་སྡང་ཆེན་པོ་གང་ཞེ་ན། ཞེ་སྡང་གི་རྣམ་པ་གང་གིས་ཞེས་སྡང་ཞིང་རྔམ་འཁྲུགས་གཏུམ་པར་གྱུར ་ནས་མཚམས་མེད་པ་ལྔ་ལས་གང་ཡང་རུང་བ་ལ་བྱེད་པའམ། དམ་པའི་ཆོས་སྤོང་བ་ལ་གང་བྱས་པ་ལ་མཚམས་མེད་པ་ལྔ་བསྡོམ་པ་བས་ཀྱང་གྲངས་སུ་ཡང་ཉེ་བར་མི་འགྲོ། ཆ་དང་འགྲང་པ་དང་དཔེ་དང། རྒྱུར་ཡང་ཉེ་བར་མི་འགྲོ་བདེ་ལྟ་བུ་བྱེད་དེ། དེ་རྒྱུ་དེ་དང་རྐྱེན་དེ་དང ་གཞི་ངེས་ལུས་ཞིག་ནས་སེམས་ཅན་དམྱལ་བ་ཆེན་པོ་ངག་ཏུ་སྐྱེ་ཞིང། གལ་ཏེ་བརྒྱལ་མིར་སྐྱེ་བ་ན་ཡང། གནག་ཅིང་དམར་ལ། གཏུམ་ཞིང་གནོད་སེམས་མང་བར་འགྱུར་ཏེ། དེ་རྒྱུ་དེ་དང་རྐྱེན་དེ་དང་གཞི་ངེས་ཡང་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་བར་འགྱུར ་བ་དེ་ནི་ཞེ་སྡང་ཆེན་པོ་ཞེས་བྱའོ། །དེ་ལ་ཞེ་སྡང་འབྲིང་པོ་གང་ཞེ་ན། གང་གི་ཞེ་སྡང་བར་གྱུར་ཏེ། སྡིག་པ་མི་དགེ་བའི་ལས་བྱ་ན་མྱུར་བ་མྱུར་བས་སྐྱེད་ན་བསྐྱེན་བར་ལ་གོང་ལ་ཐོང?་ལ་བརྐྱོད?་ཅིང་དེའི་གཉེན་པོ་ལ་ཡང་བསྟན་པ་སྟེ། དེ་ནི་ཞེ་སྡང་འབྲིང་པོ་ཞེས་བྱའོ། །དེ་ལ་ཞེ ་སྡང་ཆུང་ངུ་གང་ཞེ་ན། གང་གི་ཞེ་སྡང་བར་གྱུར་ནས་ཚིག་ཙམ་དང། མི་སྙན་པ་ཙམ་དང། ངན་དུ་བརྗོད་པ་ཙམ་གྱིས་མི་དགེ་བའི་ལས་གསོག་པ་སྟེ། དེ་ཡང་བརྒྱལ་བར་འགའ་ཞིག་འབྱུང་སྟེ། བྱུང་ན་ཡང་སྐད་ཅིག་དེ་ཉིད་དང། ཡུལ་ཙམ་དེ་ཉིད་དང་འཐད ་ཅིག་དེ་ཉིད་དང་ཉེན་པོ་བསྟེན་པ་སྟེ། དེ་ནི་ཞེ་སྡང་ཆུང་ངུ་ཞེས་བྱའོ། །དེ་ལ་གཏི་མུག་གང་ཞེ་ན། གཏི་མུག་ཀྱང་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ཆེན་པོ་དང་འབྲིང་དང་ཆུང་ངུའོ། །དེ་ལ་གཏི་མུག་ཆེན་པོ་གང་ཞེ་ན། གང་ཇི་སྐད་དུ་སྨོས་པའི ་གནས་དེ་དག་ལས་ཉེས་ཀྱང་དགའ་ཞིང་མྱ་ངན་དུ་མི་བྱེད། སྨྲ་སྔགས་མི་འདོན། འགྱོད་པར་མི་བྱེད་པ་ཡིན་ཏེ། དེ་ནི་གཏི་མུག་ཆེན་པོ་ཞེས་བྱའོ། །དེ་ལ་གཏི་མུག་འབྲིང་པོ་གང་ཞེ་ན། གང་གིས་མི་དགེ་བའི་ལས་བྱས་ཀྱང། ལ་གོར་ལ་གོར་དུ་འགྱོད ་ཅིང། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་དྲུང་དུ་འཆགས་ཤིང་མི་འཆབ་ལ། དེ་ལ་ཡོན་ཏན་དུ་ཡང་མི་ལྟ་བ་ཡིན་ཏེ། འདི་ནི་གཏི་མུག་འབྲིང་པོ་ཞེས་བྱའོ། །དེ་ལ་གཏི་མུག་ཆུང་ངུ་གང་ཞེ་ན། གང་གིས་རང་བཞིན་གྱིས་ཁ་ན་མ་ཐོ་བ་མ་ཡིན་པ་བཅས ་པའི་ཁ་ན་མ་ཐོ་བ་བསླབ་པ་ཀུན་སྤྱོད་པའི་ལམ་གཉིས་གསུམ་ལས་འདའ་བ་སྟེ། དེ་ནི་གཏི་མུག་ཆུང་ངུ་ཞེས་བྱའོ། །དེ་ལ་ཡང་བྱང་ཆུབ་སེམས་དཔའ་སེམས་ཕྱིར་ཟློག་པ་ལ་མཁས་པ་ཡིན་ཏེ། དེ་དེ་ལྟར་སེམས་ལ་མཁས་པ་ལ་གང་འདོད་པ་རྣམས་ལ་དགའ་ ་བ་དང། འདོད་པ་རྣམས་ལ་འདུན་པ་དང། འདོད་པ་རྣམས་ལ་ལྷག་པར་ཆགས་པ་དེ་ལྟ་བུ་མེད་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་སེམས་ལ་མཁས་པའི་ཕྱིར་རོ། །འོན་ཏེ་ལུང་དུ་མ་བསྟན་པ་ལ་སྤྱོད་ན། དེ་ལ་དྲན་པ་དང་ལྡན་ཞིང་ནན་ཏན་བྱེད་ལ། དེ ་བརྟག་པ་ལ་བརྩོན་པ་ཡིན་ཏེ། དེ་ལྷས་ཇི་ལྟར་ལུང་དུ་མ་བསྟན་པ་ལ་སྤྱོད་པ་ཡིན་ཞེ་ན། གང་གི་ཚེ་སེམས་ཕྱི་རོལ་ཏུ་ཡང་མི་རྒྱུ་ནང་དུ་ཡང་མི་རྒྱུ། དགེ་བ་ལ་ཡང་མི་སྤྱོད། མི་དགེ་བ་ལ་ཡང་མི་སྤྱོད། ལྷག་མཐོང་བ་ལ་ཡང་མི་སྤྱོད། ཞི་གནས་ཀྱང་མི ་འཛིན་ཅིང་ཞུ་མ་ལ་གཉིད་ཀྱིས་ནོན་པར་གནས་ཏེ། འདི་ལྟ་སྟེ། དཔེར་ན་སྐྱེས་བུ་ཉལ་ཉལ་བ་ལས་སད་པ་མིག་གཉིད་ཀྱི་བསྒྲིབས་པའི་སེམས་མི་གསལ་བ་དེ་བཞིན་དུ་དེའི་ཚེ་སེམས་དེ་མི་གསལ་བར་རྒྱུ་བ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་ཡང ་དག་པར་གཟེང་བསྟོད་པ་དང། ཡང་དག་པར་རབ་ཏུ་དགའ་བར་བྱ་བ་དང། ཡང་དག་པར་བཞག་པ་ལ་མཁས་པ་ཡིན་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ལ་མཁས་པ་ཡིན་ནོ། །དེ་དེ་ལྟར་སེམས་ལ་མཁས་པས་ཆོས་འདི་དགེ་ནི་སྒྱུ་མ་ལྟ་བུའོ། ་ཆོས་འདི་དག་ནི་རྨི་ལམ་ལྟ་བུའོ། །ཆོས་འདི་དག་ནི་དགེ་བའོ། །ཆོས་འདི་དག་ནི་མི་དགེ་བའོ། །ཆོས་འདི་དག་ནི་འབྱུང་བའོ། །ཆོས་འདི་དག་ནི་མི་འབྱུང་བའོ། །ཞེས་ཆོས་རྣམས་ལ་ཡོངས་སུ་རྟོག་སྟེ། འདིས་སུམ་དུ་ཆོས་འདི་དག་ཐམས་ཅད་ནི ་སེམས་ལ་གནས་པ། སེམས་ལས་བྱུང་བ། སེམས་སྔོན་དུ་འགྲོ་བ་སྟེ། སེམས་ཤིན་ཏུ་བརྟུལ་བ་དང། ཤིན་ཏུ་ཁོང་དུ་ཆུད་པར་བྱས་ན་ཆོས་དེ་དག་ཐམས་ཅད་ཤིན་ཏུ་བཅིལ་བ་དང། ཤིན་ཏུ་བརྟུལ་བ་དང། ཤིན་ཏུ་ཁོང་དུ་ཆུད་པར་འགྱུར་རོ་ཞེས ་གསུངས་སོ། །འཕགས་པ་དྲན་པ་ཉེ་བར་བཞག་པ་ལས་ཀྱང། འདུ་འཛིའི་གཏམ་ཉན?་པ་དང། རི་མོ་འདྲི་བ་དང། སྙེན་དང་གོས་སྦྱོར་བ་དང། །གནའི་ཚོགས་དང། རྒྱུ་སྐར་སེམས་པ་དང། ཟས་རྙེད་པ་བདག་གིར་བྱེད་པ་དང། ཤ་ཟ་མོ་ལྟ་བུར་ནོར་བསྒྲུབ་པར་སེམས ་པ་དང། །རྒྱལ་པོ་ལ་བརྟེན་པ་དང། མཁས་པ་རྣམས་ལ་གདམ་ངག་རྣམས་མི་ནོད་པ་དང། བདེ་བ་ལ་མགྲོན་དུ་བོད་པ་དང། འདྲི་ཞིང་གནས་པའོ་ཞེས་གསུངས་སོ། །བསྒོམ་པའི་རིམ་པ་བར་དུ་མཛད་པ་ལས་ཀྱང། ཞི་གནས་ཀྱི་ཚོགས་གང་ཞེ་ན། ་མཐུན་པའི་ཡུལ་ན་གནས་པ་དང། འདོད་པ་ཆུང་བ་དང། ཆོག་ཤེས་པ་དང། བྱ་བ་མང་པོ་ཡོངས་སུ་སྤངས་པ་དང། ཚུལ་ཁྲིམས་རྣམ་པར་དག་པ་དང། འདོད་པ་ལ་སོགས་པའི་རྣམ་པར་རྟོག་པ་སྤངས་པའོ། །དེ་ལ་ཡོན་ཏན་ལྔ་དག་དང་ལྡན་པ་ནི། མཐུན་པའི ་ཡུལ་ཡིན་ཏེ། སྐྱེ་བོ་མི་སླུན་པ་དང། དགྲ་ལ་སོགས་ཕ་མེད་པའི་ཕྱིར་ལེགས་པར་ལྡན་པ་དང། གོས་དང་ཟས་ལ་སོགས་པ་ཚིགས་མེད་པ་རྙེད་པའི་ཕྱིར་རྙེད་སླ་བ་དང། ནང་ཉུང་བའི་ས་ཕྱོགས་ཡིན་པའི་ཕྱིར་སྐྱེ་བ་ཟད་པ་དང། གྲོགས་ཚུལ་ཁྲིམས་རྣམ་པར ་དག་པ་དང། ལྟ་བ་མཐུན་པས་གྲོགས་བཟང་བ་དང། ཉིན་མོ་སྐྱེ་བོ་མང་པོས་མ་གང་བ་དང། མཚན་མོ་སྒྲ་ཆུང་བའི་གནས་བཟང་བའོ། །འདོད་པ་ཆུང་བ་གང་ཞེ་ན། ཆོས་གོས་ལ་སོགས་པ་བཟང་བའམ། མང་པོ་ལ་ལྷག་པར་མ་ཆགས་པའི ་ཆོག་ཤེས་པ་གང་ཞེ་ན། ཆོས་གོས་ལ་སོགས་པ་ངན་དོན་ཙམ་རྙེད་པས་རྟག་ཏུ་ཆོག་ཤེས་པའོ། །བྱ་བ་མང་པོ་ཡོངས་སུ་སྤངས་པ་གང་ཞེ་ན། ཉོ་ཚོང་ལ་སོགས་པའི་ལས་ངན་པ་ཡོངས་སུ་སྤངས་པ་དང། ཁྱིམ་པ་དང། རབ་ཏུ་འབྱུང་བ་དག་དང། ཧ་ཅང་སྨོས་འདྲིས་བྱེད ་པ་དག་དང། སྨན་བྱེད་པ་དང། སར་མ་བརྩི་བ་ལ་སོགས་གང་ཡིན་པ་ཡོངས་སུ་སྤངས་པའོ། །ཚུལ་ཁྲིམས་རྣམ་པར་དག་པ་གང་ཞེ་ན། སྡོམ་པ་གཉི་ག་ལ་ཡང་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་མི་འདྲལ་བ་དང། བག་མེད་པས་རལ་ཡང་སྐྱེན ་པ་སྐྱེན་པར་འགྱོད་ཅིང་ཆོས་བཞིན་དུ་བྱེད་པའོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདོད་པའི་རྣམ་པར་རྟོག་པ་ལ་སོགས་པ་སྤངས་པ་གང་ཞེ་ན། འདོད་པ་རྣམས་ལ་ཚེ་འདི་དང་ཕྱི་མའི་ཉེས་དམིགས་རྣམས་རྣམ་པ་མང་པོར་ཡོད་པར་བསམས་ལ། དེ་དག་ལ ་རྣམ་པར་རྟོག་པ་སྤང་བར་བྱའོ། །ཡང་འཁོར་བའི་དངོས་པོ་སྡུག་པོ་འམ། མི་སྡུག་པ་ཡང་རུང་སྟེ། དེ་དག་ཐམས་ཅད་དང་བདག་རིང་པོར་མི་ཐོགས་པར་བྲལ་ན་བདག་ཅི་ཞིག་ལ་ཆགས་པར་འགྱུར་སྙམ་དུ་བསམ་ལ་རྣམ་པར་རྟོག་པ་སྤང་པར་བྱའོ།། ་ཞེས་གསུངས་སོ། །ཞི་གནས་ཀྱི་ཚོགས་དེ་དག་ནི་མདོར་བསྡུ་ན་གཉིས་ཏེ། ཁ་ཅིག་ནི་དགག་པའི་སྒོ་ནས་སྟོན་ཏོ། །ཁ་ཅིག་ནི་སྒྲུབ་པའི་སྒོ་ནས་གསུངས་སོ། །ཡང་ཞི་གནས་ཀྱི་ཚོགས་གཉིས་ཏེ། ཕྱིའི་དང། ནང་གིའོ། །ཕྱིའི་ནི་ཡིད་དུ་འོང་བའི་ས་ཕྱོགས་སོ།། ་མཐུན་པའི་ཡུལ་ན་གནས་པ་ཞེས་ཀྱང་གསུངས་སོ། །ནང་གི་ནི་མ་ཆགས་པ་དང། ཚུལ་ཁྲིམས་རྣམ་པར་དག་པའོ། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འཇུག་ཅེས་གསུངས་ལ། སྡོམ་པའི་ཚུལ་ཁྲིམས་ཀྱིས་སེམས་གནས་པའི་བྱ ་བྱེད་ཅེས་ཀྱང་གསུངས་སོ། །ལྷག་པའི་ཚུལ་ཁྲིམས་ལ་བརྟེན་ནས་ལྷག་པའི་སེམས་སྐྱེ་ཞེས་གསུངས་པ་དང། ཚུལ་ཁྲིམས་ལ་ནི་གནས་ནས་ཏིང་ངེ་འཛིན་འཐོབ་པོ། །ཞེས་གསུངས་སོ། །ཚུལ་ཁྲིམས་ནི་ཏིང་ངེ་འཛིན་གྱི་རྒྱུ་ཡིན་ནོ་ཞེས་ཀྱང་གསུངས་པ ་དང། ཉོན་མོངས་མེད་པའི་ཏིང་ངེ་འཛིན་མྱུར་ཐོབ་སྟེ། དེ་ནི་ཚུལ་ཁྲིམས་རྣམ་དག་ཕན་ཡོན་ཡིན་ཞེས་གསུངས་སོ། །ཚུལ་ཁྲིམས་ལ་གཡེལ་ནས་ཕྱིས་འགྱོད་པར་འབྱུང་ཞིང། འགྱོད་པས་ནི་སེམས་འཕྲོ་པར་བྱེད་དེ། དེ་བས་ན་འབྲས་བུ་ཏིང་ངེ་འཛིན་འདོད་པས ་རྒྱུ་ཚུལ་ཁྲིམས་གུས་པར་བསྲུང་ངོ། །དམིགས་པའི་མཚན་ཉིད་ཤེས་པར་བྱ་བ་གང་ཞེ་ན། འདིར་དེ་བཞིན་གཤེགས་པ་ལ་སོགས་པའི་སྐུ་གཟུགས་ཀྱི་མཚན་ཉིད་ཤེས་པར་བྱ་བ་སྟེ། འདི་ཡང་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་དང། ང་རྒྱལ ་དང། རྣམ་པར་རྟོག་པ་ཤས་ཆེ་བ་དང། ཆ་མཉམ་པ་དང། ཉོན་མོངས་པ་ཆུང་ངུ་ལས་ཐ་མ་གཉིས་ལ་ལེགས་སམ་སྙམ་དུ་བསམ་པའོ། །མང་དུ་ཐོས་པའམ། གདམས་ངག་གིས་ཟིན་ནས་ཀུན་གྱིས་ཀྱང། རེ་ཞིག་དམིགས་ཀྱང་ལེགས་སོ་སྙམ་དུ་བསམས་སོ། །རྣམ་པར ་རྟོག་པ་ལ་སོགས་པ་དེ་དག་གི་རྟགས་དང། དེ་དཔག་པའི་ཐབས་དང། དམིགས་པ་དང། བསྒོམ་པའི་ཐབས་ཉན་ཐོས་ཀྱིས་ལས་གསལ་ལོ། །དམིགས་པ་དེ་ག་ལས་གསུངས་སྙམ་པ་ལ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། གསེར་གྱི་ཁ་དོག་ལྟ་བུའི་སྐུ ་ལུས་ཀྱིས། འཇིག་རྟེན་མགོན་པོ་ཀུན་ནས་རབ་ཏུ་མཛེས། དམིགས་པ་དེ་ལ་གང་གི་སེམས་འཇོག་པ། བྱང་ཆུབ་སེམས་དཔའ་དེ་མཉམ་གཞག་ཅེས་བྱ། ཞེས་གསུངས་པ་དང། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན ་ལས་ཀྱང་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པའི་སྐུ་མདོག་དང། ཕྱག་མཚན་དང། གདན་དང། ཆེ་བའི་ཡོན་ཏན་ལ་སོགས་པ་ཐོས་ནས་དང་བའི་སེམས་ཀྱིས་ནུབ་ཕྱོགས་སུ་བལྟས་ཏེ། བསྒོམས་ན་གསལ་པར་སྣང་བར་འགྱུར་ཏེ། དེ་ཡང་ཐོག་མར ་རྨི་ལམ་དུ་སྣང་སྟེ། དཔེར་ན་སྨད་འཚོང་མདོག་ཤིན་ཏུ་སྡུག་པ་ཞིག་།ཡོད་ལ། ཚོང་དཔོན་གྱི་བུ་ཞིག་གིས་ཐོས་པ་དང། དེའི་ནུབ་མོ་མཐོང་བའམ་འཕྲད་པར་རྨིས་པ་བཞིན་ནོ། །ཞེས་གསུངས་སོ། །ལ་ལ་དག་དེ་བཞིན་གཤེགས་པ ་མངོན་སུམ་དུ་བཞུགས་པ་ལ་དམིགས་ན་སྣང་བར་འགྱུར་སྲིད་ཀྱི་མྱ་ངན་ལས་འདས་པ་ལ་ནི་མ་ཡིན་ནོ་སྙམ་ན། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། །དེ་བཞིན་གཤེགས་པ་མྱ་ངན་འདས་པ་དག་།ཇི་ལྟར་ཡིད་ལ་བྱས་བཞིན་གཟུགས་བརྙན ་སྣང་ཞེས་གསུངས་སོ། །ཡང་བྲིས་སྐུ་ལ་སོགས་པ་ལ་དམིགས་པ་མེད་དམ་སྙམ་ན། མདོ་སྡེ་ལས་དེ་བཞིན་གཤེགས་པའི་སྐུ་གཟུགས་རི་མོ་བྲིས་པ་ཡོངས་སུ་རྫོགས་པ་ཞིག་ལ་ཚོང་དཔོན་གྱི་བུ་ཞིག་གིས་གཟུགས་བརྙན་ཡང་འདི་དྲན་རང་གི ་ངོ་བོ་མཐོང་བ་ལྟ་ཅི་སྨོས་སྙམ་དུ་བསམ་ཏེ། དེ་མ་ཐག་ཏུ་ས་ཕྱོགས་བྱི་དོར་མ་བྱས་པ་ཞིག་དུ་འདུག་ནས་དད་བའི་སེམས་ཀྱིས་མིག་མ་འཛུམ་པར་བལྟ་ཞིང་བསྒོམས་པས་བསམ་གཏན་དང་པོ་དང་བཞི་པའི་བར་དུ་ཐོབ་པ་ལ་སོགས་པ་གསུངས་སོ། །གཞན ་དག་ན་རེ་ཞིག་གནས་ཀྱི་དམིགས་པ་ལ་ངེས་པ་མེད་ཅེས་འབྱུང་བས་བུམ་པ་ལ་སོགས་པ་གང་ཡང་རུང་བ་ལ་དམིགས་པས་ཆོག་ཟེར་ཏེ། དེ་ལྟ་ཡིན་མོད་ཀྱི་འོན་ཀྱང་ཡུད་ཙམ་རེ་རེ་ལ་ཡང་ཕན་ཡོན་ཆེན་པོ་ཡོད་པའི་ཕྱིར་དང། དད་བ་སྐྱེ་བས་དེ་བཞིན་གཤེགས་པ ་ལ་སོགས་པའི་སྐུ་གཟུགས་ལ་དམིགས་པ་ལེགས་སོ་སྙམ་དུ་བསམས་སོ། །དེ་ལ་ཕན་ཡོན་ནི་འཕགས་པ་དད་པའི་སྟོབས་བསྐྱེད་པའི་ཕྱག་རྒྱའི་མདོ་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་རྡུལ་ཕྲ་རབ་ཐམས་ཅད་ཉན་ཐོས་དང་རང་སངས་རྒྱས་སུ ་གྱུར་ལ། གང་ལ་ལ་ཞིག་བསོད་ནམས་འདོད་པས་དེ་དག་ཆོས་གོས་དང། མལ་སྟན་དང། ན་བའི་བསོས་སྨན་ལ་སོགས་པས་བསྐལ་བ་གངྒའི་ཀླུང་གི་བྱེ་མ་སྙེད་དུ་མཆོད་ཅིང་བསྙེན་བཀུར་བྱས་པ་བས། གང་ལ་ལ་ཞིག་གི་ཡང་དག་པར་རྫོགས་པའི་སངས་རྒྱས ་ཀྱི་སྐུ་གཟུགས་རི་མོར་བྲིས་པ་ཞིག་མཐོང་ན་དེ་དེ་བས་ཚེས་བསོད་ནམས་ཆེ་ན། མེ་ཏོག་ཏོར་བ་ལ་སོགས་པ་ལྟ་ཅི་སྨོས་ཞེས་གསུངས་སོ། །འཕགས་པ་ཏིང་ངེ་འཛིན་མཆོག་དམ་པ་ལས། གང་ལ་ལ་ཞིག་གིས་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་གཙུག་ལག་ཁང ་གི་འཛམྦུའི་གླིང་ཐམས་ཅད་བཀང་སྟེ། དེ་དག་གི་ནང་དུ་ཙན་དན་སྤྲུལ་གྱི་སྙིང་པོ་ལས། བྱས་པའི་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱིས་བཀང་སྟེ། དེ་དག་ལ་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་ལས་གཞན་མི་བྱེད་པས་ཉིན་གཅིག་བཞིན་དུ་ལྷའི ་མེ་ཏོག་དང་སྤོས་ལ་སོགས་པས་མཆོད་པ་བྱས་པ་བས་གང་ལ་ལ་ཞིག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་ལ་ཡུད་ཙམ་ཞིག་སེམས་ནང་དུ་བསྡུས་ནས་བརྟགས་ན་དེ་ནི་དེ་བས་བསོད་ནམས་ཆེས་གྲངས་མེད་པ་བསྐྱེད་དོ། །ཞེས་གསུངས་སོ།། ་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང། ཇི་ལྟ་ཇི་ལྟར་མང་དུ་མི་བཏགས་ན། དེ་ལ་གནས་པའི་རྣམ་པར་རྟོག་པ་དེས། ད་ལྟ་དེ་ལྟར་དེ་ལས་སེམས་གཞལ་འགྱུར། དེ་བཞིན་རྒྱལ་བ་ཡི་ནི་སྐུ་བྱད་དང། ཡེ་ཤེས་དཔག་ཏུ་མེད་པར་ཐུབ་དབང་དྲན། རྟག ་པར་རྗེས་སུ་དྲན་པར་སྒོམ་བྱེད་ན། དེ་ཡི་མདུན་ན་སྟོན་པ་རྟག་ཏུ་བཞུགས་ཞེས་གསུངས་སོ། །ཡང་དེ་ཉིད་ལས། ནམ་ཞིག་དེ་ནི་ནམ་ཞིག་མི་བདེ་སྟེ། ཤི་ལ་ཐུག་པའི་སྡུག་བསྔལ་ཚོར་བྱུང་ཀ་ན། སྡུག་བསྔལ་ཚོར་བར་ཕྲོགས་པར་ཡོད་མི་འགྱུར་ཞེས་བྱ ་བ་ལ་སོགས་པ་གསུངས་སོ། །འཕགས་པ་ཀ་ཏ་ཡ་ནས་བྲན་མོ་ཞིག་ལ་དབུལ་འཚོང་ངམ་ཞེས་གསུངས་སུ་བ་དང་བྲན་མོས་སྨྲས་པ། དབུལ་གང་ཞིག་ཉོ་བ་མཆིས་ཞེས་ཞུས་པ་དང། དབུལ་འཚོད་པའི་ཐབས་ཡོད་དེ། དེ་བཞིན་གཤེགས་པའི་སྐུ་ཡིད་ལ་གྱིས་? ་ཤིག་ཅེས་གསུངས་པ་དང། དེ་དེའི་མཚན་མོ་ཐོ་རངས་རྩ་གཏིང་བའི་སྟེང་དུ་འདུག་སྟེ། དེ་བཞིན་གཤེགས་པའི་སྐུ་ཡིད་ལ་བྱས་པ་དང། དེ་ཉིད་དུ་ཚེའི་དུས་བྱས་ཀྱང་སུམ་ཅུ་རྩ་གསུམ་གྱི་ལྷའི་ནང་དུ་སྐྱེས་པ་ལ་སོགས་པ་གསུངས་སོ། །ད་ལྟར་གྱི་སངས་རྒྱས ་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་ལས་ཀྱང། ནམ་ཞིག་དེ་བཞིན་གཤེགས་པ་མངོན་སུམ་དུ་མཐོང་བ་དང། དེས་གསུངས་པའི་ཆོས་ཀྱི་སྒྲ་ཐོས་པར་འགྱུར་བ་ལ་སོགས་པའི་ཕན་ཡོན་གསུངས་སོ། །འཕགས་པ་ཡུལ་འཁོར ་སྐྱོང་གིས་ཞུས་པ་ལས། སངས་རྒྱས་རྗེས་སུ་དྲན་པ་ཡང་ཡིན་པར་གསུངས་སོ། །དེ་ལྟར་མདོ་དེ་དང་དེ་དག་ཏུ་དེ་བཞིན་གཤེགས་པའི་སྐུ་ལ་བསྒོམས་ན་ཕན་ཡོན་ཆེ་བར་གསུངས་སོ། །དམིགས་པ་ལ་དང་བའམ་དད་བ་སྐྱེ་ཅི་དགོས་ཤེ་ན། ཉེས་པ་ལྔ་སྤོང་བའི་འདུ ་བྱེད་བརྒྱད་ཀྱི་དང་པོ་མངོན་པར་ཡིད་ཆེས་པའི་དད་པ་ཡིན་པར་གསུངས་པ་དང། དད་པ་སྔོན་འདྲེན་མ་ལྟར་བསྐྱེད་པ་སྟེ། ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན། ཞེས་གསུངས་པས་དད་པ་སྐྱེད་པའི་ཡུལ་གལ་ཆེའོ། །དེ་བས་ན་ཕན་ཡོན་ཆེ་བ་དང། དད་པ་སྐྱེ་བའི ་ཡུལ་ཡིན་པའི་ཕྱིར་དེ་བཞིན་གཤེགས་པའི་སྐུའི་གཟུགས་བརྙན་གང་ལ་མོས་པ་ཙམ་གཅིག་ལ་ཁར་བ་དང་ར་གནལ་སོགས་པའི་འདུ་ཤེས་མི་བསྐྱེད་པར་བསོད་ནམས་དང། ཡེ་ཤེས་ཀྱི་ཚོགས་མཛའ་དག་བསགས་པ་ལས་འབྲས་བུ་ཁྱད་པར་ཅན ་ཡེ་ཤེས་དང་བཅས་པའི་སྐུ་འདི་ལྟ་བུ་བསྐྱེད་པ་ཡིན་སྙམ་དུ་བསམས་ལ་དབྱིབས་ཀྱི་བྱེ་བྲག་བཞུགས་ཐབས་སམ། སྐུ་སྟོང་དང། སྐུ་སྨད་དང། དབུ་དང་ཕྱག་དང། ཞབས་དང། རྒྱབ་ཡོལ་དང། གདན་ཁྲི་དང། ཕྱག་མཚན་དང། རྒྱན་ལ་སོགས་པར་ལྟར་གནས ་པ་དང། ཁ་དོག་གི་བྱེ་བྲག་སེར་པོ་འམ། དམར་པོ་ལ་སོགས་པ་ཁ་དོག་གཅིག་པ་འམ། མི་གཅིག་པ་ལ་ལེགས་པར་བལྟ་ཞིང་ཉི་མ་གཉིས་གསུམ་དུ་སྐབས་སྐབས་སུ་བསྐྱེད་ཅིང་བལྟ། བདུད་ཅིང་བརྟག་བྱེ་བྲག་ཏུ་ཆུང་ངུ་ཡན་ཆད་སེམས་ལ་གཟུང་ཤེས་པར ་བྱ་སྟེ་དེ་ལྟར་དམིགས་པའི་མཚན་ཉིད་ཤེས་པར་བྱའོ། །སྔོན་དུ་འགྲོ་བ་གང་ཞེ་ན། དང་པོར་བྱ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་སྟེ། ཡིད་དུ་འོང་བའི་ས་ཕྱོགས་སུ་ཕྱག་འཚལ་བ་ལ་སོགས་པ་སྔོན་དུ་སོང་བས་སྟན་བདེ་བའི་སྟེང་དུ་བདག་སྟེ། ལུས ་པགས་ཀྱིས་གློད་ལ་དྲང་པོར་བསྲང། སྐྱིལ་མོ་ཀྲུང་དལ་བུས་བཅའ་། ལུས་ལ་སྐྱོ་བ་བསྐྱེད་དེ་འདུག་པར་བྱའོ། །དེ་ནས་འདི་སྙམ་དུ་བསམ་པར་བྱ་སྟེ། འགྲོ་བ་མཛའ་དག་སྐྱེ་བ་དང། རྒ་བ་དང་ན་བ་དང། འཆི་བའི་མེ་རབ་ཏུ་འབར་བས་སྲག་ཅིང་གཟུང་སྟེ། ་འཁོར་ཞིང་རབ་ཏུ་སྡུག་བསྔལ་ལོ་སྙམ་དུ་བསམ་མོ། །དེ་སྐད་དུ། འཕགས་པ་རྒྱ་ཆེར་རོལ་པ་ལས། སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འཆི་མེད་རབ་འབར་འདི་ནི་མགོན་མེད་པ། །སྲིད་ལས་འབྱུང་བ་ལ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུང་པའི ་བུང་པ་འཁོར་བ་བཞིན་ཞེས་གསུངས་སོ། །དེ་ལྟ་བས་ན་སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་སྲིད་པ་ལས་འབྱུང་པའི་ཐབས་ནི་མི་ཤེས་ཤིང་འཇུག་པར་དཀའ་ལ་འཁོར་པའི་རྒྱུ་ལ་ནི་རང་གིས་ངང་གིས་འཇུག་གོ་།དེ་བས་ན་བདག་གིས་ཐམས་ཅད ་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་ལ། འགྲོ་བ་མཛའ་དག་བྱང་ཆུབ་ཆེན་པོ་ལ་དགོད་དོ་སྙམ་དུ་བས་མོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཡང་ཞི་གནས་དང། ལྷག་མཐོང་གོམས་པ་ལས་འཐོབ་པོ་ཞེས་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས ་གསུངས་སོ། །དེ་ཡང་སྔོན་དུ་ཞི་གནས་གོམས་པར་བྱ་དགོས་ཏེ། དེ་སྐད་དུ། ཏིང་ངེ་འཛིན་རྣམས་ཐོབ་ནས་ཤེས་རབ་ཤིན་ཏུ་བསྒོམ། ཤེས་རབ་ཀྱིས་ནི་ཡེ་ཤེས་རྣམ་པར་དག་པ་འཐོབ། ཅེས་གསུངས་སོ། །འཕགས་པ་ས་བཅུ་པ་ལས་ཀྱང། ཐམས་ཅད་མཁྱེན ་པའི་ཡེ་ཤེས་ནི་ཏིང་ངེ་འཛིན་ལ་བརྟེན་ནས་སྐྱེའོ། །ཞེས་གསུངས་སོ། །བསླབ་པ་ཀུན་ལས་བཏུས་པ་ལས་ཀྱང། སྲེག་ལ་སོགས་པའི་སྡུག་བསྔལ་མཛའ་ཡས་མི་ཟད་པ། སེམས་ཡིད་མ་ཞི་ཁྱེད་ཀྱིས་ཡང་དང་ཡང་མྱོང་འགྱུར་ཅེས་གསུངས་སོ། །སྤྱོད་པ་ལ ་འཇུག་པ་ལས་ཀྱང། ཡིད་ནི་རྣམ་པར་གཡེངས་གྱུར་ན། ཉོན་མོངས་མཆེ་བའི་ཕྲག་ན་གནས་ཞེས་གསུངས་སོ། །དེ་ལྟ་བས་ན་བདག་གི་ཐོག་མར་ཞི་གནས་སྒྲུབ་པོ་སྙམ་དུ་བསམ་མོ། །དེ་ནི་སྔོན་དུ་འགྲོ་བའོ། །སེམས་ཇི་ལྟར་གཏད་པ་གང་ཞེ་ན། གོང་དུ་ལགས ་པར་བརྟགས་པའི་སྐུ་དེ་དག་གི་མདུན་ལེགས་སུ་ཁྲུ་གང་གི་ཕ་མཛའ་ཙམ་ན་སྔར་བརྟགས་པ་བས་ཀྱང་དབྱིབས་ལེགས་བསམ་ཁ་དོག་གསལ་ལམ་སྙམ་དུ་རྫོགས་པ་མཚན་ཉིད་དུ་ཅི་གསལ་ཏུ་ཤེས་པ་རབ་ཏུ་བསྒྲིམས་ལ་གཏན་ནོ། །དེ ་ལྟར་གཏད་ཙམ་ནི་ཡེ་ཤེས་སྣང་བ་ཡང་རྫོགས་པ་ཁོ་ནར་བསམ་མོ། །བྱེ་བྲག་ཅུང་ཟད་ཙམ་སྣང་ན་ཡང་རབ་ཏུ་བསྒྲིམས་ལ་བཟུང་ངོ། །ཡང་མི་སྣང་ན་རྫོགས་པ་ཁོ་ནར་བཞུགས་པར་བསམ་མོ། །དེ་བས་རྫོགས་པར་ཅི་གསལ་དུ་བསྒོམ་ཞིང་རྫོགས་པར་མི ་སྣང་ན་བྱེ་བྲག་ཅུང་ཟད་སྣང་ཡང་དེ་ལ་གཏད། དེ་ནི་སྣང་མ་ཐག་ཏུ་ཡང་རྫོགས་པའི་མཚན་ཉིད་དུ་སེམས་རབ་ཏུ་བསྒྲིམས་ལ་གཏད་དོ། །དེ་བས་ན་གཙོ་ཆེར་སྤྱི་ལ་བསྒོམ་ཞིང་བྱེ་བྲག་ལ་གནས་ཀྱིས་བར་དུ་བྱེ་བྲག་ལ་བཞག་གོ། གཞན་དག་ན་རེ་ཤེས་པ ་བསྒྲིམས་ཅིང་གོས་ཐ་མལ་པར་བཞག་པས་ཆོག་མོད་ཟེར་ཏེ། ལས་དང་པོ་བས་ནི་དེ་ལྟར་མི་བྱ་སྟེ། སློབ་དཔོན་ཐོགས་མེད་ཀྱི་ཞལ་སྔ་ནས་བསམ་གཏན་རྣམས་ལ་ཡིད་ལ་བྱེད་པ་བདུན་གྱིས་འཇུག་པ་ནི་བཞིས་བསྡུས་ཏེ། བསྒྲིམས་ཏེ། འཇུག་པ་དང ་སྐབས་སུ་འཆད་ཅིང་འཇུག་པ་དང། སྐབས་སུ་འཆད་པ་མེད་པར་འཇུག་པ་དང། ལྷུན་གྱིས་གྲུབ་པར་འཇུག་པའོ་ཞེས་གསུངས་ཏེ། དེ་བས་ན་ལས་དང་པོ་པས་ཤེས་པ་རབ་ཏུ་བསྒྲིམས་ལ་དམིགས་པ་གཟུང་ངོ། །དེ་ནི་སེམས་ཇི་ལྟར་གཏད་པའི ་ཐབས་སོ། །ཉེས་པ་སྤང་བ་གང་ཞེ་ན། ཉེས་པ་ནི་སྐབས་འདིར་བྱིང་རྒོད་གཉིས་ལ་བྱ་བ་སྟེ། གོང་མ་བཞིན་དུ་གཏད་པའི་སྐབས་སུ་སེམས་བྱིང་ངམ་བྱིང་དུ་དོགས་པར་མཐོང་ན་དང་བ་སྐྱེ་བའི་ཡུལ་ཡིད་ལ་བྱས་ལ་ཤེས་པ་གསལ་བར་འགྱུར་མ་ཐག་ཏུ་གོང་མ་བཞིན ་དུ་གཏད་དོ། །བྱིང་བའི་རྒྱུ་ནི་ཁ་ཟས་ཀྱི་བྱེ་བྲག་དང། ངལ་དུ་བ་དང། མུན་པ་ཡིད་ལ་བྱས་པ་ལ་སོགས་པས་དམིགས་པ་གསལ་བར་འཛིན་མི་ནུས་སོ། །རྒོད་པ་ནི་གོང་མ་བཞིན་དུ་གཏད་ཙམ་ན་དམིགས་པ་དེ་ལས་གཞན་གང་དྲན་ཡང་རྒོད་པ་ཡིན་ཏེ། དྲན་མ་ཐག ་ཏུ་སྐྱོ་བ་སྐྱེད་ཅིང་དམིགས་པ་གང་ཡིན་པ་ལ་མྱུར་དུ་གཏད་དོ། །རྒོད་པའི་རྒྱུ་ནི་ཕལ་ཆེར་ཆགས་པ་ལས་འབྱུང་སྟེ། དེ་བས་ན་མི་རྟག་པར་བསམ་ཞིང་སྐྱོ་བ་སྐྱེ་བས་ཡུལ་ལས་ལྡོག་གོ། སྒོམ་པ་ཡུན་ཐུང་བའི་དབང་གིས་བྱིང་བ་ནི་ཤས་ཆུང་སྟེ། རྒོད་པ་ལས ་བླན་པ་མ?་རབ་ཏུ་འབད་དོ། །སེམས་གནས་ནས་ཕྱིས་སྐྱོད་འདོན་ཙམ་ན་ནི་བསྒོམ་པའི་རིམ་པར་གསུངས་པ་བཞིན་དུ་བྱའོ། །མདོར་ན་བྱིང་ན་གསལ་བར་བྱ། རྒོད་ན་བླན། མཉམ་པར་ཞུགས་ན་ཡིད་གློད་དེ། དེ་ལྟར་ཉེས་པ་སྤང་ངོ། །ཁམས་ཀྱི་ཆོད་གཟུང་བ ་གང་ཞེ་ན། ཁམས་རབ་ཀྱི་ཉིད་གྱི་བཞི་ཆ་མཚན་གྱི་བཞི་ཆ་ཉིན་བཞི་ཆ་ལ་ཐུན་བཞི་འམ་ལྔ་།མཚན་གྱི་བཞི་ཆ་ནི་ནམ་གྱི་ཆ་སྟོང་དང། ཆ་སྨད་ལ་ཐུན་བཞི་འམ་ལྔར་བསྒོམ་མོ། །འབྲིང་གིས་ཉིན་གྱི་བཞི་ཆ་ལ་ཐུན་ལྔ་འམ་དྲུག་ཏུ་སྒོམ་མོ། །ཐ་མས་ཉིན ་གྱི་ལྔ་ཆ་འམ། དྲུག་ཆ་ཙམ་ལ་ཐུན་དྲུག་གམ་བདུན་ཙམ་དུ་བསྒོམ་མོ། །ཁམས་ཞན་ཅིང་ཐུན་མང་བ་ནི་ཐུང་བས་བྱེ་བྲག་ཏུ་བྱས་པ་ཡིན་ནོ། །རབ་ཀྱིས་ནི་ཟན་རེ་བཟའ་རན་ཙམ། འབྲིང་དང་ཐ་མས་ནི་གོམ་པ་ཐ་མལ་པས་མདའ་རྒྱང་གཅིག་གམ་གསུམ་མམ་གཉིས ་སམ་ཕྱེད་དུ་ཕྱིན་པའི་བར་ཙམ་དུ་བསྒོམ་མོ། །དེ་ནི་སྤྱིར་བཏང་བའོ། །དེ་ཀུན་གྱིས་ཀྱང་ཡུན་ཐུང་བར་བསྒོམ་ཞིང། དེའི་ཕྱིར་དེ་ཉིན་པར་གཉིས། དེ་བཞིན་དུ་ཞག་བཅུའི་བར་དུ་ཉིན་རེ་ཐུན་རེ་བསྣན་ཅིང་བསྒོམས་ན། སྔ་དྲོ་ཕྱི་རེད་གང་བདེ་བ་དང། ཁམས་རབ་འབྲིང ་གི་ཆོད་ཞར་ལ་ཤེས་པར་འོང་ངོ། །མི་བདེ་བ་ཕྲན་ཚེགས་ཙམ་ཡང་ཚོར་བར་བྱ་ཞིང་ཞི་བར་བྱའོ། །དེ་ལྟར་ན་ཁམས་ཀྱི་ཚོད་གཟུང་ངོ། །ངལ་གསོ་བའམ། མི་བསྒོམ་པའི་སྐབས་སུ་ཇི་ལྟར་བྱ་ཞེ་ན། བསམ་པ་ཕུན་སུམ་ཚོགས་པ་དང། འཚོ་བ་ཕུན་སུམ་ཚོགས ་པ་དང། སྤྱོད་ལམ་ཕུན་སུམ་ཚོགས་པར་བྱའོ། །དེ་ལ་བསམ་པ་ཕུན་སུམ་ཚོགས་པ་ནི་བདག་འདུལ་བ་ལ་མངོན་པར་རྩོན་པར་བྱ་བའི་བསམ་པ་དང། གང་ཟག་གཞན་གྱི་སྐྱོན་ལ་མི་བརྟག་པ་དང། འཇིགས་པ་ལ་སོགས་པ་བྱུང་བ་ལ་ཇི་ལྟར་བྱ་བའི་བསམ ་བ་དང། ཞི་གནས་ཀྱི་ཚོགས་སྤྱིར་བསམ་པའོ། །དེ་ལ་བདག་དུལ་བ་ལ་མངོན་པར་བརྩོན་པར་བྱ་བའི་བསམ་བ་ནི་ས་ཕགས་པ་དྲག་ཤུལ་ཅན་ལས། བདག་ཅིའི་ཕྱིར་དགོན་པར་འོངས་དགོན་པ་ན་གནས་པ་འབའ་ཞིག་ནི་དགེ་སྦྱོང? ་དང་བྲམ་ཟེ་མ་ཡིན་ཏེ། འདི་ན་མ་ཞི་བ། མ་བྱང་བ། མ་སྦས་པ། མི་བརྩོན་པ། མི་འགྲུས་པ། འདི་ལྟ་སྟེ་རི་དགས་དང། སྤྲེའུ་དང། བྱ་མང་པོ་དང། ཆོམ་རྐུན་དང། གདོལ་པ་དག་ཀྱང་མང་དུ་གནས་ཏེ། དེ་དག་ནི་དགེ་སྦྱོང་གི་ཡོན་ཏན་དང་ལྡན་པ་མ་ཡིན་ཏེ། བདག་གང་གི་ཕྱིར་དགོན་པ་ན་གནས་ནས་དགེ་སྦྱོང ་གི་དོན་དེ། ཐོབ་པར་བྱའོ། །སྙམ་དུ་སེམས་བསྐྱེད་དོ་ཞེས་གསུངས་སོ། །གཞན་ཡང་བདག་ནི་ལམ་རིང་པོ་ནས་འདིར་འོངས་ཤིང་གཅིག་པུ་གཉིས་སུ་མེད་པ་སྟེ། ལེགས་པར་བྱས་པ་དང། ཉེས་བར་བྱས་པ་ལ་བསྐུལ་བའི་གྲོགས་གང་ཡང་མེད་དེ། ལྷ་དང། ་ཀླུ་དང། གནོད་སྦྱིན་དང། དྲི་ཟ་དང། སངས་རྒྱས་བཅོམ་ལྡན་འདས་གང་དག་གཞན་གྱིས་སེམས་ཤེས་པ་ཡོད་དེ། བདག་དགོན་པ་ན་གནས་པ་བས་མི་དགེ་བའི་སེམས་ཀྱི་དབང་དུ་སོང་ན་དེ་དེ་དག་གི་དབང་དུ་འགྱུར་རོ། །བདག་ལམ་རིང་པོ་ནས་འོངས ་ཤིང་གཅིག་པུ་གཉིས་སུ་མེད་ལ་ང་ཡི་པ་མེད་པ་ཡོངས་སུ་འཛིན་པ་མེད་པ་ཡིན་ལ། གལ་ཏེ་འདོད་པ་ལ་རྣམ་པར་རྟོག་པ་འམ། གནོད་སེམས་ཀྱི་རྣམ་པར་རྟོག་པའམ། ཚེ་བའི་རྣམ་པར་རྟོག་པ་ལ་སོགས་པ་མི་དགེ་བའི་སེམས་ཀྱི་དབང་དུ་གྱུར་ན། ་འདུ་འཛི་ལ་གནས་པའི་སེམས་ཅན་རྣམས་དང། བྱེ་བྲག་མེད་པར་འགྱུར་ལ། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་རྣམས་ཀྱང་བསླུས་བར་འགྱུར་ཞིང། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་མི་མཉེས་པར་བྱས་པར་འགྱུར་གྱི། དེ་བས་ན ་བདག་ཅི་ནས་ལྷ་རྣམས་འཕྱི་བར་མི་འགྱུར་བ་དང། སངས་རྒྱས་བཅོམ་ལྡན་འདས་རྣམས་མི་དགྱེས་པར་མི་འགྱུར་བ་དེ་ལྟར་སེམས་བསྐྱེད་པར་བྱའོ་ཞེས་གསུངས་སོ། གཞན་གྱི་སྐྱོན་ལ་མི་བརྟག་བ་ནི་འདི་སྐད་དུ་མདོ་ལས། །ཡོན་ཏན་འདོད་པ ་ནགས་ན་གནས་པ་དག། ཕ་རོལ་དག་གི་སྐྱོན་ལ་བརྟག་མི་བྱ། བདག་ནི་ཁྱད་པར་འཕགས་ཤིང་བདག་མཆོག་ཅེས། །དེ་སྙམ་དུ་ནི་སེམས་བསྐྱེད་མི་བྱའོ། །རྒྱགས་ནི་བག་མེད་ཀུན་གྱི་རྩ་བ་སྟེ། །དགེ་སྦྱོང་དམན་ལ་བརྙས་བ་མ་བྱེད་ཅིག། བསྐལ་པ་གཅིག ་གི་བྱང་ཆུབ་ཐོབ་མི་འགྱུར། འདི་ནི་བསྟན་བ་འདི་ལ་གོ་རིམས་ཡིན། ཞེས་གསུངས་སོ། །འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང། ཕ་རོལ་གྱི་སྐྱོན་ལ་རྟོག་པ་ནི་དགོན་པ་ལ་གནས་པའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ་ཞེས་གསུངས་སོ། །མི ་མ་ཡིན་པའི་འཇིགས་པ་ལ་སོགས་པ་བྱུང་ན་སྙིང་རྗེ་ཆེན་པོ་བསྐྱེད་དོ། །དེས་ཞི་བར་འགྱུར་བར་མདོ་སྡེ་ལས་གསུངས་སོ། །ཞི་གནས་ཀྱི་ཚོགས་སྤྱིར་བསམ་བ་ནི་གོང་དུ་སྨོས་པ་རྣམས་སྐབས་སྐབས་སུ་བསམ་བར་བྱའོ། །འཚོ་བ་ཕུན་སུམ་ཚོགས་པ་ནི་རབ ་ཏུ་བྱུང་བ་ཡིན་ན། མཐར་ཚོགས་ཀྱི་བསོད་སྙོམས་དང། རྙེད་བས་ཆོག་པའི་བསོད་སྙོམས་བ་གང་ཡང་རུང་བས་དང་པོར་འདུལ་བའམ་མདོ་སྡེ་ལས་འབྱུང་བ་བཞིན་དུ་བླང་བའམ། སྦྱིན་བདག་ལ་གསོལ་བ་གདབ་པ་བྱས་ལ་ཕྱིས་འཚོ་བ་ཤིན་ཏུ་ངན་ཀྱང ་འགྱོད་པར་མི་བྱ་སྟེ། བདག་གི་འཚོ་བ་གཞན་ལ་རག་ལས་པ་ཡིན་ནོ་སྙམ་དུ་བསམ་ཞིང་ང་རྒྱལ་བསྐྱུངས་ཏེ། ལྷད་ཟན་ཞག་བདུན་པ་ཡང་རུང་སྟེ། ཟས་ཀྱི་རོ་ལ་ཆགས་པ་ནི་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་སྨད་དེ། ཟས་ལ་བརྟེན་ནས་ཉོན ་མོངས་པ་མ་སྐྱེས་པ་འདི་ནི?་འཚོ་བ་ཕུན་སུམ་ཚོགས་པ་ཡིན་ནོ་སྙམ་དུ་བསམ་མོ། །དགེ་བསྙེན་ཡིན་ན་ཡང། ཁ་ན་མ་ཐོ་བ་མེད་ཅིང་ཁམས་དང་འཕྲོད་བ་དང་པོ་ཚགས་བྱས་ནས་ཕྱི་འདོད་བ་འམ། ཕུལ་བསྐྱེད་པའམ། ཚོལ་བའི་བསམ་པ་མི་བྱ་བར ་ཆོག་ཤེས་པར་བྱ་སྟེ། འདི་ལྟར་ཟ་གཅིག་བས་ཀྱང་མ་ཐོབ་པ་ཐོབ་པ་བྱ་བ་འགྲུབ་ན། བདག་ཅག་དུས་དང་དུས་མ་ཡིན་པ་ཐམས་ཅད་དུ་ཟ་བས་ལྷད་ཟན་ལས་མེད་ཀྱང་ཁམས་ཅིའི་ཕྱི་མི་བརྟ། དེ་བས་ཟན་གྱི་དོན་དུ་སྡིག་པ་བསག་ཅིང་དགེ་བའི ་བར་ཆད་མི་བྱེད་པ་ནི་འཚོ་བ་ཡོངས་སུ་དག་པ་ཡིན་ནོ་སྙམ་དུ་བསམ་མོ། །སྤྱོད་ལམ་ཕུན་སུམ་ཚོགས་པ་ནི་སེམས་མི་གནས་ཀྱི་བར་དུ་ཁ་ཏོན་དང། ཕྱག་མང་པོ་མི་བྱ། ཡིད་དམ་དུ་བཅད་པ་ཡང་དུ་བསུ་བཅད་ཅིང་ཉིན་པར་ཕར་འགྲོ་ཚུར? ་འགྲོ་བྱ་ཞིང་ཞར་ལ་སྒྲ་ཧ་ཅང་མི་ཆེ་བར་གདོན། ལུས་ཀྱི་སྤྱོད་ལམ་སོ་སོར་ངལ་བར་བྱ། གེན་ཐུར་གཟུང་པོ་ལ་མི་འགྲོ། ས་གཅིག་ཏུ་ཡུན་ཧ་ཅང་རིང་བར་མི་འདུག། ཉིན་པར་གློ་ཕབ་ལ་གཉིད་མི་ལོག། སྟོབས་བསྐྱེད་པའམ། དྲག་ཤུལ་ཆེན་པོ་མི་བྱ། ་སྤྱོད་ལམ་ཀུན་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱ་སྟེ། འཕགས་པ་དཀོན་མཆོག་སྤྲིན་ལས་བྱུང་བའམ། སྤྱོད་ཡུལ་ཡོངས་སུ་དག་པ་ལས་འབྱུང་བ་བཞིན་དུ་དྲན་པར་བྱའོ། །དེ་བས་ན་དགེ་བ་ལ་ནི་ལུས་དང་སེམས་འཇུག་པར་བྱ་སྟེ། མི་ནུས་ན་བཏང ་སྙོམ་དང་ལུང་དུ་མ་བསྟན་པས་ངལ་གསོའོ། །མི་དགེ་བའི་སེམས་ཅུང་ཟད་ཀྱང་མི་བཏང་སྟེ། འདུས་ཤིང་ཁ་སྟོབས་འགྱེད་པ་དང། རྒྱལ་པོ་དང་བུད་མེད་ལ་སོགས་པའི་གཏམ་ངན་པ་སྨྲ་བའམ། ངན་པའི་རྟོག་པ་ཅུང་ཟད་ཀྱང་མི་བསྐྱེད་དོ། །གོང་དུ་བསྟན ་པ་བཞིན་དུ་སྔོན་དུ་འགྲོ་བ་དང། སྨོན་ལམ་ཅི་རིགས་པར་ཅུང་ཟད་ལ་གདབ་བ་ནི་ལས་དང་པོ་པས་ཉིན་རེ་ལ་ཐུན་རེ་ཙམ་བྱ་སྟེ། སྒོམ་རེས་ཀྱི་མི་བྱའོ། །དེ་དག་ནི་མི་བསྒོམ་པའི་དུས་ཀྱི་བྱའོ། །བསྒོམ་པས་སེམས་ཀྱི་སྐྱེད་ལུགས་ནི་རྣམ་པ། ་གཉིས་ཏེ། ཅིག་ཅར་དང་རིམ་གྱིས་པའོ། །གོང་མ་ལ་གཉིས་ཏེ། ཐུན་གཅིག་ནས་ཞག་བདུན་ཚུན་ཆད་ཀྱིས་གཅིག་ཅར་རྩོལ་བ་དྲག་ཞན་གཉིས་ཀ་ལ་རྫོགས་པར་སྣང་བ་ལ་སོགས་བསལ་གྱིས་སྣང་ནས་བསྟན་པ་དང། ཐུན་ཅིག་ཙམ ་སྣང་ནས་ཞག་ཁ་ཅིག་མི་སྣང་སྟེ། ཕྱིས་ཡང་ཅིག་ཅར་དུ་རྫོགས་པར་སྣང་ནས་བརྟན་པའོ། །རིམ་གྱིས་པ་ལ་བཞི་སྟེ། དང་པོ་རྩོལ་བ་དྲག་ཀྱང་རུང་ཞན་ཀྱང་རུང་དམིགས་པ་ཅུང་ཟད་ཀྱང་མི་སྣང་བའི་ཉམས་དང། དེ་དང་རྩོལ་བ་དྲག་ཏུ་བསྒོམ ་ན་སྣང་ལ། སྐབས་སྐབས་སུ་དྲག་ཞན་གཉིས་ཀ་ལ་མི་སྣང་བའི་ཉམས་དང། དྲག་ཏུ་བསྒོམས་ན་ནི། སྣང་ལ་གཞན་དུ་བསྒོམས་ན་སྐབས་ཁ་ཅིག་ཏུ་མི་སྣང་བ་དང། རྩོལ་བ་དྲག་ཞན་གཉིས་ཀ་ལ་རྫོགས་པའི་མཚན་ཉིད་དུ་སྣང་བ་ལ་སོགས་པ་གཏད་དུ་འདོད ་པའི་མཚན་ཉིད་དང་ལྡན་པའོ། །ཡང་ཁ་ཅིག་ལ་འདི་ལྟར་སྐྱེ་སྟེ། ཐོག་མ་ཉིད་ལ་རྩོལ་བ་དྲག་ཞན་གཉིས་ཀ་ལ་མི་སྣང་བ་མི་སྲིད་དེ། ཕྱོགས་རེ་ཙམ་སྣང་སྟེ་རྫོགས་པར་སྣང་སྟེ་མི་འདོད་དོ། །གང་གསལ་བ་ལ་གཏད་ཅིང་དམིགས་ལ་ཙམ་ན་རངས་བ ་གཏད་དེ། ཡང་ཕྱོགས་གཅིག་གསལ་ན་དེ་ལ་གཏད། །དེ་མི་གསལ་ན་ཡང་སྔ་མ་བཞིན་དུ་བྱས་པས་གསལ་ཚ་བས་ཇེ་ཆེ་ཇེ་ཆེ་བརྟན་བསྐྱེད་བྱུང་ན་རྩོལ་བ་དྲག་ཞན་གཉིས་ཀ་ལ་རྫོགས་པར་སྣང་བ་ལ་སོགས་པ་གཏད་དུ་འདོད་པའི་མཚན་ཉིད་དང་ལྡན་པའོ། །ཡང་ཁ ་ཅིག་ལ་ཐོག་མ་ཉིད་ལ་རྩོལ་བ་དྲག་ཞན་གཉིས་ཀ་ལ་རེས་འགའ་སྣང། རེས་འགའ་མི་སྣང་བའི་ཉམས་དང། ཅུང་ཟད་སྐྱེད་བྱུང་ནས་རྩོལ་བ་དྲག་ཞན་གཉིས་ཀ་ལ་ཕལ་ཆེར་སྣང་བ་ལ་གནས་སྐབས་ཁ་ཅིག་ཏུ་མི་སྣང་བའི་ཉམས་དང་རྩོལ་བ་དྲག་ཞན་གཉིས་ཀ་ལ་ཡང་སྣང ་སྟེ་བརྩོལ་བ་ཞན་ཏུ་བསྒོམས་ནས་ཁ་ཅིག་ཏུ་མི་སྣང་བའི་ཉམས་དང། རྩོལ་བ་དྲག་ཞན་གཉིས་ཀ་ལ་རྫོགས་པར་སྣང་བ་ལ་སོགས་པ་གཏད་དུ་འདོད་པའི་མཚན་ཉིད་དང་ལྡན་པའོ། །ཡང་ཁ་ཅིག་ལ་སེམས་ཀྱི་སྐྱེ་ལུགས་འདས་མ་ཐག་པ་དང་འདྲ་བ་ལས་སྐྱེ་བའི་རིམ ་པ་གསུམ་པ་རྩོལ་བ་དྲག་ཞན་གཉིས་ཀ་ལ་སྣང། སྐབས་ཁ་ཅིག་ཏུ་ཞན་ཏུ་བསྒོམས་ན་ནི་སྣང་བར་འགྱུར་བའི་སྐབས་དེར་མ་ངེས་པ་ལྔ་སྣང་བ་བྱུང་སྟེ། དབྱིབས་མ་ངེས་པ་དང། ཁ་དོག་མ་ངེས་པ་དང། ཁ་དོག་འབའ་ཞིག་དང། གྲངས་དང། ཆེ་ཆུང་མ་ངེས་པའོ། །དེ་ལ ་དབྱིབས་མ་ངེས་བ་ནི། བདེ་བར་གཤེགས་པའི་སྐུ་གཟུགས་སྣང་བར་འདོད་པ་ལ། སྐུ་མི་སྣང་བར་མཆོད་རྟེན་ནམ། གཞན་ཟླུམ་པོ་ལ་སོགས་པར་སྣང་བའོ། །ཁ་དོག་མ་ངེས་པ་ནི་སེར་པོར་སྣང་བར་འདོད་པ་ལ་སྔོན་པོ་འམ་དམར་པོ་ལ་སོགས་པ་གཞན ་སྣང་བའོ། །ཁ་དོག་འབའ་ཞིག་བ་ནི་དབྱིབས་དང་ཁ་དོག་ཏུ་བཅས་པར་འདོད་པ་ལས་དབྱིབས་ཀྱི་ཐ་སྙད་ནི་གདགས་པར་ཅི་དཀའ་། སེར་པོ་ལ་སོགས་པ་འོད་དུ་སྣང་བའོ། །གྲངས་མ་ངེས་པ་ནི་གཅིག་བསྒོམས་ན་གཉིས་ཡན་ཆད ་སྣང་བའོ། །ཆེ་ཆུང་མ་ངེས་པ་ནི་ཆེན་པོ་བསྒོམས་པ་ནི་ཆུང་སྣང་བ་ལ་སོགས་པའོ། །མ་ངེས་བ་དེ་དག་ལས་ཐུན་གཅིག་ལ་ཡང་གཉིས་སྣང་བ་དང། གསུམ་དང་བཞི་གང་ཟག་གཅིག་ལ་སྣང་བ་སྲིད་ཀྱི། ལྔ་ཁོ་ན་ཐུན་གཅིག་ལ་སྣང་བ་ནི་མི ་སྲིད་དོ། །ཁ་དོག་འབའ་ཞིག་པ་དང་འགལ་བའི་ཕྱིར་རོ། །ཁ་དོག་འབའ་ཞིག་ལ་ཡང་སྔར་གྱི་སྐུའི་ཁ་དོག་དང་མཐུན་པ་དང། མི་མཐུན་པ་ཡང་འབྱུང་ངོ། །ཐམས་ཅད་ལ་ནག་པོར་སྣང་བ་ནི་ཁམས་མི་བདེ་བ་ཡིན་ནོ། །ཅིའི་ཕྱིར་མ་ངེས་པ་ཞེས་བྱ་ཞེ་ན། ་སྐྱེ་བའི་རིམ་པ་གསུམ་པའི་སྐབས་སུ་དེ་དག་གང་མ་ངེས་པ་ན་མ་ངེས་པ་ཞེས་བྱའོ། །སྐབས་དེར་དེ་དག་གི་རྗེས་སུ་འབྲང་བར་མི་བྱ་སྟེ། སྔར་བརྟགས་པའི་སྐུ་ཉིད་ལ་བསྒོམ་མོ། །གཞན་ནི་གསལ་བ་འདྲ་ཡང་གཏད་དུ་འདོད་པའི་མཚན་ཉིད་དང་མི་ལྡན་པས་རྗེས་སུ་མི་འབྲང་སྟེ། ་ཁམས་ལ་གནོད་པའི་ཕྱིར་རོ། །རྗེས་སུ་མ་འབྲངས་པས་སྐྱེད་བྱུང་སྟེ། རྩོལ་བ་དྲག་ཞན་གཉིས་ཀ་ལ་རྫོགས་པར་སྣང་བ་ལ་སོགས་པ་གཏད་དུ་འདོད་པའི་མཚན་ཉིད་དང་ལྡན་པའོ། །གཏད་དུ་འདོད་པའི་མཚན་ཉིད་དང་ལྡན་པ་ནི་མ་ངེས་ལ་ཡང་བརྟན་པའི་ཐབས་བྱའོ། ་ཕྱིས་གདམས?་པ་ལ་སྒྱུར་དུ་འདོད་དོ། །ཅི་གཅར?་བ་དང་རིམ་གྱིས་པ་དེ་དག་གི་གནས་པའི་ཚད་ནི་མཚན་ཉིད་བཞི་ཡིན་ལ། གསལ་བའི་བྱེ་བྲག་ནི་རབ་འབྲིང་གསུམ་མོ། །དེ་ལ་མཚན་ཉིད་བཞི་ནི་རྩོལ་བ་དྲག་ཞན་གཉིས་ཀ་ལ་རྫོགས་པར་སྣང་བ་དང། ཐུན ་རིང་པོར་གནས་ནུས་པ་དང། བྱིང་རྒོད་གཉིས་དང་བྲལ་བ་དང། ལུས་ཀྱི་བདེ་བ་ཡང་བ་དང། འཇམ་པ་ཅུང་ཟད་དང། སེམས་ལ་དགའ་བ་རྒོད་འཚོར་བ་ཙམ་དང། སེམས་རྩེ་གཅིག་བའི་ཕྱོགས་དང་མཐུན་པ་ཡོད་དོ། །གསལ་བའི་བྱེ་བྲག་གསུམ་ནི་རབ ་རིབ་མིག་གིས་མཐོར?་བ་བས་གསལ་ཞིང་འཇམ་པ་འམ་སྙམ་པ་དང། འབྲིང་མངོན་སུམ་དུ་མཐོང་པ་དང། འདྲ་སྙམ་པ་དང། ཐ་མ་རྫོགས་བར་གསལ་བར་མི་སྣང་བ་སྟེ། དེ་རྣམས་གང་བྱུང་ཡང་རུང་ཆོག་ཤེས་པར་བྱ་སྟེ། རེ་ཞིག་དེ་བརྟན་པར་བྱའོ། །ཕྱིས་ནི་སྐྱེད ་དབྱུང་སྟེ། མི་གསལ་བ་གསལ་བར་བྱ་བ་དང། གསལ་བ་ཡུན་རིང་བ་ལ་སོགས་པའི་ཐབས་བྱའོ། །ལ་ལ་ན་རེ་བརྟན་པའི་ཐབས་མི་དགོས་ཟེར་ཏེ། དེ་ལྟ་མ་ཡིན་ཏེ། བརྟན་པའི་ཐབས་ནི་བསྒོམས་པ་དང་ངལ་གསོ་བ་གཉིས་ཀ་ཡིན་ཏེ། དེ་བས་ན་ཁམས་ཀྱི་བྱེ་བྲག ་ལ་དཔག་དགོས་པས་ཤིན་ཏུ་གཅེས་སོ། །ཁམས་ཀྱི་བྱེ་བྲག་ལས་ཇི་ལྟར་ཤེས་པར་བྱ་ཞེ་ན། ཁམས་རབ་ཅིག་ཡིན་ན་ཁམས་མི་བདེ་བ་མེད་པའི་སྐབས་སེམས་གནས་པ་རྙེད་ན། ཉི་མ་གསུམ་མཚན་མོ་གསུམ་སྲོད་ཐོ་རངས་དང། ཉིན་བར་གསལ་བའི་རྩོལ་བ ་མི་བྱ་བར་སྔར་ཇི་ཙམ་སྣང་བ་དེ་མ་ཤོར་བར་ནུས་ཐང་གིས་བསྒོམ་མོ། །ཅུང་ཟད་མི་བདེ་བའི་སྐབས་སུ་སེམས་གནས་པར་གྱུར་ན། ཉི་མ་གཉིས་དང། མཚན་མོ་གཉིས་སུ་སྲོད་དང་ཐོ་རངས་དང་ཉིན་པར་སྔ་མ་བཞིན་དུ་བསྒོམ་མོ། །ཁམས་འབྲིང་གི་མི་བདེ་བ་མེད་པའི ་སྐབས་སུ་སེམས་གནས་པར་གྱུར་ན། ཉི་མ་གཉིས་དང་མཚན་མོ་གཉིས་སུ་སྲོད་དང་ཐོ་རངས་ཉིན་པར་ནུས་ཐད་དུ། སྒོམ་མོ། །ཅུང་ཟད་མི་བདེ་བའི་དུས་སུ་སེམས་གནས་པར་གྱུར་ན། ཉི་མ་གཅིག་དང་མཚན་མོ་གཅིག་སྲོད་ཐོ་རངས་ཉིན་པར་སྔ་མ་བཞིན་དུ་བསྒོམ་མོ། །ཁམས ་ཐ་མས་མི་བདེ་བ་མེད་པའི་དུས་སུ་སེམས་གནས་པར་གྱུར་ན། ཉི་མ་གཅིག་དང་མཚན་མོ་གཅིག་ཏུ་སྔ་མ་བཞིན་དུ་བསྒོམ་མོ། །ཅུང་ཟད་སེམས་མི་བདེ་བའི་དུས་སུ་སེམས་གནས་པར་གྱུར་ན། ཐུན་གྱི་ཚོད་ན་དང་པོ་སློབ་པ་ཙམ་དུ་བྱ་སྟེ། ཤེས་པ་ནི་མི་བསྒྲིམ་པར་ཉིན ་མཚན་གཉིས་ཙམ་དུ་བསྒོམ་མོ། །དེ་ནི་སྤྱིར་བཏང་བ་སྟེ། གསུམ་གས?་ཀྱང་ནམ་ལུས་ངལ་བ་དང། ཤུགས་འབྱུང་བ་དང། སྡང་བ་དང། མགོ་བགས་ཀྱིས་ལྕི་བ་དང། ཡང་ཡང་བྱེད་སྟེ། འགྲོ་བ་འམ་ནུས་པ་ཆུང་མ་ཐག་ཏུ་འཕྲོ་གཅད། གསུམ་གས་ཀྱང་ ་ཁམས་ཆེར་མི་བདེ་བ་དང། སེམས་གནས་པ་དུས་མཚུངས་པར་གྱུར་ན། ཡེ་མི་བསྒོམ་པར་ངལ་གསོའོ། །ཁམས་སོར་མ་ཆུད་ཀྱི་བར་དུ་ཡུད་ཙམ་ལྟ་བ་ལས་ཐུན་དུ་བཅད་པ་བསྒོམ་པར་བྱའོ། །དེ་ལྟར་བརྟན་པའི་ཐབས་ཀྱིས་བརྟན་པར་བྱས ་པའི་དམིགས་པ་དེ་ངོས་བཟུང་བ་ནི་ཡིད་ལ་བྱེད་པ་དང་མཐུན་པ་ཡིན་ཏེ། དེ་སྐད་དུ། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། ལུས་ཤིན་ཏུ་སྦྱངས་པ་དང། སེམས་ཤིན་ཏུ་སྦྱངས་པ་དེ་མ་ཐོབ་པ་དེའི་བར་དུ་ཡིད་ལ་བསྐྱེད་པ་དེ་ལ་ཅི་ཞེས་བགྱི། བྱམས ་པ་ཞི་གནས་དང་མཐུན་པའི་མོས་པ་དང་ལྡན་པ་ཡིན་ཏེ། ཞི་གནས་ནི་མ་ཡིན་ནོ་ཞེས་གསུངས་སོ། །གང་ཞིག་དྲི་མ་གསུམ་གྱིས་བསྒྲིབས་པས་ན། །དམུལ་ལོང་གྱུར་པས་སྤྲུལ་སྐུ་མ་མཐོང་ལ། འདི་རྟོག་གོང་ནས་གོང་དུ་གྱུར་པ་ཡིས། །དེ་མཐོང་བྱ་ཕྱིར་བགྱིས ་པས་དེ་མཐོང་ཤོག། ཞི་གནས་ལ་འཇུག་པའི་ཐབས་ཅུང་ཟད་བྲིས་པ་རྫོགས་སོ།། །།དངོས་དང་དངོས་མེད་རབ་མཁྱེན་ཏེ། །སྐུ་མཆོག་མཁའ་འདྲ་བརྙེས་འགྱུར་ཀྱང། །ཐུགས་རྗེའི་དབང་གིས་ཇི་སྲིད་པར། །འགྲོ་དྲུག་སེམས་ཅན་མུན་འཐོམ་ལ། ་