| Wylie | e-texts based on the ACIP/ALL Input |
སེམས་གནས་པར་བྱ་བའི་ཐབས་ཅུང་ཟད་བྲིས་པ་རྫོགས་སོ།། །།འཛམ་བུ་ཆུ་བོའི་གསེར་འདྲས་ཁ་དོག་བསྐུས། །བདེ་གཤེགས་འགྲོ་བའི་གཉེན་གཅིག་རབ་མཛེས་ལ། ཡོན་ཏན་དྲན་པའི་དང་བ་སྔོན་འགྲོ ་བས། །ཕྱག་འཚལ་ཞི་གནས་ལ་འཇུག་ཅུང་ཟད་བྲི། །སྟོང་གསུམ་གྱི་ནི་སྟོང་ཆེན་པོའོ། །རྡུལ་ཕྲན་མ་ལུས་ཇི་སྙེད་པ། །ཉན་ཐོས་རང་རྒྱལ་གཟུགས་གྱུར་ལ། །བསོད་ནམས་འདོད་པས་རྟག་མཆོད་པས། །གབ་གིས་ཡང་དག་རྫོགས་པའི་སྐུ། །རིམ་མོ་བྲིས ་སོགས་མཐོང་བ་འཕགས། །དད་པའི་སྟོབས་བསྐྱེད་ལ་འཇུག་པའི། །ཕྱག་རྒྱའི་མདོ་ལས་བདེར་གཤེགས་གསུངས། །རིན་ཆེན་སྣ་བདུན་གཞལ་ཡས་ཁང། །འཛམ་བུའི་གླིང་རྣམས་བཀང་ནང་དུ། །ཙན་དང་མ་ཆོག་ལ་བདེར་གཤེགས་གཟུགས། །བྱས ་གང་རྟག་ཏུ་མཆོང་པ་བས།། །།གང་གིས་ཡིད་རབ་ནང་བཏུང་ནས། །ཡུད་ཙམ་བསྒོམ་པ་ཁྱད་འཕགས་ཞེས། །ཏིང་ངེ་འཛིན་མཆོག་དམ་པ་ཡི། །མདོ་ལས་སངས་རྒྱས་དེ་སྐད་གསུངས། །ཕན་ཡོན་བསྟན་པའོ། །བདག་དང་ལོངས་སྤྱོད་མཛའ་ ་བཤེས་ལ། །ཆགས་པར་འགྱུར་བ་སྤང་བར་བྱ། །ཚུལ་ཁྲིམས་རྣམ་དག་ལ་གནས་ནས། །རབ་ཏུ་དབྱེན་པའི་གནས་འདུན་ཏེ། །མ་ཆགས་ཚུལ་ཁྲིམས་རྣམ་དག་ཅིང། །ཞེ་སྡང་ཟུག་རྡུའི?་སེམས་སྤངས་ན། །ཏིང་ངེ་འཛིན་འགྲུབ་པར་འགྱུར་རོ ་ཞེས། །འོད་སྲུངས་ཞུས་པའི་མདོ་ལས་གསུངས། །ཚོགས་བསྟན་པའོ། །འཇམ་པའི་སྟན་ལ་སྐྱིལ་ཀྲུང་བཅས། །འགྲོ་ལ་སྙིང་བརྩེའི་སེམས་བཏང་ནས། །དེ་དོན་བྱང་ཆུབ་ཐོབ་བྱ་བསམ། །ཡིད་ནི་རྣམ་པར་གཡེངས་གྱུར་ན། །ཉོན་མོངས ་མཆེ་བའི་འཕྲག་ལ་གནས། །ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ། །ཏིང་ངེ་འཛིན་ལས་སྐྱེའོ་ཞེས། །ས་བཅུའི་མདོ་ལས་བདེ་གཤེགས་གསུངས། །སྔོན་འགྲོ་བའོ། །བདག་གི་མདུན་དུ་བདེར་གཤེགས་སྐུ། །དབྱིབས་ལེགས་ཁ་དོག་གསལ་བར ་བསམ། །རབ་ཏུ་བསྒྲིམས་པའི་དྲན་པ་ཡིས། །ཡང་དང་ཡང་དུ་གསལ་བར་བསྒོམ། །གལ་ཏེ་དངས་པ་མི་གསལ་ན། །ཇི་ཙམ་སྣང་བདེ་ལ་གཏད། །དེ་མེད་གྱུར་ན་རངས་པ་བསམ། །དེ་ལྟར་ཡང་དང་ཡང་དུ་བསྒོམ། །སེམས་ཇི་ལྟར་གཏད་པའོ། །དེ་ཡི་སེམས་ཀྱི་སྐྱེ་ལུགས ་ནི། །རིམ་པ་བཞིར་ནི་འབྱུང་སྲིད་དེ། །རྩོལ་བ་དྲག་ཞན་གཉི་ག་ལ། །ཅུང་ཟད་མི་སྣང་དང་པོའི་སེམས། །དྲག་ཏུ་བསྒོམས་ནས་ཅུང་ཟད་སྣང། །ཞན་ན་མི་སྣང་གཉིས་པ་ཡིན། དྲག་ཏུ་བསྒོམ་ན་རྟག་ཏུ་སྣང། །ཞན་ན་མི་སྣང་གསུམ་པ་ཡིན། །རྩོལ་བ ་དྲག་ཞན་གཉིས་ཀ་ལ། །བྱིང་རྡོད?་གཉིས་བྲལ་རྫོགས་པར་སྣང། །ལུས་བདེ་སེམས་དགའ་རྩེ་གཅིག་པ། །བཞི་བ་ཞི་གནས་ཕྱོགས་མཐུན་ཐོབ། །སེམས་ཀྱི་སྐྱེ་བའི་རིམ་པའོ། །མིག་གི་མཐོང་བས་གསལ་བའི། །ང་རྒྱལ་སྐྱེ་བ་རབ་ཆད་ཡིན། །མིག ་གིས་མཐོང་བ་འདྲ་བ་ཡིན། །ང་རྒྱལ་སྐྱེ་བ་འབྲིང་ཚད་ཡིན། །ཡན་ལག་ཀུན་ཚང་རིམ་བེ་ཙམ། །སྣང་བ་དེ་ནི་ཐ་མའི་ཚད། །གསུམ་ག་ཡིད་ཀྱི་ཡུལ་ཡིན་ཡང། །གསལ་མི་གསལ་གྱིས་ཕྱེ་བ་ཡིན། །གསལ་བྱེད་བྲག་གི་ཚད་བསྟན་པའོ། །དང་པོའི་ཉིན་པར་ཐུན ་གཅིག་ཙམ། །དེ་ནས་ཉི་མ་བདུན་གྱི་བར། །ཐུན་རེ་ཐུན་རེར་རྣན་པར་བྱ། །དེ་ནས་དྲུག་དྲུག་བདུན་བདུན་ཙམ། །སྐྱེས་བུ་གོམ་པ་ཐ་མལ་པས། །མདའ་རྐྱང་ཕྱེད་དང་ཕྱིན་ཚད་ཙམ། །ཡུན་གྱི་ཚད་ནི་དེ་ཙམ་སྟེ། །གྲངས་ནི་གོང་དུ་བསྟན་པའོ། །ཁམས ་ཀྱི་ཚོད་གཟུང་བའོ། །བྱ་བ་སྣ་ཚོགས་སེམས་ཀྱིས་སྤང། །འཁོར་བའི་ཆོས་ལ་སྐྱོ་བ་བསྐྱེད། །ཁོན་དུ་འཛིན་པ་ཡོངས་སྤངས་ནས། །འགྲོ་བ་ཀུན་ལ་སེམས་སྙོམས་བྱ། །འགྲོན་དུ་འབོད་དང་འདུ་འཛིན་ནི། །ཐམས་ཅད་དུ་ནི་སྤང་བར་བྱ། །སྙན་དང ་མི་སྙན་གཏམ་སྙན་དང། །སྨྲ་བ་རྟག་ཏུ་སྤང་བར་བྱ། །ཁ་ན་མ་ཐོ་ཆུང་བའི་ཟས། །ཁམས་དང་མཐུན་པའི་ཆད་ལྡན་བཟའ་། །ཉིན་པར་གཉིད་ནི་མི་ལོག་ཅིང། །སྤྱོད་ལམ་རྣམ་བཞི་ཡང་ཡང་སྤོ། །ལུས་ཀྱི་སྤྱོད་པ་དལ་བ་དང། །དགེ?་དང?་ལུང ་དུ་མ་བསྟན་སེམས། །བདག་ཉིད་གཅིག་ཏུ་གྲོགས་མེད་པར། །ཉིན་མཚན་རྟག་ཏུ་གནས་པར་བྱ། །ཉིན་དང་མཚན་མོ་ལན་གསུམ་དུ། །མཆོད་དང་བཤགས་སོགས་དགེ་བ་གང། །སྒྱུ་མ་ལྟ་བུའི་སེམས་བསྐྱེད་དེ། །ཐམས ་ཅད་བྱང་ཆུབ་ཆེན་པོར་བསྔོ། །ང་ལ་གསོ་བའི་དུས་ཀྱི་བསླབ་པའོ། །ཕན་ཡོན་ཚོགས་དང་སྔོན་འགྲོ་བསྒོམ། །སྐྱེད་རིམ་གནས་ཚང་ཁམས་དང་བསླབ། །བརྒྱད་པོ་དག་གི་ཞི་གནས་ཀྱི། །ཕྱོགས་མཐུན་བྱ་ཐབས་བསྡུས་པ་ཡིན། །བདེ ་གཤེགས་བཀའ་ནི་བདུད་རྩི་ལྟ་བུ་སྨན་ཆེན་ལས། །བདག་འདྲ་རྨོངས་པས་སློབ་ཕྱིར་བསྡེམ?་པར་མི་འོས་ཀྱང། །ཅི་ཞིག་ལྟར་དེས་བདག་ལ་མོས་པ་དེ་དོན་བྱས། །བསོད་ནམས་འདི་ཡིས་སྐྱེ་མེད་ཡེ་ཤེས་ཐོབ་གྱུར་ཅིག་།ཞི་གནས་སྐུ་ལ་བསྒོམ ་