CLOSE WINDOW

N4657: dbugs bgrang ba'i sgo nas sems gnas par bya ba'i thabs
Wyliee-texts based on the ACIP/ALL Input

པ་རྣམས་ལ་བཟང་བར་གསོལ། །ཁམས་རབ་ཏུ་དབྱེ་བའི་སྒོ་ནས། །སེམས་གནས་པར་བྱ་བའི་ཐབས་ཅུང་ཟད་བྲིས་བ་རྫོགས་སོ།། །།གང་གིས་རླུང་འདི་དབང་གྱུར་པས། །མི་རྟོག་ཡེ་ཤེས་སྐྱེས་གྱུར ་ཅིང། །འོད་ཟེར་སྣ་ཚོགས་སྟོན་མཛད་པ། །དེ་ལ་ཕྱག་འཚལ་འཇུག་ཐབས་བྲི། །སྡོམ་དང། རྟགས་དང་ཕན་ཡོན་ཤེས་བྱ་དང། །ཚོགས་དང་སྒོམ་དང་ཚོད་གཟུང་དང། །བསྐྱེད་རིམ་གནས་ཆད་བརྟན་པའི་ཐབས། །སྐྱེད་དབྱུ? ་གྲངས་མཐར་ཕྱིན་དང་གཅིག་།དེ་ལ་རྟགས་ནི་འདིར་རྣམ་པར་རྟོག་པ་ཤེས་ཆེ་བའི་རྟགས་གཟུང་སྟེ། །དེ་ཡང་གང་ཞེ་ན། འདི་ལྟ་སྟེ། དབང་པོ་འགྱུར་བ་དང། །དབང་པོ་གཡོ་བ་དང། །དབང་པོ་མི་བརྟན་པ་དང། དབང་པོ་འཁྲུབ ་བ་དང། ལུས་ཀྱི་ལས་ཀྱི་མཛའ་བརྟད་པ་དང། གང་གི་ལས་ཀྱི་མཛའ་བརྟན་པ་དང། འབྲལ་པར་དགའ་བ་དང། ཡིད་དབྱུང་བར་དཀའ་བ་དང། །སྤྲོས་པ་འདོད་པ་དང། སྤྲོས་པ་ལ་དགའ་བ་དང། ནོམ་ནུར་མེད་པ་དང། ་ཐེ་ཚོམ་མེད་པ་དང། འདུན་པ་དང་ལྡན་པ་དང། བརྟུལ་ཞུགས་མི་བརྟན་པ་དང། བརྟུལ་ཞུགས་མ་ངེས་པ་དང། །ལས་ཀྱི་མཛའ་མི་བརྟེན་པ་དང། ལས་ཀྱི་མཛའ་མ་ཡངས་པ་དང། །དགོས་པ་མང་བ་དང། བརྗེད་ངས་པ་དང། ་དབེན་པ་ལ་མི་དགའ་བ་དང། རྣམ་པར་གཡེང་བ་མང་བ་དང། འཇིག་རྟེན་གྱི་སྣ་ཚོགས་དག་ལ་འདུན་པའི་འདོད་ཆགས་རྗེས་སུ་འཇུག་པ་དང། མཁས་པ་དང་ལེ་ལོ་མེད་པ་དང། སྒྲུབ་ཕོད་པའོ། །ཞེས་གསུངས་པའོ། །ཕན་ཡོན་ནི། དབུགས ་བགྲང་བ་འདིས་རྣམ་པར་རྟོག་པ་མྱུར་དུ་ཞི་ནས་ཞི་གནས་ཚོགས་མེད་པར་འཐོབ་པོ། །དེ་ནས་ལྷག་མཐོང་ཡང་དཀའ་བ་མེད་པ་སྐྱེ་སྟེ། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པས་མི་རྟོག་པའི་ཡེ་ཤེས་ཀྱང་མྱུར་དུ་སྐྱེ་བར་གསུངས་སོ། །ཡོན་ཏན ་ཁྱད་པར་ཅན་མ་ཐོབ་ཀྱི་བར་དུ་ཡང་རྟག་ཏུ་ན་བཏུང་བ་དང། ཚེ་རིང་བར་ཡང་འགྱུར་ཏེ། དེ་སྐད་དུ། ནད་པར་ལངས་ནས་སྟོང་ཕྲག་གཅིག་།རྟག་ཏུ་བགྲང་བ་བྱས་ན་ནི། ནང་ཀུན་ལས་ནི་རྣམ་གྲོལ་ཞིང། །ཟླ་གཉིས་གནས་ཀྱི་བར་དུ་འཚེ།། ་ཞེས་གསུངས་སོ། །ཤེས་པར་བྱ་བ་ནི་ངོ་བོ་གྱེན་དུ་རྒྱུ་པའི་རླུང་དང། གྲངས་ཀྱི་དབྱེ་བ་ནི་གཉིས་ཏེ། ནང་དུ་རྡུབ་པ་དང་ཕྱིར་འབྱུང་བའོ། །མཚན་ཉིད་རྡུབ་པའི་མཚན་ཉིད་དང། །འབྱུང་བའི་མཚན་ཉིད་དོ། །རྡུབ་པ་ལ་གཉིས་ཏེ། ་རྡུབ་པ་དང་བར་རྡུབ་པའོ། །འབྱུང་བ་ལ་ཡང་གཉིས་ཏེ། འགྱུར་བ་དང། བར་དུ་འགྱུར་བའོ། །དེས་པའི་ཚིག་ནི་རླུང་ཞེས་བྱ། དབུགས་ཞེས་བྱ་ལུས་ཀྱི་འདུ་བྱེད་ཅེས་བྱ། འགྲོ་བ་དང་འོང་བ་ཞེས་བྱའོ། །རྒྱུ་ནི་སྔོན་གྱི་ལས ་ཀྱིས་འཕངས་པ་དང། ལྟེ་བའི་ཕྱོགས་ནས་ཁ་འམ་སྣའི་བར་དུ་སྤུབས་ཡོད་པ་དང། རྟེན་ནི་ལུས་འབའ་ཞིག་ལ་ཡང་མ་བརྟེན། །སེམས་འབའ་ཞིག་ལ་ཡང། མི་བརྟེན། གཉིས་ཀ་ཁོ་ན་ལ་ཡང་མི་བརྟེན་ཏེ། འདུ་ཤེས་མེད་པའི་སྙོམས ་པར་འཇུག་པ་དང། འདུ་ཤེས་མེད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང། བསམ་གཏན་བཞི་པའི་སྙོམས་པར་འཇུག་པ་དང། ནུར་ནུར་བོ་དང་མེད་མེད་པོ་ལ་སོགས་པ་མངལ་ན་གནས་པའི་སེམས་ཅན་ལ་སོགས་པ་ལ་ཡང་ཡོད ་པར་ཐལ་བར་འགྱུར་ཏེ། དེ་བས་ན་གཉིས་ཀ་ཁ་ཅིག་ལ་ཡོད་དོ། །ས་ནི་རགས་པ་རྒྱུ་བའི་ས་དང། ཕྲ་བ་རྒྱུ་བའི་སའོ། །དེ་ལ་རགས་པའི་ནི་ལྟེ་བ་ནས་ཁའམ་སྣའི་བར་དུ་སྤུབས་ཡོད་པ་ཡིན་ནོ། །ཕྲ་བའི་ནི་བ་སྤུའི ་ཁུང་བུ་ལ་སོགས་པའོ། །བགྲོང་པ་ནི་གཉིས་ཏེ། རྡུབ་པའི་བགྲོང་པ་ནི་ཐུར་དུའོ། །འབྱུང་བའི་བགྲོང་པ་ནི་གྱེན་དུའོ། །ཤེས་པར་བྱ་བ་བསྡུས་པའི་སྡོམ་ནི། ངོ་བ་གྲངས་ཀྱི་དབྱེ་བ་དང། མཚན་ཉིད་ངེས་ཚིག་རྒྱུ་དང་ནི། །གང་ལ་བརྟེན་དང་དེ་བཞིན ་ས། །བགྲོང་དང་བརྒྱད་དེ་ཐ་མ་ཡིན། །ཚེགས་ནི་ཚུལ་ཁྲིམས་རྣམ་པར་དག་པ་ལ་སོགས་པ་གཞན་དུ་བལྟའོ། །འདིར་འཕྲལ་ལ་བྱ་བ་ཅུང་ཟད་ཙམ་ཞིག་ཤེས་པར་བྱ་སྟེ། ཐོག་མར་སེམས་ཀྱི་འདི་སྙམ་དུ་སྒྲུབ་པ་སྙིང་པོར་བྱ་བ་ལ་སེམས་གནས་པ ་གཅིག་མེད་ན། བསྒྲུབ་པར་དཀའ་བས་སེམས་གནས་གཅིག་སྒྲུབ་པར་བྱའོ། །སྙམ་དུ་སེམས་བསྐྱེད་པར་བྱའོ། །དེ་ནས་ཁམས་རང་གི་རླུང་གི་ཤས་ཆེ་བའམ། ཆུང་ཤེས་པར་བྱ་བའམ། །གཞན་ལ་དྲི་བ་བྱས་ལ། ཁམས་དང་འཕྲོད་པའི་ཁ ་ཟས་དང་བཏུན་པས་ཁམས་གསོ་བར་བྱའོ། །དེའི་བར་དུ་ཆོས་དང་མཐུན་པའི་བྱ་བ་ཡང་ཉུང་བར་བྱ་བ་ཡིན་ན་མི་མཐུན་པ་ལྟ་ཅི་སྨོས། །ལུས་ངག་གི་ཉེས་པ་ཅུང་ཟད་ཀྱང་མི་འབྱུང་བར་བྱ་ཞིང། སེམས་ཀྱི་འདོད་པ་ལ་འདུན་པ་ལ་སོགས་པའི་རྣམ་པར ་རྟོག་པ་ཅུང་ཟད་ཀྱང་མི་བསྐྱེད་དོ། །སོས་ངལ་བར་བྱས་ལ་དགེ་བའི་སེམས་ཀྱིས་གནས་པར་བྱ། མི་ནུས་ན་ལུང་དུ་མ་བསྟན་པའི་སེམས་ཀྱི་ངལ་གསོའོ། །དེ་ལྟར་བྱས་པས་རྒྱུད་ཀྱི་ནུས་པ་བརྟས་ནས་བགས་ཀྱིས་འདུག་མི་ཚུགས་པར་དགེ་བ་ལ་འཇུག་འདོད ་ཙམ་ན་བཟོད་པ་བསྒོམ་མོ། །དེ་ལ་བསྒོམ་པ་གང་ཞེ་ན། དབང་པོ་སྣོན་པོས་བསྒོམ་པ་དང། རྟུལ་པོས་བསྒོམ་པའོ། །དེ་ལ་སྣོན་པོས་ནི་མི་བགྲང་བར་དབུགས་ཀྱི་འགྲོ་ལུགས་ལ་གཏད་ནས་བསྒོམ་གྱི་གྲང་བར་མི་བྱེད་དོ། །རྟུལ་པོས་ནི་བགྲང་ཞིང་བསྒོམ་མོ། རེ་ཞིག་རྩོན་པོས་ཀྱང་བགྲང ་པས་སྦྱང་བ་ལ་བསླབས་ན་ལེགས་ཏེ། དེ་ཅིའི་ཕྱིར་ཞེ་ན། ཁམས་ཚོད་གཟུང་སླ་བས་མྱུར་དུ་སེམས་གནས་པའི་ཕྱིར་རོ། །དེ་བས་ན་གཉིས་ཀས་བགྲང་བ་ལ་སེམས་གཏན་པར་བྱའོ། །འདི་ལྟར་སྟན་བདེ་བའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ལུས་དྲང་པོར་བསྲུངས?་པ?་ཡང? ་ཙམ་ཞིག་བསྡད་དོ། །དེ་ནས་དབུགས་སྙོམས་པ་དང། ཁ་ནས་འབྱུང་བ་ཚོར་བར་བྱ་སྟེ། ཁའི་སྒོ་ནས་ཅིར་གྱིས་གཟུང་ནས་རབ་ཏུ་བསྒྲིམས་ལ་ལྕགས་མགར་གྱིས་སྤུད་པ་འམ། གསེར་མགར་གྱི་ཤིང་སྤུད་བཞིན་དུ་དྲང་གསེར་གྱི་ལྟེ་བའི་ཐད་ཀའི་ནང་ལོགས་སུ་ཕྱིན ་པར་བྱས་ལ། ཡུད་ཙམ་བསྡད་ནས་གཅིག་ཅེས་བསམས་ལ་ཡང་གྱེན་དུ་ལོག་གིས་བཟློག་སྟེ། དཀར་ལང་གིས་ཁའི་སྒོ་ནས་སོར་བཞི་ཙམ་དུ་ཅི་གསལ་དུ་བསམ་ཞིང་ཡུད་ཙམ་ཞིག་བསྡད་དོ། གཉིས་བསམ་ཞིང། ཡང་འུད་ཀྱི་འཐེན་ལ། དཀར་ནང་གྱི་ལྟེ ་བའི་ནང་ལོགས་སུ་ཕྱིན་པར་བྱས་ལ་བགྲང་ཞིང་ཅི་ནས་ཀྱང་ཚེར་བར་བྱ་ཞིང་དྲན་པ་དང་མ་བྲལ་བར་བྱའོ། །ཁམས་ཀྱི་ཚོད་གཟུང་བ་ནི་སྤྱིར་ཁམས་རབ་དང་འབྲིང་དང་ཐ་མ་གསུམ་ཡོད་ཀྱང་དགེ་སྦྱོང་གཞན་ལ་རབ་ཏུ་འཇུག་ལ། སྡོམ་པ་ལ་ཧ་ཅང་མི་ནུས་པ ་ཡང་སྣང་བས་ཁམས་རབ་ཀྱིས་ཀྱང་ཐུན་ཐུང་དུ་ནས་བསྒོམ་པར་བྱའོ། །དེ་བས་ན་གསུམ་ཀས་ཀྱང་སློབ་ལུགས་གཅིག་པར་བྱའོ། །མཚན་མོ་བཏང་སྙོམས་སུ་བཞག་སྟེ། གཉིས་ཇི་ཙམ་གྱིས་ཁམས་བརྟག་པ་དེ་ཙམ་ལོག་ཅིང་གང་ལོ། །ཉིན་པར་ཞར་ལ ་ཚོད་གཟུང་ཞིང་བསྒོམ། །དེ་ལ་སྦྱོར་བ་ཧ་ཅང་ལྟོད་ན་ལེ་ལོ་དང་ལྡན་པའི་སེམས་རྨུགས་པ་དང། གཉིད་ཀྱིས་ཀུན་ནས་དཀྲིས་པ་དང། སེམས་ཕྱི་རོལ་ཏུ་རྣམ་པར་གཡེང་བར་བྱེད་དོ། །སྦྱོར་བ་ཧ་ཅང་དྲགས་ན་ལུས་ལ་གནད་པ་འམ། སེམས ་ལ་གནོད་པ་བསྐྱེད་པར་བྱེད་དོ། །དེ་ལ་ཇི་ལྟར་ན་ལུས་ལ་གནོད་པ་སྐྱེད་ཅེ་ན། མཐུ་ཀར་པོར་ཏེ། དབུགས་རྡུབ་པ་དང། དབུགས་འབྱུང་བ་དག་གིས་གནོད་པར་གྱུར་བའི་ལུས་ལ་རླུང་མི་མཉམ་པ་ཟག?་འཇུག?་པར་འགྱུར ་ཞིང་དེ་དག་གིས་དང་པོ་ཁོ་ནར་དེའི་ཡན་ལག་དང་ཉིང་ལག་དེ་དང་དེ་དག་ལ་ཁྱབ་པར་བྱེད་དེ་དེ་དག་ནི་ཁྱབ་བྱེད་ཅེས་བྱའོ། །རླུང་ཁྱབ་བྱེད་དེ་དག་རྣམ་པར་འཕེལ་ན། ནད་ཅེས་བྱ་བ་དག་ཏུ་འགྱུར་ཞིང་དེ་དག་གིས་དེའི་ཡན་ལག་དང་ཉིང་ལག ་དེ་དག་ལ་ནད་སྐྱེད་པར་བྱེད་དེ། དེ་ནི་ལུས་ལ་གནོད་པ་ཞེས་བྱའོ། །ཇི་ལྟར་ན་སེམས་ལ་གནོད་པ་སྐྱེད་པར་བྱེད་ཅེ་ན། དེའི་སེམས་རྣམ་པར་གཡེང་བར་བྱེད་པ་འམ། ཡིད་ཀྱི་བདེ་བ་དང་འཁྲུག་པ་རབ་ཏུ་མང་པོ་དག་གིས་ཟིལ་གྱིས་ནོན་པར ་བྱེད་དེ། །དེ་ལྟར་ན་སེམས་ལ་གནོད་པ་སྐྱེད་པར་བྱེད་པ་ཡིན་ནོ། །འོ་ན་ཚོད་ཇི་ལྟར་གཟུང་ཞེ་ན། འདི་ལྟར་དང་པོའི་ཉིན་པར་སྔ་དྲོ་ཐུན་གཅིག་ལ་རྐྱང་པ་བཞི་བསྒོམ་མོ། །ཕྱི་འཕྲེད་ཀྱི་ཐུན་གཅིག་ལ་ཡང་རྐྱང་བ་བཞི་བསྒོམ་མོ། །དེའི་ཕྱིར་དེ་ཉིན ་པར་སྔ་དྲོ་ཐུན་གཉིས་བསྒོམ་མོ། །རྐྱང་པ་དྲུག་དྲུག་གོ་།ཕྱི་དྲོ་ཐུན་གཉིས་ལ་ཡང་རྐྱང་བ་དྲུག་དྲུག་གོ་།ཉི་མ་གསུམ་པ་ལ་སྔ་དྲོ་ཕྱི་དྲ་ཐུན་གཉིས་གཉིས་ལ་རྐྱང་པ་བརྒྱད་བརྒྱད་དོ། །ཉི་མ་བཞི་པ་ལ་སྔ་དྲོ་ཕྱི་རག་ཐུན་གསུམ་གསུམ་ལ་དབུགས ་རྐྱང་པ་བཅུ་བཅུ་བསྒོམ་མོ། །དེ་ནས་ཉི་མ་ལྔ་པ་ལ་སྔ་དྲོ་ཐུན་བཞི་ཕྱི་རེད་ཐུན་གསུམ་སྟེ། བདུན་ལ་ཟུང་བཅུ་བཅུའོ། །དེའི་བར་དུ་ཁམས་ཞར་ལ་དཔྱད་ཅིང་བསྒོམས་པས་ན་ཚ་ཕྲན་ཚེགས་བྱུང་ན་ཡང་འཕྲལ་ལ་ཞི་བར་བྱ་སྟེ། ན་ཚ་ཕྲན་ཚེགས ་ལ་སྲན་བསྐྱེད་ཅིང་མི་བསྒོམ་མོ། །དེ་ནས་ཁམས་མི་བདེ་བ་མེད་ན་ཉི་མ་རེ་ལ་ཐུན་རེ་བསྣན་ཅིང་བསྒོམ་མོ། །དབུགས་ཀྱི་གྲངས་ནི་སེམས་གནས་པ་མ་ཐོབ་ཀྱི་བར་དུ་བཅུ་བཅུ་ལས་མང་བ་མ་བསྒོམ་མོ། །ཡང་གཉིད་ཆུང་བ་འམ་མ་བདེ་བ་ཕྲན་ཚེགས ་བྱུང་ན་ཐུན་རེ་དབྲི་ཞིང་བསྒོམ་མོ། །མི་བསྒོམ་པའི་བར་དུ་ངལ་གསོ་བ་སྙོམས་པར་བྱ་ཞིང་འདུགས་གཅིག་ཏུ་བསྟུང་མར་ཐུན་གཉིས་ལ་སོགས་པ་མི་བསྒོམ་མོ། །ཉིན་པར་གཉིད་མི་ལོག་།སྤྱོད་ལམ་ཐམས་ཅད་དུ་བག་ཀྱི་ངལ་བར་བྱའོ། །སྐྱེ་བའི་རིམ་པ ་ནི་བཞི་སྟེ། དེ་ལ་དང་པོ་ནི་ཤེས་པ་སྒྲིམས་ཀྱང་དབུགས་ནང་དུ་རྡུག་པ་ནི་མར་འགྲོལ་མི་འདོད་པ་སྙམ་བྱེད་ཅིང་གཏུག་པ་སྙམ་བྱེད་ལ་རི་དྲན་པས་མི་ཟིན་པ་སྙམ་བྱེད་པ་དང། ཡང་འབྱུང་བ་ཡང་ཕྲན་པས་མ་ཚོར་བར་ཡར་བྱུང་ནས་འགྲོ་བ་དང། ་གྲངས་ཀྱང་བརྗེད་རྐྱེན་པ་དང། དྲན་པས་དབུགས་གཟུང་དཀའ་བར་འོད་དོ། །གཉིས་པ་ནི་ཐུན་ཕལ་ཆེར་གྲངས་མི་བརྗེད་པ་དང། ནང་དུ་རྡུབ་པ་ཡང་རུགས་པ་མེད་པར་གྲངས་ཟང་ཟང་འགྲོ་ཞིང་ག་ཡང་འབྱུང་བ་ཡང་དྲན་པ་དང་མཉམ་པོར་འབྱུང་སྟེ། ་དཔེར་ན་རྟ་ལ་བག་ཙམ་ཆགས་པ་དང་འདྲ་སྟེ། དྲན་པས་བག་ཙམ་ཟིན་པ་ཡིན་ནོ། །གསུམ་པ་ནི་གྲངས་མི་བརྗེད་པ་དང། ནང་དུ་རྡུབ་པའི་ཐོག་ལ་གྲང་སིལ་གྱིས་སོང་བར་ཚོར་བ་དང། ཡར་མ་བཟློག་གི་བར་དུ་མ་གི་ན་གྲང་སིང་དེ་འདུག་པར་ཚོར་བ་དང། ཡར་བྱུང ་བའི་ཐོག་ལ་ཁའི་སྒོ་ནས་པར་འབྱུང་བའི་ཆེ་ཆུང་ཡང་འཐེམ་པ་སྙམ་པ་དང། བདེ་བ་ཡང་ཐུན་སྟོང་ཐུན་སྨད་ལ་བག་རེ་འོང་ངོ། །བཞི་པ་ནི་རྡུབས་པའི་ཐོག་ལ་ལུས་ཀྱང་བྱིད་བ་སྙམ་བྱེད་ཅིང་ཚོར་བ་སྔ་ན་ཉམས་སུ་མྱོང་བ་གཅིག་གིས་བློ་བུར་དུ་ལུས་ཐམས་ཅད ་ཁྱབ་པར་འོང་ངོ། །ཡང་ན་འབྱུང་བའི་ཐོག་ལ་ཁའི་སྒོ་ནས་པར་དཀར་ནང་གྱིས་བྱུང་ནས་ལུས་བགས་ཀྱི་ཡར་བཏེག་པ་སྙམ་བྱེད་ཅིང་ཚོར་བ་བདེ་བས་ལུས་ཐམས་ཅད་ལ་ཁྱབ་ཅིང་སེམས་ཀྱང་ཤིན་ཏུ་དགའ་བ་དང། དྲན་པས་དབུགས་དེ་ཤིན་ཏུ་ཟིན་ཏེ། དཔེར ་ན་རྟ་ལ་ཆགས་པའི་མི་རང་གར་འདོད་པར་རྟ་གཏོང་བ་དེ་བཞིན་དུ་ནང་དུ་རྡུབ་པ་དང་ཕྱིར་འབྱུང་བ་ལ་ཡང་རང་དབང་དུ་འགྱུར་རོ། །གནས་པའི་ཚད་ནི་ཁྱད་པར་བཞི་སྟེ། གྲངས་ཀྱི་ཁྱད་པར་བདེ་བ་དེ་འབྱུང་བའི་རྗེས་ལ་ཉེས་བརྒྱ་ནས་བརྒྱ་བཞི་ཡན་ཆད་བགྲངས ་ཀྱང་དང་པ་བཞིན་དུ་བདེ་བ་དང། རྩོལ་བའི་ཁྱད་པར་གློང་ཀྱང་དབུགས་དེ་དྲན་པས་མི་ཚོར་བ་དང། བདེ་བའི་ཁྱད་པར་སེམས་མ་བཏང་གི་བར་དུ་ལུས་ཐམས་ཅད་ལ་ཁྱབ་ཅིང་ལངས་ནས་ཀྱང་ཅུང་ཟད་བདེ་བ་དང། དགའ་བའི་སེམས་རང་ཞུགས་ཀྱི ་ཀྱི་རྒོད་འཚོར་བ་དང། འབྲལ་མི་འཕོད་པ་དང། འདི་ངེས་པར་གནས་པ་ཡིན་ནོ་སྙམ་ནས་ཆོས་ལ་དང་བ་དང། དད་པའི་ཤས་ཆེན་པོ་སྐྱེ་བ་དང། ལངས་པའི་མོད་ལ་ཡང་སེམས་ཡེང་ཡེང་པོར་མི་འོང་བ་དང། ་གང་ཟག་གཞན་ལ་ཡང་བསྒོམས་ན་ཅི་མ་རུང་སྙམ་པའི་སེམས་འབྱུང་ངོ། །གཞན་ཡང་རྒྱུ་ཡང་རུང་གནས་ཀྱང་རུང་སྟེ། ནང་ཉེ་བར་ཞི་བའི་འདུ་ཤེས་དང། ཞི་གནས་ཀྱི་འདུ་ཤེས་དང། ཞི་གནས་ཀྱི་འདུ་ཤེས་མང་དུ་སྣང་ལ། སྤྲོས་པའི ་འདུ་ཤེས་མེད་པ་དང། རྣམ་པར་རྟོག་པའི་ཀུན་ནས་དཀྲིས་པ་དང། མཐུན་པའི་ཆོས་རྣམས་ལ་སེམས་མི་འཇུག་གོ་།བརྟན་པར་བྱ་བའི་ཐབས་ནི་ཁམས་ཀྱི་ཚོད་ལས་དཔག་སྟེ། ཁམས་བདེ་ན་ནི་ཐུན་གྱི་གྲངས་ཉུང་བར་བྱས་ལ་བགྲང་བའི་གྲངས་མང ་བས་ཡུན་རིང་བར་བྱ་ཞིང་ཉི་མ་ཁ་ཅིག་ཏུ་བསྒོམས་ལ་ངལ་གསོའོ། །ཁམས་གཞན་ན་ནི་ཉི་མ་གཅིག་ཙམ་བསྒོམས་ལ་ངལ་གསོའོ། །འོ་ན་ཚེ་དེ་གང་གིས་གཟུང་ཞེ་ན། ལུས་ངལ་བ་འམ། ཤུགས་འབྱུང་བ་འམ། བསྒོམ་ཙམ་ན་སྔ་བ་འམ། མགོ ་བགས་ཀྱིས་ལྕི་བ་འམ། ལུས་འདར་བ་འམ། ནུབ་མོ་གཉིད་མི་ཁུགས་པ་འམ། སེམས་སང་སང་པོར་འདུག་པ་འམ། མདོར་ན་ཁམས་མི་བདེ་བའི་མཚན་མ་བག་ཙམ་བྱུང་མ་ཐག་ཏུ་ངལ་གསོའོ། །དེ་མ་བྱུང་ན་རྟག་པར་ཡང་བསྒོམ་པར་བྱ་སྟེ། བསྟན་པར་བྱ ་བ་ནི་སེམས་པའི་བར་དེར་ཁམས་བདེན་བསྒོམ་པས་ཕྱིས་བརྟན་པར་འགྱུར་རོ། །མི་བདེན་ངལ་གསོ་བརྟན་པར་འགྱུར་བ་ཡིན་ནོ། །སྐྱེད་དབྱུང་བའི་ཚད་ནི་སྔར་བརྟན་པར་བྱས་ནས་ཞག་པར་ངལ་བསོས་པར་བྱས་ལ། ཕྱིས་སྲོང་ཐོ་རངས་ཐུན་རེ་བསྒོམ། ཉིན་པར ་ཐུན་བཞི་བཞི་ལྔ་ལྔ་བསྒོམ་མོ། །དབུགས་ཀྱི་གྲངས་ནི་བརྒྱ་མན་ཆད་ནས་བཞི་བཅུ་ཡན་ཆད་བགྲང་ངོ། །ཟླ་བ་ཁ་ཅིག་རྒྱང་དེ་ཧ་ཅང་མི་དྲག་པར་བསྒོམ་མོ། །ཆོས་དང་མི་འགལ་བའི་བྱ་བ་ཕྲན་ཚེགས་ཀྱང་བྱ། ལོང་མེད་ན་ཡང་སྲོང་དང་ཐོ་རང་ཙམ་བསྒོམ་མོ། །དེ་ནས ་དང་པོའི་སློབ་ལུགས་བཞིན་དུ་ཁམས་དང་འཕྲོད་པའི་ཁ་ཟས་དང། གྲོགས་མཐུན་པ་དང། གནས་བདེ་བ་དང། བྱ་བ་མང་པོ་སྤངས་པ་ལ་སོགས་པ་བྱས་ལ། ཞག་བཅུ་ཙམ་དུ་ཉི་མ་རེ་ལ་ཐུན་ཆུར་རེ་རེ་ཙམ་ལས་མི་བསྒོམ་པར་ངལ་གསོའོ། །ལུས་ཀྱི་ནུས་བརྟས་སུ ་གཞུག་།མཚན་མོ་བསྒོམ། དགེ་སྦྱོར་གཞན་ལ་ཡང་བག་ཙམ་ལས་མི་བྱ། དེ་ནས་ནུས་པ་བརྟས་པ་དང། མཚན་པོ་འམ་ཉིན་པར་ཁམས་གང་བདེ་བ་གཅིག་ལ་བརྟེན་ནས་བསྐྱེད་དབྱུང་ངོ། །དེ་ཡང་ཉིན་པར་ལེགས་ཏེ། ཉི་མ་དང་པོ་ལ་ཐུན་གསུམ་ལ་གྲངས ་བརྒྱ་བརྒྱ་བསྒོམ། དེ་ནས་ཉི་མ་བཅུའི་བར་དུ་ཐུན་གསུམ་གསུམ་ལས་མི་མང་བར་བསྒོམ་མོ། །དབུགས་ཀྱི་གྲངས་ནི་ཉིན་རེ་ལ་བརྒྱ་བརྒྱ་མ་མདུང་ལ་བསྒོམ་མོ། །ཁང་དེར་ཐོ་ན་ཟས་ཟའི་བར་དུ་ཡང་མི་དང་མི་ཕྲད་དོ། །ཡང་ཉི་ཆུང་བའི་ཡང་ན་ཆེ་ཕྲན་ཚེགས་བྱུང་ན་ངལ་གསོའོ། །ངལ་བསོད་པ་འམ། མི་བདེ་བ་མེད་ན ་སྔོན་མ་བཞིན་དུ་བྱའོ། །གྲངས་ཀྱི་མཐར་ཕྱིན་པ་གང་ཞེ་ན། གྲངས་སྟོང་གི་བར་དུ་སེམས་རྣམ་པར་གཡེང་བར་མི་འགྱུར་ཞིང་བརྗོད་པ་མེད་པ་རང་གི་ངང་གིས་འཇུག་ཅིང་མངོན་པར་དགའ་བ་དང་བཅས་པས་འཇུག་ན་དེ་ཙམ་གྱིས་བགྲང་བའི་ས ་ལས་འདས་པ་ཡིན་ནོ། །དེ་ནས་མི་བགྲང་བར་དབུགས་ཀྱི་འགྲོ་ལུགས་ལ་གཏད་དེ། སྣ་ནས་འབྱུང་བ་ལ་གཏད་ཅིང་ལུགས་སུ་སྣ་གཡས་པ་ནས་འགྲོ་བ་དང། གཡོན་པ་ནས་འགྲོ་བ་ལ་གཏད་པ་འམ། གཡས་ནས་ཕྱུང་བ་ལ་གཡོན་དུ ་རྡུབ་པ་ལ་སོགས་པ་བྱ་ཞིང་མི་བགྲང་པར་བསྒོམ་མོ། །དེ་ནས་ལྷག་མཐོང་བསྐྱེད་པར་བྱའོ། །ལས་ཚུལ་བསམ་གྱིས་མི་ཁྱབ་ཀྱང། བདག་པས་བློ་ཞན་མི་སྲིད་དེ། འོན་ཀྱང་དོན་དུ་མི་གཉེར་བས། མཁས་པའི་གདམས་ངག་མ་ཐོས ་ལ། འཕན་སྲིད་བསམས་ནས་བྲིས་པ་ལགས། །རབ་རིབ་ཅན་གྱི་གཟུགས་བལྟས་ནས། །གཞན་ལ་འདི་ཞེས་སྟོན་འདྲ་བས། །མཁས་པ་རྣམས་ལས་བཟོད་པར་གསོལ། །དབུགས་བགྲང་བའི་སྒོ་ནས ་སེམས་གནས་པར་བྱ་བའི་ཐབས་ཅུང་ཟད་བྲིས་པ་རྫོགས་སོ།། །།འཛམ་བུ་ཆུ་བོའི་གསེར་འདྲས་ཁ་དོག་བསྐུས། །བདེ་གཤེགས་འགྲོ་བའི་གཉེན་གཅིག་རབ་མཛེས་ལ། ཡོན་ཏན་དྲན་པའི་དང་བ་སྔོན་འགྲོ ་