CLOSE WINDOW

N4656: khams rab tu dbye ba'i sgo nas sems gnas par bya ba'i thabs
Wyliee-texts based on the ACIP/ALL Input

བའི་ཐབས་ཅུང་ཟད་བྲིས་པ་རྫོགས་སོ།། །།གང་གིས་ང་རྒྱལ་རི་བོ་གཏན་སྤངས་ནས། སྐྱེ་བོ་ཁེངས་པའི་དོན་དུ་ཁམས་དབྱེ་བའི། །བདུད་རྩི་གསུམ་པ་དེ་ལ་ཕྱག་འཚལ་ཏེ། ང་རྒྱལ་ཤས་ཆེའི་དོན་དུ་དེས་གསུངས་བཤད། །སྡོམ་ནི། ་རྟགས་དང་ཕན་ཡིན་ཤེས་བྱ་དང། ཚོགས་དང་བསྒོམ་དང་ཚོད་བཟུང་དང། སྐྱེ་རིམ་གནས་ཚད་བརྟན་པའི་ཐབས། །ལྷག་མཐོང་བསྐྱེད་དང་བཅུ་ཡིན་ནོ། །དེ་ལ་རྟགས་ནི་གང་ཟག་ང་རྒྱལ་ཤས་ཆེ་བའི་རྟགས་བཟུང་སྟེ། དེ་ལ་གང་ཟག་ང་རྒྱལ་སྤྱད་པའི ་རྟགས་རྣམས་གང་ཞེ་ན། འདི་ན་གང་ཟག་ང་རྒྱལ་སྤྱད་པ་ནི། །ཁེངས་པར་འགྱུར་བ་དང་མཐུན་པའི་དངོས་པོ་ཆུང་ངུ་དག་ལ་ཡང་ང་རྒྱལ་གྱི་ཀུན་ནས་དཀྲིས་པ་སྟུག་པོ་དང་མང་པོ་སྐྱེད་པར་བྱེད་ན་འབྲིང་དང་ཆེན་པོ་དག་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ་ང་རྒྱལ་ཀུན་ནས་དཀྲིས་པ་དེ་ཡང་ཡུན་རིང་དུ་སེམས་ཀྱི་རྒྱུད་ལ་གནས་པར་བྱེད་ཅིང། ང་རྒྱལ་གྱི་ཀུན་ནས་དཀྲིས་པ་དེ་ཡང་ཡུན་རིང་དུ་རྗེས་སུ་འབྲེལ་པར་འགྱུར་བ་དང། དེ་ཁེངས་པར་འགྱུར་བ་དང་མཐུན་པའི་ཆོས་རྣམས་ཟིལ་གྱིས་ནོན་པར་འགྱུར་ཞིང། ཁེངས་པར ་འགྱུར་བ་དང། མཐུན་པའི་ཆོས་རྣམས་ཟིལ་གྱིས་ནོན་པར་མི་ནུས་པ་དང། དབང་རྒོད་པ་དང། དབང་པོ་འདམ་པ་ལྟར་མཐོ་བ་དང། དབང་པོ་ཁེངས་པ་དང། ལུས་ཆེར་བརྒྱན་པ་ལ་སྦྱོར་བའི་རྗེས་སུ་བརྩོན་པ་དང། བརྩན་དག་དུ་སྨྲ་ཞིང་མི་འདུད་པ་དང། ཕ་མ་དང ་ཉེ་དུ་དང་བླ་མ་ལྟ་བུ་དག་ལ་དུས་དུས་སུ་རྐྱེན་དུ་བབ་པའི་མཆོད་པར་མི་བྱེད་པ་དང་ཁེངས་པ་དང། ལུས་མི་འདུད་བ་དང། གསོད་པོར་སྨྲ་བ་དང། ཕྱག་འཚལ་བ་དང། མངོན་དུ་ལྡང་བ་དང། ཐལ་མོ་སྦྱར་བ་དང། འདུད་པར་བྱེད་པའི་ངང་ཚུལ་ཅན་མ་ཡིན་པ་དང། ་བདག་ཉིད་ཀུན་ཏུ་འཛིན་པ་དང། བདག་ལ་བསྟོད་པ་དང། གཞན་ལ་སྨོད་པ་དང། རྙེད་པ་འདོད་པ་དང། བཀུར་སྟི་འདོད་པ་དང། གྲགས་པའི་སྒྲའི་ཚོགས་འདོད་པ་དང། ཐལ་ཐོམ་གྱི་སྣོད་དུ་གྱུར་པ་དང། དཔྲལ་བར་དཀའ་བ་དང། ཡིད་དབྱུང ་བར་དཀའ་བ་དང། རྒྱ་ཆེན་པོ་ལ་མོས་པ་དང། སྙིང་རྗེ་ཆུང་བ་དང། བདག་དང་སེམས་ཅན་དང། སྲོག་དང་གསོ་བ་དང། གང་ཟག་དུ་ལྟ་བུའི་ཤས་ཆེ་བ་དང། ཁྲོ་གཏུམ་ཆེ་བ་དང། འཁྲུག་པ་དང་ལྡན་པ་ཡིན་ཏེ། དེ ་ལྟ་བུ་དང་མཐུན་པ་དག་ནི་གང་ཟག་ང་རྒྱལ་སྤྱད་པའི་རྟག་རྣམས་ཡིན་པར་རིག་པར་བྱའོ། །ཞེས་གསུངས་སོ། །དེ་ལ་ཕན་ཡོན་ནི་ང་རྒྱལ་སྤོང་བ་ལ་ཞུགས་ན་རིགས་དང་ལུས་ཕུན་སུམ་ཚོགས་པ་དང། བླ་མ་རྣམས་ཀྱི་གདམས ་ངག་ཀྱང་ཚོགས་མེད་པར་འཐོབ་སྟེ། དེས་ན་ཚོགས་རྣམས་མྱུར་དུ་རྫོགས་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་མྱུར་དུ་ཐོབ་པར་འགྱུར་རོ། །དེ་སྐད་དུ། འཕགས་པ་བློ་གོས་རྒྱ་མཚོས་ཞུས་པའི་མདོ་ལས། དེའི་ལུས་ཡོངས་སུ་དག་པ་ཡིན་ཏེ། ་ལུས་མཚན་གྱིས་ལེགས་པར་བརྒྱན་པ་དང། ལག་པ་དང་རྐང་པ་འཇམ་ཞིང་མཉེན་པ་དང། བསོད་ནམས་ཀྱི་རྒྱུ་མཐུན་པའི་ལུས་ཤིན་ཏུ་རྣམ་པར་ཆེ་བ་དང། དབང་པོ་མ་ཚང་བ་མེད་པ་དང། ཡན་ལག་དང་ཉིང་ལག་ཐམས ་ཅད་ཤིན་ཏུ་རྫོགས་པ་ཡིན་ཡང་གཟུགས་ཀྱི་རྒྱགས་ཤིག་དྲེགས་པ་མེད་པ་ཡིན་ཏེ། ལུས་ཆེ་བའི་ཚུལ་དང་ལྡན་པ་ཡིན་ནོ། །དེ་ཆོས་འཛིན་པ་ཉེ་བར་གཟུང་ནས་སེམས་ཅན་ཇི་ཙམ་དུ་དམན་པ། གཟུགས་མཆོད་པ་རྣམས་ལ་ཡང་འདུད་དོ། །རབ ་ཏུ་འདུད་དོ་ཞེས་འབྱུང་ངོ། །ཡང་གསུངས་པ། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་གང་གི་ཚེ་རྒྱ་མཚོ་ཆེན་པོ་མཆིས་པར་གྱུར་པ་དེའི་ཚེ་གཞོལ་བའི་ཕྱོགས་ན་མཆིས་པར་འགྱུར་རོ། །དེ་གཞོལ་བའི་སླད་དུ་ཆུ་ཀླུང་ཐམས་ཅད་དང་ཆབ་མིག་དང། ་འབབ་ཆུ་ཐམས་ཅད་ཚོགས་ཆུང་ངུ་དེང་འབབ་པོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ང་རྒྱལ་མ་མཆིས་པར་བླ་མ་དང། སྦྱིན་གནས་ལ་གུས་པ་ལ་ཡང་ཚོགས་ཆུང་ངུས་ཆོས་ཟབ་མོའི་སྒོ་རྣམས་རྣ་བའི་དབང་པོ་ལ ་གྲགས་པར་འགྱུར་རོ། །དེ་དྲན་པ་ལ་ཡང་གནས་པར་འགྱུར་རོ་ཞེས་གསུངས་སོ། །དེ་ལ་ཤེས་པར་བྱ་བ་ནི་མདོར་བསྡུ་ན་གཉིས་ཏེ་གྲངས་དང། ངོ་བོའི། །དེ་ལ་གྲངས་ནི་དྲུག་སྟེ། སའི་ཁམས་དང། ཆུའི་ཁམས་དང། མེའི་ཁམས་དང། རླུང་གི་ཁམས་དང ་ནམ་མཁའ་ཨི་ཁམས་དང། རྣམ་པར་ཤེས་པའི་ཁམས་སོ། ནང་གི་སའི་ཁམས་གང་ཞེ་ན། གང་ཅི་ཡང་རུང་སྟེ། ལུས་འདི་ལ་ནང་གི་ཁོང་ན་སྲ་བ་དང། མཁྲང་བའི་རྣམ་པ་དང། ཉེ་བར་གྱུར་པ་དང་ཟིན་པའོ། དེ་ཡང་གང་ཞེ་ན། འདི་ལྟ་སྟེ། སྒྲ་དང་སྡུ་དང་སེན་མོ་དང་ཞེས་བྱ ་པ་ལ་སོགས་པའོ། །ནང་གི་ཆུའི་ཁམས་གང་ཞེ་ན་གང་ཅི་ཡང་རུང་སྟེ། ལུས་འདི་ལ་ནང་གི་ཁོང་ན་ཆུ་དང་ཆུའི་རྣམས་པ་དང། ཆུ་ཉིད་དང། བརླན་པ་དང། བརླན་པའི་རྣམ་པ་དང། བརླན་པ་ཉིད་དང། གཤེར་བ་ཉིད་དང། ཉེ་བར་གྱུར་པ་དང་ཟིན ་པའོ། །དེ་ཡང་གང་ཞེ་ན། འདི་ལྟ་སྟེ། མཆི་མ་དང་རྡུལ་དང། མཆིལ་མ་དང། སྣབས་དང་ཆུ་སེང་དང། ཚིལ་དང་མཁྲིས་པ་དང། དར་སྣབས་དང། རྣག་དང། ཁྲག་དང། འོ་མ་དང་གཅིན་དང། གཞན་ཡང་གང་ལུས་འདི་ལ་ནང་གི་ཁོང་ནང་ཆུ་དང། ཆུའི ་རྣམ་པ་དང། ཆུ་ཉིད་དང། བརླན་པ་དང། བརླན་པོའི་རྣམ་པ་དང། བརླན་པ་ཉིད་དང། གཤེར་བ་ཉིད་དང། ཉེ་བར་གྱུར་པ་དང། ཟིན་པ་འདི་ནི། ནང་གི་ཆུའི་ཁམས་ཞེས་བྱའོ། །ནང་གི་མེའི་ཁམས་གང་ཞེ་ན། གང་ཅི་ཡང་རུང་སྟེ། ལུས་འདི་ལ ་མེ་དང་མེའི་རྣམ་པ་དང། མེ་ཉིད་དང་དྲོ་བ་དང། དྲོ་བའི་རྣམ་པ་དང། །ཉེ་བར་འགྱུར་པ་དང་ཟིན་པའོ། །དེ་ཡང་གང་ཞེ་ན། གང་གི་ལུས་འདི་ལ་གདུང་བ་དང་བ་ཀུན་ཏུ་གདུང་བ་དང། ཡོངས་སུ་གདུང་བ་དང། གང་གིས་ཟོས་པ་དང། འཐུངས་པ་དང། ཆོས་པ ་དང་མྱངས་པ་རྣམས་བདེ་ཞིང་ལེགས་པར་ཞུ་བར་འགྱུར་བ་དང། ངག་གི་ཤས་ཆེན་རིམས་སོ་རིམས་སོ་ཞེས་བྱ་བའི་གྲངས་སུ་འགྲོ་བ་དང་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ནང་གི་རླུང་གི་ཁམས་གང་ཞེ་ན། གང་ལུས་འདི་ལ་རླུང་དང། རླུང་གི་རྣམ་པ་དང ་ཡང་བ་ཉིད་དང། གཡོ་བ་ཉིད་དང། ཉེ་བར་གྱུར་བ་དང། ཟིན་པའོ། །དེ་ཡང་གང་ཞེ་ན་འདི་ལྟ་སྟེ། གྱེན་དུ་འགྲོ་བའི་རླུང་དང། ཐུང་ངུ་འགྲོ་བ་དང། ཐད་ཀར་འགྲོ་བ་དང། རྒྱབ་ཏུ་འགྲོ་བ་དང། རྒྱབ་ན་གནས་པ་དང། ལྟོན་གནས་པ་དང། འཆད་པར ་བྱེད་པ་དང། འགགས་པར་བྱེད་པ་དང། གཟེང་བ་དང། འདར་བུ་དང། སྣ་སྐད་དང་རླུང་སྲན་དང། དབུགས་འབྱུང་བ་དང། རྡུབ་པ་དང་ལྡན་པ་དང། ཡན་ལག་དང་ཉིང་ལག་ལ་གནས་པའི་རླུང་དག་ལ་ཞེས་བྱ་བ་ལ་སོགས་པའོ། །ནང་གི་ནམ་མཁའ་གང ་ཞེ་ན། གང་ཅི་ཡང་རུང་སྟེ། ལུས་འདི་ལ་ནང་གི་ཁོང་ན་ཉེ་བར་གྱུར་པ་དང། ཟིན་པ་དང། ནམ་མཁའ་དང། ནམ་མཁའ་ཨི་རྣམ་པ་ནང་ཞེས་བྱ་བའི་གྲངས་སུ་འགྲོ་བ་འམ། གང་པགས་པ་དང་ཤ་དང། ཁྲག་གིས་དགང་བར་བྱ་བ་མ་ཡིན་པའོ། །དེ་དག་གང་ཞེ་ན། ལུས་འདི ་ལ་མིག་གི་ནང་ཞེ་འམ། རྣ་བ་འམ། སྣའི་ནང་ཞེ་འམ། ཁ་ཞེའམ་ཁའི་ནང་ཞེའམ། ཁའི་སྒོ་ཞེའམ། མིད་པ་ཞེའམ། གང་ནས་མིང?་པ་དང། གང་དུ་གནས་པ་དང། གང་གིས་ཟོད་པ་དང། འཐུངས་པ་དང། འཆོས་པ་དང། ་མྱངས་པ་རྣམས་ཐུང་ངུ་རྒྱུ་བར་བྱེད་པ་དང། གཞན་ཡང་ལུས་འདི་ལ་ནང་ཁང་ན་ཉེ་བར་གྱུར་པ་དང། ཟིན་པ་འམ། ཕུང་པོར་གྱུར་པ་འམ། ཁམས་སུ་གྱུར་པ་འམ། སྐྱེ་མཆེད་དུ་གྱུར་པ་དག་གི་ནམ་མཁའ་དང། ནམ་མཁའ་ཨི་རྣམ་པ་དང། མ་གང་པ་དང། ་དཔག་པ་དང། ཤ་དང་ཁྲག་གིས་དགང་བར་བྱ་བ་ཡིན་པ་ནང་གི་གྲངས་སུ་འགྲོ་བ་ཁོང་སྟོང་དང་བུ་ག་ཞེས་བྱ་བ་དག་སྟེ། དེ་དག་ནི་ནང་གི་ནམ་མཁའ་ཞེས་བྱའོ། །རྣམ་པར་ཤེས་པའི་ཁམས་གང་ཞེ་ན། མིག་གི་དབང་པོ་ནི་བདག་པོ། གཟུགས་ནི། ་དམིགས་པ། གཟུགས་སོ་སོར་རྣམ་པར་རིག་པ་སྟེ། སྔོན་པོ་རྣམ་པར་རིག་པའམ། སེར་པོ་དང། དམར་པོ་དང། ཁྲ་བོ་རྣམ་པར་རིག་པ་འམ། རིང་པོ་དང། ཐུང་ངུ་དང། སྦོམ་པོ་དང། ཕྲ་མོ་རྣམ་པར་རིག་པ་སྟེ། གང་ཅི་ཡང་རུང། ཁ་དོག་དང ་དབྱིབས་རྣམ་པར་རིག་པ་འདི་ནི་མིག་གི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། །དེ་བཞིན་དུ་གང་ཅི་ཡང་རུང། རྣ་བའི་དབང་པོ་ནི་བདག་པོ་ནས་ཡིད་ཀྱི་དབང་པོ་ནི་བདག་པོ། །ཆོས་ནི་དམིགས་པ་སྟེ། སྒྲ་རྣམ་པར་རིག་པའམ། དྲི་རྣམ་པར ་རིག་པ་འམ། རོ་རྣམ་པར་རིག་པ་འམ། རེག་བྱ་རྣམ་པར་རིག་པ་འམ། ཆོས་རྣམ་པར་རིག་པ་འདི་ནི་རྣ་བའི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་གྱི་ཁམས་ཏེ། དེ་ལྟར་དབང་པོ་དྲུག་མི་བདག་པོ། །ཡུལ་དྲུག་ནི ་དམིགས་པ་ཡིན་ལ་ཡུལ་རྣམ་པར་རིག་པ་འདི་ནི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། །ཞེས་གསུངས་སོ། །དེ་ལ་ཚོགས་ནི་ཚུལ་ཁྲིམས་རྣམ་པར་དག་པ་ལ་སོགས་པ་གཞན་དུ་བལྟའོ། །འདིར་བྱེ་བྲག་ཅུང་ཟད་ཙམ་ཞིག་བསམ་པར་བྱའོ ་འདི་སྙམ་དུ་འཕགས་པའི་ལམ་གྱིས་གེགས་སུ་འགྱུར་པའི་ང་རྒྱལ་འདི་མ་སྤངས་ན་རྟག་ཏུ་ངན་སོང་དང་མི་ཁོམ་པར་སྐྱེ་ཞིང། བརྒྱ་ལ་མིར་སྐྱེས་ན་ཡང་རིགས་དམའ་བ་དང། ལོང་བ་དང། མདོག་ངན་ཅིང། མཐུ་ཆུང་བའི་འགྲོ་བ་འཛིན་ན་རླ་ན་མེད་པའི་བྱང་ཆུབ་ལྟ ་ག་ལ་འཐོབ། དེ་སྐད་དུ། འཕགས་པ་ཡུལ་འཁོར་སྐྱོང་གི་ཞུས་པའི་མདོ་ལས། རྨོངས་ནས་ང་རྒྱལ་དབང་གི་ངན་སོང་སོ?། མི་ཁོམ་འགྲོ་བ་རྣམས་དང་དབུལ་པོ་དང། །དམའ་བའ་ཨི་རིགས་སུ་སྐྱེ་དང་ལོང་བ་དང། །མདོག་ངན་པ་དང་མཐུ་ཆུང་དེ་དག་འཛིན། ཅེས ་གསུངས། །དེ་བས་ན་བདག་གིས་ཅི་ནས་ཀྱང་ཁེངས་པ་འདི་དུས་ཐམས་ཅད་དུ་སྤངས་པར་བྱའོ། །སྙམ་དུ་བསམ་པར་བྱའོ། །དེ་ལ་བསྒོམ་ལ་གང་ཞེ་ན། ཐོག་མར་བྱ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་ལ། སྟན་བདེ་བའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས ་ལ་ལུས་དྲང་པོར་བསྲངས་ལ་ཡུད་ཙམ་ཞིག་བསྡད་དོ། །དེ་ནས་ཕྱི་རོལ་གྱི་ཁམས་སྔ་པོ་དག་མཚན་མ་བཟུང་ནས་ནང་གི་ཁམས་ལྔར་རྟོགས་པ་ལ་མོས་པར་བྱེད་དོ། །ཐོག་པ་དང་བསམ་པ་ལ་བརྟེན་ནས་རྣམ་པར་ཤེས་པའི་ཁམས་ལ་མོས་པར་བྱེད ་དོ། །འདི་ལྟར་མིག་གི་ཁམས་འདི་ན་འབྱུང་བ་ཆེན་པོ་བ་ནི་དང་བ་སྟེ། སྲ་བ་དང། གཤེར་བ་དང། ཚ་བ་དང། ཡང་ཞིང་གཡོ་བའོ་ཞེས་ཤེས་པ་རབ་ཏུ་བསྒྲིམས་ལ་བཞིང་ཅི་གསལ་ཏུ་བརྟག་གོ་།དེ་ལྟར་གཟུགས་ཅན་གྱི་དངོས་པོ་དབང་པོ་ལྔ་ལ་སོ་སོར་ཕྱི་ཞིང ་བརྟག་གོ་།ཁོང་སྟོང་དང་སྤབས་དང། མ་གང་བ་ལ་ནི་ནམ་མཁའ་ཨི་ཁམས་སུ་བརྟག་གོ་།ཐོས་པ་དང་བསམ་པ་ལ་བརྟེན་ནས་རྣམ་པར་ཤེས་པའི་ཁམས་ལ་འདི་ལྟར་དབང་པོ་དང། ཡུལ་དང་ཡིད་ལ་བྱེད་པ་ལ་སོགས་པ་ལ་བརྟེན་ནས་རྣམ་པར་ཤེས་པའི་ཁམས་དྲུག་སྐྱེ་སྟེ། ་རྣམ་པ་སྣ་ཚོགས་ལ་དམིགས་སོ། །སྙམ་དུ་དེ་དག་སོ་སོར་ཕྱེ་བ་ལ་དམིགས། །དེ་ལ་ཁམས་གྱི་ཚོད་གཟུང་བ་གང་ཞེ་ན། སྤྱིར་ཁམས་རབ་འབྲིང་དང་ཐ་མ་གསུམ་ཡོད་ཀྱང་དགེ་སྦྱོང་གཞན་ལ་རབ་ཏུ་འཇུག་པར་སྣང་ལ་སྒོམ་པ་ན་ཧ་ཅང་མི་ནུས་པ་ཡང་སྣང་བས་ཁམས ་རབ་ཀྱིས་ཀྱང་ཐུན་ཐུང་ངུ་ནས་བསླབ་པར་བྱའོ། །དེ་བས་ན་གསུམ་གས་ཀྱང་རེ་ཞིག་སློབ་ལུགས་གཅིག་པར་བྱ་སྟེ། མཚན་མོ་བཏང་སྙོམས་སུ་བཞག་ལ་གཉིད་ཇི་ཙམ་ལོག་པ་དེ་ཙམ་ལོག་པ་དེ་ཙམ་གྱི་ཁམས་བརྟས་ལ་དེ་ཙམ་ལོག་ལ་གདའ་ཨོ ་ཉིན་པར་ཞར་ལ་ཆོད་གཟུང་ཞིང་བསྒོམ་མོ། །འདི་ལྟར་དང་པོ་ཉིན་པར་སྔ་དྲོ་ཐུན་གཅིག་གོམ་པ་ཐ་མལ་པས་མདའ་རྒྱང་ཕྱེད་དུ་ཕྱིན་པའི་ཡུལ་ཙམ་ཞིག་བསྒོམ་མོ། །ཕྱི་དྲོ་ཐུན་ཅིག་ལ་ཡང་དེ་བཞིན་དུ་བསྒོམ་མོ། །དེ་ནས་ཉི་མ་བཅུའི་བར་དུ་ཐུན་རེ་རེ་བསྟན་ཞིང་བསྒོམ་མོ། ་ན་ཚ་ཕྲན་ཚིགས་བྱུང་ན་ཞར་ལ་ཞི་བར་བྱ་སྟེ། སྲན་བསྐྱེད་ལ་མི་བསྒོམ་མོ། །ད་ལྟ་བས་ན་ཁམས་ཀྱི་ཆེད་ཞར་ལ་ཤེས་པར་འགྱུར་རོ། །དེ་ལ་སེམས་ཀྱི་སྐྱེ་བའི་རིམ་པ་ནི་བཞི་སྟེ། དང་པོ་ནི་སོ་སོར་ཕྱེ་བ་མི་གསལ་ཞིང་གོ་རིམས་ཀྱང་འཁྲུགས་ཏེ་འགྲོ་བ་ཡིན་ནོ།། ་གཉིས་པ་ནི་སོ་སོར་ཕྱེ་བའི་སྐབས་སུ་གསལ་ཞིང་གོ་རིམས་མི་ཁྲུགས་པ་ཡིན་ནོ། །གསུམ་པ་ནི་སོ་སོར་ཕྱེ་བ་གསལ་ལ་གོ་རིམས་ཀྱང་མི་འཁྲུག་སྟེ། འོན་ཀྱང་ཡུན་ཐུང་ངུ་ལས་མི་ཐུབ་ཅིང་ལུས་ཀྱི་བདེ་བ་དང་སེམས་ཀྱི་དགའ་བ་མེད་ལ་འཇུག་པར ་བག་འདོད་པ་ཙམ་དུབ་སོ། །བཞི་པ་ནི་རྩོལ་པ་དྲག་ཞན་གཉིས་ཀ་ལ་སོ་སོར་ཕྱེ་བ་གསལ་ཞིང་གང་ལ་གཏད་པ་ལས་གཞན་དུ་འཕོར་མི་འདོད་ལ། །ལུས་ཀྱི་བདེ་བ་དང་སེམས་ཀྱི་དགའ་བ་དང་བཅས་པར་ཡུན་རིང་དུ་གནས་པར་ནུས་པ་ཡིན་ནོ།། ་དེ་ལ་གནས་པའི་ཚད་ནི་འདི་ལྟར་རྣལ་འབྱོར་བ་དེ་ཁམས་རབ་ཏུ་དབྱེ་བའི་སྦྱོར་བ་ཀུན་ཏུ་བརྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་པའི་རྒྱུས་ན་རྒྱུ་ཡང་རུང་གནས་ཀྱང་རུང་ཁམས་སྣ་ཚོགས་དང། ཁམས་དུ་མའི་ལུས་ལ་རིལ་པ་འམ་རབ་ཏུ ་འབྱེད་པའི་འདུ་ཤེས་ཆོས་མང་དུ་སྣང་ལ། རིལ་པོའི་འདུ་ཤེས་པ་དང། ང་རྒྱལ་གྱི་ཀུན་ནས་དཀྲིས་པ་དང་མཐུན་པའི་ཆོས་ལ་སེམས་མི་འཇུག་པ་ཡིན་ནོ། །དེ་ལ་བརྟེན་པའི་ཐབས་ནི་སེམས་གནས་པར་ཤེས་ནས་སྔར་བསྒོམ་པ་བས ་ཐུན་གྱི་གངས་ཉུང་པར་བྱ་སྟེ། ཡུན་ཅུང་ཟད་རིང་བར་བསྒོམ་མོ། །སྲོད་དང་ཐོ་རངས་ལ་ཡང་བསྒོམ་མོ། །སྔར་ཇི་ཙམ་གསལ་བ་དེ་ཙམ་ལས་ལྷག་པར་རྩོལ་བ་མི་བྱ་སྟེ། བག་གློད་ལ་བསྒོམ་མོ། །ཇི་སྲིད་དུ་ལུས་ངལ་བ་འམ། སེམས་དུབ་པའམ། སྒོམ་ཙམ་མ ་སྡང་བ་འམ། ཤགས་འབྱུང་བ་འམ། མགོ་བགས་ཀྱི་ལྕི་བའམ། ཡམ་ཡོམ་བྱེད་པའམ། །འདར་བའམ། ནུབ་མོ་གཉིད་སྲབ་པ་འམ། ཟས་མི་ཞིམ་པའམ། ངག་གི་འཁྲུལ་པ་མང་དུ་འབྱུང་བ་ལ་སོགས་པ་ཁམས་མི་བདེ་བའི་མཚན་མ་ཅུང་ཟད ་བྱུང་གི་བར་དུ་བསྒོམ་མོ། །དེ་ནས་བྱུང་ན་ངལ་གསོ་སྟེ། ལུས་ལ་སྐུ་མཉེ་བྱ། ཆོས་དང་མཐུན་པའི་ཟས་སྐོམ་གྱིས་ལུས་ཀྱི་ནུས་པ་བརྟས་སུ་གཞུག་གོ་།ཁམས་སོར་མ་ཆུད་ཀྱི་བར་དུ་ཉིན་མཚན་གཉིས་ལ་བསྒོམ་སྙིང་འདོད་པའི་དུས་སུ་ཐུན་ཆུང་རེ་རེ་ཙམ་བསྒོམ ་སྟེ། དེ་ཡང་ལྟ་བརྩམ་མོ། ནུས་པ་བརྟས་ནས་སྲོད་དང་ཐོ་རངས་ཐུན་རེ་ཉིན་བར་ཐུན་གསུམ་ཙམ་བསྒོམ་ཞིང་སྙིང་རྗེ་སྔོན་དུ་འགྲོ་བ་དང། སྨོན་ལམ་བཏབ་པ་ལ་སོགས་པ་ཡང་བྱའོ། །དེ་ལ་ལྷག་མཐོང་བསྐྱེད་བ་གང་ཞེ་ན། དམིགས་པ་འདི་ལ་བརྟེན ་གཅིག་དང་དུ་མ་དང་བྲལ་པའི་རྟགས་གྲུབ་ཤིན་ཏུ་སླ་བར་འགྱུར་ཏེ། འདི་ལྟར་ཁམས་གཟུགས་ཅན་དེ་དག་ནི་ཤིན་ཏུ་ཕྲ་ཡང་ཆ་ཤས་དང་བཅས་པར་སྣང་སྟེ། དེ་ལ་བཙལ་ན་ཆ་ཤས་མེད་པ་ནི་དམིགས་པར་མི་འགྱུར་རོ། །རྣམ་པར་ཤེས་པའི ་ཁམས་སེམས་ལས་བྱུང་བ་དང་བཅས་པ་ཡང་སྐད་ཅིག་མ་ཆ་ཤས་མེད་པ་ན་དམིགས་སུ་མེད་དོ། །ནམ་མཁའ་ཨི་ཁམས་ཀྱང་ཆ་ཤས་ཙམ་དང་འབྲེལ་པ་ཡིན་པའི་ཕྱིར་བ་ཅིག་པ་ག་ལ་ཡོད་དེ་སྐད་དུ། འཕགས་པ་ཡབ་དང་སྲས་མཇལ་བ་ལས་ཀྱང་། ་རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་རེ་རེ་ནས་བཙལ་ན་མི་དམིགས་སོ། །ཞེས་གསུངས་སོ། །དེ་ལྟ་བས་ན་གཅིག་མ་གྲུབ་ན་དུ་མ་མི་འགྲུབ་སྟེ། །དེ་ནི་དེ་ལ་བལྟོས་པའི་ཕྱིར་རོ། །དེ་ལ་རབ་ཏུ་གསལ་ན་རྟགས་རྗེས་སུ་དཔག་པའི་སྒོ་ནས་གྲུབ ་བ་ཡིན་ནོ། །དེ་བས་ན་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་དོན་དམ་པར་རང་བཞིན་མེད་དེ། དཔེར་ན་གཟུགས་བརྙན་བཞིན་ནོ་ཞེས་གསུངས་པའི། །གདམས་ངག་གི་རྗེས་སུ་འབྲང་བར་བྱའོ། །ལས་ཚུལ་བསམ་གྱིས་མི་ཁྱབ ་ཀྱང། །བདག་ལས་བློ་ཞེན་མི་སྲིད་དེ། །འོན་ཀྱང་དོན་དུ་མི་གཉེར་བས། །མཁས་པའི་གདམས་ངག་མ་ཐོས་ལ། །ཕན་སྲིད་བསམས་ནས་བྲིས་པ་ལགས། །རབ་རིབ་ཅན་གྱི་གཟུགས་བལྟས་ནས། །གཞན་ལ་འདི་ཞེས་སྟོན་འདྲ་བས། །མཁས ་པ་རྣམས་ལ་བཟང་བར་གསོལ། །ཁམས་རབ་ཏུ་དབྱེ་བའི་སྒོ་ནས། །སེམས་གནས་པར་བྱ་བའི་ཐབས་ཅུང་ཟད་བྲིས་བ་རྫོགས་སོ།། །།གང་གིས་རླུང་འདི་དབང་གྱུར་པས། །མི་རྟོག་ཡེ་ཤེས་སྐྱེས་གྱུར ་