| Wylie | e-texts based on the ACIP/ALL Input |
གྲོལ་བ་ཞེས་བྱའོ། །དོན་རྣམ་པར་གདོན་མི་ཟ་བའི་ཊཱི་ཀ་རྫོགས་སོ། །ལྷག་མཐོང་བསྐྱེད་པའི་ཐབས་བཞུགས་སོ། །དངོས་འཛིན་རྣམ་རྟོག་ཚང་ཚིང་ལྟ་བུ་ཤེས་རབ་མཚོན་གྱིས ་རབ་གསལ་ནས། །དེ་ཉིད་ལ་ཡང་མི་གནས་དེ་ཕྱིར་མ་གཏོགས་འགྲོ་རྣམས་མུན་འཐོམས་ལ། །ཐུགས་རྗེ་ཆེན་པོས་ཆུ་ཀླུང་བཞིན་དུ་རང་གིས་འཇུག་པས་ཐབས་སྣ་ཚོགས། །གསུང་བ་དེ་ལ་དང་བས་ཕྱག་བྱས་ལྷག་མཐོང་སྐྱེད་ཐབས་མདོར་བསྡུ་བྱ།། ་སྡོམ་ནི་སྔོན་འགྲོའི་ཞི་གནས་བསྟེན་པ་ཡིས། །རྟོག་པར་བྱ་དགོས་དང་པོས་ཀྱང། །ངོ་བོ་མཚན་ཉིད་ངེས་ཚིག་དང། །དབྱེ་བ་དམིགས་པ་བསྐྱེད་པའི་ཐབས། །དེ་རིགས་བསོད་ནམས་ཡན་ལག་དང། །ལུས་བཅོས?་མཚམས་སྦྱོར་བཞག་པ་དང། ། ་ཉེས་སྤངས་ལྡང་སེམས་ལངས་པའི་སྤྱོད། །ཚེད་གཟུང་བསྐྱེད་རིམ་གནས་པའི་ཚད། །བསྟན་པའི་ཐབས་ནི་ཅི་རིགས་བྱ། །གསལ་དང་ཐུན་རིང་སྐྱེད་དབྱུང་དང། །ལོག་པར་རྟོགས་པའི་གཞུང་ཉིད་དང།། ་རང་ཕྱོགས་བསྒྲུབ་མེད་ཚུལ་གྱིས་བསྒྲུབ། །དེ་ལ་སྔོན་དུ་འགྲོ་བ་ནི་ཐེག་པ་ཆེན་པོའི་མདོ་སྡེའི་ཚུལ་གྱིས་རྗེས་པ་འཇུག་ལས་དང་པོ་པ་སོ་སོར་ཐར་པའི་སྡོམ་པ་ལ་ལེགས་པར་གནས་པ། །སྨོན་པ ་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། བླ་མ་ཡོན་ཏན་དང་ལྡན་པ་ལས་ཐེག་པ་ཆེན་པོའི་སྡོམ་པ་ལེགས་པར་བླངས་ནས་གུས་པར་སློབ་པ། ཚུལ་ཁྲིམས་རྣམ་པར་དག་པ་ལ་སོགས་པ་ཞི་གནས་ཀྱི་ཚོགས ་ལ་གནས་ནས། ལྷག་པའི་སེམས་ཅུང་ཟད་བསྟེན་པ་དེས་ལྷག་མཐོང་གི་ཚོགས་ལ་གནས་ནས་ལྷག་པའི་ཤེས་རབ་ལ་བསླབ་པའི་ཕྱིར་དེ་ཁོ་ན་ཚོལ་བ་ལ་བརྩོན་པར་བྱའོ། །དེ་སྐད་དུ་དབུ་མའི་རྒྱན་ལས་གང་དག་དད་པས་རྗེས་སུ་བྲང་བ། ་རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ནས། ཐུབ་པའི་བརྟུལ་ཞུགས་བླང་བྱས་ཏེ། དེ་ནི་ཡང་དག་ཤེས་ཚོལ་བརྩོན་ཞེས་གསུངས་སོ། །ལྷག་མཐོང་གི་ཚོགས་ནི་འཕགས་པ་བློ་གྲོས་མི་བཟང་བས་སྟ་ནང་ལས་ལྷག་མཐོང་གི་ཚོགས་བཟང་པའི་སྐབས ་ནས་འབྱུང་བ་ཁོང་དུ་ཆུད་པར་བྱའོ། །དེ་ལ་གང་དངོས་པོ་ལ་མངོན་པར་ཞེན་པ་དེ་ནི་ཉོན་མོངས་པ་སྣ་ཚོགས་སྐྱེ་བའི་གཞི་ཡིན་ཏེ། དཔེར་ན་སྐྱེས་བུ་གཟུགས་ཡིད་དུ་འོང་བ་དང་ཕྲད་པར་འདོད་ཅིང་ཞེན་པས་ཉོན་མོངས་པ་སྐྱེ ་བ་ལྟ་བུའོ། །ལྷག་མཐོང་མི་སྐྱེད་པར་ཏིང་ངེ་འཛིན་གྱི་དམིགས་པ་ལ་མངོན་པར་ཞེན་པ་འདི་དག་ཀྱང་ཉོན་མོངས་པ་ཡང་སྐྱོ་བར་འགྱུར་རོ། །དེ་སྐད་དུ་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཏིང་ངེ་འཛིན་དེ་སྒོམ་པར་བྱེད་མོད་ཀྱི། །དེ་ནི་བདག་ཏུ་འདུ་ཤེས་འཇིག ་མི་བྱེད། །དེ་ཡི་ཉོན་མོངས་ཕྱིར་ཞིང་རབ་འཁྲུགས་ཏེ། །ལྷག་སྤྱོད་འདི་ནི་ཏིང་ངེ་འཛིན་བསྒོམ་པ་བཞིན་ཞེས་གསུངས་སོ། །གང་དག་ཉོན་མོངས་པའི་རྐྱེན་གྱིས་ལས་བསགས་པ་དེ་དག་ནི་ཡུན་རིང་པོར་འཁོར་བ་ན་འཁྱམ་ཞིང་སྡུག་བསྔལ་སྣ་ཚོགས་མྱོང་སྟེ། དཔེར་ན་ཕྱེ ་མ་ལེབ་མེའི་ཕུང་པོར་ཆུད་པ་ལྟ་བུའོ། །འོན་ཏེ་དེས་ཐ་མལ་བའི་རྟོག་པ་ལྡོག་པས་གྲོལ་བར་འགྱུར་ཞེ་ན། མ་ཡིན་ཏེ། འཕགས་པ་བྱམས་པས། ཟས་ཆེན་དུག་དང་འདྲེས་ལ་ཞེན་ཞེས་གསུངས་སོ། །འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང། གང་ཡང་རུང་བའི་གནས་རྙེད་ན ་ཉོན་མོངས་སྤྲུལ་གདུག་གཡོ་ཅན་གྱི། །ཟིན་པར་འགྱུར་རོ་གང་གི་སེམས། །གནས་མད་དེ་དག་ཟིན་མི་འགྱུར། ཞེས་གསུངས་སོ། །དེ་བས་ན་ཞེན་པས་ཞེན་པ་མི་སྤོང་ཏེ། གཞེན་དུ་ན་མེས་ཚིག་པའི་འཕྲོ་མེར་བཅུག་པས་སོས་པ་དང་གཤེར་བ་ཆུར་བཅུག་པས ་བསྐམས་པ་དང། ལྟོགས་པ་ཟས་བཅད་པས་འདྲངས་པ་དང། སྐོམ་པ་བཏང་བ་བཅད་པས་ངོམས་པར་ཐལ་བར་འགྱུར་རོ། །གཞན་དག་ན་རེ་དེ་བཞིན་གཤེགས་པ་ལ་སོགས་པའི་གཟུགས་ཀྱི་སྐུའི་བདག་ཉིད་དམ། གཞན་ཡང་རུང་སྟེ། ཤིན་ཏུ་གསལ་བར ་མཐོང་ན་དེ་གྲོལ་བར་འགྱུར་ཞེ་ན་མ་ཡིན་ཏེ། འཕགས་པ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་ལས། དཔེར་ན་གསེར་གྱི་གོང་བུ་དེ་བླང་བར་བྱ་བ་ཡིན་ཡང་མེས་རབ་ཏུ་ཚ་བར་གྱུར་ན་ལག་པས་བཟུང་བར་བྱ་བ་མ་ཡིན ་ཏེ། དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་ལུས་ཀྱི་སྡུག་བསྔལ་སྐྱེ་བའི་ཕྱིར་རོ། །དེ་བཞིན་དུ་གཟུགས་ཀྱི་སྐུ་དེ་ཡང་བླང་བར་བྱ་བ་ཡིན་མོད་ཀྱི་འོན་ཀྱང་ཞེན་པར་གྱུར་ན་སྤང་བར་བྱའོ་ཞེས་གསུངས་སོ། །སྒྱུ་མ་ལྟ་བུར་སྣང་བ་ནི་དོན་དམ་པར་སྐྱེ་བ་མེད་པ་ན་མ་གཏོགས ་བར་འབྱུང་མི་སྲིད་པར་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་གསུངས་སོ། །གཞན་ཡང་འདི་ན་ཁ་ཅིག་དེ་བཞིན་གཤེགས་པས་སྐྱེ་བོ་བླུན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་དོན་མ་རྟོགས་ཤིང་ལོག་པར་རྟོགས་པ་རྣམས་ཡུན་རིང་པོར ་འཁོར་བ་ན་འཁྱམ་པ་དག་ལ་ཐབས་སྣ་ཚོགས་ཀྱིས་བྲང་བའི་དོན་དུ་གསུངས་པ་ལ་ཞེན་ནས་ཟབ་མོའི་དོན་ལ་མོས་པ་ཡང་ཟློག་པར་བྱེད་དེ། འདི་སྐད་ཅེས་འདི་ནི་སྒོམ་དུ་མི་འདོད་རྟོགས་པར་དཀའ་། མ་རྟོགས་ཀྱང་བྱང་ཆུབ་ཐོབ་པར་བྱེད་པའི་ཐབས ་གཞན་ཡང་གང་ཞེ་ན། མཚན་མ་བསྡོམ་པའོ་ཞེས་ཟེར་ཞིང་གེགས་བྱེད་པ་དེ་དག་ནི་ལྟ་བ་ལོག་པ་དང་གཞན་གྱི་གེགས་བྱས་པས་ལས་ཀྱི་སྒྲིབ་པ་ཤིན་ཏུ་ཡང་སྤང་དཀའ་བ་བསགས་པའི་ཕྱིར། ལྷ་དང་མིའི་ལུས་ཀྱང་མི་འཐོབ་ན། བླ་ན་མེད་པའི་བྱང་ཆུབ ་ལྟ་བ་ལ་འཐོབ། དེ་སྐད་དུ་ཡང། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པ་ལས། གང་གིས་ཆོས་རྣམས་ཀྱིས་ནི་དེ་བཞིན་ཉིད། །མ་ཤེས་པས་ན་འགྲོ་བ་འཁྱམ་འགྱུར་ཏེ། ཐུགས་རྗེ་ཐབས་ཚུལ་རིག་པ་བརྒྱ་དག་གིས། །དེ་དག་རྣམས་ནི་སྟོན་པར་མཛད ་པ་ལགས།?་ཞེས་གསུངས་སོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས་ཀྱང་གང་ཟག་དེ་ནི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བར་གསུངས་ལ། གང་ཟག་གཞན་གྱི་ན་བདུད་མཁན་པོ་ལ་སོགས་པའི་ཆ་བྱེད་དུ་བྱས་པ་ཡིན་པར ་ཡང་གསུངས་སོ། །དེ་སྐད་དུ་འཕགས་པ་ལྷ་ཡིས་ཀྱང། གཏི་མུག་གང་གིས་བསྒྲིབས་སུ་གྱུར་ཏེ། །གང་ཞིག་ཡང་དག་གེགས་བྱེད་པ། །དེ་ལ་འབྲས་བུ་དགེ་བ་མེད། །ཐར་པ་མེད་པ་སྨོས་ཅི་དགོས་ཞེས་གསུངས་སོ། །དེ་བས་ན་སྐྱེས་བུ་གང་བདག་དང་ ་གཞན་གྱི་འཁོར་བའི་སྡུག་བསྔལ་དཔག་ཏུ་མེད་པ་སྤོང་བར་འདོད་ཅིང། བླ་ན་མེད་པའི་བྱང་ཆུབ་ཆེན་པོ་སྐུ་གསུམ་དང་ཡེ་ཤེས་བཞིའི་བདག་ཉིད་ཐོབ་འདོད་པས་སྡུག་བསྔལ་དཔག་ཏུ་མེད་པའི་རྒྱུ། ཉོན་མོངས་པ་དུག་དང ་འདྲ་བའི་རྩ་བ་དངོས་པོ་ལ་མངོན་པར་ཞེན་པ་དུག་གི་སྡོང་པོ་ལྟ་བུ་དེ་ཐབས་ཀྱིས་ཟིན་པའི་ཤེས་རབ་མཚན་རྣོན་པོ་འདྲ་བ་དེས། སྤང་བའི་ཕྱིར་ཆོས་རྣམས་ཀྱི་དེ་བཞིན་ཉིད་དེ་ནི་ཤིན་ཏུ་རྟོགས་པར་བྱ་དགོས་ཏེ། འཕགས་པ་དཀོན་མཆོག ་སྤྲིན་ལས་ཀྱང། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་དག་ཆོས་ཉིད་འདི་ཐོབ་ནས་སེམས་ཅན་གཞན་དག་ཀྱང་ཆོས་ཉིད་འདི་ཁོ་ན་ལ་རབ་ཏུ་དགོད་དོ་སྙམ་སྟེ་དོན་གང་གི་ཕྱིར་འབད་ཅིང་རྩོལ་བ་དང། བརྩོན་འགྲུས་བརྩོམ་པ་དང། དཀའ་བ ་བརྒྱ་དག་བྱེད་པའི་རིགས་ཀྱི་བུ་དེ་ནི་དེ་བཞིན་ཉིད་ཅེས་བྱའོ་ཞེས་གསུངས་སོ། །གཞན་དག་ན་རེ་ཆོས་ཉིད་དེ་རྟོགས་པར་བྱ་དགོས་ཀྱང་ལས་དང་པོ་པས་བསླབ་པར་བྱ་བ་མ་ཡིན་ནོ་ཞེས་ཟེར་ན། དེ་ལྟ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང ་ཕྲག་བརྒྱ་པ་ལས། སེམས་བསྐྱེད་མ་ཐག་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བསླབ་པར་བྱའོ་ཞེས་གསུངས་སོ། །འོན་ཏེ་ད་ནི་ཐོས་པ་དང་བསམ་པ་ཙམ་ལས་བསླབ་པར་བྱ་བ་ཡིན་ཏེ། བསྒོམ་པའི་དོན་དུ་གསུངས་པ་མ་ཡིན་ནོ་ཞེ་ན། དེ་ལྟར་མི་ལྟ་སྟེ ་ཐོས་པ་དང་བསམ་པ་ཡིན་མོད་ཀྱང་བསྒོམ་པ་ཡང་ཡིན་ཏེ། དེར་དགག་པའི་ཚིག་ནི་མ་གསུངས་ལ་བསྒྲུབ་པའི་ཚིག་ནི་མང་དུ་གསུངས་སོ། །མངོན་པར་རྟོགས་པའི་རྒྱན་ལས་ཀྱང་ཚོགས་ཀྱི་ལམ་གྱི་སྐབས་སུ་རྣམ་པར་མི་རྟོག་ཏིང་ངེ་འཛིན་དང་ཞེས ་གསུངས་པ་དང། བསྒོམ་པའི་རིམ་པ་དང་པོ་མཛད་པ་ལས་ཀྱང། ཐེག་པ་ཆེན་པོའི་མདོ་སྡེ་ཡིས། །ཚུལ་སྤྱོད་ལམ་ནི་དང་པོ་པ། །དེ་ལས་བསམས་ཏེ་བསྒོམས་པ་ཡི། །རིམ་པ་མདོ་ཙམ་བརྗོད་པར་བྱ་ཞེས་གསུངས་ལ། དེའི་ལྷག ་མཐོང་བསྒོམ་པའི་སྐབས་སུ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་དམིགས་པ་ཞེས་གསུངས་སོ། །དེ་ལྟ་བས་ན་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ནི་ལས་དང་པོ་པས་ཀྱང་ཤིན་ཏུ་རྟོགས་པར་བྱ་དགོས་སོ། །དེ་ལ་དེ་རྟོགས་པར་བྱེད་པ་ནི་ལྷག ་མཐོང་ལས་གཞན་པ་མ་ཡིན་ཏེ། དེའི་ངོ་བོ་ཉིད་ནི་ཤེས་རབ་བོ། །དེ་སྐད་དུ། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས་ཀྱང། བཅོམ་ལྡན་འདས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ལ། བྱང་ཆུབ་སེམས་དཔའ་ཨི་ཕ་རོལ་ཏུ་ཕྱིན་པ་གང་གིས ་འཛིན། སྤྱན་རས་གཟིགས་དབང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སོ། །ཞེས་གསུངས་སོ། །དེའི་མཚན་ཉིད་ནི་དབྱེ་བ་ཡིན་ཏེ། དེ་ཉིད་ལས་ཤེས་པར་བྱ་བའི་དོན་དེ་འབྱེད་པ་དང་རབ་ཏུ་རྣམ་པར་འབྱེད་པ་དེ་ནི་ལྷག་མཐོང་ངོ། ཞེས་གསུངས་སོ། །གཞན ་ལས་ཀྱང་ཤེས་རབ་གང་ཞེ་ན། དེ་དག་ཉིད་ལ་རབ་ཏུ་རྣམ་པར་འབྱེད་པའོ། །ཞེས་གསུངས་སོ། །ངེས་པའི་ཚིག་ན་འདིར་གཞན་གྱིས་མ་རྟོགས་པ་རྟོགས་པ་དང་མ་མཐོང་བ་མཐོང་བ་ནི་ལྷག་མཐོང་ཡིན་ཏེ། དེ་སྐད་དུ། འཕགས་པ་ཀླུའི་རྒྱལ་པོ ་རྒྱ་མཚས།?་ཞུས་པ་ཆེན་པོ་ལས་ཀྱང། བཅོམ་ལྡན་འདས་གལ་ཏེ་ཆོས་འགའ་ཞིག་མཐོང་ན་ནི། དེའི་ལྷག་མཐོང་མ་ལགས་སོ། །ཞེས་གསུངས་ཏེ། མ་མཐོང་བ་དེ་ནི་མཐོང་བ་རྣམས་ཀྱི་དམ་པ་ཡིན་ཏེ། དེ་སྐད་དུ། འཕགས་པ་ཆོས་ཀུན་བགྲོ་བ་ལས ་ཀྱང། བཅོམ་ལྡན་འདས་ཆོས་ཐམས་ཅད་མི་མཐོང་བ་ནི་ཡང་དག་པ་མཐོང་བའོ་ཞེས་ཚེ་དང་ལྡན་པ་རབ་འབྱོར་གྱིས་གསུངས་སོ། །དེ་ལ་དབྱེ་བ་ནི་གསུམ་སྟེ། ཐོས་པའི་ཤེས་རབ་དང། བསམ་པའི་ཤེས་རབ་དང། བསྒོམ་པའི་ཤེས་རབ་བོ། །དེ ་ལ་དམིགས་པ་ནི་ཐོས་པའི་ཤེས་རབ་ཀྱི་དམིགས་པ་སྒྲ་རང་གི་མཚན་ཉིད་དང། སྒྲ་བཀོད་པའི་ཡི་གེ་དག་ལ་དམིགས་ཏེ། མངོན་སུམ་དང་དམིགས་པ་མཚུངས་པའི་ཕྱིར་རོ། །སྒྲ་སྤྱི་དང་དོན་སྤྱི་ལ་ཡང་དམིགས་ཏེ། མངོན་སུམ་ལ་ངེས ་པའི་ཤེས་པས་གྲོགས་བྱེད་པའི་ཕྱིར་རོ། །དེ་ལ་ཁ་ཅིག་ན་རེ་ཐོས་པའི་ཤེས་རབ་ནི་སྒྲ་རང་གི་མཚན་ཉིད་འབའ་ཞིག་ལ་དམིགས་ཟེར་ཏེ། དེ་ལྟ་མ་ཡིན་ནོ། །གང་གི་ཕྱིར་བུམ་པ་ཞེས་ཟེར་བའི་སྒྲ ་ཐོས་པའི་དུས་སུ། མགྲན་པ་ཕྲ་བ་ལ་སོགས་པའི་དོན་མ་ཤེས་ན་མ་ཐོས་པ་དང་འདྲའོ་དེས་ན་བསམ་པའི་ཤེས་རབ་གང་ལ་བསྐྱེད། བསམས་པའི་ཤེས་རབ་མེད་ན་བསྒོམ་པའི་ཤེས་རབ་མི་སྐྱེ་སྟེ། དེའི་ཕྱིར་དེ་ནི་ལོག་པར་རྟོག ་པ་ཡིན་ནོ། །བསམས་པའི་ཤེས་རབ་ཀྱི་དམིགས་པ་ནི་སྒྲའི་སྤྱི་དང་དོན་གྱི་སྤྱིའོ། །ཡང་གཙོ་བོས་ཕྱེ་ན་ཡང་དག་པའི་ཤེས་པ་ནི་རྣམ་པ་གཉིས་ཏེ་ཞེས་གསུངས་པས་རྗེས་སུ་དཔག་པའི་ཤེས་པ་མཐར་ཐུག་པ་དང་མཚུངས་པར་ལྡན ་པའི་དམིགས་པ་ནི་དོན་གྱི་སྤྱི་འབའ་ཞིག་གོ་།བསྒོམ་པའི་ཤེས་རབ་ཀྱི་དམིགས་པ་ནི་གཉིས་ཏེ། དོན་རང་གི་མཚན་ཉིད་དང་དོན་གྱི་སྤྱིའོ། །དེ་ལ་དོན་རང་གི་མཚན་ཉིད་ནི་འཇིག་རྟེན་ལས་འདས་པའི་རྣལ་འབྱོར་གྱི་མངོན་སུམ་དང ་མཚུངས་པར་ལྡན་པའི་ཤེས་རབ་ཀྱི་དམིགས་པའོ། །དོན་གྱི་སྤྱི་ནི་སོ་སོའི་སྐྱེ་བོའི་རྗེས་སུ་དཔག་པ་སྒོམ་པ་དང། མཚུངས་པར་ལྡན་པའི་ཤེས་རབ་ཀྱི་དམིགས་པའོ། །དེ་ལ་སྐྱེད་པའི་ཐབས་ནི་གསུམ་སྟེ། ཐོས་པ་དང། བསམ ་པ་དང་བསྒོམ་པའི་ཤེས་རབ་བོ། །དེ་ལ་རེ་ཞིག་ཐོས་པའི་ཤེས་རབ་བསྐྱེད་པར་བྱའོ། །དེ་ལ་ཁ་ཅིག་ན་རེ་ཐོས་པ་བྱ་མི་དགོས་ཏེ། དེ་ནི་གཞན་ལ་སྨྲ་བར་འདོད་པ་ཡིན་ནོ། །སྨྲ་བ་ལ་དགའ་བ་ནི་ལྷག་པའི་བསམ་པ་བསྐུལ་བའི་མདོ ་ལས། བདག་ནི་བསྒྲུབ་ཉམས་ད་ནི་ཅི་བྱ་ཞེས། འཆི་བའི་དུས་ཚེ་མྱ་ངན་ཆེན་པོ་ལྡང། གཏིང་རྙེད་མ་གྱུར་ཤིན་ཏུ་སྡུག་བསྔལ་ཏེ། སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ་།ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བས་ན་སྒོམ་པར་བྱེད ་བ་ལ་མདོ་སྡེ་པར་ལྟས་པས་ཆོག་ཟེར་ཏེ། དེ་ལྟ་མ་ཡིན་ཏེ། དེ་ནི་རྙེད་པ་རང་བཀུར་སྟིའི་ཆེད་དུ་སྨྲ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། གཞན་ལ་ཕན་པའི་ཆེད་དུ་ཆོས་སྨྲ་བ་ཡང་ཕན་ཡོན་ཆེ་བའི་ཕྱིར་དགོས་པ་མེད་པ་མ་ཡིན་ནོ། །དེ་ ་སྐད་དུ། ལྷག་པའི་བསམ་པ་སྐུལ་བའི་མོད་དེ་ཉིད་ལས། བྱམས་པ་གང་འཐོབ་པ་དང། བཀུར་སྟི་མི་འདོད་པར་ཆོས་སྦྱིན་པ་ཟང་ཟིང་མེད་པའི་ཕན་ཡོན་ཉི་ཤུ་སྟེ། གང་ཞེ་ན་འདི་ལྟ་སྟེ། དྲན་པ་དང་ལྡན་པ་ཡིན། བློ་དང་ལྡན་པ་ཡིན། བློ་གྲོས ་དང་ལྡན་པ་ཡིན། མོས་པ་དང་ལྡན་པ་ཡིན། ཤེས་རབ་དང་ལྡན་པ་ཡིན་འཇིག་རྟེན་ལས་འདས་པའི་ཤེས་རབ་རྗེས་སུ་རྟོགས་པ་ཡིན། འདོད་ཆགས་ཆུང་བ་ཡིན། ཞེ་སྡང་ཆུང་བ་ཡིན། གཏི་མུག་ཆུང་བ་ཡིན། བདུད་ཀྱིས་དེ་ལ་གླགས་མི་རྙེད་པ་ཡིན ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དེ་ལ་དགོངས་པ་ཡིན། མི་མ་ཡིན་པ་རྣམས་ཀྱིས་དེ་ལ་བསྲུང་པ་ཡིན། ལྷ་རྣམས་ཀྱིས་དེའི་ལུས་ལ་མདངས་འཇུག་པ་ཡིན། མི་མཛའ་བ་རྣམས་ཀྱིས་དེ་ལ་གླགས་མི་རྙེད་པ་ཡིན། མཛའ་བོ་རྣམས་དང་མི ་ཕྱེད་པ་ཡིན། ཚིག་གཟུང་བར་འོས་པ་ཡིན། མི་འཇིགས་པ་ཐོབ་པ་ཡིན། ཡིད་བདེ་བ་མང་པ་ཡིན། མཁས་པས་བསྔགས་པ་ཡིན། དེ་ལ་ཆོས་ཀྱི་སྦྱིན་པ་རྗེས་སུ་དྲན་པར་འགྱུར་བ་ཡིན་ཏེ། བྱམས་པ་ཕན་ཡོན་ཉི་ཤུ་པོ་འདི་དག་གོ་ཞེས་གསུངས ་སོ། །དེ་ནི་བསྟན་པ་འཛིན་པར་ཡང་གསུངས་ཏེ། དེ་འཛིན་བྱེད་པ་སྨྲ་བྱེད་དང་ཞེས་གསུངས་ཏེ། དེ་བས་ན་དེའི་ཆེད་དུ་ཡང་ཐོས་པ་བྱ་དགོས་སོ། །མདོ་སྡེ་བཀླགས་པ་ཙམ་གྱིས་དོན་རྟོགས་པར་མི་འགྱུར་ཏེ། དེ་བཞིན་གཤེགས་པའི་དགོངས་པ ་ཟབ་མོ་ནི་ཤིན་ཏུ་རྟོགས་པར་དཀའ་ཨོ། །གསུང་གཅིག་ལ་ཡང་མོས་པ་སྣ་ཚོགས་འཇུག་སྟེ། དེ་སྐད་དུ་གསུང་གཅིག་བཀའ་ནི་གསལ་མོད་ཀྱི། དུ་མ་ཉིད་དུ་སོ་སོར་བརྡས། འདི་བདག་ཁོ་ནའི་ཆེད་ཡིན་ཞེས། ཀུན་གྱིས་དེ་ལྟར་གདའ་བ་སྟེ་ཞེས ་གསུངས་པ་དང། ལུང་ནི་འདམ་གྱིས་ཕུར་པ་འདྲ་ཞེས་ཀྱང་གསུངས་ལ། དད་ལྡན་རྐང་བརྐྱང་འདུག་།བདེར་གཤེགས་ཉི་མ་འདི། བྲམ་ཟེ་སྐུད་འཁལ་བཞིན། དེ་ཉིད་དངོས་ལས་རིང་ཞེས ་གསུངས་སོ། །གཞན་ཡང་ལས་དང་པོ་པས་མདོ་སྡེ་བཀླགས་པ་ཙམ་གྱིས་དོན་ཟབ་མོ་གོ་ན་དགེ་བའི་ཤེས་གཉེན་སྲོག་གི་ཕྱིར་ཡང་མི་བཏང་ཞེས་གསུངས་པ་དང། ཡང་འགལ་ལ། ཀློག་མཁན་ཀུན་ཀྱང་སྡེ་སྣོད ་གསུམ་པར་ཐལ་བར་འགྱུར་རོ། །དེ་བས་ན་སངས་རྒྱས་ཆོས་ནི་ཚོལ་འདོད་ན། ཐོས་པ་མེད་པའི་མི་ཕྱིར་འབྲེངས་ཞེས་གསུངས་པས་དགེ་བའི་བཤེས་གཉེན་བསྟེན་ཅིང་དེ་ལས་ཐོས་པ་མང་པོ་བྱ་བ་ནི་ཤིན་ཏུ་ཡང་གཅེས ་སོ། །དེའི་ཕན་ཡོན་ནི་སྲེད་མེད་ཀྱི་པུས་ཞུས་པའི་མདོ་ལས་གསུངས་པ། རིགས་ཀྱི་བུ་ཐོས་པ་དང་ལྡན་པ་ནི་ཤེས་རབ་འབྱུང་བར་འགྱུར་རོ། །ཤེས་རབ་དང་ལྡན་པ་ནི་ཉོན་མོངས་པ་རབ་ཏུ་ཞི་བར་འགྱུར་རོ། །ཉོན་མོངས ་པ་མེད་པ་ལ་བདུད་ཀྱི་གླགས་མི་སྙེད་དོ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་ནས་བྱང་ཆུབ་སེམས་པ་ཆོས་འདོད་པ་དྲི་མ་མེད་པའི་གཟི་བརྗིད་ཅན་གྱིས་ཐོས་པའི་ཚོགས་ལ་མངོན་པར་བརྩོན་པར་བྱའོ། །ཞེས ་བྱ་བའི་བར་དུ་གསུངས་སོ། །དེ་ལྟ་བས་ན་ཕྱིན་ཅི་མ་ལོག་པར་སྟོན་པའི་དགེ་བའི་བཤེས་ལས་ཐོས་ན་དེའི་དོན་ལ་ལེགས་པར་བསམས་ན་སྒོམ་པ་ལ་འཇུག་གི་གཞན་དུ་ན་མ་ཐོས་ན་ཅི་ཞིག་བསམ། མ་བསམས་པར ་ཅི་ཞིག་བསྒོམ་སྟེ། རྒྱུ་མེད་པའི་འབྲས་བུ་མི་སྲིད་པའི་ཕྱིར་རོ། །དེ་བས་ན་སློབ་དཔོན་ཀ་མ་ལ་ཤཱི་ལ་སི་བསྒོམས་པའི་རིམ་པ་བར་དུ་མཛད་པ་ལས་ཀྱང། ལྷག་མཐོང་གི་ཚོགས་གང་ཞེ་ན། སྐྱེས་བུ་དམ་པ་མ་བརྟེན ་པ་དང། མང་དུ་ཐོས་པ་ཡོངས་སུ་བཙལ་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་ཁ་ཅིག་ན་རེ་ཐོས་པ་ཁོ་ན་བྱ་སྟེ། ཚུལ་ཁྲིམས་ནི་བཏང་སྙོམས་སུ་བཞག་གོ་།དེ་ཅིའི་ཕྱིར་ཞེ་ན། མིའི་ལུས་ནི་བསྙེན་གནས་ཙམ་གྱིས ་ཀྱང་འཐོབ་པའི་ཕྱིར། དགེ་སློང་ལ་སོགས་པ་ཚུལ་ཁྲིམས་ཀྱི་ཆེད་དུ་འབད་པ་དོན་མེད་དོ། །ཞེས་ཟེར་ཏེ། དེ་ལྟར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་ནི་ཚུལ་ཁྲིམས་ཡིན་པར་མདོ་སྡེ་མཛའ་དག ་ལས་གསུངས་ལ། དེའི་རྩ་བ་ནི་དགེ་སློང་ཡིན་ཏེ། དེ་ལ་དོན་མེད་ན་སྤང་བར་བྱ་བ་ཡིན་པས། དེ་སྤངས་ན་རྩ་བ་ཆད་པས་སོ་སོར་ཐར་པའི་གོས་བདུན་ཀ་སྤངས་ཏེ། དེས་ན་བདེ་འགྲོ་ཐམས་ཅད་སྤངས་པ་ཡིན་ནོ། །དེ་སྤངས་པས་བྱང་ཆུབ ་སྒྲུབ་པའི་རྟེན་མེད་པའི་ཕྱིར་བྱང་ཆུབ་ཇི་ལྟར་སྒྲུབ། དེ་བས་ན་དེ་སྐད་སྨྲ་བ་དེས་ནི་མཐོ་རིས་དང་ཐར་པ་མཛའ་དག་སྤངས་པ་ཡིན་ནོ། །འོན་ཏེ་བསྙེན་གནས་ཁས་བླངས་པ་མ་སྤངས་སོ། ཞེ་ན། དགེ་སློང་མེད་པར་དེ་ཡང་མི་འོས་པ། མི་ལུས ་ཐོབ་པ་ཁོ་ནས་ཀྱང་མི་ཆོག་སྟེ། འདི་ན་ཁ་ཅིག་འཕེན་པར་བྱེད་པའི་ལས་ཀྱིས་མིའི་འགྲོ་བར་སྐྱེས་ཀྱང་རྫོགས་པར་བྱེད་པའི་ལས་ཞན་པས་ཆོས་ལ་འཇུག་མི་ནུས་པ་དག་སྣང་སྟེ། དེ་ལྟ་བུའི་མི་ལུས་ཀྱིས་བྱང་ཆུབ་ཇི་ལྟར་སྒྲུབ། དེ་བས་ན ་བདེ་འགྲོ་ཁྱད་པར་ཅན་བསྐྱེད་པའི་ཕྱིར་ཚུལ་ཁྲིམས་ཁྱད་པར་ཅན་སྲོག་དང་འདྲ་བར་བསྲུང་དགོས་སོ། །གཞན་དུ་འདུས་བྱས་དག་ལས་ཐར་བར་མི་ནུས་ཤིང། ན་བ་དང་རྒ་བ་དང་འཆི་བ་དག་གིས་ཤིན་ཏུ་འཇོམས་སོ། །དེ་སྐད་དུ། ་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང། མི་ཞིག་ཆོམ་རྐུན་མང་པོས་རབ་བཅོམ་པས། འཚོ་བར་འདོད་པས་འབྲོས་ཤིང་འགྲོར་བརྩོལ་ན། དེ་ཡི་རྐང་པ་འགྲོ་ཞིང་རྒྱུག་མ་ནུས། ཆོམ་རྐུན་དག་གིས་དེ་བཟུང་བཅོམ་པ་ལྟར། །དེ ་བཞིན་ཚུལ་ཁྲིམས་ཉམས་པ་སྨོས་པའི་མི། །འདུས་བྱས་དག་ལས་འབྲོས་པར་འདོད་མོད་ཀྱི། །ཚུལ་ཁྲིམས་ཉམས་པས་དེ་ཡང་འབྲོས་མ་ནུས། །ན་རྒ་འཆི་བ་དག་གིས་ཤིང་ཏུ་འཇོམས། །ཞེས་གསུངས་སོ། ། ་འོན་ཏེ་ཤེས་རབ་ཆུང་ངུ་ཐོས་པ་མེད་པ་རྣམས་ཀྱིས་ཚུལ་ཁྲིམས་ཉམས་ན་ངན་འགྲོར་སྐྱེ་སྟེ། ཤེས་རབ་ཆེ་བ་ཐོས་པ་མང་པས་ཚུལ་ཁྲིམས་ཉམས་ཀྱང། ངན་འགྲོར་མི་འགྲོའོ་ཞེ་ན། དེ་ནི་བདེན་རྟེ་མཁས་པས་ལྟུང་བ་བཤགས་པ་དང ་བསྡམས་པ་བྱས་ན་ངན་འགྲོར་མི་ལྟུང་ངོ། །དེ་སྐད་དུ། ལྕགས་ཀྱི་རི་ལུ་ཆུང་ཡང་རྒྱ་མཚོའི་གཏིང་དུ་འགྲོ་།དེ་ཉིད་སྣང་དུ་བྱས་ན་སྟེང་ན་འཕྱོ་བ་བཞིན། དེ་བཞིན་མི་མཁས་སྡིག་པ་ཆུང་ངུ་བྱས་ཀྱང་ངན་འགྲོར་འགྲོ་།མཁས་པས་སྡིག་པ་ཆེན་པོ ་བྱས་ཀྱང་ལྟུང་མི་འགྱུར་ཞེས་གསུངས་སོ། །དེ་བས་ན་སྣོད་དུ་བྱས་པ་དང་འདྲ་བར་བཤགས་པ་དང་བསྡམས་པ་བྱས་ན་མི་ལྟུང་བ་ཡིན་གྱིས་ཐོས་པ་དང་ཤེས་པ་ཙམ་གྱིས་མ་ཡིན་ཏེ། དེ་སྐད་དུ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས ་ཀྱང། ཆོས་ཀྱི་རྣམ་གྲངས་ཇི་སྙེད་མང་པོ་ཆུབ་བྱས་ཀྱང་།ཐོས་པས་རྒྱགས་ཤིང་ཚུལ་ཁྲིམས་སྲུང་བར་མི་བྱེད་ན། ཚུལ་ཁྲིམས་ཉམས་པ་དེས་ན་ངན་འགྲོར་འགྲོ་འགྱུར་ཏེ། མང་དུ་ཐོས་པ་དེ་ལ་ཐོས་པས་སྐྱོབ་མི་ནུས། ཞེས་གསུངས་སོ། །འོ་ན ་མང་དུ་ཐོས་པ་དང་ཚུལ་ཁྲིམས་དག་པས་ལྟ་བའི་ཆེད་དུ་རྩོད་པ་ལ་སོགས་པ་ཉོན་མོངས་པས་ལོག་པར་ལྟུང་མི་ནུས་སོ། །ཞེ་ན། དེ་ལྟ་མ་ཡིན་ཏེ། འཕགས་པ་ཏིང་ངེ་འཛིན་མཆོག་དམ་པ་ལས་ཀྱང། བཅོམ་ལྡན་འདས་ཀྱིས་དགའ་བོ ་ལ་བཀའ་སྩལ་པ། ངས་སྔོན་དུ་དྲན་པ་སྔོན་འདས་པའི་དུས་ནང་མང་དུ་ཐོས་པའི་སྐྱེ་བོར་གྱུར་པའི་ཚེ་འཇམ་དཔལ་དང་ཡོད་མེད་གཉིས་ལ་རྩོད་པར་གྱུར་ཏེ། འཇམ་དཔལ་ཡོད་ཅེས་སྨྲ། ང་ནི་མེད་དོ་ཞེས་སྨྲ་སྟེ། ་ཡོད་མེད་གཉིས་ཀྱིས་བདེན་པ་ལ་རྩོད་པར་གྱུར་ཏེ། གཅིག་ཏུ་མ་ཆད་དོ། །མཛའ་ཚེ་འཕོས་ནས་ངན་སོང་གསུམ་ཏུ་ལྟུང་སྟེ། བསྐལ་པ་གྲངས་མེད་ཀྱི་བར་དུ་ལྕགས་ཀྱི་ཐུ་ལུམ་ཟ་བར་གྱུར་ཏོ་ཞེས་གསུངས་སོ། །དེ་ཉིད་ལས་མང་དུ་ཐོས་པའི ་མི་ནི་རི་འམ་རྒྱ་མཚོ་ལྟར་ང་རྒྱལ་གྱི་སེམས་ཆེའོ། །དེ་ལྟར་ང་རྒྱལ་གྱི་སེམས་ཆེ་བ་ནི་ངན་སོང་དུ་བསྐལ་པ་གྲངས་མེད་ཀྱི་བར་དུ་སྡུག་བསྔལ་མྱོང་བར་འགྱུར་རོ། །དམྱལ་བ་དེ་ལས་ཐར་ནས་ཡང་འདབ་ཆགས་ཀྱི་བྱར་སྐྱེ་བར་འགྱུར་ན་མང་དུ་ཐོས་པ་ལ ་ཕན་ཡོན་ཅི་ཡོད་ཅེས་གསུངས་སོ། །དེ་ལྟ་བས་ན་ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་ནས་སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་ལྡན་པས་ཐོས་པ་ལ་བདག་དང་གཞན་གྱི་དོན་དུ་འབད་པར་བྱ་ཞིང་ཉོན་མོངས་པའི་རྐྱེན་གྱིས་རྩོད་པར ་མི་བྱ་སྟེ། དེ་སྐད་དུ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ཚུལ་ཁྲིམས་བསྲུང་ཞིང་དེ་ཡིས་བསྙེམས་མི་བྱ། །ཆོས་རྣམས་མཉན་ཅིང་དེ་ཡིས་མི་སྙེམས་ཏེ། །གང་གིས་ཤེས་རབ་ཆུད་པ་དེ་སྙེམས་པ། །རྩ་བ་དེ་ལས་དེ་ཡི་སྡུག་བསྔལ ་འཕེལ་ཞེས་གསུངས་སོ། །ཅི་ཞིག་ཐོས་པར་བྱ་ཞེ་ན། འདིར་ཆོས་ཐམས་ཅད་སྐྱེ་བ་མེད་པར་སྟོན་པའི་ལུང་ངེས་པའི་དོན་གྱི་མདོ་སྡེ་དང་དེ་གཏན་ལ་འབེབས་པ་རིགས་པ་སྒྲོལ་མ་ལྟ་བུ་ཐོས་པར་བྱའོ། །དེ་ལ་ངེས་པའི་དོན་གྱི་མདོ་སྡེ་ནི་གང་དྲང་པའི ་དོན་གྱི་མདོ་སྡེ་ནི་གང་ཞེ་ན། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང། སྟོང་པ་བདེ་བར་གཤེགས་པས་བཤད་པ་ལྟར། ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ལས་སེམས་ཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད ་དྲང། །?བའི་དོན་དུ་བསྟན་ཞེས་གསུངས་སོ། །དེ་ཉིད་ལས་ངེས་པའི་དོན་གྱིས་མདོ་སྡེའི་དབང་དུ་བྱས་ནས་གསུངས་པ། ནམ་ཞིག་འཇིག་རྟེན་ཁམས་འདི་འབྱུང་བ་དང། འཇིག་རྟེན་ཐམས་ཅད་ནམ་མཁར་གྱུར་པའི་ཚེ། །ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་ ་དེ་བཞིན་ཏེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །འཇིག་རྟེན་འདི་ན་ཇི་སྙེད་ཅི་ཡོད་པ། །ཆུ་ཡི་ཕུང་པོ་འདི་ནི་འོག་ཏུ་འགྲོ་།འོག་ཏུ་ཇི་འདྲ་སྟེང་དུ་འང་དེ་བཞིན་ཏེ། །ཆོས་རྣམས་ཐམས་ཅད་དེ ་བཞིན་ཤེས་པར་གྱིས། །ཇི་ལྟར་བར་སྣང་ཅུང་ཟད་སྤྲིན་མེད་ལས། །སྐད་ཅིག་ཏུ་ནི་སྤྲིན་གྱི་དཀྱིལ་འཁོར་སྣང། །ཐོག་མ་གང་ལས་བྱུང་བ་ཤེས་པར་བྱ། །དེ་བཞིན་ཆོས་རྣམས་ཐམས་ཅད་ཤེས་པར་གྱིས། །དེ་བཞིན་གཤེགས ་པ་མྱ་ངན་འདས་པ་དག་།ཇི་ལྟར་ཡིད་ལ་བྱས་བཞིན་གཟུགས་བརྙན་སྣང། །སྔོན་མཛའ་ཇི་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་དབུ་བ་དང་པོ་རྡོས་པ་དག་།ཆུ་བོས་ཁྱེར་བ ་སྐྱེས་བུ་ངེས་མཐོང་ནས། །དེ་ལ་བརྟགས་ན་སྙིང་པོ་ཡོང་མི་སྣང། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་ཆར་པའི་ཐིགས་ཆེན་བབ་པ་ན། །ཆུང་ངུའི་ཆུ་བུར་དག་ནི་ཐ་དད་འབྱུང། །བྱུང་ནས་ཞིག་སྟེ་ཆུ་ཡི་ཆུ་བུར་མེད། ་ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་སྤྲིང་ཡིག་གྲོང་གཞན་བསྐུར་བ་ལས། །དགེ་དང་མི་དགེའི་བྱ་བ་སོ་སོར་འབྱུང། །སྒྲ་ལས་སྤྲིང་ཡིག་ཏུ་ཡང་འཕོས་པ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས།། ་ཇི་ལྟར་མི་དག་ཆང་གིས་མྱོང་ནས་ནི། །ས་འདི་ཀུན་ཏུ་འཁོར་སྙམ་བྱེད་མོད་ཀྱི། །ས་འདི་འགུལ་ཞིང་གཡོས་པ་མེད་པ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །མེ་ལོང་ངོས་དང་འབྲུ་མར་སྣོད་རྣམས་ལས། །བུད ་མེད་ཁ་བཞིན་བརྒྱན་པས་བལྟས་པས་ན། །བྱིས་པ་དེ་ནི་དེ་ལ་ཆགས་བསྐྱེད་ནས། །འདོད་པ་ཚོལ་བའི་ཕྱིར་ཡང་ཤིན་ཏུ་རྒྱུག་།བཞིན་ནི་དེར་ཡང་འཕོས་པ་མ་ཡིན་ཏེ། །གཟུགས་བརྙན་ལ་ནི་ནམ་ཡང་བཞིན་མི་རྙེད། །རྨོངས་པ་དེ་དག ་འདོད་ཆགས་བསྐྱེད་པ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་སྨིག་རྒྱུ་དྲི་ཟའི་གྲོང་ཁྱེར་དང། །རྒྱུ་མ་ཇི་བཞིན་རྨི་ལམ་ཇི་ལྟ་བུར། །མཚན་མ་བསྒོམ་པ་ངོ་བོ་ཉིད་ཀྱིས་སྟོང། །ཆོས་རྣམས་ཐམས་ཅད་དེ་བཞིན ་ཤེས་པར་གྱིས་།ཇི་ལྟར་ནམ་མཁའ་དང་བར་ཟླ་ཤར་བ། །དེ་ཡི་གཟུགས་བརྙན་དང་བའི་མཆོད་སྣང་སྟེ། །ཟླ་བ་ཆུ་ཡི་ནང་དུ་འཕོས་བ་མེད། །ཆོས་ཀུན་མཚན་ཉིད་དེ་ལྟར་ཤེས་པར་གྱིས། །ཇི་ལྟར་མི་དག་ནགས་རིའི་ཁྲོད་འདུག་ནས། །གླུ ་ལེན་སྨྲ་དང་རྒོད་དང་རྩེ་བ་ལས། །བྲག་ཆ་ཐོས་ཀྱང་སྣང་བ་མེད་པ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །གླུ་དང་རོལ་མོ་དེ་བཞིན་དུ་བ་ཡང། །དེ་ལ་བརྟེན་ནས་བྲག་ཆ་འབྱུང་མོད་ཀྱི། །སྒྲ་ལ་དབྱངས་དེ་ནམ་ཡང་ཡོད་མ ་ཡིན། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་རྨི་ལམ་ན་ཡང་འདོད་བསྟེན་པ། །སྐྱེས་བུ་སད་པར་གྱུར་ནས་མི་མཐོང་སྟེ། །བྱིས་པ་ཤིན་ཏུ་འདོད་ལ་ཆགས་ཤིང་ཞེ་ན། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། ། ་སྒྱུ་མ་བྱེད་པའི་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་ལྟར་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །བུ་མོ་བྱུང་ཞིང་ཤི་བ ་དེས་མཐོང་ནས། །བྱུང་ནས་དགའ་ཞིང་ཤི་ནས་མི་དགར་འགྱུར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་མཚན་མོ་ཆུ་ཡི་ཟླ་བ་དག་།དང་ཞིང་རྙོག་པ་མེད་པའི་ཆུ་ནང་སྣང། །ཐོག་མ་གང་ནས་བྱུང་ཞིང་གང་དུ་འགྲོ་། ་ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་གསུངས་སོ། །དོན་དམ་པར་ནམ་མཁའ་ལྟ་བུ་དང། ཀུན་རྫོབ་ཏུ་ཆུའི་ཟླ་བ་ལྟ་བུ་ནི་དེས་པའི་དོན་ཡིན་པས། དེ་མ་ཤེས་པ་རྣམས་ལ་དེ་བཞིན་གཤེགས་པ་གསུང་བར་རིགས་ན། དྲང་བར ་དོ་དེ་གསུངས་པ་ལ་དགོས་པ་ཅི་ཡོད་ཅེ་ན། དེ་ལྟ་མ་ཡིན་ཏེ། དེ་བཞིན་གཤེགས་པ་ནི་དགས་པ་དང་དགོངས་པ་མེད་པ་ཅུང་ཟད་ཡང་མི་གསུངས་སྟེ། དེ་ལ་དགོས་པ་ནི་སེམས་ཅན་ཁ་ཅིག་འདི་སྐད ་ཅེས་མ་ཤི་ཚོལ་བདེ་འཚོ་ཅིག་།ཤི་ནས་དེ་ཡི་སྤྱོད་ཡུལ་མེད། །ལུས་ཀྱང་ཐལ་བ་བཞིན་སོང་ནས། །སླར་སྐྱེ་བ་དགག་ལ་ཡོད་ཅེས་ཟེར་བ་དེ་དག་གི་རྟོག་པ་བཟློག་པའི་ཕྱིར་སྲིད་པ་བར་མའི་སེམས་ཅན་ལ་དགོངས་ནས་བརྫུས་ཏེ ་སྐྱེ་བའི་སེམས་ཅན་ཡོད་དོ་ཞེས་གསུངས་པ་ལྟ་བུའོ། །དེ་ལྟ་བས་ན་ལེ་ལོ་ཅན་ཁ་ཅིག་དགེ་བ་ལ་བརྩོན་པར་བྱ་བའི་ཆེད་དུ་ཕུང་པོའི་རྒྱུན་ལ་དགོངས་ནས་བདག་ཡོད་དོ་ཞེས་གསུངས་སོ། །དེ་བས་ན་འགལ་བ་མེད་དོ། །དེ་ལ་རིགས ་པས་བསྟན་པར་བྱས་ན་ལུང་གི་དོན་གུད་དུ་བཀྲི་བར་མི་ནུས་ཏེ། དེ་བས་ན་གང་ཟག་ལ་བདག་མེད་པ་དང་ཆོས་ལ་བདག་མེད་པ་སྟོན་པའི་རིགས་པ་ཐོས་པར་བྱའོ། །དེ་གཉིས་གཏོགས་པར་ཐེག་པ་ཆེན་པོའི་ཟབ་མོའི་དོན་རྟོགས་སམ། ་ཞེ་ན། ཤིན་ཏུ་རྟོགས་པར་གསུངས་ཏེ། དེ་སྐད་དུ། འཕགས་པ་ལང་ཀར་གཤེགས་པ་ལས། །བདག་མེད་གཉིས་ཀྱི་དངོས་པོར་ནི། །ཐེག་པ་ཆེན་པོ་མཛའ་དག་བསྡུས་ཞེས་གསུངས་སོ། །དེ་ལ་གང་དག་ལ་བདག་མེད་པའི་རིགས ་པ་ནི་འཕགས་པ་ཀླུ་སྒྲུབ་ཀྱིས་ག་ལས་འཇིགས་མེད་ལས། གལ་ཏེ་གང་ཟག་འཁོར་ཞེ་ན། ཕུང་པོ་སྐྱེ་མཆེད་ཁམས་རྣམས་ལ། །དེ་ནི་རྣམ་པ་ལྔས་བཙལ་ན། །མེད་ན་གང་ཞིག་འཁོར་བར་འགྱུར། །གལ་ཏེ་གང་ཟག་འཁོར་བར་སེམས ་ན་དེ་ནི་ཆེས་ཤིན་ཏུ་མི་འཐད་དེ། དེ་ཅིའི་ཕྱིར་ན། གང་གི་ཕྱིར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་དེ་དག་ཉིད་དམ། དེ་དག་ལས་གཞན་ནམ། །དེ་ལ་དེ་དག་ཡོད་དམ། དེ་དག་ལ་དེ་ཡོད་དམ། དེ་དག་དང་ལྡན་ནམ་ཞེས་རྣམ་པ་ལྔས ་བཙལ་ན་མེད་པའི་ཕྱིར་ཏེ། དེ་མེད་ན་གང་ཞིག་འཁོར་བར་འགྱུར་ཞེས་གསུངས་སོ། །ཆོས་ལ་བདག་མེད་པའི་རིགས་པ་ནི། སློབ་དོན་དཔལ་སྦས་ཀྱི་དེ་ཁོ་ན་ལ་འཇུག་པ་ལས། ཕྱི་རོལ་ནང་ན་གནས་འདི་ཀུན། །ཡང་དག་དུ་ན་རང་བཞིན་མེད།། ་གཅིག་དང་དུ་མའི་རང་བཞིན་ཉིད། །བྲལ་བའི་ཕྱིར་ན་གཟུགས་བརྙན་བཞིན། །གང་ཞིག་གཅིག་དང་དུ་མའི་རང་བཞིན་དང་བྲལ་བ་དེ་ནི་དོན་དམ་པར་ན་རང་བཞིན་མེད་དེ། དཔེར་ན་གཟུགས་བརྙན་བཞིན་ནོ། །ཕྱི་རོལ་དང་ནང་ན་གནས་པའི་དངོས ་པོ་འདི་དག་ཐམས་ཅད་ཀྱང་།གཅིག་དང་དུ་མ་དང་བྲལ་བའི་ཕྱིར་རང་བཞིན་མེད་དོ་ཞེས་གསུངས་སོ། །རིགས་པ་དེས་ནི་ཐམས་ཅད་ལ་ཁྱབ་མོད་ཀྱི་འདིར་རེ་ཞིག་ཆོས་ལ་བདག་མེད་པ་སྟོན་པའི་རིགས་པ་བཟུང་ངོ། །དེ་ལ་ཆོས་གཟུགས་ཅན་ཕྱི ་རོལ་ལྟ་བུར་སྣང་བ་འདི་དག་སེམས་ལས་ལོགས་ཤིག་ན་ངོ་བོ་ཉིད་ཀྱི་གནས་པ་ཡིན་ནམ། འོན་ཏེ་སེམས་ཉིད་དེ་ལྟར་སྣང་སྟེ། རྨི་ལམ་གྱི་གནས་སྐབས་ན། གྲོང་དང་རི་དང་མི་ལ་སོགས་པ་སྣང་བ་ལྟ་བུ་ཡིན་ཞེ་ན། སེམས་ཉིད་སྣང་བར་བཟུང་སྟེ། ་དེ་སྐད་དུ། བཅོམ་ལྡན་འདས་ཀྱིས་འཕགས་པ་ལང་ཀར་གཤེགས་པ་ལས། དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །རིགས་པས་རྣམ་པར་ལྟ་རྣམས་ཀྱི། །གཟུང་དང་འཛིན་པ་འགག་པར་འགྱུར་ཞེས་གསུངས་སོ།། ་འཕགས་པ་ལྷ་ཡིས་ཀྱང། །སྲིད་པའི་རྩ་བ་སེམས་ཉིད་དེ། །ཡུལ་རྣམས་དེ་ཡི་སྤྱོད་ཡུལ་ལོ། །ཡུལ་ལ་བདག་མེད་མཐོང་ནས་ནི། །སྲིད་པའི་རྩ་བ་སེམས་ལྡོག་གོ་།ཞེས་གསུངས་སོ། ཚིགས་དེ་དག་གི་དོན་ནི་མཁས་པ་ཚིག་ལ་མངའ་ ་བརྙེས་པ་རྣམས་ཀྱིས་ཀྱང་ཕྱིན་ཅི་མ་ལོག་པར་སྟོང་དུ་བཤད་ཟིན་ནོ། །འོ་ན་འདིར་སྨོས་ཅི་དགོས་ཞེ་ན། བདེན་ཏེ་འོན་ཀྱང་ལས་དང་པོ་པ་ཐོས་བ་ཆུད་པ། དགེ་བའི་བཤེས་གཉེན་གྱིས་མ་ཟིན་པ། རང་གི་དད་པ་དང་བརྩོན་འགྲུས་ཆུང་ཟད ་ལ་བརྟེན་ནས་སེམས་གནས་པ་ཅུང་ཟད་བྱུང་བས་མཁས་པའི་ཚིག་སྒྲོན་མ་ལྟ་བུ་ལ་ཞེ་སྡང་ཞིང་གཞན་ཡང་འདི་སྐད་ཅེས་ཚིག་ལ་ཕན་ཅི་ཡོད། །དེ་ནི་ཆོས་ཀྱི་ནང་ན་འདུག་པ་ཙམ་ཡིན་ཏེ། དེས ་ཕན་མི་ཐོགས་ཏེ་ངས་ཉམས་སུ་མྱོང་བ་འདི་ཡིན་ཟེར་ནས། དོན་དང་མ་འབྲེལ་བའི་ཚིག་གིས་རློམ་པར་བྱེད་ཅིག་འདི་གར་སོང་སོང་དུ་མ་སྟོན་ཅིག་།སྐུར་པ་འདེབས་སུ་འོང་ངོ་ཞེས་ཟེར་ཏེ། དེ་ལ་ཁྱིམ་པ་དང་རབ་ཏུ་བྱང་བ་དྲང ་པོའི་རང་བཞིན་ཅན་མགུ་བར་བྱེད་དེ། དེ་དག་གི་བསྔགས་པ་བརྗོད། མཁས་པ་དག་གིས་ནི་བཏང་སྙོམས་བཞག་པས་ང་རྒྱལ་སྐྱེས་ནས་རང་གི་རྣལ་འབྱོར་ཡང་ཉམས་པར་འགྱུར། གཞན་དེའི་རྗེས་སུ་སྒྲུབ་པ་ཡང་ཇི་སྐད ་ཟེར་བ་བཞིན་དུ་བསྒྲུབ་ཀྱང་ལོག་པར་སྒྲུབ་པར་གྱུར་རོ། །དེ་སྐད་དུ། སློབ་དཔོན་ཐོགས་མེད་ཀྱིས་དེ་ལ་ལོག་པར་སྒྲུབ་པར་བྱས་པའི་རྣལ་འབྱོར་ཉམས་པ་ནི། འདི་ལྟར་འདི་ན་ལ་ལ་ཚུལ་བཞིན་མ་ཡིན་པ་ལ་རབ་ཏུ་བརྩོན་པར་བྱེད ་པ་ན་རྣལ་འབྱོར་ཐོབ་པར་མི་འགྱུར་ཞིང། རིགས་པའི་ཆོས་དགེ་བའི་ཐོབ་པར་མི་འགྱུར་བ་སྟེ། འདི་ལྟར་ཉོན་མོངས་བ་མང་བ་དང། འདོད་ཆགས་ཆེ་བའི་རང་བཞིན་ཅན་ཡིན་ལ། རྣམ་པར་ཤེས་པ་སྒྲིམ་པ་དང། བློ་རྣོ་བ་དང་ལྷན་ཅིག ་སྐྱེས་པའི་བློ་དང་ལྡན་པ་ཡིན་ཏེ། དེ་ཐོས་པ་ཉུང་ངུ་འམ། མང་པོ་ཡང་འཛིན་པར་བྱེད་ཅིང་ཐོས་པ་ཀུན་ཆུབ་པར་ཡང་བྱེད་ལ། དགོན་པར་གནས་པ་ཁྱིམ་པ་དང་རབ་ཏུ་བྱུང་བ་དྲང་པོ་དང། དྲང་པོའི་རང་བཞིན་ཅན་དག་འོངས་ཤིང ་ལྷགས་པ་རྣམས་ལ་ཆོས་སྟོན་པ་དང། ཚུལ་འཆོས་པའི་རྗེས་སུ་སྤྱོད་པའི་ལུས་དང་ངག་དང་ལྡན་པའི་སྤྱོད་པར་སེམས་མགུ་བར་བྱེད་དེ། རྒྱུ་དེ་དང་རྐྱེན་དེས་དེ་ལ་རྙེད་པ་དང་བཀུར་སྟིའི་ཚོགས་འབྱུང་ཞིང། དེ་བསོད་ནམས་ཆེ་བ ་དང་ཆོས་གོས་དང། བསོད་སྙོམས་དང། མལ་ཆ་དང། སྟན་དང། ནད་ཀྱི་གསོས་སྨན་རྣམས་རྙེད་པ་ཡིན་པར་ཤེས་ཤིང། རྒྱལ་པོ་དང། བློན་པོ་ཆེན་པོ་དང། དེད་དཔོན་གྱི་བར་དག་ལ་ཡང་དགྲ་བཅོམ་པ་ཡིན་པར་གྲགས་ཤིང། བསྐུར ་སྟིར་བྱེད་བླ་མར་བྱེད་པ་དང། ཉན་ཐོས་ཀྱི་རྩ་བ་དང་རབ་ཏུ་བྱུང་བ་དག་ཀྱང་དེའི་རྗེས་སུ་འབྲང་བར་འགྱུར་ཏེ། རྗེས་སུ་ལྷགས་པ་དག་ལ་ཞེན་པ་བསྐྱེད་ཅིང། མང་པོ་བསྡུ་བའི་ཕྱིར་འཇུག་པར་བྱེད་པས་དེ་འདི་སྙམ་དུ་སེམས། བདག་གི་ཉན་ཐོས ་ཁྱིམ་པ་དག་དང་རབ་ཏུ་བྱུང་བ་དག་བདག་དགྲ་བཅོམ་པ་ཡིན་པར་གྲགས་པ་ཡིན་པར་ཡིད་ཆེས་པ་དེ་དག་ལྷགས་ཏེ། གལ་ཏེ་བདག་ལ་རྣལ་འབྱོར་དང། ཡིད་ལ་བྱེད་པ་དང། ཞི་གནས་དང་ལྷག་མཐོང་གི་དྲི་བར་གྱུར་ན་དེ་དག་ལ ་བདག་གིས་མི་ཤེས་སོ། །ཞེས་དྲིས་པའི་ལན་བཏབ་པར་གྱུར་ན། དེ་ལྟར་ན་བདག་དགྲ་བཅོམ་པར་གྲགས་པ་ཡིན་ནོ་སྙམ་དུ་ཡིད་ཆེས་པ་གང་ཡིན་པ་ད་ཉམས་པར་འགྱུར་བས་བདག་གི་རང་ཉིད་ཀྱིས་བསམས་ཤིང་གཞལ ་ལ་ཉེ་བར་བརྟགས་ཏེ་རྣལ་འབྱོར་རྣམ་པར་བཞག་པར་བྱའོ་སྙམ་ནས་དེ་རྙེད་པ་དང་བཀུར་སྟི་ལ་ཆགས་པས་དོན་དེ་ཉིད་ཀྱི་དབང་དུ་བྱས་ཏེ། གཅིག་ཏུ་དབྱེན་པར་སོང་ནས་རང་ཉིད་ཀྱིས་བསམས་ཤིང་གཞན་ལ་ཉེ་བར ་བརྟགས་ཏེ་རྣལ་འབྱོར་རྣམ་པར་འཇོག་པར་བྱེད་དོ། །དེ་ཡི་རྣལ་འབྱོར་དེ་ཡང་མདོ་སྡེ་ལ་མི་འཇུག་འདུལ་བ་ལ་ཡང་དག་པར་མི་སྣང་ཞིང་ཆོས་ཉིད་དང་འགལ་བ་ཡིན་ཏེ། དེ་དགེ་སློང་མདོ་སྡེ་འཛིན་པ་དང། འདུལ་བ་འཛིན ་པ་དང། མ་མོ་འཛིན་པ་གང་དག་ཡིན་པ་དེ་དག་ལ་ཡང་རྣལ་འབྱོར་གྱི་གནས་དེ་འཆབ་པར་བྱེད་ཅིང་སྟོན་པར་མི་བྱེད་དེ་དེ་ཉན་ཐོས་ཀྱི་ཁྱིམ་པ་དང་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ལ་ཡང་རྣལ་འབྱོར་དེ་གསང་ངོ་ཞེས་སྒོ་བར ་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། མདོ་སྡེ་འཛིན་པ་དང། འདུལ་བ་འཛིན་པ་དང། མ་མོ་འཛིན་པ་དེ་དག་གི་རྣལ་འབྱོར་གྱི་གནས་དེ་ཐོས་ནས་མདོ་སྡེ་ལ་འཇུག་པར་གྱུར་ན། དེ་ཡང་འཇུག་པར་འཇུག་པ་མ་ཡིན་པ་དང ་འདུལ་བ་ལས་ཡང་དག་པར་སྣང་བར་འགྱུར་ན། དེ་ཡང་ཡང་དག་པར་སྣང་བར་འགྱུར་བ་མ་ཡིན་པ་དང། ཆོས་ཉིད་ཀྱིས་ཉེ་བར་རྟོགས་པར་འགྱུར་ན། དེ་ཡང་ཆོས་ཉིད་དང་འགལ་བར་འགྱུར་བས་གཞི་དེས་དེ་དག་དགའ་བར་མི ་འགྱུར་ཞིང་མི་དགའ་བའི་ཚིག་གི་བདག་ལ་སྐུར་བར་འགྱུར་ཏེ། དེ་ལྟ་ན་བདག་ལ་རྒྱལ་པོ་དང། བློན་པོ་ཆེན་པོ་དང། ཕྱུག་པོ་དང་ཚོང་དཔོན་གྱི་བར་དག་གིས་བསྙེན་བཀུར་བྱས་པར་མི་འགྱུར། བླ་མར་བྱས་པར་མི་འགྱུར་ཞིང ་བསོད་སྙོམས་དང། མལ་ཆ་དང། སྟན་དང། ནད་ཀྱི་གསོས་སྨན་དང་ཡོ་བྱད་ཀྱང་རྙེད་པར་མི་འགྱུར་བ་ན་མི་རུང་ངོ་སྙམ་པའི་ཕྱིར་རོ། །དེ་རྙེད་པ་དང་བཀུར་སྟི་འདོད་པ་དེ་ཉིད་ཀྱི་དབང་དུ་བྱས་ནས་ཆོས་མ་ཡིན་པ་ལ་ཆོས་མ་ཡིན ་བར་འདུ་ཤེས་བཞིན་དུ་འདུ་ཤེས་དང་འདོད་པ་བསྒྱུར་ནས་ཆོས་མ་ཡིན་པ་ཆོས་ཀྱི་སྒོ་ནས་སྟོན་ཅིང་ཡང་དག་པར་སྟོན་པར་བྱེད་དོ། །དེ་ལ་དེའི་ལྟ་བ་དང་མཐུན་པ་སྒྲུབ་པར་བྱེད་པ་གང་དག་ཡིན་པ་དེ་དག་ནི་ཆོས་མ་ཡིན་པ་ལ་ཆོས ་སུ་འདུ་ཤེས་པ་ཡིན་ཏེ། དེ་དག་ནི་སྨན་པ་དང། རྨོངས་པ་ཡིན་པའི་ཕྱིར་ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་པ་ཡིན་པས་ཇི་ལྟར་གདམས་པ་བཞིན་དུ་སྒྲུབ་པར་བྱེད་ན་ཡང་འོ་པར་སྒྲུབ་པ་ཁོ་ན་ཡིན་པར་རིག་པར་བྱ་སྟེ། ་ལོག་པར་སྒྲུབ་པས་བྱས་པའི་རྣལ་འབྱོར་ཉམས་པ་དེ་ལྟ་བུ་དམ་པའི་ཆོས་ནུབ་པར་བྱ་བའི་ཕྱིར་དམ་པའི་ཆོས་ལྟར་བཅོས་པ་ཡིན་གྱི། དམ་པའི་ཆོས་ནི་མ་ཡིན་ནོ། །དེ་ལྟར་ན་རྣལ་འབྱོར་ཉམས་པ་བཞི་པོ་དེ་དག་ནི་དགེ་སློང ་བསམ་གཏན་པ་རྣལ་འབྱོར་སྤྱོད་པས་ཡོངས་སུ་ཤེས་པར་བྱ་བ་དང། ཡོངས་སུ་སྤང་བར་བྱ་བ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟ་བས་ན་མཁས་པའི་ཚིག་སྟོང་པ་ཉིད་སྟོན་པ་སྒྲོན་མ་ལྟ་བུ་ནི་ཚིག་ཐམས་ཅད་ཀྱི་མཆོག་ཡིན་ཏེ་དེ་ནི ་ཐོས་པར་ཤིན་ཏུ་གཅེས་སོ། །དེ་བཞིན་དུ་ཆོས་ཀུན་འགྲོ་བ་ལས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱི་གང་སྟོང་པ་ཉིད་ཁོང་དུ་ཆུད་པ་བགྱིད་པའི་ཚིག་དེ་ནི་ཚིག་ཐམས་ཅད་ཀྱི་མཆོག་ཡི་ཞེས་གསུངས་སོ། །དབུ་མའི་རྒྱན་ལས ་ཚིག་མ་རྟོགས་པ་རྟོགས་པར་བྱ་བའི་ཐབས་གཞན་མེད་ལ་ཞེས་གསུངས་སོ། །འོ་ན་མདོ་སྡེ་ལས་ཚིག་གི་དག་པས་བྱང་ཆུབ་འཚང་མི་རྒྱ། ནན་ཏན་སྙིང་པོར་བྱེད་ལ་དགའ་མ་ཡིན་ཞེས་གསུངས་པ་དང། བདག་ནི་ཚིག་ལ་གཅོད་འཛིན ་མ་ལགས་ཏེ་ཞེས་གསུངས་པ་ཞེ་ན། དེ་ཡང་ཚིག་ཁོ་ན་ལ་ཞེན་ནས། བསམས་པ་དང་བསྒོམ་པར་མི་བྱེད་པ་དེ་གག་པའི་ཆེད་དུ་གསུངས་ཀྱི་མདོ་སྡེ་མཛའ་དག་ལས་ཚིག་ཐོས་པར་མི་བྱ་བ་ནི་མ་གསུངས་ཏེ། དེ་ཅིའི་ཕྱིར་ཞེ་ན། ་བསྟན་པ་འདི་ནི། སྒྲའི་སྒོ་ནས་ཆོས་སྟོན་པ་ཡིན་པའི་ཕྱིར་རོ། །དེ་ལ་བས་ན་མུན་པའི་ནང་དུ་གསེར་གཏོར་བ་ལ་སྒྲོན་ཤིང་གི་རྩེ་མོ་ལ་མེ་འབར་བའི་ཕུང་པོ་ཆེན་པོ་ཉེ་ལམ་ན་ཡོད་པ་དང་འདྲ་བར་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་གསེར ་ལྟ་བུ་རང་གི་ལུས་ལ་ཡོད་ཀྱང་མ་ཤེས་པ་ལས་མཁས་པ་དེ་ཁོ་ན་ཉིད་སྟོན་པའི་ཚིག་སྒྲོན་ཤིང་གི་རྩེ་མོ་ལ་མེ་འབར་བ་དང་འདྲ་བ་ཐོགས་པ་ཡུལ་གྱིས་མ་བསྐལ་བ་ན་གྲངས་ཀྱིས་བཞུགས་པ་ལ། གུས་པ་ཆེན་པོས་སྟོན་པ་བདེ ་བར་གཤེགས་པའི་འདུ་ཤེས་བཞག་ནས་ཐ་ན་ཚིག་བཅད་གཅིག་ཙམ་ཡང་མཉམ་པར་བྱའོ། །ཐོས་ལ་ལོག་རྟོག་རྣམ་པ་བཞི། །ཅི་ཞིག་ཐོས་པ་ལོག་རྟོག་ཅིག་།དེ་དག་སུན་དབྱུང་རྣམ་ལྔ་ཡིས། །ཐོས་པ་བྱ་དགོས་བསྡུས་ལ ་ཡིན་ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ།། །།ད་ནི་བསམ་པའི་ཤེས་རབ་བསྐྱེད་པར་བྱ་སྟེ། དེ་ཡང་གནས་གང་དུ་གང་ཟག་ཇི་ལྟ་བུས་སྐྱེད་པ་དང་རེ་ཞིག་བསམ་པར་བྱ་བ་མ་ཡིན་པ་སྤང་བ་དང། གང ་ལ་བསམ་པ་དང། ཇི་ལྟར་བསམ་པ་དང་ཚང་ཇི་ཙམ་དུ་བསམ་པའོ། །དེ་ལ་གནས་དགོན་པར་གནས་པར་བྱ་སྟེ། དེར་གྲོགས་མཐུན་པ་ཡང་གཉིས་ལྷན་ཅིག་གནས་པར་མི་བྱ་སྟེ། དེ་སྐད་དུ། སློབ་དཔོན་ཐོགས་མེད་ཀྱིས་དེ་ལ་སེམས ་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་གཅིག་པུ་དབེན་པར་སོང་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཕགས་པ་དམ་པའི་ཆོས་པདྨ་དཀར་པོ་ལས་ཀྱང། མཁས་པས་དུས་སུ་སེམས་པར་བྱེད་པ་ན། །ཁང་བུར་ཞུགས་ཏེ་དེ་བཞིན ་སྒོ་བཅད་ནས། །ཆོས་འདི་ཐམས་ཅད་ལ་ནི་ཚུལ་བཞིན་ལྟ་ཞེས་གསུངས་སོ། །བསམ་པར་བྱ་བ་མ་ཡིན་པ་སྤང་བ་ནི། བསམ་གྱིས་མི་ཁྱབ་པའི་གནས་དྲུག་པོ་འདི་ལྟ་སྟེ། བདག་ལ་སེམས་པ་དང་སེམས་ཅན་ལ་སེམས་པ་དང་འཇིག་རྟེན་ལ ་སེམས་པ་དང་སེམས་ཅན་རྣམས་ཀྱི་ལས་རྣམ་པར་སྨིན་པ་ལ་སེམས་པ་དང། བསམ་གཏན་པ་རྣམས་ཀྱི་བསམ་གཏན་གྱི་ཡུལ་དང། སངས་རྒྱས་རྣམས་ཀྱི་ཡུལ་རྣམས་སྤངས་ནས་ཞེས་གསུངས་སོ། །ད་ལྟ་བས་ན་དབེན་པའི་གནས ་སུ་གང་ཟག་ཡིད་ལ་བྱེད་པ་ཐོབ་པ་མཚན་མ་མེད་པར་བསྒོམ་པར་འདོད་པས་བསྐྱེད་པར་བྱའོ། །གང་ལ་བསམ་ཞེ་ན། ངེས་པའི་དོན་གྱི་མདོ་སྡེ་དང། དེ་གཏན་ལ་འབེབས་པའི་རིགས་པ་ཇི་ལྟར་ཐོས་པ་དེ་ཉིད་བསམ་མོ། །དེ་སྐད་དུ། ་སློབ་དཔོན་ཐོགས་མེད་ཀྱིས་ཇི་ལྟར་ཐོས་པའི་ཆོས་དེ་དག་ཉིད་རང་དང་མིའི་མཚན་ཉིད་ཀྱི་སྒོ་ནས་སེམས་པར་བྱེད་དོ་ཞེས་གསུངས་སོ། །ཇི་ལྟར་བསམ་ཞེ་ན། གཉིས་ཏེ་བགྲངས་པས་སེམས་པ་དང། །གཞལ་བས་སེམས་པའོ། །དེ་ལ་གྲངས་ཀྱི ་རྣམ་པར་ཕུང་པོ་བསྟན་པ་ལས་སེམས་པར་བྱེད་པ་དང། གོང་ནས་གོང་དུ་སེམས་པའི་ཚུལ་གྱིས་འཇུག་པར་རིག་པར་བྱ་སྟེ། དེ་ལྟ་བུ་ལ་སོགས་པ་ནི་བགྲང་བས་སེམས་པར་བྱའོ། །དེ་ལ་གཞལ་བས་སེམས་པར་བྱེད་པའི་ཚུལ་གྱིས ་སེམས་པ་ནི་རིགས་པ་བཞིས་འཇལ་ཏེ། འདི་ལྟ་སྟེ། ལྟོས་པའི་རིགས་པ་དང་བྱ་བ་བྱེད་པའི་རིགས་པ་དང། ཆོས་ཉིད་ཀྱི་རིགས་པ་དང། འཐད་པ་སྒྲུབ་པའི་རིགས་པའོ། །དེ་ལ་འཐད་པ་སྒྲུབ་པའི་རིགས་པ་ནི་མངོན་སུམ་དང་རྗེས་སུ ་དཔག་པ་སྟེ། དེ་དག་ལས་དོན་གྱི་སྐབས་འདིར་རྗེས་སུ་དཔག་པས་ཇི་ལྟར་བསམ་པ་དེ་ཉིད་གཟུང་ངོ། །དེ་ལྟ་བས་ན་འདུ་བ་དང། འདུ་འཛི་ཐམས་ཅད་ཡོངས་སུ་སྤངས་ལ་ཡོན་ཏན་ལྔ་དང་ལྡན་པའི་གནས་སུ་འདུག་ནས་ཞི་གནས་ཀྱི་དམིགས་པ ་གང་ཡང་རུང་བ་ལ་ཡིད་ལ་བྱེད་པ་ཐོབ་པའི་རྣལ་འབྱོར་པས་འདི་ལྟར་ཆོས་དང་མཐུན་པའི་ཟས་ཞུན་མར་ལ་སོགས་པ་དང། ཆད་ལ་སོགས་པ་མྱོས་པར་འགྱུར་བའི་བཏུང་བས་ཕུང་པོ་གསོ་ཞིང་ཞག་བཞིའམ་ཞག་ལྔ་འམ། ཁམས་ཀྱི་བྱེ་བྲག ་གིས་ཞག་བཅུའི་བར་དུ་ཡང་རུང་སྟེ། ཁ་དོན་དང་ཀློག་པ་ལ་སོགས་པ་ཡང་རེ་ཞིག་མི་བྱ། ཉིན་བར་མི་སྒོམ། གཉིད་མི་ལོག་སྤྱོད་ལམ་ཐམས་ཅད་དུ་སོས་དལ་བར་འགྱུར་རོ། །ནང་པར་དང་དགོངས་ནམ་མ་དྲོས་པར་ལྷ་ཕྱག་མི་མང་བ ་ལ་སོགས་པ་ཡན་ལག་བདུན་པ་སེམས་སྐྱེད་དང་བཅས་པ་རེ་རེ་བྱ། མཚན་མོ་སྲོད་ལ་ཞི་གནས་ཀྱིས་དམིགས་པ་དེ་ལ་བ་བཞོས་པའི་བར་ཙམ་གྱི་ཡུལ་ལས་མི་རིང་བའི་ཐུན་རེ་བསྒོམ་ཞིང་སྨོན་ལམ་ཅུང་ཟད་ཀྱང་བཏབ་ནས ་སློས་ཕོབ་སྟེ་ཤེས་བཞིན་སྔོན་དུ་སོང་བས་ཉལ་བར་བྱའོ། །གཉིད་ཅི་ཙམ་འོད་ཡང་སྤངས་བར་མི་བྱའོ། །མི་འོང་བ་ཡང་འདོད་པ་དང་གནོད་སེམས་ལ་སོགས་པ་གློ་བུར་དུ་བྱུང་བ་དགག་པའི་གཉེན་པོ་མི་མཐུན་པ་ནམ་མ་ཞིའི་བར ་སྟེན་པ་མ་གཏོགས་པ་གཉེན་པོ་ལ་ཡང་ཕྱེད་དུ་བཙལ་བར་བྱ་བ་མ་ཡིན་ན། མི་དགེ་བ་ལ་ཆེད་དུ་རྟོག་པ་ལྟ་ཅི་སྨོས། ལུང་དུ་མ་བསྟན་པ་ལ་ཡང་བརྟག་པར་མི་བྱའོ། །འོ་ན་ཇི་ལྟར་བསམ་ཞེ་ན། འདི་སྙམ་དུ ་ཉལ་བ་དང། གཉིད་ཀྱིས་ལུས་དང་སེམས་ཀྱི་ནུས་པ་བརྟས་པར་བྱས་ལ་དེ་ནས་བདག་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དེ་བཙལ་བར་བྱའོ་སྙམ་པ་དེ་ཙམ་བྱའོ། །དེ་ལྟར་བྱས་པས་ཁམས་ཀྱི་ནུས་པ་བརྙས ་ནས་ལུས་ཡང་བ་དང། བྱ་བ་ལ་འཇུག་འདོད་ཀྱི་བགས་ཀྱིས་མི་ཚུགས་ཙམ་ན་འདི་སྙམ་དུ་བསམ་པའི་ཤེས་རབ་ཀྱིས་ལེགས་པར་བསམ་ན་ཕྱི་རོལ་དང་ནད་ན་གནས་པའི་མཚན་མ་རྣམས་སྤོང་བར་ནུས་ཏེ། མཚན་མ་རྣམས་སྤངས་ན ་རྣམ་པར་མི་རྟོགས་པའི་དབྱིངས་སུ་འཇུག་པར་འགྱུར་ཏེ། དེ་ལྟ་བས་ན་ལེགས་པར་རྟག་པར་བྱའོ། །སྙམ་དུ་བསམ་མོ། །དེ་སྐད་དུ། རྣམ་པར་མི་རྟག་པ་ལ་འཇུག་པའི་གཟུངས་ཀྱི་འགྲེལ་པ་ལས་ཀྱང། མཚན་ཉེ་བར་རྟོག་པ་མེད་པར་མཚན ་མ་རྣམས་ཡོངས་སུ་སྤང་བར་མི་ནུས་ལ། མཚན་མ་རྣམས་ཡོངས་སུ་མ་སྤངས་པར་ཡང་རྣམ་པར་མི་རྟོག་པའི་དབྱིངས་སུ་འཇུག་པར་མི་འགྱུར་རོ། །དེ་ལྟ་བས་ན་གདོན་མི་ཟ་བ་དེ་ཉེ་བར་བརྟགས་པར་བྱའོ། །ཞེས་གསུངས་སོ། །དེ་ལ་སོ་སོར་རྟོག་པའི ་ཤེས་རབ་སྔོན་དུ་འགྲོ་མི་དགོས་ཏེ། ལས་དང་པོ་བས་ཀྱང་ཅི་ལ་ཡང་ཡིད་ལ་མི་བྱའོ་ཞེས་ཟེར་བ་དེ་དག་གི་གཞུང་ནི་མང་དུ་ཐོས་པའི་སློབ་དཔོན་ཀ་མ་ལ་ཤཱི་ལས་སྔར་སུན་ཕྱུང་སྟེ། ལས་དང་པོ་བས་སོ་སོར་རྟོག་པའི་ཤེས་རབ་སྔོན་དུ་འགྲོ་དགོས ་པར་ཤིན་ཏུ་གསལ་བར་མཛད་ཟིན་ཏེ། སྤྲིན་དེངས་པའི་ནམ་མཁའ་ལ་ཉི་མ་ཤར་བ་དང་འདྲ་བ་ལ་སྲིན་བུ་མི་ཁྱེར་དང་འདྲ་བས་སྣང་བར་བྱ་མི་དགོས་སོ། །ཡང་ཁ་ཅིག་ན་དེ་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་རང་བཞིན་མེ ་དོ་ཞེས་ཟེར་བའི་ཚིག་ཙམ་ལ་བརྟེན་ནས། ནན་གྱིས་རྣམ་པར་མི་རྟོག་པ་སྒོམ་པས་ནི་རྣམ་པར་རྟོག་པ་ནམ་ཡང་མི་ལྡོག་སྟེ། འཕགས་པ་དཀོན་མཆོག་སྤྲིན་ལས། ཐོས་པ་དང་བསམ་པ་ཙམ་གྱིས་དོན་མངོན་སུམ་དུ་མི་འགྱུར་རོ ་ཞེས་གསུངས་པས་ངེས་པར་སོ་སོར་བརྟག་པར་བྱའོ་ཞེས་ཟེར་ཏེ། དེ་ནི་མདོ་སྡེའི་དོན་ལོག་པར་རྟོགས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཐོས་པ་དང་སེམས་པ་ཙམ་གྱིས་དོན་མངོན་སུམ་དུ་མི་འགྱུར་ཏེ། དེ་ལྟ་བས་ན་སྒོམ་གོས ་སོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་བས་ན་ཐོས་པ་དང་སེམས་པ་ཙམ་གྱིས་དོན་མངོན་སུམ་དུ་མི་འགྱུར་ཏེ། སོ་སོར་བརྟག་དགོས་སོ་ཞེས་སྨྲས་པ་ནི་དམ་བཅས་པ་གང་གི་ཚིག་གིས་བསལ་བ་ཡིན་ནོ། །སྦྱོར་བ་ནི་གང་དང་གང་རང་གི་སྔ་ཕྱི་འགལ་བདེ་ནི ་རང་གི་ཚིགས་བསལ་བ་ཡིན་ཏེ། དཔེར་ན་ངའི་མ་མོ་ཤམ་ཡིན་ནོ་ཞེས་ཟེར་བ་ལྟ་བུའོ། །བསམ་པ་ཙམ་གྱིས་དོན་མངོན་སུམ་དུ་མི་འགྱུར་ཏེ། དེ་ལྟ་བས་ན་བརྟག་པར་བྱའོ་ཞེས་ཟེར་བ་འདི་ཡང་ཚིགས་སྔ་ཕྱི་འགལ་བ་ཡིན་པས་རང་བཞིན ་གྱི་གཏན་ཚིགས་སོ། །དེའི་ཕྱིར་དེ་ནི་གྱི་ནའོ། །གོང་མ་སྐད་སྨྲ་བ་ལ་འདི་སྐད་ཅེས་ཐོས་པ་ཙམ་གྱིས་མི་ཆོག་སྟེ་ཚུལ་བཞིན་བསམ་པར་བྱའོ་ཞེས་བརྗོད་པར་བྱ་སྟེ། འདི་སྐད་དུ། སློབ་དཔོན་ཀི་མ་ལ་ཤཱ་ལས་སུ་ཀྱང་ལྷག་མཐོང་གི་ཚོགས་ཀྱི་སྐབས ་སུ་མང་དུ་ཐོས་པ་ཡོངས་སུ་བཙལ་བ་དང་ཚུལ་བཞིན་སེམས་པ་དང་ཞེས་གསུངས་སོ། །ཁ་ཅིག་ན་རེ་ཐོས་པའི་རུས་སུ་རིགས་པས་འཇལ་བ་དེ་ཉིད་སེམས་པ་ཡིན་ཏེ། ཞི་གནས་སྔོན་དུ་བསྟེན་ནས་ཡང་བསམ་པ་ནི་མ་ཡིན་ནོ་ཞེས་ཟེར་ཏེ། དེ་ལྟ ་མ་ཡིན་ཏེ། འཕགས་པ་ཐེག་པ་ཆེན་པོ་ལ་དང་བསྒོམ་པའི་མདོ་ལས་རིགས་ཀྱི་བུ་རྣམ་གྲངས་འདིས་ཀྱང་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དང་པོ་ཐེག་པ་ཆེན་པོ་ལ་འཇུག་པ་གང་ཅི་ཡང་རུང་བ་སྟེ། དེ་ཐམས ་ཅད་ནི་རྣམ་པར་མ་གཡེངས་པའི་སེམས་ཀྱིས་དོན་དང་ཆོས་ཡང་དག་པར་བསམ་པ་ལས་འབྱུང་བར་རིག་པར་བྱའོ་ཞེས་གསུངས་སོ། །སྒོམ་པའི་རིམ་པ་དང་པོར་མཛད་པ་ལས་ཀྱང། དེ་ལྟ་བས་ན་ཏིང་ངེ ་འཛིན་གྱི་ལག་གིས་བཟུང་སྟེ། ཤིན་ཏུ་ཆ་དྲ་བའི་ཤེས་རབ་ཀྱི་མཚོན་གྱི་གཟུགས་ལ་སོགས་པ་ལ་ལོག་པར་རྣམ་པར་རྟོག་པའི་ས་བོན་གྱི་ཟུག་རྔུ་སེམས་དེ་ལ་ཡོད་པ་བསམ་པར་བྱའོ། །དེ་ལྟ་བས་ན་རྩ་བ་ནས་ཕྱུང་བའི་ཤིང་དགས ་ལ་མི་སྐྱེ་བ་བཞིན་དུ་རྩ་བ་མེད་པས་ན་ལོག་པར་རྣམ་པར་རྟོག་པའི་སེམས་དེ་ཡང་སྐྱེ་བར་མི་འགྱུར་རོ་ཞེས་གསུངས་སོ། །དེ་ལྟ་བས་ན་ཐོས་པའི་དུས་སུ་སེམས་པ་དེ་ཙམ་གྱིས་མི་ཆོག་ལ་ཏིང་ངེ་འཛིན་སྔོན་དུ་འགྲོ་བ་ཡང་བསྟེན་དགོས ་ཤིང། དེས་ཀྱང་མི་ཆོག་སྟེ་དེ་ལ་གནས་པའི་ཤེས་རབ་ཀྱིས་ཐོས་པའི་དོན་ལ་སོ་སོར་བརྟག་དགོས་ཏེ། དེ་སྐད་དུ། ལྷག་སྤྱོད་འདི་ནི་ཏིང་ངེ་འཛིན་བསྒོམ་པ་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་ནས། གལ་ཏེ་ཆོས་ལ་བདག་མེད་སོ་སོར ་རྟོག། སོ་སོར་དེ་བརྟགས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟ་བས་ན་ཞི་གནས་ལ་བརྟེན་ནས་བསམ་པའི་ཤེས་རབ་བསྐྱེད་པར་བྱ་སྟེ། དེའི་སྐབས་སུ་སྔར་ཁམས་རྟས་པར་བྱེད་པའི་ཚེ་ན་སྲོད་ལ་ཐུན་རེ་བསྒོམ་པ་དེ་ཡང་བཞག་ལ་སྤྱོད ་ལམ་ཇི་ལྟར་བདེ་བ་བཞིན་དུ་འདུག་ནས་ཐུན་ནི་ཁམས་རབ་དང་འབྲིང་དང་ཐ་མས་མདའ་རྒྱང་གསུམ་དང་གཉིས་དྲང་གཅིག་ཏུ་གོམ་པ་ཐ་མལ་པས་ཕྱིན་པའི་བར། །ཙམ་དུ་བས་མ་ཞིང་ཐུན་གྱི་གྲངས་ནི་ཁམས་རབ་ཀྱིས་ཉི་མ་དེ་ལ ་བཞི། འབྲིང་གིས་ལྔ་ཐ་མས་དྲུག་བསམས་ཏེ། ཁམས་ཞན་ཅིང་གྲངས་མང་བ་ནི་ཡུན་ཐུང་བས་བྱེ་བྲག་དུ་བྱས་པ་ཡིན་ནོ། །གསུམ་གས་ཀྱང་དང་པོའི་ཉིན་པར་ཐུན་གཅིག་བསམ་ཞིང། དེ་ནས་རང་གི་ཁམས་ཡིན་པའི་ཚད་དུ་ཕྱིན་གྱི ་བར་དུ་ཉི་མ་རེ་ལ་ཐུན་རེ་བསྣན་ཞིང་བསམ་མོ། །དེའི་བར་དཱུམ་རང་རང་གི་ཐུན་གྱི་ཚད་ཕྱིན་ནས་བསམ་པའི་སྐབས་སུ་ཡང་རུང་སྟེ། ཁམས་མི་བདེ་བའི་མཚན་མ་བྱུང་ན་སྲན་སྐྱེད་ཅིང་མི་བསམ་པར་ན་ཚ་འབྲལ་ལ་ཞི་བར་བྱས ་ཏེ། ཐུན་བསྣན་ཅིང་བསམ་པའི་སྐབས་ཡིན་ན་ཁམས་མི་བདེ་བ་མ་བྱུང་གི་བར་དུ་མི་བསྣན་པ་དང་རང་རང་གི་ཚད་དུ་བསམ་པའི་སྐབས་སུ་མི་བདེན་ཐུན་གྱི་གྲངས་དབྲི་བ་དང། སྐུ་མཉེ་ལ་སོགས་པས་ཞི་བར་བྱས་ལ་གོང་མ་བཞིན་དུ་བསམ ་མོ། །གསུམ་གས་ཀྱང་མཚན་མོ་ཡེ་མི་བསམ། གཉིད་དང་ཉལ་བས་ཉིན་པར་གྱི་དུབ་པ་དེ་བརྟས་སུ་གཞུག་གོ། དེ་ལ་རེ་ཞིག་གང་ཟག་ལ་བདག་མེད་པ་སྟོན་པའི་རིགས་པ་ཇི་ལྟར་ཐོས་པ་ལ་བསམས་ཏེ། འདི་ལྟར་བསྟན་བཅོས ་ལས་ཕལ་ཆེར་བདག་ཏུ་འཛིན་པའི་གཞུང་སྨྲ་བ་མུ་སྟེགས་པའི་གྲུབ་པའི་མཛའ་རིགས་མི་མཐུན་པ་དཔག་ཏུ་མེད་པ་སུན་དབྱུང་བ་དང་བཅས་པ་གསུངས་ཏེ། དེ་དག་ཤེས་པར་བྱ་བ་ཡིན་མོད་ཀྱི། འོན་ཀྱང་སྒྲུབ་པ་པོ་ཕལ ་ཆེ་ལ་དེ་དག་གིས་རེ་ཞིག་མི་གནོད་དོ། །འོ་ན་གང་གི་གནོད་ཅེ་ན། འདི་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་ཆོས་མ་ཐོས་པ་འམ། མང་དུ་ཐོས་ཀྱང་ཆོས་ཀྱི་རྗེས་སུ་མ་འབྲངས་པ་ཐ་མལ་བའི་རྟོག་པ་ལ་འདི་སྙོམ་དུ་བདག ་ནི་བ་དང་མ་འདི་ལ་སྐྱེ་སྟེ་སྔོན་ལས་འདི་དང་འདི་ལྟ་བུ་བྱས་པ་དེ་ད་ལྟར་ཡང་དྲན་ནོ། །བདག་གི་ལུས་འདི་ནི་སྔོན་ནས་ཚུལ་འདི་ལྟར་གནས་སོ་ཞེས་ཕུང་པོ་བཞི་ལ་ནི་བདག་ཏུ་འཛིན། གཟུགས་ཀྱི་ཕུང་པོ་ལ་ནི་བདག་གིར་འཛིན་ཏེ ་དེ་ཡང་རྟག་པ་དང་གཅིག་པུར་སེམས་པ་འམ། ཡང་ན་རངས་པ་ལ་དེ་ལྟར་སེམས་པ་དེ་བརྟག་པར་བའོ། །སྦྱོར་བ་ནི་གང་དང་གང་མངོན་སུམ་དང་རྗེས་སུ་དཔག་པས་དེ་ཉིད་ཀྱང་དེར་མ་དམིགས། དེ་ལས་ལེགས་ཤིག་ཏུ་ཡང་མི་སྙེད ་དེ་ལ་ཡང་དེ་དག་མི་སྣང། དེ་དག་ལ་ཡང་དེ་ཡི་དམིགས། དེ་དེ་དག་དང་ལྡན་པར་ཡང་མཐོང་བ་དེ་ནི་ཀུན་རྫོབ་ཏུ་མེད་དེ། དཔེར་ན་རྣམ་པ་ལྔས་ཐོ་ཡོར་ལ་མི་བཙལ་ཀྱང་མ་མཐོང་བ་ལྟ་བུའོ། །ངའོ་སྙམ་དུ ་བརྟགས་པ་འདི་ཡང་མངོན་སུམ་དང་རྗེས་སུ་དཔག་པས་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་ལ་དེ་ཉིད་དམ་ཞེས་བྱ་བ་ལ་སོགས་པ་ལྔ་ཡིས་བཅོལ་ན་མི་དམིགས་པས་དོན་གྱིས་ནི་ཁྱབ་པར་བྱེད་པ་མི་དམིགས་པ་ཡིད་དོ། །ཡོད་པའི ་ཐ་སྙད་ལ་ཤེས་པ་གཉིས་ཀྱི་དམིགས་པས་ཁྱབ་པའི་ཕྱིར་རོ། །དེ་ལ་ཕུང་པོ་ལས་ལོགས་ཤིག་ན་བདག་ཡོད་དམ་སྙམ་དུ་ཅུང་བཟད་བསམས་ལ། དེ་ནས་འདི་སྙམ་དུ་རེ་ཞིག་མངོན་སུམ་གྱིས་ནི་མ་མཐོང་སྟེ། མིག་གཉིས་ཤིན་ཏུ་ཕྱེ་ནས ་བལྟས་ཀྱང་བདག་ཏུ་རུང་བ་ཅུང་ཟད་ཀྱང་མ་མཐོང་ངོ། །རྗེས་སུ་དཔག་པས་ཀྱང་མ་མཐོང་སྟེ། རྟགས་གང་ཡང་མེད་པའི་ཕྱིར་རོ། །དེ་ལྟར་ལོགས་ཤིག་ཏུ་མ་མཐོང་བ་དང་ཕུང་པོ་ལ་བདག་གོ་སྙམ་པའི་རྟོག་པ་འབྱུང་བས། ཕུང་པོ་འདི་ཉིད་བདག ་ཡིན་སྙམ་དུ་སྔར་ཐ་མལ་བའི་རྟོག་པ་ཇི་ལྟ་བུས་འཇུག་པ་བཞིན་དུ་ཅུང་ཟད་བརྟགས་པར་བྱའོ། །དེ་ནས་འདི་སྙམ་དུ་ཕུང་པོ་ལ་རྟག་པ་དང་གཅིག་པུའི་བདག་ཏུ་འཛིན་པའི་ཤེས་པ་དེ་གང་ཡིན་མངོན་སུམ་གྱིས་འཛིན་ནམ། རྗེས་སུ་དཔག ་པས་འཛིན་པར་འགྱུར་གྲང་ན་དེ་ལ་རེ་ཞིག་མངོན་གྱིས་ནི་ལུས་ལ་གཅིག་པ་མ་མཐོང་སྟེ། རྐང་པ་ཡན་ཆད་ནས་མགོ་མན་ཆད་ལ་མིག་གཉིས་ཤིན་ཏུ་ཕྱེ་ནས་བལྟས་ཀྱང་མཐོང་ཚད་ལ་ཆ་ཤེས་མེད་པའི་གཅིག་པུ་ཅུང་ཟད་ཀྱང་མ་མཐོང་ངོ། །ལག ་པས་བྱུག་ནས་ཡང་ཆ་ཤས་མེད་པའི་གཅིག་པུ་ནི་ཅུང་ཟད་ཀྱང་མི་རྙེད་དོ། །རྟག་པ་མ་མཐོང་སྟེ་ཡུད་ཙམ་ལ་ཡང་འགྲོ་བ་དང་སྡོད་པ་དང་ལྡང་བ་དང་འདུག་པ་དང་ཉལ་བ་དང། འཕྲེས་པ་དང། བརྐྱང་བ་དང། བསྐུམ་པ་དང། ཚ་བ ་དང་གྲང་བ་དང། གཤེར་བ་དང་སྐམ་པ་ས་ལ་སོགས་པ་མི་འདྲ་བར་སྣང་ངོ། །རྗེས་སུ་དཔག་པས་གཅིག་པུར་མ་མཐོང་སྟེ། གང་གི་ཕྱིར་མདོར་བསྡུ་ན། གཟུགས་ཀྱི་ཕུང་པོ་ལ་བཅོ་ལྔ་དང། ཚོར་བའི་ཕུང་པོ་ལ་གསུམ་དང། འདུ་ཤེས་ཀྱི་ཕུང ་པོ་ལ་གསུམ་དང། འདུ་བྱེད་ཀྱི་ཕུང་པོ་ལ་སེམས་ལས་བྱུང་བ་བཞི་བཅུ་རྩ་དགུ་དང་མི་ལྡན་པའི་འདུ་བྱེད་བཅུ་བཞི་དང། རྣམ་པར་ཤེས་པའི་ཕུང་པོ་ལ་བརྒྱད་དེ། དེ་དག་ཁ་ཅིག་ནི་མངོན་སུམ་དུ་མཐོང་ལ། ཁ་ཅིག་ཡིད་ཆེས་པའི ་ལུང་ལས་ཀྱང་གསུངས་ཤིང་ལས་ཀྱི་སྒོ་ནས་དཔག་པས་ཀྱང་ཤེས་ཏེ། དུ་མར་རྟོགས་པ་དེའི་ཕྱིར་གཅིག་པ་མེད་དོ། །རྟག་པ་དག་ཀྱང་མ་མཐོང་སྟེ། འདི་ལྟར་གང་རྒྱུ་དང་རྐྱེན་གྱིས་འདུས་བྱས་པ་དེ་ནི་རྟག་པ་མེད་དེ། དཔེར་ན་གར་གྱི་ལྟད་མོ ་ལྟ་བུའོ། །ཕུང་པོ་འདི་ཡང་རྒྱུ་དང་རྐྱེན་གྱིས་འདུས་བྱས་པས་རྟག་པ་མེད་དེ། འགལ་བས་ཁྱབ་པ་དམིགས་པའོ། །དེ་བས་ན་མངོན་སུམ་དང་རྗེས་སུ་དཔག་པས་ཕུང་པོ་འདི་རྟག་པ་དང་གཅིག་པུར་མ་མཐོང་ངོ། །འོན་བདག་ལ ་ཕུང་པོ་མ་མཐོང་ངམ་སྙམ་པ་ལས། དེ་མི་སྲིད་དེ་གཞི་མ་གྲུབ་པའི་ཕྱིར་རོ། །འོ་ན་ཕུང་པོ་ལ་བདག་ཡོད་དམ་སྙམ་པ་ལ་དེ་ཡང་མི་རུང་སྟེ། འདི་ལྟར་གག་དེ་ལ་དེ་ཡོད་པར་མ་མཐོང་བ་དེ་ནི་དེ་ལ་དེ་ཡོད་པའི་ཐ་སྙད་དུ་མི་རུང་སྟེ། དཔེར་ན་རྟ་ལ་རྭ་ཡོད ་པར་མ་མཐོང་བས་ཡོད་པའི་ཐ་སྙད་དུ་མི་རུང་བ་ལྟ་བུའོ། །ཕུང་པོ་འདི་ལ་ཡང་ཤེས་པ་གཉིས་ཀྱིས་བདག་མ་མཐོང་བས་ཡོད་པའི་ཐ་སྙད་དུ་མ་རུང་ངོ། །འོ་ན་བདག་དེ་ཕུང་པོ་དང་ལྡན་ནམ་ཞེ་ན་མ་ཡིན་ཏེ། འདི་ལྟར་གག་རང་དང་རང་གི་ངོ་བོ ་མ་གྲུབ་པ་དེ་ནི་ལྡན་པའི་ཆོས་མེད་དེ། དཔེར་ན་མ་གཤམ་གྱི་བུ་ལ་གཟུགས་མཛེས་པ་ལ་སོགས་པའི་ཆོས་དང་ལྡན་པ་མེད་པ་ལྟ་བུའོ། །ནན་གྱིས་བརྟགས་པའི་བདག་འདི་ཡང་རང་གི་ངོ་བོ་མ་གྲུབ་པས་ལྡན་པའི་ཆོས་སུ་མེད་དེ། ཁྱད་པར ་བྱེད་བ་མི་དམིགས་པའོ། །ཀུན་རྫོབ་ཏུ་ཡོད་པ་ལ་ནི་མངོན་སུམ་དང་རྗེས་སུ་དཔག་པས་དམིགས་ཏེ། དེའི་ཕྱིར་མི་མཐུན་པའི་ཕྱོགས་ལས་ལྡོག་པ་གྲུབ་པོ། །ལྔ་ཡིས་མ་རྙེད་མཐུན་ལ་ཞུགས། །མི ་མཐུན་ཕྱོགས་ལས་ལྡོག་པ་གྲུབ། །མཐུན་ལ་ཞུགས་པས་དཔེ་གྲུབ་སྟེ། །གཏན་ཚིགས་དང་ནི་དཔེ་སྐྱོན་མེད་ཅེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །མི་རྟག་དུ་མར་སྣང་བའི་ཕྱིར། །མངོན་སུམ་གྱིས་ནི་མ་བསལ་ཏེ། ་སྒྲུབ་པའི་རྟགས་གཉིས་མེད་པའི་ཕྱིར་རོ། །རྗེས་དཔག་གིས་ཀྱང་མ་བསལ་ཏོ། །རྟག་པ་གཅིག་པུར་མ་སྨྲས་པས། །རང་གི་ཚིག་དང་འགལ་བ་མེད། །མི་རྟག་རྒྱུན་ལ་དགོངས་པའི་ཕྱིར། །ལུང་གིས་ཀྱང་ནི་མ་བསལ་ཏེ་ཉེ། །ཡོག ་པའི་ལུང་ལ་ཞེན་མ་རྟོགས། །རྟག་དང་གཅིག་པུར་གྲགས་མེད་པས། །གྲགས་པས་བསལ་བའང་མ་ཡིན་ཏེ། །བར་སྐབས་ཀྱི་ནི་ཚིག་བཤད་ཟིན། །ཚད་ནི་ཇི་ཙམ་དུ་བསམ་ཞེ་ན། ནམ་ཕུང་པོ་འདི་ལ་ཆ་ཤེས་མེད ་པོ་དེར་དུ་མ་དང་སོབ་སོབ་པ་དང། སེང་སེང་པོ་དང་མི་རྟག་པར་ནི་ངེས་ལ་རྟག་པ་དང་རིལ་པོའི་འདུ་ཤེས་ནི་མི་སྐྱེ་སྟེ། སྙིང་པོ་འམ་བདག་མེད་པ་མི་གཅིག་པ་དུ་མ་འདུས་པའི་འཇིག་པའི་ཆོས་རྒྱུ་དང་ལྡན་པའི་ངས་པ་བརྟན ་པོ་སྐྱེ་སྟེ། དེའི་སྟོབས་ནི་ཁ་ཅིག་གི་སྐྱོ་བ་སྐྱེ་ཞིང་མི་དགའ་བ་འབྱུང་ངོ། །ཁ་ཅིག་ལ་དགའ་བ་སྐྱེ་སྟེ། དམ་པའི་ཆོས་རེ་མཚར་སྙམ་པ་དང། རྟག་པ་དང་གཅིག་པུར་འཛིན་པའི་ཤེས་པ་དེ་ནི་ངེས་པར་འཁྲུལ་པ་ཡིན་ཏེ། དེ་ལ་བདག ་གམ་སེམས་ཅན་རྟག་པ་དང་གཅིག་པུར་ནི་ངེས་པར་མེད་དོ། །སྙམ་པ་འབྱུང་སྟེ། དེ་སྲིད་དུ་བསམ་མོ། །དེ་སྐད་དུ། འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང། འདི་ན་བདག་གམ་སེམས་ཅན་མེད། ཆོས་འདི་རྒྱུ་དང ་བཅས་ལས་འབྱུང་ཞེས་གསུངས་སོ། །ཡང་ཁ་ཅིག་གང་ཟག་ནི་རྟག་པ་དང་གཅིག་པུར་མ་གྲུབ་སྟེ། གོང་དུ་སྨོས་པ་བཞིན་ནོ། །མི་རྟག་པ་དང་དུ་མར་ཡང་མ་གྲུབ་སྟེ་རང་གི་ཚིག་གིས་བསལ་བའི་ཕྱིར་རོ། །གཉི་གར་བརྗོད་དུ་མེད ་པའི་གང་ཟག་ནི་ཡོད་དོ་ཞེས་ཟེར་བས་ན་དེ་ལྟ་བུ་གཅིག་ཡོད་སྲིད་དམ་སྙམ་པ་ལ། མི་སྲིད་དེ་འདི་ལྟར་རྟག་པར་བརྗོད་དུ་མེད་པས་ན་གཅིག་དང་བྲལ་ལ། མི་རྟག་པར་བརྗོད་དུ་མེད་པས་ན་དུ་མ་དང་བྲལ་ཏེ། དེ་སྐད་དུ། དབུ་མའི ་རྒྱན་ལས་རྟག་དང་མི་རྟག་ལ་སོགས་པར། །གང་ཟག་བསྟན་དུ་མི་རུང་བས། །གཅིག་དང་དུ་མའི་རང་བཞིན་དང། །བྲལ་བས་གསལ་བར་རབ་ཏུ་ཤེས། །ཞེས་གསུངས་སོ། །ད་ནི་ཆོས་ལ་བདག་མེད་པར་གསལ་བར་བྱ་སྟེ་རེ། ་ཞིག་འདི་སྙམ་དུ་གང་ཟག་ཅེས་བྱ་བརྟག་པ་དང་གཅིག་པུར་བརྟགས་པ་དེ་ནི་ཀུན་རྫོབ་ཏུ་ཡང་མེད་པར་ངེས་ན། རྒྱུ་དང་རྐྱེན་གྱིས་བྱུང་བ་མི་རྟག་པ་དང་དུ་མའི་མཚན་ཉིད་ཕུང་པོ་དང་སྐྱེ་མཆེད་དང་ཁམས་འདི་དག་གང་གིས ་བསྡུས། ཇི་ལྟར་སྣང། དོན་དམ་པར་ཡོད་དམ། འོན་ཏེ་ཡོད་པར་མ་གྲུབ་སྙམ་དུ་བསམ་པར་བྱའོ། །དེ་ལྔ་གང་གིས་བསྡུས་ཤེ་ན། གཉིས་ཀྱིས་ཉེ། གཟུགས་ཅན་དང་གཟུགས་ཅན་མ་ཡིན་པས་སོ། །དེ་གཟུགས་ཅན་གྱིས་ནི་གཟུགས། ་ཀྱི་ཕུང་པོ་དང་སྐྱེ་མཆེད་བཅུ་དང་ཁམས་བཅུ་བསྡུས་སོ། །གཟུགས་ཅན་མ་ཡིན་པས་ནི་ཕུང་པོ་བཞིན་དང་གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་དང། སྐྱེ་མཆེད་གཉིས་དང། ཁམས་བརྒྱད་བསྡུས་སོ། །དེ་ལ་ཕུང་པོ་དང་སྐྱེ་མཆེད་དང ་ཁམས་གཟུགས་ཅན་ལུས་དང། ཁང་ཁྱིམ་སྟོང་པ་དང། མི་སྟོང་པ་དང་རི་དང་ནགས་ཚལ་དང་རྒྱ་མཚོ་དང། ཆུ་བོ་དང་ཆུ་དྲན་ལ་སོགས་པ་བྱིས་པ་རྣམས་ལ་ཕྱི་རོལ་དུ་ཆད་པ་བཞིན་དུ་སྣང་བ་འདི་དག་དེ་བཞིན་དུ་སེམས་ལས་ལོགས ་ཤིག་ན་ཡོད་དམ། འོན་ཏེ་ཐོག་མ་མེད་པའི་དུས་ནས་སེམས་ཉིད་གཟུགས་ལ་སོགས་པ་ཡང་དག་པ་མ་ཡིན་པ་ལ་མངོན་པར་ཞེན་པའི་དབང་གིས་སྣང་སྟེ། དཔེར་ན་རྨི་ལམ་གྱི་གནས་སྐབས་ན་ལུས་དང་ས ་གཞི་དང་ཁང་སྟོང་ལ་སོགས་པ་སྣང་བ་ལྟ་བུ་ཡིན་སྙམ་དུ་བསམ་པར་བྱའོ། །དེ་ལ་ལུས་ལ་སེམས་པ་འདི་དག་རྡུལ་ཕྲ་རབ་ཏུ་བཞིག་ལ། རྡུལ་ཕྲ་རབ་རྣམས་ཀྱང་ཆ་ཤས་ཀྱིས་ངོ་བོར་ཉིད་སོ་སོར་བརྟགས་ན་ངེས་པར་བཟུང་དུ་མེད་པའི ་ཕྱིར་རང་བཞིན་མེད་དོ། །དཔེར་ན་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་གང་ཟག་མེད་པ་ལྟ་བུའོ་སྙམ་དུ་བསམ་མོ། །དེ་སྐད་དུ་འཕགས་པ་ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་གླང་གིར་ཡང་རྡུལ་ཕྲ་མོར་བཤིག་ན་མི ་འདུག་གོ་།རྡུལ་ཕྲ་མོ་རྣམས་ཀྱང་སོ་སོར་བཤིག་ནས་རྡུལ་ཕྲ་མོའི་མཚན་ཉིད་དུ་མི་གནས་སོ་ཞེས་གསུངས་སོ། །ཡང་གསུངས་པ་ཕྱི་རོལ་གཟུགས་ནི་མེད་མིན་ཏེ། རང་གི་སེམས་ནི་ཕྱི་རོལ་སྣང་ཞེས་གསུངས་སོ། །དེ་ལྟ་བས་ན་གཟུགས ་ལ་སོགས་པ་ལོགས་ཤིག་ན་ཡང་དག་པར་ཡོད་དོ། །སྙམ་པ་ནི་ལོག་པར་རྟོགས་པའི་རྗེས་སུ་འབྲང་བ་ཡིན་ལྟེ། དེ་སྒྲུབ་པར་བྱེད་པའི་རིགས་པ་ནི་མེད་ཅིང་ཡོད་པ་ལ་གནོད་པ་ཅན་གྱི་ཚང་མ་ནི་མང་ལ། ལུང་གིས་ཀྱང་མེད་པར་བསྟན ་པས་སེམས་ཉིད་སྣང་བ་དེ་ངེས་སོ། །དེ་སྐད་དུ་འཕགས་པ་ལང་ཀར་གཤེགས་པ་དེ་ཉིད་ལས། རྫས་ནི་རྡུལ་དུ་རྣམ་བཤིག་ཅིང། །གཟུགས་ལ་རྣམ་པར་མ་རྟོག་ཅིག་།སེམས་ཅན་རྣམ་པར་བཞག་པ་ནི། །ལྟ་བ་ངན་པས་མི་ཤེས ་སོ་ཞེས་གསུངས་སོ། །ལུས་སོགས་རྡུལ་ཙམ་མ་གྲུབ་ཕྱིར། །མེད་དེ་གང་ཟག་མཚུངས་པ་ཡིན། །ལུང་གི་གྲུབ་ཕྱིར་ལོག་རྟོག་ཕྱིར། །དེ་སྒྲུབ་རིགས་མེད་འདི་ལེགས་གནས། །ཞེས་བྱ་བ་ནི་བསྡུ་པའི་ཚིགས་སུ་བཅད་པའོ། །དེ་ལ ་འདི་སྙམ་དུ་དོན་དམ་པར་རང་བཞིན་མེད་པར་སྒྲུབ་པ་ནི་སེམས་ཉིད་སྣང་བར་ཡང་མི་འགྲུབ་སྟེ། རིགས་པ་ཐུན་མོང་པའི་ཕྱིར་རོ། །འོན་ཏེ་ཀུན་རྫོབ་ཏུ་ཡང་ལོག་ཤིག་ན་མེད་པར་སྒྲུབ་ན་མི་རིགས་ཏེ། འདི་ལྟར་གང་རྣམ་པ་འཇོག ་པ་མེད་བ་དེ་ནི་སྣང་བར་མི་འགྱུར་ཏེ། དཔེར་ན་ནམ་མཁའ་ཨི་མེ་ཏོག་དང། མོ་གཤམ་གྱི་བུ་དང། རི་བོང་གི་རྭ་སྣང་བའི་མིག་གི་རྣམ་པར་ཤེས་པ་མི་སྐྱེད་པ་ལྟ་བུའོ། །དོན་མེད་ཀྱང་སྣང་སྙམ་པ་འདི་ཡང་མི་སྣང་བར་ཐལ་བར་འགྱུར་ཏེ། ཁྱབ ་པར་བྱེད་པ་མི་དམིགས་པའོ་སྙམ་དུ་སེམས་ན། དེ་ནི་མི་རིགས་ཏེ། འདི་ལྟར་གང་ཐ་དད་དུ་མཐོང་བ་དེ་ནི་གཅིག་ཏུ་མི་གནས་ཏེ། དཔེར་ན་ཁ་དོག་ཁྲ་བོ་ལྟ་བུའོ། །བུད་མེད་གཅིག་ལ་ཡང་བྱ་རྒོད་ལ་སོགས་པ་དང། སྐྱེས་བུ་གཡེང ་པ་དང་རྣལ་འབྱོར་པས་ཐ་དད་དུ་མཐོང་བས་ངོ་བོ་གཅིག་ཏུ་མི་གནས་ཏེ། ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གང་གི་ཕྱིར་དོན་ལོགས་ཤིག་ན་མེད་པ་དེའི་ཕྱིར་དེ་ལ་འཛིན་པ་ཡང་མེད་དོ། །དེ་སྐད་དུ། འཕགས་པ་ལང་ཀར ་གཤེགས་པ་ལས། དོན་ཡོད་མ་ཡིན་སེམས་ཉིད། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །རིགས་པས་རྣམ་པར་བརྟགས་རྣམས་ཀྱིས། །གཟུང་དང་འཛིན་པ་འགག་པར་འགྱུར་ཞེས་གསུངས་སོ། །དོན་དམ་རང་བཞིན་མེད་སྒྲུབ་ན། །རིགས ་པ་གཅིག་ཕྱིར་སེམས་ཀྱང་མེད། །ཀུན་རྫོབ་ཏུ་ཡང་མེད་སྒྲུབ་ན། །མི་རིགས་རྭ་སོགས་མི་སྣང་བཞིན། །འདི་མེད་ཐལ་འགྱུར་སྙམ་སེམས་ན། །མི་རིགས་དངོས་གཅིག་ཐ་དད་ཕྱིར། །ལོགས་ཤིག་གཟུང་མེད་དེ་འཛིན་མེད། །དེ་སྐད་བདེ ་བར་གཤེགས་པས་གསུངས་ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །དེ་ལྟ་བས་ན་འདི་སྙམ་དུ་སྲིད་པ་གསུམ་གྱི་རྩ་བ་ནི་སེམས་ཁོ་ན་ཡིན་ལ། དེ་ཉིད་ཀྱི་རྣམ་པ་ནི་ཡུལ་དུ་སྣང་བ་ཡིན་ཏེ། སྤྱོད་ཡུལ་ཡིན་པའི་ཕྱིར་སོ ་སོར་མཐུན་མཐུན་དུ་སྦྱར་ཏེ། འཕགས་པ་ལྷ་ཡིས་ཀྱང། སྲིད་པའི་རྩ་བ་སེམས་ཉིད་དེ། །ཡུལ་རྣམས་དེ་ཡི་སྤྱོད་ཡུལ་ལོ་ཞེས་གསུངས་སོ། །དེ་ཉིད་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་དོན་དམ་པར་ཡོད་དོ། །དེ་སྐད་དུ ་འཕགས་པ་ལང་ཀར་གཤེགས་པ་ལས། བཏགས་པའི་དངོས་པོ་ཡོད་མ་ཡིན། །གཞན་གྱི་དབང་ནི་ཡོད་པ་སྟེ། །སྒྲོ་འདོགས་པ་དང་སྐུར་འདེབས་པའི། །མཐར་རྟོག་པ་ནི་བརླག་པར་འགྱུར་ཞེས་གསུངས་སོ། །སྙམ་དུ་སེམས ་ན། འདི་ལྟར་རེ་ཞིག་སྒྲུབ་པའི་ལུས་འདི་ལ་བརྟག་པར་བྱ་སྟེ། སློབ་དཔོན་ཕྱོགས་ཀྱིས་གླང་པོས། །རང་གི་རྣམ་པ་ཙམ་གྱི་ངོ་བོ་རུ། །ཤེས་བྱ་མ་ལུས་རྣམ་པར་བལྟས་ན་ནི། །དེ་བཞིན་ཉིད་ཀྱི་ཡེ་ཤེས་རྡོ་རྗེ་ཡིས། །ལུས་ཀྱི ་འཁྲུལ་འཁོར་རབ་ཏུ་གཞིག་པར་བྱ་ཞེས་གསུངས་སོ། །དེ་བས་ན་ལུས་འདི་དོན་དམ་པར་ཡོད་ན་རགས་པ་ཆ་ཤས་མེད་པའི་མཚན་ཉིད་དུ་ཡོད་དམ། ཆ་ཤས་དང་བཅས་པ་འམ་ཕྲ་རབ་ཏུ་ཡོད་གྲང། དེ་ལ་རེ་ཞིག་ཕྱོགས་དང་པོ ་ལྟར་ན་མཛུབ་མོ་འདི་ཆ་ཤས་མེད་པ་གཅིག་ཡིན་ན། ཚིགས་ལས་ལོགས་ཤིག་ན་ཡོད་དམ། འོན་ཏེ་ཚིགས་དང་འབྲེལ་གོང་མ་ལྟར་ན་དམིགས་པའི་རིག་བྱར་གྱུར་པའི་ཕྱིར། བུམ་པ་དང་རས་ཡུག་བཞིན་ཏུ་ལོགས་ཤིག་ཏུ་དམིགས ་པར་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་ལོགས་ཤིག་ན་མི་དམིགས་པའི་ཕྱིར་མེད་དོ། །རང་བཞིན་མི་དམིགས་པའོ། །འབྲེལ་པའི་ཕྱོགས་ཀྱང་མི་རིགས་ཏེ། ཚིག་གསུམ་པོ་རེ་རེ་ལ་ཡང་མཛུབ་མོ་རེ་རྫོགས་པ་ཞིག་ཏུ་འགྱུར་རོ། ། ་དེ་ལྟར་འགྱུར་མོད་སྙམ་པ་ལ་ཆ་ཤས་མེད་པའི་ཕྱིར་ཚིགས་གཅིག་བསྒྲིབས་ན་མཛུབ་མོ་ཐམས་ཅད་བསྒྲིབས་པའམ། དམར་ན་ཐམས་ཅད་དམར་བར་ཐལ་བར་འགྱུར་རོ། །འོན་ཏེ་ཚིགས་གཅིག་ལ་ཕྱོགས་གཅིག་གིས་ཁྱབ ་ན། ཆ་ཤས་ཡོད་པས་གཅིག་པ་ཉིད་ཉམས་པར་འགྱུར་རོ། །དེ་ལྟ་བས་ན་ལོགས་ཤིག་ན་མེད་པས་ཚིགས་དང་ལྡན་ནོ་སྙམ་པ་ཡང་མེད་དེ། མཛུབ་མོ་གཅིག་ཏུ་འདོད་པ་དང་ཐ་མི་དད་པའི་ཕྱིར། མཛུབ་མོའི་རང་གི་ངོ་བོ ་བཞིན་དུ་ཚིགས་གསུམ་གཅིག་ཏུ་ཐལ་བར་འགྱུར་རོ། །མཛུབ་མོ་ཡང་ཚིགས་གསུམ་དང། ཐ་མི་དད་པས་ཚིགས་གསུམ་ཡོད་པ་བཞིན་དུ་གཅིག་ཏུ་འདོད་པ་ཡང་དུ་མར་ཐལ་བར་འགྱུར་རོ། །གང་གི་ཕྱིར་ལོགས་ཤིག་ན་ཡང་མེད་ལྡན ་པའམ་འབྲེལ་པའི་ཕྱོགས་ཀྱང་མེད་པ་དེའི་ཕྱིར། ཆ་ཤས་མེད་པའི་ཕྱོགས་མ་གྲུབ་པ་མེད་དོ། །འོན་ཏེ་ཕྱོགས་གཉིས་པ་ལྟར་ན་རགས་པ་ཆ་ཤས་དང་བཅས་པའམ་ཚོགས་པར་ཡོད་དོ་སྙམ་ན་དེ་ཡང་མི་རིགས་ཏེ། འདི་ལྟར་ཚིགས ་དང་པོ་ལ་སོགས་པ་རང་གི་ཆ་ཤས་ལས་གཞན་དང་གཞན་མ་ཡིན་པ་ཉིད་དུ་བརྗོད་དུ་མེད་པའི་ཕྱིར་མ་གྲུབ་པས་མེད་དོ། །ད་ལྟ་བས་ན་རགས་པ་ཆ་ཤས་དང་བཅས་པ་ཡང་ཡོད་པར་ཡང་མ་གྲུབ་པོ། །དེ་བཞིན་དུ་གཟུགས ་ལ་སོགས་པ་དང་མེད་པ་ཉིད་དུ་ཁོང་དུ་ཆུད་པར་བྱ་སྟེ། དེ་དག་གི་རང་བཞིན་ཡང་འདུས་པ་ཙམ་ཡིན་པའི་ཕྱིར་ལ་འདུས་པ་ཡང་དངོས་པོ་མེད་པ་ཉིད་དུ་བསྟན་པའི་ཕྱིར་རོ། །འོ་ན་ཕྱོགས་གསུམ་པ་རྡུལ་ཕྲ་རབ་ཀྱི་མཚན་ཉིད་དུ་ཡོད་དོ ་སྙམ་པ་ལས། དེ་ཡང་མི་རིགས་ཏེ། འདི་ལྟར་རྡུལ་ཕྲ་རབ་ཀྱང་ཆ་ཤས་ཐ་དད་པའི་ཕྱིར་གཅིག་ཏུ་མ་གྲུབ་སྟེ། རང་བཞིན་འགལ་བ་དམིགས་པའོ། །འོ་ན་ཆ་ཤས་ཐ་དད་པ་དེ་དག་ཡོད་པས་དུ་མ་མི་སྲིད་དོ་སྙམ་པ་ལ། ཆ་ཤས་མེད་པའི་རྡུལ་གཅིག ་མ་གྲུབ་ན། ཆ་ཤས་མེད་པའི་རྡུལ་དུ་མ་མི་འགྲུབ་སྟེ། དེ་ནི་དེ་བསགས་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ངེས་པ་ལ་ཤེས་པ་ཅུང་ཞིག་འཛིན་པ་ནི་རྟགས་རྗེས་སུ་དཔག་པའི་སྒོ་ནས་གྲུབ་པའོ། །དེའི་རྗེས་ལ་ལུས་ལ་སོགས་པའི་རྣམ་པ་འདི་དག ་དོན་དམ་པར་གཅིག་དང་དུ་མ་དང་བྲེལ་བའི་ཕྱིར་དོན་དམ་པར་རང་བཞིན་མེད་དོ། །དཔེར་ན་གཟུགས་བརྙན་བཞིན་ནོ་སྙམ་ནས་ཅི་ལ་ཡང་དམིགས་སུ་མེད་དོ་སྙམ་པའི་ཤེས་པ་སྐྱེ་བ་ནི་རྗེས་སུ་དཔག ་པའི་ཤེས་པ་ཡིན་ནོ། །དེ་སྐད་དུ། འཕགས་པ་མི་འམ་ཅིའི་རྒྱལ་པོ་ལྗོན་པས་ཞུས་པ་ལས། ཇི་ལྟར་གཟུགས་བརྙན་མེ་ལོང་སྣང། །གཅིག་དང་གཞན་ཡང་རྣམ་སྤངས་ཏེ། །སྣང་ཡང་དེ་ལ་ཡོད་མིན་ལྟར། །དེ་བཞིན་དངོས་རྣམས་ངོ་བོ ་ཉིད་ཅེས་གསུངས་སོ། །འོ་ན་སེམས་དང་སེམས་ལས་བྱུང་བ་ཆ་ཤས་མེད་པས་དོན་དམ་པར་ཡོད་དོ་སྙམ་པ་ལས། དེ་ནི་མི་རིགས་ཏེ། འདི་ལྟར་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་འདི་ལྟར་རྣམ་པ་དུ་མ་དག་དང་ཐ་མི་དད་པའི ་ཕྱིར། རྣམ་པའི་རང་གི་ངོ་བོ་བཞིན་དུ་གཅིག་པ་ཉིད་དོ། །འོ་ན་དུ་མར་ཡོད་མ་པ་ལ། དེ་ཡང་མི་རིགས་ཏེ། དེ་སྐད་དུ། དངོས་པོ་གང་དང་གང་བརྟགས་ན། །དེ་དང་དེ་ལ་གཅིག་པ་མེད། །གང་ལ་གཅིག་པ་ཡོད་མིན་པ། །དེ་ལ ་དུ་མ་འང་ཡོད་མ་ཡིན་ཞེས་གསུངས་སོ། །དེ་ལྟ་བས་ན་ཡུལ་དུ་སྣང་བ་འདི་རང་བཞིན་མེད་ན་སེམས་ཡོད་པར་ག་ལ་འགྱུར་ཏེ། ཐ་མི་དད་པའི་ཕྱིར་རོ། །དེ་སྐད་དུ། འཕགས་པ་ལྷས་ཀྱང། ཡུལ་ལ་བདག་མེད་མཐོང་ནས་ནི། །སྲིད་པའི་རྩ་བ ་སེམས་ལྡོག་གོ་ཞེས་གསུངས་སོ། །ཡང་གསུངས་པ། ཚོགས་པ་རྣམས་ལ་གཞན་ཡོད་མིན། །གཞན་མ་ཡིན་པའང་ཡོད་པ་ཡིན། །དེ་ལྟ་མ་གྲུབ་ཚིག་སོགས་མེད། །དེ་ཕྱིར་ཚོགས་པ་ཙམ་དུ་ཟད། །ཚོགས་པ་དང་ནི་བཅས་པ་ཡི། །སོར་ ་མོ་ལ་སོགས་རྣམས་ཀྱི་ནི། །དངོས་པོ་ཐམས་ཅད་མེད་པར་བསྟན། །ཚོགས་མ་གཏོགས་པའི་དངོས་ཕྲ་འང་མེད། །དེ་ལྟར་དོན་གཅིག་ཤེས་བྱེད་པའི། །བློ་ནི་གང་དུ་བརྟག་པར་བྱ། །སེམས་བྱུང་ཚོགས་དང་བཅས་སེམས་ཀྱི། །དམིགས་པ ་གཅིག་འདིར་ཇི་ལྟར་འགྱུར་ཞེས་གསུངས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར། །དོན་དམ་པར་ཡོད་དོ་སྙམ་པ་ཡང། ཀུན་རྫོབ་ལ་རིགས་ཏེ། རང་བཞིན་གྱི་གཏན་ཚིགས་ཡིན་པའི་ཕྱིར་རོ། །དོན་དམ་པར་ཡོད་པར་སྒྲུབ་ན་ནི། །འགལ་བས ་ཁྱབ་པར་དམིགས་པ་ཡིན་པའི་ཕྱིར་རོ། །གཞན་དུ་ན་སྒྱུ་མ་ལ་སོགས་པ་ཡང་དོན་དམ་པར་ཡོད་པར་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་འཕགས་པ་ཀླུ་སྒྲུབ་ཀྱིས། །མ་རིག་རྐྱེན་ལས་བྱུང་བ་ལ། །ཡང་དག་ཤེས་པ་རྣམ་བརྟགས་ན། །སྐྱེ་བ་དང ་ནི་འགག་པའང་རུང། །གང་ཡང་དམིགས་པར་མི་འགྱུར་རོ་ཞེས་གསུངས་སོ། །གཞན་གྱི་དབང་ནི་ཡོད་པ་སྟེ། ཞེས་བྱ་བ་ལ་སོགས་པའི་ལུང་དེ་ཡང་ཀུན་རྫོབ་ལ་དགོངས་ནས་གསུངས་པ་ཡིན་ཏེ། མདོ་སྡེ་ཉིད་ལས། བློ་ཡིས་རྣམ་པར་བཞིགས ་ནས་ནི། །གཞན་དབང་མེད་ཅིང་བརྟགས་པའང་མེད། །གྲུབ་པའི་དངོས་པོ་འང་ཡོད་མེད་ན། །བློ་ཡིས་ཇི་ལྟར་རྣམ་པར་བརྟག་ཅེས་གསུངས་སོ། །ཆད་ཅི་ཙམ་དུ་བསམས་ཤེ་ན། རྟགས་སྒྲུབ་པ་དང་རྗེས་སུ་དཔག་པའི་ཤེས་པ་སྐྱེས ་པའི་སྐབས་སུ་རྟོག་པའི་དོན་ལས་གཞན་དུ་མི་འཕྲོ་བ། སེམས་ཀྱི་བཅད་པའི་གནས་མ་རྙེད་པས་རང་གི་ངང་གི་སྡོད་བ་ཞིག་འབྱུང་སྟེ། དེ་ཙམ་དུ་བསམ་མོ། དེ་སྐྱེས་པ་དེའི་རྗེས་ལ་འདི་སྙམ་དུ་ཅི་ལ་ཡང་མི་གནས་པའི་སེམས་སྐྱེ་བ་ཞིག ་འདུག་སྙམ་པའི་བསམ་པ་འབྱུང་བའོ། །དེ་ལྟ་བས་ན་རྣམ་པར་མ་ཡེངས་པའི་ཡིད་ཀྱིས་གང་ཟག་དང་ཆོས་ལ་བདག་མེད་པ་ཇི་སྐད་བཤད་པ་བཞིན་དུ་དཔྱད་ནས་ཆད་དུ་ཕྱིན་པ་དང་གཞག་ལ་རེ་ཞིག་ང་ལ་གསོའོ། །འདི་དག་གང་གིས ་བསྡུས་པ་དང། །ཇི་ལྟར་སྣང་བ་བསྟན་པ་དང། །དེ་ལ་ལོག་རྟོགས་སུན་དབྱུང་དང། །ལུས་དང་བརྟག་དང་ཆད་བསྟན་པའོ། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ།། །།ད?་ནི་བསྒོམ་པའི་ཤེས ་རབ་སྐྱེད་པ་དེ་རིགས་ཏེ། འདི་སྙམ་དུ་བསམ་པའི་ཤེས་རབ་གཅིག་དང་དུ་མ་དང་བྲལ་བའི་རྟགས་ངེས་པར་གྲུབ་ཅིང་འབྲེལ་པ་དྲན་པའི་རྗེས་ལ་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པར་སྒྲོ་འདོགས་པའི ་སྤྲོས་པ་མཛའ་དག་ངེས་པར་དཔྱད་པའི་ཤེས་པ་བསྟན་པོར་སྐྱེས་ཀྱང་སྒོམ་པའི་ཤེས་རབ་ཀྱིས་གོམས་པར་མ་བྱས་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་ཐམས་ཅད་ནམ་མཁའ་ཨི་དཀྱིལ་ལྟ་བུར་མངོན་སུམ་དུ་མཐོང་བའི་ཡེ་ཤེས་སྐྱེ་མི ་སྲེད་དེ། དཔེར་ན་རྟ་དཀྱུས་ཀྱིས་དྲན་ནས་རྒྱུག་པ་ལ་མེད་པ་ལྟར་བྱས་ཀྱང་མ་རྒྱུགས་ན་ཀྱུས་ཀྱི་ཞབས་སུ་ཕྱིན་པའི་དུས་མེད་པ་ལྟ་བུའོ་སྙམ་དུ་བསམ་མོ། །དེ་སྐད་དུ། འཕགས་པ་སྡོད་པོ་དཀོད་པ་ལས། དཔེར་ན་མི་འགའ་ཞིག་།བང ་མཛོད་མང་པོ་འགྲང་བྱེད་ཀྱང། །ནོར་ཕྱེད་ཙམ་ཡང་མི་ཐོབ་པ། །མ་བསྒོམས་ཆོས་ཀྱང་དེ་དང་འདྲ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང། འདི་སྐད་དུ། དཔེར་ན་མི་ཞིག་ན ་ཞིང་སྡུག་བསྔལ་ཏེ། །ལོ་གྲངས་མང་པོར་རེས་འགའ་མ་ཐར་བ། །དེ་ནི་སྡུག་བསྔལ་ནད་ཀྱི་ཉོན་མོངས་ཏེ། །ན་བ་འཚོ་བའི་ཆེད་དུ་སྨན་པ་བཙལ། །ཡང་དང་ཡང་དུ་དེས་ནི་བཙལ་བ་དང། །སྨན་པ་མཁས་ཤིང་རིག་པ ་དེས་རྙེད་ནས། །དེས་ཀྱང་སྙིང་རྗེ་ཉེ་བར་བཞག་ནས་སུ། །སྨན་འདི་བཏང་བར་གྱིས་ཤིག་ཅེས་བྱིན་པ། །སྨན་མངས་ཕངས་པ་བཟང་པོ་དེ་རྙེད་ནས། །ན་བ་འཚོ་བར་གྱུར་པའི་སྨན་མི་འཐུང། །སྨན་པས་མཉེས་སྨན་གྱིས་མཉེས ་ཏེ། །ནད་པ་དེ་ཉིད་ཀྱིས་ནི་ཉེས་པ་ཡིན། །དེ་བཞིན་བསྟན་པ་འདི་ལ་རབ་བྱུང་ནས། །སྟོབས་དང་བསམ་གཏན་དབང་པོ་ཀུན་རིགས་ནས། །བསྒོམ་པ་ལ་ནི་མངོན་པར་བརྩོན་མི་བྱེད། །རིགས་པར་མི་བརྩོན་ག་ལ་མྱ་ངན་འདས་ཞེས ་གསུངས་སོ། །དེ་ལ་ཁ་ཅིག་ན་རེ། བསྒོས་པ་བྱ་བ་ནི་གོམས་པར་བྱེད་པ་ཉིད་ཡིན་ཏེ། དོན་གཞན་མ་ཡིན་ནོ། །དེ་ལྟ་བས་ན་བསམ་པའི་ཤེས་རབ་སོ་སོར་རྟོག་པ་དང། འབྱེད་པ་ཁོ་ན་གོམས་པས་མི་རྟོག་པའི་ཡེ་ཤེས་སྐྱེ་ཞེས་གྲག་སྟེ། དེ་ནི ་མི་རིགས་པར་ཚིག་གི་སིལ་བུའི་མདོ་ལས། ལོང་པ་རྐང་པས་ནམ་བྱེད་ཅིང། །ཉམ་ངའི་ལམ་དུ་རྒྱུག་བྱེད་ལྟར། །རྗེས་སུ་དཔག་པ་གཙོར་འཛིན་པ། །རྣམ་པར་ལྟུང་བར་དཀའ་མ་ཡིན་ཞེས་གསུངས་སོ། །དེ་ལྟ་བས་ན་སྒོམ་པའི་རིམ་པ་དང་པོར ་མཛད་པ་ལས་ཀྱང། དེ་ལྟར་བསམ་པའི་ཤེས་རབ་ཀྱིས་ཡང་དག་པའི་དོན་བྱེ་བྲག་ཕྱེད་པར་བྱས་ལ་དེ་ལ་མངོན་སུམ་དུ་བྱ་བའི་ཕྱིར་བསྒོམ་པའི་ཤེས་རབ་བསྐྱེད་དོ། །ཐོས་པ་ལ་སོགས་པ་ཙམ་གྱིས་ནི་དོན་མངོན་སུམ་དུ་མི་འགྱུར ་རོ་ཞེས་འཕགས་པ་དཀོན་མཆོག་སྤྲིན་ལ་སོགས་པ་ལས་བསྟན་ཏོ་ཞེས་གསུངས་ཏེ་།འཕགས་པ་དཀོན་མཆོག་སྤྲིན་ལས། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་གསོལ་པ། བཅོམ་ལྡན་འདས་རིགས ་ཀྱི་བུ་གང་དག་གིས་ཐོས་པ་ལས་བྱུང་བ་འམ། བསམ་པ་ལས་བྱུང་བའི་ཤེས་པས་ཁོང་དུ་ཆུད་པར་གྱུར་པ་དེ་རང་གི་རིགས་པ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་མ་ཡིན་ཏེ། ཐོས ་བ་ཙམ་མམ་བསམ་པ་ཙམ་གྱིས་ནི། རང་གི་རིག་པའི་ཆོས་ཁོང་དུ་ཆུད་པར་མི་ནུས་སོ། །རིགས་ཀྱི་བུ་དེ་ལྟ་བས་ན། དཔེ་ཉོན་ཅིག་རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་འབྲོག་དགོན་པ་ཆེན་པོར་སོས་ཀའི་ཟླ་བ་ཐ་མ་ལ་མི་ལ་ལ ་ཞིག་ཤར་ཕྱོགས་ནས་ནུབ་ཕྱོགས་སུ་འགྲོ་ལ་དེ་ནས་མི་གཞན་ཞིག་ནུབ་ཕྱོགས་ནས་ཤར་ཕྱོགས་སུ་འོང་སྟེ། དེ་ཡང་སོས་ཀ་ཚ་བས་ཡོངས་སུ་གདུངས་པར་གྱུར་ན་སྐོམ་གྱིས་ཉེན་པ་དེ་ཤར་ཕྱོགས་ནས་འོང་བའི་མི་དེ་ལ་འདི ་སྐད་ཅེས་སྨྲས་ཏེ། ཀྱེ་སྐྱེས་བུ་སོས་ཀའི་ཚ་བས་ཡོངས་སུ་གདུངས་ཏེ་སྐོམ་གྱིས་ཉེན་ན། གང་ན་མཚོ་འམ་ལྟར་ཀའམ་རྫིང་བུ་གང་ཆུ་བསིལ་བ་དང་བ་རྙོག་མ་མེད་པ་གསལ་བས་གང་བ་ཡོད་དེ། ་གང་དུ་བདག་ཚ་བ་དང་སྐོམ་པ་རབ་ཏུ་ཞི་བར་འགྱུར་བའི་ལས་བདག་ལ་སྟོན་ཅིག་ཟེར་ལ། ཤར་ཕྱོགས་ནས་འོངས་པའི་མི་དེ་ཡང་ལམ་ཤེས་པ། ལམ་ལ་མཁས་པ་ལམ་མཐོང་བ་ལམ་གྱི་མཚན་མ་མཐོང་བ་ཞིག་ཡིན་ཏེ། དེས ་དེ་ན་ཆུའི་ཉེས་པ་དང་བྲལ་བའི་ཆུ་སྔོན་ཆད་མཐོང་ལ་སྔོན་མྱང་ཞིང་སྔོན་ཡང་ཞུགས་པ་ཡིན་ཏེ། དེས་མི་དེ་ལ་འདི་སྐད་དུ། ཀྱེ་གྲོགས་པོ་ལམ་འདི་ནས་ལན་ཁ་བྲག་མཐོང་གི་བར་དུ་སོང་ལ། ཀྱེ་སྐྱེས་བུ་ཁྱོད་ཀྱིས་གཡོན་གྱི ་ལམ་བོར་ཏེ། གཡས་ཀྱི་ལམ་ནས་ནགས་ཚལ་སྔོན་པོ་དང་ནགས་ཚལ་དེའི་དབུས་ན་མཚོ་འམ་ལྟེང་ཁ་འམ་རྫིང་བུ་ཆུ་བསིལ་ཞིང་དང་བརྙོག་པ་མེད་པས་གསལ་བས་གང་བ་མཐོང་གི་བར་དུ་སོང་ལ་དེར་སྐྱེས་བུ་ཁྱོད་སྐོམ་པ་དང ་ཚ་བ་མེད་པར་བྱོས་ཤིག་།ཅེས་ཟེར་ན་རིགས་ཀྱི་བུ་དེ་ཅི་སྙམ་དུ་སེམས་སོས་ཀའི་ཚ་བས་གདུངས་ཏེ། སྐོམ་གྱིས་ཉེན་པའི་མི་དེས་ཆུ་ཐོས་མ་ཐག་དང་བསམ་པ་ཙམ་གྱིས་ཚ་བ་མེད་པར་འགྱུར་རམ། སྐོམ་པ་དང་ཡང་བྲལ་བར་འགྱུར་བས ་ཆུ་བསིལ་བ་ཡང་རང་གི་རིགས་པར་འགྱུར་རམ། གསོལ་བ་བཅོམ་ལྡན་འདས་མ་ལགས་སོ། །བཅོམ་ལྡན་འདས་མི་དེ་ནམ་དེར་ཕྱིན་ནས་དེས་ཆུ་དེར་ཞུགས་ཏེ་འཚལ་བར་གྱུར་པ་དེའི་ཚེ་མི་དེའི་ཚ་བ་དེ་མ་མཆིས་པར་འགྱུར་རོ། ། ་སྐོམ་པ་དང་ཡང་བྲལ་བར་འགྱུར་རོ། །དེ་བསིལ་བ་ཡང་རང་གི་རིགས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་རིགས་ཀྱི་བུ་ཐོས་པ་དང་བསམ་པ་ཙམ་གྱིས་རང་གི་རིག་པའི་ཆོས་ཁོང་དུ་ཆུད་པར་མི ་ནུས་སོ། །ང་ལ་རིགས་ཀྱི་བུ་འབྲོག་ཅེས་བྱ་བ་འདི་ནི་འཁོར་བའི་འབྲོག་གི་ཚིག་བླ་དགས་སོ། མི་སོས་ཀའི་ཚ་བས་ཡོངས་སུ་གསུངས་ཤིང་སྐོམ་གྱིས་ཉེན་པ་ཞེས་བྱ་བ་འདི་ནི་ཉོན་མོངས་པའི་གདུང་བས་ཡོངས་སུ་གདུངས་ཤིང། ཡུལ་གྱི་སྲེད ་པས་ཉེན་པའི་སེམས་ཅན་རྣམས་ཀྱི་ཚིག་བླ་དགས་སོ། །ལམ་ཤེས་པ་ཞེས་བྱ་བ་འདི་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ལ་མཁས་པ་ཆོས་མྱོང་བ་ཆོས་རང་གིས་རིག་པ་རྣམས་ཀྱི་ཚིག་བླ་དགས་སོ། །ཆུ་གསལ་ཞིང ་དངས་ལ་རྙོག་པ་མེད་པ་གསལ་བ་ཞེས་བྱ་བ་འདི་ནི་དོན་དམ་པའི་ཆོས་ཉིད་ཀྱི་ཚིག་བླ་དགས་སོ། །ཡང་རིགས་ཀྱི་བུ་དཔེ་ཉོན་ཅིག་རིགས་ཀྱི་བུ་དེ་ཇི་སྙམ་དུ་སེམས་གལ་ཏེ་དེ་བཞིན་གཤེགས་པ་ཚེའི་ཚད་བསྐལ་བར་བཞུགས་ཏེ ་འཛམ་བུའི་གླིང་གི་མི་རྣམས་ཀྱི་མདུན་དུ་འདི་ལྟ་སྟེ། ལྷའི་བདུད་རྩིའི་དྲི་ཞིམ་པ་དང་གཙང་བ་དང་གྱ་ནོམ་པ་དང་ཤིན་ཏུ་ཞིམ་པ་དང་རེག་ན་བདེ་བ་ལས་བརྩམས་ཏེ་བསྔགས་པ་བརྗོད་དོ། །རིགས་ཀྱི་བུ་དེ་ཇི་སྙམ་དུ་སེམས། ཅི་སེམས ་ཅན་དེ་དག་གིས་ལྷའི་བདུད་རྩིའི་བསྔགས་པ་རང་གི་རིག་པར་འགྱུར་རམ། །གསོལ་བ་བཅོམ་ལྡན་འདས་མ་ལགས་སོ། །བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ་རིགས་ཀྱི་བུ་དེ་ལྟ་བས་ན་ཁྱོད་ཀྱི་རྣམ་གྲངས་འདི་ཐོས་པ་འམ་བསམ་པ ་ཙམ་གྱིས་རང་གི་རིགས་པའི་ཆོས་ཁོང་དུ་ཆུད་པར་མི་ནུས་པར་རིག་པར་བྱའོ། །རིགས་ཀྱི་བུ་ཡང་དཔེ་ཉོན་ཅིག་རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་མི་ཞིག་གིས་ཤིང་ཏོག་གི་རྣམ་པ་སྔོན་སེམས་ཅན་སུས་ཀྱང་མ་མྱོང་བ་ཞིག་མྱངས་པར ་གྱུར་པ་དེས་མི་གཞན་ཞིག་གི་མདུན་དུ་ཤིང་ཏོག་གི་རྣམ་པ་དེའི་བསྔགས་པ་འདི་ལྟ་བུ་སྟེ། ཁ་དོག་ཕུན་སུམ་ཚོགས་པ་དང་རོ་ཕུན་སུམ་ཚོགས་པ་དང་དྲི་ཞིམ་པ་ལས་བརྩམས་ཏེ། བརྗོད་ན་རིགས ་ཀྱི་བུ་དེ་ཇི་སྙམ་དུ་སེམས། ཅི་མི་ངེས་ཤིང་ཏོག་གི་རོ་དེ་རང་གིས་རིགས་པར་འགྱུར་རམ། གསོལ་པ་བཅོམ་ལྡན་འདས་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རིགས་ཀྱི་བུ་དེ་ལྟ་བས་ན ་ཁྱོད་ཀྱི་རྣམ་གྲངས་འདི་ཇི་ལྟར་ཐོས་པ་ཙམ་མམ་བསམ་པ་ཙམ་གྱིས་སོ་སོར་རང་གི་རིགས་པའི་ཆོས་ཁོང་དུ་ཆུད་པར་མི་ནུས་པར་རིག་པར་བྱའོ་ཞེས་གསུངས་སོ། །མི་བསྒོམ་སྔོན་དུ་མི་འགྱུར་དང། །དེ་ལ་ལོག་པར་རྟོག་པ་དང ་དེ་ཡི་སུན་དབྱུང་བསྟན་པ་དང། །ལུང་གི་རྒྱས་པར་བསྟན་པ་ཡིན་ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །དེ་ལ་བསོད་ནམས་ཀྱི་ཚོགས་ཀྱི་ཡན་ལག་ནི། ཕུང་པོ་གསུམ་པ་འམ་ཡན་ལག་བདུན་པ་འམ། ཆོས་སྤྱོད་བཅུ ་འམ་ཆོས་སྤྱོད་བཅུ་གསུམ་མམ། ཆོས་སྤྱོད་ཉི་ཤུ་ཡིན་ཏེ། བསླབ་པ་ཀུན་ལས་བཏུས་པ་ལས། དེ་དག་ན་བསོད་ནམས་ཀྱི་ཕུང་པོ་ཡིན་པའི་ཕྱིར་རོ་ཞེས་གསུངས་སོ། །དེ་ལྟ་བས་ན་གོང་དུ་སྨོས་པ་བཞིན་ཚུལ་ཁྲིམས་ལ་སོགས་པ ་ཞི་གནས་དང་ལྷག་མཐོང་གི་ཚོགས་ལ་ལེགས་པར་གནས་པའི་རྣལ་འབྱོར་པས་བསྒོམ་པའི་ཚེ་ཐོབ་པར་བྱ་བ་ཅི་ཡོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ལ་སྒྲའི་ཚེར་མ་མེད་པ་ཡིད་དང་མཐུན་པའི་གནས་བྲག་ཕུག་གམ ་རྩཝའི་སྤྱིལ་པུ་འམ་ཁང་པ་ལ་སོགས་པར་ཕྱག་དར་དང། ཞལ་ཞལ་དང་མཎྜལ་ཅི་ནུས་ཀྱིས་བྱས་ཏེ། དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་སྐུ་གཟུགས་རི་མོར་བྲིས་པ་མདུན་ལོགས་སུ་བཀྲམ་པ་འམ་ལུགས་སྐུ་མདུན་ལོགས་སུ ་བཞུགས་ལ་མཆོད་པའི་ཡོ་བྱད་འབྱོར་ཚད་དབུལ་བ་ཁང་པར་གོ་རིམས་བཞིན་དུ་བཤམས་ནས་འདི་སྙམ་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ལན་དུ་མར་བདག་གི་ཕ་དང་མར ་མ་གྱུར་པའི་སེམས་ཅན་གཅིག་ཀྱང་མེད་དོ་ཞེས་ཐོག་མ་མེད་པའི་དུས་ཀྱི་མདོ་ལས་དེ་བཞིན་གཤེགས་པས་གསུངས་ཏེ་དེ་ལྟ་བས་ན་ཇི་ལྟར་འཇིག་རྟེན་གྱི་མི་སྲི་ཞུ་ཅན་ཕ་དང་མ་ལ་སྡང་བའི་སེམས་སྤངས་ཤིང་ཁོན་དུ་འཛིན་པ་བོར་ནས། ་ཕ་དང་མ་དེ་གཉིས་བདེ་བར་འདོད་པ་ཁོ་ན་ཡིན་པ་དེ་བཞིན་དུ་བདག་གིས་འཁོར་བ་ཐོག་མ་མེད་པ་ནས་ལུས་ཇི་སྙེད་ཅིག་བསྐྱེད་ཅིང་གསོས་པའི་ཕ་མ་འདི་དག་ལ་སྡང་པའི་སེམས་ལ་དགེ་བ་འམ་ཕན་པའི་མྱུ་གུ་མི་འབྱུང་བས་ཐབ་སྐམ་པོ ་དང་འདྲ་བ་དེ་ཡུད་ཙམ་ལ་མི་སྐྱེད་ཅིང་ཁོང་དུ་འཛིན་པ་ཡང་སྤངས་ནས་ཁ་ན་མ་ཐོ་བ་མེད་པའི་ཆོས་ཀྱིས་དེར་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་རྟག་ཏུ་བདེ་བ་དང་ཕྲད་པར་འདོད་པའི་རྣམ་པ་བསྒོམ་པར་བྱའོ་སྙམ་དུ་བསམས ་ཏེ། དེ་ནི་བྱམས་པའོ། །ཡང་ཇི་ལྟར་འཇིག་རྟེན་ན་མི་སྲིད་ཞུ་ཅན་ནི་ཕ་མ་བདེ་བར་འདོད་པའི་རྣམ་པ་འབྱུང་བ་དང་མི་མཐུན་པ་སྡུག་བསྔལ་བ་དང་སྡུག་བསྔལ་གྱི་རྒྱུ་ལ་གནས་པ་མཐོང་ན་དེ་བདག་ལ་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས ་པར་ལྡན་པའི་ཚོར་བ་ཡིད་མི་བདེ་བ་དང་དེའི་རྐྱེན་གྱིས་ལུས་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཚོར་བ་སྡུག་བསྔལ་སྐྱེ་ཞིང་བདེ་བ་སྤངས་པ་དེ་བཞིན་དུ་རྣལ་འབྱོར་བས་ཀྱང་ཕ་དང་མ་འདི་ཐམས་ཅད་རྟག་ཏུ་བདེ ་པར་འདོད་པའི་རྣམ་པ་བསྐྱེད་པ་འདི་དང་མི་མཐུན་པ་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལ་གནས་པས་ཟག་པ་དང་བཅས་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་གྱི་གོང་བུ་ཡིན་ཏེ། དེ་སྐད་དུ་འཕགས་པ་དཔའ་བྱིན་གྱིས་ཞུས་པ་ལས། ཕུང ་པོ་ལྔ་གྲུབ་པ་ལས་སྡུག་བསྔལ་གྱི་གོང་བུ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟ་བས་ན་སྡུག་བསྔལ་རྣམ་པ་གསུམ་གྱིས་ཅི་རིགས་པར་སྡུག་བསྔལ་ཞིང་སྡུག་བསྔལ་གྱི་གོང་བུ་འདི་དག་ཇི་ལྟར་སྤང་སྙམ་དུ་ཡིད་ཀྱིས་ཤིན་ཏུ་གདུངས་པ་བསྐྱེད ་དོ། །དེ་ནི་སྙིང་རྗེ་སྟེ། དེས་རྣལ་འབྱོར་པའི་བདེ་བ་དང་ཡིད་བདེ་བ་སྤོང་བས་བདེ་སེལ་ཞེས་ཀྱང་བྱ་སྟེ། གཞན་སྡུག་བསྔལ་བ་སྤོངས་ནས་བདེ་བ་སྤོང་ཞིང་སྡུག་བསྔལ་བ་དང་ཡིད་མི་བདེ་བའི་ནད་སྐྱེ་བ་དེ་ནི། སྙིང་རྗེ་ལས་བྱུང ་བ་ཡིན་ཏེ། དེ་སྐད་དུ། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནད་སྙིང་རྗེ་ལས་བྱུང་བ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་སྙིང་རྗེ་ཆེན་པོ་དུང་གིས་བསྐྱེད་ལ། འགྲོ་བ་མཛའ་དག་གི་སྡུག་བསྔལ ་དེ་གཏན་སྤངས་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་དགོད་པར་བྱའོ། །སྙམ་དུ་སེམས་བསྐྱེད་ནས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ་དམིགས་ལ་འདི་སྐད་ཅེས། ཕྱོགས ་བཅུ་དུས་གསུམ་སངས་རྒྱས་དང། །བསྟན་དང་དོན་དམ་བསྒྲུབ་ཆོས་དང། །འཕགས་དང་དེ་རྗེས་སློབ་པ་ལ། །སྒོ་གསུམ་དང་བས་ཕྱག་འཚལ་ལོ། །གོང་དུ་བཤམ་པའི་མཆོད་པ་ཡང་སྐབས་དེར་འབུལ་ལོ། །མེ་ཏོག་འབྲས་བུ་སྤོས་ཀྱི་ཤིང ་རྣམས་དང། །བདུག་པའི་ཤིང་དང་རིན་ཆེན་ཤིང་རྣམས་སོགས། །ནམ་མཁའ་མཐར་ཐུག་ཡོངས་སུ་མ་བཟུང་བ། །བློ་ཡིས་བླངས་ནས་དཀོན་མཆོག་གསུམ་ལ་འབུལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ ་སྐྱབས་སུ་མཆི། ཆོས་དང་བྱང་ཆུབ་སེམས་དཔའ་ཡི། ཚོགས་ལ་འང་དེ་བཞིན་སྐྱབས་སུ་མཆི། །ཐོག་མ་མེད་པའི་དུས་ནས་བདག་གི་སེམས། །དངོས་ཞེན་འདོད་ཆགས་ལ་སོགས་ཉེས་བརྒྱ་ཡིས། །ལུས་ངག་གསུམ་བགྱིས་བགྱིད་སྩལ ་རྗེས་ཡི་རང། །མི་བཟད་གནོད་སེམས་དཀོན་མཆོག་གསུམ་ལ་བཤགས། །ཆོས་དང་ལྡན་པའི་བྱ་བའི་ཆེད་ཀྱི་ཕྱིར། །འཇིག་རྟེན་གྱི་ནི་ཁམས་རྣམས་ཐམས་ཅད་ཀྱི། །སངས་རྒྱས་དང་ནི་བྱང་ཆུབ་སེམས་དཔའ་ལ། །རང་གི་ལུས་ནི་ངེས ་པར་འབུལ་བར་གྱི། །སངས་རྒྱས་ཀུན་གྱི་ཐུགས་བསྐྱེད་ནས། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང། །བྱང་ཆུབ་སེམས་དཔའ་ལ་སོགས་ཀྱིས། །དགེ་བསགས་རྣམས་ལ་ཡི་རང་ངོ། །བདེ་གཤེགས་བྱང་ཆུབ་བརྙེས་གྱུར་ཀྱང། །འཁོར་རྣམས ་དམ་ཆོས་བཟུང་སླབ་དུ། །ཅང་མི་གསུང་བར་བཞུགས་རྣམས་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །ལེ་ལོ་ཅན་གྱི་འཁོར་རྣམས་འདུལ་བྱེད་དུ། །འདུས་བྱས་མི་རྟག་ངེས་པར་བསྟན་པའི་ཕྱིར། །མྱ་ངན་འདའ་བའ་ཨི་ཚུལ་བསྟན་བཞེད ་རྣམས་ལ། །འཁོར་བ་ཇི་སྲིད་པར་དུ་བཞུགས་པར་གསོལ། །ཇི་ལྟར་བདེར་ཤེགས་མར་མེ་མཛད་སོགས་ཀྱི། །སྤྱོད་དང་བཅས་པས་བྱང་ཆུབ་ཐུགས་བསྐྱེད་ལྟར། །བདག་གི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་ནས། །དེར་ནས་བསླབ་པ ་གསུམ་ལ་གནས་པར་བགྱི། །རྟོག་པ་ཐམས་ཅད་སྤང་སླད་དུ། །དཀོན་མཆོག་གསུམ་ལ་ཕྱག་སོགས་བགྱིས། །དེ་ཕྱིར་བདག་གི་དགེ་བསགས་འདི། །བདག་ལ་རྣམ་སྨིན་འབྲས་བུར་མ་གྱུར་ཞེས་བསྔོ་བར་བྱའོ།། །།ད་ནི་ལུས ་བཅོས་པར་བྱ་སྟེ། ཁྲིའམ་ཁྲིའུ་འམ། རྩཝ་བཏིང་བ་འམ། སྟན་བདེ་བའི་སྟེང་དུ་དཀྱིལ་མོ་ཀྲུང་བཅས་ཏེ་འདུག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུ་ལྔ་ཡང་དག་པར་མཐོང་བའི་ཕྱིར་ཏེ། ལུས་ལགས་པར་བསྒྲིམས་ན། སྤྱོད་ལམ་དེ་ཤིན་ཏུ་སྦྱངས ་པ་སྐྱེ་པར་བརྗེས་སུ་མཐུན་པ་ཡིན་པའི་ཕྱིར་མྱུར་བ་མྱུར་བ་ཁོ་ནར་ཤིན་ཏུ་སྦྱངས་པ་སྐྱེ་བ་དང། དེ་བཞིན་དུ་འདུག་པས་ཡུན་རིང་དུ་འདའ་བར་བྱེད་ནུས་པའི་སྤྱོད་ལམ་དེས་དེའི་ལུས་ཤིན་ཏུ་ངལ་བར་མི་འགྱུར་བ་དང། དེ་བཞིན་དུ ་སྤྱོད་ལམ་ད་ནི་གཞན་མུ་སྟེགས་པ་དང། ཕས་ཀྱི་རྒོལ་བ་དག་དང་ཐུན་མོང་མ་ཡིན་པ་དག་དང། སྤྱོད་ལམ་དེ་འདུག་པ་གཞན་དག་གི་མཐོང་ན་ཤིན་ཏུ་དང་བ་སྐྱེ་བར་འགྱུར་བ་དང། དེ་བཞིན་དུ་སྤྱོད་ལམ་དེ་ནི་སངས་རྒྱས་རྣམས་ཀྱི་རྗེས་སུ་སྣང ་ཞིང་བསྟེན་པ་ཡིན་པའི་ཕྱིར་ཏེ། རྒྱ་དེ་ལྔ་ཡང་དག་པར་མཐོང་བའི་ཕྱིར་སྐྱིལ་མོ་ཀྲུང་བཅས་ཏེ། ལུས་དྲང་པོར་བསྲང་ནས་དྲན་པ་ཕྱོགས་པར་བཞག་སྟེ་འདུག་པར་བྱའོ། །ལུས་དྲང་པོ་གང་ཞེ་ན། ལུས ་གསལ་བར་བསྲང་སྟེ་བཞག་པ་དང་སེམས་ལ་གཡོ་བ་མེད་ཅིང་ཚུལ་འཆོས་པ་མེད་པར་དྲང?་པོར་བཞག་པའོ། །དེ་ལ་ལུས་དྲང་པོར་རབ་ཏུ་ཟིན་པས་ན་རྨུགས་པ་དང་གཉིད་ཀྱི་སེམས་ཡང་དག་པར་བླངས་ཏེ་གནས་པར ་མི་བྱེད་དོ། །སེམས་ལ་གཡོ་བ་མེད་ཅིང་ཚུལ་འཆོས་པ་མེད་པས་ན་ཕྱི་རོལ་ཏུ་རྣམ་པར་གཡེང་བ་ཡང་དག་པར་བླངས་ཏེ་གནས་པར་མི་བྱེད་དོ། །དེ་ལ་དྲན་པ་ཕྱོགས་པར་བཞག་སྟེ། གནས་པར་བྱེད་པ་གང་ཞེ་ན། ཚུལ་བཞིན ་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་དྲན་པ་ནི་ནག་པོའི་ཕྱོགས་ཐམས་ཅད་ལས་ཕྱིར་ཕྱོགས་ཤིང་མི་མཐུན་པའི་ཕྱིར་དྲན་པ་ཕྱོགས་པ་ཞེས་བྱའོ། །དེ་ནས་ཕྲག་པ་མཉམ་པར་བཞག་ལ་མགོ་མི་མཐོ་མི་དམའ ་ཞིང་ཕྱོགས་གཅིག་ཏུ་མི་གཡོ་བར་བཞག་སྟེ། སྣ་ནས་ལྟེ་བར་དྲང་པོར་བཞག་གོ་།མིག་ཧ་ཅང་མི་དབྱེ་ཧ་ཅང་ཡང་མི་གཟུམ་པར་སྣའི་རྩེ་མོར་གཏད་ཅིང། སོ་དང་མཆུ་ཡང་ཐ་མལ་པར་བཞག་གོ་།ལྕེ་ཡང་ཡ་སོའི་དྲུང་དུ་བཞར ་རོ། །དབུགས་ཕྱིར་འབྱུང་བ་དང་ནང་དུ་རྡུལ་བ་ཡང་སྒྲ་ཅན་དང་རྣམ་པ་ཅན་དང། དབུགས་རྒོད་བག་ཅན་དུ་མི་བཏང་ཞིང་ཅི་ནས་ཀྱང་མཚོར་བར་དེ་ལ་བུ་ངལ་བུས་ལྷུན་གྱིས་གྲུབ་པའི་ཚུལ་དུ་དབུགས་ནང་དུ་རྡུབ་པ་དང། ་ཕྱིར་འབྱུང་བ་དེ་ལྟར་བྱའོ། །དེ་ལ་མཚམས་སྦྱོར་བའི་ཤེས་པ་གང་ཞེ་ན། དབུགས་བསྙམས་མ་ཐག་ཏུ་འདི་སྙམ་དུ་སྲིད་པ་གསུམ་གྱི་སེམས་ཅན་འདི་དག་གིས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་མ་རྟོགས་ཤིང། ལོག ་པར་རྟོགས་པ་དང། གོམ་པར་མ་བྱས་པ་དེ་བཞིན་ཉིད་མངོན་སུམ་དུ་བྱེད་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐུ་གསུམ་གྱི་མཆོག་དེ་མ་རྟོགས་སོ། །བདག་གིས་ཅི་ནས་ཀྱང་ཆོས་ཉིད་དེ་ཕྱིན་ཅི་མ་ལོག་པར་རྟག་ཏུ་ཡུན་རིང་པོར་བསྒོམ ་གུས་པར་བསྒོམ་ལ་ཡེ་ཤེས་དེ་ཐོབ་པར་བྱས་ནས་གཞན་དག་གིས་ཀྱང་དེ་ཁོ་ན་ཉིད་མངོན་སུམ་དུ་བྱེད་པའི་ཡེ་ཤེས་དེ་ཐོབ་པར་བྱའོ། །སྙམ་དུ་བསམ་མོ། །དེ་བཞིན་ཉིད་དེ་གང་ཞེ་ན། ཆོས་ཐམས་ཅད་དོན་དམ་པར་ཡོད་པར་ཡང་མ་གྲུབ་མེད ་པར་ཡང་མ་གྲུབ་པོ། །དེ་ན་གཉིས་ཀར་ཡང་མ་གྲུབ། གཉི་ག་མ་ཡིན་པ་ཅི་ཡང་མེད་དོ། །དེ་སྐད་དུ། འཇམ་དཔལ་གནས་པ་ལས་དེ་སྤྱོད་པ་སྤྲོས་པ་མེད་ཅིང་ཉེ་བར་ཞི་སྟེ། ཡོད་དོ་ཞེས་ཀྱང་ཁས་མི་ལེན། མེད་དོ་ཞེས་ཀྱང་ཁས་མི་ལེན། ཡོད་ཀྱང ་ཡོད་ལ་མེད་ཀྱང་མེད་དོ་ཞེས་ཀྱང་ཁས་མི་ལེན། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ཞེས་དེ་སྐད་ཀྱང་ཁས་མི་ལེན་ཏོ་ཞེས་གསུངས་སོ། །དེ་བས་ན་བསམ་པའི་ཤེས་རབ་ཀྱི་ཅི་ཡང་མ་རྙེད་དོ། །དེ་ཙམ་ལ་གཞན་མ་ཡིན་པའི་དོན་གྱིས་དེ་བཞིན ་ཉིད་ཅེས་སྒྲོ་བརྟགས་ནས་བརྗོད་དེ། དེ་བས་དེ་བཞིན་ཉིད་ཙམ་དུ་ཡང་ཡང་དག་པར་མ་གྲུབ་བར་དྲན་པར་བྱའོ། །དེ་ལ་སེམས་ཇི་ལྟར་བཞག་པ་གང་ཞེ་ན། དེ་བཞིན་ཉིད་ཙམ་མ་གྲུབ་པར་དྲན་ནས་དེ་མ་ཐག་ཏུ་སེམས་ཤེས་པ་ཤིན ་ཏུ་བསྒྲིམས་ལ། འདི་ཡུལ་གྱི་ཆོས་ཉིད་ཅེས་བྱ་བ་འམ་སེམས་ཀྱི་ཆོས་ཉིད་ཅེས་བྱ་བ་འམ། ཆོས་ཇི་བཞིན་མ་ཞེས་བྱ་བ་འམ་བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བྱ་བ་འམ། ཅི་ཡང་མ་ཡིན་པ་ཞེས་བྱ་བ་འམ་དོན་དམ་པ་ཞེས་བྱ་བ ་འམ། སྤྲོས་པ་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་ལ་སོགས་པ་ཟབ་མོ་སྟོན་པའི་ཚིག་ཐམས་ཅད་ཀྱི་རྗེས་སུ་འབྲངས་ནས་གཞག་པར་མི་བྱའོ། །དེ་ལ་ཉེས་པ་སྤངས་པ་གང་ཞེ་ན། མདོར་བསྡུ་ན་བཞི་སྟེ། ཉེ་བའི་ཉོན་མོངས་པའི་ཉེས་པ ་དང་ཞི་གནས་དང་ལྷག་མཐོང་གི་མཚན་ཉིད་མ་ཤེས་པའི་ཉེས་པ་དང་ལུང་དུ་མ་བསྟན་བའི་ཉེས་པ་དང། ལུས་དང་སེམས་མི་བདེ་བའི་ཉེས་པའོ། །དེ་སྤང་བ་ནི་ཉེས་པ་རེ་རེའི་སྐབས་སུ་བསྟན་ཏོ་དེ་ལ་ཉེ་བའི ་ཉོན་མོངས་པ་ནི་གསུམ་སྟེ། རྒོད་པ་དང་དམིགས་པ་ལ་མི་དགའ་བ་དང་བྱིང་བའོ། །དེ་ལ་རྒོད་པའི་ངོ་བོ་ནི་དཔེར་ན་རྣམ་པར་གཡངས་པའི་མི་ལྟ་བུ་འམ། སྤྲེའུ་བཞིན་དུ་སེམས་དམིགས་པ་ལ་མི་གནས་པའོ། །དེས་རྒྱུ་ནི ་བཞི་སྟེ། སྡུག་པའི་མཚན་ཉིད་ཡིད་ལ་བྱེད་པས་ཕྱི་རོལ་གྱིས་ལུས་ལ་ཆགས་པའི་འདུན་པ་ཡིན་ན། འདི་ལྟར་རྣམ་པར་བསྡོས་བ་དང་རྣམ་པར་རྣགས་པ་དང། རྣམ་པར་འབུས་བཞིགས་པ་དང་རྣམ་པར་བམ་པ་དང་རྣམ་པར ་ཟོས་པ་དང་རྣམ་པར་དམར་བ་དང་རྣམ་པར་མཐོར་བ་དང། རུས་གོང་ངམ་ཀེང་རུས་སམ། རུས་པའི་ཀེང་རུས་ཡིད་ལ་བྱེད་པས་ཞི་བར་བྱའོ། །ཡང་ན་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། གང་ཞིག་འདོད་ཆགས་སེམས ་ཀྱི་ནི། །བུད་མེད་རུལ་པ་སྟེན་བྱེད་པ། །འགྲོ་བ་རུལ་པར་འགྲོ་འགྱུར་ཏེ། །དེས་ན་ངན་འགྲོར་འགྲོ་བར་འགྱུར་ཞེས་གསུངས་སོ། །དེ་དྲན་པས་ཞི་བར་བྱའོ། །ཁོང་ཁྲོ་བའི་རྒྱུ་ཡིས་གནོད་སེམས་སྐྱེས་ནས་གཡེངས་ན་སེམས་ཅན་ཐམས ་ཅད་བདེ་བར་འདོད་པ་བྱམས་པ་བསྒོམས་པ་འམ། གནོད་སེམས་ཀྱི་ཉེས་དམིགས་དྲན་པས་ཞི་བར་བྱས་ཏེ། བྱམས་པ་སེངྒེ་སྒྲའི་མདོ་ལས་བྱང་ཆུབ་སེམས་དཔའ་ལ་ཐབ་འམ་ངན་སེམས་བསྐྱེད་པ་དེ་ཙམ་གྱི་བར་དུ ་དམྱལ་བར་གནས་པ་གོ་ཆ་བགོ་དགོས་ཞེས་གསུངས་སོ། །འཕགས་པ་འཇམ་དཔལ་རྣམ་པར་རོལ་བའི་མདོ་ལས་ཀྱང་ཁོང་ཁྲོ་ཁོང་ཁྲོ་ཞེས་བྱ་བ་དེ་ནི་འཇམ་དཔལ་གང་དགེ་བའི་རྩ་བ་བསྐལ་པ་རྒྱན་བསགས་པ་འཇོམས ་པར་བྱེད་པ་སྟེ། དེས་བས་ན་ཁོང་ཁྲོ་བ་ཞེས་བྱའོ་ཞེས་གསུངས་སོ། །འཕགས་པ་ཟླ་བའི་སྒྲོན་མེའི་མདོ་ལས་ཀྱང། ཕན་ཚུན་གནོད་པའི་སེམས་སུ་གང་བྱེད་པ། །དེ་ལ་ཚུལ་ཁྲིམས་ཐོས་བས་སྐྱོབ་མི་བྱེད། །བསམ་གཏན་དང་ནི་དགོན ་གནས་མི་སྐྱོ་བ་སྟེ། །སྦྱིན་དང་སངས་རྒྱས་མཆོད་པའང་སྐྱོབ་མི་བྱེད་ཅེས་གསུངས་སོ། །ཉེ་དུ་དང། ལྗོངས་དང། མི་འཆི་བའི་རྣམ་པར་རྟོག་པ་དང་སྔོན་རྒོད་པ་དང། རྩེས་བ་དང་དགའ་མགུར་དཔྱོད་པ་རྗེས་སུ་དྲན་པ་དང། ལོངས་སྤྱོད ་ལ་ཆགས་པས་གཡེངས་ན་འདུས་བྱས་ཐམས་ཅད་མི་རྟག་པ་དང་སྡུག་བསྔལ་པར་དྲན་པར་བྱའོ། །ཡང་ན་འཕགས་པ་རྒྱ་ཆེར་རོལ་བ་ལས། སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འཆི་མེ་ར་བ་འབར་འདི་ན་མགོན ་མེད་པ། །སྲིད་ལམ་འབྱུང་ལ་འགྲོ་བ་རྟག་ཏུ་རྨོངས། །བུམ་བར་ཆུད་པའི་ཕུང་བ་འཁོར་བ་བཞིན། །རྟག་ཏུ་གཟུགས་སྡུག་མཆོག་དང་སྒྲ་སྙན་དང། །དྲི་ཞིམ་རོ་མཆོག་རེག་པ་བདེ་བྱེད་པ། །དུས་ངན་སྙིང་ལ་འགྲོ་བ་འདི་དག་ཐོགས། །དཔེར ་ན་སྔོན་པའི་སྙི་ལ་སྤྲེའུ། ཐོགས་བཞིན་ཞེས་བྱ་བ་ལ་སོགས་པས་ཞི་བར་བྱའོ། །འགྱོད་པ་དང་ཐེ་ཚོམ་གྱིས་གཡངས་ན་ཆོས་ཟབ་མོ་ཡིད་ལ་བྱས་པ་ས་ཞི་བར་འགྱུར་རོ། །མི་དགའ་ནས་གཡེངས་ན་ཡང་རྒོད་པའི་ཕྱོགས་ཡིན་པས། བརླན ་པའི་ཐབས་གོང་མ་བཞིན་དུ་བྱའོ། །དེ་ནས་ཡང་ཤེས་པ་ཤིན་ཏུ་བསྒྲིམས་ལ་ཅི་ལ་ཡང་མི་གནས་པར་བཞག་གོ། དེ་ལ་བྱིང་བའི་ངོ་བོ་ཉིད་ནི་དམུས་ལོང་དང་འདྲ་བ་འམ། མི་མུན་པར་ཞུགས་པ་འམ། ཡིག་བཙུམ་པ་དང་འདྲ་བར་མི་གསལ ་བ་ཡིན་ཏེ། དེའི་རྒྱུ་ནི་ངལ་དུབ་ཆེན་པོའི་ལས་དང་མུན་པ་ཡིད་ལ་བྱས་པ་དང། གཉིད་སྐྱེད་པའི་ཁ་ཟས་དང་བཏུང་བ་དང་ཚད་ཁུང་དུ་འདུག་པ་དང། ཟས་སྐོམ་ཧ་ཅང་མང་བ་དང་ཧ་ཅང་ཉུང་བར་ཟོད་པ་དང་འཐུངས་པ་ཡིན་ཏེ། དེ་སླད་པ?་? ་དེས་སྣང་བའི་མཚན་མ་ལེགས་པར་ཤིན་ཏུ་རབ་ཏུ་བཟུང་ཞིང་ལགས་པར་ཡིད་ལ་བྱས། ལེགས་པར་བསྟན་ཏེ། ལེགས་པར་སོ་སོར་བརྟགས་ཏེ། དེ་སྣང་བ་དང་ལྡན་པ་དང་འོད་དང་ལྡན་པའི་སེམས་ཀྱིས་གཡོགས་པ ་འམ། བླ་གབ་མེད་པའི་འཆགས་ས་ན་འཆག་པའི་ཚེ། འདི་ལྟ་སྟེ། སངས་རྒྱས་རྗེས་སུ་དྲན་པ་འམ། ཆོས་སམ་དགེ་འདུན་ནམ་ཚུལ་ཁྲིམས་སམ་གཏོང་བ་འམ་ལྷ་རྗེས་སུ་དྲན་པ་འམ་དད་བར་འགྱུར་བའི་དམིགས་པ་གང་ཡང ་རུང་བས་སེམས་ཡང་དག་པར་བསྟོད་ཡང་དག་པར་འཛིན་དུ་བཅུག་ཡང་དག་པར་གཟེངས་སྟོད་ཡང་དག་པར་རབ་ཏུ་དགའ་བར་བྱེད་པ་འམ། ཕྱོགས་བཅུ་བལྟ་བ་འམ། ཟླ་བ་འམ། རྒྱུ་སྐར་དང་གཟའ་དང་སྐར་མ་དག་ལ་ལྟ ་བ་གཏོད་པ་འམ། ཆུས་གདོང་བཀྲུ་བ་འམ། མར་མེ་འམ། ནོར་བུའི་འོད་ལ་བལྟས་པས་སངས་པར་འགྱུར། །ཡང་ན་ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས། གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ། །དེ་ནི་གཏི་མུག ་དྲ་བ་ཆེན་པོ་འཕེལ། །དེ་ནི་ལྟ་བ་རྙེད་ནས་ཐེ་ཚོམ་འགྱུར། །དེ་ལ་ལྔར་འགྱུར་གཞན་ཡང་མང་དུ་གྱུར་ཤེས་བྱ་བ་ལ་སོགས་པས་ཁ་ཏོན་བྱས་ལ་བསང་ངོ?། །མི་དགའ་ནས་བྱིང?་སྟེ། འགྲོ་བ་ཡང་གོ་རིམ་བཞིན་དུ་བསལ་བར་བྱའོ། །དེ་ནས ་ཡང་རབ་ཏུ་བསྒྲིམས་ལ་ཅི་ལ་ཡང་མི་གནས་པར་བཞག་གོ། ལུང་དུ་མ་བསྟན་པའི་སེམས་ནི་གང་གི་ཆེ་སེམས་ཕྱི་རོལ་དུ་ཡང་མི་རྒྱུན་པ་དུ་ཡང་མི་རྒྱུ། དེ་དགེ་བ་ལ་ཡང་མི་སྤྱོད་མི་དགེ་བ་ལ་ཡང་མི་སྤྱོད་ལྷག་མཐོང་ལ་ཡང་མི་སྤྱོད ་ཞི་གནས་ཀྱང་མི་འཛིན་ཅིང་ཞུམ་ལ་གཉིད་ཀྱི་ནོན་པར་གནས་པ་སྟེ། འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ཉལ་ཉལ་བ་ལས་སང་བའི་མིག་གཉིད་ཀྱིས་བསྒྲིབས་པའི་སེམས་མ་གསལ་བ་དེ་བཞིན་དུ་དེའི་ཚེ་སེམས་མི་གསལ་བར་རྒྱུ ་པའོ། །དེ་ཡང་གོང་དུ་བྱེད་པ་ལས། གསལ་བར་བྱེད་པའི་ཐབས་བཞིན་དུ་བྱས་ལ། ཡང་ཅི་ལ་ཡང་མི་གནས་པར་བཞག་གོ་།དེ་ལ་ཞི་གནས་ལྷག་མཐོང་གི་མཚན་ཉིད་མ་ཤེས་པའི་ཉེས་པ་ནི་གང་གི་ཚེ་དམིགས་པ་ལ་མི་དགའ་ནས ་བྱེད་དམ་བྱིང་དུ་དོགས་ནས་གསལ་བར་བྱས་པ་འམ། དེ?་དམིགས་པ་ལ་མི་དགའ་ནས་གཡེངས་པར་མཐོང་ནས་དེ་ལ་ཉེས་དམིགས་སུ་ལྟས་ནས་གཡེང་བཞི་བར་བྱས་པ་འམ། རྒོད་པའི་རྒྱུ་གཞན་གྱི་རྒོད་པ་འམ་རྒོད་དུ་དོགས་ནས་ཞི ་བར་བྱས་པ་འམ། ལུང་དུ་མ་བསྟན་པ་རི་སེམས་སུ་ཤེས་ནས་དེ་ལ་གཟེངས་བསྟོད་ནས་གསལ་བར་བཞག་པ་དེའི་ཚེ་ཤེས་བཞིན་གྱི་བལྟས་ན། ཤེས་པ་ཤིན་ཏུ་བསལ་ཞིང་ཅི་ལ་ཡང་མི་འཛིན་པར་མཐོང་ན་བྱིང་རྒོད་གཉིས་ལས ་དབེན་ཞིང་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པ་ཡིན་པས་དེའི་ཆ་ཡེ་མི་བཅོས་པར་བཞག་གོ། དེ་ལྟར་རིགས་པ་ལས་ཁ་ཅིག་གི་ཞི་གནས་ཀྱི་མཚན་ཉིད་ནི་རྩེ་གཅིག་ཡིན་པས་ཅི་ཞིག་འཛིན་དགོས་སུ་སྙམ་ནས་དམིགས་པ་ཚོལ ་བར་བྱེད། ལྷག་མཐོང་གི་མཚན་ཉིད་ནི་ཡང་དག་པ་ལ་སོ་སོར་རྟོག་པ་ཡིན་ནམ་སྙམ་ནས་རྟོག་པར་བྱེད་པ་དེ་ནི་དཔེར་ན་མི་ཞིག་མར་མེ་གསལ་བར་བྱེད་འདོད་པགས་ཀྱི་ཐམས་གཡོ་བར་བྱེད་ན་དེ་ནི་མར་མེ་བསོད་པར་བྱེད་དེ་གསལ ་བར་མི་འགྱུར་བ་དེ་བཞིན་དུ་གང་ཟག་དེ་ལོ་འབུམ་ཕྲག་དུ་མ་བསྒོམས་ཀྱང་ཞི་གནས་དང་ལྷག་མཐོང་གི་ཟུང་དུ་འབྲེལ་བའི་ཡང་མི་འཐོབ་པ་པོ། །དེ་བས་ན་མཉམ་པར་བཞག་པའི་ལྷག་མཐོང་གི་མཚན་ཉིད་ནི་རྟོགས་པ་ཅོམ་དུ་ཟད་ལ། ་དེ?་དང?་?། འབྲེལ་པའི་བཞི་གནས་ནི་དེ་ལས་མི་གཡོ་བ་ཙམ་དུ་ཟད་པས་དེ་གཉིས་སྐད་ཅིག་མ་གཅིག་ལ་ཚད་བས་རང་དེ་ལ་བཞག། གང་གི་ཚེ་ཅུང་ཞིག་ལོན་ནས་ཤེས་པ་ནི་ཅི་ཞིག་ལ་འཛིན་པ་སྙམ་བྱེད་པའམ་བག་ཐིབ་པ་སྙམ ་བྱེད་པ་འམ། གཏིང?་དུ་འགྲོ་བའམ་སོང་བ་སྙམ་བྱེད་པ་འམ། ཉམ་ཆུང་བ་སྙམ་བྱེད་ན་ཞི་གནས་ཀྱི་ཤས་ཆེ་ལ་ལྷག་མཐོང་གི་ཤས་ཆུང་བ་ཡིན་པས་དེའི་ཚེ་སྟོབས་བསྐྱེད་ལ་སྔར་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཇི་ལྟར་རྟོགས ་པ་དེ་ཡང་དང་ཡང་དུ་དྲན་པར་བྱས་ལ་ནམ་ངེས་པ་སྐྱེས་ཤིང་གསལ་བར་གྱུར་མ་ཐག་ཏུ་དང་དེ་ལ་བཞག་གོ། དེ་ལྟར་བྱས་པས་ངེས་པ་མ་སྐྱེས་སྲིད་ན་རྟགས་གང་ཡང་རུང་བའི་རྗེས་སུ་འབྲངས་ནས་བསམ་པའི་ཤེས་རབ་བསྐྱེད་ལ་ནམ ་དེས་མ་ཐག་ཏུ་དང་དེ་ལ་བཞག་གོ། དེ་ལ་དུབ་པའི་ཉེས་པ་ནི་གཉིས་ཏེ། ལུས་དུབ་པ་དང་སེམས་དུབ་པའོ། །དེ་ལ་ཧ་ཅང་བསྒོམས་དྲགས་པའམ། རྐྱེན་གཞན་གྱིས་ཀྱང་རུང་སྟེ། ལུས་དང་སེམས་མི་བདེ་ན་སྤྱོད་ལམ་བག་ཅིག་བསྒྱུར་ལ?་དམིགས ་པ་བཏང་ནས་འདི་སྙམ་དུ་སེམས་ཅན་ཐམས་ཅད་ཀུན་རྫོབ་ཏུ་མེ་ལོང་གི་ནང་གི་གཟུགས་བརྙན་བཞིན་དུ་བལྟའོ། །དོན་དམ་སྦལ་བའི་སྤུའི་གོས་དང་འདྲའོ་སྙམ་དུ་བསམ་མོ། །དེ་སྐད་དུ། འཕགས་པ་དྲི་མ་མེད་པར་གྲགས་པས ་བསྟན་པ་ལས་ཀྱང། འཇམ་དཔལ་གྱིས་སྨྲས་པ། བྱང་ཆུབ་སེམས་དཔའ་སེམས་ཅན་ལ་ཇི་ལྟར་བལྟ་བར་བྱ། དེ་སྐད་ཅེས་སྨྲས་པ་དང། དྲི་མ་མེད་པར་གྲགས་པས་སྨྲས་པ། མེ་ལོང་གི་ནང་གི་གཟུགས་བཞིན་དུ་བལྟའོ། །སྤྲུལ?་པའི ་རྒྱབ་ཀྱི་སྤུའི་གོས་བཞིན་དུ་བལྟའོ་ཞེས་གསུངས་སོ། །དེ་ལྟར་བསམ་ནས་ངལ་བསོས་པ་དང། སྤྱོད་ལམ་སྔར་འདུག་པ་བཞིན་དུ་བྱས་ལ་ཤེས་པ་ཅི་ལ་ཡང་མི་གནས་པར་བཞག་གོ། མདོར་ན་བྱིང་ན་ནི། གསལ་བར་བྱ་རྒོད་ན་བརླན ་པར་བྱ་མཉམ་པར་ཞུགས་ན་བཏང་སྙོམས་སུ་བྱ་ཞི་གནས་ཀྱི་ཤས་ཆེ་ན་རྟོགས་པའི་དོན་དྲན་པར་བྱ་དེས་དེས་བ་མ་སྐྱེས་ན་རྟགས་ཀྱི་རྗེས་སུ་འབྲངས་ནས་ནམ་ངེས་པ་སྒྱེས་མ་ཐག་ཏུ་དང་དེ་ལ་བཞག་གོ། །ངེས་པ་སྐྱེས་ཀྱང་འབྱུང?་ན ་ལྷག་མཐོང་ཤས་ཆེ་བས་སེམས་མི་སྦྱར་ལ་བཞག་པ་བཞིན་དུ་གཡོ་བར་འགྱུར་བས་དེའི་ཆེ་བགས་ཀྱིས་གློང་ལ་བཞག་གོ། ངང་དེ་ལ་ཤེས་པ་ཤིན་ཏུ་གསལ་ལ་ཅི་ལ་ཡང་ནི་འཛིན་པར་གནས་ན་ནུས་པའི་ཚད་དང་སྦྱར་ལ་བསྒོམ་མོ། །དེ་ལ ་ལྡང་བའི་སེམས་གང་ཞེ་ན་རྣམ་པ་གཉིས་ཏེ་ཤེས་རབ་ཀྱི་སེམས་ཀྱིས་ལྡང་བ་དང་ཐབ་ཀྱི་སེམས་ཀྱི་ལྡང་བའོ། །དེ་ལ་ཤེས་རབ་ཀྱི་སེམས་ཀྱིས་ལྡང་བ་ནི་ཏིང་ངེ་འཛིན་ལས་ལྡང་བར་འདོད་ན་ལངས་ལ་སྤྱོད་ལམ་མ་ཞིག་པར་འདི་སྙམ ་དུ་ཆོས་ཐམས་ཅད་གཟོད་མ་ནས་མ་སྐྱེས་པ་ནམ་མཁའ་ལྟ་བུ་ཡིན་སྙམ་དུ་བསམ་མོ། །དེ་ནས་ཡང་ཀུན་རྫོབ་ཏུ་སྣང་བར་བསམ་མོ། །དེ་སྐད་དུ་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ཇི་ལྟར་བར་སྣང་ཅུང་ཟད་སྤྲིན་མེད་ལས། །སྐད་ཅིག་ཏུ ་སྤྲིན་གྱི་དཀྱིལ་འཁོར་སྣང། །ཐོག་མ་གང་ལས་བྱུང་བ་ཤེས་པར་བྱ། །དེ་བཞིན་ཆོས་རྣམས་ཐམས་ཅད་ཤེས་པར་གྱིས་ཞེས་གསུངས་སོ། །དེ་ལ་ཐབས་ཀྱི་བསམ་པས་ལྡང་བ་ནི་དེ་ལྟར་དོན་དམ་པར་ཐམས་ཅད་གཟོད་མ་ནས་མ་སྐྱེས ་ཀྱང། ཀུན་རྫོབ་ཏུ་སེམས་ཉིད་སྣ་ཚོགས་སུ་སྣང་སྟེ། སེམས་ཅན་གྱི་འཇིག་རྟེན་དུ་བསྡུས་པའི་གཟུགས་རྣམས་ནི་སྒྱུ་མས་བྱས་པའི་གླང་པོ་ཆེ་ལ་སོགས་པ་ལྟ་བུའོ། །སྣོད་ཀྱི་འཇིག་རྟེན་དུ་བསྦུབས?་པ་རྣམས་ནི་སྨིག་རྒྱུ་ལ་ཆུར་སྣང་བ་ལྟ ་བུའོ། །ཡུལ་དང་ལོངས་སྤྱོད་ཀྱི་ངོ་བོ་རྣམས་ནི་རྨི་ལམ་ལྟ་བུའོ། །ལུས་ཀྱི་ཕས་ཀྱི་ངོ་བོ་ཉིད་ནི་མིག་ཡོར་ལྟ་བུའོ། །ངག་གིས་ལས་ཀྱི་ངོ་བོ་ཉིད་ནི་བྲག་ཅ་ལྟ་བུའོ། །འདོད་པ་ན་སྤྱོད་པའི་སེམས་ཅན་རྣམས་ནི་གཟུགས་བརྙན་ལྟ་བུའོ། །གཟུགས ་དང་གཟུགས་མེད་བ་ན་དེ་བྱེད་པའི་སེམས་ཅན་རྣམས་ནི་ཆུ་ཟླ་ལྟ་བུའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལ་སོགས་པ་དག་ནི་སྤྲུལ་པ་ལྟ་བུའོ། །དེ་བས་ན་སྒྱུ་མ་ལྟ་བུའི་སེམས་ཅན་འདི་དག་དོན་དམ་པར་ངོ་བོ་ཉིད་མེད་པའི་ཆོས་འདི ་དག་ལ་ཡོད་པ་ལ་སོགས་པར་བློ་ཕྱིན་ཅི་ལོག་ཏུ་གྱུར་ནས་ཉོན་མོངས་པའི་རྐྱེན་གྱིས་ལས་སྣ་ཚོགས་བསགས་པས་ཡུན་རིང་པོར་འཁོར་བ་ན་འཁྱམ་ཞིང་སྡུག་བསྔལ་ལོ། །བདག་གི་ཅི་ནས་ཀྱང་སྒྱུ་མ ་མཁན་བཞིན་དུ་ཕྱིན་ཅི་མ་ལོག་པའི་བློས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱས་ནས་འགྲོ་བ་མཛའ་དག་གིས་བྱང་ཆུབ་ཆེན་པོ་ཐོབ་པར་བྱའོ ་སྙམ་དུ་བསམས་ལ། ཐལ་མོ་སྦྱར་ནས་ཚིག་འདི་སྐད་ཅེས་ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་ལ་གུས་པར་ཕྱག་འཚལ་སྒྲུབ་པས་མཆོད། དེ་དག་སྤྱན་སྔར་སྡིག་པ་འཆགས་ཤིང་བསོད་ནམས་ཀུན་ལ་ཡི་རང་ངོ། །བྱང ་ཆུབ་སྙིང་པོར་ཞུགས་པ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་འདའ་བར་བཞེད་པ་རྣམས་ལ་བསྐལ་པ་དཔག་ཏུ་མེད་པ་བཞུགས་པར་གསོལ། །དགེ་བ་འདི་ཡིས་འགྲོ་བ་མ་ལུས་ཀུན། །དངོས་པོར་འཛིན ་པའི་གདོན། སྤངས་གཅེར་ལྡན་ཞིང། །རྣམ་མི་རྟོག་དང་ཡོངས་སུ་སྨིན་བྱས་ནས། །བྱང་ཆུབ་ཆེན་པོ་ཁོ་ན་མྱུར་ཐོབ་ཤོག་།ཅེས་སྨོན་ལམ་བཏབ་ནས་ལྡང་ངོ།། །།དེ་ལངས་པའི་སྤྱོད་པ་གང་ཞེ་ན། གནས་སྐབས་ཐམས་ཅད་དུ་བྱང ་ཆུབ་ཀྱི་སེམས་དང་མི་འབྲལ་བར་བྱ་སྟེ། དེ་ཡང་ལས་དང་པོ་པ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་དང་མི་འབྲེལ་བ་ན་བྱང་ཆུབ་ཀྱི་རྒྱུ་ལ་དགོས་སོ། །ཞེས་བསླབ་པ་ཀུན་ལས་བཏུས་ལས་གསུངས་སོ། །དེ་ནི་སྟོང་པ་ཉིད་དང་སྙིང་རྗེ་ཆེན ་པོའི་སྙིང་པོ་ཅན་གྱིས་སྤྱིན་པ་ལ་སོགས་པའི་བྱ་བ་རྣམས་ཡིན་ཏེ། དེ་སྐད་དུ། འཕགས་པ་ཆོས་ཐམས་ཅད་ཡང་དག་པར་བསྡུས་པ་ལས་ཀྱང་བཀའ་སྩལ་ཏེ་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བའི་བྱང་ཆུབ་སེམས་དཔའ་ ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་འཇུག་གོ་།དེ་ཡང་འདི་སྙམ་དུ་བདག་གིས་ཚོགས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བའི་ཏིང་ངེ་འཛིན་གྱི་སྒོ་འདི་སེམས་ཅན་ཐམས་ཅད་ལ་བསྒྲུབ་པར་བྱའོ་སྙམ་སེམས་ཏེ་དེ་སྙིང་རྗེ་ཆེན་པོ ་དེས་བསྐུལ་ནས། ལྷག་པའི་ཚུལ་ཁྲིམས་དང་ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡོངས་སུ་རྫོགས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱའོ། །ཞེས་འབྱུང་ངོ ་ཡང་དེ་ཉིད་ལས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་ཀྱི་ལས་གང་ཅི་ལ་ལགས་པ་དང་ངག་གི་ལས་གང་ཅི་ལགས་པ་དང། ཡིད་ཀྱི་ལས་གང་ཅི་ལགས་པ་དེ་ཐམས་ཅད་ནི་སེམས་ཅན་ཐམས་ཅད་ལ་ལྟ་བས ་འཇུག་པ་ལགས་སོ། །སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་ལགས་སོ། །སྙིང་རྗེ་ཆེན་པོའི་དབང་དུ་གྱུར་པ་ལགས་སོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བགྱི་བའི་ལྷག་པའི་བསམ་པ་ལས་བྱུང་བ་ལགས་སོ། །དེ་ལྟར་སྨན་པར་བགྱི་བའི ་བསམ་པ་དང་ལྡན་པ་དེ་ནི་འདི་སྙམ་དུ་འདུ་ཤེས་བགྱིད་དེ། སེམས་ཅན་ཐམས་ཅད་ལ་ཕན་པ་སྒྲུབ་པ་དང་བདེ་བ་སྒྲུབ་པ་གང་ཡིན་པ་དེ་བདག་གིས་བསྒྲུབ་པར་བྱའོ་སྙམ་ལེགས་སོ། །ཞེས་གསུངས་སོ། །དེ་ལྟ་བུའི་དབང་བྱས་ནས་འཕགས་པ་སྡོང ་པོ་བཀོད་པའི་མདོ་ལས་བྱང་ཆུབ་སེམས་དཔའ་ཡེ་ཤེས་དཔལ་གྱི་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཇི་ལྟར་ན་ཁ་ན་མ་ཐོ་བ་མེད་པའི་ལུས་ཀྱི་ལས་དང་ལྡན་པ ་ཡིན། ཁ་ན་མ་ཐོ་བ་མེད་པའི་ངག་གི་ལས་དང་ལྡན་པ་ཡིན། ཁ་ན་མ་ཐོ་བ་མེད་པའི་ཡིད་ཀྱི་ལས་དང་ལྡན་པ་ཡིན་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་དྲིས་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་བྱང་ཆུབ་སེམས་དཔའ་ཡེ་ཤེས ་དཔལ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་ཁྱོད་དེ་ལྟར་སྐྱེ་བ་མང་པོ་ལ་ཕན་པ་དང་སྐྱོ་བོ་མང་པོ་ལ་བདེ་བ་དང་འཇིག་རྟེན་ལ་སྙིང་བརྩེ་བ་དང་ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བ་དང་བདེ་བ ་རྣམ་པར་གཟུང་བའི་སྤྱོད་པའི་ཕྱིར་ཞུགས་ཤིང་དེ་ལྟར་ཁྱོད་རྣམ་པ་འདི་ལྟ་བུའི་གནས་དག་ཡོངས་སུ་དྲི་བར་སེམས་པ་ནི་ཀྱེ་རྒྱལ་བའི་སྲས་ལེགས་སོ་ལེགས་སོ་ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་དག་གི་སེམས་ཀྱི་ལས ་ཡིད་ལ་བྱེད་པའི་སྦྱོར་བ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་རྣམས་ཡོན་ཏན་ཁྱད་པར་འདི་དག་ཐམས་ཅད་འཐོབ་པར་འགྱུར་བ་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཐོགས་པ་མེད་པའི་ལས་སུ་འགྱུར་བ་དང་སངས ་རྒྱས་བཅོམ་ལྡན་འདས་པ་དང་མ་བྱིན་པ་དང་ད་ལྟར་བྱུང་བ་རྣམས་ཀྱི་ལམ་དུ་འཇུག་པ་དང་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའི་སེམས་ཀྱང་དེ་དག་ལ་ཉེ་བར་གནས་པ་དང་ཆོས་ཐམས་ཅད་ཇི་ལྟ་བ ་བཞིན་དུ་རྣམ་པར་ལྟ་བ་ཡང་དེ་དག་ལ་ཉེ་བར་གནས་པ་དང་མི་དགེ་བའི་ཆོས་ཐམས་ཅད་སྤངས་པར་འགྱུར་བ་དང་དགེ་བའི་ཆོས་ཐམས་ཅད་དང་ལྡན་པར་འགྱུར་བ་དང་ཀུན་ཏུ་མཛེས་པ་དང་རྣམ་པའི་མཆོག་ཐམས་ཅད ་དང་ལྡན་པ་དང་ཆོས་ཐམས་ཅད་ལ་དབང་སྒྱུར་ཞིང་སྲོག་ཆགས་ཐམས་ཅད་ལ་སྟོན་པ་གཉིས་པར་འགྱུར་བའི་སེམས་ཀྱི་ལས་ཡིད་ལ་བྱེད་པའི་སྦྱོར་བ་ཡོད་དེ་ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་སེམས་ཀྱི་ལས ་ཡིད་ལ་བྱེད་པའི་སྦྱོར་བ་གང་དང་ལྡན་ནས་ཡོན་ཏན་གྱི་ཁྱད་པར་འདི་དག་ཐམས་ཅད་ལ་འཐོབ་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་སེམས་ཀྱི་ལས་ཡིད་ལ་བྱེད་པའི་སྦྱོར་བ་དེ་དག་གང་ཞེ་ན་ཀྱེ་རྒྱལ་བའི་སྲས་འདི་ལ་བྱང ་ཆུབ་སེམས་དཔའ་ཨི་ཁྱིམ་གྱི་ནང་ན་འདུག་པའི་ཚེ་སེམས་ཅན་ཐམས་ཅད་ཀྱི་རང་བཞིན་ཤེས་པ་དང་ལྡན་པས་ཁྱིམ་གྱི་ཐིགས་པས་ཟིལ་མ་ནོན་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཕ་མ་དང་འགྲོགས་པའི་ཚེ་བྱང་ཆུབ་སེམས་དཔའ་ ་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་ཕྱིར་སངས་རྒྱས་དང་འགྲོགས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། བུ་དང་བུ་མོ་དང་འགྲོགས་པའི་ཚེ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་སྲེད་པ་དང་ཤིན་ཏུ་བྲལ་བས་དགའ་བ་དང ་མི་དགའ་བ་དང་རྣམ་བར་བྲལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། འདོད་པའི་ཡོན་ཏན་དང་འགྲོགས་པའི་ཚེ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པས་འདོད་པ་བསལ་ཅིང་རྣམ་པར་སེལ་བར ་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གླུ་དང་གར་དང་རོལ་མོ་དང་སིལ་སྙན་དང་འགྲོགས་པའི་རྨོ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་གར་མཁན་གྱི་མཚོན་ལྟ་བུར་མཐོང་བ་དང་ལྡན་ཞིང་ཆོས་ཡང་དག་པར་འགྲོ་བའི་བརྗོད ་པ་རབ་ཏུ་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཆུང་མའི་འཁོར་གྱི་ནང་ན་འདུག་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འདོད་པའི་གསལ་ཤིང་དང་བྲལ་ཞིང་འཕགས་པའི་སར་ཆུད་པར་གྱུར་ཅིག་ཅེས་སེམས ་བསྐྱེད་དོ། །རྒྱན་གྱིས་བརྒྱན་པའི་ཚེ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་སྲེད་པར་འབྱུང་བ་འཇིག་པའི་ཕ་རོལ་ཏུ་ཕྱིན་པས་ཁུར་བོར་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཁང་སྟོང་དུ་ཕྱིན་པའི་ཚེ་བྱང་ཆུབ་སེམས་དཔའ་སེམས ་ཅན་ཐམས་ཅད་ཆོས་ཀྱི་ཁྱད་པར་ཁོང་དུ་ཆུད་ཅིང་ཆོས་ཀྱི་ཁང་སྟེང་དུ་ཕྱིན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྦྱིན་པ་གཏོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་བདག་གིར་བྱ་བ་མེད་ཡོངས་སུ་འཛིན་པའི་སེམས་མེད ་ཅིང་བདག་གི་བ་ཐམས་ཅད་ཡོངས་སུ་གཏོང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མཐལ?་ཞེང་འགྲོ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཕྱིན་ཏེ། འདུ་བ ་དང་ཤིན་ཏུ་བྲལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །བཙོན་ར་ལ་ཁ་ན་མ་ཐོ་བ་ཐོབ་ན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་གནས་མེད་པ་ལ་སྤྱོད་ཅིང་གང་དུ་དགའ་བར་དེ་དོང་བར་གྱུར་ཅིག་ཅེས་སེམས ་བསྐྱེད་དོ། །ཁྱིམ་ནས་ཁྱིམ་མེད་པར་འབྱུང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སེམས་བཅིངས་པ་དང་གྲོལ་བ་མེད་ཅིང་ཆགས་པ་མེད་མི་དགོས་པ་དང་བྲལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། དགེ་འདུན ་གྱི་ར་དེའི་མཚམས་འདའ་བའ་ཨི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འགལ་བ་མེད་པའི་ཆོས་དང་ལྡན་ཞིང། མཐུན་པར་འགྲོ་བ་མང་པོ་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མཁན་པོ་དང་སློབ་དཔོན་གྱི ་བྱང་དུ་འགྲོ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ལ་རྩོམ་ཞིང་ཆོ་ག་ལ་མཁས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རབ་ཏུ་འབྱུང་བར་གསོལ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས ་ཅད་བར་ཆག་མེད་ཅིང་ཕྱིར་མི་ལྡོག་པའི་ཆོས་ཅན་དུ་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གོས་དཀར་པོའི་དོར་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྡིག་པ་ལ་བརྩོན་པ་སྤངས་ཏེ། དགེ་བའི་རྩ་བ་ཤིན་ཏུ་སྤྱད ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། སྐྲ་དང་ཁ་སྤུ་འདེག་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་མཉམ་པར་བཞག་ཅིང་ཉོན་མོངས་པ་མེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གོས་ངུར་སྨྲིག་གྱོན? ་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་དྲང་སྲོང་ཆེན་པོའི་སེམས་དང་ལྡན་ཞིང་རྙོག་པ་མེད་པར་གྱུར་ཅེས་སེམས་བསྐྱེད་དོ། །རབ་ཏུ་འབྱུང་བའི་ཚེ་བྱང་ཆུབ་སེམས་དཔས་སྐྱེ་བོ་ཐམས་ཅད་ཡོངས་སུ་བསྐྱང་བའི་ཕྱིར་དེ་བཞིན་གཤེགས ་པའི་རབ་ཏུ་འབྱུང་བས་རབ་ཏུ་བྱུང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། སངས་རྒྱས་ལ་སྐྱབས་སུ་འགྲོ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་དག་པ་ལ་མོས་པ་མངོན་པར་སྐྱེས་ནས་སངས་རྒྱས་ཀྱི་གདུང་མའི་ཆད་པའི་དོན་དུ་བརྩོན ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཆོས་ལ་སྐྱབས་སུ་འགྲོ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ཀྱི་གཏེར་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །དགེ་འདུན་ལ་སྐྱབས་སུ་འགྲོ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས ་ཅད་ཆགས་པའི་གནས་དང་བྲལ་ཞིང་དགེ་འདུན་ཡོངས་སུ་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །བསླབ་པའི་ཚིགས་ཡང་དག་པར་ལེན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཚུལ་བཟང་པོ་ལ་ཡང་དག་པར་སྤྱོད་ཅིང་བསླབ ་པ་ཐམས་ཅད་ལ་ཤིན་ཏུ་བསླབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སློབ་དཔོན་གྱིས་བསྟན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལོག་པ་མ་ཡིན་པའི་ལས་ལ་སྤྱོད་ཅིང་ཚུལ་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པར་གྱུར་ཅིག་ཅེས་སེམས ་བསྐྱེད་དོ། །མཁན་པོས་བསྟན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་གནས་མེད་པ་ལས་ཡང་དག་པར་གཞོལ་ཞིང། མི་སྐྱེ་བའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །བསྙེན་པར་རྫོགས་པའི་ཚེ་བྱང་ཆུབ་སེམས ་དཔས་སེམས་ཅན་ཐམས་ཅད་ཚོལ་ཐམས་ཅད་ཀྱི་ཁྱད་པར་གྱི་ཕ་རོལ་ཏུ་ཕྱིན་ཏེ། ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། གཙུག་ལག་ཁང་དུ་འགྲོ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མི་འཕྲོག ་བའི་ཆོས་ཅན་དུ་གྱུར་ཏེ། བླ་ན་མེད་པའི་གནས་ལ་རྣམ་པར་སྤྱོད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྟན་འདིངས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ཇི་ལྟ་བ་བཞིན་དུ་མཐོང་ཞིང་ལེགས་པར ་བཀོད་པའི་ཆོས་ཅན་དུ་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །འདུག་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མི་གནས་པའི་སེམས་ཀྱིས་སྙིང་པོ་བྱང་ཆུབ་ལ་འདུག་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྐྱིལ་མོ་ཀྲུང་འཆའ ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་དམིག་གཡོ་བའི་ས་ལ་དག་བའི་རྩ་བ་ཤིན་ཏུ་བརྟན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཞི་གནས་ཡོངས་སུ་སྦྱོར་བར་བྱེད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མ་ལུས་པའི ་མཐར་ཐུག་པ་ལ་བརྩོན་ཞིང་ཞི་བ་དང། དུལ་བ་ལ་རབ་ཏུ་གཞོལ་བ་འགྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལྷག་མཐོང་ཡོངས་སུ་སྤྱོད་པར་བྱེད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་ཉོན་མོངས་པ་མེད་པའི་ཆོས་ཅན་དུ་གྱུར ་ཏེ་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྐྱིལ་མོ་ཀྲུང་འཇིག་པའི་ཚེ་བྱང་ཆུབ་སེམས་པས་སེམས་ཅན་ཐམས་ཅད་ཤིན་ཏུ་མཉམ་པར་བཞག་ཅིང་འདུ་བྱེད་ཐམས་ཅད་རང་བཞིན་གྱིས་འཇིག་པ་རྣམ ་པར་མཐོང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྐང་མཐིལ་གཞོག་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཐམས་ཅད་སེམས་རྣམ་པར་གྲོལ་བ་མི་འཁྲུགས་པ་ལ་རབ་ཏུ་གནས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྐང་མཐིལ་འདེགས ་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཁ་ན་མ་ཐོ་བ་མེད་པ་དང་ལྡན་པ་ཐོབ་སྟེ། འཁོར་བའི་རྒྱ་མཚོར་བྱེད་པ་ལས་ཐོན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྨད་གཡོགས་གྱོན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས ་ཅན་ཐམས་ཅད་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་བླ་ན་མེད་པ་དང་ལྡན་ཞིང་དག་པའི་རྩ་བ་ཤིན་ཏུ་བརྟན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྐ་རགས་འཆིང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མི་འཁྲུགས་པའི་ཆོས་ཅན་དུ ་གྱུར་ཏེ་དགེ་བའི་རྩ་བ་ཤིན་ཏུ་འབྲེལ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །བླ་གོས་གྱོན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་སྟེ། གོང་ནས་གོང་དུ་དགེ་བའི་རྩ་བ་ཐོབ་པར ་གྱུར་ཅིག་ཅེས་སེམས་བསྐྱེད་དོ། སྦྱོར་བ་གྱོན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མི་འཁྲུགས་པའི་ཆོས་ཅན་དུ་གྱུར་ཏེ་ཐབས་དམ་པས་མངོན་པར་བཀབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སོ་ཤིང་ལེན་པའི་བྱང ་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཡོངས་སུ་དག་པའི་དངོས་པོ་འཐོབ་པའི་ཕྱིར་དམ་པའི་ཆོས་རྣམ་པར་དག་པ་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སོ་ཤིང་ཟ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཉོན་མོངས ་བ་ཤིན་ཏུ་བཅོམ་ཞིང། སེམས་དུ་ལ་ཞིང་སེམས་དག་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །དབེན་པར་འགྲོ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྤངས་ཏེ། སྡིག་པ་མི་དགེ ་བའི་ཆོས་ཐམས་ཅད་སྤངས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། ཆུ་དོགས་སུ་འགྲོ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ་ཤིན་ཏུ་བྱུང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། ། ་གཙང་སྒྲའི་ལས་བྱེད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་དག་པའི་དངོས་པོས་གཙང་ཞིང་ངེས་པ་དང་ལྡན་པར་གྱུར་ཅིག་སེམས་བསྐྱེད་དོ། །ལག་པ་འཁྲུ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན ་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་བཟུང་ཞིང་བཅད་པའི་ཕྱིར་བཀྲ་ཤིས་ཀྱི་ལག་པ་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ངོ་འཁྲུ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད ་ཤིན་ཏུ་ཉོན་མོངས་པ་དང་བྲལ་ཞིང་ཆོས་ཐམས་ཅད་ཀྱི་སྒོ་རྣམ་པར་དག་པ་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཁར་བ་ལེན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མཆོད་སྦྱིན་བྱས་ཤིང་ལམ་སྟོན་པར ་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལྷུང་བཟེད་ལེན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འགྲོ་བ་ཐམས་ཅད་ཀྱིས་མཆོད་པར་འོས་ཤིང་སྣོད་དུ་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྤྱོད་ཡུལ་མངོན་པར་ཞུགས་པའི་ཚེ ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་གནས་མེད་པ་ལ་ཡང་དག་པར་གཞོལ་ཞིང་སངས་རྒྱས་ཀྱི་སྤྱོད་ཡུལ་མངོན་དུ་ཕྱོགས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལམ་དུ་ཞུགས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས ་ཅན་ཐམས་ཅད་ཕྱིན་མ་ལུས་པར་འགྲོ་ཞིང་སངས་རྒྱས་ཀྱི་ལམ་དུ་ཞུགས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །འགྲོ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་ཆོས་སྒྲིབ་པ་མེད་པ་གྲུབ ་པར་གྱུར་པས་ཆོས་ཀྱི་དབྱིངས་མཛའ་དང་དབུས་མེད་པ་ཁོང་དུ་ཆུད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལམ་མཐོང་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་ཞུམ་པ་མེད་དོ་ཁམས་གསུམ་ལས ་གྱེན་དུ་འཕགས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལམ་དགའ་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་ཤིན་ཏུ་བརྟན་ཅིང་སངས་རྒྱས་ཐམས་ཅད་ཤིན་ཏུ་འདུས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། ་ལམ་ཉམ་ང་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལྟ་བ་ཡོ་ཞིང་མི་དྲང་བ་དང་བྲལ་ཏེ་ལམ་ཉམ་ང་བ་ཡོངས་སུ་སྤངས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལམ་དྲང་པོ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས ་སེམས་ཅན་ཐམས་ཅད་གཡོ་མེད་ཅིང་སྒྱུ་མེད་དེ། སེམས་དྲང་པོ་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལམ་རྡུལ་ཆེན་པོ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་རྡུལ་མེད་པའི་ཆོས་ཡང་དག་པར་ཐོབ་སྟེ། འདོད ་ཆགས་པར་གྱུར་པའི་ཆོས་རྣམ་པར་འབྲེལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྡུལ་མེད་པའི་ལམ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྙིང་རྗེ་ཆེན་པོ་ཡོངས་སུ་བསྒོམ་པ་དང་ལྡན་ཞིང་སེམས་འཇམ་པར་གྱུར་ཅིག ་ཅེས་སེམས་བསྐྱེད་དོ། །གཡང་ས་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་བསྒྲིབས་པ་མེད་པར་རྟོགས་པར་ཁོང་དུ་ཆུད་ཅིང་སྡིག་པའི་ཆོས་ཐམས་ཅད་བསལ་ཏེ། དགེ་བའི་ཆོས་ལ་རབ་ཏུ་གཞོལ་བར་གྱུར་ཅིག་ཅེས ་སེམས་བསྐྱེད་དོ། །འཁོར་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་དུས་གསུམ་དུ་གཏོགས་པའི་ཆོས་ཟབ་མོ་བསྟན་པ་དང་མཐུན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཀ་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས ་སེམས་ཅན་ཐམས་ཅད་ཁྲོ་ཞིང་ཁོང་དུ་འཛིན་པ་དང་བྲལ་ཏེ། ཁེངས་པ་དང་འཁྲུག་པ་དང་རྣམ་པར་བྲལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ནགས་ཚལ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལྷ་དང་འཇིག་རྟེན ་དུ་བཅས་པས་ཕྱག་བྱ་བའི་གནས་སུ་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རི་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཐོབ་པར་དཀའ་བ་དང་ཐིབ་པོ་མེད་པར་རབ་ཏུ་ཐོབ་ཅིང་དགེ་བའི་རྩ་བ་ཐམས་ཅད་ཀྱི་མངོན་པར་འཕགས ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཤིང་ཚེར་མ་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་མེད་ཅིང་ཚེར་མ་དང་བྲལ་བར་གྱུར་ཅིག་ཅེས ་སེམས་བསྐྱེད་དོ། །ཤིང་ལོ་མ་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དག་གིས་རབ་ཏུ་གཡོ་བར་གྱུར་ཅིག་ཅེས་སེམས ་བསྐྱེད་དོ། །མེ་ཏོག་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་མངོན་པར་ཤེས་པའི་མེ་ཏོག་རྒྱས་པས་མེ་ཏོག་ལྟ་བུར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མེ་ཏོག་གི་ཤིང་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས ་སེམས་ཅན་ཐམས་ཅད་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱི་མེ་ཏོག་ཤིན་ཏུ་རྒྱས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཤིང་ཏོག་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྙིང་པོ་བྱང་ཆུབ་ལ ་གཞོལ་ཞིང་སངས་རྒྱས་ཀྱིས་ཆོས་བཙལ་བ་ཐམས་ཅད་འབྲས་བུ་ཡོད་འབྲས་བུ་དམ་པ་རབ་ཏུ་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཆུ་ཀླུང་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས ་ཀྱི་ཡེ་ཤེས་ཉམས་སུ་མྱོང་སྟེ། ཆོས་ཀྱི་རྒྱུན་ལ་མཉམ་པར་བཞག་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལུ་མ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་རོ་གཅིག་པའི་ཕྱིར ་སེ་གོལ་གཏོགས་པ་ཙམ་གྱིས་ཁོང་དུ་ཆུད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྫིང་བུ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་ཀྱི་ཚིག་ཤིན་ཏུ་བརྟན་པ་ལ་མཁས་ཤིང་ཆོས་ཐམས་ཅད་ཀྱི ་རྒྱས་པའི་ཚིག་གི་ལས་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཁྲོན་པ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་འབྱོར་པ་དང་ལྡན་ཞིང་སྤོབས་པ་མང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མཚོ ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་གོང་ནས་གོང་དུ་དམིགས་པ་ལ་རབ་ཏུ་བརྩོན་ཞིང་དགེ་བའི་རྩ་བ་མི་ཟད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཟམ་པ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྐྱེ་བོ ་ཐམས་ཅད་ཡོངས་སུ་སྒྲོལ་བ་ལ་ཟམ་པར་རེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཡུར་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འགྲོ་བ་ཀུན་གྱི་སེམས་དང་བསམ་པ་ལ་མཁས་ཤིང་བག་ལ་ཉལ་བ་དང་ཀུན་ནས ་འཁོར་བ་མེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ར་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་གཟུགས་དང་སྒྲ་དང། དྲི་དང་རོ་དང་རེག་ལ་སྲེད་པ་རབ་ཏུ་བྱང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མྱ་ངན་མེད་པའི་ནགས ་ཚལ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྲེད་པ་བཞིན་དུ་མྱ་ངན་མེད་པ་རབ་ཏུ་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །བཟའ་ཤིང་གི་ར་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས ་ཀྱི་བྱང་ཆུབ་ཡོངས་སུ་མི་གཏོང་བ་ལ་ཤིན་ཏུ་བརྩོན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སེམས་ཅན་བརྒྱན་གྱིས་བརྒྱན་པ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས ་བརྒྱན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྒྱན་མེད་པའི་སེམས་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྦྱད་བའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པས་རྒྱན་མེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། དགའ་བ་མང ་པའི་སེམས་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ལ་དགའ་ཞིང་མོས་པ་དང། སྤྲོ་བས་དགའ་བ་མང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མི་དགའ་བ་མང་བའི་སེམས ་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་ལ་མི་དགའ་བ་མང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སེམས་ཅན་བདེ་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བདེ་བའི་ཡོ་བྱད་ཐམས་ཅད་རབ་ཏུ་ཐོབ་པས་ཤིན་ཏུ་དབེན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སེམས་ཅན་སྡུག་བསྔལ་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད ་ཡེ་ཤེས་ཀྱི་རྩ་བ་རབ་ཏུ་ཐོབ་སྟེ། སྡུག་བསྔལ་ཞི་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ནད་མེད་པ་མ་ཡིན་པའི་སེམས་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་མྱ་ངན་མེད་པའི་ཆོས་ཅན་དུ ་གྱུར་ཏེ་ཐ་དད་པ་མེད་པར་ཁོང་དུ་ཆུད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སེམས་ཅན་སྡུག་བསྔལ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ ་མོས་པ་མེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མི་སྡུག་པའི་སེམས་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མི་དགེ་བའི་བཤེས་གཉེན་གྱིས་བྱ་བ་ལ་མོས་པ་ཆུང་བར་གྱུར་ཅིག་ཅེས་སེམས་བསྐྱེད ་དོ། །དྲིན་གཟོ་བའི་སེམས་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཛད་པ་ཤེས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །དྲིན་གཟོ་བ་མེད་པའི ་སེམས་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མི་དགེ་བའི་ལྟ་བ་ལ་དྲིན་དུ་གཟོ་བ་མེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །དགེ་སྦྱོང་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མ་ལུས་པའི ་མཐར་ཐུག་པར་བྱས་ལ་བརྩོན་ཞིང་ཞིབ་དང་དུལ་བ་ལ་གཞོལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །བྲམ་ཟེ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཚངས་པའི་དམ་པར་ཏེ་སྡིག་པ་སྤངས་པར་གྱུར་ཅིག་ཅེས ་སེམས་བསྐྱེད་དོ། །དགའ་ཐུབ་པ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མ་ལུས་པའི་མཐར་ཐུག་པའི་བྱ་བ་ལ་བརྩོན་ཞིང་དཀའ་ཐུབ་ལ་ཤིན་ཏུ་གཞོལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །བརྟུལ་ཞུགས་པ ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་བྱང་ཆུབ་ཡོངས་སུ་མི་གཏོང་བའི་ཕྱིར་བརྟུལ་ཞུགས་དམ་པོར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གོས་གྱོན་པའི་སེམས་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས ་དཔས་སེམས་ཅན་ཐམས་ཅད་རང་བྱུང་བའི་ཆོས་ཡོངས་སུ་བཙལ་བ་ལ་གོ་ཆ་བཟང་པོ་ཤིན་ཏུ་བགོས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གོས་མ་གྱོན་པའི་སེམས་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས ་ཅད་མི་དགེ་བའི་ལས་བྱས་པ་ཐམས་ཅད་གོས་གྱོན་པ་མེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྒོལ་བའི་སེམས་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལས?་ཀྱི་རྒོལ་བ་ཐམས་ཅད་ཤིན་ཏུ་ཚར་གཅོད་པར ་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །འཚོ་བའི་སེམས་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྤྱོད་ལམ་བཅོས་པ་མེད་ཅིང་འཚོ་བ་དག་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྒྱལ་པོ་མཐོང་བའི་ཚེ་བྱང་ཆུབ་སེམས ་དཔས་སེམས་ཅན་ཐམས་ཅད་ཐོགས་པ་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཆོས་ཀྱི་རྒྱལ་པོར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྒྱལ་པོའི་བུ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད ་སངས་རྒྱས་ཀྱི་སྲས་ཆོས་ལས་སྐྱེས་པ་ཆོས་ཀྱི་སྤྲུལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཁྱིམ་བདག་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་རྣམ་པར་གདོན་མི་ཟ་བའི་བློ་ཅན་དུ་གྱུར་ཏེ། གྲོང་གི་ཆོས ་སྤངས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །བློན་པོ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མི་དགེ་བའི་ཆོས་ཀྱི་སྤྱོད་པ་ཐམས་ཅད་ལ་བཟང་པོ་ཡིད་ལ་བྱེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གྲོང་ཁྱེར ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་གདུལ་དཀའ་བའི་སེམས་དང་ལྡན་པར་གྱུར་ཏེ་མཐུ་བོ་ཆེའི་ལུས་འདྲ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྒྱལ་པོའི་གནས་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས ་སེམས་ཅན་ཐམས་ཅད་ཡོན་ཏན་གྱི་རྗེས་སུ་འབྲང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ནགས་ཚལ་གྱིས་འདབ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལྷ་དང་བཅས་པའི་འཇིག་རྟེན་གྱིས་བསྔགས་པར ་འོས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གྲོང་དུ་འགྲོ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་བསྒྲིབས་པ་མེད་པའི་ཚུལ་གྱིས་ཆོས་ཀྱི་དབྱིངས་སུ་ཆུད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྒོར་ཕྱིན་པའི་ཚེ་བྱང་ཆུབ ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཀྱི་སྒོར་ཕྱིན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ནང་དུ་ཕྱིན་པའི་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཐེག་པ་དུས་གསུམ་མཉམ་པ་ཉིད ་ཀྱི་ནང་དུ་ཕྱིན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མི་སྦྱིན་ནོ་ཞེས་མ་བྱས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་བསོད་ནམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་ཅིང་ཕྱིར་སྤང་བ་མེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མ་སྦྱིན་ཞེས ་བྱ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་དམྱལ་བ་དང། བྱོལ་སོང་གི་སྐྱེ་གནས་དང། གཤིན་རྗེའི་འཇིག་རྟེན་ལས་ཕྱིར་སྤངས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལྷུང་བཟེད་སྡོང་པ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས ་སེམས་ཅན་ཐམས་ཅད་ཉོན་མོངས་པ་ཐམས་ཅད་ཀྱིས་སྟོང་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལྷུང་བཟེད་གང་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་དཀར་པོ་ཐམས་ཅད་ཀྱིས་ཡོངས་སུ་རྒྱས་པར་གྱུར་ཅིག ་ཅེས་སེམས་བསྐྱེད་དོ། །རིམ་གྲོར་བྱས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཀྱི་སྤྱོད་པ་ཐམས་ཅད་ལ་རིམ་གྲོ་བྱེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རིམ་གྲོར་མ་བྱས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན ་ཐམས་ཅད་མི་དགེ་བའི་ཆོས་སྤྱོད་པ་ཐམས་ཅད་ལ་དག་མ་ལས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཁྲེལ་ཡོད་པའི་སེམས་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་དབང་པོ་དབེན་པའི་སྤྱོད་པ་དང་ལྡན་ཞིང་ཁྲེལ་ཡོད ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ངོ་ཚ་མེད་པའི་སེམས་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་བྱམས་པ་ལ་གནས་ཤིང་ངོ་ཚ་མེད་པ་ཡོངས་སུ་སྤངས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཁ་ཟས་བསོད་པ་ཐོབ་པའི ་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཟང་ཟིང་མེད་པའི་སེམས་དང་ལྡན་ཞིང་སྨོན་ལམ་ཐམས་ཅད་ཕུན་སུམ་ཚོགས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཁ་ཟས་མི་བསོད་པ་ཐོབ་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས ་ཅད་ཏིང་ངེ་འཛིན་ཉམས་སུ་བདེ་བ་ཐམས་ཅད་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཁ་ཟས་སྣུམ་བག་ཐོབ་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྙིང་རྗེ་ཆེན་པོ་ཡོངས་སུ་བསྒོམ་པའི་སེམས་དང་ལྡན་ཞིང ་སེམས་འཇམ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྣུམ་བག་མེད་པའི་ཟས་ཐོབ་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འཇིག་རྟེན་གྱི་སྲེད་པ་དང་བྲལ་ཏེ་སྣུམ་བག་མེད་པའི་སེམས་སུ་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཁ་ཟས་ཟ་བའི་ཚེ ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ལ་དགའ་བ་དང་རབ་ཏུ་དགའ་བས་ཡོངས་སུ་རྒྱས་ཤིང་བསམ་གཏན་གྱི་ཟས་ཟ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རོ་མྱོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་བདུད་རྩིའི་ནས? ་ངོམས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཟས་ཟོས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་ཅིང་བྱ་བ་བྱས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཆོས་སྟོན་པའི་ཚེ་བྱང་ཆུབ་སེམས་དཔས ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཡང་དག་པར་གཞོལ་ཞིང་སྤོབས་པ་མི་ཟད་པ་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཕྱིར་འབྱུང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས ་ཉམས་སུ་མྱོང་སྟེ། ཁམས་གསུམ་ནས་འབྱུང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཆུ་འབོག་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་དུས་གསུམ་མཉམ་པ་ཉིད་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འབོག་པར་གྱུར་ཅིག་ཅེས ་སེམས་བསྐྱེད་དོ། །ཁྲུས་བྱེད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འོད་མཛའ་ཡས་པ་དང་ལྡན་ཞིང་ལུས་དང་སེམས་དྲི་མ་མེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །དྲོ་བ་ལ་སྤྱོད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས ་ཅད་མུ་མེད་པར་ཕྱིན་ཏེ་ཡོངས་སུ་གདུང་བ་བསིལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །བསིལ་བ་ལ་སྤྱོད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་བསིལ་བར་གྱུར་ཏེ་བླ་ན་མེད་པའི་བསིལ་བའི་དངོས་པོ་ཁོང་དུ་ཆུད་པར་གྱུར་ཅིག ་ཅེས་སེམས་བསྐྱེད་དོ། །ཆོས་ཐོབ་པར་བྱེད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཀྱི་གཏམ་གྱི་རྗེས་སུ་འགྲོ་ཞིང་ཆོས་ཀྱི་དབྱིངས་དང་འདྲེས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སངས་རྒྱས་མཐོང་བའི་ཚེ་བྱང་ཆུབ་སེམས ་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་དང་འགྲོགས་པ་རབ་ཏུ་ཐོབ་སྟེ་བསྒྲིབས་པ་མེད་པའི་མིག་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མིག་མི་འགེབས་པར་ལྟ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཀུན་ཏུ ་མཛེས་པས་ཀུན་ཏུ་བཟང་པོར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མཆོད་རྟེན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འགྲོ་བ་ཀུན་གྱིས་མཆོད་པར་འོས་ཤིང་མཆོད་རྟེན་ལྟ་བུར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལྟ་བའི་ཚེ་བྱང་ཆུབ ་སེམས་དཔས་སེམས་ཅན་ཐམས་ཅད་ལྷ་དང་བཅས་པའི་འཇིག་རྟེན་གྱིས་བལྟ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྤྱི་འོས་འཐུག་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྤྱི་གཙུག་ལྟར་མི་སྣང ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གཡས་ཕྱོགས་སུ་བསྐོར་བ་བྱེད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་དུ་དོན་དང་མཐུན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལན་གསུམ་དུ་བསྐོར་བའི་ཚེ་བྱང་ཆུབ་སེམས ་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བྱང་ཆུབ་ཏུ་མོས་པའི་རབ་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སངས་རྒྱས་ཀྱི་ཡོན་ཏན་བརྗོད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པས་ཡོན་ཏན ་མི་ཟད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མཚོན་རྣམས་བརྗོད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མཚན་ཉིད་མེད་པའི་ཆོས་རྣམས་ལ་གཞོལ་ཞིང་ཡན་ལག་དམ་པ་ཕུན་སུམ་ཚོགས་པར་གྱུར ་ཅིག་ཅེས་སེམས་བསྐྱེད་དོ། །རྐང་པ་འཁྲུ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་དྲི་མ་མེད་པའི་མཐར་ཕྱིན་ཅིང་རྫུ་འཕྲུལ་གྱི་རྐང་པས་ཕ་རོལ་ཏུ་ཕྱིན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལུས་མྱོང་བའི་ཚེ་བྱང་ཆུབ་སེམས་དཔས ་སེམས་ཅན་ཐམས་ཅད་བསམ་པ་ལ་རྙོག་པ་མེད་ཅིང་ལུས་ཀྱི་འདུ་བྱེད་ཤིན་ཏུ་བདེ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གཉིད་སད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཕྱོགས་བཅུ་ཐམས་ཅད་དུ་མཐུ་ཆེན་པོ་ཐོབ་པར་གྱུར་ཏེ། ཐམས ་ཅད་མཁྱེན་པའི་ཡེ་ཤེས་ལ་ཤིན་ཏུ་རྣམ་པར་སངས་རྒྱས་བའི་སངས་རྒྱས་སུ་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཞེས་གསུངས་སོ། །དེ་དག་ལ་ཁམས་ཀྱི་ནུས་པ་དང་སྦྱར་ལ་ཅི་ནུས་ཀྱིས་སློབ་སྟེ། ཁམས་བདེ་བཞིན་དུ་ཉེས་པར་བསམ་པ་སེམས། ཉེས་པར ་སྨྲ་བརྗོད། ཉེས་པར་བྱ་བའི་ལས་བྱེད་ཅིང་ཐ་མལ་པའི་སྤྱོད་པས་དུས་འདའ་བར་བྱེད་པས་ཡང་སྤང་བར་བྱའོ། །ལངས་པའི་སྤྱོད་པ་བཤད་ཟིན་ཏོ། །དེ་ལ་ཁམས་ཀྱི་ཆོད་བཟུང་བ་གང་ཞེ་ན། བསམ་པའི་ཤེས་རབ་སྐྱེས་པའི་རྗེས་ལ་ཁམས་མི་བདེ་བའི་མཚན ་མ་ཅུང་ཟད་ན་ཉིན་གཅིག་གམ་མཚན་གཅིག་གམ། ཞག་གཉིས་ཀྱི་བར་དུ་བསམ་པའི་ཤེས་རབ་ཇི་ལྟར་སྐྱེས་པ་དེ་ཙམ་སྐབས་སྐབས་སུ་དྲན་པར་བྱ་བ་མ་གཏོགས་པ་བྱ་བ་གཞན་ཡང་མི་བྱ། བསྒོམ་ཡང་མི་བསྒོམ་པར་ཁམས་རྟས་སུ་གཞུག་གོ་། ་དེ་ནས་ཁམས་རྟེས་ང་འམ། ཁམས་མི་བདེ་བ་མ་བྱུང་ཡང་བསམ་པའི་ཤེས་རབ་ཀྱི་རྗེས་ལ་མཉམ་པར་བཞག་པས་གནས་སུ་མང་འདོད་པ་དག་གིས་འདི་ལྟར་མཚན་མོ་ཡེ་མི་བསྒོམ་པར་གཉིད་ཅི་ཙམ་ལོག་པ་དེ་ཙམ་གྱི་ཁམས་རྟས་པ་དེ་ཙམ ་ལོག་ཅིང་བརྣལ་ལོ། །ཉི་མ་དང་པོ་སྔ་དྲོ་ཐུན་གཅིག་ཕྱི་དྲོ་ཐུན་གཅིག་བསྒོམ་ཏེ། ཡུན་ནི་གོམ་པ་ཐ་མལ་པས་མདའ་རྒྱང་ཕྱེད་དུ་ཕྱིན་བ་ཙམ་མོ། །དེ་ནས་སྔ་དྲོ་ཐུན་རེ་ཕྱི་དྲོ་ཐུན་རེ་བསྣན་ཅིང་བསྒོམ་བས་ཉི་མ་ལྔ་པ་ལ་ཐུན་བཅུའོ། །དེ་ཡང་ན་ཚེ་ཕྲིན་ཚོགས་མ་བྱུང་ན་དེ་བཞིན་དུ་བསྣན ་བར་བྱའི་བྱུང་ན་དེ་མ་ཞིའི་བར་དུ་བསྣན་པར་མི་བྱའོ། །ན་ཚ་མ་བྱུང་ཡང་དེའི་ཕྱིན་ཆད་སེམས་གནས་པ་མ་ཐོབ་ཀྱི་བར་དུ་ཉིན་མ?་ལ་ཐུན་བཅུ་བཅུ་ལས་མེད་བར་མི་བསྒོམ་མོ། །གལ་ཏེ་ཁམས་ཐ་མ་ཞིག་ཡིན་ནམ། འབྲིང་ཞིག་ཡང་སེམས་གནས་པ་དཀའ་ ་བས་ཞག་བཅུ་ཙམ་ལོན་བས་ཁམས་ནུས་པ་ཆུང་བ་འམ། ཁམས་རབ་ཡིན་ཡང་སེམས་གནས་པ་བུལ་བའི་རིགས་ནས་ཞག་ཉི་ཤུ་ཙམ་ལོན་པས་ནུས་པ་ཆུང་བ་འམ། ན་ཚ་ཕྲན་ཆགས་བྱུང་ན་མོས་དང་མཐུན་པའི་ཁ་ཟས་སམ། བཏུང་བ་འམ་སྐུ ་མཉེལ་སོགས་པས་ཞི་བར་བྱ་སྟེ་སྲན་སྐྱེད་ཅིང་མི་སྒོམ་མོ། །ཡང་ཕལ་ཆེར་ཐུན་ཞབ་ལ་ཞན་པ་འམ། དགོངས་ཀ་ཞན་ན་ཕྱི་དེ་ཉིན་བར་ནས་ཐུན་རེ་རེ་གཉིས་གཉིས་འབྲི་ཞིང་བསྒོམ་མོ། །ཡང་ཁམས་དྲག་ཏུ་སོད་ནས་སྔ་མ་བཞིན་དུ་བསྒོམ་སྟེ། དེ་ལྟར ་བྱས་ན་ཁམས་རབ་འབྲིང་ཐ་མ་འཕྲལ་ལ་ཤེས་ཏེ་འོང་བས་ཉི་མ་རེ་རེ་ལ་ནུས་པ་ཇི་ཙམ་ཡོད་པ་དེ་ཙམ་རེ་བསྒོམ་པར་བྱའོ། །དེ་དག་ནི་སེམས་གནས་པ་མ་ཐོབ་པའི་བར་གྱི་ཁམས་ཀྱི་ཚོད་གཟུང་བ་ཡིན་ནོ། །དེ་ལ་བསྒོམ་པས་སེམས་ཀྱི ་སྐྱེ་བའི་རིམ་པ་གང་ཞེ་ན། མདོར་བསྡུ་ན་གསུམ་སྟེ། ཤིན་ཏུ་མྱུར་བར་བསལ་བའི་ཤེས་རབ་ཀྱི་རྗེས་ཐོགས་ཁོ་ནར་སྐྱེ་བ་དང། ཧ་ཅང་ཡུན་རིང་པོ་མ་ལོན་པར་སྐྱེ་བ་དང། ཡུན་རིང་དུ་ལོན་ནས་སྐྱེ་བའོ། །དེ་ལ་ཤིན་ཏུ་མྱུར་པ་ལ་གཉིས་ཏེ་ཁ་ཅིག་ནི་བསམ་པའི་ཤེས་རབ་སྐྱེ་བའི་སྐབས་དེར་ཆོས་ཐམས་ཅད་ཇི་ལྟར་རྟོགས་པ་དང། དེ་ལ་བློ་ཇི་ལྟར་བཞག་ན་མི་འགལ་བར་དྲན་པར་བྱེད་པ་མཚམས་སྦྱོར་བའི་ཤེས་པ་ཅུང་ཞིག་བསྐྱེད་མ་ཐག་ཁོ་ནར་རབ་ཏུ་བསྒྲིམས་ནས་ཅི་ལ་ཡང ་མི་གནས་པར་བཞག་པས་ལྷན་གྱིས་གནས་ཏེ། དེ་ཉིད་དུ་ལུས་ཡོད་པར་མི་ཚོར་བར་ཆབ་རོམ་ཞུ་བ་ལྟ་བུར་སོང་ནས་ནམ་མ་ལངས་པའི་སྣོད་བསྟན་པའི་ནང་ན་ཆུ་གཙང་མ་ཡོད་པ་བཞིན་དུ་ཧ་ཅང་མི་གསལ་ཏེ། མི ་གཡོ་བར་ནི་གནས་པ་ཡིན་ནོ། །དེ་ལྟ་བུ་བྱུང་ན་དེས་ཡུན་གོམས་པ་ཐ་མལ་པས་མདའ་རྒྱང་གསུམ་ལྷག་ཙམ་དུ་ཕྱིན་པའི་བར་དུ་བསྒོམས་ལ། དེ་ནས་བདེ་བ་དེ་འཕྲོ་བཅད་ནས་ལྡང་སྟེ། ཐུན་དེ་ལ་བཅོས་ཀྱང་མི་དགོས་སོ། །དེ་ནས་ཞག་མང་རབ་ཏུ ་ཡང་ལུས་དབེན་པ་དང་སེམས་མ་བསླང་ནུས་པ་མ་ཟད་ན་མ་བཅོས་ཀྱང་གོང་མ་བཞིན་དུ་གནས་ནུས་སོ། །ཚོགས་མི་ལྡན་ནམ་ནུས་པ་ཆུང་བས་གཞན་དུ་སོང་ན་སྔར་བསྟན་པ་བཞིན་དུ་ཅི་རིགས་པར་སྤྱོས་སོ། །ཁ་ཅིག་ལ་གོང་མ ་བཞིན་དུ་བཞག་པས་དེ་མ་ཐག་ཏུ་ལྷན་གྱིས་གནས་ཤིང་མི་གཡོ་བར་འདུག་ཀྱང་ལུས་ཡོད་པར་མི་ཚོར་བ་མི་འབྱུང་སྟེ། མིང་དང་མིང་ཅན་དུ་འབྲེལ་བའི་རྟོག་པ་མེད་པ་ཙམ་མོ། །དེ་ལྟ་བུ་བྱུང་ན་ནི་ཡུན་གོམ་པ་ཐ་མལ་པས་མདའ་རྒྱང ་གཅིག་ཏུ་ཕྱིན་ཙམ་དུ་བསྒོམས་ནས་ལྡང་ངོ། །ཐུན་དེ་ཕྱིན་ཚད་ཀྱང་དེ་ལས་རིང་པར་མི་བསྒོམ་ཞིང། ལངས་པའི་གནས་སྐབས་སུ་བཀའ་དང་བསྟན་བཅོས་དོན་དམ་པ་སྟོན་པ་ཁོ་ན་སྐབས་སྐབས་སུ་ལྟ་བ་དང་དྲན་པར་བྱའོ། །དེ་ནས་སྐྱེད ་བྱུང་ནས་ལུས་ཡོད་པར་མི་ཚོར་བའི་ཉམས་ཤིག་བྱུང་ན་དེའི་སྐབས་སུ་ཡུན་གོམས་པ་ཐ་མལ་པས་མདའ་རྒྱང་གསུམ་དུ་ཕྱིན་པ་ཙམ་དུ་བསྒོམས་ནས་བདེ་བ་དེ་འཕྲོ་བཅད་ལ་ལྡང་ངོ། །བཅོས་པའི་དུས་དང། ཇི་ལྟར་བཅོས་པ་ནི་གོང ་མ་བཞིན་དུ་བྱ་སྟེ། དེ་ནི་ཤིན་ཏུ་མྱུར་བའི་སྐྱེ་ལུགས་གཉིས་སོ། །དེ་ཧ་ཅང་ཡུན་རིང་པོ་མ་ཡིན་པར་སྐྱེ་བ་ལ་གཉིས་ཏེ། ཁ་ཅིག་ནི་གོང་དུ་བསྟན་པ་བཞིན་དུ་སེམས་བཞག་པ་ནི་སྐྱེ་བའི་རིམ་པ་བཞི་བྱུང་སྟེ། ཤེས་པ་འཕྲོ་ཞིང་འདུག ་ཏུ་མི་འདོད་ལ་ཡང་བསྒྲིབས་ཤིང་བཞག་ཀྱང་ཟ་ཟི་དང་ལྷང་ལྷོང་དང། རྩུབ་པ་དང། གྱོང་བ་དང། ཡུད་ཙམ་ཡང་སྡོད་དུ་མི་འདོད་པའི་ཉམས་འབྱུང་སྟེ། དེ་ལྟ་བུ་བྱུང་ན་ཡུན་གོམས་པ་ཐ་མལ་བས་མདའ་རྒྱང་ཕྱེད་དུ་ཕྱིན་པ་ཙམ་དུ་བསྒོམས་ནས ་འཕྲོ་བཅད་དེ་བཞག་ཁ་ཅིག་དུ་ཉམས་དེ་ལས་མི་སྐྱེ་བ་དང། དེ་ནས་ཞག་མང་རབ་ལོན་ནས་བསྐྱེད་བྱུང་སྟེ། བསྒྲིབས་པའི་སྟོབས་ཀྱི་ཤེས་པ་འཕྲོ་བ་ཉུང་བ་ཟ་ཟི་ཉུང་བར་གནས་ཀྱང་རྩུབ་པོ་དང་གྱོང་བ་དང་འཛིན་པ་མེད་པའི་ཉམས་དང་དེ ་ནས་ཅུང་སྐྱེད་བྱུང་སྟེ། སེམས་ཕྱི་རོལ་དུ་མི་འཕྲོ་ཞིང་ཟ་ཟི་དང་རྩུབ་པ་དང་སྙམ་བྱེད་པ་ཡང་ཞི་སྟེ། དབུགས་མི་བདེ་ཞིང་ཤེས་པ་གྱོང་སེ་འདུག་ལ། སྐབས་སྐབས་སུ་ཐུན་སྟོང་ཐུན་སྨད་ལ་བག་ཙམ་འཇམ་པར་ཚོར་བའི་ཉམས་ཤིག་འབྱུང་ངོ།། ་དེ་ནས་ཞག་མང་པོ་མ་ཐོགས་པར་བསྐྱེད་འབྱུང་ནས་བསྒོམ་པའི་ཚེ་ཐུན་སྟོང་ངམ། བར་རམ་སྨད་དམ། མི་སྒོམ་པའི་སྐབས་གཅིག་ཏུ་བློ་བུར་དུ་དྲན་པའི་ཐོག་ལ་ལྷན་ལྷན་ཇེ་བ་དེ་ཇེ་བ་དེ་ལ་དཔེར་ན་རླུང་ཚུབ་ཀྱི་ནང་ན་འདུག་པའི་འཕྲོ་ལ་ཁྱིམ ་དྲོན་པོའི་ནང་དུ་ཕྱིན་པ་སྙམ་བྱེད་ལ་འཇམ་ཞིང་བསྟན་བར་གནས་ཏེ། ནམ་མཁའ་ཧ་ཅང་མི་དཀར་བའི་ནང་ན་འདུག་པ་བཞིན་དུ་ཧ་ཅང་མི་གསོལ་ལ་ལུས་ཡོད་པར་མི་ཚོར་བ་ཡིན་ནོ། །དེ་ལྟ་བུ་བྱུང་ན་ཡུན་གོམ་པ་ཐ་མལ་པས་མདའ་རྒྱང ་གསུམ་ལྷག་ཙམ་དུ་ཕྱིན་པར་བསྒོམས་ནས་བདེ་བ་དེ་འཕྲོ་བཅད་ལ་ལྡང་ངོ། །བཅོས་དགོས་པའི་དུས་དང། བཅོས་པའི་ཐབས་ནི་སྔར་སྨོས་པ་བཞིན་དུ་བྱའོ། །ཡང་ཁ་ཅིག་ལ་འདི་ལྟར་འབྱུང་སྟེ། སྔར་སྨོས་པ་བཞིན་དུ་སེམས ་བཞག་པས་རྟོག་པ་རགས་པ་མི་འབྱུང་ཞིང་ཟ་ཟི་ཉུང་ཡང་གནས་པའི་མཚན་ཉིད་མེད་དོ། །བསྒྲིབས་པའི་སྟོབས་ཀྱི་མི་འཕྲོ་བ་ཙམ་དུ་འདུག་པའི་ཉམས་ཤིག་བྱུང་ན་ཡུན་གོམས་པ་ཐ་མལ་པས་མདའ་རྒྱང་བྱེད་དུ་ཕྱིན་པ་ཙམ་ཞིག ་བསྒོམས་ལ་ལྡང་ངོ། །དེ་ལྟར་ཡུན་དེ་ཙམ་དུ་བསྒོམས་པས་སྐྱེད་བྱུང་ནས་སྒྲིམ་པའི་རྟ་བོས་སོ་ཐུན་སྟོང་ཐུན་སྨད་འཇམ་པ་འམ། འཛིན་པའི་ཞང་བག་རེ་འོང། རེས་འགའ་ཐུན་རངས་པ་ལ་སྔ་མ་བཞིན་དུ ་འདུག་པ་འབྱུང་བ་དང། དེ་སྐྱེད་བྱུང་བས་བསྒྲིམས་པའི་སྟོབས་ཀྱི་ཐུན་ཞབས་སུ་ཕྱིན་གྱི་བར་དུ་མི་འཕྲོ་ལ་བགས་ཀྱིས་རྣམ་པར་གནས་ཀྱང་གློང་ན་དེ་ཙམ་ཡང་མེད་པའི་ཉམས་ཀྱི་བ་དང། དེ་ནས་སྐྱེད་བྱུང་སྟེ་བསྒྲིམས་ན་སྙི་མུལ་གྱི ་འགྲོ་བར་འདུག་པས་བསྒྲིམ་མི་དགོས་སོ། །གཏང་ན་གཏང་དཀའ་བས་གློང་ལ་བཞག་པས་ཆོག་སྟེ། ཤིན་ཏུ་གདང་པ་ནི་མ་ཡིན་པས་ཡང་ལུས་ཡོད་པར་མི་ཚོར་བར་འབྱུང་ན་ཡུལ་གོམ་པ་ཐ་མལ་པས་མདའ་རྒྱང་གསུམ་ལྷག་ཙམ་དུ་ཕྱིན ་པའི་བར་བསྒོམས་བདེ་བར་འཕྲོ་བཅད་ལ་ལྡང་ངོ། །བཅས་དགོས་པའི་དུས་དང་ཇི་ལྟར་བཅོས་པ་ནི་སྔར་སྨོས་པ་བཞིན་དུ་བྱའོ། །དེ་གཉིས་ནི་ཧ་ཅང་ཡུན་རིང་པོ་མ་ཡིན་པར་གནས་པ་ཡིན་ནོ། །རིང་པོ་ལོན་ནས་སྐྱེ་བའི་གཅིག་སྟེ། ཁ་ཅིག ་ལ་སྔར་སྨོས་པ་བཞིན་དུ་སེམས་བཞག་པས་སྣ་ཚོགས་སུ་འཕྲོ་ཞེན་འདུག་ཏུ་མི་འདོད་དེ་ཤེས་པ་བསྒྲིམས་ན་སླར་མི་བདེ་སྟེ། དེ་བས་སློང་ན་བདེ་བ་འདྲ་བ་ཞིག་འབྱུང་སྟེ། དེ་ཡུན་གོམས་ཐ་མལ་པས་མདའ་རྒྱང་ཕྱེད་དུ་ཕྱིན་ཙམ་ཞིག་བསྒོམ ་ནས་ལྡང་ངོ། །དེ་ནི་ཤིན་ཏུ་གནས་པར་དཀའ་བ་ཡིན་པས་མི་བདེ་ཡང་བསྒྲིམས་ཤིང་བཞག་པས་ཡུན་རིང་པོ་ལོན་ནས་སྐྱེད་བྱུང་སྟེ། ཐུན་ཕལ་ཆེར་བསྒྲིམས་ཀྱང་མི་བདེ་བ་མེད་ལ་འཕྲོ་བ་ཉུང་ཞིང་ཚོར་བ་ཡང་སླ་དགག་པ་ཡང་སླ་བའི ་ཉམས་ཤིག་འབྱུང་བ་དང། དེ་གོམས་པས་ཡུན་རིང་དུ་ལོན་པ་དང། བསྒྲིམས་ན་འཇམ་ཞིང་མི་འཕྲོ་ལ་གློང་ན་ཅག་ཅག་ཙམ་འཕྲོ་བ་འབྱུང་བའི་ཉམས་དང། དེ་ནས་རིང་པོ་མི་ཐོགས་པར་བསྒོམ་པའི་འཕྲོ་འམ། ང་ལ་གསོ་བ་འམ ་སྲོད་ལ་མལ་དུ་ཞུགས་པའི་ཚེ་འམ། དུས་ལ་ངེས་པ་མེད་དོ། །ལྟེམ་གྱིས་གནས་དེ་བསྒྲིབས་ཡང་མི་ནུས། གློང་བ་པར་ཡང་དཀའ་སྦྱིན་ཞང་དུ་བྱས་ནས་ལུས་ཡོད་པར་མི་ཚོར་ཞིང་ཧ་ཅང་མི་གདང་བའི་ཉམས་ཤིག་འབྱུང་སྟེ། དེས་ཡུན་གོམས་པ ་ཐ་མལ་པས་མེ། མདའ་རྒྱང་གསུམ་དུ་ཕྱིན་པ་ཙམ་དུ་བསྒོམས་ནས་བདེ་བ་དེ་འཕྲོ་བཅད་ལ་ལྡང་ངོ། །བཅོས་དགོས་པའི་དུས་དུ། ཇི་ལྟར་བཅོས་པ་ནི་སྔར་སྨོས་པ་བཞིན་དུ་བྱ་སྟེ། སྐྱེ་བའི་རིམ་པར་བཤད་ཟིན་ཏོ། །དེ་ལ་གནས་པའི་ཚད་གང ་ཞེ་ན། དེ་ནི་རྒྱུའི་སྟོབས་ཀྱིས་རབ་འབྲིང་མཛའ་གསུམ་དུ་དབྱེ་སྟེ། དེ་ལ་རབ་ནི་ཤེས་བསྒྲིབས་རུང་མི་བསྒྲིབས་རུང་རྟོག་པའི་དོན་ལས་མི་གཡས་ཞིང་དབུགས་བགས་ཀྱིས་འགུལ་བ་ཙམ་ཡང་ཚོར་བར་དཀའ་བ་དང། ལུས་ལ་རགས་པ ་དང་ཕྲ་བའི་འདུ་ཤེས་མི་སྐྱེ་བ་དང། ཤིན་ཏུ་སྦྱངས་པའི་མཚན་ཉིད་མཉམ་པར་བཞག་པ་དང་མཐུན་པའི་རླུང་ཛིན་པས་ཁྱིམ་གྱི་ནང་ན་འདུག་བསྙམ་བྱེད་ཅིང་འཇམ་པ་དང་ཡང་བཤེས་ཆེ་བ་དང། བྱིང་བ་དང། རྒོད་པ་དང། ལུང་དུ་མ་བསྟན ་པའི་སེམས་དང། ལྷག་མཐོང་ཆུངས་པ་དང། ཞི་གནས་ཆུངས་པ་མེད་ཀྱང་ཡུན་རིང་དུ་གོམས་པར་མ་བྱས་པས་མུན་པ་ཧ་ཅང་གནག་པ་མ་ཡིན་པའི་ཚུལ་དུ་འདུག་པ་དང། མཚན་ཉིད་དེ་ལྟ་བུས་མྱུར་དུ་གནས་པ་འམ། ཕྱིན་གནས་ཀྱང ་རུང་ནུས་པ་ཆུང་བ་དང། བཅོས་པའི་སྐབས་མ་རྟོགས་པ། དང་པོ་འཇུག་ཀའི་སེམས་དེས་ཡུན་གོམ་པ་ཐ་མལ་བས་མདའ་རྒྱང་གསུམ་ལྷག་ཙམ་དུ་ཕྱིན་པའི་བར་དུ་ཤུགས་ཀྱིས་གནས་ནུས་པའོ། །དེ་ལ་འབྲིང་ནི་དབུག་ལ་བལྟས་ན་བགས ་ཀྱིས་འགུལ་བ་ཚོར་བར་སླ་བ་དང། ལུས་ལ་ཇི་ལྟར་གནས་པ་མི་ཤེས་པ་ཙམ་དང། ཤིན་ཏུ་སྦྱངས་པའི་མཚན་ཉིད་ཏིང་ངེ་འཛིན་དང་མཐུན་པའི་ལུས་ཀྱི་རླུང་ཟིན་པས་སྤྲི་དཀར་མི་འགུལ་བའི་ནང་ན་འདུག་པ་སྙམ་བྱེད་ཅིང་འཇམ་པ་དང་ཆད ་པ་དང། འབྲིང་དང། ཡུན་གོམ་པ་ཐ་མལ་པས་མདའ་རྒྱང་གཉིས་སུ་ཕྱིན་པ་ཙམ་དུ་གནས་ནུས་པ་སྟེ། གཞན་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེ་ལ་ཐ་མ་ནི་ལུས་ལ་ཇི་ལྟར་གནས་བལྟས་ན་ཤེས་ཏེ་འོང་བ་དང། འཇམ ་པ་དང་ཡང་བ་ཅུང་ཟད་ཡོད་པ་དང། ཤིན་ཏུ་སྦྱང་བའི་མཚན་ཉིད་ཏིང་ངེ་འཛིན་དང་མཐུན་པའི་རུང་ཟིན་པ་ནི་བླ་གབ་མེད་པ་ན་སྒོམ་ཡང་ལོགས་ཙམ་སྐྱོར་བའམ་བླ་གབ་ཙམ་ཡོད་པའི་ནང་དུ་ཕྱིན་པ་སྙམ་བྱེད་པ་དང། དབུགས་སྣ་དང་ཁའི ་སྒོ་ནས་འབྱུང་བ་མི་ཚོར་ཏེ་ཁོང་ན་ཕྱེད་དུ་མ་གཏད་ཀྱང་ཤིན་ཏུ་དལ་བ་དང་འཇམ་པ་དང་ཕྲ་རབ་ཚོར་བ་དང་ཡུན་གོམ་པ་ཐ་མལ་པས་མདའ་རྒྱང་བ་ཅིག་ཏུ་ཕྱིན་པ་ཙམ་དུ་གནས་ནུས་པའོ། །གཞན་ནི་གོང་མ་བཞིན་ནོ། །གནས་པའི་ཚད ་བསྟན་ཟིན་ཏོ། །།དེ་ལ་བསྟན་པའི་ཐབས་ཅི་རིགས་པར་བྱ་བ་གང་ཞེ་ན། ཁམས་ཀྱི་ཚོད་ལས་དཔགས་ཏེ། སེམས་གནས་པ་རབ་དང་འབྲིང་དང་ཐ་མ་གསུམ་གང་བྱུང་ཡང་མཚན་ཉིད་ཤེས་པར་བྱ། རེ་ཞིག་དེ་ཙམ ་གྱི་ཆོག་ཤེས་པར་བྱ། ཧ་ཅང་གཟེངས་མཐོ་བར་མི་བྱ། ཁམས་ཀྱི་ནུས་པར་རང་ཤུགས་དང་སྦྱར་ལ་བསྒོམ་མོ། །དེ་ལ་མཚན་ཉིད་མ་ཤེས་ན་སེམས་གནས་པ་དེ་ཚོར་རོ། །དེ་ཡང་གང་ཞེ་ན། གནས་པ་རབ་ཆད་ཅིག་བྱུང་ཡང་ཁ་ཅིག་ལྔ ་ན་དེ་འདྲ་བ་ཉམས་སུ་མྱོང་བས་སྐྲག་ན་འཕྲོ་གཅོད་པ་དང། སྔར་མི་གནས་པ་གནས་པར་བྱེད་པའི་སྐབས་སུ་ཉིན་མཚན་གཉིས་ཀ་བསྒོམས་ན་ཁམས་འཁྲུགས་ཏེ་འོང་བས་མཚན་མོ་མ་བསྒོམས་ཤིག་ཅེས་སྨྲས་པས་དེ་སེམས་ལ ་བཞག་ནས་གལ་ཏེ་མཚན་མོ་གནས་པ་བྱུང་ན་བསྒོམ་རྒྱུ་མ་ཡིན་སྙམ་ནས་འཕྲོ་བཅད་པ་དང། ཡང་སྔར་བསྒྲིམས་ཤིང་གཏད་པས་སྐབས་དེར་བསྒྲིམས་མི་དགོས་བཞིན་ལྷག་པར་བསྒྲིམས་ནས་དེ་ཉམས་སུ་མ་བླངས་པ་དང། འབྲིང ་དང་ཐ་མ་བྱུང་ན་གྲོགས་པོ་གཞན་ལ་རབ་བྱུང་བ་ཐོས་པས་རྒྱུའི་བྱེ་བྲག་ལ་མེ་ཅི་བར་ཐམས་ཅད་ཚད་གཅིག་པས་འདི་མེད་སྙམ་ནས་ལྷག་པར་བཅོལ་བ་བྱས་བ་དང། གཞན་གསུམ་ནི་སྔ་མ་བཞིན་ནོ། །དེ་བས་ན་གནས་པའི་ཚད་སྔར་བསྟན ་པ་བཞིན་དུ་ཤེས་པར་བྱའོ། །དེ་ལ་ཆོག་མི་ཤེས་པའི་ཉོས་པ་ནི་ཁ་ཅིག་སེམས་གནས་པའི་མཚན་ཉིད་ཤེས་ཀྱང་མང་དུ་ཐོས་པའི་ང་རྒྱལ་གྱི་འབྲིང་དང་ཐ་མ་བྱུང་ན་ལྟ་ཧ་ཅང་ཆེས། རབ་ཅིག་བྱུང་ཡང་གཞན་བས་ལྷག་པ་ཅིག་བྱ་སྙམ་ནས ་བརྩལ་དྲགས་པས་ཚོར་བ་ཡིན་ཏེ། དེ་བས་ན་རབ་བྱུང་ན་ཧ་ཅང་ཆེས། འབྲིང་དང་ཐ་མ་བྱུང་ཡང་རེ་ཞིག་བསྟན་པར་བྱའོ། །དེ་ལ་ཧ་ཅང་གཟེངས?་མ་ཐོས་ན་ཉེས་པ་ཅི་ཡོད་ཅེ་ན། ཁ་ཅིག་འབྲིང་དང་ཐ་མ་ཙམ་དུ་བྱུང་ན་ཡང་གཡེངས་ནས་ཆོད་མི ་འཛིན་པར་བསྒོམས་པ་དང། རབ་བྱུང་ན་ལྟ་ཧ་ཅང་ཆེས། འདི་ཙམ་གཞན་ལ་མེད་སྙམས་ནས་མཚན་རངས་བསྒོམ་ཞིང་གཉིད་སྤོང་བ་དང། ནང་བར་ཆོས་སྟོན་མི་ཟ་བར་བསྒོམ་པ་དང། དེ་ལ་དེ་ནི་ཚ་མི་འོད་ཟེར་ནས་ཚོད་མི་འཛིན་པར་བསྒོམ ་སྟེ། དེ་ཅི་ཁམས་ཆེར་འཁྲུགས་ཏེ་འགྲོ་བ་དང། དམིགས་པ་འཆར་བར་ཡིན་ནོ། །དེ་བས་ན་སེམས་གནས་པར་ཤེས་ནས་སྐྱོན་དེ་དག་སྤངས་ལ་སྔར་བསྒོམ་པ་ལས་ཐུན་གྱི་གྲངས་ཉུང་བར་བྱ་སྟེ། སྲོད་དང་ཐོ་རངས་ལ་ཐུན་རེ། ཉིན་པར ་ཐུན་རེས་གཉིས། རིས་ཐུན་གསུམ་སྟེ། ཉིན་མཚན་གཉིས་ལ་ཐུན་ལྔ་ལས་མང་བར་མི་བསྒོམ་མོ། །དེ་ཙམ་མི་ནུས་ན་ཉིན་གཅིག་དང་མཚན་གཅིག་ལ་ནུས་པ་ཆེ་ཆུང་གིས་ཉིན་པར་ཐུན། ཉིས་མཚན་མོ་གཉིས་ཏེ་བཞི་འམ། ཉིན་པར་གཉིས ་པ་སྲོད་ལ་གཅིག་སྟེ་གསུམ་མོ། །སྔར་ཇི་ཙམ་གསལ་བ་དེ་ལས་རྩོལ་བ་མི་བྱ་བར་བསྒོམ་མོ། །ཡུན་ནི་གོམ་པ་ཐ་མལ་པས་མདའ་རྒྱང་གསུམ་དང་གཉིས་དང་གཅིག་ཏུ་ཅི་རིགས་པར་ནུས་པ་ཆེ་ཆུང་གིས་བསྒོམ་སྟེ། མཚན་གཅིག་དང། ཉིན ་གཅིག་དང། ཞག་གཅིག་དང། ཞག་གཉིས་དང། ཞག་གསུམ་དང། བཞི་དང། ལྔ་དང། བཅུ་དང། བཅོ་ལྔ་དང། ཉི་ཤུ་འམ། མདོར་ན་ལ་གོར་ནུས་པ་ཅི་ཟད་དང། ཁམས་ཅི་འཁྲུགས་བྱེད་པ་མ་ཡིན ་ཏེ། ཇི་སྲིད་དུ་རང་ཞུགས་ཀྱིས་ལུས་ངལ་བ་དང། སེམས་དུ་བ་ཟ་འམ། བསྒོམ་ཙམ་ན་སྡང་པ་འམ། ཤུགས་འབྱུང་བ་འམ། མགོ་བགས་ཀྱིས་ལྕི་བའམ། ཡམ་ཡམ་བྱེད་པ་འམ། ལུས་འདར་བའམ། ནུབ་མོ་གཉིད་སྲབ་པའམ། ཟས་མི ་ཞིམ་པ་འམ། ངག་གི་འཁྲུལ་པ་མང་དུ་བྱུང་བའམ། སེམས་སོང་སྔ་བར་འདུག་པ་ལ་སོགས་པ་ཁམས་མི་བདེ་བའི་མཚན་མ་ཅུང་ཟད་མ་བྱུང་གི་བར་དུ་བསྒོམ་མོ། །དེ་ནས་བྱུང་ནས་ངལ་གསོ་ཏེ། ལུས་ལ་བསྐུ་མཉེ་བྱ། ཆོས་དང་མཐུན ་པའི་ཟས་སྐོམ་གྱིས་ལུས་ཀྱི་ནུས་པ་རྟས་སུ་གཞུག་གོ་།ཁམས་སོར་མ་ཆུད་ཀྱི་བར་དུ་ཉིན་མཚན་གཉིས་ལ་ནམ་བསྒོམ་སྙིང་མ་འདོད་པའི་དུས་སུ་ཐུན་མི་རིང་བར་བལྟ་བ་ཙམ་བསྒོམ་མོ། །ནུས་པ་རྟས་ནས་སྲོད་ཐོ་རངས་ཐུན་རིང་བ་རེ ་ཉིན་པར་ལྔ་དྲོ་གཅིག་ཕྱི་རེད་གཅིག་དང་ཐུན་བཞི་ཉིན་མཚན་ཕྲུགས་གཅིག་ལ་བསྒོམ་སྟེ། བསོད་ནམས་ཀྱི་ཚོགས་དང་ལུས་ཀྱི་བཅེས་ཐབས་དང། སྙིང་རྗེ་སྔོན་དུ་འགྲོ་བ་དང། སྨོན་ལམ་ལ་སོགས་པ་གོང་དུ་སྨོས་པ་བཞིན་བྱའོ། །དེ ་ལ་གསལ་བའི་བསྐྱེད་འབྱུང་བ་གང་ཞེ་ན། སྔར་བསྟན་པའི་ཐབས་ཀྱི་བསྟན་པར་བྱས་ནས་གོང་མ་བཞིན་དུ་སྒོམ་པ་དེས། དང་པོར་དམིགས་པ་འབྲིང་དང་ཐ་མ་ལས་མ་ཟིན་པ་ཞིག་ཡིན་ན་བར་ཆད་མ་བྱུང་ཡང་གསལ་བའི་སྐྱེད་དབྱུང ་དགོས་སོ། །དེ་ནས་ཟླ་འདི་ཟླ་བ་ཁ་ཅིག་རྒྱང་དེ་ཙམ་ཧ་ཅང་མི་དག་པར་བསྒོམ་མོ། །ཆོས་དང་མི་འགལ་བའི་བྱ་བ་ཕྲན་ཚེགས་ཀྱང་བྱ། དེ་ཉིན་པར་བསྐབ་མེད་ན་ཡང་སྲོད་དང་ཐོ་རངས་ལ་སྔོན་དུ་འགྲོ་བ་དང་སྨོན་ལམ་དང་བཅས་པ་ཡུན་ཨེ ་མི་རིང་བ་ཐུན་རེ་བསྒོམ་མོ། །དེ་ནས་དང་པོའི་སློབ་ལུགས་བཞིན་དུ་ཞི་གནས་དང་ལྷག་མཐོང་གི་ཚོགས་མཛའ་དག་ལ་ཅི་ནུས་ཀྱིས་བསྟེན་ཅིང་ཡོ་བྱད་སྦྱིན་བདག་ལ་གསོལ་གདབ་བྱས་ལ། གནས་དབེན་ཞིང་ཉམས་དགའ་བ་ལ་སོགས་པ་གནས ་ཀྱི་ཡོན་ཏན་ཅི་མང་དེར་གྲོགས་ཚུལ་ཁྲིམས་དག་ཅིང་ལྟ་བ་མཐུན་པ་འགའ་ཙམ་དང་ལྷན་ཅིག་ཏུ་དམ་བཅས་ལ་གནས་སོ། །དེ་སྐད་དུ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ནོར་བུ་རིན་ཆེན་འདྲ་བར་ཚུལ་ཁྲིམས་བསྲུངས། རྗེས་སུ ་མཐུན་པའི་གྲོགས་ལ་རྟག་པར་བརྟེན་ཞེས་གསུངས་སོ། །ཡང་དེ་ཉིད་ལས། ཏིང་ངེ་འཛིན་རྒྱལ་པོ་སྟོང་པ་འདི་སྒོམ་པ། །ཚུལ་ཁྲིམས་དག་པའི་མགོ་ལ་འདི་འདུག་སྟེ། །ཆོས་རྣམས་རང་བཞིན་རྟག་ཏུ་མཉམ་བཞག་ན། །བྱིས་པས་མི་རིགས ་བཙོན་པས་མི་ཤེས་ཞེས་གསུངས་སོ། །དེ་རེ་ཞིག་ཆོས་དང་མཐུན་པའི་བྱ་བ་ཡང་སྤངས་པ་ཡིན་ན་མི་མཐུན་པ་ལྟ་ཅི་སྨོས། དེ་བས་ན་ཁྱིམ་ཀུན་འབར་བའི་ནང་ན་འདུག་པ་ཆུ་བསིལ་བ་འདོད་པ་ལྟ་བའི་སེམས་ཀྱི་ཐམས་ཅད་བཏང་ལ་དེ་ཁོ་ན ་ཉིད་ལ་མོས་པར་བྱའོ། །དེ་སྐད་དུ། མདོ་དེ་ཉིད་ལས། མགོ་དང་གོས་ལ་མེ་འབར་བ་ལྟ་བུའི་སེམས་ཀྱིས་ཕ་དང་མ་དང་བུ་དང་བུ་མོ་དང་ཉེ་དུ་དང། སྣག་གི་གཉེན་མཚམས་དང། ཆུང་མ་ལ་སོགས་པ་མེ་བཞིན་དུ་སྤངས་ལ་རྒྱལ་སྲིད་ཀྱི་བདེ་བ ་ཡང་མཆིལ་མའི་ཐལ་བ་བཞིན་དུ་སྤངས་ནས་རབ་ཏུ་བྱུང་ལ་དགོན་པར་གནས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞོན་ནུ་དེ་ལྟ་བུ་དེས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་རྙེད་པར་དཀའ་བ་མ་ཡིན་ན་ཏིང་ངེ་འཛིན་འདི་ལྟ་ཅི ་སྨོས་སོ་ཞེས་གསུངས་སོ། །དེ་ལ་རྟག་ཏུ་བྱ་བའི་སྨན་ཁ་ཟས་དང་བཏུང་བ་ཆོས་དང་མི་འགལ་ཞིང། ན་བའི་གསོས་སྨན་དང། དྲོས་ཚད་ཀྱི་གོས་དང་སྔོན་ལ་སོགས་པས་ཁམས་བརྟགས་པར་བྱའོ། །ཞག་བཅུ་འམ། ཟླ་བ་ཕྱེད་དམ། ནམ་བདེ ་བའི་ཚད་དུ་ཕྱིན་གྱི་བར་དུ་སོས་ངལ་ཞིང། ཁམས་གསོ་སྟེ། མཚན་མ་མི་བསྒོམ། ཉིན་པར་ཐུན་ཐུང་ངུ་རེ་རེ་ཙམ་ལས་མི་བསྒོམ་པར་ནུས་པ་རྟས་སུ་གཞུག་གོ་།དང་པོ་རབ་ཚད་དུ་ཟིན་པ་ཡིན་ཡང་གློ་བུར ་གྱི་ནད་ལ་སོགས་པ་བར་ཆད་ཀྱིས་ཉམས་ཡང་དམིགས་པ་འབྲིང་དང་ཞེས་བྱ་བ་ནས་ཐུན་རེ་བསྒོམ་མོ། ཞེས་བྱ་བའི་བར་མ་གཏོགས་པ་གོང་མ་བཞིན་དུ་བྱས་ལ་ནུས་པ་རྟས་སུ་གཞུག་གོ་།དེ་ནས་ཉིན་རེ་ལ་ཐུན་ཐུང་ངུ་ར་བསྒོམ་པ ་དེ་ཡང་གཞག་ལ། བསམ་པའི་ཤེས་རབ་ཀྱིས་ཉིན་པར་སྔ་དྲོ་གཅིག་ཕྱི་དྲོ་གཅིག་།མཚན་མོ་སྲོད་ལ་གཅིག་དང་ཐུན་གསུམ་དུ་བསམས་ཏེ། ཡུན་ངེས་པ་སྐྱེས་ཀྱི་བར་དུའོ། །འདི་སྙམ་དུ་སེམས་ཀྱི་ཆོག་ཉིད་རྟོགས་ན། ཆོས་ཐམས ་ཅད་ཀྱི་ཆོས་ཉིད་རྟོགས་པ་ཡིན་པར་ཐེག་པ་ཆེན་པོའི་བཀའ་སྡེ་སྣོད་དང་བསྟན་བཅོས་ལས་གསུངས་པས་བདག་གི་རང་གི་སེམས་ལ་སོ་སོར་བརྟག་པར་བྱའོ་སྙམ་དུ་བསམ་མོ། །ཡང་འདི་སྙམ་དུ་གང་རྒྱུ་དང་རྐྱེན་ལ་རག་ལས་པ ་ནི་ངེས་པར་མི་རྟག་སྟེ། དཔེར་ན་མར་མེའི་རྩེ་མོ་ལྟ་བུའོ། །བདག་གི་སེམས་འདི་ཡང་འདོད་པ་ལ་འདུན་པ་དང། གནོད་སེམས་དང། མི་དགའ་བ་དང། རྨུགས་པ་དང། གཉིད་དང། རྒོད་པ་དང། འགྱོད་པ་དང། ཐེ་ཚོམ་དང། མི་རྩོལ་བ ་དང། རྩོལ་བ་ལ་སོགས་པས་དབང་བྱས་ཤིང་རག་ལས་ནས་སྐྱེ་བས་ན་མི་རྟག་སྟེ། དེ་བས་ན་བཅོམ་ལྡན་འདས་ཀྱིས་ཀྱང། ཀྱེ་མ་འདུ་བྱེད་རྣམས་མི་རྟག་ཅེས་གསུངས་སོ། །གང་སྐྱེས་ནས་འགགས་པ་དེ་ནི་སྐད་ཅིག་མའི ་ཆ་ཤས་ཡོད་དེ། དཔེར་ན་ཚོར་བ་སྡུག་བསྔལ་ལྟ་བུའོ། །བདག་གི་སེམས་ད་ལྟར་བྱུང་བ་འདི་ཡང་སྐྱེས་ལ་དགག་པ་ཡིན་པས་ཆ་ཤས་དང་བཅས་པའོ། །གང་ཆ་ཤས་དང་བཅས་པ་དེ་ནི་ངེས་པར་གཅིག་ཏུ་མི་འགྲུབ་སྟེ། དཔེར ་ན་རྩོམ་པར་བྱེད་པ་དབུགས་ཀྱི་རྡུལ་ཕྲ་རབ་གཅིག་ལ་བསྐོར་བའི་རྡུལ་ཕྲ་རབ་བཅུ་ལ་ལྟས་པས་ཆ་ཡི་ཆེན་གཅིག་ཏུ་མི་འགྲུབ་པ་ལྟ་བུའོ། །བདག་གི་སེམས་བསྐྱེད་ལ་མ་འགགས་པ་འདི་ལས་སྐྱེ་བའི་ཆ་དང། གནས་པའི་ཆ་དང། ་འགགས་པའི་ཆ་ཡོད་པས་ཆ་ཤས་མེད་པའི་གཅིག་མ་གྲུབ་པོ། །ཡང་ཆག་པར་གཅིག་མ་གྲུབ་པས་དུ་མ་ཅི་ཡིས་དུས་མ་ཡིན། དེ་བས་ན་གཅིག་དང་དུ་མ་དང་བྲལ་བས་དེ་ལྟར་བྱུང་བའི་སེམས་དོན་དམ་པར་རང་བཞིན་ཐམས་ཅད ་མེད་དེ། ཐམས་ཅད་དང་མཚུངས་པས་དེ་ལ་བརྟེན་པར་མི་བྱའོ། །གནས་པར་མི་བྱའོ། །དེ་སྐད་དུ། འཕགས་པ་ཀླུ་སྒྲུབ་ཀྱིས་ཇི་ལྟར་སྐད་ཅིག་མཛའ་ཡོད་ལྟར། ཐོག་མ་དབུས་མཛའ་རྣམ་པར་རྟག་།སྐད་ཅིག་གསུམ་གྱི་རང་བཞིན་ཕྱིན། ་འཇིག་རྟེན་སྐད་ཅིག་ལ་མི་གནས་ཞེས་གསུངས་སོ། །འོ་ན་མ་འོངས་པ་ཡོད་དམ་སྙམ་པ་ལ། དེ་ཡང་རང་གི་ངོ་བོ་མ་གྲུབ་པ་དང། འབྲས་བུའི་རྟགས་དོན་དམ་པར་མ་གྲུབ་པས་དོན་དམ་པར་རང་བཞིན་ཐམས་ཅད་མེད་དོ། །འོ་ན་འདས་པའི་སེམས ་དོན་དམ་པར་ཡོད་དམ་སྙམ་པ་ལ། འདས་རྒྱུ་དོན་དམ་པར་མེད་ན་ཅི་ཞིག་འདས་པ་འམ་མ་འོངས་པ་ཞེས་བྱ་བ་འམ། དེ་ལྟ་མ་ཡིན་ན་མོ་ཤམ་གྱི་བུ་ལ་ཡང་ཤི་བ་ཡོད་པར་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་ད་ལྟར་བྱུང་བའི་སེམས ་ཡང་དག་པར་མི་དམིགས་ན་དེ་ལ་བལྟོས་པའི་མ་འོངས་པ་དང་འདས་པ་ག་ལ་དམིགས། དེ་སྐད་དུ། འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཀྱང། འོད་སྲུངས་སེམས་ནི་ཡོངས་སུ་བརྩལ་ནས་མི་རྙེད་དོ། །གང་མི་རྙེད་པ་དེ་མི ་དམིགས་སོ། །གང་མི་དམིགས་པ་དེ་འདས་པ་ཡང་མ་ཡིན་མ་འོངས་པ་ཡང་མ་ཡིན་དེ་ལྟར་བྱུང་བ་ཡང་མ་ཡིན་ཞེས་ཟེར་རོ། །འཕགས་པ་མ་སྐྱེས་དགྲའི་མདོ་ལས་ཀྱང། དེ་ནས་སྤྲུལ་པའི་སྐྱེས་བུ་དེས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང། བཅོམ ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཕ་མའི་སྲོག་བཅད་ན། བཅོམ་ལྡན་འདས་བདག་ལ་སྐྱབས་མཛད་པར་གསོལ། ། ་བདག་གིས་ང་ཅི་བགྱིད། དེ་ན་བཅོམ་ལྡན་འདས་ཀྱི་སྤྲུལ་པའི་སྐྱེས་བུ་དེ་ལ་ལེགས་སོ་བྱ་བ་བྱིན་ནས་ལེགས་སོ་ལེགས་སོ། །ཀྱེ་སྐྱེས་བུ་ཁྱོད་ནི་བདེན་པར་སྨྲས་ཡང་དག་པར་སྨྲ་བ། ཇི་ལྟར་བྱས་པ་དེ་བཞིན་དུ་སྨྲ་བའོ། །གང་ཁྱོད་ནི་དེ་བཞིན ་གཤེགས་པའི་སྤྱན་སྔར་བདེན་པའི་ཚིག་སྨྲ་བ་སྟེ། མི་སླུ་བ་ཡིན་མོད་ཀྱི། སྐྱེས་བུ་ཁྱོད་སེམས་ཀྱི་རྒྱུད་ལ་རྟོགས་ཤིག་།ཁྱོད་ཀྱི་འོངས་པས་སམ། མ་འོངས་པས་སམ། ད་ལྟར་གྱིས་སམ། སེམས་གང་གིས་ཕ་མའི་སྲོག་གཅད། འདས་པའི ་སེམས་ཟད་པ་བྲལ་བ་འགགས་པས་གཞན་དུ་གྱུར་པ་སྟེ། ཡུལ་ནའང་མི་གནས་ཕྱོགས་ན་ཡང་མི་གནས་པས་དེའི་གདགས་སུ་མི་ནུས་སོ། །མ་འོངས་པ་ན་མ་ཕྱིན་པ་སྟེ། དེ་ནི་མ་སྐྱེས་པ་མ་བྱུང་བ། ཡང་དག་པར་མ་བྱུང་བ། མ་གྱུར་པ་རྣམ ་པར་མ་གྱུར་པ། མཚན་མ་མེད་པ། མ་བྱུང་བ་སྟེ། དེ་ཡང་གདགས?་སུ་མི་ནུས་སོ། །ད་ལྟར་གྱི་སེམས་ནི་གནས་པ་མེད་པ་སྟེ། སྐྱེས་ནས་ཞིག་ཅིང་དེངས་པར་གྱུར་པ། ཕུང་པོར་མ་གྱུར་བ། བསགས་པར་མ་གྱུར་པའོ། །ང་ལ་འགྲོ་བ་དང་འོང་བར་གདགས ་བ་ཡང་མེད་ཀྱི་སྐྱེས་བུ་སེམས་ནི་ནང་གི་ལུས་ལ་ཡང་མི་འཇུག་།ཕྱི་རོལ་གྱི་ཡུལ་ལ་ཡང་མི་རྒྱུ། གཉི་ག་མེད་པར་ཡང་མི་དམིགས་སོ། །ཀྱེ་སྐྱེས་བུ་སེམས་ནི་སྔོན་པོ་མ་ཡིན། སེར་པོ་མ་ཡིན། དམར་པོ་མ་ཡིན། དཀར་པོ་མ་ཡིན་ཇ་གོ་མ ་ནི་གཤེལ་གྱི་ཁ་དོག་མ་ཡིན་ནོ། །ཀྱེ་སྐྱེས་བུ་སེམས་ནི་གཟུགས་མེད། བསྟན་དུ་མེད། གཟུང་དུ་མེད། ཐགས་པ་མེད། སྒྱུ་མ་ལྟ་བུ་དཔེ་མེད་པ་སྟེ། དེ་ཡང་གདགས་མ་ནུས་སོ། །ཀྱེ་སྐྱེས་བུ་སེམས་ནི་འདོད་མི་ཆགས་ཞེ་མི་སྡང། གཏི་མི་མུག ་གོ་།ཀྱེ་སྐྱེས་བུ་སེམས་ནི་མངོན་པར་འདུ་མི་བྱེད། བྱེད་པ་མེད། ཚོར་བ་མེད། སེམས་པ་མེད། མྱོང་བར་བྱེད་པ་མེད་དོ། །ཀྱེ་སྐྱེས་བུ་སེམས་ནི་རང་བཞིན་གྱི་དང་བ་ཡིན་ཏེ། དེ་ནི་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །ཀྱེ་སྐྱེས་བུ་སེམས་ནི་ཚེ ་འདི་ལ་ཡང་མེད། ཚེ་རབས་གཞན་ན་ཡང་མེད། གཉིས་ཀ་མེད་པར་ཡང་མེད་དོ། །དེ་ན་ཡང་མེད། གཞན་ན་ཡང་མེད་པ། ནམ་མཁའ་དང་མཚུངས་པ་མི་མཉམ་པ་དང་མཉམ་པ་མི་དྲ་བ། རྣམ་པར་རིག་པར་མི་འགྱུར་བ་སྟེ། དེ་ལ་མཁས་པས་མངོན ་པར་ཆགས་པར་མི་བྱའོ། །བདག་གིར་མི་བྱའོ། །རྟེན་པར་མི་བྱའོ། །གནས་པར་མི་བྱའོ། །བདག་ཏུ་བསམ་པར་མི་བྱའོ། །བདག་གིར་བསམ་པར་མི་བྱའོ།།ཀྱེ་སྐྱེས་བུ་དག་ཆོས་ཐམས་ཅད་ནི་རང་བཞིན་གྱི་ནུས་པ་མེད་པའོ།།ཀྱེ་སྐྱེས་བུ་དག་དེ་ནི་དེ ་ལྟར་མོས་པ་ལ། ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བའམ། ངན་སོང་དུ་འགྲོ་བའམ། མཐོ་རིས་སུ་འགྲོ་བར་མི་སྨྲའོ། དེ་ཅིའི་ཕྱིར་ཞེ་ན། གང་སེམས་ཀྱི་ཆོས་ཉིད་ཀུན་ནས་ཉོན་མོངས་པར་མི་འགྱུར། རྣམ་པར་བྱང་བར་མི་འགྱུར། ་གང་དུ་ཡང་འགྲོ་བར་མི་འགྱུར། འོང་བར་མི་འགྱུར་རོ་།འདུག་པར་མི་འགྱུར་རོ། །ཞེས་གསུངས་སོ། །ཡང་མདོ་དེ་ཉིད་ལས་རྒྱལ་པོས་གསོལ་བ། འཇམ་དཔལ་བདག་གི་སྒྲིབ་པ་ཐམས་ཅད་བྱང་ལགས་སོ། །དེ་ཅིའི་སླད་དུ་ཞེ ་ན། གང་སེམས་ཀྱི་རང་བཞིན་ཡ་ནས་དང་བ་དེ་ནི་འདོད་ཆགས་སམ། ཞེ་སྡང་ངམ། གཏི་མུག་གིས་ཀུན་ནས་ཉོན་མོངས་པར་བགྱི་མི་ནུས་སོ། །སྨྲས་པ། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་རྡུལ་ཕྲན་ནམ། རྡུལ ་ལམ་ན།?་དུ་བའམ། མུན་པ་འམ། སྡུགས་པོ་འམ། སྤྲིན་དག་སྣང་མོད་ཀྱི་ནམ་མཁའ་ནི་དེ་དག་གིས་ཀུན་ནས་ཉོན་མོངས་པར་བྱས་པ་མེད་དོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་བདག་དང། བདག་གིར་བྱ་བའི་ལྔ་པའི་བག་ལ་ཉལ་བ་ ་དང། འདོད་ཆགས་དང། ཞེ་སྡང་དང། གཏི་མུག་འབྱུང་མོད་ཀྱི་སེམས་ཀྱི་ཆོས་ཉིད་ཀུན་ནས་ཉོན་མོངས་པར་མི་བྱེད་དོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱི་དེ་ལྟར་འགྱོད་པར་མི་བྱའོ། །རྒྱལ་པོ་ཆེན་པོ་སེམས་ནི་ཐོག་མའི ་མཛའ་ནས་ཀྱང་མ་འཕོས། རྒྱལ་པོ་ཆེན་པོ་སེམས་ནི་ཐ་མའི་མཐར་ཡང་མི་འཕོའོ། །རྒྱལ་པོ་ཆེན་པོ་སེམས་ནི་ད་ལྟར་ཡང་མི་གནས་སོ། །དེ་ལ་མཁས་པ་དག་ནི་ཆོས་ཐམས་ཅད་མ་འབོས་པ་མི་འཕོ་བ་མི་གནས་པར་རྟོག་སྟེ ་དེ་ལྟར་ཤེས་ནས་ལྟ་བ་ལ་མངོན་པར་ཆགས་པར་ཡང་མི་བྱེད་དོ། །རྒྱལ་པོ་ཆེན་པོ་མངོན་མ་ཆགས་ན་དག་པའོ། ཞེས་གསུངས་སོ། །དེ་ལྟར་རིགས་པ་དང་ལུང་གིས་ཉིན་མཚན་ཁ་ཅིག་ཏུ་ངེས་པ་ཆེར་སྐྱེས་པ་དང་མཚན ་མོ་མི་བསྒོམ་ལ་ཉིན་པར་རྩོལ་པ་དྲག་ལ་ཡུན་ཐུང་བར་བསྒོམ་མོ། །འདི་ལྟར་ལུས་ཀྱི་བཅོས་པ་ཙམ་བྱས་ནས་སེམས་ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་དང་བྲལ་བར་བསམས་ལ་བགས་ཀྱིས་འདུག་ན་དེ་ལ་ཡང་མི ་གནས་པར་ཤིན་ཏུ་བསྒྲིམས་ལ་དང་པོ་གནས་པར་བྱེད་པའི་ཡུན་ཙམ་དུ་བསྒོམ་པ་སྟེ། ཉི་མ་དང་པོ་སྔ་དྲོ་ཐུན་གཉིས། ཕྱི་དྲོ་གཉིས། གཉིས་པ་ལ་སྔ་དྲོ་གསུམ་ཕྱི་དྲོ་གསུམ། གསུམ་པ་ལ་སྔ་དྲོ་བཞི་ཕྱི་དྲོ་བཞི། ་ལྔ་པ་ལ་སྔ་དྲོ་ལྔ་ཕྱི་དྲོ་ལྔ། དེ་ནས་འཕར་སྐྱེད་མཐོན་གྱི་བར་དུ་བཅུ་བཅུ་ལས་མི་བསྒོམ། དེ་ལྟར་བསྒོམ་པས་སྐྱེད་དང་པོར་བྱུང་བའི་སེམས་དང། གཉིས་པ་དང། གསུམ་པ་དང། བཞི་པའོ། །དེའི་སྐབས་སུ་ཉིན་པར ་གཉིས་མཚན་མོ་སྲོད་ལ་གཅིག་སྟེ། གསུམ་དུ་བསྒོམ་མོ། །དེ་ལ་དང་པོ་ནི་རྒོད་པ་རྒྱུན་ཆད་པས་ཤིན་ཏུ་ཞི་སྟེ། སྔར་དབུགས་ལ་བལྟས་ན་བགས་ཀྱི་འགུལ་བ་དེ་ཡང་མེད་པ་དང་རྩོལ་བ་གློད་ཀྱང་སྔར་གྱི་སྟོབས་ཀྱིས་ཡུན་གོ ་པ་ཐ་མལ་པས་མངལ་རྒྱད་ལྔ་ཙམ་དུ་བྱིང་བ་མེད་པ་དང། སྔར་རྒོད་པ་ལ་ཤིན་ཏུ་སྐྱོན་ཆེ་བར་བརྟགས་པའི་སྟོབས་ཀྱི་འཛིན་ཆེ་ཞིང་ཞི་གནས་ཤས་ཆེ་བས་མཚན་མུན་དུ་འདུག་པ་དང། ལུས་ཇི་ལྟར་འཇུག་པ་མ་ཤེས་ཀྱང ་སྔར་བསྒྲིམ་པའི་སྟོབས་ཀྱི་ཏིང་ངེ་འཛིན་ལས་ལྡང་བར་བཙམས་ན་རྩུབ་ཤིང་བསྡམས་པ་སྙམ་བྱེད་ཅིང་གཤིགས་པར་དཀའ་བ་ལྟ་བུར་འདུག་པའོ། །གཉིས་པ་ནི་དང་པོའི་སྐབས་དེར་འཕྲོ་བ་མེད་ཀྱང་བགས་ཀྱིས་མི་གསལ་ཞིང་གཞུག་ལ ་བྱིང་བར་དོགས་པ་ཡང་རེས་འགའ་འབྱུང་བས་དེས་ན་ལངས་པའི་སྐབས་སུ་ཡང་ལྷག་མཐོང་གི་ཤས་བསྐྱེད་དོ། །སྙམ་པའི་སེམས་འབྱུང་བ་དང། མཉམ་པར་བཞག་པའི་གནས་སྐབས་ན་ཡང་བག་གསལ་བའི་སྟོབས་བསྐྱེད་པ་དེས ་སྐབས་སུ་སྤྲིན་བར་གྱི་ཉི་མ་བཞིན་དུ་སེལ་སེལ་བསྐྱེད་དོ། །དེའི་སྟོབས་ཀྱི་མཚན་མོ་བསྒོམས་ཀྱང་ནམ་ལངས་སམ། སྙམ་ནས་མིག་ཕྱེ་ནས་ལྟེ་བ་འབྱུང་ངོ། །ལྡང་བར་བསམས་ཙམ་ན་ལུས་བསྡམས་པ་བཞིན་དུ་འདུག་སྟེ། འོན་ཀྱང་རྩུབ་པ ་དང་ཞི་གནས་འཇམ་པ་དང། སྣུམ་པ་སྙམ་བྱེད་པ་སྟེ། ཁྱད་པར་ཁ་ཅིག་ནི་སྔ་མ་བཞིན་ནོ། །གསུམ་པ་ནི་གསལ་བ་དེ་རྟག་པར་འབྱུང་སྟེ། འོན་ཀྱང་དཔེར་ན་མར་མ་འཆི་བ་མ་རླུང་མེད་ཀྱང་རང་ཤུགས་ཀྱི་གཡོ་བ་བཞིན་དུ་གཡོ་ཞིང་དོགས ་པ་བསྐྱེད་དེ། ཁྱད་པར་ཁ་ཅིག་སྔ་མ་བཞིན་ནོ། །བཞི་པ་ནི་སྔར་ཧ་ཅང་གསལ་བས་སྐབས་སྐབས་སུ་གཡོ་བ་དེ་ལ་སྐྱོན་དུ་བལྟས་པས་དམིགས་པའི་ཁྱད་པར་དཔེར་ན་ཞ་ཉེ་དཀར་པོ་འམ། དངུལ་ལྕགས་ཀྱི་སྣོད་བྱང་མའི་འོག་ཏུ ་ཆུ་གཙང་མས་བཀང་ནས་མི་གཡོ་བར་འདུག་པ་བཞིན་དུ་ཤེས་པ་དང། ཤེས་བྱ་བྱེ་བྲག་མང་པར་ཤིན་ཏུ་གདང་ལ་མ་གཡོ་ཞིང་ཡངས་ལ། གཟུང་རྒྱུ་འམ། སྔར་རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་ལ། ད་ལྟར་རྟོག་པའི་སེམས་དེ་ཡང ་འདི་ཙམ་ནས་སྐྱེ་བ་འམ། འདི་ཅི་ལ་དམིགས་མི་ཤེས་ཏེ། ཇི་ལྟ་ཡང་རྟོག་མི་ནུས་པས་ཐ་མི་དད?་དེ་རོ་གཅིག་གོ་།དེའི་སྟོབས་ཀྱིས་སེམས་དྲངས་ལ་བརྟན་ཞིང་ངེས་པས་ཐེ་ཚོམ་མི་སྐྱེ་ལ་ཡངས་པའོ། །ལུས ་མེད་པའི་སྟོབས་ཀྱིས་རེག་བྱ་འཇམ་ལ་ཡང་སྟེ། མི་མཐོ་མི་དམའ་ཞིང་ཡངས་པར་འདུག་ཀྱང་གཡང་ཟ་བ་མེད་ཅིང་བགོས་བུར་མ་ཆད་ལ་བལྟས་ཀྱང་ཁ་གང་ལྟར་བལྟས་ནས་སྒོམ་པ་ཡང་མི་ཤས་ཏེ། དེ་བས་ན་ལྡང་བར ་བསམས་ན་ཡང་ལྡང་བར་དཀའ་ལ་སྟོབས་བསྐྱེད་ནས་ལངས་ན་ལུས་གློ་བུར་དུ་བྱུང་བ་སྙམ་བྱེད་པའོ། །ཁྱད་པར་ཁ་ཅིག་ནི་སྔ་མ་བཞིན་ནོ། །བཞི་པ་དེ་ནི་རེ་ཞིག་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་རྗེས་སུ་དཔག་པའི་སྒོ་ནས ་སེམས་མཉམ་པར་བཞག་པ་ཞེས་བྱའོ། །དེ་སྐད་དུ། འཕགས་པ་ཆོས་ཀུན་འགྲོ་བ་ལས། ལྷའི་བུ་བཟང་སེམས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མཉམ་པར་བཞག་པ་ཞེས་བགྱི། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་ནམ་བྱང་ཆུབ་སེམས་དཔས་ཡིད་ཀྱི་སྨོན་པ་ཐམས་ཅད་དང་བྲལ་ཞིང་ཆོས་གང་ལ་ཡང་བཟུང་བར་རམ། སྤང་བར་ཡང་དག་པར་རྗེས་སུ་མ་མཐོང་ལ། དེ་གང་དང་གང་ཡང་དག་པར་རྗེས་སུ་མ་མཐོང ་བ་དེ་དང་དེ་སྟོང་པ་དང་ཡང་དག་པ་མ་ཡིན་པར་མཐོང་བའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་མཉམ་པར་བཞག་པ་ཞེས་བྱའོ། །ཞེས་གསུངས་སོ། །ཡུལ་འཁོར་སྐྱོང་གི་ཞུས་པ་ལས་ཀྱང། དོན་དམ་དེ་ནི་ཐ་དད་མ་ཡིན་ཏེ། ་ཀུན་ཏུ་རོ་གཅིག་མཚན་ཉིད་སངས་རྒྱས་གསུངས། །དེ་ལ་གང་རྣམས་ཐ་དད་ཀུན་རྟོག་པ། །དེ་དག་ང་རྒྱལ་གནས་པ་རྨོངས་པ་ཡིན་ཞེས་གསུངས་སོ། །འཕགས་པ་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ལས་ཀྱང། དགེ ་སློང་ཆོས་ཐམས་ཅད་ནི་དང་པོ་མི་དམིགས་པའི་ཕྱིར་ཡངས་པའོ། །དགེ་སློང་ཆོས་ཐམས་ཅད་ནི་ཅི་ལས་ཀྱང་དབེན་པའི་ཕྱིར་ཅི་ཡང་མ་ཡིན་པའོ། །དགེ་སློང་ཆོས་ཐམས་ཅད་ནི་ནམ་མཁའ་ཨི་ལུས་དང་ཆ་བབ་སྟོང་བ་དང་འདྲ ་བའི་ཕྱིར་གཟུང་དུ་མེད་པའོ། །ཞེས་གསུངས་སོ། །འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང། འདུ་ཤེས་རབ་ཏུ་རྒྱུ་བ་མེད། ལྟ་བ་ལོག་པ་ཅུང་ཟད་ནས། བློ་ཡང་ཤིན་ཏུ་གཏན་ལ་ཕབ། །བརྟན་པ་ནམ་མཁའ་འདྲ་བར ་སྤྱོད་ཅེས་གསུངས་སོ། །ཚོགས་བསྟན་ཁམས་གསོ་སེམས་ལ་བརྟག་།རྩོལ་དྲག་ཐུན་ཐུང་རྫོ་མེད་བསྒོམ། །དེ་ཡི་གསལ་བསྐྱེད་རིམ་པ་བཞི། །བཞི་པའི་ལུང་ནི་བཞི་ཡིས་བསྟན། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད ་པའོ། །གསལ་བའི་སྐྱེད་དབྱུང་བའི་ཐབས་བསྟན་ཟིན་ཏོ། །དེ་ལ་ཐུན་རིང་བའི་སྐྱེད་དབྱུང་བ་གང་ཞེ་ན། གསལ་བའི་སྐྱེད་ཐོན་ཅིང་མ་ཉམས་པ་ལ་ཐུན་སྲིན་བའི་སྐྱེད་གདོན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅུང་ཟད་གནས ་པ་དང། ལུས་ཅུང་ཟད་བདེ་ཙམ་གྱིས་ཡུན་རིང་པོར་བསྒོམ་མ། །བསམས་ཀྱང་བསྒོམ་པས་ཉིན་མཚན་འདའ་བའ་ཨི་སྐབས་མེད་པར་ལུས་གཟེར་བ་དང། སེམས་རྨུགས་པ་དང། གཉིད་ཀྱིས་ནོན་པར་འགྱུར་ཞིང་མི་གསལ་བ ་དང། སྙིང་རླུང་ལྡང་ཞིང་འཇུག་པ་དང། རླུང་ཁྲག་གཉིས་ཀ་སྐྱེ་ཞིང་སྡུག་བསྔལ་མྱོང་བར་འགྱུར་ཏེ། དཔེར་ན་རླུང་ཆུང་ཟད་འགྲོ་ནུས་པ་ཙམ་གྱི་གྱེམ?་ཐུར་གཟུག་པ་ལ་ཉིན་རངས་མགོ་བར་བསམས་ཀྱང་འགྲོས་དེར་མ་ཕྱིན ་པར་ལུས་ལ་མི་བདེ་བ་དང་སེམས་ལ་གནོད་པ་འབྱུང་བ་བཞིན་ནོ། །དེ་བས་ན་གསལ་བའི་སྐྱེད་ཐོན་པའི་སྐབས་དེ་ཁོ་ནར་ཁམས་ཀྱི་མི་བདེ་བ་མེད་ཀྱང་ཉིན་མཚན་གཉིས་ཙམ་བསྒོམ་པ་ཡང་བཞག་ལ། སོས་དལ་པར་འདུག་གོ་། ་དེ་ནས་རེ་ཞིག་མཚན་མོ་ཉལ་བ་དང་འཕྲེས་པ་དང། གཉིད་ཀྱི་ནུས་པ་རྟས་སུ་གཞུག་ཅིང་ཉིན་འབའ་ཞིག་ལ་ཐུན་རིང་བར་བསྒོམ་པ་ལ་བསླབ་སྟེ། ཉི་མ་དང་པོ་ལ་ཐུན་གསུམ་བསྒོམས་པས། ཉིན་པར ་ལ་བཞིར་བཅད་པའི་ཆ་གཅིག་འདས་པའི་ཚོད་ཙམ་ཞིག་བསྒོམ་མོ། །ཉི་མ་གཉིས་པ་ལ་ཐུན་གསུམ་བསྒོམས་པས་གསུམ་དུ་བཅད་པའི་ཆ་གཅིག་འདས་པ་དང་ཉི་མ་གསུམ་པ་ལ་ཐུན་གསུམ་བསྒོམ་པས་ཉིན་པར་གྱི ་ཕྱེད་ལྷག་འདས་པ་ཙམ་ཞིག་བསྒོམ་མོ། །ཉི་མ་བཞི་པ་ལ་ཐུན་གསུམ་བསྒོམས་པས་ཉིན་གྱིས་སུམ་གཉིས་ལྷག་འདས་པ་ཙམ་ཞིག་བསྒོམ་མོ། །ཉི་མ་ལྔ་པ་ལ་ཐུན་གསུམ་བསྒོམས་པས་ཉིན་པར་ལ་གཞི་ཆར་བཅང་པའི ་ཆ་གསུམ་ལྷག་འདས་པ་ཙམ་ཞིག་བསྒོམ་མོ། །ཉི་མ་དྲུག་པ་ལ་ཐུན་གསུམ་བསྒོམས་པས་ཉིན་རངས་པ་ལ་ཟས་ཟ་བ་དང། སྤྱོད་ལམ་བཅོས་པ་མ་རྟོགས་པ་བསྒོམས་པས་དུས་འདའ་བར་བྱའོ། །ཉི་མ་བདུན་པ་ལ་དེ་དག ་མ་གཏོགས་པ་ཟས་ཀྱི་གོང་དུ་ཐུན་གཅིག་།ཟས་ཟོས་ནས་ཐུན་གཅིག་སྟེ་གཉིས་ཀྱིས་ཉི་མ་རངས་པར་འདའ་བར་བྱའོ། །དེ་ལ་སྤྱོད་ལམ་ནི་བསྟན་ཤིན་ཏུ་འབོལ་ཞིང་འཇམ་པ་གཉིས་སམ་གསུམ་ཕ་ཚད་ཆུ་ཆེད ་དུ་བཏིང་ལ་གང་བདེ་བར་སྤོང་ཞིང་བསྒོམ་སྟེ། དེའི་སྟེང་དུ་དང་པོ་སྐྱིལ་མོ་ཀྲུང་བཅས་ལ་བསྒོམ་མོ། །དེ་ནས་ཅུང་ཞིག་ལོན་པ་དང། སེམས་རྨུགས་པ་དང། གཉིད་ཀྱིས་ནོན་པ་དང་ལུས་ལ་མི་བདེ་བ་བྱུང་ན་རྐང་པ་ཡ་ཅིག ་བརྐྱང་བ་འམ། གཉིས་ཀ་བརྐྱང་བ་འམ། གློ་གཡས་པས་སྙེས་པ་འམ། གཡོན་པས་སྙེས་པ་འམ། ཡུད་ཙམ་ཞིག་གན་རྐྱལ་དུ་བདུག་པ་འམ། མདོར་ན་སྤྱོད་ལམ་ཕྱོགས་རེ་བསྒྱུར་བས་ལུས་ལ་གནོད་པ་དང། སེམས་ལ ་གནོད་པ་སྤོང་བར་འགྱུར། དེ་ལྟར་བྱས་ཀྱང་རྨུགས་པ་དང་གཉིད་ཤས་ཆེ་ན་དལ་བུས་ལངས་ལ་འཆགས་དཀྱུས་རིང་ཞིང་ཞེང་ཧ་ཅང་ཆེ་མི་ཆེ་བར་བྱས་པའི་ས་ཕྱོགས་སུ་ཕར་འགྲོ་བ་དང། ཚུར་འོང་བ་ལན་གཉིས་གསུམ་བཞི་ཙམ ་བཅགས་ལ་ཡང་འདུག་པར་བྱ་སྟེ། དེ་ཀུན་ལ་དམིགས་པ་མི་བཏང་ངོ། །དེ་ཡང་གང་ལྟར་བསྒྱུར་ཀྱང་ལུས་ལ་འཇམ་པ་ལ་སོགས་པ་ཤིན་ཏུ་སྦྱངས་པའི་ཤས་ཆེ་ཆུང་ཡོད་ཀྱང་ཀུན་ལ་མེད་པ་མ་སྲིད་ན། དེ་ལྟར་བསྒོམ་པ་ཡིན་གྱི ་མེད་ན་ངལ་གསོ་དགོས་སོ། །སེམས་རྒོད་ན་རྣམ་པ་ལ་མི་སྤྱད་མར་སེམས་ལ་དཔྱད་ན་དེ་ཞི་བར་འགྱུར་ཏེ། གཟུགས་འགགས་ན་གཟུགས་བརྙན་འགག་པ་བཞིན་ནོ། །དེ་བས་ན་དེ་ལ་ཧ་ཅང་མི་འཇིགས་པར་བྱ། བག་གློད་འདི ་སྙམ་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལོ་བཞི་ཁྲིར་ཡང་སྤྱོད་ལམ་མ་བསྒྱུར། གོས་མ་སྤོས་པར་མཉམ་པར་བཞག་པ་གསུངས་ན་བདག་གིས་ནི་ཉིན་མཚན་རེ་རེ་ཡང་མཉམ་པར་འཇོག་མི་ནུས་པ་འཁོར་བ་ཐོག་མ་མང་པ་ནས ་ལུས་དྲངས་མེད་པ་ནས་ལུས་དྲངས་མེད་པ་གཅིག་འདས་ཀྱང་དོན་མེད་པར་འགྱུར་ལ་ད་ལྟར་ཡང་མོས་པ་ཆུང་ཞིང་གཉུགས་ཐུང་བ་འདིས་མ་འོངས་པ་ན་ཡང་འདི་འདྲ་བར་འགྱུར་བས་ན་བདག་གི་དོན་ཀྱང་མི་འགྲུབ་ན། གཞན ་གྱི་དོན་ལྟ་ག་ལ་འགྲུབ། དེ་བས་ན་བདག་གི་ཉི་མ་རངས་མཉམ་པར་བཞག་སྟེ། སྤྱོད་ལམ་འདིས་གནས་པར་བྱའོ་སྙམ་དུ་བསམ་མོ། །མདོར་ན་ཡུན་རིང་བར་འཛིན་པར་ཆུད་དུ་འགྲོ་ལ་ཐུན་གཞུག་ལ་ཏིང་ངེ་འཛིན་ལས་ལྡང་དགོས ་པ་དང། གཏང་རྒྱུ་གཅིག་ཡོད་ན་དེ་ལྟར་བསྒོམ་མོ། །གཏང་རྒྱུ་མེད་པར་སངས་ནས་འདུག་ན་བསྒོམས་ཀྱང་ཕན་མེད་ལ་གནོད་པ་སྐྱེ་བས་ངལ་གསོའོ། །དེ་ལྟར་ཉིན་པར་ཐུན་གཉིས་ཀྱི་ཉི་མ་འདའ་བར་ནུས་ནས་མཚན་མོ་ལ་སློབ་པར་བྱ་སྟེ། ་ཉིན་པར་བཏང་སྙོམས་སུ་བཞག་ལ་ཕྱི་དྲོ་རླུང་གི་དུས་སུ་གཉིད་བག་རེ་ལོག་ནས་མཚན་མོ་བསྟན་བདེ་བ་གཉིས་གསུམ་ཡང་བཏིང་ལ། ཡང་ཡང་བྱིད་སྟེ་འགྲོ་ན་འཆགས་བདེ་བར་བཅས་བྱས་ལ། གོས ་དང་ལྷམ་དྲོ་བར་བྱས་ལ་ངལ་བུས་འགྲོ་དང་ལྡོག་པ་དྲན་པ་དང། ཤེས་བཞིན་གྱི་ཟིན་པར་བྱ་ཞིང་བསྒོམ་མོ། །ངལ་གསོ་དགོས་པ་དང་བསམ་པ་ཡང་སྔ་མ་བཞིན་ནོ། །བྱེ་བྲག་ནི་རྒྱུ་སྐར་ལ་ཚོད་དཔག་ཅིང་ཞག་བརྒྱད་ཀྱི་མཚན་མོ་འདའ་ ་ནུས་པར་བྱའོ། །དེ་ལྟར་བསླབས་ལས་ཉིན་མཚན་གང་ཡང་རུང་བ་གཅིག་བཏང་སྙོམས་སུ་བཞག་ལ་གཅིག་རངས་པ་བསྒོམས་པས་འདའ་བར་ནུས་ཤིང་ལུས་བདེ་བ་དང་སེམས་དགའ་བ་དང་བཅས་པར་འདུག་ན་དེ་ཙམ་གྱིས་རེ ་ཞིག་ཐུན་རིང་བ་ལོགས་པ་ཡིན་ན། །ཐུན་སྲིད་བའི་ཚད་དང་ནི། ཉིན་མཚན་རེ་མོས་བསླབ་པ་དང། གོ་རིམས་སྤྱོད་ལམ་བསམ་པ་དང། ཚད་དུ་ཕྱིན་པས་བསྡུས་པ་ཡིན། ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ།། །། ་དེ་ནས་བསྒོམ་པ་གཅིག་པུ་མི་བྱ་བར་སྔོན་དུ་འགྲོ་བ་དང་ལྡང་བའི་སེམས་སུ་བཅས་པ་ཉིན་པར་གཉིས་མཚན་མོ་གཉིས་ལས་མི་མང་བར་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པར་བྱ་སྟེ། སྔར་བསྟན་པ་བཞིན་ནོ་དེ་ལ་ལོག ་བར་རྟོག་པའི་གཞུང་ཉིད་གང་ཞེ་ན། གཉིས་ཏེ། ཐབས་ལ་ལོག་པར་རྟོག་པ་དང། ཤེས་རབ་ལ་ལོག་པར་རྟོག་པའོ། །དེ་ལ་ཐབས་ལ་ལོག་པར་རྟོག་པ་ནི་འདི་ནི་ཁ་ཅིག་ཕན་ཡོན་ཤེས་པ་ཙམ་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད ་ནས་སྨོན་ལམ་འདེབས་པར་བྱེད་ཀྱང་བདག་གི་དོན་ཙམ་སྒྲུབས་པ་ཉན་ཐོས་ཀྱི་དབང་དུ་བྱས་ནས་སློབ་དཔོན་ཐོགས་མེད་ཀྱིས་གནས་ལ་དད་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལས་དེ་བཞིན་གཤེགས་པས་གསུངས་པའི་ཆོས ་འདུལ་བ་ལ་དད་པ་དང་སེམས་དང་བ་ཡིན་ཏེ། དེ་ནི་གནས་ལ་དད་པར་གྱུར་པ་ཞེས་བྱའོ། །དེ་ལ་གནས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་བྱ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀར ་པོའི་ཆོས་ཐམས་ཅད་ནི་སྐྱེ་བའི་གནས་ཡིན་པའི་ཕྱིར་རོ། །དེ་སྔོན་དུ་དྲངས་པའི་དབང་གིས་དེ་ལ་དད་པ་གང་ཡིན་པ་དེ་ནི་གནས་ལ་དད་པར་གྱུར་པ་ཡིན་ཏེ། ཉོན་མོངས་པའི་དྲི་མ་དང་རྙོག་པ་ཐམས་ཅད་བསལ་བར་གྱུར་པའི་ཕྱིར་རོ ་ཞེས་གསུངས་པ་ལ་བརྟེན་ནས་འདུལ་བ་ཁོ་ནས་བྱང་ཆུབ་ཆེན་པོ་ཐོབ་པོ་ཞེས་སྨྲ་ཞིང་ལྟ་ལ། བདག་ཉིད་ཀྱང་ཐེག་པ་ཆེན་པོའི་ཆོས་ཐོབ་པར་མི་དགའ་། གལ་ཏེ་ཐོས་ཀྱང་ལེགས་པར་མི་སེམས། སེམས་ཀྱང་བསྒོམ་པར་མི་བྱེད་ཅིང། ་གཞན་དག་ལ་ཞེ་སྡང་སྟེ། ཐེག་པ་ཆེན་པོའི་མདོ་སྡེའི་ཚུལ་དུ་ཞུགས་པ་རྣམས་ལ་ཡང་ཞེ་སྡང་སྟེ། བྱང་ཆུབ་སེམས་དཔའ་ལས་དང་པོ་བའི་བསླབ་པ་རྣམས་ལ་བསློབ་ལ། འདི་སྐད་ཅེས། བྱང་ཆུབ་སེམས་དཔའ་ཨི་བསླབ་པ་ཁོ་ན་འདུལ་བ་ཡིན་དེ ་ཁ་ནས་ཆོག་གོ་།གཞན་ལ་བསླབས་ན་འདུལ་བ་ལ་རྩིངས་ཏེ་འགྲོའོ་ཞེས་སྨྲ་ཞིང། ལྟ་བ་དེ་དག་གིས་བྱང་ཆུབ་ཆེན་པོ་ཐོབ་པར་མི་འགྱུར། ཟག་པ་ཟད་པར་མི་འགྱུར་ཏེ། དེ་སྐད་དུ། དེས་པ་དང་མ་ངེས་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས། དེ་ལ་ཕྱུགས་ཀྱི ་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། དཔེར་ན་སྐྱེས་བུ་ལ་ལ་ཞིག་སངས་རྒྱས་ཀྱི་ཞིང་ལྔའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདའ་བར་འདོད་ནས་དེ་ཕྱུགས་ཀྱི་ཤིང་རྟ་ལ་ཞོན་ཏེ་ལམ་དུ་ཞུག་ནས་ཡུན་རིང་ཞིག་ལོན་ནས་དཔག་ཚད ་བརྒྱད་ཕྱིན་པ་ལས་དེ་རླུང་གི་དཀྱིལ་འཁོར་ཆེན་པོས་ཟློགས་ནས་དཔག་ཚད་བརྒྱད་བཅུར་དེད་དེ། ཕྱིར་ཕུལ་ན་སྐྱེས་བུ་དེ་ཕྱུགས་ཀྱི་ཤིང་རྟས་འཇིག་རྟེན་གྱི་ཁམས་དེ་དག་འདའ་འམ། བསྐལ་པ་ནས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བསྐལ་པར ་ཡང་འཇིག་རྟེན་གྱི་ཁམས་གཅིག་ཀྱང་འདའ་བར་ནུས་སམ། གསོལ་བ་བཅོམ་ལྡན་འདས་དེ་ནི་གནས་མ་ལགས་ཏེ། གོ་སྐབས་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་གསལ་ལ་ཞིག ་གིས་བྱང་ཆུབ་ཏུ་སེམས་བསྐྱེད་ལ། ཐེག་པ་ཆེན་པོ་མི་འཛིན་མི་སློབ། ཁ་ཏོན་དུ་མི་བྱེད། ཚུལ་བཞིན་ཡིད་ལ་མི་བྱེད་པར། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ལ་བརྟེན་ཅིང། དེ་དག་དང་ལྷན་ཅིག་ཏུ་བསྟེན་པར་བྱེད། ཉན་ཐོས་ཀྱི་ཐེག་པ་བཀློག་ཅིང་ཁ་ཏོན་བྱེད ་དཔྱོད་ཅིང་ཀུན་ཆུབ་པར་བྱེད་ལ་གཞན་ལ་ཡང་ཀློག་ཏུ་འཇུག་པ་ནས་ཀུན་ཆུབ་པའི་བར་དུ་བྱེད་ན། དེ་ནི་དས་ཤེས་རབ་རྟུལ་པོར་འགྱུར་ཏེ། དེ་བླ་ན་མེད་པའི་ཤེས་རབ་ཀྱི་ལམ་ལས་སླར་དྲངས་ནས་ཕྲ་ལྡོག་གོ་།བྱང་ཆུབ་སེམས་དཔའ་དེ་ན ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱི་དབང་པོ་དང་ཤེས་རབ་ཀྱི་མིག་གང་ཡིན་པ་དེ་ཡང་རྟུལ་པོར་གྱུར་ཅིང་ཉམས་པར་བྱེད་དེ། འདི་ནི་ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་ཨོ། །ཞེས་གསུངས་སོ། །དེ་བས་ན་ལེགས ་པར་གསུངས་པའི་ཆོས་འདུལ་བ་ནི་ཁས་ལེན་པའི་ཁྱད་པར་གྱི་བསླབ་པ་རྣམ་པ་གསུམ་ལས་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་ལ། སྡོམ་པ་གསུམ་ལས་སྡོམ་པའི་ཚུལ་ཁྲིམས་ཡིན་པའི་ཕྱིར་ཤིན་ཏུ་གུས་པས་བསྒྲུབ་དགོས་ལ། །དེ ་ཁོ་ནས་ཆོག་པ་ཡང་མ་ཡིན་ཏེ། དེ་སྐད་དུ། འཕགས་པ་དཀོན་མཆོག་སྤྲིན་ལས། རིགས་ཀྱི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་སེམས་དཔའ་ཨི་བསླབ་པའི་སྡོམ་པས་བསྡམས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔས ་འདི་ལྟར་སྤྱོད་དོ། །སོ་སོར་ཐར་པའི་སྡོམ་པ་ཙམ་གྱིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ཀྱི། དེ་བཞིན་གཤེགས་པས་གང་འདི་དག་ལས་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་དང། ་བྱང་ཆུབ་སེམས་དཔའ་ཨི་བསླབ་པའི་གནས་བཅས་པ་དེ་དག་ལ་བདག་གིས་བསློབ་པར་བྱའོ། །ཞེས་གསུངས་སོ། །དེ་ལ་ཤེས་རབ་ལ་ལོག་པར་རྟོགས་པ་ལ་ཡང་གཉིས་ཏེ། སྤྱི་དང་བྱེ་བྲག་གོ་།དེ་ལ་སྤྱི་ནི་འདི་ན་ཁ་ཅིག་སྟོང་པ་ཉིད་ཀྱི་རུང་ཆུས་དཀར ་ཕྱོགས་ཀྱི་མེ་གསོད་པར་བྱེད་དོ། །འདི་སྐད་དུ། མི་དགེ་བ་བཅུ་སྤང་པ་དང། དགེ་བ་བཅུའི་སྒྲུབ་པ་ནི་དངོས་པོ་ལ་མངོན་པར་ཞེན་པ་ཉན་ཐོས་རྣམས་ཀྱི་དབང་དུ་མཛད་ནས་གསུངས་པ་ཡིན་ཏེ། ཐེག་པ་ཆེན་པོ་ཟབ་མོའི་དོན་ཆོས་ཐམས་ཅད ་རང་བཞིན་མེད་པར་ཤེས་ན་ཅི་བྱས་ཀྱང་ཉེས་པར་མི་འགྱུར་རོ། །རབ་ཏུ་བྱུང་བ་ཡང་སྐྲ་བྲེགས་པ་ཙམ་ལ་ཟེར་བ་མ་ཡིན་ཏེ། སེམས་ཕྱོལ་ལེ་བ་ཞིག་དགོས་སོ། །དེ་བས་ན་རྟོགས་ན་སྲོག་གཅོད་པ་ལ་སོགས་པ་ཡང་སྒྲིབ་པར་མི་འགྱུར་ལ། མ་རྟོགས ་ན་གཉེན་པོ་ཡང་སྒྲིབ་པར་འགྱུར་ཏོ། །འཕགས་པ་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ལས་འདོད་ཆགས་སྒྲིབ་པ་ནས་ཤེས་རབ་སྒྲིབ་པའི་བར་དུ་གསུངས་སོ་ཞེས་ཟེར་བ་དེ་ནི་བདག་ཉིད་མི་མཐུན་པ་ཟིལ་གྱིས་མ་ནོན་པར་གཉེན་པོ་རླག ་པར་བྱེད་པས་ངན་འགྲོ་འབའ་ཞིག་གི་ལས་སོགས་པ་ལ་དེའི་རྗེས་སུ་སློབ་པ་ཡང་མི་དགེ་བ་སོགས་འཇུག་གོ་།དེ་སྐད་དུ། སློབ་དཔོན་ཀླུ་སྒྲུབ་ཀྱིས། དབུ་མའི་རྩ་བ་ལས། སྟོང་པ་ཉིད་ལ་བལྟ་ཉེས་ན། །ཤེས་རབ་ཆུང་ལྡན ་ཕུང་འགྱུར་ཏེ། །ཇི་ལྟར་སྤྲུལ་ལ་གཟུང་ཉེས་དང། །གསང་སྔགས་ལོག་པར་བསྒྲུབས་པ་བཞིན་ཞེས་གསུངས་པ་དང། །ཡང་རིགས་པ་དྲུག་ཅུ་པ་ལས། རྣམ་པར་དབེན་དོན་མི་ཤེས་པར། །ཐོས་པ་ཙམ་ལ་འཇུག་བྱེད་ཅིང། །གང ་དག་བསོད་རྣམས་མི་བྱེད་པ། །སྐྱེས་བུ་ཐ་ཤལ་དེ་དག་རླག་ཅེས་གསུངས་སོ། །འོན་ཏེ་ང་ཤེས་རབ་ཆེ་ལ་བསོད་ནམས་ཀྱང་བྱེད་པས་ཉོན་མོངས་པ་ལ་མི་འཛེམ་ཞེས་ཟེར་ན། དེ་ཡང་མི་རིགས་ཏེ། འཕགས་པས་བཅུ་པ་ལས་ཀྱང ་ས་གཉིས་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཚུལ་ཁྲིམས་རྣམ་པར་དག་ཅིང་ལྟུང་བ་ཕྲ་མོ་ལ་ཤེས་བཞིན་དུ་གནས་པ་ལ་བཞག་སྟེ། ས་ལ་གནས་པ་བས་ང་ཤེས་རབ་ཆེ་ཞེས་བྱ་བ་ནི་ཧ་ཅང་གཟུ ་ལུམས་ཆེས་སོ། །དེ་བས་ན་ཀུན་རྫོབ་ཏུ་གཉན་པོ་མ་སྐྱེས་པར་ཉོན་མོངས་པ་ལ་བཏང་སྙོམས་སུ་བཞག་ཀྱང་འཕེལ་བར་འགྱུར་ན་དང་དུ་བླངས་པ་ལྟ་སྨོས་ཀྱང་ཅི་དགོས། དེའི་ཕྱིར་ཉོན་མོངས་པ་རང་དགར་སྤྱོད་པས་བསླབ་པ་དང་བྲལ ་བདེན་ནི་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་མ་ཡིན་ཏེ། དེ་སྐད་དུ། འཕགས་པ་འཇམ་དཔལ་རྣམ་པར་རལ་པ་ལས། འཇམ་དཔལ་གྱིས་སྨྲས་པ། བུ་མོ་རབ་ཏུ་བྱུང་བ་ནི་ཚུལ་ཁྲིམས་ལ་རག་ལས་པ་ཡིན་ཏེ། ཚུལ་ཁྲིམས་འཆལ ་པ་ལ་ནི་རབ་ཏུ་བྱུང་བ་ཅི་ཡང་མེད་ཞེས་གསུངས་སོ། །ཡང་མདོ་སྡེ་དེ་ཉིད་ལས་གསུངས་པ། གང་བདག་ཉིད་ཀྱང་བསླབ་པ། ཚུལ་ཁྲིམས་ཡང་དག་པར་བླངས་ལ། ཚུལ་ཁྲིམས་འཆལ་བའི་སེམས་ཅན་རྣམས་ཀྱང་ཚུལ་ཁྲིམས ་ཀྱི་སྡོམ་པ་དང་བརྟུལ་ཞུགས་ལ་ཡང་དག་པར་སྦྱོར་བར་བྱེད་བ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་རབ་ཏུ་བྱུང་བ་ཡིན་ནོ་ཞེས་གསུངས་སོ། །དེ་བས་ན་སྟོང་པ་ཉིད་གོ་ཡང་ཉོན་མོངས་པས་ཕམ་པར་བྱས་པ་དེ་ནི་བྱང་ཆུབ་སེམས་དཔའ་མ་ཡིན་ཏེ། ་མདོ་དེ་ཉིད་ལས་བུ་མོས་སྨྲས་པ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་དགྲས་བཅོམ་པ་ད་ནི་དཔའ་ཞེས་མི་བགྱིའོ། །འཇམ་དཔལ་དེ་བཞིན་དུ་ཉོན་མོངས་པ་རྣམས་ཀྱིས་བཅོམ་པ་དེ་ཡང་བྱང་ཆུབ་སེམས་དཔའ་ཞེས་མི་བགྱིའོ་ཞེས ་གསུངས་སོ། །ཤེས་རབ་ཆེ་ཞིང་སྟོང་པ་ཉིད་རྟོགས་ནས་སྒོམ་པའི་ཕན་ཡོན་ནི་ཟླ་བའི་སྒྲོན་མའི་མདོ་ལས། དེ་ནི་བདེར་གཤེགས་རྣམས་ཀྱི་བསླབ་པ་གཞན་མི་འདོར། དཔའ་ཨོ?་དེ་ནི་བུད་མེད་དབང་དུ་གཞར་མི་འགྲོ་།ཞེས་བྱ་བ་ལ ་སོགས་པ་གསུངས་སོ། །འཕགས་པ་ཆོས་ཀུན་འགྲོ་བ་ལས་ཀྱང། དཔེར་ན་མུན་པ་དང། ལྷན་གཅིག་གནས་པ་དེ་ནི་མར་མེ་མ་ཡིན་ནོ། །དེ་བཞིན་ཉོན་མོངས་པ་དང་ལྷན་ཅིག་གནས་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་མ་ལགས་སོ། ། ་ཞེས་གསུངས་སོ། །འཕགས་པ་གཙུག་ན་རིན་པོ་ཆེ་ལས་ཀྱང་སྟོང་པ་ཉིད་ཀྱི་རྣལ་འབྱོར་སྦྱིན་པ་ནས་ཤེས་རབ་ཏུ་མི་འབྲལ་བར་བྱའོ་ཞེས་གསུངས་སོ། །བསླབ་པ་ཀུན་ལས་བཏུས་པ་ལས་ཀྱང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་ནས ་ཀྱང་ཉོན་མོངས་པའི་སྒྲ་དང་འཐབ་པ་ལ་མཁས་པར་བྱ་བའི་རང་གི་ཁྱིམ་ན་དཔའ་བ་བཞིན་དུ་མི་བྱའོ་ཞེས་གསུངས་སོ། །དེ་བས་ན་བྱང་ཆུབ་སེམས་དཔའ་བདག་ཉིད་ཤེས་རབ་ཆེ་ཡང་ཉོན་མོངས་པས་ཕན་པར་བྱས་ལ་དད་པ་ཆུང་བས ་བསླབ་པ་ལ་གཡེལ་ཞེས་སྨྲ་བར་བྱ་བ་ནི་རིགས་ཀྱི་གཞན་ལམ་ལོག་པ་ལ་གཟུང་ཅིང་བསྟན་པ་ལ་རྨ་གདོད་པ་ནི་མི་རིགས་སོ། །ཚུལ་ཁྲིམས་ཁོ་ནས་ཆོག་པར་འཛིན། །ཤེས་རབ་ཀྱིས་ནི་ཕྱོགས་གཅིག་རྟོགས། །དེ་དག་སུན་དབྱུང་མདོར ་བསྟན་པ། །བསྡུ་བའི་ཚིགས་སུ་བཅད་པ་ཡིན། །དེ་ལ་བྱེ་བྲག་ལ་ལོག་པར་རྟོག་པ་ལ་གཉིས་ཏེ། ལྟ་བ་ལ་ལོག་པར་རྟོག་པ་དང། བསྒོམ་པ་ལ་ལོག་པར་རྟོག་པའོ། །དེ་ལ་ལྟ་བ་ལ་ལོག་པར་རྟོག་པ་འདི་ན་ཁ་ཅིག་བདེན་པ་གཉིས་ཞེས ་བྱ་བ་དངོས་པོ་ལ་མ་གྲུབ་སྟེ། འདི་ལྟར་གང་མ་སྐྱེས་པ་དེ་གཉིས་སུ་མེད་དེ། དཔེར་ན་ནམ་མཁའ་ལྟ་བུའོ། །བདེན་པ་རྣམ་པ་གཉིས་ཀྱང་གཟོད་མ་ནས་མ་སྐྱེས་ཤིང་རྣམ་པར་དག་པས་གཉིས་སུ་མེད་དོ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། གལ་ཏེ་དོན ་དམ་པར་གཉིས་མེད་པར་སྒྲུབ་ན་ནི་གྲུབ་པ་ལ་སྒྲུབ་བོ། །འོན་ཏེ་སྤྱིར་སྒྲུབ་ན་ནི་གཏན་ཚིགས་མ་གྲུབ་སྟེ། མངོན་སུམ་དང་འགལ་ལོ། །མ་སྐྱེས་པ་ལ་སྡུག་བསྔལ་མེད་པས་ཁྱོད་ལ་མཚོན་གྱི་བཏབ་ན་བཟོད་དམ་ཞེས་སྨྲ་བར་བྱའོ། །ཁ ་ཅིག་ན་རེ་དོན་དམ་པའི་བདེན་པ་མེད་དེ། ཀུན་རྫོབ་ཀྱི་བདེན་པ་གཅིག་པུ་ཁོ་ན་ཡིན་ནོ་ཞེས་ཟེར་ཏེ། དེ་ལ་སྨྲས་པ་གལ་ཏེ་བྱིས་པ་མ་རིག་པས་ལྡོངས་པའི་བསམ་པ་དང་སྦྱར་ནས་སྨྲ་འམ་འོན་ཏེ། དངོས ་པོའི་གནས་ལུགས་དང། དེ་དང་མཐུན་པ་སྨྲ་བ་འམ། མཁས་པའི་བསམ་པས་ཀྱང་སྨྲ། དེ་ལ་ཕྱོགས་དང་པོ་ལྟར་ན་གཉིས་མ་གྲུབ་སྟེ། འདི་ལྟར་དོན་དམ་པའི་བདེན་པ་ནི་དེ་སྟོན་པར་བྱེད་པའི་ཆོས་གང་ཟག་དེ་མ་ཐོས་མ ་བསམ་མ་བསྒོམས་པས་བློ་མི་འགྲུབ་པོ། །དེ་མ་གྲུབ་པས་གཟུགས་ལ་སོགས་པ་ཡང་དག་པའོ། །བདེན་པའི་སྙམ་པ་འབའ་ཞིག་སྐྱེ་བས་འདི་བརྫུན་པའོ་ཞེ་འམ། སྒྲིབ་པར་བྱེད་པའི་ཕྱིར་ཀུན་རྫོབ་ཅེས་བྱ་བ་འམ། རིགས ་པས་གནོད་པའི་ཕྱིར་ཀུན་རྫོབ་ཅེས་བྱ་བ་འགྲུབ་མི་སྲིད་དོ། །འོན་ཏེ་ཕྱོགས་ཕྱི་མ་ལྟར་ཡིན་ནོ་ཞེ་ན། དེ་ལ་སྨྲས་པ། གང་ཞིག་གི་སྒྲིབ་པར་བྱེད་པ་འམ། གང་ཞིག་ལ་སྒྲིབ་པ་ཡོད་པར་དེ་མ་ཤེས་པ་དང། དེ་གཞག ་པ་འམ། རིགས་པས་གནོད་པར་མ་གྲུབ་ན་ནི་ཀུན་རྫོབ་ཅེས་ཇི་སྐད་དུ་བྱ། གལ་ཏེ་རིགས་པས་གནོད་པར་གྲུབ་པས་འདི་ཀུན་རྫོབ་ཀྱི་བདེན་པར་གྲུབ་པོ། །ཞེས་ཟེར་ན། དེ་ཉིད་ཀྱི་དོན་དམ་པའི་བདེན་པ་སྔར་གྲུབ་པས་འདི ་ཀུན་རྫོབ་ཀྱི་བདེན་པ་ཡིན་པར་ཤེས་ཏེ། དེས་ནི་གཉི་ག་ཁས་བླངས་པ་ཡིན་ནོ། །ཁ་ཅིག་ན་རེ་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་དོན་དམ་པར་མ་གྲུབ་པ་སྟེ། ཧ་ཅང་ཡང་ཆོས་ཀུན་རྫོབ་ཏུ་ཡང་མིང་ལས་དོན་མེད་པར་བཞེད་དོ ་ཟེར་ཟེར་ཏེ། དེ་ལ་སྨྲས་པ། མིང་ལ་བཅད་པ་མེད་དོ་ཞེས་གསུངས་སོ། །དེ་ནི་མངོན་སུམ་དང་འགལ་ཏེ། མོ་གཤམ་གྱི་བུ་འདི་ན་ཡོད་དོ་ཞེས་སྨྲས་ནས། དེ་ལ་མཚོན་བཏབ་པ་དང། ཁྱོད་ལ་མཚོན་བཏབ་པ་གཉིས་གནོད་པ ་མེད་པ་འདྲ་བར་ཐལ་བར་འགྱུར་རོ། །སློབ་དཔོན་ནི་དེ་ལྟར་མི་བཞེད་དེ། རིགས་པ་དྲུག་ཅུ་པ་ལས་ཀྱང། རྒྱུ་དང་འབྲལ་ལ་ཁམས་རྣམས་ལ། །ཉེས་པ་ཐམས་ཅད་འབྱུང་བའི་གནས། །མེད་པ་རྣམ་པར་ཟློག་ཟིན་གྱི། །ཞེས་གསུངས ་ལ། དེ་དགག་པར་སྒྲུབ་པའི་ཁོ་བོའི་ཉོན་མོངས་པ་ཡང་ཁྱོད་ཀྱིས་བཀག་པས་ཁྱོད་ཀྱི་གྲོགས་བྱས་ཏེ་བསྟངས་སོ་ཞེས་གསུངས་སོ། །འཕགས་པ་ཆོས་ཀུན་འགྲོ་བ་ལས་ཀྱང། བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས། བྱང་ཆུབ་སེམས ་དཔའ་བློ་གྲོས་རྣམ་པར་གནོན་པ་ལ་སྨྲས་པ། ཆོས་ཐམས་ཅད་ནི་མིང་ཙམ་དང་བརྡ་ཙམ་ཞེས་བྱ་བ་ལ་སོགས་པ་གང་ཡིན་པ་དེ་ཡང་ཀུན་རྫོབ་ཏུ་མིང་གི་རྣམ་གྲངས་སམ། ཡང་ན་གཅིག་གི་གཅིག་བཤད་པར་གསུངས་ཀྱི། དོན་དམ ་པར་སྟོན་པ་ནི་མ་ཡིན་ནོ། །ཁ་ཅིག་ནི་བདེན་པ་གཉིས་དངོས་པོ་ལ་གྲུབ་སྟེ། དེ་ཡང་ཀུན་རྫོབ་ཀྱི་བདེན་པ་ནི་རིགས་པས་གནོད་པ་ཡིན་ལ། དོན་དམ་པའི་བདེན་པ་ནི་རིགས་པས་གྲུབ་པ། རྟག་པ་ཞིག་ཆོས་ཅན་ཐམས་ཅད་ཀྱི་ཆོས ་ཉིད་དུ་འདུག་པ། སྤྲོས་པ་ཐམས་ཅད་ལས་ལོག་པའི་ངོ་བོའོ། །དེ་སྐད་དུ། བདེན་པ་གཉིས་རྣམ་པར་འབྱེད་པ་ལས། རིགས་པའི་རྗེས་འབྲངས་ངོ་བོའི་ཕྱིར། །སྐྱོབ་པ་རྣམས་ཀྱི་ཆོས་སྐུ་ཡིན་ཞེས་གསུངས་པ་དང། འཕགས་པས་བཅུ ་པ་ལས། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང། མ་བྱུང་ཡང་རུང། ཆོས་ཀྱི་དབྱིངས་འདི་ནི་གནས་པ་ཉིད་དེ། འདི་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་དང། ཆོས་ཐམས་ཅད་དམིགས་སུ་མེད་པའོ་ཞེས་གསུངས་སོ། །འཕགས ་པ་དཀོན་མཆོག་སྤྲིན་ལས། རིགས་ཀྱི་བུ་གལ་ཏེ་དོན་དམ་པ་མེད་དུ་ཟིན་ན་ནི། ཚངས་པར་སྤྱོད་པ་དོན་མེད་པར་འགྱུར་རོ་ཞེས་གསུངས་སོ། །ཟེར་ཏེ། དེ་ལ་སྨྲས་པ། རིགས་པའི་རྗེས་འབྲང་ངོ་བོའི་ཕྱིར། ཞེས་བྱ་བ་ལ་སོགས་གསུངས ་པ་དེ་ནི། དེ་ཉིད་ལས། ཅིའི་ཕྱིར་རིགས་པས་གནས་པའི་ངོ་བོ་ཉིད་ཡིན་སྙམ་པ་ལ་ངོ་བོ་ཉིད་དེ་ཉིད་རིགས་པ་དང་ལྡན་པའི་ཕྱིར་ཞེས་གསུངས་ཏེ། དེ་ཡང་ཆོས་ཐམས་ཅད་དོན་དམ་པར་རིགས་པས་མཐོང ་བར་འགལ་ཏེ། མ་མཐོང་བ་ཙམ་ལ་བཏགས་ན་དེ་སྐད་གསུངས་ཀྱི། དེ་ནི་རིགས་པས་གྲུབ་པ་དོན་དམ་པར་བཞག་རྒྱུ་མེད་དེ། དེ་སྐད་དུ་འཕགས་པ་བདེན་པ་གཉིས་བསྟན་པ་ལས། ལྷའི་བུ་དོན་དམ་པའི་བདེན་པ་དེ་ནི་ཐམས་ཅད ་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལས་འདས་པའོ་ཞེས་གསུངས་སོ། །གཞན་ལྟ་པར་ཞོག་དེ་ཀྱང་ཡུལ་དུ་བྱ་བའི་གནས་མེད་ཅེས་བྱ་བའི་ཐ་ཚིག་གོ་།ཡེ་ནས་གནས་པས་རྟག་ཅེས་བྱ་བ་ཡང་དེ་བཞིན་གཤེགས་པ་འཇིག་རྟེན་དུ་མ་བྱུང ་ཙམ་ན་གཟུགས་ལ་སོགས་པ་དོན་དམ་པར་ཡོད་ལ། བྱུང་བ་མེད་པ་ནི་མ་ཡིན་གྱི་དངོས་པོ་འགའ་ཞིག་སྐྱེས་ཙམ་ནས་དོན་དམ་པར་མ་གྲུབ་པའི་ཚུལ་དུ་སྐྱེ་བས་ན་དེ་སྐད་གསུངས་སོ། །དེ་ལ་མ་ཡིན་ན་ཆོས་ཉིད་ཡེ་ནས་རྟག་དེ་གང ་གི་ཆོས་ཡིན་ཏེ། སྔན་གནས་པ་དང་ཆོས་ཅན་གསར་དུ་བྱུང་བ་གཉིས་གྲུབ་པ་དང་བདེ་བ་གཅིག་ཏུ་མི་འདོད་ན། ཚངས་པར་སྤྱོད་པ་དོན་མེད་པར་འགྱུར་ཞེས་གསུངས་པ་ཡང་བྱིས་པ་རྣམས་ཀྱི་གང་ཟག་གི་བདག་དང་ཆོས ་ཀྱི་བདག་ཡོད་པར་བརྟགས་ནས་བདེན་པར་འཛིན་པ་ལ། གང་ཟག་དང་ཆོས་ལ་བདག་མ་གྲུབ་ཙམ་ལ་དགོངས་ནས་བདག་ཡོད་པར་མི་བདེན་ཏེ། རིགས་པ་དང་འགལ་ལོ། །ཡོད་པ་བདེན་ན་བྱིས་པ་ཀུན་གྱིས་མཐོང་བས་མ་འཁྲུལ ་བའི་ཕྱིར་མྱ་ངན་ལས་འདས་པ་ཚངས་པ་ཐོབ་པར་བྱ་བའི་ཕྱིར། ད་འབད་པ་དོན་མེད་དོ་ཞེས་གསུངས་པ་ཡིན་ཏེ། རིགས་པའི་ཡུལ་དུ་གྲུབ་པ་མེད་ན་དོན་མེད་དོ་ཞེས་གསུངས་པ་ནི་མ་ཡིན་ནོ། །ཆོས་ཅན་ཀུན་གྱི་ཆོས་ཉིད་དུ་འདུག ་པ་ཞེས་བྱ་བ་ཡང་ཆོས་ཅན་གཅིག་སྤྲོས་པ་དང་བྲལ་བ་དེ་བཞིན་དུ་གཞན་ཡང་སྤྲོས་པ་དང་བྲལ་བས་དེ་སྐད་གསུངས་པ་ཡིན་གྱི། ཆོས་ཅན་ཀུན་ལ་ཁྱབ་པ་གཅིག་ཡོད་ན། མུ་སྟེགས་ཀྱི་བདག་ཐམས་ཅད་ཁྱབ་པར་ཁས་ལེན་པ ་དང་འདྲ་སྟེ། དེ་ལ་ཐ་དད་ཕྱོགས་དང་འདྲ་བས་ན། ཁྱབ་རྣམས་གཅིག་བུར་ག་ལ་འགྱུར་ཞེས་བྱ་བས་སུན་དབྱུང་ངོ། །སྤྲོས་པ་ཐམས་ཅད་ལས་ལོག་པའི་ངོ་བོ་ཞེས་བྱ་བ་ཡང་དེ་ཉིད་སྤྲོས་པ་ཡིན་ནོ། །དེ་ལྟ་བུས་བརྗོད་ན་འཕགས ་པ་དྲི་མ་མེད་པར་གྲགས་པས་ཅིའི་ཕྱིར་བསྟན། དེ་བས་ན་དོན་དམ་པར་རིགས་པས་གྲུབ་པའི་དོན་དམ་པ་གཅིག་ཡོད་མི་སྲིད་དོ། །འོ་ན་ཇི་ལྟར་ཞེ་ན། དེའི་ཕྱིར་འདི་སྐད་དུ། དངོས་པོ་ཇི་ལྟར་གནས་པ་བཞིན་རྟོགས་པའི་བཅོམ ་ལྡན་འདས་ཀྱིས། འཕགས་པ་ཡབ་དང་སྲས་མཇལ་བའི་མདོ་ལས། དེ་སྐད་དུ། དེ་བཞིན་གཤེགས་པས་ཀུན་རྫོབ་དང་དོན་དམ་པ་གཉིས་ཐུགས་སུ་ཆུད་དེ། ཤེས་པར་བྱ་བ་ཡང་ཀུན་རྫོབ་དང་དོན་དམ་པ་འདིར་ཟད་དོ། །ཞེས་གསུངས ་ལ། དེ་བཞིན་གཤེགས་པའི་དགོངས་པ་ཇི་ལྟ་བ་བཞིན་རྟོགས་པས་ལུང་བསྟན་པ། འཕགས་པ་ཀླུ་སྒྲུབ་ཀྱིས། འདི་སྐད་ཅེས། དབུ་མའི་རྩ་བའི་ཤེས་རབ་ལས། །སངས་རྒྱས་རྣམས་ཀྱི་ཆོས་སྟོན་པ། །བདེན་པ་གཉིས་ལ་ཡང ་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང། །དམ་པའི་དོན་གྱི་བདེན་པའོ། །ཞེས་གསུངས་པས། གཏན་ལ་འབེབས་པའི་དུས་སུ་ནི་དངོས་པོ་ཡང་གྲུབ་ལ། མཁས་པས་ཀྱང་དེ་ལྟར་རྟོགས་པས་གཉིས་སུ་ཐ་མ་སྙམ་འདོགས ་སོ། །གཏན་ལ་ཕེབས་པའི་དུས་སུ་ནི་གྲུབ་པ་ཡང་མ་ཡིན་མ་གྲུབ་པ་ཡང་མ་ཡིན། ཇི་ལྟར་ཡང་ཁས་བླངས་དུ་མེད་དོ་ཞེས་བསྟན་ཏོ། །ཁ་ཅིག་ན་རེ་ཆོས་དང་ཆོས་ཅན་བདག་ཉིད་གཅིག་པས་ཆོས་ཅན་དབང་པོའི་མངོན ་སུམ་དུ་མཐོང་བ་བཞིན་དུ་ཆོས་ཉིད་ཀྱང་མངོན་སུམ་དུ་མཐོང་སྟེ། དེ་སྐད་དུ། བར་ཏི་ཀ་ལས། དོན་གྱི་རང་གི་ངོ་བོ་གཅིག་།བདག་ཉིད་མངོན་སུམ་ཡིན་བ་ལ། །མཚད་མ་རྣམས་ཀྱི་བརྟག་བ་གང། །མ་མཐོང་ཆ ་གཞན་ཅི་ཞིག་ཡོད་ཅེས་གསུངས་སོ། །ཞེས་ཟེར་རོ། །དེ་ལ་སྨྲས་པ། འོ་ན་བྱིས་པ་སོ་སོའི་སྐྱེ་བོ་ཀུན་གྱིས་ཀྱང་།བདེན་པ་མཐོང་བར་ཐལ་བར་འགྱུར་རོ། །འོན་ཏེ་ངེས་པའི་ཤེས་པ་མ་སྐྱེས་པས་མ་མཐོང་བ་དང་འདྲའོ། །དེ་སྐད་དུ། དབུ ་མའི་རྒྱན་ལས་ཀྱང། དངོས་པོ་རྣམས་ཀྱི་སྒྲོ་བཏགས་པའི་རྣམ་པས་དབེན་པ་ནི་སྟོང་པ་ཉིད་ཅེས་བྱ་ན། སྟོང་པ་ཉིད་ནི་སྒྲོ་བརྟགས་པའི་རྣམ་པས་བསྒྲིབས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། དངོས་པོའི་རང་བཞིན་བཟུང་བཞིན་དུ་ཡང་བྱིས ་པ་རྣམས་ཀྱིས་ངེས་པར་མི་འགྱུར་ཏེ། དེའི་ཕྱིར་གཟུང་མོད་ཀྱི་ཐ་སྙད་གདགས་སུ་རུང་བའི་ཕྱིར་མ་བཟུང་བ་དང་འདྲ་བ་གཉིད་པས། འདི་ནི་དམིགས་པའི་རིག་བྱར་གྱུར་པ་མ་ཡིན་ནོ། །དེ་ལྟ་བས་ན་མངོན་སུམ་ལ་སོགས་པས་གནོད་པ་མ ་ཡིན་ནོ། །ཞེས་བྱ་བ་འདི་སྟོན་ཏོ་ཞེས་གསུངས་སོ་ཞེས་ཟེར་ན། དེ་ཉིད་ཀྱི་ཕྱིར་མིག་གི་རྣམ་ཤེས་ཀྱི་ཆོས་ཉིད་མཐོང་ཞེས་ཐ་སྙད་དུ་མ་འདོགས་ཤིག། དེ་སྐད་དུ། བདེན་པ་གཉིས་རྣམ་པར་འབྱེད་པ་ལས། ཐ་སྙད་ནི་ངེས་པ་སྔོན་དུ་འགྲོ་བ ་ཅན་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །འོ་ན་སློབ་དཔོན་ཆོས་ཀྱི་གྲགས་པའི་དགོངས་པ་དང་འགལ་ལོ། །ཞེ་ན་དེ་ནི་མི་འགལ་ཏེ། སློབ་དཔོན་གྱིས་མི་རྟགས་པ་ལ་དགོངས་ནས་གསུངས་པ་ཡིན་ཏེ། དེ་ནི་དངོས་སོ་ཡིན་པས་འགལ་བ་མེད་དེ། སྟོང ་པ་ཉིད་ནི་དངོས་པོ་མ་ཡིན་པས་དབང་པོའི་མངོན་སུམ་དུ་མཐོང་མི་སྲིད་དོ། །བདེན་པ་གཉིས་རྣམ་པར་འབྱེད་པ་ལས། ཇི་ལྟར་སྣང་བ་འདི་ཁོ་ན་ཀུན་རྫོབ་གཞན་ནི་མིག་ཤོས་ཡིན་ཞེས་གསུངས་སོ། །ཡང་ན་ཐ་མི་དད་པ་ལ་དགོངས་པ ་ཡིན་པས་དེ་ནི་འདི་ཡང་འགལ་བ་མེད་དོ། །དེ་ལ་ཁ་ཅིག་ཐ་མི་དད་ཅེས་བྱ་བ་དང། གཅིག་ཅེས་བྱ་བ་ནི་དོན་གཞན་མ་ཡིན་ཏེ། དེ་ལྟར་ཆོས་ཉིད་མངོན་སུམ་དུ་མཐོང་བས་ཐམས་ཅད་ཀྱི་དེ་ཁོ་ན་མངོན་སུམ་དུ་མཐོང་བར་འགྱུར་བ་དང། ཆོས་ཀྱི་དབྱིངས་བཞིན ་དུ་ཆོས་ཅན་ཡང་བདེན་པར་འགྱུར་བ་དང། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པར་འགྱུར་བ་དང། ཆོས་ཅན་བཞིན་དུ་ཆོས་ཀྱི་དབྱིངས་དེ་ཡང་འདུས་བྱས་དང། ཀུན་ནས་ཉོན་མོངས་པ་ཅན་དུ་འགྱུར་རོ། །དེ་ཐམས་ཅད་དུ་གཅིག་།བསམ་བླངས་པས ་ཉེས་པ་མེད་དོ་ཞེས་སྨྲས་པ་ན། འོ་ན་ནི་འདུ་བྱེད་ཀྱི་བདག་མེད་པ་ཙམ་ཉིད་དོན་དམ་པའི་མཚན་ཉིད་དུ་མི་འགྱུར་ལ། འདུ་བྱེད་ཀྱི་མཚན་མས་བཅིངས་པ་རྣམས་ཀྱང། རྣལ་འབྱོར་པས་ཟིལ་གྱིས་ནོན་པར་མི་འགྱུར་ཏེ། དེ་ཐ་དད་ཅིང་ཆོས ་ཀྱི་དབྱིངས་གཞན་དུ་རྟོག་པའི་ཕྱིར་རོ། །དེ་ལྟ་བས་ན་དུང་དང་དཀར་པོ་བཞིན་དུ་གཅིག་དང་ཐ་དད་པར་བརྗོད་དུ་མེད་པས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་འབྲས་བ་ཡིན་ནོ། །ཞེས་ཟེར་ན། དེ་ལ་སྨྲས་པ། དེ་ཉིད་དང་གཞན་དུ་བརྗོད་བ ་ནི་སྐྱོན་འོང་ལ། དེ་གཉིས་སུ་མ་བརྗོད་པའི་གྲུབ་པ་གཅིག་ལ་འབྲེལ་པ་ནི་སྐྱོན་མེད་པ་མ་ཡིན་ཏེ། གཅིག་དང་ཐ་དད་པའི་སྐྱོན་དེ་ནི་ཆོས་དངོས་པོར་འགྱུར་བ་ལ་འཐད་དོ། །ཆོས་ཉིད་སྤྲོས་པ་དང་བྲལ་བ་ཆོས་ཅན་དང་གཅིག་པར་སྐྱོན་ཡོད་པ་ཡང ་མ་ཡིན། མེད་པ་ཡང་མ་ཡིན། ཐ་དད་པ་སྐྱོན་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན། བརྗོད་དུ་མེད་པ་བྱ་བ་ཆོས་ཅན་དང་འབྲེལ་པར་བཞག་རྒྱུ་གཅིག་ཀྱང་ཡང་དག་པར་གྲུབ་ནས། འབྲལ་བ་གསུམ་པར་ཁས་བླང་རྒྱུ་ཡང་མེད་དེ། འབྲེལ་པ་ནི་དེའི ་བདག་ཉིད་དང། དེ་ལས་བྱུང་བའི་འབྲེལ་པ་ལས་གཞན་མེད་པར་མངོན་གྱི་སློབ་དཔོན་ཆོས་ཀྱི་གྲགས་པ་ལ་སོགས་པ་རྣམས་ཀྱི་བསྟན་ཏོ། །འོ་ན་སློབ་དཔོན་ཀ་མ་ལ་ཤཱི་ལས། དབུ་མ་སྣང་བ་ལས། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་བསྟོན ་ཏོ། །སྙམ་པ་ལ་བདེན་མོད་ཀྱི་དེ་ནི་གང་ཟག་དང་ཆོས་དེ་ཉིད་ཡང་དག་པའི་ཤེས་པས་གང་ཟག་དང་ཆོས་སུ་མ་གྲུབ་པ་ཙམ་ལ་གང་ཟག་དང་ཆོས་དེ་ཉིད་ཆོས་ཉིད་དུ་གདགས་པས་དེ་ཙམ་ལ་བདག་ཉིད་གཅིག ་པའི་འབྲེལ་པ་ཞེས་བཏགས་པ་ཡིན་ལ། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པས་ཅིར་ཡང་མ་གྲུབ་པར་བསྟན་པ་ཡིན་ནོ། །དེ་ལྟ་བས་ན་ཆོས་ཅན་དེ་ཉིད་སྤྲོས་པ་དང་བྲལ་བ་ཙམ་ཆོས་ཉིད་ཡིན་ལ། དེ་ཡང་སྒྲོ་བཏགས་པས་བཀག ་སྟེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་མངོན་སུམ་དུ་མི་མཐོང་ངོ། །དེ་སྐད་དུ། དབུ་མའི་རྒྱན་ལས། མ་ཡིན་ཐེག་མེད་རྒྱུད་ལྕི་བར། །དངོས་པོར་སྒྲོ་བཏགས་དབང་བྱས་པས། །དེ་ཕྱིར་སྲོག་ཆགས་ཐམས་ཅད་ཀྱི། །མངོན་སུམ་རྟོགས ་པར་མི་འགྱུར་རོ་ཞེས་གསུངས་སོ། །རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་ས་དང་པོ་ཐོབ་པ་ཡན་ཆད་ནས། དེ་བཞིན་གཤེགས་པ་རྣམས་ཀྱིས་ནི་བསལ་བར་རྟོགས། །སོ་སོའི་སྐྱེ་བོ་རྣམས་ཀྱི་གཏན་ཚིགས་ཀྱི་སྒོ་ནས་སྒྲོ་བཏགས་པ་གཅོད་པ ་ཙམ་དུ་བས་ཀྱི། མངོན་སུམ་དུ་བྱེད་པ་ནི་མ་ཡིན་ནོ། །དེ་སྐད་དུ། དེ་ཉིད་ལས་དེ་ལ་སྒྲོ་བཏགས་གཅོད་བྱེད་པ། །ཤེས་པར་བྱེད་པའི་གཏན་ཚིགས་ཀྱིས། །རྗེས་སུ་དཔག་རྣམས་དཔོག་པར་བྱེད། །རྣལ་འབྱོར་དབང་རྣམས་མངོན་སུམ་བསལ ་ཅེས་གསུངས་པའོ། །བདེན་པ་གཉིས་ལ་ལོག་པར་རྟོགས། །ཆོས་ཉིད་མཐོང་ལ་ལོག་རྟོགས་དང། །ཆོས་དང་ཆོས་ཅན་འབྲེལ་པ་ལ། །ལོག་པར་རྟོགས་པ་སུན་དབྱུང་བ། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །ཁ་ཅིག་ན་རེ་སོ ་སོའི་སྐྱེ་བོ་སྒྲོ་བཏགས་པས་གཅོད་པ་ན། གཏན་ཚིགས་ཀྱི་སྒོ་ནས་ཤེས་ཏེ་འདི་སྐད་དུ། །གང་གཅིག་དང་དུ་མ་དང་བྲལ་བ་དེ་ནི་དོན་དམ་པར་རང་བཞིན་མེད་དེ། བདག་དང་གཞན་གྱིས་སྨྲས་པ་འདི་དག་ཀྱང། གཅིག་དང་དུ་མ་དང་བྲལ་བ ་སྨྲས་པ་ཙམ་གྱིས་བསྒྲུབ་བྱ་རྟོགས་པར་འགྱུར་རོ། །ཞེས་ཟེར་ན། དེ་ལ་སྨྲས་པ། དབང་པོ་རྣོན་པོ་སྦྱོར་བ་ལ་གོམས་པ་རྣམས་ཀྱིས་རྟོགས་པ་ནི། རིགས་ན་ཆོས་མཐུན་པ་ཉིད་ཅན་གྱི་སྦྱོར་པ་ལ་སོགས་པ་བྱ་དགོས་པའི་རིགས་གཅིག་ཡིན་ན་ནི་ ་སྦྱོར་བ་དེ་ཀུན་བརྟགས་པའི་རང་བཞིན་ནམ། །གཞན་གྱི་དབང་གི་རང་བཞིན་གང་གྲུབ་མ་ངེས་པའི་ཕྱིར། ཐུན་མོང་གི་མ་ངེས་པའི་གཏན་ཚིགས་ལྟ་བུར་སྣང་བར་འགྱུར་རོ། །འོན་ཏེ་རྗེས་སུ་འགྲོ་བ་སྤྱིར་བཏང་ནས་དཔེར་ན་གཟུགས་བརྙན ་ལྟ་བུའོ། །ཞེས་སྨྲས་པས་སྐྱོན་མེད་དོ། །ཞེ་ན། དེ་ལ་སྨྲས་པ། མཐུན་པའི་དཔེ་དེ་ལ་འབྲེལ་པ་གཏན་ལ་ཕབ་བམ་མ་ཕབ། མ་ཕབ་ན་ནི་དཔེ་སྨོས་པ་ལ་དོན་མེད་དུ། །འོན་ཏེ་ཕབ་པོ་ཞེས་ཟེར་ན། དེ་ལ་སྨྲས་པ། དགག་པའི་སྒྲར་སྦྱར་ནས ་གཏན་ཚིགས་དོན་དམ་པ་དང། བསྒྲུབ་བྱ་དོན་དམ་པར་རང་བཞིན་མེད་པ་གཉིས་འབྲེལ་པ་གཏན་ལ་ཕབ་བམ། འོན་ཏེ་མ་ཡིན་པར་དགག་པའི་སྒྲར་སྦྱར་ནས། ཀུན་རྫོབ་ཀྱི་བདེན་པ་གཅིག་ལ་འབྲེལ་པ་གཏན་ལ་ཕག་པ་དེ་ཕྱོགས ་དང་པོ་ལྟར་ན་སྨྲས་པ། འབྲེལ་པ་མངོན་སུམ་གྱི་གྲུབ་བམ། རྗེས་སུ་དཔག་པས་གྲུབ། དེ་ལ་མངོན་སུམ་གྱིས་གྲུབ་པོ་ཟེར་ན། འོ་ན་ཆོས་ཉིད་མངོན་སུམ་དུ་མཐོང་པས། རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀ་འཕགས་པ་ཡིན་པར ་ཐལ་བར་འགྱུར། །ངེས་ན་བསྒྲུབ་པར་བྱ་བའི་ཆོས་ཀྱི་རྟགས་ཀྱི་རྗེས་སུ་འབྲང་བ་དོན་མེད་པར་འགྱུར་རོ། །དེ་བས་ན་སོ་སོའི་སྐྱེ་བོས་ཆོས་ཉིད་མངོན་སུམ་དུ་མཐོང་མི་སྲིད་པས། མི་སྲིད་པའི་དོན་སྨྲས་ན་བདག་ཉིད་ཉམས་པར་ཡང་འགྱུར་རོ།། ་དེར་ཕྱིར་དཔེ་དེ་ནི་མ་གྲུབ་པའི་ཕྱིར་དཔེ་ལྟར་སྣང་བ་ཡིན་ལ། བསྒྲུབ་པར་བྱ་བའི་ཆོས་ཅན་ལ་ཡོད་པར་ཁས་བླངས་དེ་ནི་གཏན་ཚིགས་ཀྱི་རང་གི་ངོ་བོ་མ་གྲུབ་པས་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་བར་འགྱུར་རོ། །འབྲེལ་པ་དེ་ལ་ནི ་མངོན་སུམ་གྱིས་གནོད་དེ། རྟག་ཏུ་གཟུགས་བརྙན་དུ་སྣང་བ་ལས་གཟུགས་བརྙན་དུ་ཡང་མི་མཐོང་མི་སྲིད་དོ། །རྗེས་སུ་དཔག་པས་ཀྱང་གསལ་ཏེ། གང་ཁས་བླངས་ཀྱང་མ་མཐོང་བ་དེ་ཉིད་ཐ་སྙད་གདགས ་སུ་མི་རུང་སྟེ་དཔེར་ན། དད?་པས་དབེན་པའི་ས་ཕྱོགས་ལྟ་བུའོ། །རྩད་པའི་གཞིར་གྱུར་པའི་དོན་དམ་པའི་བདེན་པ་འདི་ཡང་མངོན་སུམ་དུ་མ་མཐོང་བས་ཁྱབ་པར་བྱེད་པ་མི་དམིགས་པའོ། །གཟུགས་བརྙན་སྣང་བའི་ཕྱིར་ཞེས་བྱ ་བ་ཡང་འགལ་བས་ཁྱབ?་?་དམིགས་པ་ཡིན་ནོ། །གྲགས་པས་ཀྱང་བསལ་ཏེ། བརྡ?་ཤེས་པ་གྲུབ་པའི་མཐས་བློ་མ་བསྒྱུར་བ་ཞིག་ལ། མེ་ལོང་གི་ནང་ན་ཅི་འདུག་ཅེས་དྲིས་ན། བཞིན་ཁོ་ན་འདྲ་བ་ཞིག་འདུག་ཅེས་ཟེར་བ་ལས། ཅི་ཡང ་མ་མཐོང་ཞེས་ཟེར་མི་སྲིད། །རང་གི་ཚིག་དང་འགལ་བ་ཡང་ཡིན་ཏེ། དོན་དམ་པ་མཐོང་ཞེས་བྱ་བ་གཟུགས་བརྙན་ལ་ཟེར་རམ། ལུང་གི་བསལ་བ་ཡང་ཡིན་ཏེ། འཕགས་པ་མི་འམ་ཅིའི་རྒྱལ་པོ་ལྗོན་པས་ཞུས་པ་ལས་།བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། དཔེར་ན་རང་བཞིན་སྟོང་པ་ཡི། །མེ་ལོང་དཀྱིལ་འཁོར་ཡོངས་དག་ལ། །གཟུགས་བརྙན་སྣང་བ་དེ་བཞིན་དུ། །ལྗོན་པ་ཆོས་རྣམས་ཤེས་པར་གྱིས། །ཞེས་གསུངས་ཏེ། གཟུགས་བརྙན་མི་སྣང་ཞེས་མ ་གསུངས་སོ། །དེ་བས་ན་མངོན་སུམ་གྱིས་གྲུབ་མི་སྲིད་དོ། །འོ་ན་རྗེས་སུ་དཔག་པས་གྲུབ་པོ་ཟེར་ན། དེ་ཡང་མི་རིགས་ཏེ་དེ་ལྟ་བུའི་དཔེ་མི་སྲིད་དོ། །གལ་ཏེ་སྲིད་ན་རྟགས་མངོན་སུམ་གྱིས་མི་འགྲུབ་པས་འབྲེལ་པ་མངོན་སུམ་དུ་མི་འགྲུབ་སྟེ ་དེས་ན་དེ་ཡང་རྗེས་སུ་དཔག་པ་ཞིག་གིས་སྒྲུབ་དགོས་པས་དཔེ་ཐུག་པ་མེད་པ་དང། རྟགས་ཐུགས་པ་མེད་པའི་སྐྱོན་འོང་ངོ། །འོན་ཏེ་དེའི་སྐྱོན་མི་འོང་སྟེ། དབུ་མའི་རྒྱན་ལས་མུ་སྟེགས་རྒྱལ་དཔོག་པ་ན་རེ་གདོད་ཉིད་དེར་དམིགས་པ ་ལས་གཟུགས་བརྙན་ཞེས་ཐ་སྙད་འདོགས་ཟེར་བ་དང། བྱེ་བྲག་ཏུ་སྨྲ་བ་ན་རེ་གཟུགས་གཞན་ཞིག་དང་བྱུང་ངོ་ཞེས་ཟེར་བ་དང། མདོ་སྡེ་པ་ན་རེ་ཤེས་པ་ཁོ་ན་དེ་ལྟར་སྣང་ཞེས་ཟེར་བ་དང། རྗེས་སུ་དཔག་པའི་སྒོ་ནས་དཔེ་རང་བཞིན ་མེད་པར་བསྒྲུབ་པ་དེ་བས་ན་དཔེ་ཐུག་པ་མེད་པར་ཡང་མི་འགྱུར་ལ། ཐམས་ཅད་དུ་མཐུན་པའི་དཔེ་ལ་དོན་དམ་པ་གཏན་ལ་འབེབས་སོ་ཞེས་ཟེར་ན། དེ་ལ་སྨྲས་པ། དེར་ཡང་གང་དག་སྔར་གྲུབ་པའི་མཐས་བློ་མ་འགྱུར་ཙམ་ན། དེ་ལྟར ་མི་འཛིན་ཡང་ཕྱིས་གྲུབ་པའི་མཐས་བློ་བསླང་ནས་དོན་མེད་པའི་བཞིན་ཅིག་ཡིན་ཞེས་ཟེར་བ་ལ། དོན་བྱེད་ནུས་པའི་བཞིན་མ་ཡིན་ནོ་ཞེས་དགག་པ་ཙམ་བྱེད་ཀྱི་གཟུགས་བརྙན་དེ་དོན་དམ་པར་རང་བཞིན་མེད་པར་སྒྲུབ་པ་ནི་མ་ཡིན་ཏེ། དེས ་ན་རྟགས། དང་དཔེ་ཐུག་པ་མེད་པའི་སྐྱོན་མེད་པ་ཡིན་ནོ། །འདི་ལྟར་དང་པོ་དེ་དོན་བྱེད་ནུས་པའི་རང་བཞིན་མ་ཡིན་པར་དགག་པར་དགོངས་ནས་འདི་སྐད་དུ་གསུངས་ཏེ། སྦྱོར་བ་ནི་རྣམ་པར་ཤེས་པ་གང་ཞིག་གང་དང། མཚན་ཉིད་མི་མཐུན ་པར་སྣང་བ་དེ་ནི་དེའི་དམིགས་པ་མ་ཡིན་ཏེ། དཔེར་ན་སྒྲ་ཤེས་པ་གཟུགས་དང་མཚན་ཉིད་མི་མཐུན་པར་སྣང་བ་བཞིན་ནོ། །གཟུགས་བརྙན་གྱི་ཤེས་པ་ཡང་གདོད་ལ་སོགས་པ་ཡུལ་ཇི་ལྟ་བ་བཞིན་གནས་པ་དང་མཚན་ཉིད་མི ་མཐུན་པར་སྣང་བ་ཡིན་པས་ཁྱབ་པར་བྱེད་པས་འགལ་པ་དམིགས་པ། ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེར་ནི་དོན་བྱེད་པའི་གཟུགས་མ་ཡིན་ཞེས་བཀག་ལ། དེར་གཟུགས་བརྙན་དོན་དམ་པར་མེད་པར་མ་གསུངས།། ་གཉིས་པ་ལས་གཟུགས་ཅན་དོན་བྱེད་ནུས་པ་ལྷན་ཅིག་གནས་པ་དགག་པའི་དབང་དུ་མཛད་ནས་གསུངས་པ། འདི་སྐད་དུ། སྦྱོར་བ་ནི་དངོས་པོ་ལུས་ཅན་གང་དག་ཡིན་ལ་དེ་དག་ནི་ཡུལ་ཕན་ཚུན་སྤངས་ཏེ་གནས་པའི་རང་བཞིན ་དག་ཡིན་ཏེ། དཔེར་ན་བུམ་པ་ལ་སོགས་པ་ལྟ་བུ་ཡིན་ནོ། །རྩོད་པའི་གཞིར་གྱུར་པའི་དངོས་པོ་འདི་དག་ཀྱང་ལུས་ཅན་ཡིན་པས་རང་བཞིན་གྱིས་གཏན་ཚིགས་ཡིན་ནོ་ཞེས་གསུངས་སོ་ཏེ། དེ་ཡང་དོན་བྱེད ་པའི་གཟུགས་ལྷན་ཅིག་གནས་པ་བཀག་པ་ལས་གཟུགས་བརྙན་དོན་དམ་པར་རང་བཞིན་མེད་པར་ནི་མ་བསྒྲུབས་སོ། །ཕྱོགས་གསུམ་པ་བསལ་བའི་ཕྱིར་གསུངས་པ་འདི་སྐད་དུ་ཕ་རོལ་བོའི་གཟུགས་བརྙན་ལ་སོགས་པ་འདི་དག ་རྣམ་པར་ཤེས་པའི་ངོ་བོར་རྗེས་སུ་ཡོད་པར་ཁས་བླངས་མོད་ཀྱི། གཟུགས་བརྙན་ལ་སོགས་པ་དེ་དག་ནི་དཔེ་ཉིད་དུ་འདོད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གཟུགས་བརྙན་ལ་སོགས་པར་ཤེས་པ་ལ། སྣང་བ་ཅན་གྱི་ངོ་བོ་གང་ཡིན་པའོ། །དེ ་ཡང་བརྫུན་པའི་ཕྱིར་དཔེ་གྲུབ་པ་ཁོ་ན་ཡིན་ནོ། །ཞེས་གསུངས་ཏེ། དེར་ཡང་ཕྱི་རོལ་དུ་ཀུན་བརྟགས་པའི་དོན་བྱེད་ནུས་པའི་གཟུགས་བཀག་པ་ལས། གཟུགས་བརྙན་ཉིད་ཀྱང་རང་བཞིན་མེད་པར་ནི་མ་བསྒྲུབས་ཏེ། མངོན་སུམ་དང ་འགལ་བའི་ཕྱིར་རོ། །གལ་ཏེ་བཟློག་ན་གནོད་པ་ཅན་གྱི་ཚད་མ་གཅིག་གིས་དོན་དམར་པར་རང་བཞིན་མེད་པར་གྲུབ་བོ་ཞེས་ཟེར་ན། དེ་ལྟར་ན་བརྡ་ཤེས་པའི་གང་ཟག་ཚང་མའི་བསྟན་བཅོས་ལ་ཐོས་པ་ཀུན་གྱི་གཟུགས་བརྙན་ལ་བཞིན ་ཡང་དག་པར་འཛིན་པར་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་མཐུན་པའི་དཔེ་ལ་གཏན་ཚིགས་དོན་དམ་པ་དང། བསྒྲུབ་པ་དོན་དམ་པ་འབྲལ་བར་མངོན་སུམ་དང་རྗེས་སུ་དཔག་པས་མ་གྲུབ་སྟེ། གོང་དུ་སྨོས་པ་བཞིན་ནོ། །གལ་ཏེ་མ་ཡིན ་བར་དགག་པའི་སྒྲར་སྦྱར་བར་བྱས་ནས། ཀུན་རྫོབ་ཀྱི་བདེན་པ་གཟུགས་བརྙན་དེ་ཉིད་ལ་འབྲེལ་པ་མངོན་སུམ་དུ་གྲུབ་པས་དེ་དཔེར་བྱེད་ཞེ་ན། དེ་ལ་སྨྲས་པ། འོ་ན་ནི་འབྲེལ་པ་གྲུབ་པ་ལ་དོན་མེད་དེ། བསྒྲུབ་པར་བྱ་བའི་ཆེས་ཆད?་པ་ནི ་གཏན་ཚིགས་དོན་དམ་པར་གཅིག་དང་དུ་མ་དང་བྲལ་བ་དང། བསྒྲུབ་བྱ་དོན་དམ་པར་རང་བཞིན་མེད་པར་གཉིས་འབྲེལ་པར་གོ་དགོས་ལ། དེ་དང་མི་མཐུན་པ་ཀུན་རྫོབ་ཀྱི་སྣང་བ་གཅིག་ལ་འབྲེལ་པ་གྲུབ་བས་དོན་དམ་པའི་འབྲེལ་པ་ནི་སྔར་གཏན ་ལ་བབ་པ་ཀུན་རྫོབ་ནི་སྔ་ནས་གྲུབ་པས་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །ཡང་དོན་དམ་པར་རང་བཞིན་མེད་པའི་མི་མཐུན་པའི་ཕྱོགས་ཀུན་རྫོབ་ཀྱི་བདེན་པ་ལ་གཏན་ཚིགས་ཞུགས་པས་འགལ་བའི་གཏན་ཚིགས་ལྟར་སྣང་བར་འགྱུར་རོ། །གལ་ཏེ་ཀུན་རྫོབ་ཀྱི ་བདེན་པ་གཅིག་པ་འབྲེལ་པ་སྒྲུབ་པོ་ཞེས་རྒྱ་ལ་ཟེར་ན། དེ་ལྟ་ན་ཡང་འབྲེལ་པ་གྲུབ་པ་དོན་མེད་པའི་ཉེས་པ་དང། གཏན་ཚིགས་ནི་ཐུན་མོངས་མ་ཡིན་པའི་མ་ངེས་པ་འམ། འགལ་བའི་གཏན་ཚིགས་ལྟར་སྣང་བའི་ཉེས་པ་ཡོད་དེ། བསྒྲུབ་པར་བྱ ་བའི་ཆོས་ལ་ནི་གཏན་ཚིགས་དོན་དམ་པར་གཅིག་དང་དུས་མ་དང་བྲལ་བ་བཞུགས་ནས་འདུག་ལ་མཐུན་པའི་དཔེ་ལ་ནི་ཀུན་རྫོབ་ཀྱི་གཅིག་དང་དུ་མ་དང་བྲལ་བ་བཞུགས་པའི་ཕྱིར་རོ། །གལ་ཏེ་ཇི་ལྟར་གྱུར་ཀྱང་རུང་སྟེ། དབུ་མའི་རྒྱན་ལས། བདག་དང ་གཞན་སྨྲས་དངོས་འདི་དག་།ཡང་དག་ཕུན་གཅིག་པ་དང། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །ཞེས་གསུངས་པས། ཡང་དག་པ་ཞེས་བྱ་བ་ནི་དོན་དམ་པ་ལ་དགོང་པ་ཡིན་ཏེ། དེ་བས་ན་མེད་པ་དགག ་པ་ཡིན་ནོ་ཞེས་ཟེར་ན། དེ་ལ་སྨྲས་པ། གཏན་ཚིག་ལ་དོན་དམ་པའི་སྒྲ་མ་ཞུགས་པ་ཡང་ཡོད་དེ། དེ་ཁོ་ན་ཉིད་ལ་འཇུག་པ་ལས། ཕྱི་རོལ་ནང་ན་གནས་འདི་ཀུན། །ཡང་དག་དུ་ན་རང་བཞིན་མེད། །གཅིག་དང་དུ་མའི་རང་བཞིན་ཉིད། །བྲལ་བའི་ཕྱིར ་ན་གཟུངས་བརྟན་བཞིན། །གང་ཞིག་གཅིག་དང་དུ་མ་དང་བྲལ་བ་དེ་ནི་དོན་དམ་པར་རང་བཞིན་མེད་དེ། དཔེར་ན། གཟུགས་བརྙན་བཞིན་ནོ། །ཕྱི་རོལ་དང་ནང་ན་གནས་བའི་དངོས་པོ་འདི་དག་ཐམས་ཅད་ཀྱང་གཅིག་དང་དུ་མའི་རང་བཞིན་དང་བྲལ་བས ་ན་རང་བཞིན་མེད་དོ་ཞེས་གསུངས་པ་དང། ཡང་དག་པའི་སྒྲ་ཡོད་ཀྱང་དེ་ནི་མ་ཡིན་པའི་དགག་པའི་སྒྲར་སྦྱར་ཏེ། དེ་སྐད་དུ། དབུ་མའི་རྒྱན་དེ་ཉིད་ཀྱི་ཊི་ཀ་ལས། སྦྱོར་བ་ནི་འདི་ལྟ་བུ་ཡིན་ཏེ། གང་བདག་གཅིག་དང་དུ ་མའི་རང་བཞིན་མ་ཡིན་པ་དེ་དག་ནི་དོན་དམ་པར་རང་བཞིན་མེད་དེ་དཔེར་ན་གཟུགས་བརྙན་བཞིན་ནོ། །བདག་དང་གཞན་གྱིས་སྨྲས་པའི་དངོས་པོ་རྣམས་ཀྱང་གཅིག་དང་དུ་མའི་རང་བཞིན་མ་ཡིན་པས་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི ་དམིགས་པའོ། །གཅིག་པ་ཉིད་དང་དུ་མ་ཉིད་ཀྱི་རང་བཞིན་ལ་ཁྱབ་པའི་ཕྱིར་རོ་ཞེས་གསུངས་སོ། །འདི་ལྟར་གང་ཞིག་མངོན་སུམ་དང་རྗེས་སུ་དཔག་པའི་འབྲེལ་པ་མ་གྲུབ་པ་དེ་ནི་གཏན་ལ་ཕབ་ཅེས་ཐ་སྙད་གདགས་སུ་མེད། དཔེར ་ན་མེ་དང་དུ་བ་འབྲེལ་པ་གཏན་ལ་ཕབ་པའི་དུས་སུ་དོན་དམ་པའི་བདེན་པའི་གཏན་ལ་ཕབ་པའི་དུས་སུ་དོན་དམ་པའི་བདེན་པའི་གཏན་ལ་ཕབ་པའི་ཐ་སྙད་གདགས་སུ་མི་འདོད་པ་ལྟ་བུའོ། །རྩོད་པའི་གཞིར་གྱུར་པའི་དོན་དམ་པ་ལ ་འབྲེལ་པ་འཇོག་པ་འདི་ཡང་མངོན་སུམ་དང་རྗེས་སུ་དཔག་པར་མ་གྲུབ་པས་ཁྱབ་པར་བྱེད་པ་མི་དམིགས་པའོ། །གང་ཞིག་བསྒྲུབ་པར་བྱ་བའི་ཆོས་དང་མཚན་ཉིད་མི་མཐུན་པའི་འབྲེལ་པ་དེ་ནི་གཏན་ལ་ཕབ་པས་ཕྱོགས་ཀྱི་ཆོས ་རྟོགས་པ་ལ་དགོས་པ་མེད་དེ། དཔེར་ན་བྱས་པ་དང་མི་རྟག་པ་གཏན་ལ་ཕབ་པས། ལ་རྒྱབ་ཀྱི་མེ་རྟོགས་པ་ལ། དགོས་པ་མེད་པ་ལྟ་བུའོ། །རྩོད་པའི་གཞིར་གྱུར་པའི་ཀུན་རྫོབ་ཀྱི་བདེན་པ་ཁོ་ན་ལ་འབྲེལ་པ་གཏན་ལ་འབེབས་ཞེས་བྱ་བ ་འདི་ཡང། ཕྱོགས་ཀྱི་ཆོས་དང་མཚན་ཉིད་མི་མཐུན་པས་ཁྱབ་པར་བྱེད་པས་མི་དམིགས་པའོ། །དེ་བས་ན་བྱེ་བྲག་ནི་དོན་དམ་པའི་བདེན་པའམ། ཀུན་རྫོབ་ཀྱི་བདེན་པ་ག་ལ་ཡང་གཏན་ལ་དབབ་དུ་མི་འདོད་དོ། །འོ་ན་བདེན་པ་གཉིས་སུ ་མ་འདུས་པ་མེད་པས་འབྲེལ་པ་མི་འགྲུབ་བོ་ཞེ་ན། བདེན་ཏེ། འོན་ཀྱང་རིགས་མི་མཐུན་པ་ལ་སོགས་པ་བརྟགས་པའི་སྤྱི་ཞེས་བྱ་བ་དང། རིགས་མཐུན་པ་ལ་སོགས་པ་རང་རང་ངོ་བོ་ལ་གནས་པ་ཞེས་བྱ་བ་ནི་ཁས་བླང་དགོས་ཏེ། འདི་ལྟར་? ་གཅིག་དང་བུ་མ་དང། རང་བཞིན་ལས་ལོག་པའི་གཅིག་དང་དུ་མ་དང་བྲལ་བ་དང། རང་བཞིན་མེད་པ་གཉིས་ནི་ཀུན་རྫོབ་ཀྱི་བདེན་པ་ལ་ཡང་འཇུག། དོན་དམ་པའི་བདེན་པ་ལ་ཡང་འཇུག་སྟེ། ཐུན་མོངས་སུ་འདུག་གོ་།འོ་ན་སྤྱི་དེ་ལ་འབྲེལ་པ ་སྒྲུབ་བམ་ཞེ་ན། སྨྲས་པ་དེ་ཡང་མ་ཡིན་ནོ། །འོ་ན་ཅི་ལྟར་སྒྲུབ་ཅེ་ན། འདི་ལྟར་གང་དག་གཅིག་དང་དུ་མའི་རང་བཞིན་མ་ཡིན་པ་དེ་དག་ནི་ཞེས་སྨྲས་པ་ན་གཏན་ཚིགས་སྤྱིར་སྨོས་པའོ། །དོན་དམ་པར་རང་བཞིན་མེད་དོ་ཞེས་སྨྲས་པ་དང། གཏན་ཚིགས ་སྤྱིའི་རྗེས་སུ་སྒྲུབ་བྱ་སྤྱི་འགྲོ་བར་སྨྲས་པ་ཡིན་ཏེ། མ་རིག་པས་ལྡོངས་པའི་འཇིག་རྟེན་པ་དག་མཚན་ཉིད་ཀྱི་ཡང་དག་པའི་ཀུན་རྫོབ་ཡིན་པའི་ལྟ་བ་དང། སྒོམ་པ་དང། མྱང་བ་ཅན་གྱིས་དོན་བྱེད་ནུས་པའི་རང་བཞིན་འདི་ལ་དོན་དམ་པར་འཛིན་ལ། གྲུབ ་པའི་མཛའ་ལས་ནི་རིགས་པས་གྲུབ་པ་ལ་དོན་དམ་པ་ཞེས་ཟེར་བས་དེ་གཉིས་ཀ་རྗེས་སུ་འགྲོ་བ་བསྟན་ཏོ། །དཔེར་ན་གཟུགས་བརྙན་བཞིན་ནོ་ཞེས་སྨྲས་པ་སྤྱི་དེ་བྱེ་བྲག་ཀུན་རྫོབ་ཀྱི་བདེན་པ་ལ་ཞུགས་པར་བསྟན་ཏོ། །དེས་ན་གཟུགས ་བརྙན་དེ་ཉིད་དོན་བྱེད་ནུས་པའི་བཞིན་གཅིག་དང་དུ་མ་མ་ཡིན་པས་དོན་བྱེད་ནུས་པའི་བཞིན་གྱི་རང་བཞིན་མ་ཡིན་པར་བསྟན་ཏོ། །ཕྱིར་རྒོལ་བ་ནི་ཤེས་པ་རྟོག་མེད་མངོན་སུམ་དུ་འཁྲུལ་པ་གཅིག་གིས་དེ་ལྟར་རྟོགས་པའོ། །དེ་ལྟར་སྤྱི་བྱེ་བྲག་དང ་བཅས་པ་དེ་དཔེར?་གྲུབ་ནས་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་གཏན་ཚིགས་ཡོད་པར་བསྟན་པའི་ཕྱིར། བདག་དང་གཞན་གྱི་སྨྲས་པའི་དངོས་པོ་རྣམས་ཀྱང་ཞེས་སྨྲས་པས། ཆོས་ཅན་གཟུགས་བརྙན་དང་མི་འདྲ་བར་དོན་བྱེད་ནུས་པ་འཇིག་རྟེན་པས ་ཡང་དག་པར་འདོད་པ་འདི་ཉིད་ཡིན་པར་བསྟན་ཏོ། །གཅིག་དང་དུ་མའི་རང་བཞིན་མ་ཡིན་པས་ཞེས་སྨྲས་པས་ནི། གཏན་ཚིགས་དེ་བསྒྲུབ་པར་བྱ་བའི་ཆོས་ཅན་དོན་བྱེད་ནུས་པ་གཞན་གྱིས་དབང་དོན ་དམ་པར་འདོད་པ་འདི་ཉིད་ལ་ཡོད་པར་བསྟན་ཏོ། །དེས་ན་སྤྱིར་དོན་དམ་པའི་གཅིག་དང་དུ་མ་མ་ཡིན་དེ་བྱེ་བྲག་དུ་གཟུགས་བརྙན་དུ་ཞུགས་པ་དེ་ཙམ་ཞིག་བསྒྲུབ་པར་བྱ་བའི་ཆོས་ཅན་ཐམས་ཅད་ལ་ཡང་ཡོད་པར་རྒོལ ་བས་ཀྱང་སྨྲས་པ། ཕྱིར་རྒོལ་བས་ཀྱང་དེ་ཙམ་ཡོད་པར་གོའོ། །དེ་སྐད་དུ། བམ་པོ་ལྔ་པ་ལས་ཀྱང། མཐུན་པའི་དཔེ་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་དང་དོན་མཐུན་ནོ་ཞེས་གསུངས་སོ། །དེ་ཙམ་ལ་དགོངས་ནས་ཆོས་ཅན་དང། གཏན ་ཚིགས་ལ་སོགས་པ་མཐུན་པར་སྣང་བ་འཇོག་ཅེས་གསུངས་པ་དང། རྒོལ་བ་གཉི་གའི་ཤེས་པ་ལ། །ཇི་ཙམ་སྣང་བའི་ཆ་ཡོད་པ། །དེ་ཙམ་དེ་ལ་བརྟེན་ནས་ནི། །ཆོས་ཅན་ཆོས་ལ་སོགས་པ་རྟོགས། །ཞེས་གསུངས་པ་དང། སྒྲུབ ་དང་བསྒྲུབ་པའི་དངོས་འདི་ནི། །གཞུང་གིས་བསྐྱེད་པའི་བྱེ་བྲག་གིས། །ཆོས་ཅན་སྤངས་ནས་མཁས་པ་དང། །བུད་མེད་བྱིས་པའི་བར་དག་གི་།ཤེས་པར་གྱུར་པའི་དངོས་རྣམས་ལ། །མ་ལུས་ཡང་དག་འཇུག་པར་འགྱུར། །ཞེས ་གསུངས་སོ། །རྟགས་ཏེ་བུམ་པ་ལྟ་བུ་བྱེ་བྲག་ཅིག་ལ་ཕྱིར་རྒོལ་བ་མཁས་པས་ནི་མངོན་སུམ་དང་ཆ་ཤས་བཅུར་སྣང་སྟེ། གཅིག་མ་ཡིན་པར་རྟོགས་ལ། བསྟན་བཅོས་ལོག་པ་ལ་གོམས་པས་བློ་བསླང་པ་ལ་སོགས་པ་མི ་མཁས་པ་རྣམས་ཀྱི་རྗེས་སུ་དཔག་པའི་སྒོ་ནས་འགྲུབ་སྟེ། འདི་ལྟར་རྟགས་དེ་མཐུན་པར་སྣང་བའི་ཆོས་ཅན་ལ་བཞག་པས། ཁས་བླང་ནི་དགོས། མཐོང་བ་ཙམ་གྱིས་དེས་པ་ནི་མ་སྐྱེས་པ་དེ་ཐེ་ཚོམ་མེད་ན་རགས་པས་བུམ་པ ་ནས་རྡུལ་ཕྲ་རབ་ལ་ཐུག་གི་བར་དུ་ཡིད་རབ་ཏུ་བཏུད་ནས། ཕྱོགས་ཆ་བཅུ་འམ། དྲུག་གམ་བཞིར་བརྟགས་ནས་གཅིག་དང་བྲལ་བར་ངེས་པ་སྐྱེ་ལ། དེ་ལ་ཐེ་ཚོམ་ཟ་ན་ཡིད་རབ་ཏུ་བཏུད་ནས་བལྟས་ལ། ཕྱོགས་ཆ་བཅུར་ཕྱེ་བས་གཅིག ་ཏུ་མ་མཐོང་ངོ། །དེ་མི་སྣང་བས་ཆ་ཤས་མེད་པའི་དུ་མར་ཐེ་ཚོམ་ཟ་བའི་རྒྱུ་མེད་དེ། དེ་མ་མཐོང་བས་གཅིག་དང་དུ་མ་དང་བྲལ་བའི་རྟགས་རྗེས་སུ་དཔག་པའི་སྒོ་ནས་གྲུབ་པ་མ་ཡིན་ནོ། །དོན་དམ་པའི་གཅིག་དང་དུ་མ་ཞེས་བྱ་བ་དང་ཆ ་ཤས་མེད་པའི་གཅིག་དང་དུ་མ་ཞེས་བྱ་བ་དོན་ཐ་དད་པ་མ་ཡིན་ནོ། །དེ་མ་མཐོང་བའི་ཤེས་པ་མ་སྐྱེད་པས་བདག་ཉིད་ཀྱང་གཅིག་དུ་མ་དང་བྲལ་བའི་ཤེས་པའི་ཐ་སྙད་མི་སྐྱེ་ལ། གཞན་སྒྲའི་ཐ་སྙད་ཀྱང་མི་བརྗོད་དེ། དེ་ནི་ངེས་པ་བསྔོན་དུ ་འགྲོ་བར་བསྟན་པར་བསྟན་ཟིན་ཏོ། །ཁ་ཅིག་དེ་ལ་འོ་ན་ནི་གཏན་ཚིགས་དོན་དམ་པ་ལ་བཞག་པར་འགྲོ་སྟེ། དེས་ན་གྲུབ་པའི་མཛའ་སྤངས་ནས། ཇི་ཙམ་སྣང་བའི་ཆ་ལ་བཞག་པ་དང་འགལ་བ་དང། རང་བཞིན་མེད་པ་དང། ཐ་དད ་པ་མ་ཡིན་པས་དམ་བཅས་པའི་ཕྱོགས་གཅིག་གཏན་ཚིགས་སུ་བླངས་པས་ཡང་ན་མ་གྲུབ། གྲུབ་ན་རྟགས་ཀྱི་རྗེས་སུ་འབྲང་བར་དོན་མེད་པར་འགྱུར་བའི་ཉེས་པ་ཡོད་དོ་ཞེ་ན། དེ་ལ་སྨྲས་པ། ཇི་ཙམ་སྣང་བའི་ཆ་ལ་འཇོག་།ཅེས་བྱ་བ་ཡང་གཞན ་གྱི་དོན་གྱི་རྗེས་སུ་དཔག་པའི་དུས་སུ་མཐུན་པར་སྣང་བ་ལས་སྒྲ་སྦྱོར་གྱི། རང་གི་དོན་གྱི་རྗེས་སུ་དཔག་པ་ལ་ནི་ཆོས་ཅན་མངོན་སུམ་དུ་སྣང་བ་ལ་གཏན་ཚིགས་ཀྱང་མངོན་སུམ་དང་རྗེས་སུ་དཔག་པས་གཅིག་དང་བྲལ་བར་ངེས་པ་སྐྱེས་མཐོང་བ་ཡོད། མཐུན ་པར་སྣང་བ་མ་ཡིན་པ་ལ་ཆོས་ཅན་དང་གཏན་ཚིགས་འཇོག་པ་ཡོད་དོ། །དཔེར་ན་རྡུལ་ཕྲ་རབ་ལྟ་བུའོ། །དེ་དངོས་པོ་ལ་གནས་པས་མཐུན་པར་སྣང་བ་ཡིན་ནོ་ཞེ་ན། དེ་ནི་མི་རིགས་ཏེ། ཉི་ཟེར་གྱིས་ནི?་རྡུལ་གཅིག་ལ། །ཕྲ་རབ་རྡུལ་ནི་འབུམ་ཕྲག་བརྒྱད།། ་ཁྲི་ཕྲག་ཉིས་དང་སྟོང་ཕྲག་གསུམ། །རྒྱ་ཕྲག་ལྔ་དང་བཞི་བཅུ་གསུམ། །དེ་ལྟ་བུའི་ཆ་དེ་མཐུན་པར་སྣང་བ་ཡིན་ནམ། དེ་ལྟ་བས་དགོས་པ་འདི་རྣལ་འབྱོར་པའི་རྟོགས་པ་གསལ་བར་བྱ་བ་དང། ཐེ་ཚོམ་གྱི་ཟུག་རྔུ་དབྱུང ་བའི་དགོས་པ་ཡོད་ལ་དགོངས་པ་ནི་མངོན་སུམ་མ་གྱུར་པ་བློས་གཞིགས་པའི་དུམ་བུ་ཤིན་ཏུ་འཕྲ་བ་ལ་དགོངས་པའོ། །དམ་བཅས་པའི་ཕྱོགས་གཅིག་ཅེས་བྱ་བ་འདི་ཡང་ཉེས་པ་མེད་དེ། འདི་སྐད་དུ། གཏན་ཚིགས་འདི་ལ་ནི་དམ་བཅས ་པའི་ཕྱོགས་གཅིག་པ་ཡང་མེད་དེ། གྲུབ་པའི་ཡུལ་གྱིས་ཡུལ་ཅན་ཤེས་པ་དང། སྒྲ་དང་ཐ་སྙད་རྣམས་སྒྲུབ་པའི་ཕྱིར་ཏེ། དཔེར་ན་འདི་ནི་བ་ལང་སྟེ། ལྐོག་ཤལ་ལ་སོགས་པ་འདུས་པའི་བདག་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་དང་འདྲ་བར་ཇི་སྐད ་སྨྲས་པའི་འཐད་པ་རྣམས་ཀྱི་གཅིག་དང་དུ་མའི་རང་བཞིན་དང་བྲལ་བར་བསྟན་དུ་ཟིན་ཀྱང་གང་དག་ཐོག་མ་མེད་པའི་འཁོར་བ་ན་ཕྱིན་ཅི་ལོག་གཅིག་ནས་གཅིག་ཏུ་བརྒྱུད་དེ། དངོས་པོ་ལ་མངོན་པར་ཞེན་པ་ཡོངས་སུ་འཕེལ་བ་སྤང ་བར་དཀའ་བ་དང། ཚུལ་བཞིན་ཡིད་ལ་བྱེད་པས་གོམས་པར་མི་བྱེད་པའི་ཕྱིར། ཡང་དག་པར་དངོས་པོ་མཛའ་དག་ལ་ཁྱབ་པའི་རང་བཞིན་མེད་པར་མི་སེམས་མི་བརྗོད་ཅིང། གཞན་དག་ལ་ཡང་ངེས་པ་བསྐྱེད་པར་འདོགས་པར་མི ་བྱེད་དེ་དག་ལ། འདི་དེ་ལྟར་ཤེས་པ་སྒྲ་དང་ཐ་སྙད་ཀྱི་ཡུལ་ཉིད་སྒྲུབ་སྟེ། དམིགས་སུ་ཡོད་པའི་མཚན་ཉིད་དུ་གྱུར་པ་ལས། མི་དམིགས་པས་མེད་ཅེས་བྱ་བ་ལྟ་བུའོ། །ཞེས་གསུངས་ཀྱི། གཏན་ཚིགས་ནི་མ་ཡིན་པར་དགག་པ་ཡིན་པས་སྣང་བ ་ཡིན་ལ། བསྒྲུབ་བྱ་ནི་མེད་པར་དགག་པ་ཡིན་པས་ཉེས་པ་མེད་ཅེས་ནི་མི་གསུང་ངོ། །དེ་ལྟ་མ་ཡིན་ན་བདག་ཉིད་གཅིག་པར་ཡང་ཇི་ལྟར་རུང། འོ་ན་མཐུན་པའི་དཔེ་ལ་ནི་མ་ཡིན་པར་དགག་པའི་སྒྲར་སྦྱོར་ལ། དེ་དང་མཐུན་པར་ཕྱོགས ་ཀྱི་ཆོས་སྨོས་པ་བ་ཁྱད་པར་དུ་མེད་པ་ཡིན་པས་ཅི་རྟོགས་ཤེ་ན། གཟུགས་བརྙན་ལ་ནི་དོན་བྱེད་ནུས་པའི་གཅིག་དང་དུ་མ་དང་བྲལ་བར་བསྒྲུབ་ལ། བསྒྲུབ་བྱའི་ཆོས་ཅན་ལ་ནི་དགག་རྒྱུ་དེ་ཉིད་ལས་ཏེ། ཀུན་བརྟགས་པ་ནི་གཞན་གྱི་བཀག་ཟིན་ཏོ། །དེ ་བས་ན་བསྡུས་པ་དང་ཤུགས་ཀྱིས་གོ་བའི་སྦྱོར་བ་ཞེས་བྱ་བ་ཡིན་ཏེ། མིང་དེ་ལྟ་བུ་ནི་ཐེག་པ་བསྡུས་པ་ལས་གསུངས་སོ། །ཤུགས་ནི་འབྲེལ་པའི་ཤུགས་སོ། །དོན་དམ་པར་རང་བཞིན་མེད་དོ། །ཞེས་སྨྲས་པས་ནི་བསྒྲུབ་པར་བྱ་བའི་ཆོས་བསྟན་ཟིན་ཏོ།། ་དེ་ཡང་ཡང་དག་པའི་ཤེས་པའི་བསམ་པའི་དབང་གིས་འདི་ཉིད་རང་བཞིན་མེད་པ་ཡིན་གྱི། ཀུན་རྫོབ་ཀྱི་ཤེས་པའི་བསམ་པའི་དབང་གིས་ནི་མ་ཡིན་ནོ། །དེ་ལ་ཁ་ཅིག་ན་རེ་རང་བཞིན་ཞེས་བྱ་བ་ནི་རྟག་པ་རྒྱུ་དང་རྐྱེན་གྱིས་མ་སྐྱེད་པ། རིགས་པས་མི་གནོད་པ་བློས་མ་བརྟགས ་པ་ལ་ཟེར་བ་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས། གལ་ཏེ་རང་བཞིན་གྱིས་ཡོད་ན། །དེ་ནི་མེད་པ་ཉིད་མི་གྱུར། །རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པ་མ་ཡིན་ནོ། །རང་བཞིན་དག་ནི་ཇི་ལྟ་བུར། །བྱས་པ་ཅན་ཞེས་བྱ་བར་འགྱུར། །རང་བཞིན་བྱས་པ་མ་ཡིན?།། ་ཕ་རོལ་ལ་ཡང་བལྟས་པ་མེད། ཅེས་བྱ་བ་ལ་སོགས་པ་གསུངས་པས་དེ་མེད་ཀྱི། །རྟེན་ཅིང་འབྲེལ་པར་འབྱུང་བ་ནི་སྣང་ངོ་ཞེ་ན། དེ་ལ་སྨྲས་པ་བདེན་ཏེ། འོན་ཀྱང་རིགས་པ་བྱ་བ་ཅི་ལ་བྱ་ཡང་དག་པའི་ཤེས་པ་ཡིན་ནོ་ཞེ་ན། དེ་ལ་སྣང་ངམ་ཞེས་དྲིས་པ་ན་སྣང་ཞེས ་ཟེར་ན། དེ་ཉིད་རིགས་པས་མི་གནོད་ཅིང་གྲུབ་པས་དོན་དམ་པ་ཞེས་བྱ་སྟེ། ཀུན་རྫོབ་ནི་མ་ཡིན་ནོ། །འོན་ཏེ་བསྒྲུབ་བྱ་ཁོང་དུ་ཆུད་པར་བྱེད་པའི་དུས་སུ་སྤྱི་རྗེས་སུ་དཔག་པ་ཡིན་པས་སྣང་ངོ་ཞེ་ན། དམ་བཅའ་བ་དང། ཕྱོགས་དང། བསྒྲུབ་པར་བྱ་བ་དང། ་རྗེས་སུ་དཔག་པར་བྱ་བ་ནི་གཅིག་སྟེ། དོན་དམ་པར་རང་བཞིན་མེད་པ་དང། ཀུན་རྫོབ་ཏུ་སྣང་བ་གཉིས་སུ་དམ་བཅས་པ་ལ་སོགས་པ་ཡིན་གྱི། ཤེས་པ་གཅིག་ལ་གཉིས་སྣང་བ་ནི་མ་ཡིན་ཏེ། ཆོས་ཅན་སྣང་ན་ཆོས་ཉིད་ཅེས་ཇི་སྐད་དུ་བྱ། མི་རྟག་པ་ནི ་དངོས་པོ་ཡིན་པས་འགལ་བ་ཡིན་ནོ། །ཆོས་ཅན་མེད་ན་ཆོས་ཉིད་དེ་གང་ཡིན་སྙམ་ན། གཏན་ལ་འབེབས་ཙམ་ན་འདི་ཆོས་ཉིད་སྤྲོས་པ་དང་བྲལ་ཞེ་འམ། རང་བཞིན་མེད་ཅེས་ཐ་སྙད་འདོགས་ཀྱི། གཏན་ལ་ཕེགས ་ཏེ་རྗེས་སུ་དཔག་པའི་ཤེས་སྐྱེ་ཙམ་ན། ཆོས་ཉིད་དུ་མི་འཛིན་པས་ཉེས་པ་མེད་དོ། །འོན་ཀྱང་ཆོས་ཅན་དེ་ཉིད་སྤྲོས་པ་དང་བྲལ་བས་བྱེ་བྲག་ཏུ་བྱས་པའི་ཆོས་ལ་དམིགས་པའི་སྒོ་ནས་ཅི་ཞེས་བྱ་བ་འགལ་བ་མེད་དོ། །དེ་བས་ན་ཀུན ་རྫོབ་དེ་ཉིད་ཡང་དག་པའི་ཤེས་པས་རང་བཞིན་མེད་པར་རྟོགས་པ་ཡིན་ཏེ། གཞན་དུ་ན་འདི་ཀུན་རྫོབ་ཡིན་པར་ཅིས་གྲུབ་དེ་སྐད་དུ། འཇམ་དཔལ་གནས་པ་ལས། འདས་པ་གང་མ་འོངས་དང། ད་ལྟར་བྱུང་ཆོས་བརྗོད་པ ་ནི། །དོན་གྱིས་མ་ཡིན་ཐ་སྙད་ཙམ། །ཞེས་གསུངས་ཏེ། དེས་ནི་དོན་དམ་པར་མ་གྲུབ་པས་ཀུན་རྫོབ་ཙམ་ཡིན་ཞེས་གསུངས་སོ། །གཅིག་དང་སྣ་ཚོགས་མཚན་ཉིད་མིན་ཞེས་གསུངས་པ་དེས་ནི་དོན་དམ་པར་ཀུན་རྫོབ་དེ་ཉིད་གཅིག་དང ་དུ་མ་དང་བྲལ་ཞེས་གསུངས་པའོ། །དེ་བས་ན་དེ་ཉིད་རང་བཞིན་མེད་དོ་ཞེས་གསུངས་པའོ། །འོ་ན་ཡོད་པས་བཀག་ནས་མེད་པ་འཛིན་ནོ་ཞེ་ན། མཚན་ཉིད་མེད་པར་གང་རྟོགས་པ། །དེ་དག་ཉིད་ནི་མཚན་ཉིད་འགྱུར་ཞེས་གསུངས་ཏེ། དེས་ན་མེད་པ ་ཞེས་བྱ་བཙིར་ཡང་མ་གྲུབ་ཅེས་བསྟན་ཏེ། འཕགས་པ་ཆོས་ཀུན་འགྲོ་བ་ལས་ཀྱང། བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས། བྱང་ཆུབ་སེམས་དཔའ་བློ་གྲོས་རྣམ་པར་གནོན་པ་ལ་སྨྲས་པ། དེ་ལ་ཇི་ལྟར་ན་བདག་མེད་པས་སྟོང་པ་ཉིད་ཁོང ་དུ་ཆུད་པར་བྱ་ཞེ་ན། སྟོང་པ་ཉིད་ནི་དངོས་པོ་ཡང་མ་ཡིན་དངོས་པོ་མེད་པ་ཡང་མ་ཡིན་ནོ། །གལ་ཏེ་སྟོང་པ་ཉིད་དངོས་པོ་ཡིན་དུ་ཟིན་ན་ནི། སྟོང་པ་ཉིད་འདུས་བྱས་དང་མི་རྟག་པར་འགྱུར་རོ། །འོ་ན་ཏེ་སྟོང་པ་ཉིད་དངོས་པོ་མེད་པ་ཉིད་ཡིན་དུ་ཟིན ་ན་ནི། སྟོང་པ་མི་སྟོང་པར་འགྱུར་ཏེ། དེ་ཅིའི་ཕྱིར་སྟོང་པ་ཉིད་དངོས་པོ་ཡང་མ་ཡིན། དངོས་པོ་མེད་པ་ཡང་མ་ཡིན་ཏེ། དེ་ལྟར་ན་བདག་མེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱ་ཞེས་གསུངས་སོ། །འོ་ན་ཅིར་ཡང་མ་གྲུབ་མི་གསུངས་བར ་མེད་ཅེས་མི་གསུང་བ་སྙམ་པ་ལ། འཕགས་པ་ཀླུ་སྒྲུབ་ཀྱི། འདི་ནི་དེ་ཉིད་འགོག་པ་སྟེ། མེད་པ་ཉིད་དུ་མི་བཟུང་ངོ། །དཀར་པོ་མིན་ཞེས་བསྟན་པ་ན། ནག་པོ་ཡིན་ཞེས་མ་བརྗོད་བཞིན། ཞེས་གསུངས་སོ། །འབྲེལ་པ་ལ་ནི་ལོག་རྟོག་ཞིག་།བསྒྲུབ་བྱའི ་གཏན་ཚིགས་ལོག་རྟོགས་དང། །བསྒྲུབ་བྱ་ཉིད་ལ་ལོག་རྟོག་པ་དང། །དེ་དག་སུན་དབྱུང་མདོར་བསྟན་པ། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །དེ་ལ་བསྒོམ་པ་ལ་ལོག་པར་རྟོག་པ་ནི་གཉིས་ཏེ། བསྒོམ་པ་དང། དེའི་རྟགས་སོ། །གོང་མ ་ལ་གཉིས་ཏེ། དམིགས་དང་ཤེས་པའོ། །དམིགས་པ་ལ་ནི་ཁ་ཅིག་ན་རེ་ད་ལྟ་ནི་རྒྱུའི་དུས་ཚིགས་ཡིན་ཏེ། ཐོས་སེམས་ཙམ་ཤེས་བྱ་སྟེ། སྒོམ་དུ་མི་འདོད་དོ། །དཔེར་ན་རྡོའི་སྟེང་དུ་ས་བོན་འདེབས་པ་དང་འདྲའོ་ཞེས་ཟེར་རོ། །དེ་ལ་སྨྲས ་པ་དེ་བས་ན་ཁྱད་པར་ཅན་གྱི་རྒྱུ་ལ་ནན་ཏན་བྱ་དགོས་པས་བསྒོམ་མོ། །འོན་ཏེ་ངའི་སེམས་འདུག་ཏུ་མི་འདོད་དོ། །ཞེ་ན། དེ་ཙམ་གྱིས་གཞན་དགག་ཏུ་མི་འདོད་དོ། །རྟོགས་པ་དང་ལྡན་ཡིད་ཆེས་པའི་སྔ་ན་ཉམས་སུ་མྱོང་བ་སྨྲ་བ་ལས་རྗེས་སུ་དཔག་པར ་ནུས་སོ། །འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང། ལྔ་བརྒྱ་ཐ་མའི་དབང་དུ་མཛད་ནས། དེའི་ཚེ་ན་ཏིང་ངེ་འཛིན་འཛིན་པ་དག་།ལྔ་བརྒྱ་ལས་ནི་མི་ཉུང་འབྱུང་བར་འགྱུར་ཞེས་གསུངས་སོ། །ཁ་ཅིག་ན་རེ་ཆོས་ཅན་གཉིས་བསྒོམ་མོ་ཞེས་ཟེར་ཏེ། ་དེ་ལ་སྨྲས་པ། དེ་ནི་མི་རྟག་པ་ཙམ་ཤེས་པ་ཡིན་གྱི། སྤྲོས་པ་དང་བྲལ་བ་ཡེ་མ་གོ་བ་ཡིན་བས་རེ་ཞིག་བཞག་སྟེ་ཟབ་མོའི་སྣོད་མ་ཡིན་ནོ། །ཁ་ཅིག་ན་རེ་ཆོས་ཉིད་ཀྱི་རང་གི་མཚན་ཉིད་ཁོ་ན་བསྒོམ་མོ། །དེ་བས་ན་ཇེ་གསལ་ཇེ་གསལ ་བསྐྱེད་དབྱུང་བ་ཡིན་ཏེ། སྤྱིའི་རྣམ་པ་ལ་གསལ་བ་མེད་དོ་ཞེས་ཟེར་ཏེ། འོ་ན་བདེན་པ་མཐོང་བ་ཐལ་བར་འགྱུར་རོ། །དེ་ཡོན་ཏན་གྱིས་མི་མཉམ་པ་ཡིན་ནོ་ཞེས་ཟེར་ན། དེ་ཉིད་ཀྱི་ཕྱིར་ཁས་མི་ལེན་ཅིང་སྤྱིའི་རྣམ་པ་ལ ་ཡང་ཇེ་གསལ་ཇེ་གསལ་འགྲོ་བར་ལུང་ལས་ཀྱང་གསུངས་ཏེ། དེ་བཞིན་གཤེགས་པའི་སྐུ་གཟུགས་ཐོས་པ་སེམས་ལ་བཞག་པས་མཐོང་བ་དང་འདྲ་བར་འོང་ཞེས་གསུངས་ལ། རིགས་པས་ཀྱང་ཚུལ་ཁྲིམས་རྣམ་པར་དག་པ ་ཡིད་བསྟན་པའི་ཚིག་ལས་རྗེས་སུ་དཔག་པར་ནུས་སོ། །འོན་ཏེ་རིགས་པ་དྲུག་ཅུ་པ་ལས་སྤྱིའི་མཚན་ཉིད་ཀྱི་རྣམ་པ་ལ་བསྒོམ་པའི་སྦྱོར་བ་གྲུབ་པའི་ངོ་བོའི་ཡུལ་རང་གི་མཚན་ཉིད་མི་འཐད་དེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར། དེའི་ཚིག་ནི་འབྲེལ ་པ་མེད་ཅེས་གསུངས་སོ། །ཞེ་ན། དེ་ལ་དངོས་པོར་སྨྲ་བ་ལ་སྐྱོན་སྨྲས་པ་ཡིན་ཏེ། རང་གི་མཚན་ཉིད་རྗེས་སུ་གྲུབ་པ་དང་དངོས་ཀྱི་སྤྱི་རྫས་སུ་མ་གྲུབ་པ་གཉིས་ཐ་དད་པས་གཞན་བསྒོམས་པས་གཞན་ཐོབ་པར་ཐལ་བར་འགྱུར་རོ། །ཁ ་ཅིག་ན་རེ་དོན་གྱི་སྤྱིའི་རྣམ་པ་ཁོ་ན་བསྒོམ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། རྣམ་པ་ཇི་ལྟ་བུ་ཞིག་ཡིན། ཅིར་ཡང་མ་གྲུབ་པ་སྙམ་པ་དེ་ཙམ་ཞིག་ཡོད་པར་འཇོག་སྟེ། དེ་ཆོས་ཉིད་ཀྱི་རྣམ་པ་ཡིན་ནོ་ཞེས་ཟེར་ན། དེ་ཆོས་ཉིད་ཀྱི་རྣམ་པ་མ་ཡིན ་ཏེ། སྤྲོས་པ་ཡིན་པའི་ཕྱིར་རོ། །ཁ་ཅིག་ན་རེ་དོན་དམ་པའི་བདེན་པ་ཞེས་བྱ་བ་ཡེ་མེད་དེ། ཀུན་རྫོབ་རྟེན་ཅིང་འབྲེལ་པར་འབྱུང་བ་ཇི་ལྟར་གནས་པ་བཞིན་བསྒོམ་མོ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། འོ་ན་ཅིའི་ཕྱིར་ཀུན་རྫོབ་ཅེས་བྱ། རིགས ་པས་སྤྱད་ན་མ་གྲུབ་པས་ཀུན་རྫོབ་ཅེས་ཟེར་ན། འོ་ན་དོན་དམ་པ་མ་གྲུབ་སྟེ། རིགས་པས་གང་ཟག་དང་ཆོས་མ་གྲུབ་པ་ཙམ་དེ་ཉིད་དོན་དམ་པ་མ་ཡིན་ནོ། །འོན་ཏེ་རིགས་པ་ཡེ་མི་འཇུག་སྟེ། གང་ཟག་དང་ཆོས་ལ་བདག་མེད་པ་ཡེ ་མ་གྲུབ་ཟེར་ན། འོ་ན་ཀུན་རྫོབ་ཅེས་ཀྱང་མ་ཟེར་ཅིག་།ཁྱོད་བྱིས་པ་བསྟན་བཅོས་མ་ཐོས་པ་དང་བྱེ་བྲག་མདོ། །དེ་གོམས་པར་བྱ་མི་དགོས་སོ། །དེ་སྐད་དུ། ཟླ་བའི་སྙིང་པོའི་ལེའུ་ལས་འབྱུང་བ། དོན་དམ་པའི་བདེན་པ་ནི་བླ་ན་མེད་པ་ཡང་དག ་པར་རྫོགས་པའི་བྱང་ཆུབ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་ནོ། །དེ་བས་ཀུན་རྫོབ་ཀྱི་བདེན་པ་གང་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགེ་བའི་རྩ་བའི་ཚོགས་ཀྱི་མཆོག་བསྒྲུབ་མི་ནུས་སོ།། ་ཟླ་བའི་སྙིང་པོ་འདི་ལྟ་སྟེ། དཔེར་ན་མེ་སྟག་གང་གིས་རྒྱ་མཚོ་ཆེན་པོ་ཟབ་མོ་སྐེམས་མི་ནུས་སོ། །ཟླ་བའི་སྙིང་པོ་དེ་བཞིན་དུ་ཀུན་རྫོབ་ཀྱི་བདེན་པ་གང་གིས་ཀྱང་རང་གི་ཉོན་མོངས་པའི་རྒྱ་མཚོ་སྐེམ་པར་མི་ནུས། སེམས་ཅན་གཞན་རྣམས་ཀྱི ་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་སོ། །ཁ་ཅིག་ན་རེ་དོན་དམ་པའི་བདེན་པ་ནི་ཡེ་མི་བསྒོམ་སྟེ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས། དོན་དམ་པའི་བདེན་པ་ནི་གང་ལ་སེམས་རྒྱུ་བ་ཡང་མེད་ན་ཞེས་གསུངས་པས། སེམས་ཀྱི་བསྒོམ ་དུ་མི་འདོད་དོ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། སྣ་ཚོགས་པའི་ཕྱིར་སེམས་པ་དང། དོན་ལ་སེམས་པའི་ཕྱིར་སེམས་དང། བེམ་པོ་ལས་ལོག་པའི་ཕྱིར་སེམས་ཀྱི་བདེན་ན། གང་གི་ངོ་བོ་གང་ཡིན་པ་དེའི་རྣམ་པར་བྱུང་བ་དེས་མི་རྟོགས་ཞེས ་ནི་བྱར་མི་རུང་སྟེ། རྣམ་པར་མི་རྟོགས་པའི་ཡེ་ཤེས་ཀྱི་ཤེས་བྱ་དང་ཁྱད་པར་མེད་པ་ཆོས་ཐམས་ཅད་ནམ་མཁའ་ཨི་དཀྱིལ་ལྟར་མཐོང་ངོ་ཞེས་གསུངས་པ་དང། རྟགས་ཀྱི་སྟོབས་ཀྱིས་དོན་ལ་དེས་པ་ནི་སླུ་བར་མི་འགྱུར་རོ་ཞེས་གསུངས ་སོ། །ཁ་ཅིག་ན་རེ་ཡོད་པ་བཀག་ལ་མེད་པ་བསྒོམ་མོ་ཞེས་ཟེར་ན། དེ་ལ་སྨྲས་པ། དེ་ཕུང་པོ་ལ་སོགས་པའི་ཆོས་ཡིན་ནམ། གལ་ཏེ་ཡིན་ནོ་ཞེ་ན། མེད་པ་དེ་དོན་དམ་པའི་བདེན་པ་ཡིན་ནམ། འོན་ཏེ་ཀུན་རྫོབ་ཀྱི་བདེན་པ་ཡིན། གལ་ཏེ་དོན་དམ་པའི ་བདེན་པ་ཡིན་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡིན་ཏེ། ཆོས་ཐམས་ཅད་བསམ་དུ་མེད་ཅིང་སེམས་པ་མེད་པ། རིན་པོ་ཆེ་བསགས་པ་བསྟན་པའི་མདོ་ལས། འཇམ་དཔལ་གྱིས་གསོལ་པ། གང་ཅི་ལ ་ཡང་མི་གནས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས་སོ་ཞེས་གསུངས་ཏེ། དེ་དང་འགལ། །ཡོད་པ་བཀག་ནས་མེད་པ་དོན་དམ་པ་ནི་མདོ་གང་ན་ཡང་མི་བཞུགས་སོ། །མེད་པ་ནི་དོན་དམ་པའི་བདེན་པ་མ་ཡིན་ཏེ། དེ་སྐད ་དུ། འཕགས་པ་ཀླུ་སྒྲུབ་ཀྱིས། གལ་ཏེ་དངོས་པོ་མ་གྲུབ་ན། དངོས་པོ་མེད་པ་འགྲུབ་མི་འགྱུར། །དངོས་པོ་གཞན་དུ་གྱུར་པ་ནི། །དངོས་པོ་མེད་ཅེས་སྐྱེ་བོ་སྨྲ་ཞེས་གསུངས་སོ། །སྐྱེ་བོ་སུ་དག་སྨྲ་ཞེ་ན། རྒྱལ་དཔོག་པ་ལ་སོགས ་པའོ། །དེ་སྐད་དུ། གནས་བརྟན་གཞོན་ནུ་མ་ལེགས་ཀྱིས། །འོ་མ་དག་ལ་ཞོ་སོགས་མེད། །དེ་ནི་སྔ་ནས་མེད་ཅེས་བྱ། །ཞོ་ལའོ་མ་མེད་པ་ནི། །ཞིག་ནས་མེད་པའི་མཚན་ཉིད་དོ། །མགོ་ཡིས་ཡན་ལག་འཇོད་པ་དང། །སྐྱེ་དང་སྲན་པ ་རྣམ་སྤངས་པ། །རི་བོང་རྭ་ལ་སོགས་དངོས་སུ། །དེ་ནི་གཏན་མེད་བརྗོད་པ་ཡིན། །བ་ལང་ལ་ནི་རྟ་སོགས་མེད། །དེ་ནི་གཅིག་ལ་གཅིག་མེད་བརྗོད། །ཅེས་སྨྲས་སོ། །དེ་དག་ལས་གང་ཞིག་ཡིན་པར་འདོད། །གང་ཁས་བླངས་ཀྱང་ཆོས་ཉིད ་མ་ཡིན་ནོ། །འོན་ཏེ་ཀུན་རྫོབ་ཀྱི་མེད་པ་ཡིན་ནོ། །ཞེ་ན། དེ་མངོན་སུམ་རང་འགལ་བ་སྐུར་བ་འདེབས་པ་སྨྲ་བས་ར་ཞིག་བཞག་གོ་།དེ་བས་ན་བདེན་པ་གཉིས་ཀྱིས་མ་བསྡུས་པ་བཀའ་དང་བསྟན་བཅོས་དང་འགལ་བ་སྨྲ་བ་དེ་ལ་ཟློག་པར ་བྱེད་པ་སུ་ཞིག་ཡོད། ཁ་ཅིག་ན་རེ་ཀུན་རྫོབ་ཀྱི་བདེན་པ་བརྫུན་པ་སྐྱོན་དང་བཅས་པ་བསྒོམ་སྟེ། དེ་མི་རྟོགས་པའི་ཡེ་ཤེས་སྐྱེས་ཞེས་ཟེར་ཏེ། དེ་ལ་སྨྲས་པ་ཅིའི་ཕྱིར་ཀུན་རྫོབ་བརྫུན་བསྐྱོན་དང་བཅས་པ་ཞེས་བྱ། གལ་ཏེ ་རིགས་པས་གང་ཟག་དང་ཆོས་མ་གྲུབ་པས་སྣང་བ་འདི་བརྫུན་པ་དང་ཀུན་རྫོབ་ཡིན་ཞེ་ན། འོ་ན་རིགས་པས་གང་ཟག་དང་ཆོས་མ་གྲུབ་པ་ཙམ་དེ་དོན་དམ་པའི་བདེན་པ་ཡིན་པས་དེ་བསྒོམ་མོ། །འོན་ཏེ་མ་གྲུབ་ན་ཅིའི་ཕྱིར་ཀུན་རྫོབ་ཅེས་ ་བྱ། དེ་ནི་ཡང་དག་པར་ཁོ་ན་སྣང་བ་རིགས་སོ། །གཞན་ཡང་ཉན་ཐོས་མདོ་སྡེ་བ་དང་བྱེ་བྲག་དུ་སྨྲ་བ་ཡང་འདུས་པ་རྫས་སུ་མི་འདོད་ན། དབུ་མ་པར་མཁས་འཆེས་ནས་འདུས་པ་རིགས་པའི་ཤེས་པས་གོམས་པར་བྱེད་དམ། དེ་གོམས་པས ་བདེན་པ་མཐོང་ན་བྱིས་པ་ཀུན་གྱིས་བདེན་པ་མཐོང་སྟེ། དེ་སྐད་དུ། འཕགས་པ་ཀླུ་སྒྲུབ་ཀྱིས། ཇི་ལྟར་བྱིས་པ་རྣམས་རྟགས་བཞིན། །དངོས་པོ་དེ་སྟེ་བདེན་འགྱུར་ན། །དེ་དག་དངོས་མེད་རྣམས་ཐུར་དུ། །གང་ཕྱིར་མི་འདོད་རྒྱུ་དེ་ཅི། །ཞེས ་གསུངས་སོ། །སྤྱིར་སུན་དབྱུང་བ་གང་གོམས་པར་བྱས་པ་དེ་ནི་དེའི་བདག་ཉིད་དུ་འགྱུར་ཏེ། དཔེར་ན་དངོས་པོ་ལ་མངོན་པར་ཞེན་པ་ལྟ་བུའོ། །ཡོད་པ་དང་མེད་པ་ལ་སོགས་པར་བྱེད་པ་འདི་དག་ཀྱང་དེའི་བདག་ཉིད་དུ་འགྱུར་ཏེ། །ཞེས་བྱ ་བ་རང་བཞིན་གྱིས་གཏན་ཚིགས་སོ། །དེ་ནི་སོ་སོའི་སྐྱེ་བོའི་ས་ལས་འདའ་བར་མི་འགྱུར་ཏེ། དེ་སྐད་དུ། སློབ་དཔོན་ཉིད་ཀྱིས་ཡོད་པས་རྣམ་པར་མི་གྲོལ་ཏེ། མེད་པས་སྲིད་འདི་ལས་མིན་ཞེས་གསུངས་སོ། །ཡང་སོ་སོའི་སྐྱེ་བོའི་དངོས་བདག་ཅན།། ་ཡོད་དང་མེད་པར་ཕྱིན་ཅི་ལོག་།ཉེས་པས་ཉོན་མོངས་དབང་གྱུར་པ། །རང་གི་སེམས་ཀྱི་བསླུས་པར་འགྱུར་ཞེས་གསུངས་སོ། །ཡང་གསུངས་པ། བློ་ཆུང་གང་དག་དངོས་རྣམས་ལ། །ཡོད་པ་ཉིད་དང་མེད་པ་ཉིད། །ལྟོ་བ་དེས་ནི་བལྟ་བྱ་བ། ། ་ཉེ་བར་ཞི་བ་མི་མཐོང་སྟེ། །དམུས་ལོང་བཞིན་ནོ་ཞེས་གསུངས་སོ། །ཁ་ཅིག་ན་རེ་རང་བཞིན་མེད། །རང་བཞིན་མེད་ཅེས་བྱ་བ་ཡིད་ཀྱི་འདས་པ་གཅིག་བསྒོམ་མོ། །ཞེས་ཟེར་ཏེ། དེ་ལ་སྨྲས་པ་དེ་དོན་དམ་པའི་བདེན་པ་ཡིན་ནམ། འོན་ཏེ། ཀུན ་རྫོབ་ཀྱི་བདེན་པ་ཡིན། གལ་ཏེ་དོན་དམ་པའི་བདེན་པ་ཡིན་ནོ་ཞེ་ན། འདི་ལྟར་གང་ཆ་ཤས་དང་བཅས་པ་དེ་ནི་དོན་དམ་པ་མ་ཡིན་ཏེ། དཔེར་ན་བུམ་པ་ལྟ་བུའོ། །རང་བཞིན་མེད་ཅེས་བྱ་བ་ཡིད་ཀྱི་བཟླས་པ་འདི་ཡང ་ཆ་ཤས་དང་བཅས་པས། རང་བཞིན་གྱི་གཏན་ཚིགས་ཀྱིས་ཀུན་རྫོབ་ཀྱི་བདེན་པ་འམ། ཁྱབ་པར་བྱེད་པ་འགལ་བ་དམིགས་པས་དོན་དམ་པའི་བདེན་པ་མ་ཡིན་པར་བསྒྲུབ་པོ། །གལ་ཏེ་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་གཏན་ཚིགས ་ཐེ་ཚོམ་ཟེ་བའི་མ་གྲུབ་པ་ཡིན་ནོ། །ཞེ་ན། འདི་ལྟར་དེ་ནི་ཁྱོད་ཀྱི་རང་བཞིན་མེད་པ་བརྗོད་པར་བྱའི། །དོན་ལ་འདུག་ཏུ་མི་བཏུབ་པས་བརྗོད་པར་བྱེད་པ་གོམས་པར་བྱས་ན་བརྗོད་བྱའི་དོན་ལན་གཅིག་མངོན་དུ་འགྱུར་རོ་ཞེས་ཁས་བླངས ་པས་རྗོད་བྱེད་ཀྱི་མཛའ་ནི་ཡི་གེ་ཡིན་ཏེ། སྤྱི་དེ་ཡང་རྣམ་པར་རྟོག་པ་ཆ་ཤས་དང་བཅས་པ་ཡིན་ནོ། །འོན་ཏེ་རང་གི་མཚན་ཉིད་ཡིན། །དེ་ཡང་རྐན་ལ་སོགས་པ་སྒྲའི་གནས་བརྒྱད་ཡོད་པས་དེ་ཡང་ཆ་ཤས་དང་བཅས་པའོ། །དེ་ནི་མི་སྲིད ་དེ། ཀློག་མཁན་ཏུ་འགྲོ་བ་དང། རྗོད་བྱེད་མ་ཡིན་པས་ཁས་ཀྱང་མི་ལེན་ནོ། །བརྒྱད་ལ་ཟེར་སྲིད་ན་དེའི་ཚིག་འཇུག་པ་ལ་གནོད་པ་བྱས་པའོ། །ད་ལྟ་བས་ན་དེའི་དོན་དམ་པའི་བདེན་པ་ཡིན་ཏེ། རྗོད་བྱེད་ཡིན་པའི་ཕྱིར་རོ། །དེ་སྐད་དུ། འཕགས ་པ་བློ་གྲོས་མི་ཟད་པས་བསྟན་པ་ལས། དོན་དམ་པའི་བདེན་པ་གང་ལ་སེམས་རྒྱུ་བ་ཡང་མེད་ན། ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་སོ། །དེ་སྐད་དུ། འཕགས་པ་ཀླུ་སྒྲུབ་ཀྱིས། ཡི་གེ་གཅིག་སྔགས་གང་ཡང་མེད། །ཡི་གེ ་མང་པོ་གཞན་ཡང་མེད། །ཡི་གེ་འགས་པ་རྣམས་སྨིན་ཡང་ཞེས་གསུངས་སོ། །ག་ལས་འཇིག་མེད་ལས་ཀྱང། འཕགས་པ་ཀླུ་སྒྲུབ་ཀྱིས། རིགས་པ་མངོན་དུ་བཏང་སྟེ། ཡོངས་སུ་རྟོགས་པས་ནི་དེ་ཁོ་ན་རྟོགས་པར་འགྱུར་རོ། །ཞེས་གསུངས ་སོ། །འོན་ཏེ་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ་ཞེ་ན། དེ་བྱིས་པ་ཀུན་གྱི་ཆོས་ཡིན་པས་རེ་ཞིག་བཞག་གོ་།ཁ་ཅིག་ན་རེ་ཀུན་བརྟགས་པ་ཁོ་ན་བསྒོམ་མོ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། ཀུན་བརྟགས་པ་ནི་ཀུན་རྫོབ་ཏུ་ཡང་རང་གི་ངོ་བོས་མ་གྲུབ་སྟེ། དེ ་ལ་སྐུར་པ་བཏབ་ཀྱང་ཉེས་པ་མེད་དེ། སློབ་དཔོན་ཀ་མ་ལ་ཤཱི་ལས་ཀྱང། རྣམ་པར་མི་རྟོག་པའི་གཟུངས་འགྲེལ་ལས། ཀུན་རྫོབ་ཡང་མེད་པ་ལ་སྐུར་པ་བཏབ་ན། སྐུར་པ་འདེབས་པའི་མཐར་མི་འགྱུར་རོ་ཞེས་གསུངས་སོ། །དེ་བས་ན་ཡང་ཀུན ་རྫོབ་ཏུ་ཡང་དངོས་པོ་ལ་མེད་པ་དེ་གོམས་པས་ཉོན་མོངས་པའི་སྒྲིབ་པ་དང། ཤེས་བྱའི་སྒྲིབ་པ་སྤོང་བར་མི་འགྱུར་རོ། །ཁ་ཅིག་ན་རེ་གཞན་གྱི་དབང་ཁོ་ན་བསྒོམ་སྟེ། བློའི་རྣམ་པ་བསྒོམ་པ་དེ་ཡང་བློ་ཐ་མི་དད་དེ། བློ་གཞན་གྱི་དབང་ཡིན་པ ་བཞིན་ནོ། །ཞེས་ཟེར་ཏེ། དེ་ལ་སྨྲས་པ། འོ་ན་རྟེན་ཅིང་འབྲེལ་པར་འབྱུང་བ་དང་གཞན་གྱི་དབང་ཐ་མི་དད་པས་རྟེན་ཅིང་འབྲེལ་བར་འབྱུང་བ་བསྒོམ་པར་འགྱུར་རོ། །གལ་ཏེ་ཐལ་བར་ནི་འགྱུར་ཏེ། མདོ་ལས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས ་ཆོས་མཐོང། ཆོས་མཐོང་བ་དེས་སངས་རྒྱས་མཐོང་ཞེས་གསུངས་སོ་ཞེ་ན། དེས་ན་ཀུན་རྫོབ་ལ་དགོངས་པ་ཡིན་ནོ། །དོན་དམ་པ་མཐོང་ནས་ལངས་པའི་གནས་སྐབས་སུ་རྟེན་ཅིང་འབྲེལ་བར་འབྱུང་བ་དང། ཆོས་དང་སངས་རྒྱས་པ་ལ་སོགས་པ་འཇོག ་གིས་མཉམ་པར་བཞག་པ་འམ། དོན་དམ་པའི་གནས་སྐབས་སུ་ནི་མ་ཡིན་ནོ། །དེ་སྐད་དུ། འཕགས་པ་བློ་གྲོས་རྒྱ་མཚོས་བསྟན་པ་ལས། གང་དག་རྟེན་ཅིང་འབྲེལ་འབྱུང་བ། །དེ་དག་དངོས་ཉིད་ཅི་ཡང་མིན། །གང་དག་ངོ་བོ་ཉིད་མེད་པ། །དེ་དག་གང་དུ་འང ་འབྱུང་བ་མེད་ཅེས་གསུངས་སོ། །འཕགས་པ་སྡོང་པོ་བཀོད་པའི་མདོ་ལས། དེ་བཞིན་གཤེགས་པས་བཀའ་སྩལ་པ། འཇམ་དཔལ་དབུགས་འབྱིན་པ་ལྔ་པོ་འདི་དག་རྙེད་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྤྱོད་བར་འགྱུར་རོ་ཞེས་བྱ་བ་ནས ་བདག་གི་ཆོས་རྣམས་རྟེན་ཏེ། མི་འབྱུང་བར་མོས་པ་ལ་གནས་པ་སྟེ། གཞན་དག་ཀྱང་ཆོས་རྣམས་བསྟེན་ཏེ་མི་འབྱུང་བར་མོས་པ་ལ་དགོད་པར་བྱའོ། །སྙམ་ནས་དབུགས་འབྱིན་པ་རབ་ཏུ་རྙེད་དེ། དེ་ལ་རྐྱེན་རྣམས ་སྐྱེ་བ་མེད་པའི་རང་བཞིན་པས་ཆོས་རྣམས་སྟོན་ཏེ་མི་འབྱུང་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་ལས་ཀྱང། །སངས་རྒྱས་མེད་ཅིང་ཆོས་དང་དགེ་འདུན་མེད། །དེ་ལྟར་གང་ཤེས་དེ་ནི་མཁས ་པར་འགྱུར་ཞེས་གསུངས་སོ། །ཁ་ཅིག་ན་རེ་ཡོངས་སུ་གྲུབ་པ་ཁོ་ན་བསྒོམ་སྟེ། དེ་དོན་དམ་པ་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཀུན་རྫོབ་ཅིག་བསྒོམ་པར་ཐལ་བར་འགྱུར་རོ་ཞེས་ཟེར་དེ་ལ་སྨྲས་པ། ཡོངས་སུ་གྲུབ་པ་གང་ལ་བྱ། གལ་ཏེ་མི་འགྱུར་བར ་ཡོངས་སུ་འགྲུབ་པ་ལ་བྱའོ་ཞེ་ན། དེ་ཉིད་མི་ཤེས་སོ། །གལ་ཏེ་ཀུན་བརྟགས་པའི་བྱིས་པའི་གནས་སྐབས་དང། འཕགས་པའི་གནས་སྐབས་སུ་སྟོང་བཔར་འདྲ་བས་ན་མི་འགྱུར་བ་ཡོངས་སུ་གྲུབ་པ་སྟེ། ཐག་པ་ལ་སྒྲུལ་དུ་འཁྲུལ་པའི་གནས ་སྐབས་དང། ཐག་པར་མཐོང་བའི་གནས་སྐབས་གཉིས་སྤྲུལ་མེད་པར་འདྲ་བ་བཞིན་ནོ། །ཀུན་བརྟགས་པའི་ཞེས་བྱ་བ་ཇི་ལྟ་བུ་དེ་ཡང་མི་ཤེས་སམ། བདག་དང་བདག་གི་དང། གཟུང་བ་དང། འཛིན་བ་ལ་སོགས་པ་ཚད་མས་གནོད་བཞིན་དུ ་བྱིས་པས་ཡོད་པར་ཀུན་བརྟགས་པའོ། །འོ་མ་ནི་དབུ་མ་བསྒོམ་ཞེས་མི་བྱ་སྟེ། སེམས་ཙམ་བསྒོམ་པ་ཡིན་ནོ། །གལ་ཏེ་མ་ཡིན་ཏེ། དེས་ནི་གཞན་གྱི་དབང་དོན་དམ་པར་འདོད། །དབུ་མ་པས་ནི་རྒྱུ་ཙམ་དུ་འདོད་པ་ཁྱད་ཆེའོ། །སྒྱུ་མ ་བྱ་བ་དོན་དམ་པར་ཤེས་རབ་དང་ཡེ་ཤེས་ཀྱིས་མ་གྲུབ་པས་ཀུན་རྫོབ་དུ་སྣང་བ་ལ་ཟེར་རམ། འོན་ཏེ་རིགས་པའི་ཤེས་པ་ལ་སྣང་བ་ལ་ཡང་བྱ། དེ་ལྟའོ་ཞེ་ན། སྨྲས་པ། དེ་ཀུན་བརྟགས་པ་ཁོ་ན་ཡིན་ཏེ། རིགས་པས་གནོད ་ན། གཞན་དུ་ཡོད་པར་འདོད་པའི་ཕྱིར་གང་ཟག་གི་བདག་བཞིན་ནོ། །དེ་ལྟ་བས་ན་སྒྱུ་མ་ལ་སོགས་པ་ཡང་དོན་དམ་པར་ཐལ་བར་འགྱུར་རོ། །གལ་ཏེ་རིགས་པས་གནོད་པའི་ཕྱིར་གཞན་གྱི་དབང་ནི་མི་བསྒོམ་སྟེ། དེ་དག་གི་ཆོས་ཉིད་? ་ཡེ་ནས་གྲུབ་པ་ནི་བསྒོམ་སྟེ། དེས་ན་སེམས་ཅན་དང་མི་འདྲ་སྟེ། དེ་དག་ནི་ཀུན་བརྟགས་པ་དང་གཞན་གྱི་དབང་གིས་སྟོང་པ་ལ་མི་བསྒོམ་གྱི། ཀུན་བརྟགས་པས་སྟོང་པ་གཅིག་པུ་ཡེ་ནས་གྲུབ་པ་བསྒོམ་མོ། །དེ་ནི་བདེན་ཏེ། འོན་ཀྱང་གཞན་གྱི ་དབང་གིས་ཆོས་ཉིད་ལ་དམིགས་པས་དེ་ཡང་ཡོངས་སུ་གྲུབ་པས་བསྒོམ་པར་འདྲའོ། དེ་ལྟ་བས་ན་དབུ་མ་ནི་ཡོངས་སུ་གྲུབ་པ་ལ་ཡང་མི་དམིགས་ཏེ། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས། ་དོན་དམ་ཡང་དག་འཕགས། །ངས་ངོ་བོ་ཉིད་མེད་པ་གསུམ་ལ་དགོངས་ནས། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྟན་ཏེ། མཚན་ཉིད་ངོ་བོ་ཉིད་མེད་པ་དང། སྐྱེ་བ་ངོ་བོ་ཉིད་མེད་པ་དང། དོན་དམ་པ་ངོ་བོ་ཉིད་མེད་པའོ། །དེ་ལ་མཚན་ཉིད ་ངོ་བོ་ཉིད་མེད་པ་ནི། ཀུན་བརྟགས་ངོ་བོ་ཉིད་མེད་པའོ། །སྐྱེ་བ་ངོ་བོ་ཉིད་མེད་པ་ནི་གཞན་གྱི་དབང་ངོ་བོ་ཉིད་མེད་པའོ། །དོན་དམ་པ་ངོ་བོ་ཉིད་མེད་པ་ནི། དེ་དག་གི་སྟོང་པར་འཛིན་པ་དེ་ཡང་ངོ་བོ་ཉིད་མེད་པའོ་ཞེས་གསུངས་སོ། །འཕགས ་པ་ལང་ཀར་གཤེགས་པ་ལས་ཀྱང། །བློ་ཡིས་རྣམ་པར་གཤིག་པ་ནི། །བརྟགས་པ་མེད་ཅིང་གཞན་དབང་མེད། །གྲུབ་པའི་དངོས་པོ་ཡང་མེད་ན། །བློ་ཡི་ཇི་ལྟར་རྣམ་པར་རྟག་ཅེས་གསུངས་སོ། །ཁ་ཅིག་ན་རེ་སློབ་དཔོན་ཀླུ་སྒྲུབ་ཀྱིས ་དབུ་མ་ཆེན་པོ་བྱ་བ་ཡིན་ཏེ། དེ་བསྒོམ་པས་ནི་ཐབས་ཀྱང་མི་བསྟེན། ཅི་ལ་ཡང་མི་བྱ་བར་ཟབ་མོ་ཁོ་ནར་ཡིད་ལ་བྱའོ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། དབུ་མ་ལ་ཆེ་ཆུང་ནི་མ་གསུངས་ལ། སློབ་དཔོན་ཉིད་ཀྱིས་མདོ་ཀུན་ལས་བཏུས་ ་ལས། བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་དང་བྲལ་བས་ཆོས་ཟབ་མོ་ལ་བརྩོན་པར་མི་བྱ་སྟེ། དེ་སྐད་དུ། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས། ཐབས་མེད་པས་བཅིངས་པའི ་ཤེས་རབ་བཅིངས་པ་གང་ཞེ་ན། འདི་ལྟ་སྟེ། སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ངེས་པར་རྟོག་ཅིང། མཚན་དང་དཔེ་བྱད་བཟང་པོ་དང་སངས་རྒྱས་ཀྱི་ཞིང་གི་རྒྱན་དང། སེམས་ཅན་ཡོངས་སུ་སྨིན་པར་བྱ ་བ་ལ་ངེས་པར་མི་རྟོག་པ་འདི་ནི་ཐབས་མེད་པས་བཅིངས་པའི་ཤེས་རབ་བཅིངས་པའོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་བསྟན་ཏོ། །ཁ་ཅིག་ན་རེ་ཐེག་པ་མཆོག་གི་གནས་སྐབས་ན་ཡོད་པ་དང་མེད་པ་ལ་སོགས་པ་ཅིར ་ཡང་མི་བསྒོམ་ཞེས་ཟེར་ཏེ། དེ་ལ་སྨྲས་པ་དེ་ཉིད་ཀྱི་དབུ་མ་ལ་ཡོད་མེད་དུ་བསྒོམ་པ་མེད་པར་སྨྲས་པ་ཡིན་ཏེ། དབུ་མ་ལ་ནི་ཐེག་པ་མཆོག་དང་མཆོག་མ་ཡིན་པར་ཕྱེ་བ་ནི་ཆོས་གང་ལ་ཡང་མེད་དོ། །ཁ་ཅིག་ན་རེ་ཁྱེའུའི་ཁྱེའུ ་དབྱུང་བའི་ཚུལ་དུ་ཞེས་གསུངས་སོ། །སྔོན་ལ་མེད་པ་བསྒོམ། །དེ་ནས་ཅི་ཡང་མ་ཡིན་པ་ལ་བསྒོམ་ཟེར་ཏེ། །དེ་ལ་སྨྲས་པ། དོན་དམ་བདེན་པ་ལ་རིམ་གྱིས་འཇུག་པའི་ཕྱིར་མེད་པ་བསྒོམ་པ་ལ། གསུངས་པ་མ་ཡིན་ཏེ། སྒོམ་པའི ་རིམ་པ་དང་པོར་མཛད་པ་ལས། ཉན་ཐོས་ལ་སོགས་པའི་ལམ་བསྟན་པ་ནི། གཞན་པ་ལ་ལྡེམ་པོར་དགོངས་ནས། ཁྱེའུས་ཁྱེའུ་དབྱུང་བ་བཞིན་དུ་བསྟེན་པར་མཛད་དོ། །འདི་ལྟར་འདི་དག་ནི་ཕུང་པོ་ལ་སོགས་པ་ཆོས་ཙམ་དུ་མེད་དེ?། ་བདག་མེད་པར་བསྒོམ་ནས་ཉན་ཐོས་གང་ཟག་ལ་བདག་མེད་པ་འཇུག་གོ་།ཁམས་གསུམ་རྣམ་པར་ཤེས་པ་ཙམ་དུ་བསྒོམ་པས། རྣམ་པར་ཤེས་པ་སྨྲ་བའི་ཕྱིར་དོན་མེད་པ་ལ་འཇུག་གོ་།ཚུལ་འདིས་ནི་གཉིས་སུ་མེད་པའི་ཤེས་པ ་དེ་ཡང་དག་མེད་པ་ཉིད་དུ་འཇུག་པས། །བདག་མེད་པ་ཉིད་མཆོག་ལ་ཞུགས་པ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟ་བས་ན་དེ་ལྟ་བུ་ལ་ཁྱེའུས་ཁྱེའུ་དབྱུང་བའི་ཚུལ་དུ་གསུངས་པ་ལས། དབུ་མ་བསྒོམ་པ་ལ་མེད ་པ་བསྒོམ་པས་རིམ་གྱིས་འཇུག་པ་ནི། བཀའ་དང་བསྟན་བཅོས་མཛའ་དག་ལས་མི་སྲིད་དོ། །ཁ་ཅིག་ན་རེ་དབུ་མ་པ་ནི་མཛའ་རྣམས་སྤངས་ནས་དབུས་ལ་བསྒོམ་སྟེ། དེ་ནི་ཆོས་ཉིད་ཇི་ལྟ་བ་བཞིན་བསྒོམ་པ་མ་ཡིན་ཏེ། དེ་ནི་གསང་སྔགས་ན་ལེགས ་པ་ཡོད་དོ། །ཞེས་ཟེར་ཏེ། དེ་ལ་སྨྲས་པ། གསང་སྔགས་ནི་དགག་པ་མི་བྱེད་མོད་ཀྱི། འོན་ཀྱང་དབུ་མ་ནི་དབུས་ལ་མི་གནས་པ་ཏེ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ཡོད་ཅེས་མེད་ཅེས་གཉི་ག་མཛའ་། །དང་དང་མི་དག་གཉི་ག་མཛའ་། །དེ་བས ་དེ་གཉིས་རབ་སྤངས་ནས། །མཁས་པ་དབུས་ལ་འདི་གནས་མི་བྱེད་ཅེས་གསུངས་ཏེ། དེ་ནི་དབུ་མའི་མཁན་པོ་རྣམས་ཀྱིས་དབུ་མའི་བསྟན་བཅོས་ཀུན་ཏུ་དྲངས་སོ། །འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང། རིག་པ་དྲུག་ཅུ་པ་ལས། གང་བློ་ཡོད་དང ་མེད་པ་ལས། །རྣམ་པར་འདས་ཤིང་མི་གནས་པ། །དེ་དག་ཟབ་མོ་དམིགས་མེད་པའི། །རྐྱེན་གྱིས་དོན་ལ་རྣམ་པར་བསྒོམ་ཞེས་གསུངས་ཏེ། ད་ནི་འབྲེལ་པ་ལས། དེ་དག་ནི་བློ་ཡོད་པ་དང་མེད་པར་མཐོང་བ་ལས་འདས་སོ། །མཛའ་གཉིས་དེ་ལས ་ལྷག་པའི་དབུས་མེད་པའི་ཕྱིར་དེ་ལ་ཡང་གནས་པ་མེད་པས་མི་གནས་སོ་ཞེས་གསུངས་སོ། །སློབ་དཔོན་ཀ་མ་ལ་ཤཱི་ལས་ཀྱང། སྒོམ་པའི་རིམ་པ་བར་དུ་མཛད་པ་ལས་ཇི་ལྟར་སེམས་མཛའ་དང་དབུས་མེད་པ་དེ་བཞིན་དུ་ཆོས་མཛའ་ ་དག་ཀྱང་མཛའ་དང་དབུས་མེད་པར་ཁོང་དུ་ཆུད་དོ་ཞེས་གསུངས་ནས། ཡང་ཏིང་ངེ་འཛིན་དེའི་མིང་གདགས་པའི་སྐབས་སུ་མི་གནས་པའི་བསམ་གཏན་པ་ཞེས་བྱའོ། །ཞེས་གསུངས་སོ། །ཁ་ཅིག་ན་རེ་དབུ་མ་པ་ནི་སྟོང་པ་ཕུགས་རིངས ་སྒོམ་སྟེ། སེམས་ཀྱང་མེད་པར་བྱས་ནས་སྟོང་པ་གཅིག་ཡུལ་དུ་བྱེད་དེ། དེས་ནི་བྱང་ཆུབ་མ་ཐོབ་བོ། །འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་ནི། རང་གི་སེམས་ཡོད་མེད་གང་དུ་ཡང་མ་གྲུབ་པ་ཡེ་ནས་རྣམ་པར ་དག་པ་དེ་བསྒོམ་པ་ཡིན་ཏེ། དེ་བྱང་ཆུབ་ཐོབ་ཅེས་ཟེར་ཏེ། དེ་ལ་སྨྲས་པ། དབུ་མ་ནི་འཕགས་པ་ཀླུ་སྒྲུབ་ཀྱིས་གསུངས་པ་སྟེ། དེ་བཞིན་གཤེགས་པས་ཀྱང་འཕགས་པ་ལང་ཀར་གཤེགས་པ་ལས། ང་ནི་མྱ་ངན་འདས་འོག་ཏུ ་ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དང་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་བོང་བ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་ཅིང། །ང་ཡི་བསྟན་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤིག་།རབ་ཏུ་དགའ་བའི་ས་བསྒྲུབས ་པས། །བདེ་བ་ཅན་གྱི་ཞིང་དུ་འགྲོ་།ཚུལ་རྣམས་འཛིན་པར་གྱུར་པ་སྟེ། །དུས་དག་འདས་ནས་འབྱུང་བ་ནི། །བློ་གྲོས་ཆེན་པོ་ཁྱོད་ཤེས་བྱོས། །ཞེས་གསུངས་ཏེ། ཡོད་པ་དང་མེད་པའི་ཕྱོགས་འཇིག་པ་དང་ཐེག་པ་ཆེན་པོ་ཇི་ལྟ་བ་བཞིན་དུ ་བཤད་པ་ཡིན་པར་ལུང་བསྟན་པ་དང། །སྔོན་གྱི་སློབ་དཔོན་ཀ་མ་ལ་ཤཱི་ལ་ལ་སོགས་པས་ཀྱང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསལ་བར་མཛད་པ་ཞེས་གསུངས་པས། བྱང་ཆུབ་ཀྱི་རྒྱུ་མ་ཡིན་པ་གཅིག་དབུ་མའི་ནང་དུ་སྟོན་མི ་སྲིད་དོ། །སྟོང་པ་ཅིག་ཡུལ་དུ་བྱེད་པ་ནི་དབུ་མའི་བསྟན་བཅོས་གང་ལས་ཀྱང་མ་གསུངས་ན། ཅི་ལ་འཁྲུལ། འོན་ཏེ་སེམས་སྐྱེ་བ་མེད་པར་སྟོན་པས་སྟོང་པ་སྐད་བྱ་ན། འོ་ན་ནི་སེམས་ཙམ་སྒོམ་པ་ཡིན་པས་གྲུབ་པའི་མཛའ་རིམས་ཀྱིས ་དྲང་བའི་ཆེད་དུ་བསྟན་པ་ལ་དད་པ་ཡིན་པས་བདེན་ཏེ། རེ་ཞིག་བཞག་གོ་།དེ་ལྟ་མ་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པའི་རྗེས་སུ་འཇུག་སྟེ། དེ་ནི་སེམས་ཡོད་མེད་དུ་མི་བསྒོམ་མོ་ཞེ་ན། དེ་སེམས་དོན་དམ་པར་ཡོད་མེད་དུ་མ་གྲུབ་པ་ལ ་ཟེར་རམ། འོན་ཏེ་ཀུན་རྫོབ་དུ་ཡང་ཡོད་མེད་དུ་མ་གྲུབ། དེ་ཕྱོགས་དང་པོ་ལྟར་ན་དབུ་མ་བ་ཡང་སེམས་དོན་དམ་པར་ཡོད་མེད། གང་ཡང་མི་བསྒོམ་སྟེ། དེ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་ཡིན་ཏེ། ཁྱད་པར་ཅུང་ཟད་ཀྱང་མེད་དོ། །འོན་ཏེ་ཕྱི་མ ་ཡིན་ན་ནི། མེད་པ་མ་གྲུབ་པ་ལ་ཟེར་རམ། འོན་ཏེ་ཀུན་རྫོབ་དུ་ཡང་མེད་པ་དེ་བཀའ་དང་བསྟན་བཅོས་ལས་ཀྱང་མ་གསུངས་ལ། མེད་པ་དེ་ལ་ནོར་པ་དང། མ་ནོར་བ་ཡང་བརྩིར་མི་འདོད་དེ། མོ་གཤམ་གྱི་བུའི་སེམས་བཞིན་ནོ། །དེ་ལྟ་བས ་ན་དོན་དམ་པར་ནི་སེམས་སྟོང་པར་ལྟ་ན། དེ་ཡང་སྒྲོ་འདོགས་པ་ཡིན་ལ། ཡོད་པར་ལྟ་ན་དེ་ཡང་སྒྲོ་འདོགས་པ་ཡིན་ཅིང་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པར་ལྟ་ན། དེ་ཡང་སྒྲོ་འདོགས་པ་ཡིན་ཏེ། ཟག་པ་མེད་པར་བལྟས་ཀྱང་སྒྲོ ་འདོགས་པ་ཡིན་ནོ། །ཡེ་ནས་རྣམ་པར་དག་ཅེས་བྱ་བ་ཡང་ཆོས་ལ་དགོངས་ནས་གསུངས་པ་ལས། ཆོས་ཅན་ལ་དགོངས་ནས་གསུངས་པ་ནི་མ་ཡིན་ཏེ། འཕགས་པ་ལང་ཀར་གཤེགས་པ་ལས་བློ་གྲོས་ཆེན་པོས་ཞུས་པ། བཅོམ་ལྡན་འདས ་ཀྱི་མདོ་གཞན་བརྗོད་པ་ལས། དེ་བཞིན་གཤེགས་པའི་སྙིང་པོ་གསུངས་པ་དེ་བཅོམ་ལྡན་འདས་ཀྱི་རང་བཞིན་གྱིས་འོད་གསལ་བ་རྣམ་པར་དག་པས་ཐོག་མ་ནས་རྣམ་པར་དག་པ་ཉིད་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་སེམས་ཅན་རྣམས ་ཀྱི་ལུས་ཀྱི་ནང་ན་མཆིས་པར་བརྗོད་དེ། བཅོམ་ལྡན་འདས་ཀྱི་རིན་པོ་ཆེ་རིན་ཐང་ཆེན་པོ་གོས་དྲི་མ་ཅན་གྱིས་ཡོངས་སུ་བཀྲིས་པ་ལྟར། ཕུང་པོ་དང། ཁམས་དང་སྐྱེ་མཆེད་ཀྱི་གོས་ཀྱི་ཡོངས་སུ་བཀྲིས་པ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་ཟིལ ་གྱིས་??་ཡོངས་སུ་རྟོག་པའི་དྲི་མ་ཅན་དུ་གྱུར་པ། རྟག་པ་བརྟན་པ་ཐེར་ཟུག་པར་ནི་བརྗོད་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོར་སྨྲ་བ། འདི་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་དང་ཇི་ལྟར་མི་འདྲ་བ་ལགས། བཅོམ་ལྡན་འདས་མ ་སྟེགས་བྱེད་རྣམས་ཀྱང་རྟག་པ་བྱེད་པ། ཡོན་ཏན་བྱེད་པ་ཁྱབ་པ་མི་འཇོག་པའོ། །ཞེས་བདག་སྨྲ་བ་སྟོན་བར་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ངའི་དེ་བཞིན་གཤེགས་པའི་སྙིང ་པོ་བསྟན་པ་ནི་མུ་སྟེགས་ཀྱི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ཏེ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སྟོང་པ་ཉིད་དང། ཡང་དག་པའི་མཛའ་དང། མྱ་ངན་ལས་འདས་པ་དང། མ ་སྐྱེས་པ་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་སོགས་པའི་ཚིག་གི་དོན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པ་བྱས་ནས། བྱིས་པ་རྣམས་བདག་མེད་པས་འཇིགས་པར་འགྱུར་བའི་གནས་རྣམ་པར་སྤང་བའི་དོན་དུ། དེ་བཞིན ་གཤེགས་པའི་སྙིང་པོའི་སྒོ་བསྟན་པས་རྣམ་པར་མི་རྟོག་པའི་གནས་སྣང་བ་མེད་པའི་སྤྱོད་ཡུལ་སྟོན་ཏེ། འདི་ལ་བློ་གྲོས་ཆེན་པོས་མ་འོངས་པ་དང་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བདག་ཏུ་མངོན་པར་ཞེ་ན ་བར་མི་བྱའོ། །བློ་གྲོས་ཆེན་པོ་དཔེར་ན་རྫ་མཁན་ནི་འཇིམ་པའི་རྡུལ་གྱི་ཕུང་པོ་གཅིག་ལས་ལག་པ་དང་བཟོ་དང་ལག་ཟུངས་དང། ཆུ་དང། སྲད་བུ་དང་ནན་ཏན་དང་ལྡན་པ་ལས་སྣོད་རྣམ་པ་སྣ་ཚོགས་བྱེད་དོ། །བློ་གྲོས་ཆེན་པོ་དེ་བཞིན་གཤེགས ་པ་རྣམས་ཀྱང་ཆོས་ལ་བདག་མེད་པ། རྣམ་པར་རྟོག་པའི་མཚན་ཉིད་ཐམས་ཅད་རྣམ་པར་ལོག་པ་དེ་ཉིད་ཤེས་རབ་དང། ཐབས་ལ་མཁས་པ་དང་ལྡན་པ་རྣམ་པ་སྣ་ཚོགས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པའམ། བདག་མེད་པར ་བསྟན་པས་ཀྱང་རུང་སྟེ། རྫ་མཁན་བཞིན་དུ་ཚིགས་དང་ཡི་གེའི་རྣམ་གྲངས་རྣམ་པ་སྣ་ཚོགས་ཀྱིས་བསྟན་ཏེ། དེས་ན་དེའི་ཕྱིར་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ལ་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བའི་བསྟན་པ་དང་མི ་འདྲའོ། །བློ་གྲོས་ཆེན་པོ་དེ་ལྟར་དེ་བཞིན་གཤེགས་པ་རྣམས་ནི་མུ་སྟེགས་བྱེད་བདག་ཏུ་སྨྲ་བ་ལ་མངོན་པར་ཞེན་པ་རྣམས་དྲང་བའི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པས་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་ཏེ། ཡང་དག་པ་མ་ཡིན་པའི་བདག་ཏུ ་རྣམ་པར་རྟོག་པའི་ལྟ་བར་ལྟུང་བའི་བསམ་པ་ཅན་དག་རྣམ་པར་ཐར་པ་གསུམ་གྱི་སྤྱོད་ཡུལ་ལ་གནས་པ་བསམ་པ་དང་ལྡན་ཞིང། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱ་བར་ཇི་ལྟར་འགྱུར་ཞེན ་བློ་གྲོས་ཆེན་པོ་དེའི་དོན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་མཛད་དོ། །དེ་ལྟ་བས་ན་འདི་ནི་མུ་སྟེགས་བྱེད་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ནོ། །བློ་གྲོས་ཆེན ་པོ་དེ་ལྟ་བས་ན། མུ་སྟེགས་བྱེད་ཀྱི་ལྟ་བ་རྣམ་པར་བཟློག་པའི་ཕྱིར། དེ་བཞིན་གཤེགས་པའི་སྙིང་པོ་བདག་མེད་པའི་རྗེས་སུ་འཇུག་པར་བྱའོ་འདི་ལྟ་སྟེ། ཆོས་སྟོང་པ་ཉིད་དང། སྐྱེ་བ་མེད་པ་དང། གཉིས་མ་ཡིན་པ་དང། རང་བཞིན་མེད་པར་བསྟན་པ་འདི ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གྲུབ་པའི་མཛའ་བླ་ན་མེད་པའོ་ཞེས་གསུངས་སོ། །དེ་ལ་ཤེས་པ་ལ་ལོག་པར་རྟོགས་པ་ནི་ཁ་ཅིག་ན་རེ་དོན་དམ་པའི་བདེན་པ་ནི་ཅིར་ཡང་མ་གྲུབ་པས་ཤེས་པ་སྔ་ན་བས་གསལ་བ་ཅིག་ཁོ་ན་བསྒོམ་མོ་ཞེས ་ཟེར་ཏེ། དེ་ལ་སྨྲས་པ། གང་ཤེས་པ་ལ་དམིགས་པ་དེ་ནི་དོན་དམ་པའི་བདེན་པ་བསྒོམ་པ་མ་ཡིན་ཏེ། དཔེར་ན་ཡིད་ཀྱི་རྣམ་ཤེས་ཆོས་ཀྱི་སྐྱེ་མཆེད་འདུས་བྱས་བཞིའི་ཡུལ་ཅན་ལྟ་བུའོ། །རྣལ་འབྱོར་པ་འདི་ཡང་ཤེས་པ་སྔ་ན་བས་གསལ་བ་ལ ་དམིགས་པས། ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཡིན་ནོ། །དོན་དམ་པའི་བདེན་པ་མི་བསྒོམ་པས་ནི་སོ་སོའི་སྐྱེ་བོའི་ས་ལས་འདའ་བར་མི་འགྱུར་ཏེ། སྤྲོས་པས་མཆོག་གོ་།ཁ་ཅིག་ན་རེ་རང་རིག་པ་ཁོ་ན་བསྒོམ་མོ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། བདག ་ཉིད་རིག་པ་ཡིན་པའི་ཕྱིར། སེམས་སྤྱོད་ཡུལ་དུ་གྱུར་པའི་ཤེས། །རྣམ་པར་དག་པའང་ཡང་དག་དུ། །རིགས་སམ་འོན་ཏེ་མི་རིགས་སོ། །ཞེས་བྱ་བས་སུན་དབྱུང་བར་བྱའོ། །ཁ་ཅིག་ན་རེ་རང་རིག་པ་ལས་བསྒོམ་པ ་ཞེས་ཇི་སྐད་བྱ། ཤེས་པ་གཞན་ཅི་རིགས་པར་བྱ་སྟེ། དེ་བས་ན་ཆོས་ཉིད་ཁོ་ན་རིགས་པར་བྱའོ། །ཞེས་ཟེར་ཏེ། དེ་ལ་སྨྲས་པ། འོ་ན་ནི་གཉིས་སུ་རྟོག་པའི་ཕྱིར་ཆོས་ཉིད་བསྒོམ་པ་མ་ཡིན་ཏེ། བུམ་པ་དང་དེ་འཛིན་པ་བཞིན་ནོ་དེ་བས་ན ་དེ་གཉི་ག་ལ། ཤེས་བྱ་མེད་ཕྱིར་གཞན་རིགས་མིན། །གཉིས་སུ་མེད་ཕྱིར་བདག་རིག་མིན། །གལ་ཏེ་བརྟགས་ན་ཡང་དག་མིན། །ཞེས་བྱ་བ་ལ་སོགས་པས་སུན་དབྱུང་ངོ། །ཁ་ཅིག་ན་རེ་ཤེས་པ་རིག་པ་མེད་པ་གཅིག་ཁོ་ན་བསྒོམ་ཞེས ་ཟེར་ཏེ། དེ་ལ་སྨྲས་པ། དེ་ནི་མུ་སྟེགས་དཔྱོད་པ་པའི་ལྟ་བ་ཁས་བླངས་པ་ཡིན་ཏེ། དེ་ནི་འདི་སྐད་དུ། ཤེས་པ་རྣམ་པ་དང་བཅས་པ་མ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། རང་རིག་པ་ཡང་མ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་རྣལ་འབྱོར་པར ་ཡང་ཇི་ལྟར་འགྱུར། སྤྲོས་པས་མཆོག་གོ་།ཁ་ཅིག་ན་རེ་མཉམ་པར་བཞག་པས་ཡུལ་དུ་བྱེད་པ་ཁོ་ནའོ། །ཞེས་ཟེར་ཏེ། དེ་ལ་སྨྲས་པ། གང་ཡུལ་དུ་བྱེད་པ་དེ་ནི་དོན་དམ་པའི་ཡུལ་ཅན་མ་ཡིན་ཏེ། དཔེར་ན་མིག་གི་རྣམ་པར་ཤེས་པ་ལྟ་བུའོ།། ་རྣལ་འབྱོར་པའི་ཤེས་པ་འདི་ཡང་ཡུལ་དུ་བྱེད་པས་རང་བཞིན་འགལ་བ་དམིགས་པའོ། །ཁ་ཅིག་ན་རེ་ཐམས་ཅད་དུ་ཡུལ་དུ་མི་བྱེད་པ་ཁོ་ན་ཡིན་ནོ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། གང་ཁོ་ན་ཡུལ་དུ་ཡེ་མི་བྱེད་པ། དེ་ནི་དེ་ཁོ་ན་མཐོང་པར་མི་འགྱུར་ཏེ། ་དཔེར་ན་མི་ཐ་མལ་པའི་ཤེས་པ་ལྟ་བུའོ། །རྣལ་འབྱོར་པའི་ཤེས་པ་འདི་ཡང་དེ་ཁོ་ན་ཡེ་ཡུལ་དུ་ཡེ་མི་བྱེད་པས་ཁྱབ་པར་བྱེད་པ་མི་དམིགས་པའོ། །ཁ་ཅིག་ན་རེ་རྩོལ་བ་བྱས་ན་ཆོས་ཉིད་དང་འགལ་ཏེ། ཡེ་མི་བཅོས་པར་བཞག་སྟེ། མ་བཙལ ་བཞག་ན་བསྒོམས་པར་འགྱུར། །ཞེས་འབྱུང་བས་གོ་བ་ཙམ་གྱིས་ཆོག་ཟེར་ཏེ། དེ་ལ་སྨྲས་པ། མངོན་སུམ་དང་འགལ་ཀུན་ཏུ་སྤྱོད་པ་ཆུ་ཡོད་པར་གོ་བས་སྐོམ་པ་སེལ་བར་འགྱུར། ཟས་ཡོད་པར་གོ་བས་བཀྲེས་པ་སེལ་ཞེས་བྱ་བ་ལ་སོགས ་པས་ལན་གདབ་པར་བྱའོ། །མཉམ་པར་བཞག་པའི་གནས་སྐབས་སུ་ལྷ་ནེ་འདུག་བཞིན་དུ་རྩོལ་བ་སྐྱོན་དུ་འགྱུར་བ་ལ་དགོངས་ནས་གསུངས་པ་མགོ་བར་ཅིག་གི་རྗེས་སུ་འབྲང་ནས་སྨྲ་བ་ཡིན་ཏེ། བདེ་བར་གཤེགས་པས་ནི། ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་ལས། སེམས་གཡེངས་པ་ལ་ནི་འཇིག་རྟེན་པའི་བསམ་གཏན་བསྐྱེད་པ་ཡང་དཀོན་ན། འཇིག་རྟེན་ལས་འདས་པའི་བསམ་གཏན་ལྟ་ཅི་སྨོས་དེ་བས་ན་སེམས་བསྐྱེད་མ་ཐག་ནས་མི་གཡེང་བར་བྱའོ་ཞེས་གསུངས་སོ། །ཁ ་ཅིག་ན་རེ་མངོན་སུམ་ཁ་ཅིག་ན་བསྒོམ་མོ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། དབང་པོའི་མངོན་སུམ་ནི། དངོས་པོའི་ཡུལ་ཅན་ཡིན་པས་དེ་ནི་མ་ཡིན་ནོ། །ཡིད་ཀྱི་མངོན་སུམ་ནི་དེ་དང་སྐད་ཅིག་གཅིག་ལ་འཇོག་པར་བྱེད་པས་མི་སྲིད་དོ།། ་རང་རིག་པ་ནི་བེམ་པོ་ལས། ལོག་པ་ཙམ་ཡིན་པས་ཞེས་མི་སྲིད་དོ། །རྣལ་འབྱོར་གྱི་མངོན་སུམ་འཇིག་རྟེན་པའི་ས་ནི་མི་སྲིད་དོ། །འཇིག་རྟེན་ལས་འདས་པ་ཡིན་ན་ནི། འཕགས་པ་ཡིན་པར་ཐལ་བར་འགྱུར་ཞེས་བྱ་བས་སུན་དབྱུང་ངོ། །ཁ་ཅིག ་ན་རེ་ད་ལ་བསམ་གྱིས་མི་ཁྱབ་པའི་མན་ངག་ཡོད་དེ། དེ་ལ་བློ་གནས་པ་ནི་མི་ཐ་མལ་པའི་ཤེས་པ་ངལ་དུ་བ་མ་ཁྱེར་བའི་ཤེས་པ་སློང་དེ་བ་ཞིག་ཡོད་པ་དེ་འདྲ་བ་དེ་བསྒོམ་པ་ཡིན་ནོ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། བསམ་གྱིས་མི ་ཁྱབ་པ། བྱ་བ་དེ་ཅི་ལ་བྱ། གལ་ཏེ་སེམས་ཀྱི་ཆོས་ཉིད་དེ་ལ་ཟེར་ཏེ། དེ་གསང་སྔགས་ན་ཡོད་པ་ཡིན་ཏེ། མདོ་སྡེ་འམ། ཕ་རོལ་ཏུ་ཕྱིན་པ་ནས་དེ་མི་སྟོན་ཏེ། ཆོས་ཐམས་ཅད་རང་བཞིན་མེད་བྱ་བ་ཙམ་ལ། འཇོག་པ་ལས་རང་གི་སེམས་ཀྱི ་ཆོས་ཉིད་ཡིན་པར་ནི་མི་འཇོག་གོ་ཞེ་ན། གསང་སྔགས་ལ་ནི་དགག་པ་མི་བྱེད་མོད་ཀྱི་འོན་ཀྱང་དེ་ནི་མདོ་ནས་ཀྱང་གསུངས་ཏེ། ཆོས་ཐམས་ཅད་དམིགས་སུ་མེད་ཅིང་སེམས་པ་མེད་པ་རིན་པོ་ཆེ ་བརྩེགས་པ་བསྟན་པའི་མདོ་ལས། དེ་བཞིན་གཤེགས་བས་འཇམ་དཔལ་ལ་སྨྲས་བ། འཇམ་དཔལ་བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བྱ་བ་ལ། བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བྱ་བ་དེ་གང་ཡིན། འཇམ ་དཔལ་གྱིས་གསོལ་བ། བཅོམ་ལྡན་འདས་བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བགྱི་བ་ནི། དབྱིངས་གང་སེམས་མ་མཆིས་བ། སེམས་གྲོལ་བར་བགྱི་བ་མ་ལགས་པ། སེམས་དགག་པར་བགྱི་བ་མ་ལགས་པ། ་བསམ་པས་རབ་ཏུ་དབྱེ་བ་བགྱི་བ་མ་ལགས་མོད་ཀྱི། འོན་ཀྱང་བཅོམ་ལྡན་འདས་སེམས་ཉིད་བསམ་གྱིས་མི་ཁྱབ་པའི་དབྱིངས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། སེམས་ལ་སེམས་མ་མཆིས་པ་ལགས་ཀྱི། སེམས་ཉིད ་སེམས་མ་ལགས་པས་སེམས་ནི་ངོ་བོ་ཉིད་ཀྱིས་མ་མཆིས་པའོ། །སེམས་ཇི་ལྟ་བ་བཞིན་བས་སེམས་མ་མཆིས་བས་ཉིད་སེམས་ལགས་ཏེ། བཅོམ་ལྡན་འདས་འདི་ནི་བསམ་གྱིས་མི་ཁྱབ་པའི་དབྱིངས་ལགས ་སོ་ཞེས་གསུངས་ཏེ། དེ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའི་ཁུངས་ཡིན་ཏེ། བྱེ་བྲག་མེད་དོ། །འོན་ཀྱང་སེམས་ཐ་མལ་བའི་སེམས་དེ་ལྟ་བུ་ནི་ལུང་དུ་མ་བསྟན་བའི་སེམས་ཡིན་པའི་ཕྱིར། ཆོས་ཉིད་བསྒོམ་པ་མ་ཡིན་ནོ། །ཁ ་ཅིག་ན་རེ་རང་གི་ཀུན་གཞི་བྱང་ཆུབ་ཀྱི་སེམས་དུས་གསུམ་དུ་འདུས་མ་བྱས་པ་མི་འགྱུར་བརྟག་པ་དེ་ངོ་ཤེས་ན། བྱང་ཆུབ་དང་ཆོས་ཉིད་ལ་སོགས་པ་དེ་ལ་ཟེར་བས། དེ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལྟ་ཧ་ཅང་ཆེས ་གསང་སྔགས་ཟབ་མོ་ནས་ཀྱང་མི་སྟོན་ཏོ། །འདི་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཡིན། བསྟན་པའི་སྙིང་པོ་ཡིན་བས་དེ་རྟག་གོ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། གསང་སྔགས་ལ་ནི་དགག་པ་མི་བྱེད་མོད་ཀྱི། འོན་ཀྱང་རིམ་གྱིས་དྲང ་བའི་དབང་དུ་མཛད་ནས། འཕགས་པ་ལང་ཀར་གཤེགས་པ་ལས། ཐེག་པ་གསུམ་དུ་ཡང་གསུངས་ལ། །ཇི་སྲིད་འདུ་ཤེས་མོད་ཀྱི་བར་ལ་ཐེག་པའི་མཛའ་ལ་ཐུག་བ་མེད། །ཅེས་བྱ་བ་ལ་སོགས ་པ་ཡང་གསུངས་སོ། །ཡང་སྡོང་པོ་བཀོད་པའི་མདོ་ལས། ཐེག་པ་བཅུ་བཞི་ཡང་གསུངས་ལ། ངེས་པའི་དོན་དུ་ནི་ཐེག་པ་གཅིག་ལས་མེད་པར་གསུངས། ཆོས་ཀྱི་དབྱིངས་གཅིག་ལས་མེད་པའི་ཕྱིར་རོ། །དེ་སྐད་དུ། འདུས་པ་ཆེན་པོའི་ལེའུ་ལས།། ་ཐེག་པ་གཅིག་ཏུ་ཡང་དག་བར་འདུ་བ་ནི་ཐེག་པ་ཐམས་ཅད་ཐེག་པ་གཅིག་ཏུ་མཉམ་པ་ཉིད་དུ་ཡང་དག་པར་འདུ་སྟེ། ཆོས་ཀྱི་དབྱིངས་དབྱེར་མེད་པ་ལ་འཇུག་པར་ཚུལ་གཅིག་གོ་ཞེས་གསུངས་སོ། །དེ་ལྟ་བས་ན་ཆོས་ཉིད་ལ་དགོངས ་པའི་དབང་གི་སེམས་ཉིད་ཡེ་ནས་རྣམ་པར་དག་པ་གསུངས་པ་ཡིན་ཏེ། བློ་གྲོས་ཆེན་པོས་ཞུས་པ་བཞིན་ནོ། །དེ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཡང་འདོད་དེ། བྱེ་བྲག་མེད་དོ། །འོན་ཏེ། དེད་འདུས་མ་བྱས་སུ་རྟོག། དབུ་མ་པ་ནི་དེ་ཡང་མི ་འདོད་པས་བྱེ་བྲག་ཡོད་དོ་ཞེ་ན། འཕགས་པ་འཇམ་དཔལ་རྣམ་པར་འཕྲུལ་པ་ལས། །འདུས་མ་བྱས་ལ་གང་རྟོག་དང། །མྱ་ངན་འདས་ལ་གང་རྟོག་པ། །གཉི་ག་བདུད?་གྱི་སྤྱོད་ཡུལ་ཡིན། །དེ་ནི་མཁས་པ་རྣམས་ཀྱིས་བཤད་ཅེས ་གསུངས་སོ། །འོན་ཏེ་ཆོས་ཅན་ཡང། རང་དེ་ལྟར་ཡིན་ནོ་ཞེ་ན། མུ་སྟེགས་རིགས་བྱེད་ཀྱི་མཛའ་གསང་བས་སྨྲ་བ་ཁས་བླངས་པ་ཡིན་ཏེ། དེ་དག་ནི་འདི་སྐད་ཅེས། བདུད་རྩིའི་ཐིགས་པ་གསང་བ་ལས་བསྟན་པ། རྣམ་རིག་ཙམ་ནི་རྟག་ཏུ ་རྣམ་པར་དག་།འདི་ལྟར་སངས་རྒྱས་རྟག་ཏུ་འགྲོ་བ་ཡིན། །བླང་དང་དོར་བ་མེད་ཅེས་རབ་རྟགས་ལ། །ཚངས་པ་མྱ་ངན་མེད་ཅེས་རྟག་གནས་བྱས་སོ། །ཞེས་འབྱུང་ངོ། །དེ་བས་ན་དེ་བཞིན་གཤེགས་པའི་དགོངས ་པ་མགོ་བར་ཚིག་ཙམ་གྱི་གཞན་ལ་རློམ་པར་བྱར་མི་འདོད་དོ། །སྤྲོས་པས་ཆོག་གོ་།ཁ་ཅིག་ན་རེ་ཅི་ལ་ཡང་མི་རྟོག་མོད་ཀྱི། འོན་ཀྱང་དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡིན་ཏེ། བྱང་ཆུབ་ནི་སྤྲོས་པ་དང་བྲལ་བ་ནམ་མཁའ་ལྟ་བུ་ཡིན ་ལ། དེ་ལ་སེམས་པས་དོན་དམ་པ་བྱང་ཆུབ་ཀྱི་བསྒོམ་པ་ཞེས་བྱ་སྟེ། དེ་སྐད་དུ། བྱང་ཆུབ་ནམ་མཁའ་ཨི་མཚན་ཉིད་དེ། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །གང་ཞིགས་རྟོགས་འདོད་པ་ནི། །བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཞེས་གསུངས་ཏེ། དེ ་དབུ་མ་པ་ལ་མེད་དོ་ཞེས་ཟེར་ན། དེ་ལ་སྨྲས་པ། ངོ་བོའི་སྒོ་ནས་སྨྲ་འམ། བཏགས་ནས་སྨྲ། གོང་མ་ལྟར་རོ་ཞེ་ན། འོ་ན་ནི་འཕགས་པར་ཁས་བླངས་པས་རེ་ཞིག་བཞག་གོ་།འོན་ཏེ་བཏགས་པ་ཡིན་ནོ་ཞེ་ན། དེ་ལ་སྨྲས་པ། དབུ་མ་པ་ཡང་དེ་འདོད་དེ། སློབ ་དཔོན་ཀ་མ་ལ་ཤཱི་ལས་དོན་དམ་པ་བྱང་ཆུབ་ཀྱི་སེམས་དེ་ནི་འཇིག་རྟེན་ལས་འདས་པ་སྤྲོས་པ་མཛའ་དག་དང་བྲལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་འགྲུབ་པའི་རྒྱུ་ལ་ཡང་རྟོག་པ་དང་དཔྱོད་པ་དང་བྲལ་ཞེས་གསུངས་པས་བྱེ་བྲག ་མེད་དོ། ཁ་ཅིག་ན་རེ་ཐོས་པའི་དུས་སུ་བསམ་པ་བྱེད་པ་དེ་བསམ་པའི་ཤེས་རབ་ཡིན་ཏེ། ཕྱི་ནས་ཞི་གནས་ལ་བསླབས་ནས་དེ་ཕྱིན་ཆད་སྒོམ་པ་གཅིག་པུ་ཡིན་ནོ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། སྔར་ཐོས་པའི་དུས་སུ་བསམ་པ་དེ་ནི་ཐོས་པའི ་གྲངས་སུ་འགྲོ་སྟེ། གཞན་དུ་ན་ཐོས་པ་ཆུད་ཟོས་པ་ཡིན་ནོ། །ཕྱི་ནས་ཀྱང་བསམ་དགོས་ཏེ། བསམ་པའི་ཤེས་རབ་ཀྱི་སྐབས་སུ་བསྟན་པ་བཞིན་ནོ། །དེ་བས་ན་བསྒོམ་པ་གཅིག་པ་བྱེད་པ་ཡིན་ཞེས་བྱར་མི་རུང་ངོ། །ཁ་ཅིག་ན་རེ་དེ་ལ་གཉིས་ཏེ། སོ་སོར ་རྟོག་པའི་ལྷག་མཐོང་བསྒོམ་པ་དང། རྣམ་པར་མི་རྟོག་པའི་ལྷག་མཐོང་བསྒོམ་པའོ་ཞེས་ཟེར་ཏེ། དེ་ལ་ནི་ཉེས་པ་མེད་ཀྱི། འོན་ཀྱང་དེ་སོ་སོར་རྟོག་པའི་ལྷག་མཐོང་དེ་ནི་བསམ་པའི་ཤེས་རབ་ཏུ་བསྡུ་སྟེ། དེ་སྐད་དུ། བསྒོམ་པའི་ཤེས་རབ་ཀྱི་ལྷག་མཐོང ་གི་དབང་དུ་བྱས་ནས། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། ལྷག་མཐོང་ནི་ཐོས་པ་དང། བསམ་པ་རྣམ་པར་དག་པའི་རྒྱུ་ལས་བྱུང་བ་ཡིན་ནོ་ཞེས་གསུངས་པ་དང། སློབ་དཔོན་ཀ་མ་ལ་ཤཱི་ལས་ཀྱང་ཐོས་པ་དང་བསམ་པ་ལས་བྱུང ་བའི་ཤེས་རབ་ཀྱིས་རྟོག་པ་གང་ཡིན་པ་དེ་ཉིད་བསྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་བསྒོམ་པར་བྱའི་གཞན་དུ་མ་ཡིན་ཏེ། རྟ་དཀྱུས་ཀྱི་ས་བསྟན་ནས་རྒྱུག་བཞིན་ནོ་ཞེས་གསུངས་སོ། །ཁ་ཅིག་ན་རེ་རྗེས་སུ་དཔག་པ་ཁོ་ན་བསྒོམ་མོ་ཞེས་ཟེར་ཏེ། དེ ་ལ་སྨྲས་པ། གལ་ཏེ་རྗེས་སུ་དཔག་པའི་རྒྱུན་ཡིན་པས་རྗེས་སུ་དཔག་པའི་ཤེས་པ་ཟེར་རམ་འོན་ཏེ་མཉམ་པར་བཞག་པ་ན་ཡང་བརྟགས་ལ་བརྟེན་ནས་ཡང་ཡང་སྐྱེད་པར་བྱེད། ཕྱི་མ་ལྟར་ཡིན་ནོ་ཞེ་ན། དེ་བསྒོམ་ཞེས་མི་བྱ་སྟེ། བསམ་པའི་ཤེས་རབ ་ཡིན་པའི་ཕྱིར་རོ། །ཁ་ཅིག་ན་རེ་རྟོག་པ་མེད་པ་ཁོ་ན་བསྒོམ་ཟེར་ན། དེ་ལ་སྨྲས་པ། དེ་ནི་མི་སྲིད་དེ། མངོན་སུམ་ཡིན་པར་ཐལ་བར་འགྱུར་རོ། །ཁ་ཅིག་ན་རེ་བསམ་པའི་ཤེས་རབ་ཁོ་ན་གོམས་པར་བྱེད་པ་ཡིན་ནོ། །སྒོམ་ཞེས་བྱ་བ་ནི་སྔར་མཐོང་བ་གོན ་པར་བྱེད་དོ། །མཐོང་བའི་ལམ་གྱི་རྗེས་ལ་བསྒོམ་པ་བཞིན་ནོ། །ད་ལྟ་ནི་མ་མཐོང་བས་བསྒོམ་ཞེས་མི་བྱའོ། །དེ་བས་ན་འཇིག་རྟེན་ཆོས་ཀྱི་མཆོག་མན་ཆད་བསམ་པའི་ཤེས་རབ་ཡིན་ནོ་ཞེས་ཟེར་ན་དེ་ལ་སྨྲས་པ། བསམ་པའི་ཤེས་རབ་ནི་མི་སྤོང་མོད་ཀྱི། ་འོན་ཀྱང་བསྒོམ་པ་ཡང་ཡོད་དེ། འཕགས་པ་དགོངས་པ་ངེས་པར་འགྲེལ་བ་ལས། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དང། རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་ཏིང་ངེ་འཛིན་གཉིས་ནི་འཇིག་རྟེན་ཆོས་ཀྱི་མཆོག་མན་ཆད་ལ་གསུངས ་བའི་ཕྱིར་རོ། །སློབ་དཔོན་ཀ་མ་ལ་ཤཱི་ལས་ཀྱང། འདི་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པར་འཇུག་པའི་ལམ་སྟེ། རྣམ་པར་རྟོག་པ་དང་བཅས་པ་དང། རྣམ་པར་མི་རྟོག་པའི་གཟུགས་བརྙན་ལ་དམིགས་པའོ།། ་ཞེས་གསུངས་སོ། །ཡང་ཁ་ཅིག་ན་རེ་ད་ལྟ་རྣམ་པར་མི་རྟོག་པ་བསྒོམ་ཡང་ཞི་གནས་ཁོ་ན་བསྒོམ་པ་ཡིན་ཏེ་ལྷག་མཐོང་ནི་མི་སྐྱེ་ཟེར་ཏེ། དེ་ལ་སྨས་པ། གལ་ཏེ་སོ་སོར་རྟག་པའི་ཤེས་རབ་ཀྱིས་བརྟགས་ནས་བསྒོམ་པ་ཡིན་ནམ?། འོན་ཏེ་མ ་བརྟགས་པར་བསྒོམ་པ་ལ་བྱ། གལ་ཏེ་འོག་མ་ལ་ཟེར་ན་རིགས་ཀྱི། སོ་སོར་རྟོག་པ་པ་སྔོན་སོང་ནས་སྒོམ་པ་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་སྒོམ་པ་ཡིན་པར་སློབ་དཔོན་ཀ་མ་ལ་ཤཱི་ལས་གསུངས་སོ། །ཁ་ཅིག་ན་རེ་ད་ལྟ ་ནས་ས་བཅུ་མན་ཆད་ལྷག་མཐོང་སོ་སོར་རྟོག་པའི་ཤེས་པ་ཁོ་ན་བསྒོམ་པ་ཡིན་ཏེ། འཕགས་པ་མྱ་ངན་ལས་འདས་པ་ཆེན་པོ་ལས། ཉན་ཐོས་རྣམས་ཀྱི་ནི་དེ་བཞིན་གཤེགས་པའི་རིགས་མི་མཐོང་སྟེ། ཞི་གནས་ཀྱིས་ཤས་ཆེ་བ་དང། ་ལྷག་མཐོང་གི་ཤས་ཆུང་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ནི་མཐོང་སྟེ་མི་གསལ་ཏེ། ལྷག་མཐོང་གི་ཤས་ཆེ་བའི་ཕྱིར་དང། ཞི་གནས་ཀྱི་ཤས་ཆུང་བའི་ཕྱིར་རོ། །དེ་བཞིན་གཤེགས་པས་ནི་ཐམས་ཅད་གཟིགས་ཏེ། ཟུང་དུ་འབྲེལ་པའི ་ཕྱིར་རོ། །ཞེས་གསུངས་སོ། །ཞེ་ན་དེ་ལ་སྨྲས་པ། དེ་ནི་མི་སྤོང་སྟེ། འོན་ཀྱང་དེ་ནི་སློབ་པ་དང་མི་སློབ་པའི་ལམ་གྱི་བྱེ་བྲག་བསྟན་པ་ཡིན་ཏེ། སླབ་པའི་ལམ་རེ་རེ་ནས་མེད་པར་ནི་མ་གསུངས་ཏེ། ཞི་གནས་ཤས་ཆེ་བ་དང། ལྷག ་མཐོང་ཤས་ཆེ་བའི་སྒྲ་ཡོད་པའི་ཕྱིར་རོ། །གཞན་ཡང་ལྷག་མཐོང་གཅིག་པུས་བདེན་པ་མཐོང་ན་ནི། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། འཇིག་རྟེན་ལས་འདས་པའི་དགེ་བ་ཐམས་ཅད་ཞི་གནས་དང་ལྷག ་མཐོང་གི་འབྲས་བུ་ཡིན་ནོ་ཞེས་གསུངས་པ་དང་འགལ་བར་འགྱུར་རོ། །དེ་ལྟ་བས་ན་སོ་སོའི་སྐྱེ་བོས་ཀྱང་གཉི་ག་སློབ་དགོས་པར་སློབ་དཔོན་ཀ་མ་ལ་ཤཱི་ལས་བསྟན་ཏོ། །ཁ་ཅིག་ན་རེ་ཞི་གནས་དང། ལྷག་མཐོང་ཟུང་དུ་འབྲེལ་པ་ཞེས་བྱ་བ་ནི ་སྔར་གྱི་ཞི་གནས་བསྒོམ་ནས། ཕྱི་ནས་ལྷག་མཐོང་སྒོམ་པ་ལ་གསུངས་པ་ཡིན་ཏེ། གང་ཟག་གཅིག་གི་རྒྱུད་ལ་ལྡན་ཞེས་བྱ་བའི་དོན་ཡིན་ཏེ། དེ་ལྟ་མ་ཡིན་ན་སྐད་ཅིག་གཅིག་པ་ཆོས་མི་མཐུན་པ་གཉིས་འཚོག་མི་སྲིད་དོ་ཞེས་ཟེར་ཏེ། ་དེ་ལ་སྨྲས་པ། གང་དུ་སྔ་ཕྱི་ཡོད་པ་དེ་དུས་མཚུངས་པ་མ་ཡིན་ཏེ། དཔེར་ན་དཔྱིད་དང་སྟོན་བཞིན་ནོ། །དབྱར་ལ་སོགས་པའི་དུས་སུ་ཞི་གནས་བསྒོམས་ནས་དགུན་ལ་སོགས་པའི་དུས་སུ་ལྷག་མཐོང་བསྒོམ་པ་འདི་ཡང་སྔ་ཕྱི་ཡང་བས ་རང་བཞིན་འགལ་བ་དམིགས་པའོ། །གང་སྐད་ཅིག་གཅིག་ལ་མི་འཚོག་པ་དེ་ནི་ཤས་ཆེ་ཆུང་བསྙམ་མི་དགོས་ཏེ། དཔེར་ན་ཁྱིམ་ནང་ན་འདུག་པའི་གླང་དང། ཞིང་ཐོག་ན་འདུག་པའི་གླང་ལྟ་བུའོ། །རྣལ་འབྱོར་བའི་ཞི་གནས་དང་ལྷག ་མཐོང་ཡང་སྐད་ཅིག་མ་གཅིག་ལ་མི་འཚག་བས་ཁྱབ་པར་བྱེད་པ་མི་དམིགས་པའོ། །དེ་ལྟའོ་ཞེ་ན། འོ་ན་ནི་གང་གི་ཚེ་ལྷག་མཐོང་བསྒོམ་པས་ཤེས་རབ་ཤིན་ཏུ་ཤས་ཆེ་བར་གྱུར་པ་དེའི་ཚེ། ཞི་གནས་ཆུང་བའི་ཕྱིར་མར་མེ་རླུང་ལ་བཞག ་པ་བཞིན་དུ་སེམས་གཡོས་པས་དེ་ཁོ་ན། ཤིན་ཏུ་གསལ་བར་མཐོང་པར་མི་འགྱུར་ཏེ། དེའི་ཕྱིར་དེའི་ཚེ་ཞི་གནས་དེ་སྒོམ་པར་བྱའོ། །ཞི་གནས་ཀྱི་ཤས་ཆེ་ན་ཡང་གཉིད་ཀྱི་ལོག་པའི་མི་བཞིན་དུ་དེ་ཁོ་ན་ཤིན་ཏུ་གསལ་བར ་མཐོང་པར་མི་འགྱུར་ཏེ། དེ་ལྟ་བས་ན་དེའི་ཚེ་ཡང་ཤེས་རབ་བསྒོམ་པར་བྱའོ། །ཞེས་གསུངས་པ་དེ་ཇི་ལྟར་དྲང་བར་བྱ། གལ་ཏེ་དེ་ལྟ་ལྷག་མཐོང་བསྒོམས་པས་ཤེས་རབ་ཤས་ཆེ་བའི་ཕྱིར་སེམས་གཡོ་བས་དེའི་ཚེ། སང་རྒྱུན ་གྱི་ཞི་གནས་བསྒོམ་པར་བྱའོ་ཞེས་བྱ་བ་ལ་སོགས་པར་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་གང་གི་ཚེ་གླང་པོ་ཆེ་གླང་གཉིས་ཟུང་དུ་འབྲེལ་བར་མཉམ་དུ་ཞུགས་པ་དེ་བཞིན་དུ་གཉི་ག་མ་ཉིད་དུ་ཞུགས་པར་གྱུར་པ་དེའི་ཚེ་ཇི་སྲིད་དུ་ལུས ་དང་སེམས་ལ་གནོད་པར་མ་གྱུར་པ་དེ་སྲིད་དུ་མངོན་བར་འདུ་བྱེད་པ་མེད་པར་གནས་པར་བྱའོ་ཞེས་གསུངས་པ་དེ་ཡང་དུས་ཐ་དད་པའི་སེམས་གཉིས་མཉམ་དུ་འཇུག་པ་དང། གླང་གཅིག་ཁྱིམ་ནི་འདུག་པ་དང། གླང ་གཅིག་ཞིང་ཐོག་ན་འདུག་པས་ཞིང་རྨོར་འདོད་པ་ལ་གསུང་བར་ཐལ་བར་འགྱུར་རོ། །ཆོས་མི་མཐུན་པ་གཉིས་ཞེས་བྱ་བ་དེ་ཡང་གྲུབ་སྟེ། འདི་ལྟར་གང་ཡང་རུང་བ་ཞིག་མེད་ན་ནི་མི་སྐྱེ་ལ། གཉིས་ཀ་ཡོད་ན་སྐྱེད་པ་དེ་གཉིས ་ནི་དེ་སྐྱེད་པ་ལ་མཐུན་པ་ཡིན་ཏེ། དཔེར་ན་མིག་དང་སྣང་བ་གཉིས་གང་ཡང་རུང་བ་མེད་ན། བུམ་པ་ལ་སོགས་པ་ལ་མིག་གི་རྣམ་པར་ཤེས་པ་མི་སྐྱེ་ལ། དེ་གཉིས་ཡོད་ན་སྐྱེ་བས་དེ་སྐྱེད་པ་ལ་མཐུན་པ་ལྟ་བུའོ། །ཞི་གནས ་དང་ལྷག་མཐོང་འདི་གཉིས་ཀྱང་གང་ཡང་རུང་བ་ཞིག་མེད་ན་ནི། ཡིད་ཀྱི་སམ་རྣམ་པར་ཤེས་པ་ཆོས་ཉིད་ལ་གསལ་བར་མི་སྐྱེ་ལ། གཉིས་ཀ་ཡོད་ན་སྐྱེ་བས་རང་བཞིན་གྱི་གཏན་ཚིགས་སོ། །དེ་སྐད་དུ་འཕགས་པ ་ཆོས་ཀུན་འགྲོ་བ་ལས། མཉམ་པར་བཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་འགྱུར་ཞེས་གསུངས། །མཉམ་པར་བཞག་པ་ནི་ཏིང་ངེ་འཛིན་ལས་གཞན་མེད་དོ། །རིགས་པ་དྲུག་ཅུ་པ་ལས་ཀྱང། སེམས་རྩེ་གཅིག ་པ་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་འགྱུར་རོ། །ཞེས་གསུངས་ཏེ། སྤྲོས་པས་ཆོག་གོ་།ཁ་ཅིག་ན་རེ་གང་དོན་དང་མ་ཕྲད་པར་དོན་གྱི་རྣམ་པ་གཅིག་འབྱུང་བ་དེ་ནི་རྟོག་བཅས་ཡིན་ཏེ། དཔེར་ན་དུ་བ་ལ ་བརྟེན་གནས་སྐྱེས་པའི་ཤེས་པ་ལ་རྒྱབ་ཀྱི་མེར་སྣང་བ་རྟོག་བཅས་ཡིན་པ་ལྟ་བུའོ། །སོ་སོའི་སྐྱེ་བོའི་ཤེས་པ་འདི་ཡང་ཆོས་ཉིད་དང་མ་ཕྲད་བཞིན་དུ་ཆོས་ཉིད་ཀྱི་རྣམ་པར་འབྱུང་བས་རྟོག་བཅས་ཡིན་ཏེ་རང་བཞིན་གྱི་གཏན་ཚོགས་སོ།། ་ཆོས་ཉིད་ནི་ཡོད་མེད་གང་ཡང་མ་ཡིན་པས་ཅིའི་རྣམ་པར་ཡང་མ་བྱུང་བ་ཞིག་དགོས་ཏེ། དེ་སྤྱི་རྣམ་པ་བསྒོམ་ཟེར་བ་ནི་བརྗོད་པ་དང་འདྲེར་རུང་བའི་རྟོག་པ་ཡོད་པར་འགྱུར་བས་དེ་ནི་ཆོས་ཉིད་བསྒོམ་པར་འགྲོའོ། །ཡང་ན་བྱིས་པ ་ཆུ་ངུའི་ཤེས་པ་དང་འདྲ་བར་རྣལ་འབྱོར་བས་ཆོས་ཉིད་བསྒོམ་པ་ཐ་སྙད་འདོགས་མི་ཤེས་པར་འགྱུར་རོ། །དེ་བས་ན་རྟོག་པ་ཅེས་བསྒོམ་པ་ཡང་མ་ཡིན། ཆོས་ཉིད་ཀྱི་རང་གི་མཚན་ཉིད་མཐོང་མི་སྲིད་པས་རྟོག་པ་མེད་པའི་ཤེས་པ་ཡང ་མ་ཡིན་ནོ་ཞེས་ཟེར་རོ། །དེ་ལ་སྨྲས་པ། འོ་ན་ནི་རྟོག་བཅོས་དང་རྟོག་མེད་གཉིས་ཀྱིས་ཤེས་པ་ཐམས་ཅད་ལ་ཁྱབ་པའི་ཕྱིར། ཤེས་པ་གཞན་དག་ཀྱང་མ་བྱུང་སྟེ། ཁྱབ་པར་བྱེད་པ་ལོག་ན་ཁྱབ་པར་བྱ་བ་ཡང་ལྡོག་པ་ཡིན་ནོ། །དེ་ལྟ་བས་ན་ ་རྣལ་འབྱོར་པས་ཡོན་ཏན་ཁྱད་པར་ཅན་ཐོབ་པར་འགྱུར་ཏེ། མེད་པ་ལས་གང་གི་རྒྱུ་ལས་འབྲས་བུར་ཡང་མི་རུང་སྟེ། རི་བོང་གི་རྭ་ལ་སོགས་པ་བཞིན་ནོ། །གལ་ཏེ་མེད་པར་ཁས་མི་ལེན་པར་སྐྱོན་འདེགས་སམ་ཞེ་ན། འོ་ན་ཡོད ་ན་རྟོག་བཅས་ཡིན་ནམ་རྟོག་མེད་ཡིན། དེར་སྨྲ་མི་འདོད་དོ་ཞེ་ན། གལ་ཏེ་གནས་སྐབས་དེ་བསྟན་པར། །བྱ་མིན་ཞེ་ན་རྐང་བརྐྱང་སྟེ། །གྲགས་པས་དད་པ་བསྐྱེད་པ་ཡི། དང་ལྡན་རྣམས་ལ་མཛེས་པ་ཡིན། །ཞེས་བྱ་བས་སུན་དབྱུང་ངོ། ། ་འོན་ཏེ་རྟོག་པ་དང་བཅས་པ་འམ་རྟོག་པ་མེད་པར་བརྗོད་དུ་མི་འདོད་དེ། ཤེས་པ་དཔེར་ན་མདའ་སྒྲོ་བྱི་བ་འདྲ་བ་རྐྱང་བ་ཟོར་མཐོང་བ་ཅིག་ཡིན་ཞེ་ན། དེ་ནི་འདི་སྐད་དུ། རྟོག་བཅས་མ་ཡིན་རྟོག་མེད་མིན། །རྣམས་པས་ཉེ་བར་མ ་བསྒོམས་ཤིག་།སྔ་ན་བས་ནི་ཟོར་མཐོ་བའི། །ཤེས་པ་ཡང་དག་ངེས་པར་གནས། །ཤེས་བསྟན་པར་འགྱུར་བས་རེ་ཞིག་བཞག་གོ་།ཁ་ཅིག་ན་རེ་ལྷག་མཐོང་གི་གནས་སྐབས་ན་གསལ་ཞེས་བྱ་བ་ནི་ལུས? ་མེད་པ་ལ་གསལ་བ་ཡིན་ནོ་ཞེས་ཟེར་ན། དེ་ལ་སྨྲས་པ། འོ་ན་ཞི་གནས་ཀྱི་ཤེས་པ་དང་འདྲ་བར་ཐལ་བར་འགྱུར་རོ། །གལ་ཏེ་ཞི་གནས་ཀྱི་དམིགས་པ་ཡོད་མེད་དུ་འདུག་ལ། ལྷག་མཐོང་གི་ནི་དེ་གཉིས་གང་ལ་ཡང་མི ་འཛིན་བས་མི་འདྲ་ཞེ་ན། དེ་ཉིད་ཀྱི་ཕྱིར་ཡུལ་ལ་འདོགས་པ་ཡིན་ཏེ། མི་རྟོག་ཅེས་བཏགས་པ་དང་འདྲའོ། །ཁ་ཅིག་ན་རེ་ས་དང་པོ་ཡན་ཆད་ནི་མི་རྟོག་པ་སྒོམ་པ་ཡིན་གྱིས། འཇིག་རྟེན་ཆོས་ཀྱི་མཆོག་མན་ཆད་ནི། ་སོ་སོར་རྟོག་པའི་ཤེས་རབ་ལ་བསྒོམ་བ་ཡིན་ཏེ། དེ་སྐད་དུ། འཕགས་པ་དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་འདི་ལྟ་སྟེ། དཔེར་ན། ཤིད་གཉིས་དྲུང་པ་ལས་མེ་བྱུང་ནས་ཤིང་དེ་ཉིད་སྲེག་པ་དེ་བཞིན་དུ་ཡང ་དག་པར་སོ་སོར་རྟོག་པ་ཉིད་ལས་ཇི་ལྟ་བ་བཞིན་ཤེས་པའི་མེ་བྱུང་ན། བཙུབས་ཤིང་བཙུབས་པའི་མེ་བཞིན་དུ་རྟོག་པའི་ཤིང་སྲེག་གོ། ཞེས་གསུངས་སོ། །འཕགས་པ་ལང་ཀར་གཤེགས་པ་ལས་སེམས་ཙམ་ལ་ནི ་རབ་བསྟེན་ནས། ཕྱི་རོལ་དོན་ལ་མི་རྟོག་གོ། དེ་བཞིན་ཉིད་ཀྱི་དམིགས་གནས་ནས། སེམས་ཙམ་ལས་ཀྱང་འདའ་བར་བྱ། །སེམས་ཙམ་ལས་ནི་འདས་ནས་སུ། །སྣང་བ་མེད་ལས་འདའ་བར་བྱ། །སྣད་མེད་གནས་པའི ་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང། །ཞི་བ་ལྷུན་གྱིས་གྲུབ་པའི་གནས། །སྨོན་ལམ་དག་གིས་རྣམ་པར་སྦྱང། །ཡེ་ཤེས་དམ་པ་བདག་མེད་པར། །སྣང་བ་མེད་པར་མཐོང་བར་འགྱུར། །ཞེས་གསུངས་སོ། ་དེ་བས་ན་དེ་དག་སོ་སོར་རྟོག་པའི་ཤེས་རབ་རིམ་གྱིས་བསྒོམ་པ་ཡིན་གྱི། ཅིར་ཡང་མི་རྟོག་པར་བསྒོམ་བ་ནི་མ་ཡིན་ནོ། །དེ་ལྟར་ཁ་ཅིག་ཅིར་ཡང་མི་རྟོག་པ་སྒོམ་ཟེར་བ་ནི། ཏོན་མུན་གྱི་རྗེས་སུ་སློབ་པ་ཡིན་ཏེ། རིམ་གྱིས ་འཇུག་པའི་སྒམ་ལུགས་ནི་མ་ཡིན་ནོ། །འོ་ན་གཟུངས་འགྲེལ་ལས། བསྒོམ་པའི་རིམ་པས་ན་མི་རྟོག་པ་སྐད་དུ་གསུངས་པ་ཞེ་ན། དེ་ནི་ས་དང་པོ་ཡན་ཆད་ཀྱི་ཡིན་ནོ། །ཡང་ན་སྤྲོས་པའི་ཕྱོགས་རེ་བཅད་པ་ལ་དགོངས་པ་ཡིན་ཏེ། ལས་དང་པོར ་ནི་ཅིར་ཡང་མི་རྟོག་པ་ལ་བློ་གནས་མི་སྲིད་དེ། དེ་སྐད་དུ། སྒོམ་པའི་རིམ་པ་ཐ་མར་མཛད་པ་ལས། ཡང་རྣལ་འབྱོར་བ་ཏིང་འཛིན་ལ་སྙོམས་པར་ཞུགས་པ་ལ། གལ་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་ཡོད་ན་ནི་གདོན་མི་ཟ་བར་ཅི་ཞིག་ལ་དམིགས་དགོས ་ཏེ། སོ་སོའི་སྐྱེ་བོ་རྣམས་ཀྱི་ཤེས་པ་ནི་གློ་བུར་དུ་དམིགས་པ་མེད་པར་མི་འགྱུར་རོ། །ཅི་སྟེ་མེད་ན་ནི་དེའི་ཚེ་ཇི་ལྟར་ཆོས་རྣམས་ངོ་བོ་ཉིད་རྟོགས་པར་འགྱུར། གཉེན་པོ་གང་གིས་ནི་ཉོན་མོངས་པ་སྤོང་བར་འགྱུར། བསམ་གཏན་བཞི་པ་མ་ཐོབ་པའི ་སོ་སོའི་སྐྱེ་བོའི་སེམས་ནི་འགག་པར་འགྱུར་མི་སྲིད་དོ་ཞེས་གསུངས་སོ། །ཞེས་ཟེར་ན། དེ་ལ་སྨྲས་པ། རེ་ཞིག་དང་པོར་སོ་སོར་རྟོག་པའི་ཤེས་རབ་སྒོམ་མོ་ཞེས་ཟེར་བ་དེ་ནི་བདེན་ཏེ། དེ་བཞིན་གཤེགས་པས་གསུངས་ལ། སློབ་དཔོན་ཀ་མ་ལ ་ཤཱི་བས་ཀྱང། དེ་ལྟ་བས་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེད་པར་འདོད་པས་ཡང་དག་སོ་སོར་རྟོག་པའི་མཚན་ཉིད་ལྷག་མཐོང་ལ་ཐོག་མར་བསྒོམ་པར་བྱ་སྟེ། དེས་མཚན་མ་རྣམས་ཡོངས་སུ་སྤོང་བར་འགྱུར་རོ། །ཞེས་གསུངས་སོ། །འོན་ཀྱང ་དཔྱད་པར་བྱ་བ་ཅུང་ཟད་ཡོད་དོ། །སོ་སོར་རྟོག་པ་ཞེས་བྱ་བ་ནི་སྒྲ་འཇུག་པའི་རྒྱུ་མཚན་གཉིས་ཡོད་དེ་ཞི་གནས་གྲུབ་ནས་གང་ཟག་དང་ཆོས་ལ་བདག་མེད་པར་རྟོག་པ་དང་ཚོལ་བར་བྱེད་པ་བསམ་པའི་ཤེས་རབ་ལ་ཟེར་བ་དང་མི་རྟོག་མི ་འབྱེད་མི་ཚོལ་མི་འགྱུར་མི་གཡོ་བ་ལ་བྱ་བའོ། །དེ་ལ་བསམ་པའི་ཤེས་རབ་ཀྱི་དབང་དུ་མཛད་ནས། །འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག། སོ་སོར་དེ་བརྟགས ་གལ་ཏེ་བསྒོམ་བྱེད་ན། །དེ་ཉིད་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ། །རྒྱུ་གཞན་གང་ཡིན་དེས་ནི་ཞིར་མི་འགྱུར། །ཞེས་གསུངས་སོ། །འཕགས་པ་དགོངས་བ་ངེས་པར་འགྲེལ་པ་ལས་དེ་ལུས་ཤིན་ཏུ་སྦྱོངས་པ་དང། སེམས་ཤིན་ཏུ་སྦྱངས་པ ་ཐོབ་ནས་དེ་ཉིད་ལ་གནས་ཏེ། སེམས་ཀྱི་རྣམ་པར་སྤངས་ནས་ཇི་ལྟར་བསམ་པའི་ཆོས་དེ་དག་ཉིད་ནང་དུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དུ་སོ་སོར་རྟོག་པར་བྱེད་དོ། །མོས་པར་བྱེད་དོ། །དེ་ལྟར་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན ་དེ་དག་ལ་ཤེས་བྱའི་དོན་དེ་རྣམ་པར་འབྱེད་པ་དང། རབ་ཏུ་རྣམ་པར་འབྱེད་པ་དང། ཡོངས་སུ་རྟོགས་པ་དང་ཡོངས་སུ་དཔྱོད་པ་དང། བཟོད་པ་དང། འདོད་པ་དང། བྱེ་བྲག་འབྱེད་པ་དང་ལྟ་བ་དང་རྟོག་པ་གང་ཡིན་པ་དེ་ནི་ལྷག་མཐོང་ཞེས ་བྱ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལྷག་མཐོང་ལ་མཁས་པ་ཡིན་ནོ་ཞེས་གསུངས་སོ། །རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ཀྱི་འགྲེལ་པ་ལས་ཀྱང་བསྡུས་པའི་དོན་བདུན་པའི་སྐབས་སུ་དེ་ཡང་ཇི་སྐད་བསྟན་པའི་མཚན ་མ། སྣང་བ་ལ་སེམས་གཞག་ནས་བྱིང་བ་དང། རྐོད་པ་ལ་སོགས་པ་ཞི་བར་བྱས་ཏེ་ཞི་གནས་བསྒྲུབས་ལ་ཡང་དག་པར་སོ་སོར་རྟོག་པའི་མཚན་ཉིད་ཡིད་ལ་མི་བྱེད་པ་ངེས་མཚན་མ་དེ་དག་ཡོངས་སུ་སྤོང་ངོ། །དེར་ཡང་ཇི་སྐད་ཐོས་པ་དང ་བསམ་པའི་དོན་ལ་དེས་པའི་ཚུལ་གྱིས་སོ་སོར་བརྟགས་པར་བྱ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་བསྒོམ་པ་འམ། འོང་བ་དང་འགྲོ་བ་མེད་པར་སོ་སོར་བརྟགས་པ་འམ། བདག་དང་གཞན་དང་གཉིས་ཀ་ལས་མི་འབྱུང་བ་དང ་དཔྱད་པ་འམ། ཆ་ལ་སོ་སོར་བརྟག་བ་འམ་།མདོར་ན་ཇི་ལྟར་རྟོགས་པས་ཀྱང་རུང་སྟེ། དངོས་པོ་མེད་པ་ལ་ངེས་བ་སྐྱེ་བར་འགྱུར་བ་དེ་ལྟར་སོ་སོར་བརྟག་པར་བྱའོ། །ཞེས་གསུངས་སོ། །དངོས་པོ་མེད་པ་ནི་ཆོས་ཀྱི་དབྱིངས་ལ་དགོངས་སོ་ཞེས ་དེ་ཉིད་ལས་གསུངས་སོ། །མི་རྟག་མི་འབྱེད་མི་ཚོལ་མི་འགྱུར་མི་གཡོ་ཞིང་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པའམ། རྟོག་པ་འམ། རྟོགས་པ་ཙམ་ལ་ལྷག་མཐོང་དང་སོ་སོར་རྟོག་པ་ཞེས་གསུངས་པ་ནི་འཕགས་པ་ཆོས་ཐམས་ཅད ་དམིགས་སུ་མེད་ཅིང་སེམས་པ་མེད་པ་རིན་པོ་ཆེ་བསགས་པའི་བསྟན་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱ་བ་དེ་ཆོས་གང་གི་ཚིག་བླ་དགས་ཡིན། འཇམ ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཡང་དག་པར་སོ་སོར་རྟོག་པ་ཞེས་བགྱི་བ་ནི་སོ་སོར་རྟོག་པ་གང་ལ་ཡང་ཐ་དད་པར་ཡང་མི་བགྱིད། གཅིག་ཏུ་ཡང་མི་བགྱིད། བཅོམ་ལྡན་འདས་འགྱུར་བ་མ་མཆིས་པ་རྣམ་པར་མི་རྟོག ་པའོ། །བཅོམ་ལྡན་འདས་ཡང་དག་པར་སོ་སོར་རྟོག་པ་ཡང་དག་པར་སོ་སོར་རྟོག་པ་ཞེས་བགྱི་བ་དེ་ནི་ཡང་དག་པར་སོ་སོར་རྟོག་པ་མ་མཆིས་པའི་ཚིག་བླ་དགས་སོ། །བཅོམ་ལྡན་འདས་ཡང་དག་པར་སོ་སོར་རྟོག་པ་ལ་བརྟེན་ཏེ། བདག ་ནི་སོ་སོའི་སྐྱེ་བོ་འམ། འཕགས་པ་ཉན་ཐོས་སྙམ་དུ་དེ་ལྟར་མི་སེམས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་ཆོས་གང་སོ་སོའི་སྐྱེ་བོ་འམ། འཕགས་པར་འགྱུར་བའི་དེ་ཡང་དག་པར་རྗེས་སུ་མི་མཐོང་བའི་སླད་དུའོ། །བཅོམ་ལྡན་འདས་ཡང་དག་པར་སོ ་སོར་རྟོག་པ་ལ་བརྟེན་ནས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཆོས་ཀྱི་དབྱིངས་ཀྱིས་ཚུལ་གྱིས་དེ་ལྟར་གནས་པ་ལགས་ཏེ། ཆོས་གང་ལ་ཡང་མཉམ་པ་ཉིད་དུ་ཡང་མི་བགྱིད། མི་ཉམ་པར་ཡང་མི་བགྱིད། སོ་སོ་སྐྱེ་བོའི་ཆོས་ནི་མི་མཉམ ་པའོ་ཞེས་པར་མི་བགྱིད། འཕགས་པའི་ཆོས་ནི་མཉམ་པའོ། །ཞེས་རྣམ་པར་རྟོག་པར་མི་བགྱིད་དོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དམིགས་པ་གང་མཉམ་པའམ། མི་མཉམ་བར་བགྱིད། པ་དེ་ལ་མི་དམིགས་པའི་སླད་དུའོ།། ་གང་གི་མཉམ་པ་འམ་མི་མཉམ་པར་བགྱིད་པ་དེ་ཡང་དགེ་སློང་དེ་མ་མཆིས་སོ། །དེ་ལྟར་རྣམ་པར་མི་རྟོག་པའི་དགེ་སློང་ནི་བདག་རྣམ་པར་མི་རྟོག་གོ་སྙམ་དུ་དེ་ལྟར་འཛིན་པ་ཡང་མ་མཆིས་སོ། །ཞེས་གསུངས་སོ། །རྣམ་པར་མི་རྟོག་པའི་གཟུངས ་འབྲེལ་དེ་ཉིད་ལས། བསྡུས་པའི་དོན་བརྒྱད་པའི་སྐབས་སུ་ཡང་དག་པའི་དོན་བསྒོམས་པའི་སྟོབས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་རྟོགས་པའི་རྣམ་པ་སྐྱེ་ཞིང་རང་རིག་པ་དང། བདག་ཉིད་ཀྱང་ངོ་བོ་ཉིད་མེད་པར་རྟོགས་པ་སྐྱེ་ན། ་རྣལ་འབྱོར་པའི་ཡེ་ཤེས་ཀྱིས་མཐོང་ཞེས་བསྟན་ཏོ་ཞེས་གསུངས་སོ། །འཕགས་པ་འོད་སྲུངས་ཀྱིས་ཞུས་པའི་འགྲེལ་པ་ལས། ཡང་དག་པ་ཇི་ལྟ་བ་བཞིན་དུ། སོ་སོར་རྟོགས་པ་ཞེས་གསུངས་སོ། །དེ་བས་ན་སྒྲ་འཇུག་པའི་རྒྱུ་མཚན་གཉིས ་ཡོད་དོ། །ཞེས་བྱ་བ་དེ་གྲུབ་བོ། །འོ་ན་ཏེ་ཉི་ཁྲི་སྣང་བ་ལས། །མཛའ་མ་མ་མཐོང་བའི་བྱ་བཞིན་ནོ། །ཞེས་གསུངས་པ་དེ་ནི་ལྟར་དྲང། དེ་ཡང་མཛའ་མ་མ་མཐོང་ནས་ཕྱིར་ལོག་སྟེ་དེ་ཅིའི་སར་འཇུག་པ་གཞིན་དུ། སོ་སོར་བརྟགས་ནས་མ ་མཐོང་བས་ཡང་སོ་སོར་རྟོག་ཅེས་གསུངས་པ་ནི་མ་ཡིན་ཏེ། དེ་ལྟ་ན་ནི་ཡང་བལྟར་འགྲོ་བྱ་བར་འགྱུར་གྱི། དེ་ཅིའི་སར་འདུག་ཅེས་མི་བྱའོ། །དེ་ལྟ་བས་ན་འདི་སྐད་དུ། དཔེར་ན་བྱ་དེ་རྒྱ་མཚོའི་མཛའ་བལྟས་པས་མ་མཐོང་སྟེ། འགྲོ་ས ་མེད་ནས་འདུག་པ་དེ་བཞིན་དུ་བསམ་པའི་ཤེས་རབ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟགས་ནས་མ་མཐོང་བ་ལ་ཏིང་ངེ་འཛིན་གྱིས་གྲོགས་བྱས་ནས་དེ་ལས་མི་གཡོ་བར་ལྷན་ནི་ཡོད་ཀྱི་རྣམ་པར་ཤེས་པ་འདུག་པ་ཡིན་ཞེས་གསུངས་པ། ཡིན་ནོ་གཙུབ ་ཤིང་གིས་གཙུབས་པའི་མེས་སྲེག་པའི་ཞེས་བྱ་བ་དེ་ཡང་གཙུགས་པས་མེ་ལམས་གྱིས་འབར་བས་སྲེག་པ་བཞིན་དུ་བཙལ་ཕྱེ་བཏགས་པས། དེའི་ཕྲོ་ཁོ་ནས་ཡེ་ཤེས་ལྷག་གིས་སྐྱེ་ཞེས་གསུངས་པ་མ་ཡིན་ཏེ། དེ་ནི་འདི་སྐད་དུ། ་སོ་སོའི་སྐྱེ་བོའི་ས་ལ་རྟགས་ལ་བརྟེན་ནས་ཅིར་ཡང་མ་གྲུབ་པར་རྟོགས་པ་ལ་ཏིང་ངེ་འཛིན་གྱིས་གྲོགས་བྱས་ནས་ཞི་གནས་དང་ལྷག་མཐོང་ཆ་མི་མཉམ་ན་མཉམ། མཉམ་ན་ཇི་སྲིད་ནུས་ཀྱི་བར་དུ་འཇུག་པ་ལས་འབད་པ་དང་བསྒྲིམ་པ ་དང་ཙོལ་བའི་སྒོ་ནས་འདི་ལྟ་སྟེ་དཔེར་ན་མེས་མེའི་བྱ་བ་བྱེད་འདོད་ཅིང་མེ་དོན་དུ་གཉེར་བའི་མི་ལ་ལ་ཞིག་གི་གཙུབ་སྟན་གྱི་སྟེང་དུ་གཙུབས་ཤིང་གཙུབས་ཏེ་མངོན་བར་གཙུབ་ཤིང་འབད་པར་བྱེད་དོ། །སྒྲིམ་པར་བྱེད། རྩོལ་པར་བྱེད་ན། དེ་འབད་པ་དང་སྒྲིམ་པ་དང། ་རྩོལ་བ་འདིའི་སྒོ་ནས་དང་པོ་ཁོ་ནར་གཙུབ་སྟན་ལས་དྲོད་སྐྱེ་བར་འགྱུར་རོ། །དྲོ་དེ་ཉིད་མངོན་པར་འཕེལ་བ་ན་མེ་འབྱུང་བཞིན་དུ་བ་འཐུལ་བར་འགྱུར་རོ། །རྒྱ་ཆེར་མངོན་བར་འཕེལ་བར་གྱུར་བ་ན། མེ་ལྕེ་མེད་པའི་མེ་འཕེལ་བར་འགྱུར། མེ་བྱུང་མ་ཐག་ཁོ་ནར་མེ་ལྕེ་འབྱུང་བར ་འགྱུར་རོ། །མེ་ལྕེ་འབྱུང་ཞིང་འབར་བ་དེ་མེའི་བྱ་བ་བྱེད་དོ། །དེ་བཞིན་དུ་ཇི་ལྟར་མངོན་བར་གཙུབས་གང་འབད་པ་དང་སྒྲིམ་པ་དང། རྩོལ་བར་བྱེད་པ་དེ་ལྟར་ན་དབང་པོ་ལྔ་པོ་དག་ལ་ཀུན་ཏུ་བརྟེན་ཅིང་གོམས་པར་བྱེད་ལན་མང་དུ་བྱེད་པར་བལྟ་བར་བྱའོ། །ཇི་ལྟར་དང་པོ་ཁོ་ནར ་གཙུབ་སྟན་ནས་དྲོད་སྐྱེ་བར་འགྱུར་བ་དེ་ལྟར་ནི་མེ་ལྟ་བུའི་གང་ཟག་དང་ཆོས་ལ་བདག་མེད་པའི་ཆོས་ཉོན་མོངས་པ་རྣམས་སྲེག་པ་སྐྱེ་བའི་སྔོན་རོལ་དུ་འགྲོ་ཞིང་རྒྱུར་འགྱུར་བའི་དྲོ་བར་གྱུར་བ་དག་བལྟ་བར་བྱའོ། །ཇི་ལྟར་དྲོད་དེ་ཉིད་མངོན་པར་འཕེལ་བ་ན་རྩེ་མོ ་འབྱུང་བར་འགྱུར་བ་ལྟར་ནི་རྩེ་མོ་དག་བལྟའོ། །ཇི་ལྟར་དུ་བ་འཐུལ་བར་འགྱུར་བ། དེ་ལྟར་ནི་བདེན་པ་དང་རྗེས་སུ་མཐུན་པའི་བཟོད་པ་རྣམས་བལྟ་བར་བྱའོ། །ཇི་ལྟར་རྒྱ་ཆེར་མངོན་པར་འཕེལ་བར་གྱུར་བ་ནས། མེ་ལྕེ་མེད་པའི་མེ་འབྱུང་བར་འགྱུར་བ་དེ་ལྟ་ནི་འཇིག ་རྟེན་པའི་ཆོས་ཀྱི་མཆོག་རྣམས་བལྟ་བར་བྱའོ། །ཇི་ལྟར་མེ་བྱུང་མ་ཐག་ཁོ་ནར་མེ་ལྕེ་འབྱུང་བར་འགྱུར་ཏེ། མེ་ལྕེ་བྱུང་ཞིང་འབར་བ་དེས་མའི་བྱ་བ་བྱེད་པ་དེ་ལྟར་གང་དག་པ་འཇིག་རྟེན་པའི་ཆོས་ཀྱི ་ཡང་དག་པར་ཟིན་པའི་སྟོབས་ལྔ་པོ་དག་མཇུག་ཐོགས་སུ་བྱུང་བ་འཇིག་རྟེན་ལས་འདས་པ་སྤྲོས་པ་མཛའ་དག་དང་བྲལ་བ་ཤིན་ཏུ་གསལ་བ་མ་མཐོང་བ་མཐོང་བ་བྱུང་བས་སྤྱིའི་རྣམ་པ་ལ་རང་གི་མཚན་ཉིད་དུ་ཡིན་པའི་རྩོལ ་བའི་དང་།འབད་པ་དང་བྲལ་བ་དེ་ཙམ་ལ་སྲེག་ཅེས་གསུངས་བ་ཡིན་ཏེ། རང་གི་མཚན་ཉིད་མཚན་ཉིད་མེད་པ་མ་མཐོང་བ་ངེས་རྟགས་ལ་བརྟེན་ནས་མཚན་ཉིད་ཐམས་ཅད་དང་བྲལ་བར་ངེས་པ་ཙམ་ལ་བློ་གནས་པ་དེ ་འཁྲུལ་སྙམ་པའི་ཤེས་པ་སྐྱེ་བས་སྲེག་ཅེས་བྱ་སྟེ། འོད་སྲུངས་ཀྱིས་ཞུས་པ་ལས་།ཡང་དག་པ་ཇི་ལྟ་བ་གཞིན་རྟོགས་པས་ཚིག་པ་དང་འདྲ་སྟེ་ཞེས་གསུངས་སོ། །དེ་བས་ན་མེ་འབྱུང་བའི་རྒྱུ་མེས་སྲེགས་པ་དང་འདྲ་བར་མ་རྟོག་པའི་ཡེ་ཤེས་སྐྱེ ་བའི་རྒྱུ་རྟགས་ལ་བརྟེན་ནས་ཅིར་ཡང་མ་གྲུབ་པར་རྟོགས་པའི་ཏིང་ངེ་འཛིན་གྱིས་གྲོགས་བྱས་ནས་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བ་ལ་གོམས་པས་ཅིར་ཡང་མ་གྲུབ་པ་འམ། ཅིར་ཡང་མ་མཐོང་བའི་ཡེ་ཤེས་སྐྱེས་པ་ན་རྟགས་ལ ་བརྟེན་ནས་ངེས་པ་ཙམ་ལ་བསྒོམ་མི་དགོས་ཏེ། དེ་དང་བྲལ་བ་ཡིན་ནོ་ཞེས་བསྟན་ནོ། །ལངས་པའི་གནས་སྐབས་སུ་འབྱེད་པ་དང་ཚོལ་བའི་ཤེས་པ་ཡང་རྟག་ཏུ་མི་འབྲལ་བར་བརྟེན་དགོས་ཏེ། འཕགས་པ་གཙུག་ན་རིན་པོ་ཆེ་ལས། སྟོང་པ་ཉིད་ཀྱི་བསམ ་གཏན་སྦྱིན་པ་ནས་ཤེས་རབ་ཀྱི་བར་དུ་མ་བྲལ་བ་ཞེས་གསུངས་སོ། །འཕགས་པ་ལང་ཀར་གཤེགས་པ་ལས། ཤེས་རབ་བསྒོམ་པའི་རིམ་པ་མདོར་བཀའ་སྩལ་ཏེ། སེམས་ཙམ་ལ་ནི་རབ་བརྟེན་ནས། ཞེས་བྱ་བ་ལ་སོགས་པའི་གནས་གྲུབ་ནས ་བསམ་པའི་ཤེས་རབ་ཀྱིས་རིམ་གྱིས་ནམ་ཡིད་ཆེས་ཀྱི་བར་དུ་བརྟག་པ་ཡིན་གྱི། བརྟགས་ནས་ཆོས་ཉིད་རེ་མོས་བསྒོམ་པ་མ་ཡིན་ཏེ། དེ་སྐད་དུ། བསྒོམ་པའི་རིམ་པ་དང་པོར་མཛད་པ་ལས་དེ་ལྟར་དམིགས་པ་ལས་སེམས་བརྟན་པར་བྱས་ནས་ཤེས་རབ ་ཀྱིས་དཔྱད་པར་བྱ་སྟེ། ཞེས་བྱ་བ་ནས་ཡེ་ཤེས་དམ་པ་བདག་མེད་པར་སྣང་བ་མེད་པས་མཐོང་བར་འགྱུར། ཞེས་གསུངས་པའི་བར་དུ་ལེགས་པར་བཤད་ནས། དེ་ལྟར་བསྒོམ་པའི་རིམ་པ་འདིས་དེ་ཁོ་ན་བསྒོམ་པར་བྱའོ་ཞེས་གསུངས་ཏེ། དེས་ནི་བསམ་པའི་ཤེས ་རབ་ཀྱིས་ཡིད་ཆེས་པར་གོམས་པར་བྱ་ཞེས་གསུངས་པ་ཡིན་ནོ། །དེ་ནས་ཡིད་ཆེས་པས་དེའི་དོན་ལ་སྒོམ་པའི་དབང་དུ་མཐོང་ནས། དེ་ལ་བྱིང་བ་དང་རྒོད་པ་ལ་སོགས་པ་བྱུང་ན་སྔར་བསྟན་པ་བཞིན་དུ་ཞི་བར་བྱའོ་ཞེས་གསུངས་པས་ན་སྔར་ཞི་གནས ་འབའ་ཞིག་བསྒོམ་པའི་སྐབས་བྱིང་རྒོད་ལ་སོགས་པ་ཞི་བར་བྱད་པ་དེ་བཞིན་དུ། བསམ་པའི་ཤེས་རབ་ཀྱིས་སོ་སོར་བརྟགས་པའི་དོན་ལ་ཞི་གནས་དང། ལྷག་མཐོང་ཟུང་དུ་འབྲེལ་པར་བསྒོམ་པ་འདི་ལ་ཡང་ཞི་བར་བྱ་དགོས་པའི་དོན་ཏོ། །གང་གི ་ཚེ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་དམིགས་པ་ལ་ཞེས་གསུངས་པ་ནི་སྤྲོས་པ་ཕྱོགས་རེ་བཅད་པ་ལ་དགོངས་པ་མ་ཡིན་བར་བསྟན་ཏོ། །བྱིང་བ་དང་རྒོད་པ་ལ་སོགས་པ་དང་བྲལ་ཞིང་ཞེས་གསུངས་པས་ནི་ཞི་གནས་ཀྱི་ཤས་ཆེ་བ་དང། ལྷག་མཐོང ་མི་ཤེས་ཆེ་བ་དང་མི་དགའ་བ་དང། ལུང་དུ་མ་བསྟན་པའི་ཤེས་པ་དང། ཡང་བྲལ་བར་བྱ་ཞེས་བྱ་བའི་དོན་ཏོ། །མངོན་པར་འདུ་བྱེད་པ་མེད་པར་ཤེས་པ་འཇུག་པར་གྱུར་བ་དེའི་ཚེ་ཞེས་གསུངས་པས་ནི། རྩོལ་བ་མ་བྱས་ཀྱང་ལྷན་གནས་ཞེས་གསུངས ་པའོ། །ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲལ་བར་འཇུག་པའི་ལམ་རྫོགས་པ་ཡིན་ནོ། །ཞེས་གསུངས་པས་ནི་གཉིས་ཀ་ཆུང་ཡང་མཉམ་པར་ཟུང་དུ་འབྲེལ་པར་ཡོད་བས་གདགས་སུ་འདོད་རེ་ཞིག་སྐབས་དང་རྩོལ་བ་མི་བྱ་ཞེས་གསུངས་པའོ། །དེའི་ཚེ་ཇི ་སྲིད་དུ་ནུས་པ་དེ་སྲིད་དུ་མོས་པའི་སྟོབས་ཀྱིས། མོས་པ་སྐྱེད་པའི་ས་ལ་གནས་པར་བསྒོམ་པར་བྱའོ་ཞེས་གསུངས་པས་ནི། འཕགས་པ་བཞིན་དུ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་མངོན་དུ་མ་གྱུར་ཏེ། གཏན་ཚིགས ་ལ་བརྟེན་ནས་དེ་ལྐོག་ཏུ་གྱུར་བའི་དོན་ལ་ངེས་པ་སྐྱེས་ཤིང་།དེ་ལ་སོ་སོའི་སྐྱེ་བོའི་ས་ནི་མོས་པ་ཡིན་བས་དེ་ལ་གོམས་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདིས་ནི་སོ་སོའི་སྐྱེ་བོའི་ས་ན་ཡང་མོས་པའི་སྒོ་ནས་ཅིར་ཡང་མི་རྟོག ་པ་སྒོམ་པ་ཡོད་དོ་ཞེས་བསྟན་པར་འགྱུར། །དེ་ལྟ་མ་ཡིན་ན་རིམ་གྱིས་བསྒོམས་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་པར་བྱས་ནས་ཡང་མོས་པའི་སྒོ་ནས་བསྒོམ་པར་ཐལ་བར་འགྱུར་རོ། །འོ་ན་གནས་སྐབས་ཀྱི་བྱེ་བྲག ་བཅུ་གཉིས་སུ་འགྱུར་ཞེས་གསུངས་པ་དང། དྲོད་དང་རྩེ་མོའི་གནས་སྐབས་སུ་ཕྱི་གཟུང་བའི་ཡུལ་སྤོང། བཟོད་པ་དང། འཇིག་རྟེན་ཆོས་ཀྱི་མཆོག་གི་གནས་སྐབས་སུ་ནང་འཛིན་པའི་སེམས་སྡོང་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ ་ཇི་ལྟར་དྲང་ཞེ་ན། བདེན་མོད་ཀྱི། འོན་ཀྱང་ཐམས་ཅད་ཀྱི་ཆོས་ཉིད་མཚན་ཉིད་ཐམས་ཅད་བྲལ་བ་ཙམ་ལ་ཡང་མི་གནས་པར་བསྒོམ་ཡང་སོང་བར་བྱེད་པའི་རྟོག་པ་རགས་རིམ་གྱིས་འབྲལ་ཏེ། དེ་ལ་དགོངས་ནས་གསུངས་པ་ཡིན་ནོ ་འོ་ན་ཆོས་ཉིད་རིམ་གྱིས་བསྒོམ་ན་ནི་རིམ་གྱིས་འབྲལ་བར་རིགས་ཀྱི་ཅིག་ཅར་དུ་བསྒོམས་པས་ཆོས་ཅན་སྤང་རྒྱུ་རིམ་གྱིས་འབྲལ་བ་མི་རིགས་ཏེ། ཅིག་ཅར་དུ་སོངས་རིགས་སོ་ཞེ་ན། དེ་ནས་དང་པོར་ཆོས་ཐམས་ཅད་ཀྱི་ཆོས་ཉིད ་མངོན་སུམ་དུ་བྱེད་པའི་ཡེ་ཤེས་སྐྱེས་པས་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཡང་དུས་གཅིག་ཏུ་སྤོང་བའི་རིགས་སོ། །དེ་ནི་གོས་ཀྱི་དྲི་མ་དང་འདྲ་སྟེ། རིགས་རིམ་གྱི་སྤོང་བ་ཡིན་ཏེ། དེ་བས་ན་དུས་གཅིག་དུ་སྤོང་མི་ནུས་སོ་ཞེ ་ན་དེ་བཞིན་ནོ། །འོ་ན་རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས་ཀྱང། རང་བཞིན་ལ་རྣམ་པར་རྟོག་པ་དང། གཉེན་པོ་ལ་རྣམ་པར་རྟོག་པ་དང། དེ་ཁོ་ན་ལ་རྣམ་པར་རྟོག་པ་དང། འཐོབ་པ་ལ་རྣམ་པར་རྟོག་པའི་མཚན་མ་དང་བཞི ་རིམ་གྱི་སྤང་བར་གསུངས་པ་ཞེ་ན། དེ་ཡང་ཞི་གནས་གྲུབ་ནས་བསམ་པའི་ཤེས་རབ་ཀྱི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ནམ་ཡིད་ཆེས་ཀྱི་བར་དུ་རྟགས་ལ། དེའི་དོན་ལ་མི་རྟོག་པར་བསྒོམ་མོ་ཞེས་གསུངས་པ་ཡིན་ཏེ། དེ་ཉིད་ལས་མཚན་མ་རྣམས ་ཡོངས་སུ་སྤོང་བར་ཡང་དག་པར་སྦྱོར་བ་བསྡུས་པའི་དོན་བདུན་པའི་སྐབས་སུ་ཞི་གནས་གྲུབ་ནས་རང་བཞིན་ལ་རྣམ་པར་རྟོག་པའི་མཚན་མ་ལ་སོ་སོར་བརྟགས་ནས། དེ་ནས་དེ་སྤོང་བ་ན་བརྒྱ་ལ་རྣལ་འབྱོར་བ་དག་འདི་སྙམ་དུ་ཞེས་བྱ་བ་ལ་སོགས་པ་ཡང་རྟོག ་པ་བྱུང་ན་ད་ལ་སོ་སོར་རྟོག་པར་བྱའོ། །ཞེས་གསུངས་པ་ཡིན་ཏེ། གལ་ཏེ་རང་བཞིན་ལ་རྣམ་པར་རྟོག་པ་ལ་ཡིད་ཆེས་པའི་སྐབས་སུ་བཞི་ག་ལ་ཡིད་ཆེས་ན་ཡང་དེ་ནས་སྒོམ་ཞེས་གསུངས་པ་ཡིན་ནོ། །གལ་ཏེ་ཡིད་མ་ཆེས་ན་ཐོབ་པ་ལ་རྣམ་པར་རྟོག ་པ་ཡང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་སྤང་བར་བྱ་སྟེ་དེས་ནི་སོ་སོའི་སྐྱེ་བོས་སྤང་བ་ཡིན་པར་དེ་ཉིད་ལས་ས་ལ་སོགས་པ་ལ་རྣམ་པར་རྟོག་པའི་མཚན་མ་ལ་ཀུན་ཏུ་སྤྱོད་པ་འདི་དག་ནི་ལས་དང་པོའི་རྣལ་འབྱོར་བ་ཁོ་ནའི་སྟེ། ས་ལ་ཞུགས་པ་ལ་ནི་མ ་ཡིན་ཏེ། དེ་ལ་མི་སྲིད་པའི་ཕྱིར་རོ་ཞེས་གསུངས་སོ། །དེ་ནས་བསམ་པའི་ཤེས་རབ་ཀྱིས་མཚན་མ་བཞི་ཅར་མ་གྲུབ་པར་ཡིད་ཆེས་པའི་དོན་སྒོམ་པའི་དབང་དུ་མཛད་ནས། དེ་ལྟར་རྣལ་འབྱོར་པ་མོས་པའི་དབང་དང། ཤེས་རབ་ཀྱིས་ཡོད་པ་ལ་སོགས་པར ་རྟོག་པའི་མཚན་མའི་དྲ་བ་ཐམས་ཅད་སྤངས་ལ་རྟོག་པ་མེད་ཅིང་དཔྱད་པ་དང་བྲལ་བ་བརྗོད་པ་མེད་པར་རོ་གཅིག་པའི་ཡིད་ཀྱིས་དེ་ཁོ་ན་ཉིད་ལ་མོས་ནས་མངོན་པར་འདུ་མི་བྱེད་པར་ཤིན་ཏུ་གསལ་བར་བསྒོམ་ཞིང་འདུག་པར་བྱའོ་ཞེས ་བྱ་བ་ལ་སོགས་པ་གསུངས་པས་ནི་འདི་སྐད་དུ། སོ་སོའི་སྐྱེ་བོས་ཏིང་ངེ་འཛིན་ལ་གནས་ནས་བསམ་པའི་ཤེས་རབ་ཀྱིས་སོ་སོར་བརྟགས་ནས་མཚན་མ་ཐམས་ཅད་ལ་རྟོགས་པའི་དྲ་བ་སྤང་ལ་ཅིར་ཡང་མི་རྟོག་པ་མོས ་པའི་སྒོ་ནས་བསྒོམ་ཤིང་འདུག་པར་བྱའོ་ཞེས་བསྟན་པ་ཡིན་ཏེ། སྤྲོས་པ་ཕྱོགས་ར་བཅད་ནས་བསྒོམ་ཞེས་བྱ་བ་འམ་ལས་དང་པོ་པ་ཅིར་ཡང་མི་རྟོག་པ་བསྒོམ་པ་ནི་མ་བསྟན་ཏོ། །བསྒོམ་པའི་རིམ་པ་བར་དུ་མཛད་པ་ལས་ཀྱང། དེ་ནས་ཞི ་གནས་གྲུབ་ནས་ལྷག་མཐོང་བསྒོམ་པར་བྱ་སྟེ། འདི་སྙམ་དུ་བསམ་པར་བྱའོ། །ཞེས་བྱ་བ་ནས། ཤེས་རབ་མཆོག་གི་བསམ་གཏན་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་བསམ་པའི་ཤེས་རབ་བསྟན་ནས་བསྒོམ་པའི་ཤེས་རབ་ཀྱིས་གནས་སྐབས་སུ་དེ་ལྟར ་གང་ཟག་དང་ཆོས་ལ་བདག་མེད་པ་དེ་ཁོ་ན་ལ་ཞུགས་པ་དེ་ཡོངས་སུ་བརྟག་པ་བྱ་བ་བལྟ་བར་བྱ་བ་གཞན་མེད་པས་རྟོག་པ་དང་དཔྱོད་པ་དང་བྲལ་བ་བརྗོད་དུ་མེད་པ་དང་གཅིག་ཏུ་གྱུར་པའི་ཡིད་ལ་བྱེད་པ་རང་གི་འཇུག་པ་མངོན་པར་འདུ་བྱེད ་པ་མེད་པས་དེ་ཁོ་ན་ཉིད་ལ་ཤིན་ཏུ་གསལ་བར་བསྒོམ་ཞིང་འདུག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེར་ཡང་སྤྲོས་པ་ཕྱོགས་གཅིག་བཅད་པ་ལ་བསྒོམ་པ་ཡང་གསུངས་ལ། ལས་དང་པོ་པ་ལ་མི་རྟོག་པར་བསྒོམ་པ་ཡང་གྲུབ ་པ་ཡིན་ཏེ། ས་དང་པོ་པ་མི་ལ་ཆེ་ཐུན་ཕྱེད་ལ་སོགས་པ་ལས་གནས་མི་ནུས་པ་ནི་མི་སྲིད་དོ། །སྒོམ་པའི་རིམ་པ་ཐ་མར་མཛད་པ་ལས་ཀྱང། །ཏིང་ངེ་འཛིན་ལ་གནས་ནས་བསམ་པའི་ཤེས་རབ་ཀྱིས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དབང་དུ ་མཛད་ནས། དེ་བཞིན་གཤེགས་པའི་སྐུ་ཇི་སྲིད་དུ་མདུན་དུ་བཞུགས་པ་བཞིན་དུ་གསལ་བར་མཐོང་བར་གྱུར་པ་དེ་སྲིད་དུ་བསམ་གཏན་བྱའོ། །དེ་ནས་དེ་བཞིན་གཤེགས་པའི་སྐུའི་གཟུགས་བརྙན་བྱོན་པ་འམ། བཞུད་པ་ལ་རྟོག་པས་ལྷག ་མཐོང་བསྒོམ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་ནས་དེ་ནས་དེའི་དོན་ལ་བསྒོམ་པའི་དབང་དུ་མཛད་ནས། ཡོད་པ་ལ་སོགས་པའི་ངོ་བོ་དང་བྲལ་བའོ། །ཞེས་དཔྱད་ནས་རྣམ་པར་རྟོག་པ་མེད་ཅིང་བརྗོད་པ་མེད་པ་དང་གཅིག་ཏུ ་གྱུར་པའི་ཡིད་ཀྱིས་དེ་ཁོ་ན་བསྒོམ་ཞིང་ཇི་སྲིད་འདོད་པའི་བར་དུ་འདུག་པ་བྱེད་པ་ལ་སོགས་པ་གསུངས་པ་དང། རྣམ་འབྱོར་པའི་ཞི་གནས་གྲུབ་ནས་དེ་ཁོ་ན་རྟོགས་པར་བྱ་བར་ཕྱིར་དེ་ནས་ལྷག་མཐོང་བསྒོམ་པར་བྱ་སྟེ། ཡང་དག ་པ་ལ་སོ་སོར་རྟོག་པ་ནི་ལྷག་མཐོང་ཞེས་བྱ་བ་ནས། ཤེས་རབ་ཀྱི་བརྟགས་ནས་དངོས་པོ་མཛའ་དག་གི་ངོ་བོ་ཉིད་མ་དམིགས་པའི་ཕྱིར་ཤེས་རབ་མཆོག་གི་བསམ་གཏན་པ་ཡང་ཡིན་ནོ་ཞེས་གསུངས་ནས། དེ་བསྒོམ་པའི་དབང་དུ་མཛད་ནས། ་དེ་ལྟར་གང་ཟག་དང་ཆོས་ལ་བདག་མེད་པ་དེ་ཁོ་ལ་ཞུགས་པས་བལྟ་བར་བྱ་བའམ། བརྟག་པར་བྱ་བ་གཞན་མེད་པའི་ཕྱིར་དཔྱོད་པ་མེད་ཅིང་བརྗོད་པ་མེད་པ་དང། ངང་གཅིག་ཏུ་གྱུར་པའི་ཡིད་རང་གི་ངང་གིས་འཇུག་པས་མངོན་པར་འདུ་བྱེད ་པ་མེད་པའི་ཕྱིར་རྣལ་འབྱོར་བ་དེ་ཁོ་ན་ཤིན་ཏུ་གསལ་བར་ངེས་པར་གཟུང་ཞིང་འདུག་པར་བྱའོ། །དེར་གནས་ནས་ཀྱང་སེམས་ཀྱི་རྒྱུད་མི་གཡེང་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ཀྱང་ཞི་གནས་ལ་གནས་ནས། བསམ་པའི་ཤེས་རབ་ཀྱི་ལྷག་མཐོང ་སོ་སོར་རྟོག་པ་ངེས་གང་ཟག་དང་ཆོས་ཐམས་ཅད་མ་དམིགས་ནས། དེའི་དོན་བསྒོམ་པའི་ཕྱིར་ཡང་མི་རྟོག་པར་ངེས་པར་གཟུང་དུ་མེད་པའི་ཚུལ་གྱིས་གཟུང་ཞེས་བྱ་སྟེ། སྤྲོས་པ་ཕྱོགས་རེ་ལ་བསྒོམ་པ་ཡང་མ་ཡིན་ལ་ལས་དང་པོ་པ་རྟོག་པ ་དང་ཚོལ་བ་ལས་མི་རྟོག་པའི་བསྒོམ་པ་མེད་པ་ཡང་མ་ཡིན་ཞིང། དེ་ཙམ་གྱིས་བདེན་པ་མཐོང་བ་ཡང་མ་ཡིན་ཏེ། ཤས་ཆེ་ཆུང་ལ་སོགས་པ་ཡང་ཡང་དང་ཡང་བཅོས་ལ། དེ་ལྟ་བུ་དེས་ཀྱང་ཆུ་ཆོད་གཅིག་ལ་སོགས་པ་ཟས?་གནས་མི་ནུས་པར ་བསྟན་པའི་ཕྱིར་རོ། །ལས་དང་པོ་པ་སྤྲོས་པ་ཐམས་ཅད་བྲལ་བ་ཡང་མི་རྟོག་པ་བསྒོམ་པ་ཡང་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་བ་ལས། དེ་བཞིན་གཤེགས་པས། འཇམ་དཔལ་ཁྱོད་བསམ་གྱིས་མི་ཁྱབ ་པའི་ཏིང་ངེ་འཛིན་ལ་སྙོམས་པར་མི་འཇུག་གམ་ཞེས་གསུངས་པ་དང། འཇམ་དཔལ་གྱིས་གསོལ་བ། བཅོམ་ལྡན་འདས་བདག་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་མི་འཇུག་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བདག་སྔོན་ལས་དང་པོ ་བའི་ཚེ་ན་ནི་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ། ད་ལྟ་ནི་བདག་ཉིད་བསམ་གྱིས་མི་ཁྱབ་པ་ལགས་པས་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་མི་འཇུག་ལགས་སོ། །ཞེས་དཔེ་དང་བཅས་ནས་གསུངས་སོ།། ་བསམ་གྱིས་མི་ཁྱབ་པ་ནི་དེ་ཉིད་ཀྱི་འགྲེལ་པ་ལས། བསམ་གྱིས་མི་ཁྱབ་པས་ཞེས་བྱ་བ་ནི། བསམ་པ་ལས་འདས་པའོ། །བསམ་པ་ལས་འདས་པ་ནི། བསམ་དུ་མེད་པའོ། །ཞེས་སྤྲོས་པ་དང་བྲལ་བ་ལ་གསུངས་སོ། །རྣམ་པར་མི་རྟོག་པར་འཇུག ་པའི་གཟུངས་ལས་ཀྱང། མཚན་མ་སྤོང་བའི་ཐབས་ཀྱི་སྐབས་སུ་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་གང་རྣམ་པར་རྟོག་པ་དེ་རྣམ་པར་མི་རྟོག་པའི་དབྱིངས་སོ། །ཞེས་དཔྱོད་ན་ཡང་རྣམ་པར་རྟོག་པ་ལ་དཔྱོད་བའོ། །ཞེས་གསུངས ་སོ། །ཏོན་མུན་ཞེས་བྱ་བ་ནི། ཅིག་ཅར་འཇུག་པ་ཅེས་བྱ་སྟེ། གང་ཅིག་ཅར་འདུག་པ་ཞེས་བྱ་བ་ནི་ཆོས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ལེགས་པར་རྟོག་པ་སྔོན་དུ་འགྲོ་བ་སྤངས་ནས་ཅིར་ཡང་མི་རྟོག་པར ་བསྒོམ་པ་ཙམ་བྱེད་པ་ཡིན་པར་སློབ་དཔོན་ཀ་མ་ལ་ཤཱི་ལས་བསྟན་ཏོ། །ཐབས་མི་སྟོན་པ་ནི་གཞན་དུ་བསྟན་ཟིན་ཏོ། །དེ་བས་ན། དེ་ལྟ་བུ་ལ་ཟེར་བ་ཡིན་གྱི། སོ་སོར་རྟོག་པ་སྔོན་དུ་སོང་ནས་ཅིར་ཡང་མི་རྟོག་པ་ནི་རིམ་གྱིས་འཇུག་པ་ཡིན་པར ་སློབ་དཔོན་ཉིད་ཀྱི་གསུངས་པ་ཡིན་ཏེ། གོང་དུ་སྨོས་པ་བཞིན་ནོ། །སོ་སོའི་སྐྱེ་བོ་རྣམས་ཀྱི་ཤེས་པ་ནི་གློ་བུར་དུ་དམིགས་པ་མེད་པར་མི་འགྱུར་ཏེ། ཞེས་གསུངས་པ་དེ་ཡང་རྒྱུ་མེད་པར་མི་འགྱུར་རོ་ཞེས་གསུངས་པ་ཡིན་གྱི། ཡུན་རིང་པོ་མ ་ལོན་པས་མི་རྟོག་པའི་ཡེ་ཤེས་མི་སྐྱེ་གསུངས་པ་མ་ཡིན་ཏེ། དེ་ནི་གཞན་དག་ཀྱང་ཁས་མི་ལེན་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་ནི་འདི་སྐད་དུ། གང་དང་གང་ལེགས་པར་རྟོག་པ་སྔོན་དུ་འགྲོ་བ་མེད་པ་དེ་དག་ནི་དམིགས་པ་མེད་པར་མི་འགྱུར ་ཏེ། དཔེར་ན་སྨིག་རྒྱུ་ལ་ཆུར་སྣང་བ་གང་ཞིག་ལེགས་པར་རྟོགས་པ་སྔོན་དུ་འགྲོ་བ་མེད་པས་ཆུར་དམིགས་པ་མེད་པར་མི་འགྱུར་བ་ལྟ་བུའོ། །རྣལ་འབྱོར་པ་འདི་ཡང་རྣམ་པར་མ་གཡེངས་པའི་ཡིད་ཀྱིས་གང་ཟག་དང་ཆོས་ལ ་དམིགས་པ་འཇིག་པར་བྱེད་པའི་རྟོག་པ་སྔོན་དུ་འགྲོ་བ་མེད་པས་ཁྱབ་པར་བྱེད་པ་མི་དམིགས་པའོ། །དེ་སྐད་དུ། འཕགས་པ་ཏིང་ངེ་འཛིན་གྱིས་རྒྱལ་པོ་ལས། ཏིང་ངེ་འཛིན་དེ་སྒོམ་པར་བྱེད་མོད་ཀྱི། དེ་ནི་བདག་ཏུ་འདུ་ཤེས་འཇིག་མེད་བྱེད། །དེ ་ཡིས་ཉོན་མོངས་ཕྱི་ནས་རབ་ཏུ་ལྡང་ཞེས་གསུངས་སོ། །གང་དང་གང་མ་ཡངས་པར་ལེགས་པར་རྟོགས་པ་སྔོན་དུ་འགྲོ་བ་དེ་ནི་དམིགས་པ་མེད་པར་འགྱུར་ཏེ། དཔེར་ན་སྨིག་རྒྱུ་ལ་ཆུར་མ་ཐོར་བ་གང་ཞིག་མ་ཡེངས་པར་གྱེན་ལ་འགྲོ་བར་སྣང ་བ་འདི་མཛའ་འགྲོ་འམ། དབུས་འགྲོ་འམ་ཞེས་བྱ་བ་ལ་སོགས་པར་མ་ཡེངས་པར་རྟོགས་པ་སྔོན་དུ་འགྲོ་བས་ཆུར་མི་དམིགས་པའི་ཤེས་པ་སྐྱེ་བ་ལྟ་བུའོ། །ལས་དང་པོ་པའི་རྣལ་འབྱོར་པ་འདི་ཡང་ཞི་གནས་དང་གནས་ནས་འདི་ཡང་དག ་བར་གཅིག་ཡིན་ནམ་དུ་མ་ཡིན་ཞེས་ལེགས་པར་རྟོགས་པ་སྔོན་དུ་འགྲོ་བས་རང་བཞིན་གྱིས་གཏན་ཚིགས་སོ། །དེ་སྐད་དུ། འཕགས་པ་དཀོན་མཆོག་སྤྲིན་ལས། ལྷག་མཐོང་གིས་བརྟགས་ནས་ངོ་བོ་ཉིད་མེད་པར་རྟོག་པ་ནི་མཚན་མ་མེད་པ་ལ་འཇུག ་པའོ། །ཞེས་གསུངས་སོ། །འཕགས་པ་ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་གང་གི་ཕྱིར་བློས་རྣམ་པར་བརྟགས་ན་རང་དང་སྤྱིའི་མཚན་ཉིད་མི་རྟོགས་ཏེ། དེས་ན་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེས་བྱའོ་ཞེས ་གསུངས་སོ། །ཡང་དེ་ཉིད་ལས་བློ་གྲོས་ཆེན་པོ་གླང་གི་རྭ་ཡང་རྡུལ་ཕྲ་མོར་བཤིག་ན་མི་འདུག་གོ། རྡུལ་ཕྲ་མོ་རྣམས་ཀྱང་སོ་སོར་བཤིག་ན་རྡུལ་ཕྲ་མོའི་མཚན་ཉིད་དུ་མི་གནས་སོ་ཞེས་གསུངས་སོ། །འཕགས་པ་འཇམ་དཔལ་རྣམ་པར་རོལ ་པ་ལས་ཀྱང། འཇམ་དཔལ་གྱིས་སྨྲས་པ། བུ་མོ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་གཡུལ་ལས་རྣམ་པར་རྒྱལ་བ་ཡིན། བུ་མོས་སྨྲས་པ། འཇམ་དཔལ་གང་ཆོས་ཐམས་ཅད་ལ་རྣམ་པར་འབྱེད་ཀྱང་མི་དམིགས་པ་ལེགས་སོ། །ཞེས་གསུངས་སོ།། ་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག། སོ་སོར་དེ་བརྟགས་གལ་ཏེ་བསྒོམ་བྱེད་ན། །དེ་ཉིད་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ། །རྒྱུ་གཞན་གང་ཡིན་དེས་ནི་ཞིར་མི་འགྱུར་ཞེས་གསུངས་སོ། །སྒོམ་པའི་རིམ་པ ་ཐ་མར་མཛད་པ་ལས། དེ་ཉིད་ཀྱི་སྐབས་སུ་སོ་སོར་རྟོག་པ་སྔོན་དུ་སོང་ནས་ཡིད་ལ་བྱ་བར་ནུས་པ་དང། དམིགས་པ་མེད་པར་ནུས་པ་གསུངས་ཏེ། འདི་སྐད་དུ། དེ་ལྟ་བས་ན་དམ་པའི་ཆོས་ལས་དྲན་པ་མེད་པ་དང། ཡིད་ལ་བྱེད་པ་མེད་པ་འབྱུང ་བ་དེ་ཡང། ཡང་དག་པར་སོ་སོར་རྟོག་པ་སྔོན་དུ་འགྲོ་བ་ཡིན་བར་ལྟ་བར་བྱ་སྟེ། གང་གི་ཕྱིར་ཡང་དག་པར་སོ་སོར་རྟོག་པ་ཉིད་ཀྱིས་དྲན་བ་མེད་པ་དང། ཡིད་ལ་བྱེད་པ་མེད་པར་ནུས་སྲིད་ཀྱི། གཞན་དུ་མ་ཡིན་ཏེ། འདི་ལྟར་རྣལ་འབྱོར་པས ་གང་གི་ཚེ་ཡང་དག་པའི་ཤེས་རབ་ཀྱིས་རྟགས་ན། དོན་དམ་པར་ན་དུས་གསུམ་དུ་ཆོས་སྐྱེས་པ་གང་ཡང་མ་མཐོང་བ་དེའི་ཚེ། ཇི་ལྟར་དྲན་པ་དང་ཡིད་ལ་བྱེད་པར་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བསྒོམ་པའི་རིམ་པ་དང་པོར་མཛད་པ་ལས་ཀྱང་ཏིང་ངེ་འཛིན ་གྱི་ལག་གི་གཟུང་སྟེ། ཤིན་ཏུ་ཆ་ཕྲ་བའི་ཤེས་རབ་ཀྱི་མཚོན་གྱི་གཟུགས་ལ་སོགས་པ་ལ་ལོག་པར་རྣམ་པར་རྟོག་པའི་ས་བོན་གྱི་གཟུག་རྡུ་སེམས་དེ་ལ་ཡོད་པ་བསལ་བར་བྱའོ། །དེ་ལྟར་བྱས་ན་རྩ་བ་ནས་ཕྱུང་བའི་ཤིང་དག་ས་ལ་མི་སྐྱེ་བ་བཞིན་དུ་རྩ་བ་མེད ་པ་ནས་ལོག་པར་རྣམ་པར་རྟོག་པའི་སེམས་དེ་ཡང་སྐྱེ་བར་མི་འགྱུར་རོ་ཞེས་གསུངས་སོ། །བསམ་གཏན་བཞི་མ་ཐོབ་པའི་ཞེས་གསུངས་པ་དེ་ཡང་ཕ་རོལ་པོ་ལ་མཉམ་པར་བཞག་པའི་དུས་སུ། ཡིད་ཀྱི་རྣམ་པར་ཤེས་པ་ལོང་ན་ནི་དེའི་ཚེ་དེས་གདོན་མི་ཟ་བར ་ཅི་ཞིག་ལ་དམིགས་དགོས་ཏེ། སོ་སོའི་སྐྱེ་བོའི་ཤེས་པ་རྒྱུ་མེད་པར་དམིགས་པ་མེད་པར་མི་འགྱུར་རོ། །ཅི་སྟེ་ཡིད་ཀྱི་རྣམ་པར་ཤེས་པ་མེད་ན་ནི། དེའི་ཚེ་ཇི་ལྟར་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པར་རྟོག་པར་འགྱུར། །གཉེན་པོ་གང་གིས་ནི་ཉོན་མོངས་པ་སྤོང་བར ་འགྱུར། །དེ་ལྟ་བས་ན་རྣལ་འབྱོར་པར་ཇི་ལྟར་འགྱུར་ཞེས་གསུངས་པས། དེའི་ལན་དུ་ཕ་རོལ་པོ་བརྒྱ་ལ་འདུ་ཤེས་མེད་པའི་སྙོམས་པ་འཇུག་པ་ལ་ཡིད་ཀྱི་རྣམ་ཤེས་མེད་ཀྱང་རྣལ་འབྱོར་བ་ཞེས་ཟེར་བ་དང་འགོག་པའི་སྙོམས་པར་འཇུག་པ་ལ་ཡིད་ཀྱི་རྣམ ་ཤེས་ཡོད་བཞིན་དུ་ཡུལ་ལ་དམིགས་པར་མི་འགྱུར་བས་སྐྱོན་དེ་མ་ངེས་སོ་ཞེས་ཟེར་དུ་དོགས་ནས། ལན་དུ་སོ་སོའི་སྐྱེ་བོ་ཡིན་ཡང་བསམ་གཏན་བཞི་པ་མ་ཐོབ་པར་ཡིད་ཀྱི་རྣམ་ཤེས་དཔག་པར་མི་ནུས་ལ། སོ་སོར་རྟོག་པའི་ཤེས་རབ་སྔོན་དུ ་མ་སོང་བར་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་བཞིན་དུ་དམིགས་པ་མེད་པར་འགྱུར་བ་ནི་འཕགས་པས་ནུས་ཀྱི། སོ་སོ་སྐྱེ་བོས་ནི་མི་ནུས་པས་དེ་སྐད་སྨྲས་ཅི་ལ་ཕན་ཞེས་གསུངས་པ་ཡིན་ཏེ། སོ་སོའི་སྐྱེ་བོ་ལ་ཏིང་ངེ་འཛིན་སྔོན་དུ། སོར་གནས་ལོགས ་པར་བརྟགས་ཀྱང་དམིགས་པར་མི་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་བས་ན་གཟུ་བོའི་བློས་མི་དཔྱོད་པར་རེས་འགའ་ནི་ད་ལྟར་དམིགས་པ་མེད་པར་འགྱུར་མི་སྲིད་དེ། ཞེས་ཁུངས་འདྲེན་པར་བྱེད། རེས་འགའ་ནི་ཅིར་ཡང་མི་རྟོག་པར་མ་བསྒོམ་ཞིག ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པར་འགྱུར་རོ་ཞེས་སྨྲ་བ་ནི། མཁས་པའི་སེམས་འཕྲོག་པར་བྱེད་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ་དེ་ལ་རྟགས་ལ་ལོག་པར་རྟོག་པ་ནི་རྣམ་པ་གཉིས་ཏེ། མཉམ་པར་བཞག་པ་དང། ལངས་བའོ། །དེ་ལ་ཁ་ཅིག་ན་རེ་མཉམ་པ ་བཞག་ཙམ་ན་ལུས་ཕྱོགས་རེ་ལ་སོགས་པ་ཧ་ཅང་ཟ་བ་དང། གཡའ་བ་དང། འཛག་པ་དང། རྩུབ་པ་དང། འདར་ཞིང་གཡོ་འཕར་བ་དང། དྲོ་བ་དང། གཏིང་དུ་འམ། གྱེན་དུ་བཏེགས་པ་ལ་སོགས་པ་དང། སེམས་ཀྱིས་དགའ་ ་བ་ཙམ་ལྷག་མཐོང་གི་རྟགས་སུ་བྱེད་པ་དེ་ནི་ལོག་པར་རྟོག་པ་ཡིན་ཏེ། ཞི་གནས་ཙམ་གྱིས་རྗེས་སུ་འབྲང་བ་ཡིན་པའི་ཕྱིར་རོ། །མི་མ་ཡིན་པའི་སྒྲ་ཐོས་པ་དང། གཟུགས་མཐོང་བ་དང། འོད་ལ་སོགས་པ་དང། ཟས་སྟོབས་པ་ལ་ངོ་མཚར་དུ ་འཛིན་པ་དང། ཁ་ཅིག་ནི་དྲི་མ་རགས་པ་གསུམ་དང་མ་བྲལ་བར་ནི་སྤྲུལ་པའི་སྐུའི་ཞལ་མི་མཐོང་ན། ལོ་དང་ཟླ་བ་ཙམ་ལོན་མ་ཐག་ཏུ་འཕགས་པས་ལུང་སྟོན་པ་དང། བྱིན་གྱིས་བརླབས་སུ་རེ་བ་དག་ནི་བདུད་ཀྱིས་བྱིན་གྱིས་རློབ ་པའི་ཕྱིར་ལོག་པར་རྟོགས་པའོ། །ལངས་པའི་གནས་སྐབས་སུ་ཁ་ཅིག་རྡུལ་ཕྲ་རབ་ཏུ་མཐོང་ཞེས་ཟེར་བ་འམ། ཅི་ཡང་མ་མཐོང་ཞེས་ཟེར་བ་ཡང་ལོག་པར་རྟོག་པ་ཡིན་ཏེ། འདུས་པ་དང་གཉིས་ཀྱིས་ཐ་སྙད་འདོགས་པ་དང། ་ལངས་པའི་ཤེས་པ་ལ་རྣམ་པ་མེད་པར་སྐྱེ་མི་སྲིད་པའི་ཕྱིར་རོ། །དེ་བས་འཕགས་པ་ལང་ཀར་གཤེགས་པ་ལས་བྱིས་པ་ཉེ་བར་སྤྱོད་པའི་བསམ་གཏན་དང། དོན་རབ་ཏུ་རྣམ་པར་འབྱེད་པའི་བསམ་གཏན་གྱི་དབང་དུ་མཛད ་ནས། །རྣལ་འབྱོར་ཅན་གྱིས་བརྩོན་བྱས་ན། །ཉི་མ་ཟླ་བའི་གཟུགས་འདྲ་དང། །འོད་དང་པད་མོ་འདྲ་བ་དང། །རི་མོ་ནམ་མཁའ་ཨི་མེ་འདྲ་མཐོང། །མཚན་མ་སྣ་ཚོགས་དེ་དག་ནི། །མུ་སྟེགས་ཅན་ལས་ཁྲིད་པར་བྱེད། །དེ་དག་ཐམས་ཅད་རྣམ ་སྤངས་ཤིང། །སྣང་བ་མེད་པར་ན་མ་གྱུར་པ། །དེ་ཚེ་སངས་རྒྱས་ལྷ་ཡིས་ཕྱག། ཐམས་ཅད་ཞིང་ནས་བྱུང་བ་ཡིས། །དེ་ཡི་མགོ་ལ་ཉུག་མཛད་དེ། །ཡང་དག་རྗེས་སུ་འགྲོ་བའི་ལྟས་ཞེས་གསུངས་སོ། །དེ་ལྟ་བས་ན་བསླབ་པ་བསྲུང་བར་འདོད་པས། ་ལྐུགས་པ་བཞིན་དུ་བྱ་ཞིང་ནམ་མཁའ་ལྟ་བུའི་ཡེ་ཤེས་དང། །སྒྱུ་མ་ལྟ་བུའི་ཡེ་ཤེས་སྐྱེ་བར་འདོད་པས་མཉམ་པར་བཞག་པའི་དུས་སུ་ཅི་ལ་ཡང་མི་གནས་པར་བསླབ་ཅིང། ལངས་པའི་སྐབས་སུ་ཡང་དག་པའི་ངོ་བོས་སྟོང་པའི་ཕྱིར། ་རྨི་ལམ་སྣང་བ་དང་འདྲ་བ་ལ་བསླབ་དགོས་པས་ཤིན་ཏུ་དབེན་པའི་སྐབས་སུ་དེ་ལ་མོས་པ་བརྟན་པོ་འབྱུང་ན་ལམ་དུ་བཞུགས་པའི་རྟགས་ཡིན་ནོ། །མ་ནོར་ལམ་རྟགས་གཞན་དག་ནི། །སྒྲུབ་པ་སྙིང་པོར་བྱེད་པ་ལ། །དེ་དག་རིམ་གྱིས ་བསྟན་པར་བྱ། །བར་སྐབས་ཀྱི་ན་ཚིགས་བཅད་ཡིན། །དམིགས་པ་དང་ནི་ཤེས་པ་ལ། །ལོག་རྟོག་སུན་དབྱུང་མདོར་བསྟན་དང། །རྟགས་ལ་ལོག་རྟོག་སུན་དབྱུང་གིས། །བསྒོམ་ལ་ལོག་རྟོག་བསྡུས་པ་ཡིན། །ཞེས་བྱ་བ་ནི་བསྡུ་བའི་ཚིགས ་སུ་བཅད་པའོ། །དེ་ལ་རང་གི་ཕྱོགས་སྒྲུབ་ཏུ་མེད་པའི་ཚུལ་གྱིས་བསྒྲུབ་པ་ནི། ཞེན་པ་མི་བསྐྱེད་ཅེས་བྱ་བ་ཡིན་ཏེ། གང་དག་ལ་ནི་ཕྱོགས་མེད་པ། །དེ་ལ་གཞན་ཕྱོགས་ག་ལ་ཡོད། །ཅེས་འབྱུང་བའི་རྗེས་སུ་སློབ་པས་སོ། །འོན་ཀྱང་གང་ཞིག་བསྒྲུབ་བྱ ་གང་དང་འབྲེལ་བའི་རྟགས་དྲན་ཞིང་འབྲེལ་པའི་རྗེས་ལ་སྐྱེས་པའི་ཤེས་པ་དེ་ནི་རྟོག་བཅས་ཡིན་ཏེ་དཔེར་ན་དུ་བ་ལ་བརྟེན་ནས་འབྲེལ་བ་དྲན་པའི་རྗེས་ལ་སྐྱེས་པའི་ཤེས་པ་ལྐོག་ཏུ་གྱུར་པའི་མིང་སྣང་བ་ལྟ་བུའོ། །ཆོས་ཉིད་སྤྲོས་པ ་ཐམས་ཅད་དང་བྲལ་བ་དང་འབྲེལ་པའི་རྟགས་གཅིག་དང་དུ་མ་དང་བྲལ་བ་ལ་བརྟེན་ནས་འབྲེལ་བ་དྲན་པའི་ངས་ལ་སྐྱེས་པས་རང་བཞིན་གྱིས་གཏན་ཚིགས་སོ། །གང་རྟོག་པ་དང་བཅས་པ་དེ་ནི་སྤྱིའི་ཡུལ་ཅན་ཡིན་ཏེ། དཔེར་ན་མེ་མ་ཡིན་པ ་ལོག་པ་ཙམ་ལ་དམིགས་པའི་ཤེས་པ་ལྟ་བུའོ། །སོ་སོའི་སྐྱེ་བོ་དོན་ལྐོག་ཏུ་གྱུར་པ་ལ་དཔྱོད་པའི་ཆོས་ཉིད་ལ་དམིགས་པ་འདི་ཡང་རྟོག་པ་དང་བཅས་པ་ཡིན་པས་ཡོད་པ་དང་མེད་པ་ལ་སོགས་པའི་སྤྲོས་པ་ཐམས ་ཅད་དང་བྲལ་བའི་སྤྱིའི་ཡུལ་ཅན་ཡིན་ནོ། །དེ་ལ་མཉམ་པར་བཞག་པའི་ཤེས་པའི་བསམ་པས་གང་ཡང་ཁས་མི་ལེན་པས་གོང་དུ་སྨོས་པའི་སྐྱོན་ཐམས་ཅད་སེལ་ཏོ། །ལངས་པའི་ཤེས་པས་ཐ་སྙད་འདོགས་པ་ནི་ངོ་བོའི་སྒོ་ནས་རྟོག་བཅས ་ཞེས་བྱ་བ་དང། ཡོད་པ་དང་མེད་པའི་བརྗོད་པ་དང་འདྲེར་རུང་བ་ཙམ་དེ་ཧ་ཅང་ཆེས། སྤྱིར་ཡང་དམིགས་སུ་མེད་ཅིས་བྱ་བ་ལ་ཡང་མི་ངེས་པས་མི་རྟོག་པ་ཞེས་བྱ་བ་དང་དེ་ཙམ་ལ་ཡུལ་གསལ་ཞེས་བྱ་བ་དང། བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་དང། ་རང་གི་མཚན་ཉིད་དུ་ཞེན་པ་ཡོད་པས་ན་ཀུན་བརྟགས་བསྒོམ་ཞེས་བྱ་བ་ལ་སོགས་པ་གོང་དུ་སྨོས་པ་ཕལ་ཆེར་བརྗོད་འདོད་དེ། འདིར་མངས་ཀྱི་དོགས་ནས་མ་བྲིས་སོ། །མཉམ་བཞག་ལངས་པའི་ཤེས་པ་ཡིས། །ཚུལ་གཉིས་མཚོན་ཆ་གཟུངས་ནས་ནི། ་རིགས་པའི་ལག་གིས་འདེབས་བྱེད་པ། །ལོག་རྟོག་སྤངས་ནས་ལྷག་མཐོང་སྐྱེ། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། བདག་ནི་ཤིན་ཏུ་དམུས་ལོང་བས། །ལྷག་མཐོང་བསྐྱེད་ཐབས་ཟབ་མོའི་དོན། །མི་རིགས་བཟོད་གསོལ་བདག་གིས་འདི། །སློབ་མས་ལྷག་མཐོང ་སྐྱེད་ཕྱིར་བྱས། །དགེ་བ་འདི་ཡིས་དང་པོའི་ལས་ཅན་ཀུན། །ཧ་ཅང་མི་མཐོ་མི་དམའ་རྒྱུ་འབྲས་སྟོན། །ཚུལ་ཁྲིམས་བསྲུང་ཞིང་མི་སྙེམས་ཆོས་ཉིད་བསྒོམ། །མ་ནོར་ལམ་ཞུགས་དྲོད་སོགས་སྐྱེ་བར་ཤོག་།ལྷག་མཐོང་བསྐྱེད་པའི་ཐབས་ཅུང་ཟད་བྲིས་པ་རྫོགས་སོ།། །། ་སེམས་གནས་སྤྱི་མདོར་བསྡུས་པ་བཞུགས་སོ། །།*། །སྡོམ་ནི་སྨོན་དང་འཇུག་དང་བཟོད་པ་དང། །ཐོས་བསྟེན་བཀུར་སྟི་སྨྲ་དགའ་སྤང། །ལས་དང་སྤྲོས་པ་འདུ་འཛི་སྤང། །དཀོན་གནས་སྤྱོད་ལམ་བསམ་པ་བསྟན། །ཞི་གནས་ལྷག་མཐོང་ཚོགས་དང་རྟགས ་