CLOSE WINDOW

N4650: don rnam par gdon mi za ba'i 'grel pa
Wyliee-texts based on the ACIP/ALL Input

དོན་རྣམ་པར་གདོན་མི་ཟ་བའི་འགྲེལ་པ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །དེ་ལ་ཕྱག་འཚལ ་མདོ་འདི་ཡི། །དོན་ནི་བདག་གིས་གསལ་བར་བཤད། །དེ་ལ་མདོ་སྡེ་འཆད་འདོད་པས། །དང་པོར་དགོས་པ་དང། ་འབྲེལ་པ་དང། གླེང་གཞི་དང། གླེང་བསླང་བ་དང། བསྡུས་པའི་དོན་དང། ཚིག་གི་དོན་སྟོན་ཏེ། དོན་རྣམ་པ ་དྲུག་རྣམས་བསྟན་དགོས་སོ། །དེ་ལ་སློབ་མ་རྣམས་མཉན་པ་དང། བསམ་པ་དང། གཟུང་བ་ལ་སོགས་པ ་ཤེས་རབ་རྣམ་གསུམ་གྱིས། མདོའི་དོན་རྣམ་པར་ངེས་པ་མ་མཐོང་བར་ནི་བློ་སྔོན་དུ་གཏོང་བའི་ཤེས་རབ་ཅན་དག་བྱ་རོག ་གི་སོ་བརྟག་པ་བཞིན་དུ་དོན་མེད་དོ་ཞེས། གང་ལ་ཡང་འཇུག་པར་མི་འགྱུར་རོ། །དེ་བས་ན་དང་པོར་དགོས་པ་བཤད་ཅེས་གསུངས་ཏེ། ་ཅི་དགོས་ཤེ་ན། ཆོས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་མཁས་པར་བྱ་བའི་ཕྱིར་གསུངས་ནས། མཉན་པ་དང་གཟུང་བ་ལ་སོགས་པ་ལ། ་ཉན་པ་གུས་པར་བྱེད་པས་ན། དེ་བས་དང་པོར་དགོས་པ་བཤད་ཅེས་གསུངས་སོ། །དོན་རྣམ་པར་གདོན་མི་ཟ་བའི་ཆོས་ཀྱི་རྣམ་གྲངས ་འདིའི་མགོ་འཇུག་གི་དོན་དང་མཚན་ཉིད་ཀྱི་བྱེ་བྲག་རྣམ་པར་འབྱེད་པ་ལེགས་པར་བྱ་བའི་ཕྱིར་བཤད་དེ། དེ་ནི་དགོས་པའོ། །གལ་ཏེ་ཆོས་ཀྱི་མཚན་ཉིད་རྣམ ་པར་འབྱེད་པ་ལ་མཁས་པ་ནི་ཐབས་གཞན་གྱིས་ཀྱང་འགྱུར་རོ་ཞེ་ན། །དེ་ལྟར་ན་མ་ཡིན་ཏེ། ཐབས་གཞན་གྱིས་ནི་ཆོས་འདིའི་མགོ་འཇུག་གི་མཚན་ཉིད་རྣམ ་པར་འབྱེད་པ་ལ་མཁས་པར་མི་ནུས་ཏེ། དེ་བས་ན་ཆོས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་མཁས་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་མདོའི་དོན ་སྟོན་ཏོ་།དེ་ལྟར་མཉན་པ་དང། བསམ་པ་དང། གཟུང་བ་ལ་སོགས་པའི་ཆོས་ཀྱི་མཚན་ཉིད་རྣམ་པར་ཕྱེ་ཞིང་ཤེས་པར་བྱ་བའི་འབྲས་བུ་བསྟན་པར་བྱ ་བའི་ཕྱིར། དགོས་པའི་ཡང་དགོས་པ་བཤད་ཅེས་གསུངས་སོ། །དེ་ལྟར་བསྟན་ཅིང་བཤད་པ་དེ་ཡང། ཅི་དགོས་ཤེ་ན། ཆོས་ཀྱི་མཚན་ཉིད་རྣམ་པར ་འབྱེད་པ་ལ་མཁས་ན། བླང་བར་བྱ་བ་དང། དོར་བར་བྱ་བ་ཤེས་པས་ཕན་པ་ལེན་པ་དང། གནོད་པ་སྤོང་བའི་སྒོ་ནས་ཉོན་མོངས་པ་རྣམས་སྤོང་བར ་འགྱུར་རོ། །ཉོན་མོངས་པ་རྣམས་སྤང་བར་གྱུར་ན། མྱ་ངན་ལས་འདས་པའི་གནས་ཐོབ་པར་འགྱུར་ཏེ། འདི་ནི་དགོས་པའི་དགོས་པའོ། །དེ་ལ་འབྲེལ་པ་མ་བརྗོད་ན་སེའུ ་ལྔ་དང་ཁུར་བ་དྲུག་ལྟ་བུར་གང་དང་ཅིར་ཡང་མ་འབྲེལ་པའོ། །སྙམ་པའམ། ཀླུའི་རྒྱལ་པོ་འཇོག་པོའི་མགོ་ལ། རིམས་ནད་ཐམས་ཅད་སེལ་བའི་ནོར་བུ་རིན་པོ་ཆེ ་ཡོད་ཀྱང། དེ་བླང་བར་བྱ་བའི་ཐབས་མེད་པ་ལྟ་བུ་ཡིན་ནོ། །སྙམ་ནས། རྟོག་པ་སྔོན་དུ་གཏོང་བ་རྣམས་འཇུག་དུ་མི་བཏུབ་པ་བསལ་བའི་ཕྱིར་འབྲེལ་པ་བཤད་དེ། ་དེ་ཡང་ཚིག་དང་དོན་དུ་འབྲེལ་པ་དང། དོན་དང་བསྒྲུབ་པར་འབྲེལ་པ་དང། བསྒྲུབ་པ་དང་འབྲས་བུར་འབྲེལ་པའོ། །དེ་ལ་ཚིག་དང་དོན་དུ་འབྲེལ་པ་ནི། ཕུང་པོ་ལྔ་གང ་ཞེ་ན་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་གོང་དུ་མདོ་སྡེའི་ལུང་དོན་ཉི་ཤུ་རྩ་དྲུག་གིས་ཆོས་ཐམས་ཅད་བསྡུས་ནས་བཤད་པ་དེ་ཁོང་དུ་ཆུད་པར་འགྱུར་བའི་ཕྱིར་རོ། དོན་དང་བསྒྲུབ་པར་འབྲེལ ་པ་ནི། མདོ་སྡེའི་དོན་བཟང་པོ་མཆོག་ཏུ་གྱུར་པ་མཐོང་ནས། སློབ་མ་རྣམས་དགའ་བའི་ཁྱད་པར་སྐྱེ་སྟེ། འདི་ནི་བསྒྲུབ་པ་བྱ་བའི་གཙོ་བྱིན་ནོ་ཞེས། དེ་ལ་དེ་བཞིན་དུ་བསྒྲུབ་པའི་ཕྱིར་རོ། ། ་བསྒྲུབ་པ་དང་འབྲས་བུར་འབྲེལ་པ་ནི། དེ་ལྟར་དོན་ཇི་ལྟར་ཁོང་དུ་ཆུད་པ་བཞིན་དུ་བསྒྲུབས་ན། ཉོན་མོངས་པ་ཐམས་ཅད་སྤངས་པའི་མཚན་ཉིད་མྱ་ངན་ལས་འདས་པའི་འབྲས་བུ་ཐོབ་པའི་ཕྱིར ་རོ། །དེ་ལ་གླེང་གཞི་ནི་མདོ་སྡེ་འབྱུང་བའི་རྒྱུ་སྟེ། དེ་ལ་ཡང་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་བྱ་བ་ནས་བརྩམས་ཏེ། དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་ཐབས་ཅིག་ཏུ ་བཞུགས་ཞེས་བྱ་བ་ཡན་ཆད་ཀྱིས་བསྟན་ཏོ། །གླེང་བསླང་བ་ནི་མདོ་སྡེ་བཤད་པའི་ཕྱིར། སྐབས་དང་སྦྱར་ཏེ་སྨྲས་པའམ། སྐབས་སུ་བབ་པར་སྨྲ་བ་སྟེ། སྐབས་སུ་མ་བབ་པར་སྨྲས་ན། སྨྱོན་པའི་ཚིག ་ལྟ་བུར་གྱུར་པས། རང་གི་རིག་པར་བྱ་བའི་དོན་དུ་སྐབས་དང་སྦྱར་ཏེ་སྨྲ་བ་ནི་གླེང་བསླང་བའོ། །དེ་ཡང་དེ་ན་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། དགེ་སློང་དེ་རྣམས་བཅོམ་ལྡན་འདས་ལ་སླར ་ཉན་པ་དང། བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ཡན་ཆད་ཀྱིས་བསྟན་ཏོ། །བསྡུས་པའི་དོན་ཀྱང་སློབ་མ་རྣམས་ཀྱིས་དོན་དང་ཚིག་བདེ་བར་ཁོང་དུ་ཆུད་པར ་བྱ་བ་དང། གཟུང་སྨ་བར་བྱ་བའི་ཕྱིར་བཤད་དེ། དེ་ཡང་དགེ་སློང་དག་དོན་རྣམ་པར་གདོན་མི་ཟ་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་གང་ཞེ་ན་ཞེས་བྱ་བ་ནས་བརྩམས་ཏེ། དགེ་སློང་དག་འདི་ནི་དོན་རྣམ་པར་གདོན་མི་ཟ ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ལུང་ཞེས་བྱ་བ་ཡན་ཆད་ཀྱིས་བསྟན་ཏོ། །ཚིག་གི་དོན་ནི་བསྡུས་པའི་དོན་དང་ཚིག་སོ་སོའི་དོན་རྒྱས་བར་འགྲེལ་བ་སྟེ། དེ་ཡང་དེ་ལ་དགེ་སློང་དག་ཕུང་པོ་ལྔ་གང་ཞེ་ན། ཞེས་བྱ་བ་ནས་བརྩམས ་ཏེ། མདོ་རྫོགས་ཀྱི་བར་དུའོ། །ད་ནི་གླེང་བཞིའི་ཚིག་དབྱེ་བའི་དབང་དུ་བྱས་ནས་བཤད་པར་བྱའོ། །གླེང་གཞི་དེ་ཡང་རྣམ་པ་བཞི་སྟེ། དུས་ཕུན་སུམ་ཚོགས་པ་དང། སྟོན་པ་ཕུན་སུམ་ཚོགས་པ་དང། གནས་ཕུན ་སུམ་ཚོགས་པ་དང། འཁོར་ཕུན་སུམ་ཚོགས་པའོ། །དེ་ལ་འདི་སྐད་ཅེས་བྱ་བའི་ཚིག་འདི་ནི་དོན་མང་པོ་འཇུག་སྟེ། དཔེ་དང་ལུང་འབོག་པ་དང། དྲིས་པས་རྣམ་པར་ངེས་པ་དང། ཁས་ལེན་པ་དང། ཚིག་གི་ལན ་ཏོ། །དེ་ལ་དཔེར་འདྲེན་པ་ནི། དཔེར་ན་ངལ་གསོ་བ་ལྟ་བུ་ཕྱུག་པ་དང། སེང་གེ་ལྟ་བུ་དཔའ་པ་དང། རྡོ་རྗེ་ལྟ་བུ་སྲ་བ་ཞེས་བྱ་བ་ལྟ་བུའོ། །ལུང་འབོག་པར་འདྲེན་པ་ནི་འདི་སྐད་ལྷོགས་ཤིག་ཅེས་བྱ་བ་ལྟ་བུའོ། །དྲིས་པ ་ལ་རྣམ་པར་ངེས་པར་འདྲེན་པ་ནི། ཇི་སྐད་ཐོས་ཞེས་དྲིས་པ་དང། འདི་སྐད་བདག་གིས་ཐོས་ཏེ། དེ་བཞིན་དུ་བཤད་དོ་ཞེས་བྱ་བ་ལྟ་བུའོ། །ཁས་ལེན་པ་ནི་འདི་ལྟར་གྱིས་ཤིག་ཅེས་གསོལ་བ་བཏབ་པ་དང། དེ་བཞིན་དུ་བྱའོ་ཞེས་བྱ་བ་ལྟ་བུའོ། །ཚིག་གི་ལན ་ནི་འདི་སྐད་བདག་གིས་ཐོས་པ་ཡིན་ནམ་ཞེས་སྨྲས་པ་ལ། དེ་དེ་ལྟའོ་ཞེས་བྱ་བ་ལྟ་བུ་སྟེ། འདིའི་སྐབས་སུ་རབ་ཏུ་འབྱེད་པའི་དབང་གིས་ཁས་ལེན་པར་འདྲེན་པ་ཉིད་དུ་རིག་པར་བྱའོ། །ཅི་ལྟ་ཞེ་ན་འཕགས་པ་འོད་སྲུངས་ལ་སོགས་པ་དགྲ་བཅོམ་པ་ལྔ་བརྒྱས། ་མདོ་ཡང་དག་པར་བསྡུ་བ་ལ་ཞུགས་པ་ན། འཕགས་པ་དགའ་བོ་ལ་དགྲ་བཅོམ་པ་གཞན་དག་གིས་ཁྱོད་ཀྱིས་ཇི་སྐད་དུ་ཐོས་པ་དེ་བཞིན་དུ་བཤད་དུ་གསོལ་ཞེས་གསོལ་བ་བཏབ་པ་དང། །འདི་སྐད་ཅེས་སྨྲ་སྟེ། བདག་གི་བཅོམ་ལྡན་འདས་ལས་འདི་སྐད་དུ ་ཐོས་ཏེ། ཇི་སྐད་དུ་ཐོས་པ་དེ་བཞིན་དུ་བཤད་པར་བྱའོ་ཞེས་ཁས་བླངས་པའི་ཕྱིར་རོ། །བདག་གིས་ཞེས་བྱ་བས་གཞན་བཅད་ནས་མངོན་སུམ་དུ་ཐོས་པ་སྟོན་ཏེ། མདོ་འདི་བཅོམ་ལྡན་འདས་ལས་མངོན་སུམ་དུ་ཐོས་ཀྱི། །ཐོས་པ་གཅིག་ནས་གཅིག ་ཏུ་བརྒྱུད་པའི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐོས་ཞེས་བྱ་བ་ནི་རྣ་བའི་དབང་པོ་རྣམ་པར་དག་པ་དང་ལྡན་པའི། རྣ་བའི་རྣམ་པར་ཤེས་པས་དོན་དང་ཚིག་མ་ནོར་བར་གཟུང་ཞེས་བྱ་བའི་དོན་ཏེ། དེ་ནི་ཁོང་དུ་ཆུད་བ་མེད་པར་སྟོན་ཏོ། །ཅིའི་ཕྱིར་ཞེ་ན་གང་གི་ཚེ ་བཅོམ་ལྡན་འདས་ལས། འཕགས་པ་དགའ་བོས་མདོ་འདི་མངོན་སུམ་དུ་ཐོས་པ་དེའི་ཚེ། འཕགས་པ་དགའ་བོས་བདེན་པ་རྟོགས་པ་མེད་དེ་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་འོག་ཏུ་བདེན་པ་མཐོང་བའི་ཕྱིར་རོ། །དུས་གཅིག་ན་ཞེས་བྱ་བའི་དུས་གཅིག ་གི་སྒྲ་དུས་དང་ཕྲེང་བ་སྟེ། དོན་རྣམ་པ་གཉིས་སུ་འདྲེན་ཏོ། །དེ་ལ་དུས་སུ་འདྲེན་བ་ནི་བདག་གིས་ཐོས་པའི་ཞེས་བྱ་བའི་ཚིག་དང་ཡང་སྦྱར་ཏེ། དེ་ནི་མདོ་སྡེ་འདི་ཐོས་པར་དཀའ་བ་ལས་ལན་གཅིག་གམ་དུས་གཅིག་ན་ཐོས་སོ་ཞེས་བྱ་བའི་དོན་ཏོ། །ཕྲད་པར ་འདྲེན་པ་ནི། དུས་གཅིག་ནའི་ཚིག། བཅོམ་ལྡན་འདས་དང་འོག་མར་སྦྱར་ཏེ། སྦལ་མགྲིན་དང་གཉའ་ཤིང་བཞིན་དུ་མི་ལས་དང་ཁོམ་བརྙེད་དཀའ་བ་ལས་རྙེད་པ་དང། སངས་རྒྱས་འབྱུང་བརྙེད་པར་དཀའ་བ་ལས་ཕྲད་དེ། ་མཉན་དུ་ཡོད་པ་ལ་སོགས་པར། ཆོས་འདི་ཐོས་སོ་ཞེས་བྱ་བའི་དོན་ཏེ། །ཡང་ན་མདོ་སྡེ་འདི་ལན་གཅིག་དུས་གཅིག་ན་ཐོས་ཏེ། དུས་གཞན་ན་མདོ་སྡེ་གཞན་ཡང་ཐོས་སོ་ཞེས་འཕགས་པ་དགའ་བོ་ཉིད་ཐོས་པ་མང་བར་སྟོན་ཏོ། །དུས་འདི་ན་ནི ་བཅོམ་ལྡན་འདས་གནས་འདི་ན་བཞུགས་ཏེ། ཆོས་འདི་བཤད་ཀྱི། དུས་གཞན་གྱི་ཚེ་ན་ནི་གཞན་ན་བཞུགས་ཤིང་ཆོས་གཞན་ཡང་བཤད་དོ་ཞེས། བཅོམ་ལྡན་འདས་ཉིད་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་རྒྱུན་ཏུ་མཛད་པར་སྟོན་ཏོ། །དེས་ནི ་དུས་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ལ་བཅོམ་ལྡན་འདས་ཞེས་བྱ་བའི་ཚིག་འདི་དོན་རྣམ་པ་གསུམ་དུ་འདྲེན་ཏེ། བཅོམ་ལྡན་དུ་འདྲེན་པ་དང། དཔལ་ལྡན་དུ་འདྲེན་པ་དང་སྐལ་ལྡན་དུ་འདྲེན་པའོ། །དེ་ལ་བཅོམ་ལྡན་དུ་འདྲེན་པ་ནི། བདུད་བཞི ་བཅོམ་པའི་ཕྱིར་ཏེ། བདུད་བཞི་ནི་ལྷའི་བུའི་བདུད་དང། ཉོན་མོངས་པའི་བདུད་དང། འཆི་བདག་གི་བདུད་དང། ཕུང་པོའི་བདུད་དོ། །དེ་ལ་ལྷའི་བུའི་བདུད་ནི་མངོན་པར་སངས་རྒྱས་ནས། རྡོ་རྗེའི་གདན་ལ་བཞུགས་པའི་ཚེ། བཅོམ་སྟེ་འདོད་པའི ་ཁམས་ཀྱི་ལྷའི་བུའི་བདུད་མང་པོའི་མཚོན་ཆ་དང་རི་ལ་སོགས་པའི་གནོད་པའི་ཚུལ་མང་པོས་བརྒལ་བ་ལས་བྱམས་པ་དང། སྙིང་རྗེ་དང། སྟོང་པ་ལ་བ་སོགས་པའི་བྱིན་ཆེན་པོས། མཚོན་ཆ་ལ་སོགས་པ་ཡང་མེ་ཏོག་ཏུ་བསྒྱུར་ཏེ། བཏུལ ་ནས་ཐམས་ཅད་མཁྱེན་པ་གང་ཟག་ཟླ་མེད་པའོ་ཞེས་གྲགས་པ་ཆེན་པོར་མཛད་པ་ན་བཅོམ་མོ། །ཉོན་མོངས་པའི་བདུད་ནི་དེ་ལྟར་ཐུན་སྔ་མ་ལ། ལྷའི་བུའི་བདུད་བཅོམ་ནས། དེའི་འོག་ཏུ་ཐུན་ཕྱི་མ་ལ། མཐོང་བའི་ལམ་གྱིས་སྤང་བར་བྱ ་པའི་ཉོན་མོངས་པ་དང། བསྒོམ་པའི་ལམ་གྱིས་སྤང་བར་བྱ་བའི་ཉོན་མོངས་པ་གཉིས་ལས། ཆེན་པོ་དང་འབྲིང་པོ་དང། ཆུང་ངུ་སྟེ། རྣམ་པ་དགུར་གཞག་པ་ལ། རྡོ་རྗེ་ལྟ་བུའི་ཡེ་ཤེས་སྐྱེས་ནས། ཉོན་མོངས་པ་ཆུང་ངུའི་ཡང་ཆུང་ངུ། ཡེ་ཤེས་ཆེན ་པོའི་ཡང་ཆེན་པོས་བརྩལ་བས་ན་བཅོམ་མོ། །དེ་བས་ན་བདུད་གཉིས་ནི། རྡོ་རྗེ་ལྟ་བུའི་གདན་ལ་བཞུགས་པའི་ཚེ། བཅོམ་པར་བཤད་དོ། །འཆི་བདག་གི་བདུད་ནི་རྩཝ་མཆོག་གི་གོ་གྲོང་ཁྱེར་དུ་བཅོམ་སྟེ། སངས་རྒྱས་རྣམས་མིའི་ཚེ་ལས་ཆོས ་ཉིད་ཀྱིས་ལྔ་ཆ་ཅིག་འབྲི་སྟེ། ཤཱཀྱ་ཐུབ་བ་ཡང་ལོ་བརྒྱད་ཅུ་ཞིག་འཇིག་རྟེན་ན་བཞུགས་ནས། མྱ་ངན་འདའ་བའ་ཨི་རིགས་པ་ལས། སེམས་ཅན་སངས་རྒྱས་ཀྱི་འདུལ་བའི་སྐལ་པ་དང་ལྡན་པ་གཞན་ནི་སྔར་ཐབས་མང་པོས་གྲོལ་བར་མཛད། ་བྲམ་ཟེ་སུ་བར་ཏེ་ཞེས་བྱ་བ་མྱ་ངན་ལས་འདའ་བ་བསྟན་ཁར་གཟིགས་ན། འདུལ་བའི་སྐབ་བཅན་ལས་སྔར་མ་བཏུལ་བ་ལས། ཟླ་བ་གསུམ་བཤོལ་ཏེ། ཟླ་བ་གསུམ་དུས་ལས་ནུར་ནས། འཕྲལ་དུ་མྱ་ངན་ལ་མ་འདས་པ་ལྟ་བུའོ། །དེ་ལ་ཕུང་པོའི ་བདུད་ཀྱང་རྩ་མཆོག་གི་གྲོང་ཁྱེར་ཉིད་དུ་བཅོམ་སྟེ། གཟུགས་ལ་སོགས་པའི་ཕུང་པོ་ལྔ་རྣམས་མ་ལུས་པར་སྤངས་པའི་ཚེ་བཅོམ་མོ། །དེ་བས་ན་བདུད་གཉིས་ནི། རྩཝ་མཆོག་གི་གྲོང་ཁྱེར་དུ་བཅོམ་པར་བཤད་དོ། །བཅོམ་ལྡན་གྱི་སྒྲ་དཔལ་ལྡན་དུ ་འདྲེན་པ་ནི། ཡོན་ཏན་དྲུག་དང་ལྡན་པའི་ཕྱིར་དཔལ་ལྡན་ཏེ། ཡོན་ཏན་དྲུག་ནི། བྱུག་པ་ཕུན་སུམ་ཚོགས་པ་དང། གཟུགས་དང་གྲགས་པ་དང་དཔལ། དེ་བཞིན་ཡེ་ཤེས་འབད་བ་སྟེ། །དྲུག་པོ་རྣམས་ལ་བཅོམ་ཞེས་བཤད། ཅེས་གསུངས ་པ་ལྟ་བུའོ། །དེ་ལ་ཕྱུག་པ་ཕུན་སུམ་ཚོགས་པ་ནི་འཇིག་རྟེན་དང། འཇིག་རྟེན་ལས་འདས་པའི་འབྱོར་བ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་རོ། །གཟུགས་ཕུན་སུམ་ཚོགས་པ་ནི་སྐྱེས་བུའི་མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད་ཅུ ་སྐུ་ལ་མངའ་བའི་ཕྱིར་རོ། །གྲགས་པ་ཕུན་སུམ་ཚོགས་པ་ནི། ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གྲགས་པའི་ཕྱིར་རོ། །དཔལ་ཕུན་སུམ་ཚོགས་པའི་དཔག་བསམ་གྱི་ཤིང་དང། ་ཡིད་བཞིན་གྱི་ནོར་བུ་ལྟར་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་འགེངས་པར་མཛད་པའི་ཕྱིར་རོ། །ཡེ་ཤེས་ཕུན་སུམ་ཚོགས་པ་ནི། ཆོས་ཐམས་ཅད་ལ་ཐོགས་པ་མེད་པ་དང། ཆགས་པ་མེད་པར་མཁྱེན་པའི་ཡེ་ཤེས་མངའ་བའི་ཕྱིར ་རོ། །འབད་པ་ཕུན་སུམ་ཚོགས་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་བརྩོན་འགྲུས་ཆེན་པོ་ནམ་དུ་ཡང་མི་གཏོང་བར་རྩོམ་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་སྒྲ་སྐལ་ལྡན་དུ་འདྲེན་པ་ནི། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ལ ་དྲན་པ་ཉེ་བར་གཞག་པ་བཞི་དང། ཡང་དག་པའི་སྤོང་བ་བཞི་ལྟ་བུར། བཞི་བཞིར་མཉམ་པ་དང། དབང་པོ་ལྔ་དང་སྟོབས་ལྟ་བུར་ལྔ་ལྔར་ཆོས་མཉམ་པ། ཆོས་ཐམས་ཅད་དང་ལྡན་པའི་ཕྱིར་ཏེ། དེས་ནི་སྟོན་པ་ཕུན་སུམ་ཚོགས་པར་བསྟན་ཏོ། ། ་མཉན་དུ་ཡོད་པ་ཞེས་བྱ་བ་ནི། ཤཱ་བསྟི་ཞེས་བྱ་བའི་དྲང་སྲོང་གི་གནས་སུ་འགྲོ་བ་རྣམས་ཀྱིས་གནས་བཅས་པའི་ཕྱིར་རོ། །གྲོང་ཁྱེར་དེའི་མིང་ཡང་མཉན་དུ་ཡོད་པ་ཞེས་བྱ་ལ། གྲོང་ཁྱེར་དེས་མཚོན་པའི་ཡུལ་གྱི་ཁྱད་པར་གཞན་ལ་ཡང་མཉན ་དུ་ཡོད་པ་ཞེས་བྱའོ། །ཡང་ན་གྲོང་ཁྱེར་འདི་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་བསྐྱེད་པའི་སེམས་ཅན་ཡོན་ཏན་མང་པོ་དང་ལྡན་པ་ཤ་སྟག་གི་གནས་ཡིན་པས། ལེགས་པ་དང་འབྱོར་བ་ཕུན་སུམ་ཚོགས་པའི་གྲོང་ཁྱེར་ཏེ། རྣ་བས ་མཉན་དུ་ཡོད་ཅིང་ཐོས་པ་ཐམས་ཅད་ཡོད་པར་གྲགས་པས་ན། གྲོང་ཁྱེར་གྱི་མིང་ཡང་མཉན་དུ་ཡོད་པར་གྲགས་སོ། །དེ་ཡང་ཅི་མངོན་ཞེ་ན། དེ་ལྟར་ཐམས་ཅད་ཡོད་གྲགས་པ་ལས། མི་གཅིག་ཅིག་གིས་དེ་ལྟར་མིའི་མིག་འཚོད་པ་ཡོད ་དམ་མེད་ཅེས་གྲོང་ཁྱེར་དུ་ཞུགས་པ་ལས་གྲོང་ཁྱེར་ན་གནས་པའི་ལྷས་རང་གི་ལུས་མི་ལྟ་བུར་བསྒྱུར་ནས། མིའི་མིག་གསར་དུ་ཕྱུང་བ་ཁར་གཞོང་གང་འགུལ་བ་དེའི་མདུན་དུ་འཚོད་དུ་འོངས་སོ་ཞེས་འབྱུང་བ་ལྟ་བུའོ། །མཉན་དུ་ཡོད་པའི་གྲོང་ཁྱེར ་ཡང་ཤིན་ཏུ་རྒྱ་ཆེ་བས་དེའི་ཡང་ཕྱོགས་གང་ན་བཞུགས་པ་མི་ཤེས་ཏེ། དེ་བས་ན་ཤར་གྱི་ཀུན་དགའ་ཞེས་བྱ་བ་སྨོས་སོ། །ཀུན་དགའ་ཞེས་བྱ་བ་ནི་ལྡུམ་རའི་ས་ཕྱོགས་ལ་བྱ་སྟེ། དེ་དག་ཀྱང་ས་གཞི་མཉམ་ཞིང་སྙོམས་པ་དང། མེ་ཏོག་ལ ་སོགས་པ་སྡུག་གུ་མང་པོས་བརྒྱན་པ་དང། ཕྱོགས་བཟང་ཞིང་སྤྱི་མཛེས་པས། འགྲོ་བ་རྣམས་དེར་སེམས་ཅན་ཀུན་དགའ་བའི་ཕྱིར་ཀུན་དགའ་སྟེ། ཀུན་དགའ་དེ་མཉན་དུ་ཡོད་པའི་གྲོང་ཁྱེར་གྱི་ཤར་གྱི་ཆ་ན་གནས་པས་ན། ཤར་གྱི་ཀུན ་དགའ་ཞེས་བྱའོ། །མཉན་དུ་ཡོད་པའི་གྲོང་ཁྱེར་གྱི་ཤར་གྱི་ཕྱོགས་ན་ཡང། ཀུན་དགའ་མང་དུ་ཡོད་པས། གང་ན་བཞུགས་པ་མི་ཤེས་ཏེ། དེ་བས་ན་ཁྱད་པར་དུ་རི་དྭགས་མའི་ཁང་པ་ན་ཞེས་གསུངས་སོ། །དེ་ལ་རི་དྭགས་མ་ཞེས་བྱ་བ་ནི། ་དགེ་བསྙེན་མ་བདེན་པ་མཐོང་བ། རྒྱུན་ཏུ་ཞུགས་པའི་ལམ་ལ་ཞུགས་པའི་མིང་སྟེ། དེས་བྱས་པའི་ཁང་པའོ། །དེ་ལ་ཁང་པའི་སྒྲའི་དོན་ནི། དེ་མཐོང་བས་འགྲོ་བ་སེམས་དང་བར་བྱེད་པས་ན། ཁང་པ་སྟེ། ངེས་པའི་ཚིག་གི་ཚུལ་གྱིས ་སོ། །དེ་ལ་མཉན་དུ་ཡོད་པའི་ཤར་གྱི་ཀུན་དགའ་བོ་དང། རི་དྭགས་མའི་གནས་གཉིས་སྨོས་པ་ནི། རབ་ཏུ་བྱུང་བ་དང། ཁྱིམ་ན་གནས་པའི་ཕྱོགས་གཉིས་ལ་ཕན་གདགས་པའི་ཕྱིར་ཏེ། ཀུན་དགའ་སྨོས་པས་ནི་རབ་ཏུ་བྱུང་བ་ལ་ཕན ་གདགས་པའི་ཕྱིར་རོ། །མཉན་དུ་ཡོད་པ་རི་དྭགས་མའི་གནས་སྨོས་པས་ནི། ཁྱིམ་ན་གནས་པའི་ཕྱོགས་ལ་ཕན་གདགས་པའི་ཕྱིར་རོ། །འདིས་ནི་གནས་ཕུན་སུམ་ཚོགས་པ་བསྟན་ཏོ། །ཅི་བཅོམ་ལྡན་འདས་ཉག་གཅིག་བཞུགས་སམ་སྙམ ་པ་ལ་མ་ཡིན་པར་བསྟན་པའི་ཕྱིར། དགེ་སློང་གི་དགེ་འདུན་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཚིག་དེ་དག་གིས་ཁྱད་པར་རྣམ་པ་ལྔ་བསྟན་ཏེ། སོ་སོར་ཐར་པའི་སྒོམ་པ་མཚུངས་པ་དང། བདུད་ལ་སོགས་པས་མི ་བྱེད་པ་དང། ཡོན་ཏན་གྱི་ཁྱད་པར་དང་ལྡན་པ་དང། ཉོན་མོངས་པ་བཅོམ་པ་དང། གྲངས་མེད་པའོ། །དེ་ལ་སོ་སོར་ཐར་པའི་སྡོམ་པ་མཚུངས་པས་ན། དགེ་སློང་ཞེས་བྱ་བའི་ཚིག་དང་པོ་སྨོས་ཏེ། གསོལ་བ་དང་ཞུ་བའི་ལས་ཀྱིས་བསྙེན ་བར་རྫོགས་པ་དང། སོ་སོར་ཐར་པའི་སྡོམ་པ་ལ་གནས་པ་ཤ་སྟག་པས་དགེ་སློང་ངོ། །དགེ་འདུན་ཞེས་བྱ་བས་བདུད་ལ་སོགས་མི་ཕྱེད་པར་བསྟན་ཏེ། དེ་དག་ལྟ་བ་དང། ཚུལ་ཁྲིམས་ལ་སོགས་པ་གཞན་གྱིས་བསྒྱུར་བར་མི་ནུས ་པས་ན་དགེ་འདུན་ནོ། །ཆེན་པོ་ཞེས་བྱ་བས། ཡོན་ཏན་ཁྱད་པར་དང་བར་བསྟན་ཏེ། དེ་ཡང་བྱ་བ་བྱས་པ་དང། བྱེད་པ་བྱས་པ་དང། ཁུར་བོར་བ་དང། ཅང་ཤེས་པ་དང། རང་གི་དོན་རྗེས་སུ་ཐོབ་པའི་ཡོན་ཏན་ལྔ་དང་མངོན་པར་ཤེས་པ ་དྲུག་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །དགེ་སློང་ཞེས་བྱ་བའི་ཚིག་ཕྱི་མས་ཉོན་མོངས་པ་སྤང་བར་བསྟན་ཏེ། གང་གི་ཕྱིར་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་བཅོམ་སྟེ། སྤང་བས་ན་དེའི་ཕྱིར་དོན་དམ་པའི་དགེ་སློང། ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་ཞེས་བྱ་བས་གྲངས་མེད་བར་བསྟན་ཏེ། དོན་རྣམ་པར་གདོན་མི་ཟ་བའི་མདོ་འདི་བཤད་པའི་ཚེ་ན་ནི་འཁོར་གྱི་དགེ་སློང་འདི་སྙེད་ཅིག་ཡོད་དོ་ཞེས་བསྟན་པའོ། །གྲངས་དེར་ཆད་པར་སྨྲས་པ་ཡང། དེ་བཞིན་གཤེགས ་པས་ལྟོང?་རྒྱས་འོད་སྲུངས་འཁོར་ལྔ་བརྒྱ་དང་བཅས་ཏེ། རབ་ཏུ་ཕྱུང་དེ་ནས་ག་ཡ་འོད་སྲུངས་འཁོར་ཉིས་བརྒྱ་ལ་བཅུ་དང། དེའི་འོག་ཏུ་ཆུ་བོ་འོད་སྲུངས་འཁོར་ཉིས་བརྒྱ་ལྔ་བཅུ་དང། དེ་ནས་ཤཱ་རིའི་བུ་དང་མོངྒལ་གྱི་བུ་གཉིས། འཁོར་ཉིས་བརྒྱ ་ལྔ་བཅུ་རྣམས་དང་བཏུལ་ཏེ། རབ་ཏུ་ཕྱུང་ནས་རྟག་ཏུ་བཅོམ་ལྡན་འདས་ཀྱི་འཁོར་དུ་གྱུར་པའི་ཕྱིར། གྲངས་ཆད་པར་སྨོས་སོ། །བཞུགས་ཏེ་ཞེས་བྱ་བ་ལ་བཞུགས་པ་རྣམ་པ་གསུམ་སྟེ། སྤྱོད་ལམ་གྱིས་བཞུགས་པ་དང། ཆོས་འཆད་ཅིང་བཞུགས་པ ་དང། ནང་དུ་ཡང་དག་འཇོག་ལ་བཞུགས་པའོ། །དེ་ལ་སྤྱོད་ལམ་གྱིས་བཞུགས་པ་ནི། བཞུགས་པ་དང་བཞེངས་པ་དང། མནལ་བ་དང་འཆགས་པའོ། །ཆོས་འཆད་ཅིང་བཞུགས་པ་ནི། འཁོར་གྱི་ནང་དུ་གསུང་རབ་ཀྱི་དོན་སྒྲོགས་པར་མཛད་པའོ། ། ་ནང་དུ་ཡང་དག་འཇོག་ལ་བཞུགས་པ་ནི། བྱམས་པ་དང་སྙིང་རྗེ་ལ་སོགས་པ་ཚད་མེད་པ་བཞི་ལ་སྙོམས་པར་ཞུགས་པ་འམ། སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་སོགས་པ་ལ་སྙོམས་པར་ཞུགས་པའོ། །དེ་ལ་སྤྱོད ་ལམ་གྱིས་བཞུགས་པ་ནི། སྐུའི་ཕྲིན་ལས་སོ། །ཆོས་འཆད་ཅིང་བཞུགས་པ་ནི། གསུང་གི་འཕྲིན་ལས་སོ། །ནང་དུ་ཡང་དག་འཇོག་ལ་བཞུགས་པ་ནི་ཐུགས་ཀྱི་ཕྲིན་ལས་ཏེ། འདིའི་སྐབས་སུ་ནི་ཆོས་འཆད་ཅིང་བཞུགས་པར་བལྟའོ། །གླེང ་གཞི་ཕུན་སུམ་ཚོགས་པ་རྫོགས་སོ།། །།གླེང་བསླང་བའི་དབང་དུ་བྱས་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ན་ཞེས་བྱ་བ་ནི་མཉན་དུ་ཡོད་པ། ཤར་གྱི་ཀུན་དགའ་རི་དྭགས་མའི ་གནས་ནའོ། །ཡང་ན་དེ་ན་ཞེས་བྱ་བ་ནི་ཚིག་གི་མགོ་དྲང་བའམ། ཚིག་དགོད་པའོ། །བཅོམ་ལྡན་འདས་ཞེས་བྱ་བའི་དོན་ནི། སྔ་མ་བཞིན་ནོ། །བཅོམ་ལྡན་འདས་ནི་འཆད་པ་པོ་ཡིན་ལ། དགེ་སློང་རྣམས་ནི་ཉན་པར་བྱེད་པ་ཡིན་པས། བཅོམ ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ་ཞེས་བྱ་བར་སྦྱར་རོ། །གསུང་གང་གིས་བཀའ་སྩལ་པ་ན། དེའི་ཕྱིར་ཚངས་པའི་གསུང་སྤྲིན་ལྟར་ཟབ་མོ་སྙན་པ་རྒྱ་ཆེན་པོས་ཞེས་བྱ་བ་གསུངས་ཏེ། བྱ་ཀ་ལ་པིང་ཀའི་སྒྲ་ལྟར་ཤིན་ཏུ་སྙན ་ཅིང་འཇམ་པས་འདུལ་བའི་འགྲོ་བ་རྣམས་དགའ་བར་བྱེད་པའི་ཕྱིར་ཚངས་པའི་གསུང་ངོ། །གང་གི་ཕྱིར་གསུང་དེ་རིང་དུ་འགྲོ་ཞིང་འཁོར་ཀུན་ལ་ཁྱབ་པར་བྱེད་པས་ན། སྤྲིན་ལྟར་ཟབ་མོ་ཞེས་བྱའོ། །འདི་ལྟར་གསུང་དེ་ཚངས ་པའི་གསུང་ཡིན་པས། ཉན་པའི་དུས་ན་འགྲོ་བ་རྣམས་ཀྱི་བསམ་པ་ཚིམ་པར་བྱེད་ཅིང་ཡིད་འདྲེན་པས་ན་སྙན་པའོ། །གང་གི་ཕྱིར་གསུང་དེ་སྤྲིན་ལྟར་འཁོར་ཀུན་ལ་ཁྱབ་སྟེ། ཉེ་རིང་འདྲ་བར་ཐོས་པར་བྱེད་པས་ན། དེའི་ཕྱིར་རྒྱ་ཆེན་པོ ་ཞེས་བྱ་སྟེ། ཡོན་ཏན་གྱི་ཁྱད་པར་དེ་ལྟ་བུ་དང་ལྡན་པའི་གསུང་གིས། དགེ་སློང་རྣམས་ལ་བཀའ་སྩལ་ཏོ། །དགེ་སློང་ཁྱེད་རྣམས་ལ་ཞེས་བྱ་བ་ནི། ཉན་པའི་གདུལ་བར་གྱུར་པ། ཁྱེད་རྣམས་ལ་ཞེས་བྱ་བའི་དོན་ཏོ། །ཆོས་བསྟན་པར་བྱ་སྟེ ་ཞེས་བྱ་བ་ལ། ཆོས་ནི་མདོ་སྡེ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་ཏེ། ཅིའི་ཕྱིར་དེ་དག་ལ་ཆོས་ཞེས་བརྗོད་ན། དེ་དག་གིས་རིགས་སྟོན་པའི་ཕྱིར་ཆོས་ཞེས་བྱའོ། །བསྟན་པར་བྱ་སྟེ་ཞེས་བྱ་བ་ནི་བཤད་པར་བྱ་སྟེ། ཞེས་བྱ ་བའི་དོན་ཏོ། །མིང་ཇི་སྐད་ཅེས་བྱ་བའི་ཆོས་བསྟན་པར་མཛད་སྙམ་པ་ལ། དེའི་ཕྱིར་འདི་ལྟར་དོན་རྣམ་པར་གདོན་མི་ཟ་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཞེས་སྨྲས་ཏེ། འདི་ལྟར་ཞེས་བྱ་བ་ནི། འདི་ལྟ་སྟེ་ཞེས་བྱ་བའི་དོན་ཏོ། །ཆོས་འདིའི ་ནང་ནས་ཤེས་པར་བྱ་བ་དང། སྤང་བར་བྱ་བ་དང། བསྒོམ་པར་བྱ་བ་དང་ཐོབ་པར་བྱ་བའི་ཆོས་ཀྱི་དོན་རྣམ་པར་ངེས་པ་དང་གཏན་ལ་བབ་པ་སྟོན་ལ། སེམས་ཅན་རྣམས་ཀྱི་འདི་ཐོས་ན་ཡང། དོན་དེ་དག་གཏན་ལ་བབ་པ་ཁོ་ནར་ཤེས་པར ་འགྱུར་བས་ན། དེའི་ཕྱིར་ན་མདོ་སྡེ་འདི་དོན་རྣམ་པར་གདོན་མི་ཟ་བའི་ཆོས་ཀྱི་རྣམ་གྲངས་ཞེས་བྱའོ། །ཆོས་ཀྱི་རྣམ་གྲངས་ཞེས་བྱ་བ་ནི། ཆོས་ཀྱི་ཕུང་པོའི་ཆོས་ཀྱི་ཚོགས། །ཆོས་མང་པོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཆོས་ལ་ཡང་རྣམ་པ ་གཉིས་ཏེ། བཤད་པར་བྱ་བའི་ཆོས་དང། ཁོང་དུ་ཆུད་པར་བྱ་བའི་ཆོས་ཏེ། ཆོས་དེ་གཉིས་ཀ་འདིའི་ནང་ནས་བཤད་པར་སྟོན་ཏོ། །བཤད་པར་བྱ་བའི་ཆོས་ཀྱི་ཁྱད་པར་དང། ཡོན་ཏན་བསྟན་བར་བྱ་བའི་ཕྱིར། ཐོག་མར་དགེ་བར་དུ་དགེ་ཐ་མར་དགེ་ཞེས ་གསུངས་ཏེ། དེ་ལ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་སྟོན་པས་ན། ཐོག་མར་དགེ་བ་ཞེས་བྱ་སྟེ། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ནི། ཇི་ལྟར་མདོ་དག་ལས། འདི་ལྟར་ཚུལ་ཁྲིམས་དང་ལྡན་པ་ཡིན་ཏེ། སོ་སོར་ཐར་པའི་སྡོམ་པས་བསྡམས ་པ་དང། སྤྱོད་པ་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང། ཁ་ན་མ་ཐོ་བ་ཆུང་ངུ་ལ་ཡང་འཇིགས་པར་ལྟ་ཞིང། ཡང་དག་པར་བླངས་ནས་བསླབ་པའི་གནས་ལ་སློབ་པོ་ཞེས་གསུངས་པའོ། །ལྷག་པའི་སེམས་ཀྱི་བསླབ་པ་སྟོན་པའི་ཕྱིར། ་བར་དུ་དགེ་བ་སྟེ་ལྷག་པའི་སེམས་ཀྱི་བསླབ་པ་ཡང། ཇི་ལྟར་མདོ་དག་ལས་བསམ་གཏན་བཞི་གང་ཞེ་ན། འདོད་པ་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ། དབེན་པ་ལས ་སྐྱེས་པ་དགའ་བ་དང། བདེ་བར་ལྡན་པས། བསམ་གཏན་དང་པོ་ལ་ཉེ་བར་ཞུགས་ནས་གནས་སོ། །རྟོག་པ་དང་དཔྱོད་པ་ཉེ་བར་ཞི་བས། ནང་དང་ཞིང་སེམས་རྩེ་གཅིག་ཏུ་གྱུར་ཏེ། རྟོག་པ་མེད་པ་དཔྱོད་པ་མེད་པ། ཏིང་ངེ་འཛིན་ལས ་སྐྱེས་པའི་དགའ་བ་དང། བདེ་བ་དང་ལྡན་པ་བསམ་གཏན་གཉིས་པ་ལ་ཉེ་བར་ཞུགས་ནས་གནས་སོ། །དགའ་བའི་འདོད་ཆགས་དང་བྲལ་ནས་བཏང་སྙོམས་ལ་གནས་ཏེ། དྲན་པ་དང་ཤེས་བཞིན་དང་བཅས་པས། བདེ་བ་སོ་སོར་ལུས་ཀྱིས ་མྱོང་སྟེ། གང་དེ་ལ་འཕགས་པ་རྣམས་བཏང་སྙོམས་པ་དྲན་པ་དང་བཅས་ཤིང། བདེ་བ་ལ་གནས་པའོ་ཞེས་གསུངས་པ། བསམ་གཏན་གསུམ་པ་ལ་ཉེ་བར་ཞུགས་ནས་གནས་སོ། །བདེ་བ་ཡང་སྤངས་སྡུག་ཨོབསྔལ་ཡང་སྤངས་ནས། ་ཡིད?་བདེ་བ་དང་ཡིད་མི་བདེ་བ་གཉིས་ཐོག་མ་ཉིད་དུ་ནུབ་པར་གྱུར་ཏེ། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་བཏང་སྙོམས་དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་ལ་ཉེ་བར་ཞུགས་ནས་གནས་སོ ་ཞེས་བཤད་པའོ། །ལྷག་པའི་ཤེས་རབ་ཀྱི་བསླབ་པ་བསྟན་པའི་ཕྱིར་ཐ་མར་དགེ་བ་ཞེས་བྱ་སྟེ། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡང་མདོ་ལས་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས ་སོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་གི་འཕགས་པའི་བདེན་པའོ། །འདི་ནི་སྡུག་བསྔལ་འགོག་པའི་འཕགས་པའི་བདེན་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགོ་བར་བྱེད་པའི་ལམ་འཕགས་པའི་བདེན་པའོ་ཞེས་ཡང་དག་པ་ཇི་ལྟ་བ ་བཞིན་དུ་རབ་ཏུ་ཤེས་སོ། །དེས་དེ་ལྟར་མཐོང་བན་འདོད་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བ་དང་སྲིད་པའི་ཟག་པ་དང། མ་རིག་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། །དེས་རྣམ་པར་གྲོལ་བ་རྣམ་པར་གྲོལ་བ་ཉིད་དུ་ཡེ་ཤེས་མཐོང ་བར་འགྱུར་རོ་ཞེས་བཤད་པའོ། །དེ་ལྟར་དུས་གསུམ་དུ་དགེ་བའི་ཆོས་དེ་ཡང་ཅི་འདྲ་བ་ཞིག་ཅེ་ན། དེའི་ཕྱིར་དོན་བཟང་པོ་ཚིག་འབྲུ་བཟང་པོ་ཞེས་བྱ་བ་གསུངས་ཏེ། བརྗོད་བར་བྱ་བའི་དོན་ཕྱིན་ཅི་མ་ལོག་ཅིང་མཆོག་ཏུ་གྱུར་པ་དོན་ཕུན་སུམ ་ཚོགས་པའི་ཕྱིར་དོན་བཟང་པོའོ། །འབྲུ་ནི་ཨ་དང་ཀ་ལ་སོགས་པ་རྗོད་པར་བྱེད་པའི་ཚིག་ལ་བྱ་སྟེ། ཚིག་གསལ་ཞིང་དོན་མྱུར་དུ་གོ་བར་བྱེད་པས་ན་ཚིག་འབྲུ་བཟང་པོའོ། །འདི་ཡན་ཆད་ཀྱིས་བཤད་པའི་ཆོས་ཀྱི་མཚན་ཉིད་བཟང་པོར ་བསྟན་ཏོ། །རྣམ་པ་དེ་ལྟ་བུར་གྱུར་པའི་ཆོས་ངེས་ཀྱང་ཅི་ཞིག་བསྒྲུབ་ཅིང་སྟོན་པར་བྱེད་ཅེ་ན། དེའི་ཕྱིར་ཚངས་པར་སྤྱོད་པ་ཡང་དག་པར་བསྟན་ཅེས་བྱ་བ་གསུངས་སོ། །ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་དང། ལྷག ་མི། ལུས་པའི་མྱ་ངན་ལས་འདས་པ་ལ་ཚངས་པ་ཞེས་བྱའོ། །མྱ་ངན་ལས་འདས་པ་ལ་ཚངས་བ་ཞེས་བྱ་བར་ཡང་ཅི་མངོན་ཞེ་ན། མདོ་དག་ལས་ཀྱང་མྱ་ངན་ལས་འདས་པའི་དབང་དུ་མཛད་ནས་ཞི་བའོ། །ཞི་བར་གྱུར་པའོ། །ཚངས་པའི་ཚངས་པར་གྱུར་པའོ། ། ་བསིལ་བའོ་བསིལ་བར་གྱུར་བའོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་བུའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་འཕགས་པའི་ལམ་རྟོགས་པར་བྱ་བའི་མཚན་ཉིད་ཀྱི་ཆོས་ལ་ཚངས་པར་སྤྱོད་པའོ་ཞེས་བྱ་བ་སྟེ། འཕགས་པའི་ལམ་དེ་ལྟ་བུ་འདུས ་བྱས་ཀྱི་ཆོས་རྣམས་ཀྱི་མཆོག་ཏུ་གྱུར་པའི་ཕྱིར་འདིས་ནི་རྟོགས་པར་བྱ་བ་དོན་དམ་པའི་མཚན་ཉིད་ཀྱི་ཆོས་བསྟན་ཏོ། །དོན་དམ་པའི་མཚན་ཉིད་ཀྱི་ཆོས་དེ་ཡང་ཅི་འདྲ་བ་ཞིག་ཅེ་ན་དེའི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་ཕྱིར། འབའ་ཞིག ་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཕགས་པའི་ལམ་རྟོགས་པར་བྱ་བའི་ཆོས་དེ་མུ་སྟེགས་ལ་སོགས་པ་གཞན་གྱི་གཞུང་ལ་མེད་དེ། གཞན་དང་ཐུན་མོངས་མ་ཡིན་ཞིང་ཆོས་འདི་ལ་འབའ་ཞིག་ལ་ཡོད་བསམ་འབའ་ཞིག་པ་ཞེས་བྱའོ། ། ་འཕགས་པའི་ལམ་ངེས་འདོད་པ་དང། གཟུགས་དང་གཟུགས་མེད་པའི་ཁམས་ཐམས་ཅད་ཀྱི་ཉོན་མོངས་པའི་གཉེན་པོར་གྱུར་པའི་ཕྱིར། ཡོངས་སུ་རྫོགས་པ་ཞེས་བྱ་སྟེ། འཇིག་རྟེན་པའི་ལམ་གྱིས་ནི་སྲིད་པའི་རྩེ་མོའི་ཉོན ་མོངས་པའི་གཉེན་པོ་མི་བྱེད་ན་ཡོངས་སུ་རྫོགས་པ་ཞེས་མི་བརྗོད་དོ། །འཕགས་པའི་ལམ་དེ་རང་བཞིན་གྱིས་གྲོལ་བས་རྣམ་པར་གྲོལ་ཏེ། རང་བཞིན་གྱིས་ཉོན་མོངས་པ་མང་པའི་བདག་ཉིད་ཡིན་པའི་ཕྱིར། ཡོངས་སུ་དག་པ ་ཞེས་བྱའོ། །འཕགས་པའི་ལམ་དེ་ཟག་པ་ཟད་པ་རྣམས་ཀྱི་སེམས་ཀྱི་རྒྱུད་ལས་སྐྱེས་ཏེ། རྒྱུད་ཀྱི་རྣམ་པར་དག་པས་རྣམ་པར་དག་པའི་ཕྱིར། ཀུན་ཏུ་དཀར་བ་ཞེས་བྱའོ། །ཡང་ན་ཉན་པའི་ཚེ་དད་པ་ཆེན་པོ་སྐྱེད་པར་བྱེད་པས་ན ་ཐོག་མར་དགེ་བའོ། །སེམས་པའི་ཚེ་དགའ་བ་ཆེན་པོ་སྐྱེད་པར་བྱེད་པས་ན། བར་དུ་དགེ་བའོ། །སྒོམ་པའི་ཚེ་བློ་ཆེན་པོ་སྐྱེད་པར་བྱེད་པས་ན་ཐ་མར་དགེ་བའོ། །མཐོ་རིས་དང་མྱ་ངན་ལས་འདས་པའི་དོན་འབྱུང་བས་ན་དོན་བཟང ་པོའོ། །དེ་འཆད་པར་བྱེད་པའི་ཚིག་རྣམས་གསལ་ཞིང་ཟུར་ཕྱིན་ཅིང་ཕྱིན་ཅི་མ་ལོག་པའི་ཕྱིར་ཆིག་འབྲུ་བཟང་པོའོ། །ཡང་ན་མུ་སྟེགས་ལ་སོགས་པ་ཕྱི་རོལ་དུ་གྱུར་པའི་ཆོས་ཀྱི་གཉེན་པོར་སངས་རྒྱས་བའི་ཆོས་ཀྱི་བདག་ཉིད་ཆེན་པོ་བསྟན་པའི་ཕྱིར་ཐོག ་མར་དགེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལྟར་མུ་སྟེགས་ལ་སོགས་པའི་ཆོས་ནི་སྔ་ཕྱིར་བཤད་པ་འགལ་བ་འབྱུང་བས་ན། དེ་དག་གི་ཆོས་ཐོག་མ་དང་བར་དང་ཐ་མར་དགེ་བ་མ་ཡིན་ནོ། །ཇི་ལྟར་སྔ་ཕྱི་བཤད་པ་འགལ་ཞེ་ན། དེ་དག་འདི་སྐད་དུ ་འཆད་དེ་མི་འཚེ་བ་ནི་ཆོས་ཀྱི་མཆོག་གཅེས་བཤད་ལ། སྦྱིན་སྲེག་དང་མཆོད་སྦྱིན་གྱི་ཕྱིར་ནི་ཕྱུགས་བསོད་ཀྱང་ཉེས་པ་མེད་དེ་ཞེས་ཟེར་བ་དང། བརྫུན་དུ་སྨྲ་བ་ལས་སྡིག་ཆེ་བ་མེད་ཅེས་ཟེར་ལ་རྩེར་མོ་དང་བུད་མེད་དང་མི་ཚངས་པར་སྤྱོད་པའི་དུས་དང། བབ?་མ ་ལེན་པ་དང། ནོད་ཕྲོགས་པ་དང། སྲོག་ལ་བབ་པའི་ཆེ་རྫུན་སྨྲས་ཀྱང་ཉེས་པ་མེད་དོ་ཞེས་ཟེར་བས། སྔ་ཕྱིར་འགལ་ལོ། །དོན་བཟང་བ་མ་ཡིན་ཏེ། བདག་དང་བྱེད་པ་པོ་དང། སེམས་ཅན་ཡོད་བར་འཆད་པའི་ཕྱིར་རོ། །འབྲུ་བཟང་བོ་མ་ཡིན་ཏེ་ཡི་གེ ་མ་འབྲེལ་ཅིང་མི་གསལ་བ་དང་ཅལ་ཅོལ་དུ་འབྱུང་བའི་ཕྱིར་རོ། །འབའ་ཞིག་པ་ཡང་མ་ཡིན་ཏེ། མུ་སྟེགས་པ་རྣམས་ཀྱི་ཚུལ་ཁྲིམས་དང། བདག་དུ་ལྷ་བ་ལ་སོགས་པའི་ལྟ་བ་རྣམས་མིའི་ཐོད་ཅན་དང་གཅོར?་བུ་ལ་སོགས་པ་ཕན་ཚུན་ཐུན་མོང ་དུ་གྱུར་པའི་ཕྱིར་རོ། །ཡོངས་སུ་རྫོགས་པ་ཡང་མ་ཡིན་ཏེ། དེ་དག་གི་ལམ་ནི་ས་འོག་མའི་ཉོན་མོངས་པའི་གཉེན་པོ་ཙམ་བྱེད་པར་ཟད་ཀྱི། ས་ཐམས་ཅད་ཀྱི་ཉོན་མོངས་པ་ཀུན་གྱི་གཉེན་པོ་མི་བྱེད་པའི་ཕྱིར་རོ། །ཡོངས་སུ་དག་པ་མ་ཡིན་ཏེ། རང ་གང་ལ་གནས་པའི་སའི་ཉོན་མོངས་པ་ཐམས་ཅད་རྒྱུ་ཞིང་འབྱུང་བའི་གནས་སུ་གྱུར་པའི་ཕྱིར་ཏེ། གང་གི་ཕྱིར་གལ་ཏེ་འདོད་པའི་ཁམས་ན་གནས་ན། འདོད་པ་ན་སྦྱོང་པའི་ཉོན་མོངས་པ་ཀུན་འབྱུང་བའི་གནས་སུ་གྱུར་པའི་ཕྱིར་རོ། །ཀུན་ཏུ་དཀར་བ་མ ་ཡིན་ཏེ། ས་གཞན་ཉོན་མོངས་པ་བག་ལ་ཉལ་དང་ཡང?་རྗེས་སུ་འབྲེལ་པའི་ཕྱིར་རོ། །ཚངས་པར་སྦྱོང་པ་ཡང་མ་ཡིན་ཏེ། ལམ་དེ་དག་གིས་མྱ་ངན་ལས་འདས་པ་ཐོབ་པར་མི་བྱེད་པའི་ཕྱིར་རོ། །ཡང་ན་དོན་བཟང་བའི་ཕྱིར་ཐོག་མར་དགེ་བའོ། །འབྲུ་བཟང་བའི་ཕྱིར ་པར་དུ་དགེ་བའོ། །འབའ་ཞིག་པ་དང་ཡོངས་སུ་རྫོགས་པ་དང། ཡོངས་སུ་དག་པ་དང། ཀུན་ཏུ་དཀར་བ་དང། ཚངས་པར་སྦྱོང་པའི་ཕྱིར་ཐ་མར་དགེ་བའོ། །ཡང་དག་པར་རབ་ཏུ་བསྟན་གྱིས་ཞེས་བྱ་བ་ན་བཤད་པར་བྱ་བ་དང། རྟོགས་པར་བྱ་བའི་ཆོས་ཕྱིན? ་ཅི་མ་ལོག་པར་བཤད་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། དེ་ཤིན་ཏུ་ལེགས་པར་ཉོན་ལ་ཞེས་བྱ་བ་ལ་སོགས་པས། ཉན་པའི་འདུལ་བ་རྣམས་རྣ་བ་མི་གཡེང་བར་ཉོན་ཅིག་ཅེས་མི་གཡེང་བའི་སྦྱོར་བར་མཛད་དོ། །དེ་ཞེས་བྱ་བ་ནི་དོན་རྣམ་པར་གདོན་མི་ཟ་བའི ་ཆོས་ཀྱི་རྣམ་གྲངས་ལ་བྱ་བར་སྙེགས་སོ། །ཤིན་ཏུ་ལེགས་པར་ཉོན་ལ་ཞེས་བྱ་བ་ནི། ཕྱིན་ཅི་མ་ལོག་པར་ཉོན་ཅིག་ཅེས་བྱ་བའི་དོན་ཏོ། །ཡིད་ལ་ཟུང་ཞིག་ཅེས་བྱ་བ་ནི། དོན་མ་ལུས་པར་ཟུང་ལ་མ་བརྗེད་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །ཡང་ན་མདོ ་ལས་ཚིག་རྣམ་པ་གསུམ་འབྱུང་སྟེ། ཤིན་ཏུ་ཉོན་ལ་ཞེས་བྱ་བ་དང། ལེགས་པར་ཉན་ལ་ཞེས་པ་དང། ཡིད་ལ་ཟུང་ཞིག་ཅེས་བྱ་བ་གསུམ་སྟེ། དེས་རིམ་བཞིན་དུ་སྣོད་ཀྱི་ཉེས་པ་རྣམ་པ་གསུམ་སྤོངས་ཤིག་ཅེས་པར་བཀའ་སྩལ་པའོ། །ཉེས་པ་རྣམ ་པ་གསུམ་ནི་སྣོད་ཁ་ཕུབ?་པ་ལྟ་བུའི་ཉེས་པ་དང། སྣོད་མི་གཙང་བས་གང་བ་ལྟ་བུའི་ཉེས་པ་དང། སྣོད་རྡོལ་བ་ལྟ་བུའི་ཉེས་པའོ། །དེ་ལ་སྣོད་ཁ་ཕུབ་པ་ལྟ་བུ་ནི། དཔེར་ན་སྣོད་ཁས་ཕུབ་ན་ནམ་མཁའ་ལས་ཆར་བབ་ཀྱང་ཆུ་ནང་དུ་མ་འདུས་པས། ཚར་བ ་པ་དོན་མེད་པ་དང་འདྲ་བར་གསུང་རབ་འཆད་པའི་ཚེ་ན་གཡེངས་པ་དང་རྨུགས་པས་ནོན་ནས། ཆོས་ཀྱི་ཆར་ཕབ་པ་དོན་མེད་པར་གྱུར་པའི་ཉེས་པ་དེ་སྤང་བའི་ཕྱིར་ཤིན་ཏུ་ཉོན་ལ་ཞེས་བཀའ་སྩལ་ཏེ། གཡེངས་པ་དང་རྨུགས་པ་སྤོངས ་ལ། དོན་ཁོང་དུ་ཆུད་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །སྣོད་མི་གཙང་བས་གང་བ་ལྟ་བུ་ནི་དཔེར་ན་སྣོད་མི་གཙང་བར་ཆར་བབ་ན། ཆར་བའི་ཆུ་མི་གཙང་བར་གྱུར་པས་ཆར་བབ་པ་དོན་མེད་པར་གྱུར་དེ་བཞིན་དུ། ཆོས་ཀྱི་ཆང་བབ་པའི་དུས་ན། རང་གི་རྣམ ་པར་རྟོག་པ་ཕྱིན་ཅི་ལོག་གིས་གསུང་རབ་ཀྱི་དོན་ཕྱིན་ཅི་ལོག་ཏུ་བཟུང་ན་ཡང་ཆོས་ཀྱི་ཆར་བབ་པ་དོན་མེད་པར་འགྱུར་བས། དེ་སྤང་བར་བྱ་བའི་ཕྱིར་ལེགས་པར་ཉོན་ལ་ཞེས་བཀའ་སྩལ་ཏེ། ཕྱིན་ཅི་མ་ལོག་པར་ཉོན་ཅིག་ཅེས་བྱ་བའི་དོན་ཏོ། །སྣོད་རྡོལ་པ་ལྟ་བུ ་ནི། དཔེར་ན་སྣོད་རྡོལ་བ་ལ་ནམ་མཁའ་ཨི་ཆར་ནང་དུ་ཞུགས་ཀྱང། དེ་མ་ཐག་ཏུ་ཕྱིར་བྲགས་བས་བབ་པ་དོན་མེད་པར་གྱུར་པ་དེ་བཞིན་དུ། དམ་པའི་ཆོས་ཀྱི་ཆར་བབ་ན། དོན་དང་ཆིག་ལ་སོགས་པ་སྔར་བརྡ་ཕྲད་ཀྱང་ཕྱིས་བརྗོད་པར་བྱས་ན། ཆོས་ཀྱི་ཆར ་བབ་པ་དོན་མེད་པར་འགྱུར་བས། དེའི་གཉེན་པོར་ཡིད་ལ་ཟུང་ཞིག་ཅེས་བཀའ་སྩལ་ཏེ། ཇི་ལྟར་ཚིག་དང་དོན་རྣམས་བཟུང་བ། དེ་བཞིན་དུ་མ་བརྗེད་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །བཤད་དོ་ཞེས་བྱ་བ་ནི། གལ་ཏེ་དེ་ལྟར་བྱས་ན་ནི་བཤད་ཀྱི། ་གཞན་དུ་ན་ཆོས་ཀྱི་ཆར་ཕབ་པ་དོན་མེད་པར་འགྱུར་བས་མི་བཤད་དོ་ཞེས་བྱ་བར་དགོངས་སོ། །ཡང་ན་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་བའི་སློབ་མ་ནད་པ་རྣམ་པ་གསུམ་དང་འདྲ་བ་ཡོད་དེ། དེའི་གཉེན་པོར་ཤིན་ཏུ་ལེགས་པར་ཞེས་བྱ་བ་ལ ་སོགས་པ་གསུངས་སོ། །དེ་ལ་ནད་པ་དང་པོ་ནི་སྐྱེས་བུ་འགའ་ཞིག་ནད་ཀྱིས་བཏབ་པ་ལས། དེ་ལ་ཕན་པར་འདོད་པའི་ཕ་དང་མས། ཕན་པར་གྱུར་པའི་སྨན་དང་ཁ་ཟས་བྱིན་ན། ཟར་མི་བཏུབ་སྟེ། དེས་ཀྱང་དེ་ལ་ཕན་པར་འདོད་པའི་ཕ་མ་ལ་གནོད་པར་བྱེད་དོ།? ་དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་རབ་ལ་རབ་ཏུ་བྱུང་བའི་གང་ཟག་ལ་ཉོན་མོངས་པའི་ནད་ཀྱིས་བཏབ་པ་དེ་ལ། ཉོན་མོངས་པའི་ནད་ལ་ཕན་པའི་སྨན། ཆོས་ཐོག་མར་དགེ་བ་ལ་སོགས་པ་ཉོན་ཅིག་ཅེས་བསྒོ་ན། ཉན་དུ་མི་བཏུབ་སྟེ། དེས་ཀྱང་དེ་ལ ་ཕན་བར་དགོངས་པ་ཆོས་ཀྱི་ཡང་དེ་བཞིན་གཤེགས་པ་ལ་གནོད་པར་བྱེད་པའོ། །དེའི་གཉེན་པོར་ཤིན་ཏུ་ཉོན་ལ་ཞེས་བཀའ་སྩལ་ཏེ། དེ་བཞིན་གཤེགས་པའི་གསུང་རབ་ཉོན་ཅིག་ཅེས་བྱ་བའི་དོན་ཏོ། །ནད་པ་གཉིས་པ་ནི་དེ་ལ་ཕན་པར་འདོད་པའི་ཕ་མས ་ཕན་པར་འགྱུར་བའི་སྨན་དང་ཁ་ཟས་སྦྱིན་ན་གང་ཕན་པ་མི་ཟའི་མི་ཕན་པ་ཟ་བར་བྱེད་དེ། དེས་ཀྱང་དེ་ལ་ཕན་པར་སེམས་པའི་ཕ་མ་ལ་གནོད་པར་བྱེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་རབ་ལ་རབ་ཏུ་བྱུང་བའི་གང་ཟག་ཁ་ཅིག། དམ་པའི་ཆོས ་བསྟན་ན། ཕྱིན་ཅི་མ་ལོག་པར་མ་གཟུང་གི་ཕྱིན་ཅི་ལོག་ཏུ་འཛིན་ཏེ། དེས་ཀྱང་དེ་ལ་ཕན་པར་དགོངས་པའི། ཆོས་ཀྱི་ཡབ་དེ་བཞིན་གཤེགས་པ་ལ་གནོད་པར་བྱེད་དོ། །དེའི་གཉེན་པོར་ལེགས་པར་ཉོན་ལ་ཞེས་བཀའ་སྩལ་ཏེ། ཕྱིན་ཅི་མ་ལོག་པར་ཉོན ་ཅིག་ཅེས་བྱ་བའི་དོན་ཏོ། །ནད་པ་གསུམ་པ་ནི་དེ་ལ་ཕན་པར་སེམས་པའི་ཕ་མས། ཕན་པར་འགྱུར་བའི་སྨན་དང་ཁ་ཟས་བྱིན་ན། བྱིན་པ་ཟོས་ལ་ཕྱིས་སྐྱུག་པར་བྱེད་དེ། དེས་ཀྱང་དེ་ལ་ཕན་པར་སེམས་པའི་ཕ་མ་ལ་གནོད་པར་བྱེད་དོ། །དེ་བཞིན་གཤེགས ་པའི་བསྟན་པ་ལ་རབ་ཏུ་བྱུང་བའི་གང་ཟག་ཁ་ཅིག། ཇི་སྐད་བསྒོ་བ་བཞིན་དུ་དམ་པའི་ཆོས་ཉན་ལ་ཚིག་དང་དོན་ཁོང་དུ་ཆུད་ཀྱང་ཕྱིས་བརྗེད་བར་བྱེད་པ་སྟེ། དེས་ཀྱང་དེ་ལ་ཕན་པར་དགོང་པའི་ཆོས་ཀྱི་ཡབ་དེ་བཞིན་གཤེགས་པ་ལ་གནོད་པར་བྱེད་པ་ཡིན་ནོ།། ་དེའི་གཉེན་པོར་ཡིད་ལ་ཟུང་ཞིག་ཅེས་བཀའ་སྩལ་ཏེ། ཇི་ལྟར་དོན་དང་ཚིག་སྔར་བཟུང་བ་རྣམས་མ་བརྗེད་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །བཤད་དོ་ཞེས་བྱ་བ་ནི་ང་ནི་འཆད་པ་པོར་ཟད་ཀྱི། ནན་ཏན་དུ་ནི་ཁྱེད་ཀྱིས་སྒྲུབས་ཤིག་པར་བཀའ་སྩལ་པའོ། ། ་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་དག་གནས་དམ་པ་ལ་བཀོད་པས། དགེ་སློང་རྣམས་ཀྱིས་ཀྱང། བཅོམ་ལྡན་འདས་ལ་ལེགས་སོ་ཞེས་བྱ་བ་གསོལ་ཏོ། །སྔར་བཅོམ་ལྡན་འདས་ཀྱི་སྐྱོན་རྣམ་པ་གསུམ་སྤོངས་ལ། ཉོན་ཅིག་ཅེས་བཀའ་ ་སྩལ་པ་བཞིན་དུ། སྐྱོན་སྤངས་ནས། ཉན་པ་ལ་ཞུགས་པ་བསྟན་པའི་ཕྱིར། དགེ་སློང་དེ་རྣམས་བཅོམ་ལྡན་འདས་ལ་སླར་ཉན་པ་ཞེས་བྱ་བ་སྨོས་ཏེ། སླར་ཉན་པ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བཞིན་དུ་ཉན་ཏོ་ཞེས་བྱ་བའི་དོན་ཏོ། །འདི ་སྐད་བཀའ་སྩལ་ཅེས་བྱ་བ་ནི། འོག་ནས་འབྱུང་བ་སྐད་དུ་བཀའ་སྩལ་པ་སྟེ། གླེང་བསླང་བཤད་ཟིན་ཏོ།། །།དེའི་འོག་ཏུ་བསྡུས་པའི་དོན་བཤད་པར་བྱ་བའི་ཕྱིར། དགེ་སློང་དགེ་དོན་རྣམ་པར་གདོན་མི་ཟ་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་གང་ཞེ་ན་ཞེས ་བྱ་བ་ལ་སོགས་པ་གསུངས་སོ། །ཤེས་པར་བྱ་བ་དང་སྤང་བར་བྱ་བ་དང། བསྒོམ་པར་བྱ་བ་དང། ཐོབ་པར་བྱ་བའི་ཆོས་རྣམས་འདིར་གཏན་ལ་བབ་པར་སྟོན་པས་ན། དོན་རྣམ་པར་གདོན་མི་ཟ་བ་ཞེས་བྱ་སྟེ། གང་ཞེ་ན་ཞེས་བྱ་བ་ནི་དེ་གང་ཡིན་ཞེས་དྲིས་པའོ། །དེ ་བསྟན་པར་བྱ་བའི་ཕྱིར་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟ་སྟེ་ཞེས་བྱ་བ་ནི་དེ་བཞིན་ནི་འདི་དག་ཡིན་ནོ་ཞེས་བྱ་པའི་ཐ་ཚིག་གོ་།ཕུང་པོ་ལྔ་ནས་བརྩམས་ཏེ། དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་གྱི་དོན་ཉི་ཤུ་རྩ་དྲུག་པོ་རྣམས་ཀྱིས། མདོའི་དོན ་མཛའ་དག་མ་ལུས་པར་རྫོགས་སོ་ཞེས་བསྟན་པའི་ཕྱིར། དགེ་སློང་དག་འདི་ནི་དོན་རྣམ་པར་གདོན་མི་ཟ་བའི་ཆོས་རྣམས་ཀྱི་ལུང་ངོ་ཞེས་བཀའ་སྩལ་ཏོ། །དེ་ལ་ཕུང་པོ་ལྔ་ནས། དབང་པོ་ཉི་ཤུ་རྩ་གཉིས་ཀྱི་བར་གྱིས་ནི་ཤེས་པར་བྱ་བ་དང། སྤང་བར་བྱ་བ་དང། ་བསྒོམ་པར་བྱ་བ་གསུམ་བསྟན་ཏེ། ཆོས་དེ་དག་ལས་གང་ལུང་དུ་མ་བསྟན་པའི་མཚན་ཉིད་རྣམས་ནི་ཤེས་པར་བྱ་བའོ། གང་མི་དགེ་བའི་མཚན་ཉིད་དེ་དག་ནི་སྤང་བར་བྱ་བའོ། །གང་དགེ་བའི་མཚན་ཉིད་དེ་དག་ནི་བསྒོམ་པར་བྱ་བའོ། །དེ་ལ་བསམ་གཏན ་བཞི་ནས་བརྩམས་ཏེ། རྒྱུན་ཏུ་ཞུགས་པའི་ཡན་ལག་དག་ཞེས་བྱ་བ་ཡན་ཆད་ཀྱིས་ནི་བསྒོམ་པར་བྱ་བའི་ཆོས་བསྟན་ཏོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ཞེས་བྱ་བ་ནས། དཔེ་བྱད་བཟང་པོ་བརྒྱད་ཅུ་ཞེས་བྱ་བ་ཡན་ཆད་ཀྱིས་ནི་ཐོབ་པར་བྱ་བའི་ཆོས ་བསྟན་ཏོ། །བསྡུས་པའི་དོན་བསྟན་པ་ཡང་ཅི་དགོས་ཤེ་ན། མདོ་འདིར་དོན་ཉི་ཤུ་རྩ་དྲུག་ལས་མང་དུ་ཡང་མི་འཆད་ཉུང་དུ་མི་འཆད་དོ་ཞེས་བསྐྱེད་པ་དང། སྐུར་པ་སྤངས་པའི་ཕྱིར་རོ། །ཡང་ན་སློབ་མ་རྣམས་ཚིག་དང་དོན་བདེ་བར་ཁོང་དུ་ཆུད་ཅིང་གཟུང་སླ་བར ་བྱ་བའི་ཕྱིར། བསྡུས་པའི་དོན་སྨོས་ཏེ། དཔེར་ན་རྟ་དང་པོར་ཀྱུས་ས་བསྟན་པ། ཕྱིས་ཐོགས་པ་མེད་པར་རྒྱུག་པ་བཞིན་དུ་ཐོག་མར་བསྡུས་པའི་དོན་ཁོང་དུ་ཆུད་ན། ཕྱིས་སློབ་མ་རྣམ་ཡན་ལག་གི་དོན་བདེ་བར་ཁོང་དུ་ཆུད་པར་འགྱུར་བས་སོ། །ཡང་ན་སློབ ་མ་རྣམས་པ་གཉིས་ཏེ། མདོ་ཙམ་དུ་བསྟན་པས་འདུལ་བ་དང། རྒྱས་པར་བཤད་པས་འདུལ་བར་བྱའོ། །དེ་ལ་མདོ་ཙམ་དུ་བསྟན་པས་འདུལ་བའི་ཆེད་དུ་མཛད་ནས། སྔར་བསྡུས་པའི་དོན་བཀའ་སྩལ་ཏོ། །རྒྱས་པར་བཤད་པས་འདུལ་བའི་ཆེད་དུ་མཛད་ནས ་འདི་ལྟ་སྟེ། གཟུགས་ཀྱི་ཕུང་པོ་དང་ཞེས་བྱ་བ་ལ་སོགས་པ། ཚིག་གི་དོན་རྒྱས་པར་བཤད་དོ། །བསྡུས་པའི་དོན་གྱིས་མཇུག་བསྡུ་བའི་ཕྱིར། དགེ་སློང་དག་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། །།ད་ནི་ཚིག་གི་དོན་བསྟན་པར་བྱ་སྟེ། ་དེ་བས་ན་དེ་ལ་དགེ་སློང་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ཕུང་པོ་ལྔ་གང་ཞེ་ན། ཞེས་བྱ་བ་ནི། དྲིས་པའོ། །དྲིས་པ་བཞིན་དུ་བསྟན་པར་བྱ་བའི་ཕྱིར། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟ་སྟེ་ཞེས་བྱ་པའི་སྒྲ་དཔེའི་ཚིག་ཏུ་ཡང་སྟོན་མོད ་ཀྱི། འདིའི་སྐབས་སུ་འདི་ལྟ་སྟེ་ཞེས་བྱ་བའི་སྒྲ། གཟུགས་ལ་སོགས་པའི་ཕུང་པོ་ཉེ་བར་བསྟན་པར་བྱ་བའི་ཕྱིར་དོན་དུ་འགྲོ་སྟེ། དེ་བས་ན་འདི་ལྟ་སྟེ་ཞེས་བྱ་བ་ནི་ཕུང་པོ་ལྔ་འདི་ཡིན་ཏེ་ཞེས་བྱ་བའི་ཐ་ཚིག་གོ། གཟུགས་ཀྱི་ཕུང་པོ་དང། ཚོར་བའི་ཕུང་པོ་དང་ཞེས་བྱ ་བ་འདིས་ནི། ཟག་བ་མེད་པའི་ཕུང་པོ་བསྟན་པ་ཡིན་ཏེ། དེ་ལྟར་ན་ཕུང་པོ་གཉིས་ཏེ། ཟག་པ་མེད་པའི་ཕུང་པོ་དང། ཟག་པ་དང་བཅས་པའི་ཕུང་པོའོ། །འདིར་ནི་ཕུང་པོ་ཞེས་སྤྱིར་སྨོས་ན། ཟག་པ་མེད་པའི་ཕུང་པོ་ཡིན་པར་ཅི་མངོན ་ཞེ་ན་ཡང། དེ་ནི་མངོན་ཏེ་འོག་ནས། དེ་ལ་དགེ་སློང་དག་ལེན་པའི་ཕུང་པོ་ལྔ་གང་ཞེ་ཟག་པ་ཅན་གྱི་ཕུང་པོ་མིང་གིས་གསལ་བར་སྨོས་པ་ན་སྔར་སྨོས་པའི་ཕུང་པོ་ལྔ་ནི་ཟག་པ་མེད་པའི་ཕུང་པོ་ལ་བྱ་བར་མངོན་ནོ། །དེ་ལྟ་མ་ཡིན་ཏེ་གཉིས་ཀ་ཟག་པ ་ཅན་གྱི་ཕུང་པོ་ལ་བྱ་བར་གྱུར་ན་ནི། ཟག་པ་ཅན་གྱི་ཕུང་པོ?་དེ་ཉིད་ལན་གཉིས་སུ་ཟློས་པའི་སྐྱོན་དུ་འགྱུར་རོ། །འོ་ན་ཟག་པ་མེད་པའི་ཕུང་པོ་བསྟན་པ་འདིར་ཅི་དགོས་ཤེ་ན། སྡུག་བསྔལ་ཐམས་ཅད་དང་བྲལ་བའི་གནས། ཟག་པ་མེད་པའི་ཕུང་པོ་ཡོད ་པར་མཐོང་ནས། ཟག་པ་ཅན་གྱི་ཕུང་པོ་ལ་སྐྱོ་བ་སྐྱེའོ། །སྐྱོ་བ་སྐྱེས་ན་ཟག་པ་ཅན་གྱི་ཕུང་པོ་འདོར་བར་བྱ་བ་ལ་བརྩོན་པ་སྐྱེད་དོ། །བརྩོན་བ་སྐྱེས་ན། སྡུག་བསྔལ་གྱི་ཕུང་པོ་འདོར་བར་འགྱུར་རོ། །སྡུག་བསྔལ་གྱི་ཕུང་པོ་བོར་ན་བདེ་བའི་མཆོག་མྱ་ངན ་ལས་འདས་པ་ཐོབ་སྟེ། ཟག་པ་མེད་པའི་ཕུང་པོ་བསྟན་པ་ནི། དེར་དགོས་སོ། །དེ་ལ་ཟག་པ་མེད་པའི་གཟུགས་ཀྱི་ཕུང་པོ་གང་ཞེ་ན། རྣལ་འབྱོར་པ་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ལ་སྙོམས་པར་འཇུག་པའི་ཚེ། གང་ཟག་པ་མེད་པའི ་མཚན་ཉིད་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ནི་གཟུགས་ཀྱི་ཕུང་པོའོ། །གང་དེའི་ཚེ་ཚོགས་གཉིས་ལ་ཟག་པ་མེད་པའི་ཚོར་བ་བྱུང་བ་ནི་ཚོར་བའི་ཕུང་པོའོ། །གང་དེའི་ཚོགས་ཉིད་ལ་འདུ་ཤེས་ཡོད་པ་ནི་འདུ་ཤེས་ཀྱི་ཕུང་པོའོ། །ཡང་ན་རྣལ ་འབྱོར་པ་རྣམས་ཀྱི་འདུ་ཤེས་རྣམ་པ་བཅུ་ནི་འདུ་ཤེས་ཀྱི་ཕུང་པོ་སྟེ། འདུ་ཤེས་བཅུ་ལ། མི་རྟག་པའི་འདུ་ཤེས་དང། སྡུག་བསྔལ་གྱི་འདུ་ཤེས་དང། བདག་མེད་པའི་འདུ་ཤེས་དང། མི་གཙང་བའི་འདུ་ཤེས་དང། ཁ་ཟས་ལ་རྗེས་སུ་མི་མཐུན ་པའི་འདུ་ཤེས་དང། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང། འཆི་བའི་འདུ་ཤེས་དང། རབ་ཏུ་སྤོང་བའི་འདུ་ཤེས་དང། འདོད་ཆགས་བྲལ་བའི་འདུ་ཤེས་དང། འགོག་པའི་འདུ་ཤེས་སོ། །དེ་ལ་རྒྱུ་དང་རྐྱེན་ལ་རག་ལུས་པས ་མི་གནས་པར་སེམས་པ་ནི་མི་རྟག་པའི་འདུ་ཤེས་སོ། །ལུས་དང་སེམས་ལ་གནོད་པར་བྱེད་པ་སེམས་པ་ནི་སྡུག་བསྔལ་བར་འདུ་ཤེས་སོ། །བདག་ལ་རང་དབང་མེད་དེ་གཞན་གྱི་དབང་དུ་གྱུར་བར་སེམས་པ་ནི། བདག་མེད་པའི་འདུ་ཤེས་སོ། །ལུས ་ཀྱི་རང་བཞིན་ཁྲག་དང་རྣག་ལ་སོགས་པའི་མཚན་ཉིད་དུ་ཤེས་པ་ནི་མི་གཙང་བའི་འདུ་ཤེས་སོ། །ཁ་ཟས་རྣམས་ཁར་བཅུག་པ་ན་ཡང་མཆིལ་མ་དང་སྣབས་ལ་སོགས་པ་དང་འདྲེས་ནས་ཁོང་དུ་ཞུགས་ལ། ཁོང་དུ་ཡང་བཤད་པ་དང་གཅི་པར་འགྱུར ་རོ་ཞེས། སེམས་པ་ནི་ཁ་ཟས་ལ་རྗེས་སུ་མི་མཐུན་པའི་འདུ་ཤེས་སོ། །སེམས་ཅན་ཐམས་ཅད་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་མེས་སྲེགས་ལ། སྐྱེ་བ་རྒ་བའི་གནོད་པས་མནར་བའོ་ཞེས་སེམས་པ་ནི། འཇིག་རྟེན་རྣམས་ལ་མངོན་པར ་མི་དགའ་བའི་འདུ་ཤེས་སོ། །བུམ་པ་ཞབས་རྡོལ་བའི་ཆུ་བཞིན་དུ། སྐད་ཅིག་།མ་རེ་རེ་ལ་ཡང་འཚོ་བའི་དབང་པོ་ཟད་དོ་ཞེས་སེམས་པ་ནི་འཆི་བའི་འདུ་ཤེས་སོ། །དང་པོར་རྒྱུན་ཏུ་ཞུགས་པའི་འབྲས་བུའི་དུས་ཀྱི་དེ་མ་ཐག་པའི་ལམ་གྱི་ཚེ་ན་ནི། རབ ་ཏུ་སྤོང་བའི་འདུ་ཤེས་སོ། །ཕྱིར་མི་འོང་བའི་དུས་ཀྱི་དེ་མ་ཐག་པའི་ལམ་གྱི་ཚེ་ན་ནི། འདོད་ཆགས་དང་བྲལ་བའི་འདུ་ཤེས་སོ། །དགྲ་བཅོམ་པའི་དུས་ཀྱི་དེ་མ་ཐག་པའི་ལམ་གྱི་ཚེ་ན་ནི། འགོག་པའི་འདུ་ཤེས་སོ། །གང་དེ་ཉིད་ཀྱི་ཚོགས་ན་དད་པ་དང། ་བརྩོན་འགྲུས་དང། སེམས་པ་ལ་སོགས་པ་འདུ་བྱེད་སེམས་དང་ལྡན་པ་རྣམས་དང། སྐྱེ་བ་དང་རྒ་བ་ལ་སོགས་པ་དང་མིང་གི་ཚོགས་དང་ཚིག་གི་ཚོགས་ལ་སོགས་པ་འདུ་བྱེད་སེམས་དང་མི་ལྡན་པ་རྣམས་ནི། འདུ་བྱེད་ཀྱི་ཕུང་པོའོ། །གང་དེ་ཉིད་ཀྱི་ཚེགས? ་ན་ཟག་པ་དང་བཅས་པའི་ཕུང་པོ་དང། འདོད་པ་ལྔའི་ཡོན་ཏན་ལ་དགའ་བ་མེད་པའི་རྣམ་པར་ཤེས་པ་ནི། རྣམ་པར་ཤེས་པའི་ཕུང་པོའོ། །ཟག་པ་མེད་པའི་ཕུང་པོ་ལྔ་བཤད་ཟིན་པར་བསྟན་པའི་ཕྱིར། འདི་ནི་དགེ་སློང་དག་ཕུང་པོ ་ལྔ་རྣམས་སོ་ཞེས་བྱ་བ་གསུངས་ཏེ། ཟག་པ་མེད་པའི་ཕུང་པོ་ལྔ་རྣམས་རྫོགས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཕུང་པོ་ལྔ་ཞེས་སྨོས་པས་ཆོག་མོད། གཟུགས་དང་ཚོར་བའི་མཚན་ཉིད་གཟུང་བ་ཅི་དགོས་ཤེ་ན། གཟུགས་དང་ཚོར་བའི་མཚན་ཉིད་གཟུང ་བ་ནི། ཚུལ་ཁྲིམས་ལ་སོགས་པ་ཟག་པ་མེད་པའི་ཕུང་པོ་གཞན་ཡང་ཡོད་པས་དེ་དག་དགག་པར་བྱ་བའི་ཕྱིར་རོ།། །།ཕུང་པོ་ལྔའི་འོག་ཏུ་ལེན་པའི་ཕུང་པོ་ལྔ་བསྟན་པས་ཇི་ལྟར་བསྟན་པ་དེ་བཞིན་བཤད་པའི་ཕྱིར་རོ། །དེ་ལ་དགེ་སློང་དག་ལེན ་པའི་ཕུང་པོ་ལྔ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལེན་པའི་ཕུང་པོ་ལྔ་བཤད་པ་ཡང་ཅི་དགོས་ཤེ་ན། ལེན་པའི་ཕུང་པོ་ལྔ་བཤད་ན་བདེན་པ་བཞི་ཤེས་པར་གྱུར་པས་ན། དེ་ཁོ་ན་ཤེས་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །ཡེ་ཤེས་སྐྱེས་ན ་ཡིད་ལ་གནས་པའི་ཉེས་པ་རྣམས་སྤངས་པར་འགྱུར་རོ། །ཉེས་པ་སྤངས་ན་ལས་མངོན་པར་འདུ་མི་བྱེད་དོ། །ལས་མངོན་པར་འདུས་མ་བྱས་ན། སྡུག་བསྔལ་དང་བྲལ་ཞིང་བདེ་བ་ཐོབ་པར་འགྱུར་ཏེ་དེར་དགོས་པའོ། །ཡང་ན་ཕུང་པོ་བསྟན་པས་རྟག་པ་མ ་ཡིན་པ་དང། བདེ་བ་མ་ཡིན་པ་དང། བདག་མེད་པ་དང། སྙིང་པོ་མེད་པ་དང། སྐྱབས་མེད་པ་དང། མགོན་མེད་པ་དང། རང་དབང་མེད་ཅིང་རྒ་བ་དང། ན་བ་དང་འཆི་བ་ལ་སོགས་པ་སྡུག་བསྔལ་མཛའ་མེད་པ་རྣམས་ཀྱིས་གནོད་པར་གྱུར་པའི་ཕུང་པོ་ལ་དབུ ་བ་དང་ཆུ་བུར་དང་སྨིག་རྒྱུ་དང་ཆུ་སྐྱེས་པའི་སྡོང་བུ་དང་སྒྱུ་མ་ལྟ་བུར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་འགྱུར་རོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ན། འཕགས་པ་ཉན་ཐོས་རྣམས་སེམས་ལ་ཡོད་པའི་མ་རིག་པའི་མུན་པ་སེལ་བར་བྱེད་དོ། ། ་མུན་པ་གསལ་ན་མུ་སྟེགས་པའི་སྲིན་བུ་མེ་ཁྱེར་དང་འདྲ་བའི་ཤེས་པའི་གཟི་རྣམས་ཉི་མས་ཟིལ་གྱིས་གནོན་པ་བཞིན་དུ་ཟིལ་གྱིས་གནོན་པ་དང། ལོག་པའི་ལྟ་བ་དང་དེ་ལས་སྐྱེས་པའི་ཉེས་པ་སྐྱེ་བ་དང། རྒ་བ་ལ་སོགས་པ་སྤངས་ནས། མྱ་ངན་ལས་འདས ་པའི་ཡོན་ཏན་ཐོབ་པར་འགྱུར་ཏེ་དེར་དགོས་སོ། །དེ་ལ་ཞེས་བྱ་བའི་སྒྲ་ནི་ཆོས་གཞན་ལས་བཀར་སྟེ། བསྟན་པར་འདོད་པ་འམ། ཚིག་གི་འགོ་འདྲེན་པར་བྱེད་པའོ། །དགེ་སློང་དག་ཅེས་བྱ་བ་ནི་བོས་པའོ། །ལེན་པ་ཞེས་བྱ་བ་ལ་ཉོན་མོངས་པའི་ཚོགས། ་འདིས་མ་འོངས་པའི་སྲིད་པ་ལེན་པས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ལེན་པ་ཞེས་བྱ་སྟེ། ལེན་པ་དེ་ལས་བྱུང་བའི་ཕུང་པོ་ནི་ལེན་པའི་ཕུང་པོ་སྟེ། ཚིག་བར་མ་སྤས་པས་རྩཝ་དང་ཕུབ་མའི་མེ་བཞིན་ནོ། །དཔེར་ན་རྩཝ་ལས་བྱུང་བའི་མེ་ལ་རྩའི་མེ་དང ་ཕུང་མ་ལས་བྱུང་བའི་མེ་ལ་ཕུབ་མའི་མེ་ཞེས་ཚིག་པར་མ་སྤས་པ་དང་འདྲའོ། །ཁ་ཅིག་ཚིག་པར་མ་སྤས་པར་དྲུག་པའི་བསྡུ་བས་བསྒྲུབ་སྟེ་ལེན་པ་ཞེས་བྱ་བ་ལ་ཉོན་མོངས་པ་དང་འབྲེལ་བའི་ཕུང་པོ་ལ་ལེན་པའི་ཕུང་པོ་ཞེས་བྱ་སྟེ། དཔེར་ན་རྩཝ་དང་ཕུབ་མའི ་མེ་ལ་རྩཝའི་མེ་ཕུང་མའི་མེ་ཞེས་བྱ་བ་བཞིན་ནོ། །སྨྲས་པ་གང་སེམས་ཅན་གྱི་གྲངས་སུ་གཏོགས་པ་རྣམས་ནི་ལེན་པའི་ཕུང་པོ་ཞེས་བྱ་བར་རིགས་ཏེ། ཉོན་མོངས་པས་བརླན་པའི་ལས་ཀྱི་རྒྱུ་ལས་སྐྱེས་པའི་ཕྱིར་རོ། །ཕྱིའི་དངོས་པོ་སེམས་ཅན་གྱི་གྲངས་སུ ་གཏོགས་པ་རྣམས་ལ། ཇི་ལྟར་ན་ལེན་པའི་ཕུང་པོ་ཞེས་བྱ་ཞེ་ན། སྨྲས་པ་དེ་དག་ཀྱང་ལེན་པ་ལས་བྱུང་བ་ལ་ལེན་པའི་ཕུང་པོ་ཞེས་བྱ་བར་རིགས་ཏེ། འཇིག་རྟེན་སྣ་ཚོགས་ལས་ལས་བྱུང་ངོ་ཞེས་གསུངས་པའི་ཕྱིར་ཏེ། ཡང་ན་ལེན་པ་དང། རྗེས ་སུ་མཐུན་པར་བྱེད་པའི་ཕུང་པོ་ལ་ལེན་པའི་ཕུང་པོ་ཞེས་བྱ་སྟེ། རྒྱལ་པོའི་སྐྱེས་བུ་བཞིན་ནོ། །དཔེར་ན་རྒྱལ་པོའི་དཀའ་དང་རྗེས་སུ་མཐུན་པར་བྱེད་པའི་སྐྱེས་བུ་ལ་རྒྱལ་པོའི་སྐྱེས་བུ་ཞེས་བྱ་བ་བཞིན་དུ། ཉོན་མོངས་པ་དང་རྗེས་སུ་མཐུན་པར་བྱེད་པའི ་ཕུང་པོ་ནི་ལེན་པའི་ཕུང་པོ་སྟེ། དེའི་དབང་གིས་དམིགས་པ་དང། འགྲོ་བ་གཞན་དུ་འཇུག་པའི་ཕྱིར་རོ། །ཡང་ན་ཕུང་པོ་རྣམས་ལ་ཉོན་མོངས་པ་འབྱུང་བའི་ཕུང་པོ་ལ་ལེན་པའི་ཕུང་པོ་ཞེས་བྱ་སྟེ། མེ་ཏོག་དང་འབྲས་བུའི་ཤིང་བཞིན་ནོ།། ་དཔེར་ན་མེ་ཏོག་དང་འབྲས་བུ་འབྱུང་བའི་ཤིང་ལ་མེ་ཏོག་གི་ཤིང་འབྲས་བུའི་ཤིང་ཞེས་བྱ་བ་བཞིན་དུ། ཕུང་པོ་ལས་ཉོན་མོངས་པ་འབྱུང་ན་ལེན་པའི་ཕུང་པོ་ཞེས་གདགས་སོ། །ལྔ་ཞེས་སྨོས་པས་ནི་ལྷག་ཆད་དགག་པའི་ཕྱིར་ཏེ། ཁ་ཅིག་ནི་སོ ་སོར་བརྟགས་ཏེ་འགག་པ་དང། མ་བརྟགས་པར་འགག་པ་དང། ནམ་མཁའ་ཡང་ཕུང་པོར་འདོད་པ་ཡོད་དོ། །ཕུང་པོ་སྨས་པས་ནི་གཟུགས་དང་སྒྲ་ལ་སོགས་པའི་ཡུལ་ལྔ་དགག་པའི་ཕྱིར་རོ། གཟུགས་ལེན་པའི་ཕུང་པོ་དང་ཞེས་བྱ་བ་ལ ་གཟུགས་རྣམས་གཉིས་ཏེ། འབྱུང་བ་ཆེན་པོ་བཞི་དང། འབྱུང་བ་ཆེན་པོ་བཞི་ལས་གྱུར་པའི་གཟུགས་སོ། །འབྱུང་བ་ཆེན་པོ་བཞི་གང་ཞེ་ན། སའི་ཁམས་དང། ཆུའི་ཁམས་དང། མེའི་ཁམས་དང། རླུང་གི་ཁམས་དང། ཡང་སའི་ཁམས ་ཀྱི་རང་བཞིན་ནི་སྲ་བ་དང་རྩུབ་པའོ། །ཆུའི་ཁམས་ཀྱི་རང་བཞིན་ནི་རླན་པ་དང་གཤེར་བའོ། །མེའི་ཁམས་ཀྱི་རང་བཞིན་ནི་ཚ་བ་དང་དྲོ་བའོ། །རླུང་གི་ཁམས་ཀྱི་རང་བཞིན་ནི་ཡང་བ་དང་གཡོ་བའོ། །ཡང་ན་སའི་ཁམས་ཀྱི་རང་བཞིན་ནི་དྲི་དང ་ལྡན་པའོ། །ཆུའི་ཁམས་ནི་རོ་དང་ལྡན་པའི་རང་བཞིན་ནོ། །མེའི་ཁམས་ནི་གཟུགས་དང་ལྡན་པའི་རང་བཞིན་ནོ། རླུང་གི་ཁམས་ནི་སྒྲ་དང་རེག་བྱའི་རང་བཞིན་ནོ། །ཡང་ན་བརྟན་པ་དང་ལྕི་བ་དང་མཁྲང་བ་དང། འཇམ་པ་དང་རྩུབ་པ་ནི་སའི་ཁམས ་ཀྱི་མཚན་ཉིད་དོ། །གཤེར་བ་དང་ལྕེ་བ་དང་འཇམ་པ་དང་གྲང་བ་དང་སྣུམ་པ་ནི་ཆུའི་ཁམས་ཀྱི་མཚན་ཉིད་དོ། །དྲོ་བ་དང་ཡང་བ་དང་སྨིན་པ་དང་ཆེ་བ་ནི་མེའི་ཁམས་ཀྱི་མཚན་ཉིད་དོ། །མགྱོགས་པ་དང་ཡང་བ་དང་རྩུབ་པ་དང་གཡོ་བ་ནི་རླུང ་གི་ཁམས་ཀྱི་མཚན་ཉིད་དོ། །འབྱུང་བ་ཆེན་པོ་འདི་དག་ལས་ཅི་བྱེད་ཅེ་ན། སའི་ཁམས་ནི་བརྟེན་པའི་ལས་བྱེད་དོ། །ཆུའི་ཁམས་ནི་སྡུད་པའི་ལས་བྱེད་དོ། །མེའི་ཁམས་ནི་སྨིན་པའི་ལས་བྱེད་དོ། །རླུང་གི་ཁམས་ནི་སྐྱེ་ཞིང་འཕེལ་བའི་ལས་བྱེད་དོ། །ཅིའི ་ཕྱིར་འབྱུང་བ་ཆེན་པོ་བཞི་ཁོ་ནར་བཤད་ལ་ལྔ་དང་དྲུག་ལ་སོགས་པར་མ་ཡིན་ཞེ་ན། མྱུ་གུ་སྐྱེད་པའི་རྐྱེན་དུ་བཞི་ཁོ་ནར་དགོས་པར་ཟད་པས་ན་ལྔ་དང་དྲུག་ལ་སོགས་པར་མ་བཤད་དོ། །དེ་ལ་ས་ནི་ས་བོན་གྱི་རྟེན་བྱེད་དོ། ཆུ་ན་ས་བོན་རླན་པར་བྱེད་དོ། །མེ ་ནི་ས་བོན་སྨིན་པར་བྱེད་དོ། །རླུང་ནི་ས་བོན་འཕེལ་ཞིང་རྒྱས་པར་བྱེད་དོ། །ཡང་ན་སའི་ཁམས་ནི་ལྕི་བའི་རང་བཞིན་ཡིན་པས་གང་དེའི་ཤས་ཆེ་བ་དེ་དག་ནི་ལུས་ལྕི་བ་དང་གཉིད་ཆེ་བ་ཡིན་ཏེ། མ་བསླང་ན་ནད་དུ་འགྱུར་རོ། །ཆུའི་ཁམས་ནི་གཤེར་བའི་རང ་བཞིན་ཡིན་པས་དེའི་ཤས་ཆེ་བ་རྣམས་ནི་བད་ཀན་དུ་འགྱུར་ཏེ་བཀྲུ་སྨན་དང་སྐྱུག་སྨན་ལ་སོགས་པ་མ་བྱས་ན། ནད་དུ་འགྱུར་རོ། །མེའི་ཁམས་ནི་ཚ་བའི་རང་བཞིན་ཡིན་པས་དེའི་ཤས་ཆེར་མཁྲིས་པར་འགྱུར་ཏེ། བཀྲོས་པའི་ཚེ་དུས་སུ་ཁ་ཟས་ལ་སོགས་པས ་མ་གསོས་ན་ནང་དུ་འགྱུར་རོ། །རླུང་གི་ཁམས་ནི་གཡོ་བ་ཡིན་པས་དེའི་ཤས་ཆེ་བ་རྣམས་ནི་རླུང་ཅན་དེ་སྣུམ་གྱིས་ལ་སྐུས་ཏེ་མཉེ་བ་ལ་སོགས་པ་མ་བྱས་ན་ནད་དུ་འགྱུར་ཏེ། དེའི་ཕྱིར་ཡང་འབྱུང་བ་ཆེན་པོ་བཞི་ཉིད་དུ་འགྱུར་རོ་ཞེས་སློབ་དཔོན་ཁ་ཅིག་གིས ་བཤད་དོ། །འོ་ན་ཅིའི་ཕྱིར་ནམ་མཁའ་དང་ཚོར་བ་ལ་སོགས་པ་འབྱུང་བ་ཆེན་པོ་ཞེས་མི་བྱ་ཞེ་ན། སྨྲས་པ་འབྱུང་བ་ཞེས་བྱ་བ་ནི་སྐྱེ་བའི་དོན་ལ། ཆེན་པོ་ཞེས་བྱ་བ་ནི་ཁྱབ་པའི་དོན་ཏོ། །ཚོར་བ་ལ་སོགས་པ་འབྱུང་བ་ཡིན་ཡང་ཁྱབ་པ་མ་ཡིན་པས་ན་ཆེན་པོ ་མ་ཡིན་པ་དང། ནམ་མཁའ་ཁྱབ་པ་ཡིན་ཡང་སྐྱེ་བ་མེད་པས་ན་འབྱུང་བ་ཆེན་པོ་ཞེས་མི་བྱའོ། །དེ་བས་ན་འབྱུང་བའི་དོན་ནི་སེམས་ཅན་རྣམས་ཀྱི་ལས་སྐྱེས་པའི་དོན་ཡིན་ལ་ཆེན་པོའི་དོན་ནི་ཁྱབ་པའི་དོན་ཡིན་པའི་ཕྱིར་འབྱུང་བ་ཆེན་པོ་ཞེས་བྱའོ།། ་འོ་ན་ཇི་ལྟར་ཆེན་པོ་ཡིན་ཞེ་ན། ཇི་སྐད་དུ་མདོ་ལས་འདི་ལྟར་དགའ་བོས་ཆེན་པོ་འདི་ནི་ཆུ་ལ་གནས་སོ། །ཆུ་ནི་རླུང་ལ་གནས་སོ་ཞེས་གསུངས་པ་དང། ཡང་ན་མེའི་ཁམས་བདོ་ན་ཚངས་པའི་འཇིག་རྟེན་མན་ཆད་སྲེག ་གོ། ཆུའི་ཁམས་བདོ་ན་འོད་སྣང་རིས་མན་ཆད་འཇིག་པར་བྱེད་དོ། །རླུང་གི་ཁམས་བདོ་ན་དགེ་རྒྱས་མན་ཆད་འཇིག་པར་བྱེད་དོ་ཞེས་གསུངས་སོ། །ཡང་ན་སའི་ཁམས་བདོ་ན་ཆུའི་བུ་ག་ཀུན་འགག་གོ་།བུ་ག་འགགས་ན་རླུང་མི་འབྱུང ་ངོ། །རླུང་མ་བྱུང་ན་དེའི་ཤོལ་བསྐམས་སོ། །ཤོལ་བསྐམས་ན་ནམ་མཁའ་ལ་མེ་འབྱུང་སྟེ། ཚིག་པར་བྱེད་དོ་ཞེས་གསུངས་པས་ན། དེ་དག་ཆེན་པོ་ཞེས་བྱའོ། །སྨྲས་པ་གང་ན་ཡོད་པ་དེར་འབྱུང་བ་གཞན་དག་ཀྱང་ཡོད་དམ། སློབ ་དཔོན་ཁ་ཅིག་གིས་སྨྲས་པ་ཡོད་དོ་ཞེའོ། །ཇི་ལྟ་ཞེ་ན་བཞི་པོ་དེ་དག་རྟག་ཏུ་མི་འབྲལ་བར་གནས་པའི་ཕྱིར་རོ། །གལ་ཏེ་སའི་ཁམས་ལ་ཆུའི་ཁམས་མེད་ན་ཐལ་པ་གཏོར་བ་བཞིན་དུ་སའི་ཁམས་དེ་དག་སོ་སོར་ཞིག་པར་འགྱུར་རོ། །གལ ་ཏེ་ཆུའི་ཁམས་ལ་སའི་ཁམས་མེད་ན། བུ་རམ་ཤིང་གི་ཁུ་བ་ལ་སོགས་པ་བརྩོས་ཀྱང་སྲ་བར་མི་འགྱུར་རོ། །གལ་ཏེ་མེའི་ཁམས་ལ་སའི་ཁམས་དང་ཆུའི་ཁམས་མེད་ན་མེ་ལྕེ་རྣམས་སོ་སོར་གྱེས་པ་དང་འདབ་མ་ལ་སོགས་པ་མེ ་ལྕེ་འདེགས་མི་ནུས་པར་འགྱུར་རོ། །གལ་ཏེ་རླུང་གི་ཁམས་ལ་སའི་ཁམས་དང་མེའི་ཁམས་ལ་སོགས་པ་མེད་ན། རླུང་གིས་རྩཝ་དང་འདབ་མ་ཁྱེར་མི་ནུས་ལ་རླུང་ཆེ་བ་དང་རླུང་གྲང་བ་ཞེས་བྱ་བ་ཡང་མེད་པར་འགྱུར་རོ། །གཞན་ཡང ་ས་ལས་ཆུ་འབྱུང་སྟེ། ཆུ་ཤེལ་ལས་ཆུ་མངོན་པར་འགྲུབ་པ་དང། དེ་བཞིན་དུ་ས་ལས་མེ་འབྱུང་སྟེ་མེ་ཤེལ་ལས་མེ་མངོན་པར་འགྲུབ་པ་དང། ས་ལས་རླུང་འབྱུང་སྟེ། ཐལ་མོས་བརྡབས་པ་འམ། ཏ་ལའི་འདབ་མ་གཡོས ་པ་ལས་རླུང་ལྡང་བའི་ཕྱིར་རོ། །ཆུ་ལས་རླུང་ཡོད་དེ་འདབ་མ་ལ་སོགས་པ་འདེབས་པར་བྱེད་པ་དང། མེ་ཡོད་དེ་འདབ་མ་དང་རྩཝ་ལ་སོགས་པ་དང་འདྲུལ་བར་བྱེད་པ་དང། རླུང་ཡོད་དེ་གཡོ་ཞིང་ཐུར་དུ་འབབ་པའི་ཕྱིར་རོ། །མེ་ལས་ཡོད་དེ་མེ་ལྕེ་གཅིག ་གིས་གཅིག་འཛིན་ཅིང་འདབ་མ་ལ་སོགས་པ་འཛིན་པ་དང། ཆུ་ཡོད་དེ་མེ་ལྕེ་མི་འགྱེས་པ་དང། རླུང་ཡོད་དེ་གཡོ་ཞིང་འགུལ་བར་བྱེད་པའི་ཕྱིར་རོ། །རླུང་ལ་ས་ཡོད་དེ་འདབ་མ་ལ་སོགས་པ་འདེགས་པར་བྱེད་པ་དང། མེ་ཡོད་དེ་རས ་རློན་པ་ལ་སོགས་པ་བསྐམས་པར་བྱེད་པ་དང། ཆུ་ཡོད་དེ་ཕན་ཚུན་མི་འགྱེས་པར་གཅིག་ཏུ་གཡོ་ཞིང་འབྱུང་བའི་ཕྱིར་རོ། །འབྱུང་བ་ལས་གྱུར་པའི་གཟུགས་བཅུ་གཅིག་སྟེ། དབང་པོ་ལྔ་དང། ཡུལ་ལྔ་དང། རྣམ་པར་རིག་བྱེད ་མ་ཡིན་པའི་གཟུགས་སོ། །དེ་ལ་དབང་པོ་ལྔ་ལ། མིག་གི་དབང་པོ་དང། རྣ་བའི་དབང་པོ་དང། སྣའི་དབང་པོ་དང། ལྕེའི་དབང་པོ་དང། ལུས་ཀྱི་དབང་པོ་དང། ཡུལ་ལྔ་ལ་གཟུགས་དང། སྒྲ་དང་དྲི་དང་རོ་དང་རེག་བྱའོ། །དེ་ལ་མིག ་གི་དབང་པོ་གང་ཞེ་ན། མིག་གི་རྣམ་པར་ཤེས་པའི་རྟེན་དུ་གྱུར་པ། གཟུགས་དང་པོའོ། །རྣ་བའི་དབང་པོ་གང་ཞེ་ན། རྣ་བའི་རྣམ་པར་ཤེས་པའི་རྟེན་དུ་གྱུར་པ་གཟུགས་དང་པོའོ། །སྣའི་དབང་པོ་གང་ཞེ་ན། སྣའི་རྣམ་པར་ ་ཤེས་པའི་རྟེན་དུ་གྱུར་པ་གཟུགས་དང་པོའོ། །ལྕེའི་དབང་པོ་གང་ཞེ་ན། ལྕེའི་རྣམ་པར་ཤེས་པའི་རྟེན་དུ་གྱུར་པ་གཟུགས་དང་པོའོ། །ལུས་ཀྱི་དབང་པོ་གང་ཞེ་ན། ལུས་ཀྱི་རྣམ་པར་ཤེས་པའི་རྟེན་དུ་གྱུར་པ་གཟུགས་དང་པོའོ། ། ་གཟུགས་གང་ཞེ་ན། རྣམ་པ་གཉིས་ཏེ། ཁ་དོག་གིས་བདག་ཉིད་དང་དབྱིབས་ཀྱི་བདག་ཉིད་དོ། །དེ་ལ་ཁ་དོག་གི་བདག་ཉིད་ནི་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོའོ། །དབྱིབས་ཀྱི་བདག་ཉིད་ནི་རིང་བ་དང་ཐུང་བ་དང། ་ཟླུམ་པ་དང། ཀུན་ཏུ་དཀྱིལ་འཁོར་དང་ཕྲ་བ་དང། སྦོམ་པ་དང། མཉམ་པ་དང། མི་མཉམ་པའོ། །སྒྲ་གང་ཞེ་ན། རྣམ་པ་གསུམ་སྟེ། ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་དང་མ་ཟིན་པའི ་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་དང། གཉི་གའི་རྒྱུ་ལས་བྱུང་བའོ། །དེ་ལ་ཟིན་པ་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ནི་སེམས་ཅན་གྱི་སྒྲའོ། །མ་ཟིན་པ་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ནི་ནགས་ཚལ་དང་ཆུ་བོའི་སྒྲའོ། །གཉི ་གའི་རྒྱུ་ལས་བྱུང་བ་ནི་རྫ་རྔ་དང་པི་ཝང་ལ་སོགས་པའི་སྒྲའོ། །དྲི་རྣམས་གསུམ་སྟེ། དྲི་ཞིམ་པ་དང། མི་ཞིམ་པ་དང། དྲི་མཉམ་པའོ། །དེ་ལ་དྲི་ཞིམ་པ་ནི་ཙན་དན་ལ་སོགས་པའི་དྲིའོ། །དྲི་མི་ཞིམ་པ་ནི་མི་གཙང་བ་ལ ་སོགས་པའི་དྲིའོ། །དྲི་མཉམ་པ་ནི་དུང་དང། ཉ་ཕྱིས་ལ་སོགས་པའི་དྲིའོ། །རོ་གང་ཞེ་ན་རྣམ་པ་དྲུག་སྟེ། མངར་བ་དང། སྐྱུར་བ་དང། ཁ་བ་དང། ཚ་བ་དང། བྲོ་བ་དང། བསྐ་བའོ། །དེ་ལ་མངར་བ་ནི་ཀ་ར་ལ་སོགས ་པའི་རོའོ། །སྐྱུར་བ་ནི་སྐྱུ་རུ་ར་ལ་སོགས་པའི་རོའོ། །ཁ་བ་ནི་མཁྲིས་པ་དང། ཏིག་ཏ་ལ་སོགས་པའི་རོའོ། །ཚ་བ་ནི་སྨེའོ་གཤེད་ལ་སོགས་པའི་རོའོ། །བྲོ་བ་ནི་ལན་ཚྭའི་རོའོ། །བསྐ་བ་ནི་ཨ་རུ་ར་ལ་སོགས་པའི་རོའོ། ་དེ་ལ་རེག་བྱ་གང་ཞེ་ན། དེ་ཡང་རྣམ་པ་བཅུ་གཅིག་སྟེ། འབྱུང་བ་ཆེན་པོ་བཞི་དང། འཇམ་པ་དང། རྩུབ་པ་དང། ཡང་བ་དང། གྲང་བ་དང། བཀྲེས་པ་དང། སྐམ་པའོ། །དེ་ལ་རྣམ་པར་རིག་བྱེད་མ་ཡིན་པའི ་གཟུགས་གང་ཞེ་ན། དེ་ལ་ཡང་རྣམ་པ་གསུམ་སྟེ། དགེ་བ་དང་མི་དགེ་བ་དང། དེ་གཉིས་ཀའི་མཚན་ཉིད་དོ། །དགེ་བའི་རྣམ་པར་རིག་བྱེད་ཀྱང་རྣམ་པ་གསུམ་སྟེ། སོ་སོར་ཐར་པའི་སྡོམ་པ་ལས་བྱུང་བ་དང། ཏིང་ངེ ་འཛིན་ལས་བྱུང་བ་དང། ཟག་པ་མེད་པའི་བསམ་གཏན་ལས་བྱུང་བའོ། །སོ་སོར་ཐར་པའི་སྡོམ་པ་ལས་བྱུང་བ་ནི། གང་དགེ་སློང་ཕ་དང། དགེ་སློང་མ་དང། དགེ་བསྙེན་ཕ་དང། དགེ་བསྙེན་མ་དང། དུས་ཁྲིམས་པའོ། །བསམ་གཏན་ལས ་བྱུང་བ་ནི། གང་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞིའི་རྒྱུ་ལས་བྱུང་བའོ། །ཟག་པ་མེད་པའི་སྡོམ་པ་ནི་གང་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་བསྒོམས་པའི་རྒྱུ་ལས་བྱུང་བའོ། །མི་དགེ་བའི་རྣམ་པར་རིག་བྱེད་མ་ཡིན་པ་ནི། བྱ་བ ་དང། ཉ་བ་དང། བཤན་པ་ལ་སོགས་པའི་སྡིག་པ་མི་དགེ་བའི་སེམས་རྣམས་སོ། །དེ་གཉི་གའི་མཚན་ཉིད་ནི་དཀྱིལ་འཁོར་མ་བྱས་པར་ཟན་མི་བཟའ་ཨོ་ཞེ་འམ། སེམས་ཅན་འགའ་ཞིག་མ་བརྡོགས་མ་བསད་པར་ཟན་མི་བཟའ་ཞེས ་དམ་འཆའ་བའ་ཨོ། །དེ་ལ་གཟུགས་ཀྱི་ཕུང་པོ་དེ། ཇི་ལྟར་ཤེས་པར་བྱ་ཞེ་ན། ཅི་རིགས་པར་སོ་སོར་རྣམ་པ་བཅུ་གཅིག་ཏུ་ཤེས་པར་བྱ་སྟེ། མི་གཙང་བར་ཤེས་པར་བྱ་བ་དང། དེ་ལས་བྱུང་བར་ཤེས་པར་བྱ་བ་དང། དེར་གནས་པར ་ཤེས་པར་བྱ་བ་དང། དེ་ཟ་བར་ཤེས་པར་བྱ་བ་དང། དེ་ལ་དགའ་བར་ཤེས་པར་བྱ་བ་དང། དེ་འབྱུང་བར་ཤེས་པར་བྱ་བ་དང། སྙིང་པོ་མེད་པར་ཤེས་པར་བྱ་བ་དང། མི་རྟག་པར་ཤེས་པར་བྱ་བ་དང། སྡུག་བསྔལ་བར་ཤེས་པར་བྱ་བ ་དང། སྟོང་པར་ཤེས་པར་བྱ་བ་དང། བདག་མེད་པར་ཤེས་པར་བྱ་བའོ། །དེ་ལ་མི་གཙང་བར་ཤེས་པར་བྱ་བ་ནི། ལུས་འདི་གླང་པའི་རྒྱས་ནས་རྐང་པའི་མཐིལ་གྱི་བར་དུ་རྣག་དང་ཁྲག་དང་ཆུ་སེར་ལ་སོགས་པའི་བདག་ཉིད་དུ ་ཤེས་པར་བྱའོ། །དེ་ལས་བྱུང་བར་ཤེས་པར་བྱ་བ་ནི། ལུས་འདི་དང་པོ་ཡང་མའི་ཁྲག་དང་ཕའི་ཁུ་བ་ལས་གྱུར་པར་ཤེས་པར་བྱའོ། །དེར་གནས་པར་ཤེས་པར་བྱ་བ་ནི། མའི་མངལ་ན་གནས་པའི་ཚེ་ཡང་ཞུ་བའི་གནས་དང ་མ་ཞུ་བའི་བར་གཉིས་ཀྱི་བར་ན། མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་བསྐོར་ནས་འདུག་པར་ཤེས་པར་བྱའོ། །དེ་ཟ་བར་ཤེས་པར་བྱ་བ་ནི། མས་ཁ་ཟས་དང་བཏུང་བ་ལ་སོགས་པ་ཟོས་ཤིང་འཐུངས་པའི ་མཆིལ་མ་དང་ཆུ་སེར་ལ་སོགས་པར་གྱུར་པ་དེ་ཟ་བར་བྱེད་དོ་ཞེས་ཤེས་པར་བྱའོ། །དེ་ལ་དགའ་བར་ཤེས་པར་བྱ་བ་ནི། ཕ་དང་མ་གཉིས་མི་ཚངས་པར་སྤྱོད་པའི་དུས་ན་དེའི་ཁྲག་དང་ཁུ་བ་དང་དྲི་ང་བ་བྱུང་བ་ལ་དགའ་བར་བྱེད་པར་ཤེས་པར ་བྱའོ། །དེ་ལ་འབྱུང་བར་ཤེས་པར་བྱ་བའི་ལུས་འདི་ལས་མི་གཙང་བ་རྣམ་པ་སྣ་ཚོགས་འབྱུང་ངོ། །ཞེས་ཤེས་པར་བྱའོ། །སྙིང་པོ་མེད་པར་ཤེས་པར་བྱ་བ་ནི། གླང་པོ་ཆེ་ལ་སོགས་པའི་མགོན་མུ་ཏིག་ཙམ་གྱི་སྙིང་པོ་ཡང་ཡོད་ན ་ལུས་འདི་ལ་ནི་དམ་པར་བྱ་བ་སྡུག་བསྔལ་ཙམ་ཡང་མེད་དོ་ཞེས་ཤེས་པར་བྱའོ། །མི་རྟག་པར་ཤེས་པར་བྱ་བ་ནི། སྐད་ཅིག་མ་རེ་རེ་ལ་འཇིག་པའི་དད?་ཅན་ནོ་ཞེས་ཤེས་པར་བྱེད་པའོ། །སྡུག་བསྔལ་བར་ཤེས་པར་བྱ་བ་ནི་ལུས ་འདི་རྒ་བ་དང་འཆི་བ་ལ་སོགས་པས་རྟག་ཏུ་གཟིར་བའོ་ཞེས་ཤེས་པར་བྱའོ། །སྟོང་པར་ཤེས་པར་བྱ་བ་ནི། ལུས་འདིའི་ནང་ན་མུ་སྟེགས་ཀྱིས་བརྟགས་པའི་བདག་བརྟག་པ་མེད་པར་ཤེས་པར་བྱའོ། །བདག་མེད་པར་ཤེས་པར་བྱ་བ་ནི། ་ལུས་འདི་ཉིད་མུ་སྟེགས་ཀྱིས་བརྟགས་པའི་བདག་རྟག་པའི་རང་བཞིན་མ་ཡིན་ནོ་ཞེས་ཤེས་པར་བྱའོ།། །།ཚོར་བའི་ཕུང་པོ་ཞེས་བྱ་བ་ལ་ཚོར་བ་རྣམ་པ་གསུམ་སྟེ། བདེ་བ་དང། སྡུག་བསྔལ་བ་དང། ་བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བའོ། །དེ་ལ་གང་ལུས་དང་སེམས་ལ་སིམ་ཞིང་ཕན་པར་བྱེད་པ་ནི་བདེ་བའི་ཚོར་བའོ། །གང་ལུས་དང་སེམས་ལ་སིམ་པ་མ་ཡིན་པ་དང། གནོད་པར་བྱེད་པ་ནི་སྡུག ་བསྔལ་གྱི་ཚོར་བའོ། །གང་ལུས་དང་སེམས་ལ་སིམ་པར་མི་བྱེད་གནོད་པར་ཡང་མི་བྱེད་པ་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བའོ། །ཡང་ན་ལས་དགེ་བའི་རྣམ་པར་སྨིན་པར་མྱོང་བ་ནི་བདེ་བའི་ཚོར་བའོ། ། ་ལས་མི་དགེ་བའི་རྣམ་པར་སྨིན་པ་མྱོང་བ་ནི་སྡུག་བསྔལ་གྱི་ཚོར་བའོ། །ལས་ལུང་དུ་མ་བསྟན་པའི་རྣམ་པར་སྨིན་པ་མྱོང་བ་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བའོ། །དེ་ལ་ཚོར་བའི ་ཕུང་པོ་ཡང་ཇི་ལྟར་ཤེས་པར་བྱ་ཞེ་ན། རྣམ་པ་བདུན་ལྟ་བུར་ཤེས་པར་བྱ་སྟེ། སླུ་པར་བྱེད་པ་ཤེས་པར་བྱ་བ་དང། གཉེན་པོ་ལས་གྱུར་པར་ཤེས་པར་བྱ་བ་དང། གཡོགས་པར་ཤེས་པར་བྱ་བ་དང། བརྟགས་པ་ལས་བྱུང་བར་ཤེས་པར་བྱ་བ་དང། ་རླག་པའི་གཞིར་ཤེས་པར་བྱ་བ་དང། ངོམས་པ་མེད་པར་ཤེས་པར་བྱ་བ་དང། མི་རྟག་པར་ཤེས་པར་བྱའོ། །དེ་ལ་སླུ་བར་བྱེད་པ་ཤེས་པར་བྱ་བ་ནི། གང་ཚོར་བ་ཐམས་ཅད་སྡུག་བསྔལ་བར་འཕགས་པ་རྣམས་ཀྱིས་གཟིགས་ན་དེ་བྱིས་པ་རྣམས་ལ ་བདེ་བ་ལྟ་བུར་སྣང་ངོ་ཞེས་ཤེས་པར་བྱའོ། །གཉེན་པོ་ལས་གྱུར་པར་ཤེས་པར་བྱ་བ་ནི་རྨ་ལ་སྨན་བསིལ་བས་བསྐུས་ན་ཐང་ཅིག་སྡུག་བསྔལ་ཞི་བ་ཉིད་ལ་བདེ་བར་སེམས་པ་བཞིན་དུ་སྡུག་བསྔལ་གྱི་གཉེན་པོས་སྡུག་བསྔལ་བཅིལ་བ་ཙམ་ལ་བདེ་བའི ་འདུ་ཤེས་སྐྱེའོ་ཞེས་ཤེས་པར་བྱའོ། །གཡོགས་པར་ཤེས་པར་བྱ་བ་ནི་སྡུག་བསྔལ་གྱི་རང་བཞིན་ལ་གོས་དང་རྒྱན་ལ་སོགས་པ་དང་སྤྱོད་ལམ་བཅོས་པ་ཙམ་གྱིས་བདེ་བའི་འདུ་ཤེས་སྐྱེའོ། །ཞེས་ཤེས་པར་བྱའོ། །བརྟགས་པ་ལས་བྱུང་བར་ཤེས ་པར་བྱ་བ་ནི། སྡུག་བསྔལ་བའི་རང་བཞིན་ལ་བདེའོ་སྙམ་དུ་སེམས་པ་འདི་ཉིད་ཕྱིན་ཅི་ལོག་གི་རྟོག་པ་ལས་བྱུང་བ་ཡིན་ནོ་ཞེས་ཤེས་པར་བྱའོ། །རླག་པའི་གཞིར་གྱུར་པར་ཤེས་པར་བྱ་བ་ནི། ཚོགས་པའི་བདེ་བ་ལ་ཚོགས་པ་ལས་ངན་སོང་གསུམ་གྱི་རྒྱུར ་འགྱུར་རོ་ཞེས་ཤེས་པར་བྱའོ། །ངོམས་པ་མེད་པར་ཤེས་པར་བྱ་བ་ནི། ལན་ཚའི་ཆུ་འཐུང་བ་བཞིན་དུ་ཚོར་བ་འདི་ལ་བསྐལ་པའི་མཐར་སྤྱད་ཀྱང་ཆོག་པར་འགྱུར་བ་མེད་པར་ཤེས་པར་བྱའོ། །མི་རྟག་པར་ཤེས་པར་བྱ་བ ་ནི། ཚོར་བ་ཐམས་ཅད་སྐད་ཅིག་མའི་རང་བཞིན་ཡིན་པར་ཤེས་པར་བྱ་བའོ། །འདུ་ཤེས་ཀྱི་ཕུང་པོ་ཞེས་བྱ་བ་ལ། སྔོན་པོ་དང། སེར་པོ་དང། རིང་པོ་དང། ཐུང་ངུ་ལ་སོགས་པའི་ཡུལ་མཚན་མར་འཛིན་ཅིང་ཡོངས་སུ་གཅོད་པ་ནི་འདུ་ཤེས ་ཏེ། དེ་ཡང་ཆུང་ངུ་དང། ཆེན་པོ་དང། ཚད་མེད་པའོ། །དེ་ལ་འདོད་པའི་ཁམས་ཀྱི་འདུ་ཤེས་ནི་ཆུང་ངུ་ཞེས་བྱ་སྟེ། འདོད་པ་ལྔའི་ཡོན་ཏན་ཙམ་གྱི་དངོས་པོ་ངན་པ་ལ་འཛིན་པའི་ཕྱིར་རོ། །གཟུགས་ཀྱི་ཁམས་ཀྱི་འདུ་ཤེས་ནི། ཆེན་པོ ་ཞེས་བྱ་སྟེ་བསམ་གཏན་གྱི་རོའི་མཚན་མ་ལ་འཛིན་པའི་ཕྱིར་རོ། །གཟུགས་མེད་པའི་ཁམས་ཀྱི་འདུ་ཤེས་ནི་ཚད་མེད་པ་ཞེས་བྱ་སྟེ། ནམ་མཁའ་ནི་མཛའ་ཡས་སོ་ཞེས་བྱ་བ་ལ་སོགས་པར་དམིགས་པའི་ཕྱིར་རོ། །འདུ་ཤེས་ཀྱི་ཕུང་པོ་ཇི་ལྟར ་ཤེས་པར་བྱ་ཞེ་ན། རྣམ་པ་འདི་ལྟ་བུར་ཤེས་པར་བྱ་སྟེ། བྱིས་པའི་འགྲོ་བ་རྨོངས་པར་བྱེད་པ་དང། སླུ་བར་བྱེད་པ་དང། མི་རྟག་པའི་མཚན་ཉིད་དང། འདུ་ཤེས་ཕྱིན་ཅི་ལོག་ལས་དོན་མེད་པ་གཞན་འབྱུང་བར་ཤེས་པར་བྱ་བའོ། །བྱིས ་པའི་འགྲོ་བ་རྨོངས་པར་ཤེས་པར་བྱ་བ་ནི། ཇི་ལྟར་སྨིག་རྒྱུ་ཆུར་སྣང་བས་བྱིས་པ་དག་སླུ་བར་བྱེད་པ་བཞིན་དུ། འདུ་ཤེས་ཀྱིས་སེར་པོ་དང། སྔོན་པོ་ལ་སོགས་པར་ཡུལ་ལ་མཚན་མར་འཛིན་པའི་སྒོ་ནས་བྱིས་པ་རྣམས་རྨོངས་པར་བྱེད ་དོ་ཞེས་ཤེས་པར་བྱའོ། །སླུ་བར་ཤེས་པར་བྱ་བ་ནི། འདུ་ཤེས་ཕྱིན་ཅི་ལོག་གིས་རྟག་སྐྱིད་གཅང་བ་ལ་སོགས་པར་འཛིན་པའི་ཞེས་ཤེས་པར་བྱ་བའོ། །མི་རྟག་པར་ཤེས་པར་བྱ་བ་ནི། སྐད་ཅིག་མ་རེ་རེ་ལ་ཡང་འཇིག་པའི་མཚན་ཉིད ་དོ་ཞེས་ཤེས་པར་བྱ་བའོ། །འདུ་ཤེས་ཕྱིན་ཅི་ལོག་ནས་དོན་མེད་གཞན་འབྱུང་བར་ཤེས་པར་བྱ་བ་ནི་འདུ་ཤེས་ཕྱིན་ཅི་ལོག་གི་རྒྱུས་ངན་སོང་གསུམ་དུ་སྐྱེ་བར་འགྱུར་རོ་ཞེས་ཤེས་པར་བྱ་བའོ།། །།འདུ་བྱེད་ཀྱི་ཕུང་པོ་ཞེས་བྱ་བ་ལ། ་ལས་དགེ་བ་དང་མི་དགེ་བ་དང། ལུང་དུ་མ་བསྟན་པའི་མཚན་ཉིད་བྱེད་པ་ནི་འདུ་བྱེད་དེ། དེ་ཡང་འདུ་བྱེད་སེམས་དང་ལྡན་པ་དང་སེམས་དང་མི་ལྡན་པ་སྟེ་རྣམ་པ་གཉིས་སོ། །དེ་ལ་འདུ་བྱེད་སེམས་དང་ལྡན་པ་ནི་ཡིད་ལ་བྱེད་པ་དང་རེག་པ་དང་འདོད་པ ་དང། མོས་པ་དང། དྲན་པ་དང། ཏིང་ངེ་འཛིན་དང། ཤེས་རབ་དང། དད་པ་དང། ངོ་ཚ་ཤེས་པ་དང། ཁྲེལ་ཡོད་པ་དང། འདོད་མ་ཆགས་པ་དང། ཞེ་མི་སྡང་བ་དང། གཏི་མི་མུག་པ་དང། བརྩོན་འགྲུས་དང། བག་ཡོད་པ་དང། བཏང་སྙོམས ་དང། མེ་འཚེ་བ་དང། འདོད་ཆགས་དང། ཁོང་ཁྲོ་བ་དང། ང་རྒྱལ་དང། མ་རིག་པ་དང། ཐེ་ཚོམ་དང། འཇིག་ཚོགས་ཀྱི་ལྟ་བ་དང། མཐར་འཛིན་པའི་ལྟ་བ་དང། ལྟ་བ་སྙོམས་པ་དང། ཚུལ་ཁྲིམས་དང། བརྟུལ་ཞུགས ་སྙེམས་པ་དང། ལོག་པའི་ལྟ་བ་དང། ཁྲོ་བ་དང། ཁོན་དུ་འཛིན་པ་དང། འཆབ་པ་དང། འཚིག་པ་དང། ཕྲག་དོག་དང། སེར་སྣ་དང། གཡོ་དང། སྒྱུ་དང། འཚེ་བ་དང། ཁྲེལ་མེད་པ་དང། ངོ་ཚ་མི་ཤེས་པ ་དང། རྨུགས་པ་དང། རྒོད་པ་དང། མ་དད་པ་དང། ལེ་ལོ་དང། བག་མེད་པ་དང། དྲན་པ་ཉམས་པ་དང། ཤེས་བཞིན་མ་ཡིན་པ་དང། གཡངས་པ་དང། གཉིད་དང་འགྱོད་པ་དང། རྟོག་པ་དང། ་དཔྱོད་པའོ། །འདུ་བྱེད་སེམས་དང་མི་ལྡན་པ་གང་ཞེ་ན་རྙེད་པ་དང། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང། འགོག་པའི་སྙོམས་པར་འཇུག་པ་དང། འདུ་ཤེས་མེད་པ་དང་འཚོ་བའི་དབང་པོ་དང། ?་རིས ་མཐུན་པ་དང། སྐྱེ་བ་དང། རྒ་བ་དང། གནས་པ་དང་མི་རྟག་པ་དང། མིང་གི་ཚོགས་དང། ཚིག་གི་ཚོགས་དང་ཡི་གེའི་ཚོགས་ལ་སོགས་པའོ། །འདུ་བྱེད་ཀྱི་ཕུང་པོ་ཇི་ལྟར་ཤེས་པར་བྱ་ཞེ་ན། རྣམ་པ ་དྲུག་ཏུ་ཤེས་པར་བྱ་སྟེ། སྙིང་པོ་མེད་པ་དང། ཡོངས་སུ་མ་གྲུབ་པ་དང། མི་རྟག་པ་དང། བདག་མེད་པ་དང། སྡུག་བསྔལ་བ་དང། སྟོང་པའོ། །དེ་ལ་སྙིང་པོ་མེད་པར་ཤེས་པར་བྱ་བ་ནི། ཇི་ལྟར་ཆུ་ཤིང་གི་སྡོང་པོ་འདབ་མ་སོ ་སོར་གསལ་ན་སྙིང་པོ་མེད་པ་བཞིན་དུ་འདུ་བྱེད་ཀྱི་ཚོགས་འདི་དག་ལ་ཡང་བརྟགས་ན་སྙིང་པོ་གང་ཡང་མེད་པའི་ཕྱིར་རོ། །ཡོངས་སུ་མ་གྲུབ་པ་ནི་ཇི་ལྟར་དྲི་ཟའི་གྲོང་ཁྱེར་སྣང་ཡང་གྲོང་ཁྱེར་དུ་མ་གྲུབ་པ་བཞིན་དུ། འདུ་བྱེད་ཀྱི་ཕུང་པོ་འདི་དག ་ཀྱང་དེ་བཞིན་མ་གྲུབ་པའི་ཕྱིར་རོ། །མི་རྟག་པ་ནི་སྐད་ཅིག་མ་རེ་རེ་ལ་ཡང་འཇིག་པ་ཡིན་པའི་ཕྱིར་རོ། །སྡུག་བསྔལ་བ་ནི་སྐྱེ་བ་དང་རྒ་བ་ལ་སོགས་པའི་ཆོས་དང་ལྡན་པའི་ཕྱིར་རོ། །སྟོང་པ་ནི་འདུ་བྱེད་དེ་དག་ལ་མུ་སྟེགས་ཀྱིས་བརྟགས་པའི ་བདག་མེད་པའི་ཕྱིར་རོ། །བདག་མེད་པ་ནི་དེ་དག་ཉིད་མུ་སྟེགས་ཀྱིས་བརྟགས་པའི་བདག་གི་རང་བཞིན་མ་ཡིན་པའི་ཕྱིར་རོ། །རྣམ་པར་ཤེས་པའི་ཕུང་པོ་ཞེས་བྱ་བ་ལ་རྣམ་པར་ཤེས་པའི་ཚོགས་དྲུག་སྟེ། མིག་གི་རྣམ་པར་ཤེས་པ ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུའོ། །དེ་ལ་མིག་གི་རྣམ་པར་ཤེས་པ་ནི་མིག་ལ་བརྟེན་གཟུགས་ལ་དམིགས་ནས་གཟུགས་ཀྱི་མཚན་ཉིད་ཤེས་པའོ། །རྣ་བའི་རྣམ་པར་ཤེས་པ་ནི་རྣ་བ་ལ་བརྟེན་སྒྲ་ལ་དམིགས་ནས་སྒྲའི་མཚན ་ཉིད་ཤེས་པའོ། །སྣའི་རྣམ་པར་ཤེས་པ་ནི་སྣ་ལ་བརྟེན་དྲི་ལ་དམིགས་ནས་དྲིའི་མཚན་ཉིད་ཤེས་པའོ། །ལྕེའི་རྣམ་པར་ཤེས་པ་ནི་ལྕེ་ལ་བརྟེན་རོ་ལ་དམིགས་ནས་ངོའི་མཚན་ཉིད་ཤེས་པའོ། །ལུས་ཀྱི་རྣམ་པར་ཤེས་པ་ནི། ལུས་ལ ་བརྟེན་རེག་བྱ་ལ་དམིགས་ནས་རེག་བྱའི་མཚན་ཉིད་ཤེས་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་གང་ཞེ་ན། ཡིད་ལ་བརྟེན་ཆོས་ལ་མིགས་ནས། ཆོས་ཀྱི་མཚན་ཉིད་ཤེས་པའོ། །དེ་ལ་ཇི་ལྟར་ན་རྣམ་པར་ཤེས་པའི་ཕུང་པོ་ཤེས་བྱ་ཞེ་ན། ་རྣམ་པ་བཅུ་གཅིག་ཏུ་ཤེས་པར་བྱ་སྟེ། གཡོ་བ་མེད་པ་དང། རང་དབང་མེད་པ་དང། རྐྱེན་དུ་མ་ལས་བྱུང་བ་དང། འབྲས་བུ་གཅིག་ཏུ་ཟད་པ་དང། རང་བཞིན་གྱིས་སྟོང་པ་དང། སྐད་ཅིག་མ་དང། མི་སྡོད་པར་མྱུར་དུ་འགྲོ་བ་དང། ཡུལ ་ལ་གཡོ་བ་དང། མི་གཙང་བའི་ཡུལ་ལ་ཡོན་ཏན་དུ་ལྟ་བ་དང་མི་དགེ་བའི་སྦྲང་བུལ་སོགས་པའི་རྟེན་དུ་གྱུར་པ་དང། ཡེ་ཤེས་ཀྱི་མེ་དང་རྟག་ཏུ་བྲལ་བའོ། །དཔེར་ན་མྱུ་གུ་དང་ས་བོན་ལ་སོགས་པ་ལྟར་གཅིག་ཅིག་སྐྱེས་པ་པོ་དང། ་བསྐྱེད་པར་བྱ་བ་མ་ཡིན་ཞིང་བསྐྱེད་པར་བྱའོ་སྙམ་དུ་མི་སེམས་པ་ནི་གཡོ་བ་མེད་པའོ། །དཔེར་ན་འཁྲུལ་འཁོར་གྱི་མེ་རླུང་གིས་དབང་གིས་གཡོ་བ་བཞིན་དུ། རྣམ་པར་ཤེས་པ་འདི་ཡང་ལས་དང་ཉོན་མོངས་པའི་དབང་གིས་གཡོ་བས་ན་རང ་དབང་མེད་པའོ། །དབང་པོ་དང་ཡུལ་དང་ལས་དང་ཉོན་མོངས་པ་ལ་སོགས་པ་རྒྱུ་རྐྱེན་དུ་མ་ལས་བྱུང་བས་ན། རྐྱེན་དུ་མ་ལས་བྱུང་བའོ། །དེ་ལྟར་རྐྱེན་དུ་མས་བསྐྱེད་ཀྱང། འབྲས་བུ་རྣམ་པར་ཤེས་པ་གཅིག་ལས་མི་སྐྱེ་བས་ན། འབྲས་བུ ་གཅིག་ཏུ་ཟད་པའོ། །རུས་སྦལ་གྱི་སྤུ་ལྟར་བདག་ལྟ་བུའི་རང་བཞིན་མེད་པས་ན། རང་བཞིན་གྱིས་སྟོང་པའོ། །མར་མའི་མེ་ལྕེ་བཞིན་དུ་སྐད་ཅིག་མ་རེ་རེ་ལ་འཇིག་པས་ན་མི་རྟག་པའོ། །རི་གཟར་པོའི་ཆུ་བཞིན་དུ་སྐད་ཅིག་ཀྱང་མི་གནས ་པར་འགྲོ་བས་ན་མི་སྡོད་པར་མྱུར་དུ་འགྲོ་བའོ། །སྤྲེའུ་བཞིན་དུ་རྟག་ཏུ་ཡུལ་ལ་ཆགས་ཤིང་རྒོད་པའི་མཚན་ཉིད་ཡིན་པས་ན་ཡུལ་ལ་གཡོ་བའོ། །ཕག་བཞིན་དུ་མི་གཙང་བའི་ཡུལ་ལ་དམ་པར་འཛིན་པས་ན་མི་གཙང་བའི་ཡུལ་ལ་ཡོན་ཏན་དུ་ལྟ་བུའོ།། ་རྣམ་པར་ཤེས་པའི་རྒྱུ་ལས་མི་དགེ་བ་ཐམས་ཅད་སྐྱེ་བས་ན། མི་དགེ་བའི་སྦྲང་བུ་ལ་སྔོན་པོའི་སྟེང་དུ་གྱུར་པའོ། །ཇི་སྲིད་དུ་རྣམ་པར་ཤེས་པ་དང་འགྲོགས་པ་དེ་སྲིད་དུ། འཕགས་པའི་བདེན་པ་བཞིའི་ཡེ་ཤེས་མི་འགྱུར ་བའི་ཕྱིར། ཡེ་ཤེས་ཀྱི་མེ་དང་བྲལ་བའོ། །འོ་ན་ཅིའི་ཕྱིར་ཕུང་པོ་ལྔའི་རིམ་པ་དེ་ལྟ་བུར་བཀོད་དེ། དང་པོ་གཟུགས། དེའི་འོག་ཏུ་ཚོར་བ། དེའི་འོག་ཏུ་འདུ་ཤེས་ལ་སོགས་པ་བཀོད་ཅེ་ན། རྣམ་པ་གསུམ་གྱི་ཕྱིར་ཏེ། ཇི་ལྟར་རགས་པ་དང། ་ཇི་ལྟར་ཀུན་ནས་ཉོན་མོངས་པ་འབྱུང་བ་དང། སྣོད་ལ་སོགས་པའི་དོན་གྱི་ཕྱིར་རོ། །དེ་ལ་ཐོགས་པ་དང་བཅས་ཤིང་རྣམ་པར་ཤེས་པ་རྣམས་ཀྱི་རྟེན་དུ་གྱུར་པས། ཚོར་བ་ལ་སོགས་པ་བས། གཟུགས་རགས་ཏེ་དེ་བས་ན་དང་པོར་བཤད་དོ། །གཟུགས ་མེད་པའི་ཕུང་པོ་གཞན་པས་ཚོར་བ་རགས་ཏེ། འདི་ལྟར་ལག་པ་ན་བར་ཚོར་རོ། །རྐང་པ་ན་བར་ཚོར་རོ་ཞེས་སྟོན་པའི་ཕྱིར། ལྷག་མ་གསུམ་ལས་ཀྱང་ཚོར་བ་སྔར་བཤད་དོ། །འདུ་བྱེད་ཀྱི་ཕུང་པོ་དང། རྣམ་པར་ཤེས་པའི་ཕུང་པོ་བས། ་འདུ་ཤེས་ཀྱི་ཕུང་པོ་རགས་ཏེ། འདི་ནི་སྐྱེས་པ་འདི་ནི་བུད་མེད་དོ་ཞེས་འཛིན་པའི་ཕྱིར། གཉིས་ལས་ཀྱང་འདུ་ཤེས་སྔར་བཤད་དོ། །རྣམ་པར་ཤེས་པ་བས་འདུ་བྱེད་ཀྱི་ཕུང་པོ་རགས་ཏེ། ལས་དགེ་བ་དང་མི་དགེ་བ་མངོན་པར་འདུ ་བྱེད་པའི་མཚན་ཉིད་ཡིན་པའི་ཕྱིར་ཏེ། ཐམས་ཅད་པས་རྣམ་པར་ཤེས་པ་ཆ་ཕྲ་མོའི་ཕྱིར་མཇུག་ཏུ་བཤད་དོ། །ཡང་ན་ཀུན་ནས་ཉོན་མོངས་པ་འབྱུང་བའི་རིམ་པས་རིམ་པར་བཀོད་དེ། འདི་ལྟར་འཁོར་བ་ཐོག་མ་མེད་པའི་དུས་ནས། བུད ་མེད་དང་སྐྱེས་པ་གཉིས་གཅིག་ལ་གཅིག་གཟུགས་ལ་ཆགས་ཏེ། དེ་བས་ན་གཟུགས་དང་པོར་བཤད་དོ། །གཟུགས་ལ་ཆགས་པ་ཡང་ཚོར་བ་བདེ་བ་ལ་ཞེན་པའི་ཕྱིར་ཏེ། དེ་བས་ན་དེའི་འོག་ཏུ་ཚོར་བའོ། །དེ་ལ་ཞེན་པ་ཡང་མི་བཟང ་བ་ལ་བཟང་པར་འདུ་ཤེས་ཕྱིན་ཅི་ལོག་ལས་གྱུར་ཏེ། དེ་བས་ན་དེའི་འོག་ཏུ་འདུ་ཤེས་སོ། །འདུ་ཤེས་ཕྱིན་ཅི་ལོག་ཀྱང་འདུ་བྱེད་ཀྱི་ཚོགས་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ལས་བྱུང་སྟེ། དེ་བས་ན་དེའི་འོག་ཏུ་འདུ་བྱེད་དོ། །དེ་རྣམས་ཀྱིས་སེམས་ཀུན ་ནས་ཉོན་མོངས་པར་བྱེད་པས་ན། མཇུག་ཏུ་རྣམ་པར་ཤེས་པའི་ཕུང་པོ་བཤད་དོ། །ཡང་ན་སྣོད་ལ་སོགས་པའི་རིམ་གྱིས་ཀྱང་རིམ་པ་བཞིན་ནོ། །སྣོད་ལྟ་བུར་གྱུར་པ་ནི་གཟུགས་ཀྱི་ཕུང་པོ་སྟེ། ཚོར་བ་ལ་སོགས་པའི་རྟེན་ཡིན་པའི་ཕྱིར་རོ། །ཟས ་ལྟ་བུར་གྱུར་པ་ནི་ཚོར་བའི་ཕུང་པོ་སྟེ། ཚོར་བ་བདེ་བ་དང། སྡུག་བསྔལ་ཉིད་མྱོང་ཞིང་བཟའ་བར་བྱ་བ་ཡིན་པས་སོ། །ཚོད་མ་དང་ཚ་སྤོང་ཚག་ཚེག་ལྟ་བུར་གྱུར་པ་ནི་འདུ་ཤེས་ཀྱི་ཕུང་པོ་སྟེ། མི་བདེ་བ་ལ་བདེ་བར་འདུ་ཤེས་ཕྱིན་ཅི་ལོག་གི་རྒྱུ་ལས། ཚོར་བ ་འདུ་ཤེས་ལ་ཆགས་པར་འགྱུར་བའི་ཕྱིར་རོ། །བྱེད་པ་པོར་གྱུར་པ་ནི་འདུ་བྱེད་ཀྱི་ཕུང་པོ་སྟེ། ལས་དགེ་བ་དང། མི་དགེ་བའི་རྣམ་པར་སྨིན་པས་མངོན་པར་བསྒྲུབས་ནས། རྣམ་པར་ཤེས་པ་ལ་སྟོབས་བྱེད་པའི་ཕྱིར་རོ། །ཀུན་ནས་ལོངས་སྤྱོད་པར་བྱེད་པ ་ནི། རྣམ་པར་ཤེས་པའི་ཕུང་པོ་སྟེ། བདེ་བ་དང་སྡུག་བསྔལ་ལ་སོགས་པའི་རྣམ་པར་སྨིན་པ། མཇུག་ཏུ་དེས་མྱོང་བར་བྱེད་པའི་ཕྱིར་རོ། །ཡང་ན་ཞིང་དང་ས་བོན་ལྟ་བུར་གྱུར་པས། རྣམ་པར་ཤེས་པའི་ཕུང་པོ་མཇུག་ཏུ་བཤད་དེ། འདོད་པའི ་ཁམས་ཀྱི་རྣམ་པར་ཤེས་པ་གཟུགས་ཀྱི་ཕུང་པོ་ལ་བརྟེན་ཏོ། །གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞིན་ནི། རྣམ་པར་ཤེས་པ་ཚོར་བའི་ཕུང་པོ་ལ་བརྟེན་ཏོ། །ནམ་མཁའ་མཛའ་ཡས་སྐྱེ་མཆེད་དང། རྣམ་ཤེས་མཛའ་ཡས་སྐྱེ་མཆེད ་དང། ཅུང་ཟད་མེད་པའི་སྐྱེ་མཆེད་ན་ནི། རྣམ་པར་ཤེས་པ་འདུ་ཤེས་ཀྱི་ཕུང་པོ་ལ་བརྟེན་ཏོ། །ཅུང་ཟད་མེད་ཅུང་ཟད་མེད་མིན་སྐྱེ་མཆེད་དེ་སྲིད་པའི་རྩེ་མོ་ན་ནི། རྣམ་པར་ཤེས་པའི་འདུ་བྱེད་སེམས་དང་མི་ལྡན་པ་དང། སེམས ་དང་ལྡན་པའི་ཚོགས་ལ་བརྟན་ཏོ། །འོ་ན་ཕུང་པོའི་དོན་ཅི་ཞེ་ན་སྤུངས་པའི་དོན་ནི་ཕུང་པོའི་དོན་ཏེ། གང་ཅུང་ཟད་གཟུགས་འདས་པ་དང། མ་འོངས་པ་དང། ད་ལྟར་གྱི་དང་ཕྱི་དང་ནང་གི་དང་ཕྲ་བ་དང་རགས་པ་དང། བཟང ་པོ་དང། ངན་པ་དང། རིང་པ་དང་ཐུང་བ་ཡང་རུང་སྟེ། །དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ནས། སྤུངས་པ་ལ་ཕུང་པོ་ཞེས་བྱའོ།། །།ཕུང་པོའི་འོག་ཏུ་ཁམས་རྣམས་བཤད་པའི་སྐབས་ཡིན་པས། དེའི་དབང ་དུ་བྱས་ནས། དེ་ལ་དགེ་སློང་དག་ཁམས་བཅོ་བརྒྱད་གང་ཞེ་ན་ཞེས་བྱ་བ་གསུངས་སོ། །འོ་ན་ཁམས་བཅོ་བརྒྱད་བསྟན་པ་འདིར་ཅི་དགོས་ཤེ་ན། སྨྲས་པ་བདག་དང་བདག་གི་དང་བྱེད་པ་པོ་དང་ཚོར་བ་པོར་མངོན་པར་ཞེན་པ་རྣམས་ལ། ་མིག་དང་གཟུགས་ལ་བརྟེན་ནས། མིག་གི་རྣམ་པར་ཤེས་པས་གཟུགས་ཤེས་པ་ཙམ་དུ་ཟད་ཀྱི། ལྟ་བ་པོ་ལ་སོགས་པ་མེད་དོ་ཞེས་བསྟན་པའི་ཕྱིར། ཁམས་བཅོ་བརྒྱད་གསུངས་སོ། །ཡང་ན་མི་ཤེས་པ་དང་ཐེ་ཚོམ་གྱི་ཤེས་པ ་དང། ལོག་པར་ཤེས་པའི་མུན་པ་བསལ་བར་བྱ་བའི་ཕྱིར། ཁམས་བཅོ་བརྒྱད་གསུངས་ཏེ། ཁམས་བཅོ་བརྒྱད་ཤེས་པའི་ཡེ་ཤེས་ཀྱི་སྣང་བ་བྱུང་ན་མ་རིག་པའི་མུན་པ་མེད་པར་འགྱུར་བའི་ཕྱིར་རོ། །ཡང་ན་འཁོར་བ་ན་བྱང ་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་བྲལ་ཏེ། དབུལ་བར་གྱུར་པ་རྣམས་ལ། བྱང་ཆུབ་ཀྱི་ཆོས་རིན་པོ་ཆེའི་གཏེར་བསྟན་པར་བྱ་བའི་ཕྱིར། ཁམས་བཅོ་བརྒྱད་བཤད་དེ་ཁམས་ཙམ་རྗེས་སུ་དྲན་པར་བྱས་ན། དྲན་པ་བྱང་ཆུབ་ཀྱི་ཡན ་ལག་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་རྣམས་སྒོམ་པ་རྫོགས་པར་འགྱུར་རོ། །དེ་ལ་ཁམས་བཅོ་བརྒྱད་གང་ཞེ་ན་ཞེས་བྱ་བ་ནི་དྲིས་པའོ། །དེ་བསྟན་པར་བྱ་བའི་ཕྱིར། འདི་ལྟ་སྟེ་ཞེས་བྱ་བ་གསུངས་ཏེ། མིག་གི་དབང་པོ་དང་མིག་གི་ཁམས་དང། མིག་གི ་སྐྱེ་མཆེད་དག་ནི། མིང་ཐ་དད་པར་ཟད་ཀྱི་དོན་གཅིག་པར་རིག་པར་བྱའོ། །དེ་ལ་མིག་གི་ཁམས་གང་ཞེ་ན། མིག་གི་རྣམ་པར་ཤེས་པའི་རྟེན་དུ་གྱུར་པ། དེའི་རྡུལ་ཕྲ་མོ་ནི་ནག་པོ་དང་སྲེ་ནག་ཡུལ་ལ་མངོན་དུ་ལྟས་པ། ཤེལ་བཞིན་དུ་བསལ་བ། གཟུགས ་འཛིན་ནུས་པའོ། །ཁ་ཅིག་ན་རེ་སྣོད་ཆུས་གང་བའི་སྟེང་དུ་ཕྱེ་བཏབ་པ་བཞིན་དུ། དེའི་རྡུལ་ཕྲན་ནང་དུ་མི་འབྱིང་ཞིང་ཁ་ན་སྣང་བ་དང། བསལ་བར་འདུག་ཅེས་ཀྱང་འཆད་ཁ་ཅིག་ན་རེ་གོ་སྙོད་ཀྱི་མེ་ཏོག་ཁ་འབུས་པ་དང་འདྲ་བར་ཁ་དོག་བསལ་བར་གནས ་ཏེ། འབྱུང་བ་ཆེན་པོ་རྣམས་ཀྱིས་བསྐོར་བས་ན་སོ་སོར་མི་འགྱེས་སོ་ཞེས་ཀྱང་འཆད། ལ་ལ་ན་རེ་གོང་དུ་ཟླུམ་པོ་བཞིན་དུ་ཡ་ཐོག་མ་ཐོག་དང་དབུས་དང་གསུམ་གྱི་ཆར་འདུག་སྟེ། ཤིན་ཏུ་གསལ་བས། ཆ་གསུམ་པོ་གཅིག་གིས་གཅིག་མི ་སྒྲིབ་པ་ནི། དཔེར་ན་སྟོན་གྱི་ཆུ་མ་རྙོགས་པས་ན་འདུས་པ་བཞིན་ཞེས་ཀྱང་འཆད་དོ། །གཟུགས་ཀྱི་ཁམས་གང་ཞེ་ན། མིག་གི་ཁམས་ཀྱི་ཡུལ་དུ་གྱུར་པ་སྟེ། སྔོན་པོ་དང་དམར་པོ་དང་སེར་པོ་དང། དཀར་པོ་དང། རིང་ཐུང་དང། ཟླུམ་པོ་དང། ་ཀུན་ཏུ་དཀྱིལ་འཁོར་དང། ཕྲ་མོ་དང། སྦོམ་པོ་དང། མཉམ་པ་དང། མི་མཉམ་པ་དང། མཐོ་བ་དང། དམའ་པ་དང། གྲིབ་མ་དང། ཉི་མ་དང། སྣང་བ་དང། མུན་པ་དང། སྦྲིན་དང། དུ་བ་དང། རྡུལ་དང། ཁུག་རྣ་དང། ་བླ་གབ་མེད་པ་དང། རྣམ་པར་རིག་བྱེད་དོ། །མིག་གི་རྣམ་པར་ཤེས་པའི་ཁམས་གང་ཞེ་ན། གང་མིག་གི་ཁམས་ལ་ནི་བརྟེན། གཟུགས་ལ་དམིགས་ནས་གཟུགས་ཀྱི་རྣམ་པ་ཅི་འདྲེ་བ་དེ་བཞིན་དུ་ཤེས་པར་གྱུར་པ་སྟེ། གལ་ཏེ་གཟུགས ་སྔོན་པོ་ཞིག་ན་ཡང་སྔོན་པོའི་རྣམ་པར་སྐྱེ་ཞིང་སྔོན་པོར་ཤེས་པར་བྱེད་པའོ། །རྣ་བའི་ཁམས་གང་ཞེ་ན། རྣ་བའི་རྣམ་Fཔར་ཤེས་པའི་རྟེན་དུ་གྱུར་པ་དེའི་རྡུལ་ཕྲ་མོ་ནི་ཤེས་བཞིན་དུ་གསལ་ལ། སྒྲ་རྣམས་འཛིན་ནུས་པ་གྲོ་ག་བཅུས་པ་འདྲ ་བར་རྣ་བའི་ནད་ན་གནས་སཾ། །སྒྲའི་ཁམས་གང་ཞེ་ན། རྣ་བའི་ཁམས་ཀྱི་ཡུལ་དུ་གྱུར་པ་སྟེ། དེ་ཡང་སྙན་པ་དང། མི་སྙན་པ་དང། དེ་གཉི་ག་མ་ཡིན་པ་དང། ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་དང། མ་ཟིན ་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་དང། དེ་གཉི་གའི་རྒྱུ་ལས་བྱུང་བ་དང། འཇིག་རྟེན་དུ་གྲགས་པ་དང། གྲུབ་པ་ལས་བྱུང་བ་དང། ཀུན་ཏུ་བརྟགས་པ་དང། འཕགས་པའི་ཐ་སྙད་དང། འཕགས་པ་མ་ཡིན་པའི་ཐ་སྙད་དོ། །དེ་ལ་རྣ་བའི ་དབང་པོ་དང། རྣམ་པར་ཤེས་པ་ལ་ཕན་པ་དང། སིམ་པར་བྱེད་པ་ནི་སྙན་པ་ཞེས་བྱའོ། །གང་རྣ་བའི་དབང་པོ་དང་རྣམ་པར་ཤེས་པ་ལ་གནོད་པ་དང། གདུང་བར་བྱེད་པ་ནི་མི་སྙན་པ་ཞེས་བྱའོ། །དབང་པོ་དང་རྣམ་པར་ཤེས་པ་ལ་གཉི་ག་མི ་བྱེད་པ་ནི། སྙན་པ་ཡང་མ་ཡིན་མི་སྙན་པ་ཡང་མ་ཡིན་ཞེས་བྱའོ། །ཟིན་པའི་འབྱུང་བ་ཆེན་པོ་བཞི་པས། བྱུང་བ་ལ་སོགས་པ་གསུམ་ནི་སྔར་བཤད་པ་བཞིན་ནོ། །འཇིག་རྟེན་དུ་གྲགས་པ་ནི་གང་འཇིག་རྟེན་གྱི་སྐད་དང་འབྲེལ་པའོ། །གྲུབ་པ ་ལས་བྱུང་བ་ནི་གང་འཕགས་པ་རྣམས་ཀྱིས་བཤད་པའོ། །ཀུན་ཏུ་བརྟགས་བཞི་གང་མུ་སྟེགས་པ་རྣམས་ཀྱིས་བཤད་པའོ། །གང་མཐོང་བ་ལ་སོགས་པ་ལ། མཐོང་ངོ་བ་དང། ཐོས་སོ་པ་དང། ཤེས་སོ་བར་དྲང་པོར་སྨྲ་བ་ནི། ་འཕགས་པའི་ཐ་སྙད་དོ། །དེ་ལས་བཟློག་ན་འཕགས་པ་མ་ཡིན་པའི་ཐ་སྙད་ཅེས་བྱའོ། །རྣ་བའི་རྣམ་པར་ཤེས་པའི་ཁམས་གང་ཞེ་ན། རྣ་བའི་ཁམས་ལ་བརྟེན་སྒྲའི་ཁམས་ལ་དམིགས་ནས། སྒྲའི་མཚན་ཉིད་གང་ཡིན་པ་ཤེས་པར ་གྱུར་པའོ། །རྣ་བའི་ཁམས་གང་ཞེ་ན། སྣའི་རྣམ་པར་ཤེས་པའི་རྟེན་དུ་གྱུར་པ། དེའི་རྡུལ་ཕྲ་མོ་ནི། ཤེལ་ལྟར་གསལ་ཞིང་དྲི་རྣམས་འཛིན་ནུས་པ་སྲན་མ་ཁ་བྱེ་བ་ལྟར་མཚུལ་པའི་སྟེང་ན་གནས་སོ་ཁ་ཅིག་ན་རེ་ཐུར་མ་ལྟར་མཚུལ ་བའི་གོང་ཐོག་ཐག་ནས་དུག་གོ་ཞེས་འཆད་དོ། །དྲིའི་ཁམས་གང་ཞེ་ན། སྣའི་ཁམས་ཀྱི་ཡུལ་དུ་གྱུར་པ་སྟེ། དེ་ཡང་དྲི་ཞིམ་པ་དང། མི་ཞིམ་པ་དང། དྲི་མཉམ་པ་དང། ལྷན་ཅིག་སྐྱེས་པ་དང། སྦྱར་བ་དང། ཡོངས་སུ་གྱུར་པའོ། །དེ་ཡང་དྲི་ཞིམ་པ་ལ་སོགས་པ་ནི་སྔར ་བཤད་པ་བཞིན་ནོ། །ལྷན་ཅིག་སྐྱེས་པ་ནི་ཙན་དན་ལ་སོགས་པའོ། །སྦྱར་བ་ནི་སིཧལ?་ལ་སོགས་པ་རྫས་མང་པོ་ལས་གྱུར་པ། བདུག་སྤོས་ཀྱི་དྲི་རྣམས་སོ། །ཡོངས་སུ་གྱུར་པ་ནི་འབྲས་བུ་ཡོངས་སུ་སྨིན་པའི་དྲི་ལ་སོགས་པའོ། །སྣའི་རྣམ་པར་ཤེས་པའི ་ཁམས་གང་ཞེ་ན། སྣའི་ཁམས་ལ་བརྟེན་ནས། དྲི་ལ་དམིགས་ཏེ། དྲིའི་རང་བཞིན་གང་ཡིན་བཤེས་པར་གྱུར་པའོ། །ལྕེའི་ཁམས་གང་ཞེ་ན། ལྕེའི་རྣམ་པར་ཤེས་པའི་རྟེན་དུ་གྱུར་པ་སྟེ། དེའི་རྡུལ་ཕྲ་མོ་ནི་ཤེལ་ལྟར་གསལ་བ། རོ་མྱང་ནུས་ཤིང ་ཟླ་བ་ཕྱེད་ཀྱི་ཤེས་ལྟར་གནས་ཏེ། ལྕེའི་དབུས་སུ་སྐྲའི་རྩེ་མོ་ཙམ་ཁྱོན་ཞིག་མ་ཁྱབ་ཀྱི་གཞན་ནི་ཀུན་ཏུ་ཁྱབ་པའོ། །གལ་ཏེ་དེ་ཡང་ཁྱབ་པར་གྱུར་ན་ནི། གླང་རྒྱས་རྟག་ཏུ་ཟག་པ་མྱོང་བས་སྙིང་སྟེ། ཡི་ག་ཡང་རྟག་ཏུ་འཆུས་པར ་འགྱུར་རོ། །རོའི་ཁམས་གང་ཞེ་ན། དེ་རྣམ་པ་དྲུག་སྟེ། དེ་དག་གི་མཚན་ཉིད་ནི་སྔར་བཤད་པ་བཞིན་ནོ། །ལྕེའི་རྣམ་པར་ཤེས་པའི་ཁམས་གང་ཞེ་ན། ལྕེའི་ཁམས་ལ་བརྟེན་རོ་ལ་དམིགས་ནས། གང་རོ་སྐྱུར་བ་དང ་མངར་བ་ལ་སོགས་པ་ཤེས་པར་གྱུར་པའོ། །ལུས་ཀྱི་ཁམས་གང་ཞེ་ན། ལུས་ཀྱི་རྣམ་པར་ཤེས་པའི་རྟེན་དུ་གྱུར་པ་སྟེ། དེའི་རྡུལ་ཕྲ་མོ་ནི་ཤེལ་ལྟར་དངས་པ་དང། ཕགས་པ་བཞིན་དུ་ལུས་ལ་ཐམས་ཅད་དུ་ཁྱབ་པར་གནས་ཤིང་རེག་བྱ་འཛིན ་ནུས་པའོ། །རེག་བྱའི་ཁམས་གང་ཞེ་ན། དེ་ཡང་རྣམ་པ་བཅུ་གཅིག་སྟེ། འབྱུང་བ་ཆེན་པོ་བཞི་དང། འཇམ་པ་དང་རྩུབ་པ་དང། ཡང་བ་དང་ལྕི་བ་དང། གྲང་བ་དང། བཀྲེས་པ་དང། སྐོམ་པའོ། །དེ་ལ་འབྱུང་བ་ཆེན་པོ་བཞིའི་མཚན་ཉིད ་ནི་སྔར་བཤད་པར་ཟད་དོ། །མེ་དང་ཆུའི་ཁམས་ཤས་ཆེ་བ་ནི་འཇམ་པའོ། །ས་དང་རླུང་གི་ཤས་ཆེ་བ་ནི་རྩུབ་པའོ། །ས་དང་ཆུའི་ཤས་ཆེ་བ་ནི་ལྕི་བའོ། །རླུང་གི་ཤས་ཆེ་བ་ནི་ཡང་བའོ། །མེ་དང་ཆུའི་ཤས་ཆེ་བ་ནི་གཉེན་པའོ། །རླུང་དང་ཆུའི་ཤས་ཆེ་བ་ནི ་གྲང་བའོ། །མེ་དང་རླུང་གི་ཤས་ཆེ་བ་ལས། ཕོ་བ་ཁ་འབྱར་བར་གྱུར་ན་བཀྲེས་པ་དང་སྐོམ་པ་སྐྱེའོ། །ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ནི། ལུས་ཀྱི་ཁམས་ལ་བརྟེན། རེག་བྱ་ལ་དམིགས་ནས། རེག་བྱའི་མཚན་ཉིད་ཤེས་པར་གྱུར་པའོ། །ཡིད་ཀྱི་ཁམས་གང་ཞེ་ན། ཡིད ་ཀྱི་རྣམ་པར་ཤེས་པའི་རྟེན་དུ་གྱུར་པ། རྣམ་པར་ཤེས་པ་དྲུག་རྣམས་སྔ་མ་འགར་བ་ལ་ནི་ཡིད་ཀྱི་ཁམས་ཞེས་བྱ་སྟེ་དེ་ནི་རྡུལ་ཕྲ་མོའི་རང་བཞིན་མ་ཡིན་ནོ། །ཆོས་ཀྱི་ཁམས་གང་ཞེ་ན་དེ་ཡང་རྫས་རྣམ་པ་བདུན་ཏེ། ཚོར་བ་དང་འདུ་ཤེས་དང། འདུ་བྱེད་ཀྱི་ཕུང་པོ་དང། །སོ་སོར ་བརྟགས་ཏེ་འགག་པ་དང། མ་བརྟགས་དེ་འགག་པ་དང། ནམ་མཁའ་དང། རྣམ་པར་གི་བྱེད་མ་ཡིན་པའི་གཟུགས་སོ། །དེ་ལ་གཞན་ནི་སྔར་བཤད་པར་ཟད་དོ། །སོ་སོར་བརྟགས་ཏེ་འགག་པ་ནི། བདེན་པ་བཞི་ལ་འདི་ནི་སྡུག་བསྔལ། འདི་ནི་ཀུན་འབྱུང། འདི་ནི་འགོག་པ། ་འདི་ནི་ལམ་གྱི་བདེན་པའོ། ཞེས་ཤེས་རབ་ཀྱིས་བརྟགས་ནས། སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་སྐྱེ་བ་དང། འགག་པར་གྱུར་པ་ནི་སོ་སོར་བརྟགས་ཏེ་འགག་པ་ཞེས་བྱའོ། །སོ་སོར་མ་བརྟགས་པར་འགག་པ་གང་ཞེ་ན། གང་མིག་ལ་སོགས་པའི་རྣམ་པ ་ཤེས་པ་རྣམས་རྐྱེན་གྱི་མཐུ་ལས་སྐྱེ་བ་ཡིན་པ་ལས། རྣམ་པར་ཤེས་པ་ཡུལ་གཅིག་ལ་ཞེན་པ་ནི། རྣམ་པར་ཤེས་པ་གཞན་གྱི་ཡུལ་རྣམས་ནི་འགག་གི་།རྣམ་པར་ཤེས་པ་ནི་རྐྱེན་དང་མ་ཕྲད་པས་མ་སྐྱེས་ཏེ། མ་འོངས་པའི་དུས་སུ་ལུས་པ་ནི། སོ་སོར་མ་བརྟགས་པར ་འགག་པ་ཞེས་བྱའོ། །དཔེར་ན་མིག་གི་རྣམ་པར་ཤེས་པ་གཟུགས་ལ་ཞན་པའི་ཆ། སྒྲ་ལ་སོགས་པའི་ཡུལ་ནི་བྱུང་ནས་འགགས་ཀྱི། རྣ་བའི་རྣམ་པར་ཤེས་པའི་ཡུལ་མེད་པས་མ་སྐྱེས་པར་འགགས་པ་ཉིད་སོ་སོར་མ་བརྟགས་ཏོ། འགག་པ་ཞེས་བྱའོ། །དེ་ལ་ནམ་མཁའ་ ་གང་ཞེ་ན། གང་ཐོགས་ལ་མེད་ཅིང་གཟུགས་སྐྱེ་བ་ལ་གོ་འབྱེད་པར་བྱེད་པའོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་གང་ཞེ་ན། ཡིད་ཀྱི་ཁམས་ལ་བརྟེན་ཆོས་ལ་དམིགས་ནས། འདི་ནི་སེར་པོ་ཉིད་ཡིན་གྱི་སྔོན་པོ་མ་ཡིན་ནོ་ཞེ་འམ། འདི་ནི་པི་ཝང་གི་སྒྲ་ཡིན་གི་གཞན་མ་ཡིན་ཞེས ་ཡོངས་སུ་གཅོད་པར་བྱེད་པའོ། །སློབ་དཔོན་ཁ་ཅིག་གིས་བཤད་པ། ཁམས་བཅོ་བརྒྱད་ལས། མིག་གི་ཁམས་ནི་མེའི་ཤས་ཆེ་སྟེ། མེའི་ཤས་ཆེ་བ་ནས་གཟུགས་འཛིན་པར་ནུས་སོ། །རྣ་བ་ནི་ནམ་མཁའ་ཨི་བདག་ཉིད་དེ། ཐོགས་པ་མེད་པས་ན། སྒྲ་ཐོས་པར་ནུས་སོ་ཞེས་ཟེར་མོད་ཀྱི། ་རྣ་བའི་དབང་པོ་ལ་ཕན་པ་དང། གནོད་པ་འབྱུང་བ་ཡིན་ལ། ནམ་མཁའ་ལ་ཕན་གནོད་མེད་པས་ན་མི་རུང་ངོ། །དེ་བས་ན་རྣ་བའི་ཁམས་ནི་རླུང་གི་ཤས་ཆེ་བའི་བདག་ཉིད་རླུང་གི་ཤས་ཆེ་བས་སྒྲ་འཛིན་པར་ནུས་སོ། །སྣའི་ཁམས་ནི་སའི་ཤས་ཆེ་བའི་བདག་ཉིད་དེ། གང་གི་ཕྱིར་ས་ཡང ་དྲིའི་ཤས་ཆེ་བས་ན། གང་ཤས་ཆེར་ཡོད་པ་དེ་ཉིད་ཀྱིས་དེ་འཛིན་པར་ནུས་སོ། །ལྕེའི་ཁམས་ནི་ཆུའི་ཤས་ཆེ་བའི་བདག་ཉིད་དེ། གང་གི་ཕྱིར་དེར་གཤེགས་པའི་ཤས་ཆེ་བས་ན། རོ་འཛིན་པ་ནུས་ཀྱི། གཞན་དུ་རྡོ་སྐམ་པོ་གཉིས་རེག་པ་བཞིན་དུ། ཅི་ཡང་མྱོང་བར་མི་འགྱུར་རོ། །ལུས ་ཀྱི་ཁམས་ནི་འབྱུང་བ་ཆེན་པོ་ཐམས་ཅད་ཀྱི་བདག་ཉིད་དོ། །ཁམས་བཅོ་བརྒྱད་ཇི་ལྟར་བཤད་པ་རྣམས་བསྡུས་སྟེ་བསྟན་པར་བྱ་བའི་ཕྱིར། དགེ་སློང་དག་འདི་ནི་ཁམས་བཅོ་བརྒྱད་ཅེས་བྱའོ་ཞེས་གསུངས་སོ། །འོ་ན་ཅིའི་ཕྱིར་ཁམས་བཅོ་བརྒྱད་དུ་བཤད་དོ། མང་དུ་ཡང་མ་ཡིན ་ཉུང་དུ་མ་ཡིན་ཞེ་ན། འདི་ལྟར་བཅོམ་ལྡན་འདས་ཀྱིས། རྟེན་དང་བརྟེན་པར་བྱེད་པ་དང། དམིགས་པ་རྣམ་པ་དྲུག་ཏུ་ཕྱེ་བས་ཁམས་བཅོ་བརྒྱད་ཉིད་དུ་གསུངས་ཏེ། རྟེན་དྲུག་མིག་གི་ཁམས་ནས། ཡིད་ཀྱི་ཁམས་ཀྱི་བར་དུའོ། །བརྟེན་པ་དྲུག་ནི་མིག་གི་རྣམ་པར་ཤེས་པ ་ནས། ཡིད་ཀྱི་རྣམ་པར་ཤེས་པའི་བར་དུའོ། །དམིགས་པ་དྲུག་ནི་གཟུགས་ཀྱི་ཁམས་ནས་ཆོས་ཀྱི་ཁམས་ཀྱི་བར་དུའོ། །ཡང་ཁ་ཟས་དྲུག་ཅན་གྱི་སྣོད་ལྟ་བུ་དང། དུག་དང་ལྡན་པའི་ཁ་ཟས་ལྟ་བུ་དང། དེ་ལ་ཟ་བ་ལྟ་བུའི་ཉེས་པ་ཤེས་པར་བྱ་བའི་ཕྱིར་རོ། །ཁམས་ ་བཅོ་བརྒྱད་དུ་བཤད་དོ། །དེ་ལ་ཁ་ཟས་དུག་ཅན་གྱི་སྣོད་ལྟ་བུ་ནི། མིག་གི་ཁམས་ལ་སོགས་པ་དབང་པོ་དྲུག་གོ་།དུག་དང་ལྡན་པའི་ཁ་ཟས་ལྟ་བུ་ནི་གཟུགས་ལ་སོགས་པ་ཡུལ་དྲུག་གོ་།དེ་ལ་ཟ་བ་པོ་ལྟ་བུ་ནི་མིག་གི་རྣམ་པར་ཤེས་པའི་ཁམས་ལ་སོགས་པ ་རྣམ་པར་ཤེས་པ་དྲུག་གོ་།ཁམས་བཅོ་བརྒྱད་ཀྱི་རིམ་པ་བཤད་པར་བྱ་སྟེ། མིག་གི་ཁམས་ལ་སོགས་པ་རིམ་པ་བསྟན་པ་ཉིད་ཀྱིས། དེའི་ཡུལ་དང་རྣམ་པར་ཤེས་པའི་ཁམས་ཀྱི་རིམ་པ་བསྟན་པར་གྲུབ་པོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་པས་མིག་ལ་སོགས ་པའི་ཁམས་ལྔ་སྔར་བསྟན་པ་ནི། དེ་དག་གི་ཡུལ་ད་ལྟ་ཡིན་པའི་ཕྱིར་དང་ཡིད་ཀྱི་ཁམས་ནི་མ་ངེས་ཏེ། ད་ལྟར་ཡང་དེའི་ཡུལ་ཡིན་ལ། །དུས་གསུམ་དང་ཟད་པ་མེད་པ་ལ་སོགས་པ། དུས་གསུམ་མ་ཡིན་པའི་ཆོས་ཀྱང་དེའི་ཡུལ་ཡིན་པའི་ཕྱིར་རོ། །ལུས་ཀྱི་ཁམས ་པས་མིག་ལ་སོགས་པའི་ཁམས་བཞི་སྔར་བསྟན་པ་ནི། མིག་ལ་སོགས་པའི་ཁམས་བཞི་རྣམས་ཀྱི་ཡུལ་ནི། །འབྱུང་བ་ལས་གྱུར་པ་ཡིན་ནོ་ལ། ལུས་ཀྱི་ཡུལ་ནི། མ་ངེས་པ་སྟེ། བར་འགའ་ནི་ས་དང་ཆུ་ལ་སོགས་པ་འབྱུང་བ་ཡང་དམིགས། བར་འགའ་ནི་ལྕི་བ་དང ་ཡང་བ་ལ་སོགས་པ། འབྱུང་བར་འགྱུར་བར་ཡང་དམིགས། བར་འགའ་ནི་གཉི་ག་ལ་དམིགས་པའི་ཕྱིར་རོ། །ལྕེ་དང་སྣ་གཉིས་པས་མིག་དང་རྣ་བའི་ཁམས་སྔར་བཤད་པ་ནི། ཡུལ་རིང་པོ་ལ་འཇུག་པའི་ཕྱིར་ཏེ། ཐག་རིང་པོ་ནི་གནས་པའི་གཟུགས་མཐོང་ཞིང། ་རྒྱད་ནས་བོས་པའི་སྒྲ་ཡང་ཐོས་པའི་ཕྱིར། སྣ་དང་ལྕེ་གཉིས་ནི་ཕྲད་པ་ཡུལ་དུ་གྱུར་པའི་ཕྱིར་ཏེ། ཡུལ་དང་མ་ཕྲད་ཀྱི་བར་དུ་འཛིན་པར་མི་ནུས་པར་རིང་དུ་འཇུག་པ་མེད་དོ། །རྣ་བས་ཀྱང་མིག་རིང་ཐུང་འཇུག་སྟེ། ཐག་རིང་པོ་ནི་འབབ་པའི་ཆུ་མཐོང་ན་ཡང་དེའི་སྒྲ ་རྣམས་མི་ཐོས་པའི་ཕྱིར། རྣམས་ཀྱང་མིག་སྔར་བསྟན་ཏོ། །ལྕེ་བས་ཀྱང་སྣ་སྔར་བསྟན་ཏེ་འདི་ལྟར་ལྕེས་བཟའ་བ་མ་རེག་པར་ཡང་དེའི་དྲི་སྔར་སྣས་ཚོར་བས་ནི་མྱུར་དུ་འཇུག་པའི་ཕྱིར་རོ། །ཡང་ན་ལུས་འདི་ལ་མིག་གི་ཁམས་གང་ན་གནས། །དེའི་འོག་ཏུ་རྣ ་བའོ། །དེའི་འོག་ཏུ་སྣའོ། །དེའི་འོག་ཏུ་ལྕེའོ། །དེའི་འོག་ཏུ་ཕལ་ཆེར་ལུས་ལ་གནས་ཏེ། ཡིད་ཀྱིས་དེ་དག་ཉིད་ལ་རྟེན་ཅིང་ཡུལ་ན་མི་གནས་ཕྱོགས་ན་མི་གནས་པས་ན་འཇུག་ཏུ་བཤད་དོ། །འོ་ན་རིགས་གྱི་དོན་ནི་ཁམས་ཀྱི་དོན་ཏེ། དཔེར་ན་རི་གཅིག་ལ་གསེར་དང་དུང? ་ལ་སོགས་པ་རིགས་མང་དུ་ཡོད་པ་དེ་ལ་ཁམས་ཤེས་བྱ་བ་དེ་བཞིན་དུ། ལུས་འདི་གཅིག་ལ་རིགས་བཅོ་བརྒྱ་ལ་ཡོད་པས་ན། ཁམས་བཙོ་བརྒྱད་ཅེས་བྱའོ། །ཡང་ན་འབྱུང་ཁུང་ཀྱི་དོན་ནི་ཁམས་ཀྱི་དོན་ཏེ་དཔེར་ན་གནས་གང་ནས་རིན་པོ་ཆེ་ལ་སོགས་པ་འབྱུང་པའི ་གནས་ལ་ཁམས་ཞེས་བྱ་བ་དེ་བཞིན་དུ། སེམས་དང་སེམས་ལས་བྱུང་བ་མང་པོ་འབྱུང་བའི་གནས་ཡིན་པས་ན་ཁམས་ཞེས་བྱའོ།། །།ཁམས་ཀྱི་འོག་ཏུ་སྐྱེ་མཆེད་བཤད་པའི་སྐབས་ཡིན་པས། དེའི་ཕྱིར་དེ་ལ་དགེ་སློང་དག་སྐྱེ་མཆེད་བཅུ་གཉིས ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྐྱེ་མཆེད་བཅུ་གཉིས་བསྟན་པ་ཡང་ཅི་དགོས་ཤེ་ན། བདག་ལ་ཆགས་པ་དང། ཡོལ་བྱད་ལ་ཆགས་པའི་དངོས་པོ་ཤེས་པར་བྱ་བའི་ཕྱིར་བསྟན་ཏོ། །དེ་ལ་ཡོངས་སུ་ཤེས་ན་ཆགས་པ་གཏོང་བར་བྱེད་དོ། །ཆགས་པ ་བཏང་ན་ཁམས་གསུམ་དུ་མངོན་པར་མི་སྐྱེ་སྟེ། དེ་བསྟན་པའི་དགོས་པ་ནི་དེ་ཡིན་ནོ། །ཡང་ན་ལྟ་བ་དང་ཉན་པ་དང། མྱོང་བ་དང། སྣོམ་པ་དང། རེག་པར་བྱེད་པ་དང། ཡིད་ཀྱི་རྣམ་པར་ཤེས་པས་ཆོས་རྣམས་ལ་མངོན་པར་ཞེན་པར་བྱའོ་ཞེས་བདག་ཏུ་མངོན་པར ་ཆགས་པ་སྤང་བར་བྱ་བའི་ཕྱིར། སྐྱེ་མཆེད་བཅུ་གཉིས་བསྟན་ཏོ། །དེ་ལ་མིག་གི་སྐྱེ་མཆེད་ནས་ལུས་ཀྱི་སྐྱེ་མཆེད་ཀྱི་བར་དུ་ལྔ་དང། གཟུགས་ཀྱི་སྐྱེ་མཆེད་ནས་རེག་བྱའི་སྐྱེ་མཆེད་ཀྱི་བར་དུ་ལྔ་སྟེ་བཅུའི་དོན་ནི་ཁམས་ཀྱི་སྐབས་སུ་བཤད་པ་དང་མཐུན་ནོ།། ་རྣམ་པར་ཤེས་པའི་ཁམས་དྲུག་གི་སྟེང་དུ་ཡིད་ཀྱི་ཁམས་ཀྱིས་བསྟན་ཏེ། ཆོས་བདུན་ལ་ཡིད་ཀྱི་སྐྱེ་མཆེད་ཅེས་བྱའོ། །ཆོས་ཀྱི་ཁམས་ཀྱི་སྐབས་སུ་རྫས་བདུན་བཤད་པ་ཉིད་ལ་ཆོས་ཀྱི་སྐྱེ་མཆེད་ཅེས་བྱའོ། །དེ་ལ་མིག་ནང་གི་སྐྱེ་མཆེད་དོ་ཞེས་པ་ལ་བརྒལ? ་བ། གལ་ཏེ་བདག་ཡོད་ན་ནི་ནང་ངམ། ཕྱི་རོལ་ཅེས་བྱང་ཡང་རུང་སྟེ། གང་བདག་གིས་བྱིན་རླབས་པ་དེ་དག་ནི་ནང་ཞེས་བྱ་བ་ན་སངས་རྒྱས་པ་རྣམས་ནི་ཆོས་ཐམས་ཅད་བདག་མེད་པར་འདོད། བདག་མེད་ན་ཇི་ལྟར་མིག་ནང་གི་སྐྱེ་མཆེད ་ཅེས་བྱ། །སྨྲས་པ་འགལ་བ་མེད་དེ་ང་རྒྱལ་གྱི་གཞིར་གྱུར་པའི་སེམས་ཉིད་ལ་བདག་ཅེས་བརྟགས་ནས། གང་སེམས་ང་རྒྱལ་ཅན་གྱི་རྒྱུ་དང་རྐྱེན་དུ་གྱུར་པ་ལ་ནང་གི་སྐྱེ་མཆེད་ཅེས་བྱའོ། །འོ་ན་ཅིའི་ཕྱིར་སྐྱེ་མཆེད་ཀྱི་རིམ་པ་དེ་ལྟར་བཀོད ་ཅེ་ན། འཇིག་རྟེན་གྱི་ཐ་སྙད་དང་རྗེས་སུ་མཐུན་པར་བྱ་བའི་ཕྱིར་སྐྱེ་མཆེད་ཀྱི་རིམ་པ་དེ་ལྟར་བཀོད་དེ། འཇིག་རྟེན་པའི་ཐ་སྙད་ནི་དང་པོར་ཕྲད་ནས་ཕན་ཚུན་གཅིག་ལ་གཅིག་ལྟ་བས་མིག་གི་སྐྱེ་མཆེད་ཐོགས་མར་བཤད་དོ། །དེའི་འོག་ཏུ་ཕྲད་ནས་སྨྲ ་བར་བྱེད་པས་ན་རྣ་བའི་སྐྱེད་དོ། །དེ་ནས་ཁྲུས་དང། དྲི་དང་ཕྲེང་བ་ལ་སོགས་པའི་ལོངས་སྤྱོད་བྱེད་པས་ན། སྣའི་སྐྱེ་ཆེད་དོ། །དེ་ནས་ཁ་ཟས་དང། བཏུང་བའི་ལོངས་སྤྱོད་བྱེད་པས་ན་ལྕེའི་སྐྱེ་མཆེད་དོ། །དེ་ནས་མལ་སྟན་དང་བུད་མེད་ལ་སོགས་པའི་ལོངས ་སྤྱོད་བྱེད་པས་ན་ལུས་ཀྱི་སྐྱེ་མཆེད་དོ། །ཡིད་ཀྱི་སྐྱེ་མཆེད་ནི་དེ་དག་ཀུན་ལ་ཁྱབ་པར་གནས་པས་ན་མཇུག་ཏུ་བཤད་དོ། །འོ་ན་ཅིའི་ཕྱིར་སྐྱེ་མཆེད་བཅུ་གཉིས་ངེས་པར་བསྟན་ཅེ་ན། རྣམ་པར་ཤེས་པ་དྲུག་གི་བདག་པོ་དང། དམིགས་པ་དྲུག་ཉེ་བར ་བསྟན་པར་བྱ་བའི་ཕྱིར་སྐྱེ་མཆེད་བཅུ་གཉིས་ཁོ་ནར་བཤད་དེ། །དེ་ལ་མིག་ནས་ཡིད་ཀྱི་སྐྱེ་མཆེད་ཀྱི་བར་དུ་ནི་རྣམ་པར་ཤེས་པའི་བདག་པོའི་རྐྱེན་ཏོ། །གཟུགས་ནས་ཆོས་ཀྱི་བར་དུ་ནི་རྣམ་པར་ཤེས་པའི་དམིགས་པའི་རྐྱེན་ཏོ། །སྐྱེ་མཆེད་ཀྱི ་དོན་ཅི་སྐྱེ་བའི་སྒོའི་དོན་ནི་སྐྱེ་མཆེད་ཀྱི་དོན་ཏོ། །སེམས་དང་སེམས་ལས་བྱུང་བ་རྣམས་བ་སྐྱེད་ཞིང་འཕེལ་བའི་རྒྱུ་བྱེད་པས་ན་སྐྱེ་མཆེད་ཅེས་བྱའོ། །དེ་ལ་བརྒལ་བ་ཁམས་ཀྱི་སྐབས་སུ་ནི་རྟན་དང་ཡུལ་གྱི་སྒོ་ནས་བཅོ་བརྒྱད་དུ་བཤད་ན། ་སྐྱེ་མཆེད་ཀྱི་སྐབས་སུ་ནི་རྟེན་དང་ཡུལ་དུ་བཤད་ན་བརྟེན་པ་ཅིའི་ཕྱིར་མ་བཤད་ཅེ་ན། སྨྲས་པ་བཅོམ་ལྡན་འདས་ཆོས་སྟོན་པ་ནི་འདུལ་བའི་ཆེད་དུ་སྟོན་པས་སྐྱེ་མཆེད་བཅུ་གཉིས་སུ་བསྟན་པས་འདུལ་བའི་ཆེད་དུ་རྣམ་པར་ཤེས་པ་རྣམས་ཡིད་ཀྱི་སྐྱེ་མཆེད ་བསྡུས་ནས་བཅུ་གཉིས་སུ་གསུངས་སོ། །ཇི་ལྟར་གང་ཕུང་པོའི་སྐབས་སུ་བཤད་པའི་ཆོས་དེ་དག་ཉིད་ཁམས་སུ་ཡང་བཤད་དེ། ཕུང་པོ་ལྔ་ལ་གཟུགས་ཀྱི་ཕུང་པོར་འབྱུང་བ་ལས་གྱུར་པའི་གཟུགས་བཅུ་གཅིག་གཤད་པ་ལས་ཡུལ་ལྔ་དང་དབང་པོ་ལྔ ་རྣམས་མིག་གི་ཁམས་ནས་གཟུགས་ཀྱི་ཁམས་དང། གཟུགས་ཀྱི་ཁམས་ནས་རེག་བྱའི་ཁམས་ཀྱི་བར་དུ་ཁམས་བཅུར་བཤད་ལ། ཕུང་པོ་ལྔའི་སྐབས་སུ་ཚོར་བའི་ཕུང་པོ་དང། འདུ་ཤེས་ཀྱི་ཕུང་པོ་དང། འདུ་བྱེད་ཀྱི་ཕུང་པོ་དང་རྣམ་པར ་རིག་བྱེད་མ་ཡིན་པའི་གཟུགས་ནི་ཁམས་ཀྱི་སྐབས་སུ་ཆོས་ཀྱི་ཁམས་སུ་བསྟན་ལ། རྣམ་པར་ཤེས་པའི་ཕུང་པོ་ནི་ཁམས་ཀྱི་སྐབས་སུ་མིག་གི་རྣམ་པར་ཤེས་པའི་ཁམས་ནས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སོ་ཞེས་བསྟན་ལ། ཕུང་པོའི་ཁམས་སུ ་ཡིད་ཀྱི་དབང་པོའི་ཁམས་ཀྱི་སྐབས་སུ་ཡིད་ཀྱི་ཁམས་སུ་བཤད་པ་དང། གང་ཁམས་སུ་བཤད་པའི་ཆོས་དེ་དག་ཉིད་སྐྱེ་མཆེད་ཀྱི་ཚེ་ཡིད་དེ་བཤད་དེ། ཅི་ལྟ་ཞེ་ན་གང་ཁམས་སུ་ཡིད་ཀྱི་ཁམས་ལ་སོགས་པའི་ཁམས་ལྔ་དང། གཟུགས་ཀྱི་ཁམས་ལ ་སོགས་པ་ལྔ་སྟེ། བཅུ་ནི་སྐྱེ་མཆེད་ཀྱི་སྐབས་སུ་མིག་གི་སྐྱེ་མཆེད་ནས་གཟུགས་ཀྱི་སྐྱེ་མཆེད་དོ། །ཞེས་སྐྱེ་མཆེད་བཅུ་བཤད་ལ། གང་ཁམས་ཀྱི་སྐབས་སུ་ཚོར་བ་ལ་སོགས་པའི་རྫས་བདུན་ཆོས་ཀྱི་ཁམས་སུ་བསྟན་པ་དེ་ཉིད་སྐྱེ་མཆེད་ཀྱི ་སྐབས་སུ་ཆོས་ཀྱི་སྐྱེ་མཆེད་དུ་བསྟན་པ་དང། ཁམས་ཀྱི་སྐབས་སུ་མིག་གི་རྣམ་པར་ཤེས་པའི་ཁམས་ལ་སོགས་པ་དྲུག་དང། ཡིད་ཀྱི་ཁམས་ཀྱི་བདུན་བཤད་པ་སྐྱེ་མཆེད་ཀྱི་སྐབས་སུ། ཡིད་ཀྱི་སྐྱེ་མཆེད་དུ་བསྟན་ཅེ་ན། ཇི་ལྟར་རྨོངས་ལ་རྣམ ་པ་གསུམ་ཡོད་དེ་དེ་བསལ་བར་བྱ་བའི་ཕྱིར་ཆོས་དེ་དག་ཉིད་ཀྱི་མིང་གཞན་དུ་བཏགས་ནས་བཟླས་ཏེ་བསྟན་ཏོ། །དེ་ལ་རྨོངས་པ་རྣམ་པ་གསུམ་ནི་སེམས་ལ་གཅིག་ཏུ་རྨོངས་པ་དང། སེམས་དང་གཟུགས་ལ་གཅིག་ཏུ་རྨོངས ་པ་དང། གཟུགས་ལ་གཅིག་ཏུ་རྨོངས་པའོ། །དེ་ལ་སེམས་ལ་གཅིག་ཏུ་རྨོངས་པ་བསལ་བར་བྱ་བའི་ཕྱིར་ཕུང་པོ་ལྔ་བསྟན་ཏོ། །ཕུང་པོ་ལྔའི་སྐབས་སུ་ནི་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང་རྣམ་པར་ཤེས་པའི་ཕུང་པོའི་ཕུང་པོར་སེམས ་མང་དུ་ཕྱེ་སྟེ་གསུངས་སོ། །སེམས་དང་གཟུགས་ལ་གཅིག་ཏུ་རྨོངས་པ་བསལ་བར་བྱ་བའི་ཕྱིར་ཁམས་བཅོ་བརྒྱད་བཤད་དེ། མིག་དང་གཟུགས་ལ་སོགས་པ་ཡུལ་བཅུར་ཕྱེ་སྟེ། བསྟན་པ་དང། མིག་གི་རྣམ་པར་ཤེས་པའི་ཁམས་དང། ཡིད ་ཀྱི་ཁམས་སུ་སེམས་མང་དུ་ཕྱེ་སྟེ་བསྟན་པའི་ཕྱིར་རོ། །གཟུགས་ལ་གཅིག་ཏུ་རྨོངས་པ་བསལ་བའི་ཕྱིར། སྐྱེ་མཆེད་བཅུ་གཉིས་བཤད་དེ། སྐྱེ་མཆེད་ཀྱི་སྐབས་སུ་མིག་གི་སྐྱེ་མཆེད་དང། གཟུགས་ཀྱི་སྐྱེ་མཆེད་ལ་སོགས་པའི་གཟུགས་བཅུར ་ཕྱེ་སྟེ། བཤད་པའི་ཕྱིར་རོ། །ཡང་ན་འདོད་པ་རྣམ་པ་གསུམ་དེ། མདོ་ཙ་དུ་བསྟན་པ་དང། བར་དུ་བསྟན་པ་དང། རྒྱས་པར་བཤད་པར་འདོད་པའོ། །དེ་ལ་མདོ་ཙམ་དུ་བསྟན་པར་འདོད་པའི་དོན་དུ་ཕུང་པོ་ལྔ་བཤད། བར་དུ་བསྟན་པར ་འདོད་པའི་དབང་དུ་སྐྱེ་མཆེད་བཅུ་གཉིས་བཤད། རྒྱས་པར་བཤད་པར་འདོད་པའི་དབང་དུ་ཁམས་བཅོ་བརྒྱད་བཤད་དོ། །ཡང་ན་དང་པོ་རྣོན་པོ་དང་དབང་པོ་འབྲིང་དང། དབང་པོ་རྟུལ་པོའི་དབང་དུ་བྱས་ནས་ཕུང་པོ་ལ་སོགས་པ་བསྟན་ཏེ། དབང ་པོ་རྣོན་པོའི་དོན་དུ་ནི་ཕུང་པོ་ལྔ་བཤད། དབང་པོ་འབྲིང་གི་དོན་དུ་ནི་སྐྱེ་མཆེད་བཅུ་གཉིས་བཤད། དབང་པོ་རྟུལ་པོའི་དོན་དུ་ཁམས་བཅོ་བརྒྱད་བཤད་དོ། །སྐྱེ་མཆེད་ཀྱི་འོག་ཏུ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བསྟན་པའི་སྐབས་ཡིན ་བས་དེའི་དབང་དུ་བྱས་ནས། དགེ་སློང་དག་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྟེན་ཅིང་འབྲེལ་ཏེ། འབྱུང་བ་བསྟན་པ་ཡང་ཅི་དགོས་ཤེ་ན། རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཁོང་དུ་མ་ཆུད ་པས?། འགྲོ་བ་རྣམས་འཁོར་བའི་བཙོན་རན་འཁྱམ་ཞིང་ཉོན་མོངས་པའི་བཅིང་བ་དམ་པོས་བཅིང་བ་དང། སྐྱེ་བ་དང་རྒ་བ་ལ་སོགས་པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་རྟག་ཏུ་གནོད་པར་འགྱུར་བ་ལ། དེ་ཁོང་དུ་ཆུད་ན་མ་རིག་པའི་མུན་པ ་སྤངས་ནས་ཁམས་གསུམ་གྱི་བཙོན་ར་ནས་འབྱུང་བ་དང། སྡུག་བསྔལ་རྣམ་པ་སྣ་ཚོགས་ལས་ཐར་པར་འགྱུར་བས་ན། རྟེན་ཅིང་འབྲེལ་ཏེ་འབྱུང་བ་གསུངས་སོ། །ཡང་ན་འགྲོ་བ་འདི་དག་རྒྱུ་མེད་པ་དང། མི་མཐུན་པའི་རྒྱུ་ལས་བྱུང་བ་ནི་མ ་ཡིན་གྱི། མ་རིག་པའི་རྒྱུ་ལས་བྱུང་བ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། །རྟེན་ཅིང་འབྲེལ་པར་འབྱུང་བ་གསུངས་སོ། །ཡང་ན་གང་གིས་འཁོར་བར་སྐྱེ་བའི་རྒྱུ་དང་ཇི་ལྟར་ན་འཁོར་བ་ལས་ལྡོག་པར་འགྱུར་བ་བསྟན་པར་བྱ་བའི་ཕྱིར་རྟེན་ཅིང ་འབྲེལ་ཏེ་འབྱུང་བ་ལུགས་བཞིན་དང་ལུགས་ལས་བཟློག་པའི་མཆན་ཉིད་གཉིས་གསུངས་ཏེ། གང་གིས་འཁོར་བར་སྐྱེ་བའི་རྒྱུ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ནི། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པ་ལུགས་བཞིན་དུ་འབྱུང་བ་གསུངས་པ་དང ་གང་གིས་འཁོར་བ་ལས་ལྡོག་པར་འགྱུར་བ་ཤེས་པར་བྱ་བའི་ཕྱིར། མ་རིག་པ་འགགས་ན། འདུ་བྱེད་འགགས་པ་ལ་སོགས་པ་ལུགས་ལས་བཟློག་པའི་མཚན་ཉིད་གསུངས་སོ། །དེ་ལ་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་དོན་ཅི། རྟེན་པའི་དོན་ནི ་ཕྲད་པའི་དོན་ཏོ། །འབྱུང་བའི་དོན་ནི་སྐྱེ་བའི་དོན་ཏེ། རྒྱུ་དང་རྐྱེན་ཕྲད་ནས་འབྲས་བུ་སྐྱེ་བ་ལ། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱའོ། །ཡན་ལག་བཅུ་གཉིས་ཞེས་བྱ་བ་ནི། ཆ་བཅུ་གཉིས་ཞེས་བྱ་བའི་དོན་ཏོ། །ཡང་ན་རྟེན་ཅིང་ཞེས་བྱ་བ་དང། འབྲེལ ་པ་ཞེས་བྱ་བ་དང། འབྱུང་བ་ཞེས་བྱ་བའི་ཚིག་གསུམ་གྱིས། ལྟ་བ་ལོག་པར་སྨྲ་བ་རྣམ་པ་གསུམ་འགོག་པར་བྱེད་དེ། རྒྱུ་མེད་པ་ལས་ཆོས་རྣམས་སྐྱེའོ་ཞེས་སྨྲ་བ་དགག་པར་བྱ་བའི་ཕྱིར། རྟེན་པའི་ཚིག་སྨོས་ཏེ། ་རྒྱུ་མེད་པ་ལས་ཆོས་རྣམས་མི་འབྱུང་གོ་།རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །དབང་ཕྱུག་དང་བདག་ལ་སོགས་པ་བྱེད་པ་པོ་ལས་ཆོས་རྣམས་སྐྱེའོ་ཞེས། མི་མཐུན་པའི་རྒྱུར་སྨྲ་བ་དགག་པར་བྱ་བའི་ཕྱིར། འབྲེལ ་པའི་སྒྲ་སྨོས་ཏེ། མཐུན་པའི་རྒྱུ་ལས་འབྱུང་གི་དབང་ཕྱུག་ལ་སོགས་པ་མི་མཐུན་པའི་རྒྱུ་ལས་ནི། ཆོས་རྣམས་མི་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །ཆད་པར་སྨྲ་བ་དགག་པར་བྱ་བའི་ཕྱིར། འབྱུང་བའི་ཚིག་སྨོས་ཏེ། འཇིག་རྟེན་འདི་ནས ་ཕྱི་མར་མི་སྐྱེ་བ་མ་ཡིན་གྱི། ལས་དང་ཉོན་མོངས་པའི་རྒྱུན་མ་ཆད་པའི་བར་དུ་སྐྱེ་བོ་ཞེས་བྱ་བའི་དོན་ཏོ། །ཡང་ན་རྟེན་པའི་སྒྲས། ཐེར་ཟུག་གི་ལྟ་བ་འགོག་པར་བྱེད་དེ། ཆོས་རྣམས་ཐེར་ཟུག་ཡིན་ན་ནི། རྒྱུ་རྐྱེན་ལ་བརྟེན་མ་དགོས་ན ་རྒྱུ་རྐྱེན་ལ་བརྟེན་པ་ལས་ན། ཐེར་ཟུག་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འབྲེལ་པའི་སྒྲ་མ་བྱས་པར་འབྱུང་བའི་ལྟ་བ་འགོག་པར་བྱེད་དོ། །གང་གིས་ལས་བྱས་པ་དེར་མྱོང་གི་ལས་གཞན་གྱིས་བྱས་ལ་འབྲས་བུ་གཞན་གྱིས་མྱོང་བར་ན་མི་འགྱུར་རོ་ཞེས ་བྱ་བའི་དོན་ཏོ། །འབྱུང་བའི་སྒྲས་ཆད་པར་ལྟ་བ་ཆད་པར་འགོག་པར་བྱེད་དོ། །རྟེན་ཅིང་འབྲེལ་ཏེ་འབྱུང་བའི་དོན་ཇི་ལྟར་ཁོང་དུ་ཆུད་པར་བྱ་ཞེ་ན་རྣམ་པ་བཅུ་གཅིག་ཏུ་ཁོང་དུ་ཆུད་པར་བྱ་སྟེ། མཚན་ཉིད་དང། ཡན་ལག་བསྡུ་བ་དང། ཡན་ལག ་གི་རྐྱེན་རྣམ་པར་བཞག་པ་དང། ཡན་ལག་གི་ལས་རྣམ་པར་བཞག་པ་དང། ཡན་ལག་ཀུན་ནས་ཉོན་མོངས་པ་བསྡུ་བ་དང། དོད་དང་ཟབ་པ་དང། རབ་ཏུ་དབྱེ་བ་དང། ལུགས་བཞིན་པ་དང། ལུགས་ལས་བཟློག་པ་བདག་ཡན་ལག་རྒྱས ་པར་བཤད་པའོ། །དེ་ལ་མཚན་ཉིད་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་མཚན་ཉིད་རྣམ་པ་གསུམ་དུ་ཁོང་དུ་ཆུད་པར་བྱ་སྟེ། གཡོ་བ་མེད་པའི་རྐྱེན་ལས་བྱུང་བ་དང། མི་རྟག་པའི་རྐྱེན་ལས་བྱུང་བ་དང། ནུས་པའི་རྐྱེན་ལས་བྱུང་བའོ། །དེ ་ལ་གཡོ་བ་མེད་པའི་རྐྱེན་ལས་བྱུང་བ་ནི་རྐྱེན་ཡོད་པ་ཙམ་གྱིས་འབྲས་བུ་འབྱུང་བར་ཟད་ཀྱི། འདི་ལ་བྱེད་པོ་འམ། རྐྱེན་ཉིད་ཀྱང་བདག་གིས་འདི་དག་བསྐྱེད་དོ་སྙམ་དུ་མི་སེམས་པའི་ཕྱིར་རོ། །མི་རྟག་པའི་རྐྱེན་ལས་བྱུང་བ་ནི། གང་གི་ཕྱིར་རྒྱུ ་ལས་འབྲས་བུ་འབྱུང་བས་ན། ཆོས་འདི་དག་མི་རྟག་སྟེ། གལ་ཏེ་རྟག་པ་ཞིག་ཡིན་ན་ནི། གང་ལས་ཀྱང་ཅི་ཡང་འབྱུང་བར་མི་འགྱུར་རོ། །ནུས་པའི་རྐྱེན་ལས་བྱུང་བ་ནི། མ་རིག་པ་ལས་འདུ་བྱེད་བསྐྱེད་པར་ནུས་པ་ལས། སྐྱེ་བ་ལས་ཀྱང་རྒ་ཤིང་སྐྱེ་བར ་ནུས་པའི་ཕྱིར་རོ། །དེ་ལ་ཡན་ལག་རབ་ཏུ་བསྡུ་བ་ནི། རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཡན་ལག་བཅུ་གཉིས་ཡན་ལག་ལྔར་བསྡུས་ཏེ། འཕེལ?་བར་བྱེད་པའི་ཡན་ལག་དང། འཕངས་པའི་ཡན་ལག་དང། མངོན་པར་སྒྲུབ་པའི་ཡན་ལག་དང། མངོན་པར ་གྲུབ་པའི་ཡན་ལག་དང། ཉེས་དམིགས་ཀྱི་ཡན་ལག་གོ་།དེ་ལ་རྒྱུའི་དུས་ན་ནི་གང་གིས་འཕངས་པ་དང། གང་འཕངས་པ་སྟེ་གཉིས་སུ་བཞག་།འབྲས་བུའི་དུས་ན་ནི། གང་གིས་མངོན་པར་བསྒྲུབས་པ་དང། གང་མངོན་པར་སྒྲུབ་པ་སྟེ། གཉིས་སུ་བཞག་གོ་།དེ་ལ ་གང་གིས་འཕངས་ཤེ་ན། མ་རིག་པ་དང། འདུ་བྱེད་དང། རྣམ་པར་ཤེས་པ་གསུམ་གྱིས་འཕངས་ཏེ། མ་རིག་པའི་དབང་གིས་ལས་དགེ་བ་དང། མི་དགེ་བ་བྱས་པའི་བག་ལ་ཉལ་ཡིད་ཀྱི་རྣམ་པར་ཤེས་པ་ལ་བསྒོམ་པས། ཚེ་རབས་གཞན་དུ་རྣམ་པར ་སྨིན་པའི་ཕུང་པོ་འཕེན་པར་བྱེད་དོ། །གང་འཕངས་ཤེ་ན་མིང་དང་གཟུགས་དང་རྐྱེ་མཆེད་དྲུག་དང་རེག་པ་དང། ཐོར་བ་རྣམས་འཕངས་ཏེ། གོང་མ་གསུམ་གྱི་རྒྱུས། མིང་དང་གཟུགས་ལ་སོགས་པ་སྔ་མ་སྔ་མ་ལ་བརྟེན་ནས། ཕྱི་མ་ཕྱི་མ་རྣམས་འབྱུང ་བའི་ཕྱིར་རོ། །མངོན་པར་སྒྲུབ་པར་བྱེད་པའི་ཡན་ལག་ནི། སྲེད་པ་དང། ལེན་པ་དང། སྲིད་པ་གསུམ་སྟེ། འདོད་པའི་ཡོན་ཏན་ལ་སྲེད་པ་མ་སྤངས་པའི་རྒྱུས་ཁམས་གསུམ་ལ་ཆགས་པར་གྱུར་ན་ལས་ཀྱི་བག་ལ་ཉལ་བ་ཏས་པས ་འཆི་བའི་དུས་ན་ཡང་འབྲས་བུ་སྨིན་ནུས་པར་འགྱུར་བའི་ཕྱིར་རོ། །མངོན་པར་གྲུབ་པའི་ཡན་ལག་ནི་སྐྱེ་བའོ། །རྒ་ཤི་ནི་ཉེས་དམིགས་ཀྱི་ཡན་ལག་གོ་།ཇི་ལྟར་ན་ཡན་ལག་གི་རྐྱེན་དུ་རྣམ་པར་བཞག་ཅེ་ན། རྐྱེན་རྣམ་པ་བཞིས་ཡན་ལག་གི་རྐྱེན ་དུ་རྣམ་པར་བཞག་སྟེ། རྒྱུའི་རྐྱེན་དང། དེ་མ་ཐག་པའི་རྐྱེན་དང། དམིགས་པའི་རྐྱེན་དང། བདག་པོའི་རྐྱེན་ཏོ། །དེ་ལ་རྒྱུའི་རྐྱེན་ནི་མ་རིགས་པའི་བག་ལ་ཉལ། ཡིད་ཀྱི་རྣམ་པར་ཤེས་པ་ལ་བཞག་པ་ཉིད་འདུ་བྱེད་ཀྱི་རྒྱུར་འགྱུར་ཏེ། དེའི་དབང ་གིས་འདུ་བྱེད་མངོན་པར་འགྲུབ་པའི་ཕྱིར་རོ། །དེ་མ་ཐག་པའི་རྐྱེན་ནི་མ་རིག་པའི་སྐད་ཅིག་མ་སྔར་འགགས་ན། འདུ་བྱེད་འབྱུང་གི་མ་རིག་པ་མ་འགགས་པར་འདུ་བྱེད་མི་འབྱུང་བའོ། །དམིགས་པའི་རྐྱེན་ནི་དངོས་པོ་ལ་ཀུན་ཏུ་རྨོངས ་པའི་རྒྱུས། རྟག་པ་དང་བདེ་བ་ལ་སོགས་པ་ཡིད་ལ་བྱས་པས། མངོན་པར་འདུ་བྱེད་པའི་ཕྱིར་རོ། །བདག་པོའི་རྐྱེན་ནི་དཔེར་ན་མིག་གི་དབང་པོའི་རྐྱེན་གྱིས་མིག་གི་རྣམ་པར་ཤེས་པ་སྐྱེ་བ་བཞིན་དུ་མ་རིག་པའི་དབང་གིས་འདུ་བྱེད་འབྱུང ་བའི་ཕྱིར་ཏེ། ཡན་ལག་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །ཇི་ལྟར་ན་ཡན་ལག་གི་ལས་རྣམ་པར་བཞག་ཅེ་ན། མ་རིག་པ་ལས་རྣམ་པ་གཉིས་བྱེད་དེ། དངོས་པོ་ལ་མི་རྟག་པ་ལ་རྟགས་པར་འཛིན་དུ་འཇུག་པས་ན་སེམས་ཅན ་རྣམས་རྨོངས་པར་བྱེད་པ་དང། འདུ་བྱེད་ཀྱི་རྐྱེན་དུ་འགྱུར་བའོ། །དེ་ལ་སེམས་ཅན་རྨོངས་པར་བྱེད་པ་ནི་མ་རིག་པས་བསྒྲིབས་པས་སྔོན་དང་ཕྱི་མ་དང། ད་ལྟར་གྱི་དུས་རྣམས་མི་ཤེས་པར་གྱུར་ནས་ཅི་བདག་སྔོན་གྱི་དུས་ན་བྱུང་བ་ཞིག་ཡིན་ནམ?་བྱུང་བ་ཞིག ་ཡིན་ཞེས་པ་དང། ཅི་མ་འོངས་པའི་དུས་ན་འབྱུང་བར་འགྱུར་རམ། མི་འགྱུར་བ་ཞིག་ཡིན་ཞེས་ཐེ་ཚོམ་ཟ་བའི་ཕྱིར་རོ། །འདུ་བྱེད་ཀྱི་རྐྱེན་དུ་འབྱུང་བ་ནི་མ་རིགས་པ་ཡོད་ན་དེའི་དབང་གིས་ཡང་སྲིད་པའི་ལས་མངོན་པར་འདུ་བྱེད་པའི་ཕྱིར་རོ། །འདུ་བྱེད་ཀྱང་ལས ་རྣམ་པ་གཉིས་བྱེད་དེ་འགྲོ་བ་རྣམས་སུ་སེམས་ཅན་སྦྱོར་བར་བྱེད་པ་དང། རྣམ་པར་ཤེས་པའི་རྐྱེན་དུ་འགྱུར་བའོ། །དེ་ལ་འགྲོ་བ་རྣམས་སུ་སེམས་ཅན་སྦྱོར་བར་བྱེད་པ་ནི། ལས་ཡོད་ན་དེའི་དབང་གིས་ཚེ་རབས་གཞན་དུ་འགྲོ་བ་ལྔར་སེམས་ཅན་སྐྱེ་བར་འགྱུར ་གྱི། ལས་མེད་ན་ནི་ཉོན་མོངས་པ་ཡོད་ཀྱང་གྲོགས་མེད་པས་སྐྱེ་བར་མི་ནུས་སོ། །རྣམ་པར་ཤེས་པའི་རྐྱེན་དུ་འགྱུར་བ་ནི་ལས་ཀྱི་བག་ལ་ཉལ་ཡིད་ཀྱི་རྣམ་པར་ཤེས་པ་ལ་བསྒོས་པའི་དབང་གིས། ཡིད་ཀྱི་རྣམ་པར་ཤེས་པ་མ་འོངས་པ་ན། མའི ་མངལ་དུ་འཇུག་པའི་ཕྱིར་རོ། །རྣམ་པར་ཤེས་པ་ཡང་ལས་རྣམ་པ་གཉིས་བྱེད་དེ་སེམས་ཅན་རྣམས་ཀྱི་ལས་ཀྱི་རྟེན་བྱེད་པ་དང་མིང་དང་གཟུགས་ཀྱི་རྐྱེན་དུ་འགྱུར་བའོ། །དེ་ལ་སེམས་ཅན་རྣམས་ཀྱི་ལས་ཀྱི་རྟེན་དུ་འགྱུར་བ་ནི་ལས་མངོན་པར ་འདུས་བྱས་པ་རྣམས་ཀྱི་ས་བོན་རྣམ་པས་འཛིན་པའི་ཕྱིར་རོ། །མིང་དང་གཟུགས་ཀྱི་རྐྱེན་དུ་འགྱུར་བ་ནི། མའི་མངལ་དུ་རྣམ་པར་ཤེས་པ་འཕོས་ན་མིང་དང་གཟུགས་འཕེལ་བ་དང་རྒྱས་པར་འགྱུར་བའི་ཕྱིར་རོ། །མིང་དང་གཟུགས་ཀྱང་ལས་རྣམ་པ ་གཉིས་བྱེད་དེ། སེམས་ཅན་རྣམས་ཀྱི་ལུས་ཡོངས་སུ་འཛིན་པར་བྱེད་པ་དང། སྐྱེ་མཆེད་ཀྱི་རྐྱེན་དུ་འགྱུར་བའོ། །སེམས་ཅན་རྣམས་ཀྱི་ལུས་ཡོངས་སུ་འཛིན་པར་བྱེད་པ་ནི་དེའི་དབང་གིས་རྐང་ལག་དབང་པོ་ལ་སོགས་པར་རིམ་གྱིས་དོད་པས་རིས་འཐུན ་པའི་རིས་དང་འདྲ་བར་སྐྱེད་པ་བྱེད་པའི་ཕྱིར་རོ། །སྐྱེ་མཆེད་དྲུག་གི་རྐྱེན་དུ་འགྱུར་བ་ནི་མིང་དང་གཟུགས་ཀྱི་ཡན་ལག་སྔ་མ་ལ་བརྟེན་ནས་དེ་འཕེལ་བ་ལས་མིག་ལ་སོགས་པ་སྐྱེ་མཆེད་དྲུག་གི་ཡན་ལག་ཕྱི་མ་འབྱུང་བའི་ཕྱིར་རོ། །སྐྱེ་མཆེད་དྲུག་ཀྱང ་ལས་རྣམ་པ་གཉིས་བྱེད་དེ། སེམས་ཅན་རྣམས་ཀྱི་ལུས་ཡོངས་སུ་རྫོགས་པར་འཛིན་པར་བྱེད་པ་དང། རེག་པའི་རྐྱེན་དུ་འགྱུར་བའོ། །སེམས་ཅན་རྣམས་ཀྱི་ལུས་ཡོངས་སུ་རྫོགས་པ་འཛིན་པར་བྱེད་པ་ནི་སྐྱེ་མཆེད་དྲུག་མ་ཉམས ་པ་ཉིད་སེམས་ཅན་གྱི་ལུས་ཡོངས་སུ་རྫོགས་པ་ཞེས་བྱའོ། །རེག་པའི་རྐྱེན་དུ་འགྱུར་བ་ནི་མིག་ལ་སོགས་པའི་སྐྱེ་མཆེད་ཡོད་ན། མིག་དང་གཟུགས་དང་རྣམ་པར་ཤེས་པ་གསུམ་ཕྲད་པ་ལས་རེག་པ་ཞེས་བྱ་བ་གདགས་པའི་ཕྱིར་རོ། །རེག ་པ་ཡང་ལས་རྣམ་པ་གཉིས་བྱེད་དེ་སེམས་ཅན་རྣམས་ལོངས་སྤྱོད་མ་རུངས་པ་ལ་སྦྱོར་བར་བྱེད་པ་དང། ཚོར་བའི་རྐྱེན་དུ་འགྱུར་བའོ། །སེམས་ཅན་རྣམས་ལོངས་སྤྱོད་མ་རུངས་པ་ལ་སྦྱོར་བར་བྱེད་པ་ནི་དེ་དག་ཡོད་ན་ཁ་ཟས་དུག་དང ་འདྲེས་བ་དང་འདྲ་བའི་ཚོར་བ་བདེ་བ་དང་སྡུག་བསྔལ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་རྣམས་མྱོང་བར་འགྱུར་རོ། །རེག་པའི་ཚོར་བ་རྐྱེན་དུ་འགྱུར་བ་ནི། རེག་པ་ཡོད་ན་ཡུལ་མཛེས་པ་ཞིག་དང་ཕྲད་ན་ནི་ཚོར་བ་བདེ་བ་སྐྱེ། ཡུལ ་ངན་པ་ཞིག་དང་ཕྲད་ན་ནི། ཚོར་བ་སྡུག་བསྔལ་སྐྱེ། ཡུལ་གཉིས་ཀ་མ་ཡིན་པ་དང་ཕྲད་ན་ནི་ཚོར་བ་བདེ་བ་ཡང་མ་ཡིན་པ་སྡུག་བསྔལ་བ་ཡང་མ་ཡིན་པ་སྐྱེ་བའི་ཕྱིར་རོ། །ཚོར་བ་ཡང་ལས་རྣམ་པ་གཉིས་བྱེད་སྟེ། ཚེའི་ཀུན་ཏུ་ལོངས་སྤྱོད་ལ་སེམས་ཅན ་འགོད་པར་བྱེད་པ་དང་སྲེད་པའི་རྐྱེན་དུ་འགྱུར་བའོ། །ཚེའི་ཀུན་ཏུ་ལོངས་སྤྱོད་ལ་སེམས་ཅན་འགོད་པར་བྱེད་པ་ནི་ཚོར་བའི་དབང་གིས་ལས་བྱས་པའི་རྒྱུས་ཚེ་རབས་གཞན་དུ་རྣམ་པར་སྨིན་པ་ཡིད་དུ་འོང་བ་དང་མི་འོང་བ་ལ་སོགས་པ་མྱོང ་པར་འགྱུར་བའི་ཕྱིར་རོ། །སྲེད་པའི་རྐྱེན་དུ་འགྱུར་བ་ནི་ཚོར་བའི་དབང་གིས། ཚོར་བ་དང་མི་འབྲེལ་བར་ཆགས་པ་དང། ཚོར་བ་སྡུག་བསྔལ་བ་དང་བྲལ་བར་ཆགས་པ་འབྱུང་བའི་ཕྱིར་རོ། །སྲེད་པ་ཡང་ལས་རྣམ་པ་གཉིས་བྱེད་དེ། སེམས་ཅན ་རྣམས་ཀྱི་ཚེ་རྒྱུན་མི་གཅོད་པར་བྱེད་པ་དང། ལེན་པའི་རྐྱེན་དུ་འགྱུར་བའོ། །སེམས་ཅན་རྣམས་ཀྱི་ཚེ་རྒྱུན་མི་གཅོད་པར་བྱེད་པ་ནི་སྲེད་པའི་དབང་གིས་ཚེ་རབས་གཞན་གྱི་ཚོར་བའི་རྒྱུན་ཆད་པར་འགྱུར་བའི་ཕྱིར་རོ། །ལེན་པའི་རྐྱེན་དུ་གྱུར་པ་ནི་སྲིད ་པ་ཡོད་ན་གཟུགས་ལ་སོགས་པ་འདོད་པ་ལྔའི་ཡོན་ཏན་རྣམས་འདོད་པའི་འདོད་ཆགས་སྐྱེ་ཞིང་དེ་མི་གཏོང་བར་བྱེད་པའི་ཕྱིར་རོ། །ལེན་པ་ཡང་ལས་རྣམ་པ་གཉིས་བྱེད་དེ། །སེམས་ཅན་རྣམས་ཀྱིས་ཡང་སྲིད་པ་སྦྱིན་པ་ལ། རྣམ་པར་ཤེས་པ ་རྒྱུད་དང་བཅས་པར་བྱེད་པ་དང། སྲིད་པའི་རྐྱེན་དུ་འགྱུར་པའོ། །སེམས་ཅན་རྣམས་ཀྱི་ཡང་སྲིད་པ་སྦྱིན་པ་ལ། རྣམ་པར་ཤེས་པ་རྒྱུ་དང་བཅས་པར་བྱེད་པ་ནི་ཉོན་མོངས་པའི་མཚན་ཉིད་ལེན་པ་ཡོད་ན་དམྱལ་བ་ལ་སོགས་པའི་འགྲོ་བར་རྣམ་པར ་ཤེས་པ་སྐྱེ་བར་ངེས་པར་འགྱུར་བའི་ཕྱིར། །སྲིད་པའི་རྐྱེན་དུ་འགྱུར་བའི་ལེན་པའི་དབང་གིས་ལས་མངོན་པར་འདུས་བྱས་ནས། ཡིད་ཀྱི་རྣམ་པར་ཤེས་པ་ལ་བག་ལ་ཉལ་འཇོག་པར་བྱེད་པའི་ཕྱིར་རོ། །སྲིད་པ་ཡང་ལས་རྣམ་པ་གཉིས་བྱེད་དེ།། ་ཡང་སྲིད་པ་ལ་སེམས་ཅན་རྣམས་མངོན་དུ་ལྟ་བར་བྱེད་པ་དང། སྐྱེ་བའི་རྐྱེན་དུ་འགྱུར་བའོ། །ཡང་སྲིད་པ་ལས་སེམས་ཅན་རྣམས་མངོན་དུ་ལྟ་བར་བྱེད་པ་ནི་ལས་ཀྱི་མཚན་ཉིད་ཀྱི་སྲིད་པ་བྱས་ན་དེ་མ་ཐག་ཏུ་འགྲོ་བ་གཞན་དུ་སེམས་ཅན་འགྲོ་བར ་འགྱུར་བའི་ཕྱིར་རོ། །སྐྱེ་བའི་རྐྱེན་དུ་འགྱུར་བ་ནི་སྲིད་པའི་དབང་གིས་རིས་མཐུན་པའི་ལུས་གཞན་ལེན་པར་བྱེད་པས་སོ། །སྐྱེ་བ་ཡང་ལས་རྣམ་པ་གཉིས་བྱེད་དེ། མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང། ཚོར་བ་ལ་སོགས་པའི་རིམ་པར་སེམས ་ཅན་སྐྱེ་བར་བྱེད་པ་དང། རྒ་ཤིའི་རྐྱེན་དུ་འགྱུར་པའོ། །དེ་ལ་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་ལ་སོགས་པའི་རིམ་པར་སེམས་ཅན་སྐྱེ་བར་བྱེད་པ་ནི། མའི་མངལ་དུ་རྣམ་པར་ཤེས་པ་སྐྱེས་པར་གྱུར་ན་དེའི་འོག་ཏུ་མིང་དང་གཟུགས ་འབྱུང་བ་དང། མིང་དང་གཟུགས་ཀྱི་འོག་ཏུ་སྐྱེ་མཆེད་དྲུག་དང། དེའི་འོག་ཏུ་རེག་པ་ལ་སོགས་པ་རིམ་གྱིས་འབྱུང་བར་འགྱུར་བས་སོ། །རྒ་ཤིའི་རྐྱེན་དུ་འགྱུར་པ་ནི་ཕུང་པོ་གཞན་དུ་འགྱུར་བའི་མཚན་ཉིད། རྒ་བ་དང་ཕུང་པོ ་འཇིག་པའི་མཚན་ཉིད་འཆི་བ་ངེས་པར་འབྱུང་བའི་ཕྱིར་རོ། །རྒ་ཤི་ལས་ཅི་བྱེད་ཅེ་ན་དེ་གཉིས་ནི་ལས་རེ་རེ་བྱེད་དེ་རྒ་བས་ནི་དར་ལ་བབ་པ་འགྱུར་བར་བྱེད་པ་དང། ཤི་བས་ནི་ཚེའི་དབང་པོ་འགྱུར་བར་བྱེད་དོ། །དེ་ལ་དར་ལ་བབ་པ་འགྱུར་བར ་བྱེད་པ་ནི་གཞོན་ནུའི་དུས་ཀྱི་རྩལ་དང་དབང་པོ་གསལ་བ་ཉམས་ནས། ལུས་ལྕི་བ་དང་དབང་པོ་མི་གསལ་བར་བྱེད་པའི་ཕྱིར་རོ། །ཚེའི་དབང་པོ་འགྱུར་བར་བྱེད་པ་ནི་རིས་མཐུན་པའི་ཚེའི་དབང་པོ་རྒྱུན་ཆད་ནས། རིས་མཐུན་པ་གཞན་གྱི་ཚེའི ་དབང་པོ་འབྱུང་བའི་ཕྱིར་རོ། །ཇི་ལྟར་ན་ཡན་ལག་རྣམས་ཀུན་ནས་ཉོན་མོངས་པར་བསྡུ་ཞེ་ན། ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་སྟེ། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང། ཚེའི་ཀུན་ནས་ཉོན ་མོངས་པའོ། །དེ་ལ་མ་རིག་པ་དང། སྲིད་པ་དང། ལེན་པ་གསུམ་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པར་བསྡུ་བའོ། །འདུ་བྱེད་དང་སྲེད་པ་གཉིས་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པར་བསྡུ་བའོ། །རྣམ་པར་ཤེས་པ་ལ་སོགས་པ་ལྷག ་མ་བདུན་ནི་ཚེའི་ཀུན་ནས་ཉོན་མོངས་པར་བསྡུ་བའོ། །དེ་ལྟར་ན་ཡན་ལག་འདི་དག་དུམ་བུ་གསུམ་དུ་རྣམ་པར་བཞག་སྟེ། ཚེ་རབས་སྔ་མའི་དུམ་བུར་གཏོགས་པའི་ཡན་ལག་དང། ཚེ་འདིའི་དུམ་བུར་གཏོགས་པའི་ཡན་ལག་དང། ཚེ ་རབས་ཕྱི་མའི་དུམ་བུར་གཏོགས་པའི་ཡན་ལག་གོ་།དེ་ལ་ཚེ་རབས་སྔ་མའི་དུམ་བུར་གཏོགས་པའི་ཡན་ལག་གཉིས་ཏེ་མ་རིག་པ་དང་འདུ་བྱེད་དོ། །ཚེ་འདིའི་དུམ་བུར་གཏོགས་པའི་ཡན་ལག་ནི་བརྒྱད་དེ། རྣམ་པར་ཤེས་པ་དང། མིང་དང་གཟུགས་དང། ་སྐྱེ་མཆེད་དྲུག་དང། རེག་པ་དང། ཚོར་བ་དང། སྲེད་པ་དང། ལེན་པ་དང། སྲིད་པ་རྣམས་ཏེ། ཚེ་རབས་སྔ་མར་མ་རིག་པའི་དབང་གི་ལས་རྣམ་པར་འདུ་བྱས་པས། ཚེ་འདིའི་རྣམ་པར་ཤེས་པ་ལ་སོགས་པའི་ཆོས་བརྒྱད་སྐྱེས་པའི་ཕྱིར་རོ། །ཡང་སྐྱེ་བ་དང ་རྒ་ཤི་གཉིས་ནི་ཚེ་ཕྱི་མའི་དུམ་བུར་གཏོགས་པའི་ཡན་ལག་སྟེ། ཚེ་འདི་སྲིད་པ་དང་ལེན་པའི་ཉོན་མོངས་པ་ཅན་གྱི་དབང་གིས་ལས་ཀྱི་མཚན་ཉིད་སྲིད་པ་བྱས་པས་ཚེ་རབས་གཞན་དུ་སྐྱེ་བ་དང་རྒ་ཤི་འབྱུང་བའི་ཕྱིར་རོ། །ཡང་ན་རྟེན་ཅིང་འབྲེལ་ཏེ། ་འབྱུང་བའི་ཡན་ལག་བཅུ་གཉིས་འདི་དུག་གི་ཤིང་ལྟ་བུའི་དཔེས་ཉོན་མོངས་པ་དང། སྡུག་བསྔལ་བའི་རང་བཞིན་ཡིན་པར་རིག་པར་བྱ་སྟེ། དཔེར་ན་དུག་གི་ཤིང་མི་གཙང་པའི་རང་བའི་རང་བཞིན་ལུས་ཀྱིས་གཡོགས་ལ། ས་བོན་གྱི་རྟེན་གྱི ་ཞིང་དུ་བཏབ་སྟེ། མྱུ་གུ་དང་སྡོང་བུ་ལ་སོགས་པའི་རིམ་པས་སྡང་པོ་ཆེན་པོར་གྱུར་ན། གསོད་པ་ལ་སོགས་པའི་གནོད་པ་རྣམ་པ་སྣ་ཚོགས་བྱེད་པ་དེ་བཞིན་དུ། ཡན་ལག་བཅུ་གཉིས་འདི་ཡང་མ་རིག་པའི་ལུས་ཀྱིས་གཡོགས་ལ། ལས་མངོན ་པར་འདུ་བྱེད་པའི་ཞིང་དུ་ཟག་པ་དང་བཅས་པའི་རྣམ་པར་ཤེས་པའི་ས་བོན་བཞག་ན། མིང་དང་གཟུགས་ཀྱི་མྱུ་གུ་ལས་སྐྱེ་མཆེད་དྲུག་གི་འདབ་མ་དང་སྡོང་བུ་འབྱུང་ངོ། །སྐྱེ་མཆེད་དྲུག་གི་འདབ་མ་དང། སྡོང་བུ་ལས་རེག་པའི་མཚན་ཉིད་ཀྱི་མེ ་ཏོག་རྒྱས་པ་འབྱུང་ངོ། །རེག་པའི་མཚན་ཉིད་ཀྱི་མེ་ཏོག་ལ། ཚོར་བའི་མཚན་ཉིད་ཀྱིས་འབྲས་བུ་འགྲུབ་པོ། །དེ་ནས་ཚོར་བ་ལ་མངོན་པར་ཆགས་པའི་སྲེད་པས་ཟིན་པའི་དབང་གིས་ལེན་པའི་ཆུས་ཡོངས་སུ་བརླན་ཅིང། སྲིད་པའི་མཚན་ཉིད་ཀྱི་ཞིང ་ལ་གནས་པའི་རྣམ་པར་ཤེས་པ་ལས་མ་འོངས་པ་ན། ཚེའི་ཤིང་སྡོང་མངོན་པ་འགྲུབ་སྟེ། དེ་ལས་རྒ་བ་དང། འཆི་བ་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་རང། ཡིད་མི་བདེ་པ་དང། འཁྲུག་པ་ལ་སོགས་པ་སྡུག་བསྔལ་དཔག་ཏུ་མེད་པ་འབྱུང་བའི ་བའི་ཕྱིར་རོ། །སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་འབྱུང་བ་ཞེས་བྱའོ། །ཡང་ན་ཡན་ལག་བཅུ་གཉིས་དུམ་བུ་རྣམ་པ་བཞིར་བཞག་སྟེ། མ་རིག་པ་དང། འདུ་བྱེད་ནི་རྒྱུའི་དུས་སུ་གཏོགས་ཏེ་ཚས?་མའི་ཡན་ལག་གོ་།རྣམ་པར ་ཤེས་པ་དང། མིང་དང། གཟུགས་དང། སྐྱེ་མཆེད་དྲུག་དང། རེག་པ་དང། ཚོར་བ་ནི་འབྲས་བུའི་དུས་ཏེ་ཚེ་སྔ་མས་བསྐྱེད་པས་ཚེ་འདིའི་ཡན་ལག་གོ་།སྲིད་པ་དང་ལེན་པ་དང། སྲིད་པ་ནི་རྒྱུའི་དུས་ཏེ། ཚེ་འདིའི་ཡན་ལག་ལ་ཚེ་ཕྱི་མའི་རྒྱུར ་འགྱུར་པའོ། །སྐྱེ་བ་དང་རྒ་ཤི་ནི་འབྲས་བུའི་དུས་ཏེ། ཚེ་ཕྱི་མའི་ཡན་ལག་ལ་ཚེ་འདིའི་རྒྱུར་བསྐྱེད་པའོ། །ཡང་ན་ཡན་ལག་བཅུ་གཉིས་སྡུག་བསྔལ་རྣམ་པ་ལྔའི་གནས་སུ་གྱུར་པ་སྟེ། སྡུག་བསྔལ་རྣམ་པ་ལྔ་ནི། འདུ་བྱེད་ཀྱི་དུས་ཀྱི ་སྡུག་བསྔལ་གྱི་གནས་དང། མངལ་གྱི་དུས་ཀྱི་སྡུག་བསྔལ་གྱི་གནས་དང། ཡུལ་ལ་འཇུག་པའི་དུས་ཀྱི་སྡུག་བསྔལ་གྱི་གནས་དང། སྡུག་བསྔལ་རབ་ཏུ་འབྱུང་བའི་དུས་ཀྱི་སྡུག་བསྔལ་གྱི་གནས་དང། སྡུག་བསྔལ་རྒྱུན་མི་འཆད ་པར་འབྱུང་བའི་སྡུག་བསྔལ་གྱིས་གནས་སོ། །དེ་ལ་མ་རིག་པ་དང། འདུ་བྱེད་གཉིས་ནི་བྱེད་པའི་དུས་ཀྱི་སྡུག་བསྔལ་གྱི་གནས་ཞེས་བྱ་སྟེ། མ་རིགས་པའི་དབང་གིས་ལས་མངོན་པར་འདུ་བྱེད་པ་ན་ཡང་བསད་པ་དང། གཅད ་པ་དང་གྲང་བ་དང་ཚ་བ་ལ་སོགས་པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་འབྱུང་བའི་ཕྱིར་རོ། །རྣམ་པར་ཤེས་པ་དང། མིང་དང། གཟུགས་གཉིས་ནི་མངལ་གྱི་དུས་ཀྱི་སྡུག་བསྔལ་གྱི་གནས་ཞེས་བྱ་སྟེ། རྣམ་པར་ཤེས་པ་མའི་མངལ ་དུ་འཕོས་ནས་མིང་དང་གཟུགས་ཀྱི་མཚན་ཉིད་དུ་གནས་པའི་ཚེ་ན་ཡང་ཞུ་བ་དང་མ་ཞུ་བའི་གནས་ཀྱི་བར་རིས་བཙིར་བ་དང། འདུ་བའི་སྡུག་བསྔལ་ལ་སོགས་པ་རྒྱུན་ཏུ་འབྱུང་བའི་ཕྱིར་རོ། །སྐྱེ་མཆེད་དྲུག་དང། རེག་པ་དང། ཚོར་པ་གསུམ་ནི ་ཡུལ་ལ་འཇུག་པའི་དུས་ཀྱི་སྡུག་བསྔལ་གྱི་གནས་ཞེས་བྱ་སྟེ། དེའི་དུས་ན་ཡང་མི་མཛེར་བ་དང་ཕྲད་པ་དང་མཛའ་བ་དང་བྲལ་བ་དང། འདོད་པ་མི་རྙེད་པ་ལ་སོགས་པའི་སྡུག་བསྔལ་རྟག་ཏུ་མྱོང་བའི་ཕྱིར་རོ། །སྲེད་པ་དང། ལེན་པ་དང། སྲིད་པ་གསུམ ་ནི་སྡུག་བསྔལ་རབ་ཏུ་འབྱུང་བའི་དུས་ཀྱི་སྡུག་བསྔལ་གྱི་གནས་ཞེས་བྱ་སྟེ། སྲེད་པའི་དབང་གིས་འདོད་པ་ཀུན་ཏུ་ཚོལ་པ་ན་ཡང་ནོར་ཟས?་ལ་སོགས་པ་མི་རྙེད་པའི་སྡུག་བསྔལ་དང། རྙེད་ན་བསྲུང་དཀའ་བའི་སྡུག་བསྔལ་དང་བསྲུངས་ཏེ་སྟོང ་བར་གྱུར་ན། མྱ་ངན་གྱི་སྡུག་བསྔལ་ལ་སོགས་པ་རྒྱུན་ཏུ་མྱོང་ཞིང་སྐྱེ་བ་དང། རྒ་བ་ལ་སོགས་པའི་སྡུག་བསྔལ་གཞན་གྱི་རྒྱུ་ཡང་བྱེད་པའི་ཕྱིར་རོ། །སྐྱེ་བ་དང། རྒ་ཤི་གཉིས་ནི་སྡུག་བསྔལ་གྱི་རྒྱུན་མི་འཆད་པར་འབྱུང་བའི་དུས་ཀྱི་སྡུག་བསྔལ་གྱི་གནས་ཞེས་བྱ་སྟེ། ་སྐྱེ་བ་ནས་འཆི་བའི་བར་དུ་ན་བ་དང། བགྲེས་པ་དང། སྐོམ་པ་ལ་སོགས་པ་ནས་ཕུང་པོ་རྙིངས་པ་དང། ཚེའི་འདུ་བྱེད་རྒྱུན་ཆད་པའི་སྡུག་བསྔལ་རྟེག་ཏུ་འབྱུང་བའི་ཕྱིར་རོ། །ཇི་ལྟར་དོན་གྱིས་ཤེ་ན། བྱེད་པོ་མེད་པའི་དོན་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་དོན ་དང། རྒྱུ་དང་བཅས་པའི་དོན་དང། སེམས་ཅན་གྱི་དབང་གི་དོན་དང། གཞན་གྱི་དབང་གི་དོན་དང། གཡོ་བ་མེད་པའི་དོན་དང། མི་རྟག་པའི་དོན་དང། སྐད་ཅིག་མའི་དོན་དང། རྒྱུ་དང་འབྲས་བུ་རྒྱུན་མི་འཆད་པའི་དོན་དང་རྒྱུ་དང་འབྲས་བུ་རྗེས་སུ་མཐུན ་པར་ཡོངས་སུ་འཛིན་པའི་དོན་དང། རྒྱུ་དང་འབྲས་བུ་སྣ་ཚོགས་ཀྱི་དོན་དང། རྒྱུ་དང་འབྲས་བུ་སོ་སོར་ངེས་པའི་དོན་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་དོན་ཏོ། །དེ་ལ་བྱེད་པ་མེད་པའི་དོན་ནི་ཆོས་ཐམས་ཅད་ལ་དབང་ཕྱུག་ལ་སོགས་པའི་སྐྱེད་པ་པོ་མེད་ཅིང་བྱེད་པ་པོས ་མ་བྱས་པའི་ཕྱིར་རོ། །རྒྱུ་དང་བཅས་པའི་དོན་ནི་མ་རིག་པའི་རྒྱུ་ལས་འདུ་བྱེད་འབྱུང་བས་ན་སྐྱེ་བའི་རྒྱུ་ལས་རྒ་ཤི་འབྱུང་བའི་ཕྱིར་རོ། །སེམས་ཅན་མེད་པའི་དོན་མ་རིག་པ་ལ་སོགས་པ་ཡང་མུ་སྟེགས་ཀྱི་བརྟགས་པའི་བདག་གི་རང་བཞིན་མ་ཡིན་པའི་ཕྱིར ་གཞན་གྱི་དབང་གི་དོན་ནི་མ་རིག་པ་ལ་སོགས་པ་རང་ཉིད་སྐྱེ་མི་ནུས་ཀྱི། རྒྱུ་རྐྱེན་གྱི་མཐུ་ལས་འབྱུང་བའི་ཕྱིར་རོ། །གཡོ་བ་མེད་པའི་དོན་ནི་མ་རིག་པ་ཡང་འདི་ལྟར་བདག་གིས་འདུ་བྱེད་བསྐྱེད་དོ་སྙམ་དུ་མི་སེམས་ལ། འདུ་བྱེད་ཀྱང ་འདི་ལྟར་བདག་ནི་མ་རིག་པ་ལས་སྐྱེས་སྙམ་དུ་མི་སེམས་པའི་ཕྱིར་རོ། །མི་རྟག་པའི་དོན་ནི་མ་རིག་པ་ལ་སོགས་པ་ཐེར་ཟུག་གི་ཆོས་མ་ཡིན་པའི་ཕྱིར་རོ། །སྐད་ཅིག་མའི་དོན་ནི་སྐྱེས་ནས་སྐད་ཅིག་མ་གཉིས་སུ་མི་སྡོང་པར་འཇིག་པའི་ཕྱིར་རོ། །རྒྱུ་དང་འབྲས ་བུ་རྒྱུན་མི་འཆད་པའི་དོན་ནི་སྲད་མདེའི?་མཐོན་དམན་བཞིན་དུ་རྒྱུའི་སྐད་ཅིག་མ་འགགས་པ་དང་མགོ་མཉམ་དུ་འབྲས་བུའི་སྐད་ཅིག་མ་འབྱུང་བའི་ཕྱིར་རོ། །རྒྱུ་དང་འབྲས་བུ་རྗེས་སུ་མཐུན་པའི་དོན་ནི་ཐམས་ཅད་མི་འབྱུང་སྟེ། དཔེར་ན་ནས་ཀྱི་ས་བོན་ལས་ནས ་ཀྱི་མྱུ་གུ་འབྱུང་གི་།གྲོ་ལ་སོགས་པའི་མྱུ་གུ་མི་འབྱུང་བ་དང། སྦྱིན་པ་ལས་ལོངས་སྤྱོད་ཆེན་པོར་འགྱུར་གྱི། གཞན་དུ་མ་ཡིན་པ་ལ་སོགས་པ་ལྟ་བུའོ། །རྒྱུ་དང་འབྲས་བུ་སྣ་ཚོགས་པའི་དོན་ནི་རྒྱུ་མང་པོ་ལས་འབྲས་བུ་ཡང་རྣམ་པ་མང་པོ་འབྱུང་སྟེ། ་དཔེར་ན་ནས་ལས་ནས་དང། གྲོ་ལས་གྲོ་དང། སྦྱིན་པ་ལས་ལོངས་སྤྱོད་དང། ཚུལ་ཁྲིམས་ལས་མཐོ་རིས་འབྱུང་ངོ་ཞེས་བྱ་བ་ལྟ་བུའོ། །རྒྱུ་དང་འབྲས་བུ་སོ་སོར་ངེས་པའི་དོན་ནི། མི་དགེ་བ་ལས་ཀྱང་འབྲས་བུ་རྣམ་པར་སྨིན་པ་མི་བདེ་བ་འབྱུང་བ་དང། དགེ་བ ་ལས་ཀྱང་འབྲས་བུ་རྣམ་པར་སྨིན་པ་བདེ་བ་འབྱུང་བར་ངེས་པའོ། །ཇི་ལྟར་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་ཅེ་ན། རྒྱུ་ཟབ་པ་དང། མཚན་ཉིད་ཟབ་པ་དང། སྐྱེ་བ་ཟབ་པ་དང། གནས་ཟབ་པ་དང། འཇུག་པ་ཟབ་པས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཟབ་པར ་རིག་པར་བྱའོ། །དེ་ལ་རྒྱུ་ཟབ་པ་ནི་མི་མཐུན་པའི་རྒྱུ་མེད་པར་སྨྲ་བའི་གཉེན་པོ་རྣམ་པ་གཉིས་ཀྱིས་བསྟན་ཏེ། བྱེད་པ་པོ་མེད་པའི་དོན་དང། རྒྱུ་དང་བཅས་པའི་དོན་གྱིས་སོ། །དེ་ལ་དབང་ཕྱུག་ལ་སོགས་པ་མི་མཐུན་པའི་རྒྱུ་ལས་སྐྱེ་པར་སྨྲ ་བའི་གཉེན་པོར་བྱེད་པ་པོ་མེད་པའི་དོན་བསྟན་ཏོ། །རྒྱུ་མེད་པ་ལས་སྐྱེ་བར་སྨྲ་བའི་གཉེན་པོར་རྒྱུ་དང་བཅས་པའི་དོན་བསྟན་ཏོ། །མཚན་ཉིད་ཟབ་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཐམས་ཅད་བདག་མེད་པའི་ཕྱིར་ཏེ། དེ་ཡང་སེམས་ཅན་མེད་པ་ཞེས ་བྱ་བའི་དོན་གཅིག་གིས་བསྟན་ཏོ། །སྐྱེ་བ་ཟབ་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་དེ་དག་རྐྱེན་ལས་སྐྱེ་ལ་འོན་ཀྱང་རྒྱུ་ནི་འབྲས་བུའི་བྱེད་པ་པོ་མ་ཡིན་པའི་ཕྱིར་ཏེ། དེ་ཡང་སེམས་ཀྱི་དབང་གིས་དོན་དང་གཡོ་བ་མོད་པའི་དོན་གཉིས་ཀྱིས་བསྟན ་ཏོ། །དེ་ལ་རྐྱེན་རྣམས་ཀྱི་དབང་ལས་འབྲས་བུ་སྐྱེ་པས་ན་གཞན་གྱི་དབང་གི་དོན་ཏོ། །འོན་ཀྱང་རྐྱེན་རྣམས་བྱེད་པ་པོ་མ་ཡིན་ཞིང་བདག་གིས་སྐྱེད་པར་བྱེད་སྙམ་དུ་སེམས་པ་མེད་པའི་ཕྱིར་ཏེ། གཡོ་བ་མེད་པའི་དོན་ཏོ། །གནས་ཟབ་པ་ནི་མི་གནས་པའི ་ཆོས་རྣམས་ཀྱང་གནས་པར་སྣང་བའི་ཕྱིར་ཏེ། དེ་ཡང་མི་རྟག་པའི་དོན་དང་སྐད་ཅིག་མའི་དོན་གྱིས་བསྟན་ཏེ། ཐེར་ཟུག་མ་ཡིན་ཞིང་སྐད་ཅིག་མ་རེ་རེ་ལ་འཇིག་ཀྱང་གནས་པ་འདྲ་བར་སྣང་བའི་ཕྱིར་རོ། །འཇུག་པ་ཟབ་པ་ནི་རྒྱུ་དང་འབྲས ་བུ་རྒྱུན་མི་འཆད་པར་འབྱུང་བ་ཤེས་པར་དཀའ་བའི་ཕྱིར་རོ། །དེ་ཡང་རྒྱུ་དང་འབྲས་བུ་རྒྱུན་མི་འཆད་པའི་དོན་དང། རྒྱུ་དང་འབྲས་བུ་མཐུན་པ་ཡོངས་སུ་འཛིན་པའི་དོན་དང། རྒྱུ་དང་འབྲས་བུ་སྣ་ཚོགས་ཀྱི་དོན་དང། རྒྱུ་དང་འབྲས་བུ་སོ་སོར་ངེས་པའི ་དོན་ཏོ། །རྣམ་པ་བཞིས་བསྟན་ཏོ། །རབ་ཏུ་དབྱེ་བ་ནི་རྣམ་པ་བཅུར་རིག་པར་བྱ་སྟེ། རྣམ་པར་ཤེས་པའི་སྐྱེ་བ་རབ་ཏུ་དབྱེ་བ་དང། སྐྱེ་བ་དང་འཆི་བ་རབ་ཏུ་དབྱེ་བ་དང། ཕྱིའི་འབྲུ་ལ་སོགས་པ་སྐྱེས་རབ་ཏུ་དབྱེ་བ་དང། འབྱུང་བ་དང། འཇིག་པ་རབ ་ཏུ་དབྱེ་བ་དང། ཁ་ཟས་ཀྱི་བསྟན་པ་རབ་ཏུ་དབྱེ་བ་དང། ཡིད་དུ་འོང་བ་དང། མི་འོང་པའི་འགྲོ་བ་རབ་ཏུ་དབྱེ་བ་དང། རྣམ་པར་དག་པ་རབ་ཏུ་དབྱེ་བ་དང། མཐུ་རབ་ཏུ་དབྱེ་བའོ། །དེ་ལ་རྣམ་པར་ཤེས་པ་སྐྱེ་བ་རབ་ཏུ་དབྱེ་བ་ནི་མིག་དང། གཟུགས ་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ངོ་ཞེས་བྱ་བ་ལ་སོགས་པའོ། །སྐྱེ་བ་དང་འཆི་བ་རབ་ཏུ་དབྱེ་བ་ནི་སེམས་ཅན་གྱི་འཇིག་རྟེན་གྱི་དབང་དུ་བྱས་ནས་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ནས་སྐྱེ་པའི་རྐྱེན་གྱིས་རྒ ་ཤི་ཞེས་བྱ་བའི་བར་དུ་དགོ་།ཕྱིའི་འབྲུལ་སོགས་པ་སྐྱེ་བ་རབ་ཏུ་དབྱེ་བ་ནི་ས་བོན་གྱི་རྐྱེན་གྱིས་མྱུ་གུ་ཞེས་བྱ་བ་ནས་མེ་ཏོག་གི་རྐྱེན་གྱིས་འབྲས་བུ་ཞེས་བྱ་བའི་བར་དགོ་།འབྱུང་བ་དང། འཇིག་པ་རབ་ཏུ་དབྱེ་བ་ནི་སེམས་ཅན་གྱི་ལས་ཐུན་མོང་གི ་དབང་ལ་བརྟེན་ནས། རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་ཆུའི་དཀྱིལ་འཁོར་དང། དེའི་སྟེང་དུ་གསེར་གྱི་དཀྱིལ་འཁོར་དང་ཞེས་བྱ་བ་ལ་སོགས་པའོ། །ཁ་ཟས་ཀྱི་བསྟན་པས་རབ་ཏུ་དབྱེ་བ་ནི་ཟས་རྣམ་པ་བཞི་ལ་བརྟེན་ནས་ཁམས་གསུམ་གྱི་སེམས ་ཅན་རྣམས་གནས་པར་གྱུར་པ་སྟེ། ཟས་བཞི་ནི་ཁམ་གྱི་བཟའ་བའི་ཟས་དང། རེག་པའི་ཟས་དང་ཡིད་ལ་བྱེད་པའི་ཟས་དང། བསམ་གཏན་གྱི་ཟས་སོ། །དེ་ལ་འདོད་པའི་ཁམས་ན་མི་དང་བྱོལ་སོང་དང་ཡི་དགས་ལ་སོགས་པ་ཕལ་ཆེར་ཁམ་གྱི ་ཟས་ལ་བརྟེན་ཏོ། །བྱོལ་སོང་བྱ་ལ་སོགས་པའི་སྒོ་ང་དང་བྱེའུ་ཕྲུག་གི་དུས་ན་ཕ་མའི་དྲོད་ཀྱིས་རེག་པའི་ཟས་ལ་བརྟེན་ཏོ། །ཡིད་ལ་བྱེད་པའི་ཟས་ནི་སེམས་ཅན་ལས་ཁ་ཅིག་ཟས་ཡིད་ལ་བྱེད་པ་དང་མ་བྲལ་གྱི་བར་དུ་མི་འཆི་བ་ཡོད་དོ། །དཔེར ་ན་སྔོན་ལོ་ཉེས་ཆེན་པོ་ཞིག་བྱུང་བའི་དུས་ན་ཕ་མས་བུའི་མདུན་དུ་ཐལ་བའི་ཕུར་མ་ཅིག་གནས་ལ་བཏགས་ནས་འདི་ན་ཕྱེ་ཡོད་ཀྱིས་སླར་འོངས་ནས་སྦྱིན་ནོ་ཞེས་བྱ་སྟེ་སོང་བ་ལས། ཟླ་བ་དྲུག་གི་བར་དུ་མ་ཤི་སྟེ། ཕྱིས་བཀྲོལ་ནས་བལྟས་པ་ན་ཐལ ་བར་གྱུར་པ་མཐོང་ནས་ཤི་བར་གྱུར་པ་ལྟ་བུའོ། །བསམ་གཏན་གྱི་ཟས་ནི་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་སེམས་ཅན་རྣམས་ཁ་ཟས་ལ་བརྟེན་པ་མེད་ཀྱང། བསམ་གཏན་གྱི་རོའི་མཐུས་བསྐལ་པ་དུ་མར་གནས་པའོ། །ཡིད་འོང་བ་དང་མི ་འོང་བའི་འགྲོ་བ་རབ་ཏུ་དབྱེ་བ་ནི་ལས་ལེགས་པ་བྱས་པ་ལ་བརྟེན་ནས་བདེ་འགྲོར་སྐྱེ་བ་དང། ལས་ཉེས་པ་བྱས་པ་ལ་བརྟེན་ནས། ངན་འགྲོར་སྐྱེ་བའོ། །རྣམ་པར་དག་པ་རབ་ཏུ་དབྱེ་བ་ནི་གཞན་གྱིས་བཤད་པའི་སྒྲ་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ ་འབྱུང་བ་དང། ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྟེན་ནས་ཐར་པའི་ཆར་གཏོགས་པའི་དགེ་བའི་རྩ་བ་འབྱུང་བ་དང། ཐར་པའི་ཆར་གཏོགས་པའི་དགེ་བའི་རྩ་བ་ལས་ངེས་པར་འབྱེད་པའི་ཕྱོགས་བཞི་སྐྱེ་བ་དང། དེ་ལ་བརྟེན་ནས་མཐོང་བའི་ལམ་འབྱུང ་བ་དང་དེས་བརྟེན་ནས་བསྒོམ་པའི་ལམ་དང། བསྒོམ་པའི་ལམ་ལས་དགྲ་བཅོམ་པའི་འབྲས་བུ་འཐོབ་པའོ། །མཐུ་རབ་ཏུ་དབྱེ་བ་ནི་འཕགས་པའི་བདེན་པ་རྟོགས་པ་དང། ཏིང་ངེ་འཛིན་ལ་བརྟེན་ནས་མངོན་པར་ཤེས་པ་དྲུག་ལ་སོགས་པ་འབྱུང་བ་དང། ་མཛའ་དག་སྐྱེ་མཆེད་ལ་སོགས་པ་འབྱུང་བའོ། །ཇི་ལྟར་ན་ལུགས་བཞིན་དང་ལུགས་ལས་བཟློག་པར་བལྟ་ཞེ་ན། དེ་ལ་ལུགས་བཞིན་པ་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་ཏེ། དེ་ཡང་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ནས། སྐྱེ་བའི་རྐྱེན་གྱིས ་རྒ་ཤི་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་འཕགས་པའི་བདེན་པ་བཞི་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་པ་ནི་མ་རིག་པའོ། །ཡང་ན་མི་རྟགས་པ་དང། སྡུག་བསྔལ་བ་དང། མི་གཙང་བ་དང་བདག་མེད་པར་ཡོད་པའི་དངོས་པོ་ནི་མི་མཐོང་གི་།རྟག ་པ་དང། བདེ་བ་དང་གཅང་བ་དང། བདག་ཅེས་བྱ་བ་མེད་པའི་དངོས་པོ་ཡོད་པར་མཐོང་བས་དེ་ནི་མ་རིག་པ་ཞེས་བྱའོ། །མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ལ་འདུ་བྱེད་རྣམ་པ་གསུམ་སྟེ། བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་འདུ་བྱེད་དང། ་བསོད་ནམས་སུ་ཉེ་བར་འགྲོ་བའི་འདུ་བྱེད་དང། མི་གཡོ་བར་ཉེ་བར་འགྲོ་བའི་འདུ་བྱེད་དོ། །དེ་ལ་ཚེ་འདིར་བདེ་བར་བྱའོ་ཞེས་ཚེ་འདིའི་འདོད་པ་ལྔའི་ཡོན་ཏན་ལ་མངོན་པར་ཆགས་པས། ཚེ་རབས་གཞན་གྱི་ལས་ཀྱི་འབྲས་བུ་ལ་རྨོངས་ནས་འདོད་པའི ་ཁམས་སུ་ངན་སོང་གསུམ་དུ་སྐྱེ་བར་བྱེད་པའི་ལས་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་ལ་སོགས་པའི་མི་དགེ་བ་བཅུ་ནི་བསོད་ནམས་མ་ཡིན་པར་འགྲོ་བའི་འདུ་བྱེད་ཅེས་བྱའོ། །ཚེ་རབས་གཞན་དུ་ལྷ་དང་མིའི་བདེ་བ་ལ ་མངོན་པར་ཆགས་ནས་དགེ་བ་བཅུའི་ལས་ཀྱི་ལྷ་དང་མིར་སྐྱེའོ་ཞེས་ཁོང་དུ་ཆུད་དེ། །འདོད་པའི་ཁམས་ཀྱི་ལྷར་སྐྱེ་བར་བྱེད་པའི་ལས་སྲོག་མི་གཅོད་པ་དང། མ་བྱིན་པར་མི་ལེན་པ་ལ་སོགས་པ་དགེ་བ་བཅུའི་ལས་ཀྱི་ལམ་ནི་བསོད་ནམས་སུ་ཉེ ་བར་འགྲོ་བའི་འདུ་བྱེད་ཅེས་བྱའོ། །ཚེ་རབས་གཞན་དུ་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་རོལ་ཆགས་པས་སེམས་རྩེ་གཅིག་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་མ་འོངས་པ་ན་གཟུགས་དང་གཟུགས་མེད་པའི་ཁམས་སུ་སྐྱེ་བར་བྱེད་པ ་ནི་མི་གཡོ་བར་འགྲོ་བའི་དུ་བྱེད་ཅེས་བྱའོ། །དེ་ལ་ལས་རྣམ་པ་གསུམ་ནི་འབྲས་བུ་རྣམ་པ་བཞིས་སྤོང་སྟེ། འབྲས་བུ་བཞི་ལ་རྒྱུན་ཏུ་ཞུགས་པའི་འབྲས་བུ་དང། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང། ཕྱིར་མི་འོང་བའི་འབྲས་བུ་དང། དགྲ་བཅོམ ་པའི་འབྲས་བུའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུས་ནི་བསོད་ནམས་མ་ཡིན་པ་ཉེ་བར་འགྲོ་བའི་འདུ་བྱེད་སྤོང་སྟེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་ན་ངན་སོང་གསུམ་དུ་སྐྱེ་བའི་སྐལ་པ་མེད་པའི་ཕྱིར་རོ། །ལན་ཅིག་ཕྱིར་འོང་བ་དང། ཕྱིར་མི་འོང་པའི ་འབྲས་བུས་ནི་བསོད་ནམས་སུ་ཉེ་བར་འགྲོ་བའི་འདུ་བྱེད་སྤོང་བར་བྱེད་དེ། །ལན་ཅིག་ཕྱིར་འོང་བས་ནི་འདོད་པའི་ཁམས་ཀྱི་ལྷ་དང་མིར་སྐྱེ་བར་བྱེད་པའི་ལས་སྤོང་བར་བྱེད་ལ། ཕྱིར་མི་འོང་བས་ནི་འདོད་པའི་ཁམས་སུ་སྐྱེ་བའི་ལས་སྤངས་ནས་སླར་འདོད ་པའི་ཁམས་སུ་མི་སྐྱེ་བའི་ཕྱིར། ཕྱིར་མི་འོང་བ་ཞེས་བྱའོ། །དགྲ་བཅོམ་པའི་འབྲས་བུ་ནི་མི་གཡོ་བར་ཉེ་བར་འགྲོ་བའི་འདུ་བྱེད་སྤོང་བར་བྱེད། སྲིད་པའི་རྩེ་མོ་མན་ཆད་ཀྱི་བསམ་གཏན་ལ་ཆགས་པའི་ལས་ཀྱི་བག་ལ་ཉལ་སྤངས་ནས་དགྲ་བཅོམ ་པའི་འབྲས་བུ་འཐོབ་པའི་ཕྱིར་རོ། །དེ་ལ་མ་རིག་པ་ཡོད་ན་ལས་རྣམ་པ་གསུམ་མངོན་པར་འདུ་བྱེད་པས་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱའོ། །མ་རིགས་པ་ཡང་རྒྱུའི་རྐྱེན་དང་དེ་མ་ཐག་པའི་རྐྱེན་དང་བདག་པོའི་རྐྱེན་གྱིས་འདུ་བྱེད་ཀྱི་རྐྱེན ་དུ་འགྱུར་ཏེ། ཡན་ལག་ལྷག་མ་རྣམས་ལ་ཡང་སྔ་མའི་རྣམས་རྐྱེན་བཞིས་ཕྱི་མའི་རྐྱེན་བྱེད་པར་ཤེས་པར་བྱེད་དེ། རྐྱེན་བཞིས་ཇི་ལྟར་རྐྱེན་དུ་འགྱུར་བ་ནི་སྔར་བཤད་པ་བཞིན་དུ་ལྟའོ། །དེ་ལྟར་ལས་རྣམ་པ་གསུམ་མངོན་པར་འདུས་བྱས་ན། ་མའི་མངལ་ལ་སོགས་པའི་སྐྱེ་གནས་སུ་ཡིད་ཀྱི་རྣམ་པར་ཤེས་པ་དང་པོ་ཞུགས་ནས་བརྒྱལ་པ་ནི། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱའོ། །དེ་ལྟར་སྐད་ཅིག་མ་དང་པོ་ལ་ཡིད་ཀྱི་རྣམ་པར་ཤེས་པ་མའི་མངལ་དུ་བརྒྱལ་ནས། སྐད ་ཅིག་མ་གཉིས་པ་ཕན་ཆད་ཕ་མའི་ཁྲག་དང་ཁུ་བ་ལ་སོགས་པ་འདྲེས་ཏེ་ནུར་ནུར་པོ་དང་མེར་མེར་པོའི་དུས་ན་ནི་མིང་དང་གཟུགས་ཞེས་བྱའོ། །དེས་ཚོར་བ་དང་འདུ་ཤེས་པ་དང། འདུ་བྱེད་དང་རྣམ་པར་ཤེས་པ་སྟེ། གཟུགས་མེད་པའི ་ཕུང་པོ་བཞིན་མ་ངེས་སོ། །ནུར་ནུར་པོ་དང་མེར་མེར་པོའི་དུས་ན་ནི་གཟུགས་སོ། །དེ་ནས་ནུར་ནུར་པོ་དང་མེར་མེར་པོ་ལས་འདས་ནས་མའི་མངལ་ན་མིང་དང། རྣ་བ་ལ་སོགས་པའི་དབང་པོ་དོང་ནས་དབང་པོ་དྲུག་སོ་སོར་དོང་པར་གྱུར་པ་ནི། མིང་དང ་གཟུགས་ཀྱི་རྐྱེན་གྱིས་དྲུག་གི་སྐྱེ་མཆེད་ཅེས་བྱའོ། །དེ་ནས་དབང་པོ་དོང་ནས་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་དུས་གཅིག་ཏུ་ཕྲད་པར་གྱུར་ན་ནི། སྐྱེ་མཆེ་དྲུག་གི་རྐྱེན་གྱིས་རེག་པ་ཞེས་བྱའོ། །དེ་ནས་ཡུལ་ཡིད་དུ་འོང་པ་དང་ཕྲད་ལུས་དང ་སེམས་སིམ་པར་གྱུར་པའི་ཚོར་བ་བདེ་བ་དང། ཡུལ་ཡིད་དུ་མི་འོང་བ་དང་ཕྲད་དེ་ལུས་དང་སེམས་གདུང་བར་གྱུར་པའི་ཚོར་བ་སྡུག་བསྔལ་བ་དང། ཡུལ་ཡིད་དུ་འོང་བ་ཡང་མ་ཡིན་ཡིད་དུ་མི་འོང་བ་ཡང་མ་ཡིན་པ་དང། ཕྲད་དེ་ལུས་སེམས་སིམ ་པ་ཡང་མེད་གདུང་བ་ཡང་མེད་པའི་ཚོར་བ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་སྐྱེད་པ་ནི་རེག་པའི་རྐྱེན་གྱི་ཚོར་བ་ཞེས་བྱའོ། །དེ་ལྟར་ཚོར་བར་གྱུར་ནས་ཚོར་བ་བདེ་བ་དང་ནི་ཕྲད་པར་ཆགས། སྡུག་བསྔལ་བ་དང་ནི ་བྲལ་བར་ཆགས་པ་སྐྱེ་སྟེ། དེ་ནི་ཚོར་བའི་རྐྱེན་གྱིས་སྲིད་པ་ཞེས་བྱའོ། །དེ་ལྟར་སྲེད་པ་ཡོད་པ་ལས་ཚོར་བ་བདེ་བའི་ཡོ་བྱད་དུ་གྱུར་པ་རྣམས་ནི་ལེན་པར་བྱེད་དེ་དེ་ནི། སྲིད་པའི་རྐྱེན་གྱིས་ལེན་པ་ཞེས་བྱའོ། །དེ་ལྟར་ཉོན་མོངས་པའི་ཚོགས་སྲེད་པ ་དང། ལེན་པ་ལ་སོགས་པ་ཡོད་ན་ལས་དགེ་བ་དང་མི་དགེ་བ་མངོན་པར་འདུ་བྱེད་དེ། དེ་ནི་ལེན་པའི་རྐྱེན་གྱིས་སྲེད་པར་ཞེས་བྱའོ། །དེ་ལར་ལས་དང་ཉོན་མོངས་པ་ཡོད་ན་སྐྱེ་གནས་དེ་དང་དེ་དག་ཏུ་ཡིད་ཀྱི་རྣམ་པར་ཤེས་པ་འཕོས་ཤིང་ཕུང་པོ་དང ་ཁམས་དང། སྐྱེ་མཆེད་ལ་སོགས་པ་འབྱུང་བར་གྱུར་པ་ནི། སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱའོ། །དེ་ལྟར་སྐྱེས་པར་གྱུར་ན་ཤིང་སྐྱེས་པ་མེས་ཚིག་པ་དང་ཆུས་ཁྱེར་བ་བཞིན་དུ་ཕུང་པོ་རྙིང་པའི་མཚན་ཉིད་རྒ་བ་དང་ཚེའི་འདུ་བྱེད་རྒྱུན་ཆད་པའི་མཚན ་ཉིད་ཤི་བ་འབྱུང་སྟེ། དེ་ནི་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱའོ། །མྱ་ངན་དང་སྨྲེ་སྔགས་འདོན་བ་ལ་སོགས་པ་ནི་རྒ་ཤིའི་ཡན་ལག་དུ་བསྡུ་བས། མ་རིགས་པའི་རྐྱེན་གྱིས་འདུ་བྱེད་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤིའི་བར་དུ་རྟེན་ཅིང་འབྲེལ་ཏེ་འབྱུང་བ ་ཡན་ལག་བཅུ་གཉིས་སུ་ཟད་དོ། །དེ་ལ་རྒ་བ་རྣམ་པ་གཉིས་ཏེ། རྟེན་ཉམས་པ་དང། བརྟེན་པ་ཉམས་པའོ། །རྟེན་ཉམས་པ་ནི་གཟུགས་ཀྱི་ཕུང་པོར་གཏོགས་པའི་འབྱུང་བ་ཆེན་པོ་བཞི་ཉམས་པས་གཉེར་མ་དང་སྐྲ་དཀར་ལ་སོགས་པ་འབྱུང་བ་དང ་ལྡང་བ་དང་འདུག་པ་ལ་ལུས་ལྕི་བར་གྱུར་པའོ། །བརྟེན་པ་ཉམས་པ་ནི་དེ་ལྟར་དབང་པོ་རྣམས་ཉམས་པས་དེ་ལ་བརྟེན་པའི་རྣམ་པར་ཤེས་པ་རྣམས་ཀྱང་གཟུགས་དང་སྒྲ་ལ་སོགས་པ་མི་གསལ་བར་མཐོང་ཞིང་ཐོས་པ་དང་སྔོན་བྱས་ཤིང ་སྨྲས་པ་རྣམས་བརྗེད་པར་གྱུར་པའོ། །འཆི་བ་ལ་རྣམ་པ་གཉིས་ཏེ་དུས་སུ་ཤི་བ་དང། དུས་མ་ཡིན་པར་ཤི་བའོ། །དེ་ལ་དུས་སུ་ཤི་བ་ནི་ཚེ་འདིར་གནས་པའི་ཚེ་འདུ་བྱེད་ལས་ཀྱི་ཤུགས་ཟད་པར་གྱུར་ནས། དྲོད་དང་རྣམ་པར་ཤེས་པ་དང། ཚེས་ལུས ་བཏང་བར་བར་གྱུར་བའོ། །དུས་མ་ཡིན་པར་ཤི་བ་ནི། །གཞན་གྱི་མཚོན་དང། དབྱིག་པ་ལ་སོགས་པས་ཕོག་ནས་གློ་བུར་དུ་ཤི་བ་འམ། སྡིག་པའི་ཆོས་ལ་བརྐམ་པས་ལྷམ་ཡིན་ལ་སོགས་པས་བྱིན་གྱིས་བརླབས་ནས་གློ་བུར་དུ་བསད་པ་ནི་དུས་མ ་ཡིན་པར་འཆི་བའོ། །མཛའ་བ་དང་བྲལ་བ་དང་མི་མཛའ་དང་ཕྲད་པ་ལས་སྐྱེས་པའི་སེམས་ཀྱིས་གདུང་བ་ནི་མྱ་ངན་ནོ། །མྱ་ངན་གྱི་རྒྱུ་ལས་སྐྱེས་པའི་ཚིག་ཏུ་སྨྲ་བ་ནི་སྨྲེ་སྔགས་འདོན་པའོ། །འབྱུང་བ་ཆེན་པོ་རྣམས་འཁྲུགས་ནས་ལུས་ལ ་གནོད་པར་གྱུར་བ་ནི་སྡུག་བསྔལ་བའོ། །གང་དེའི་སེམས་ལ་གནོད་པ་འབྱུང་བ་ཡིན་སློང་པའོ། །དགྲ་ལ་སོགས་པ་གནོད་པ་བྱས་པ་དྲན་ནས་གནོད་པའི་ལན་མ་གླེན་ནི་སྙམ་ཏེ། ལུས་དང་སེམས་ལ་གནོད་པར་གྱུར་པ་ནི་འཁྲུག་པ་ཞེས་བྱའོ།། ་དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་ཀུན་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟར་ན་མ་རིག་པ་ནས་རྒ་ཤིའི་བར་དུ་སྡུག་བསྔལ་གྱི་ཚོགས་ཆེན་པོ་ཙམ་དུ་ཟད་དོ། །བདག་ལ་སོགས་པ་མོད་པ་ན། འབའ་ཞིག་ཀུན་འབྱུང ་པར་འགྱུར་རོ་ཞེས་གསུངས་སོ། །བརྒལ་བ་མ་རིག་པའི་རྒྱུ་མ་བསྟན་པས་འཁོར་བ་ཐོག་མ་ཡོད་པར་འགྱུར་བ་དང། རྒ་ཤིའི་འབྲས་བུ་མ་བསྟེན་པས། འཁོར་བ་ལ་ཐ་མ་ཡོད་པར་འགྱུར་རོ། །ཡང་ན་ཡན་ལག་གཞན་བཤད་པར་བྱ་དགོས་ཏེ། ་དེའི་ཡང་གཞན་དེའི་ཡང་གཞན་བརྗོད་དགོས་པས་ཐུགས་མེད་པའི་རྐྱེན་དུ་འགྱུར་པའི་ཕྱིར་ཡན་ལག་བཅུ་གཉིས་སུ་བརྗོད་དུ་ཡང་མི་རུང་ངོ། །སྨྲས་པ་འདི་ལྟར་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་ཏེ་འབྱུང་པ་འདི་ཉིད་དུ་ཐོག་མ་དང་ཐ་མ་མེད ་པའི་དོན་བསྟན་ཟིན་ཏེ། ཇི་ལྟར་ཞེ་ན་ཉོན་མོངས་པ་ལས་ཉོན་མོངས་པ་འབྱུང་སྟེ། སྲེད་པའི་རྐྱེན་གྱིས་ལེན་པ་འབྱུང་བ་དང་ཉོན་མོངས་པ་ལས་འབྱུང་སྟེ། མ་རིགས་པའི་རྐྱེན་གྱིས་འདུ་བྱེད་འབྱུང་བ་དང། ལེན་པའི་རྐྱེན་གྱིས ་སྲིད་པ་འབྱུང་བ་དང། ལས་ལས་སྡུག་བསྔལ་འབྱུང་སྟེ། འདུ་བྱེད་ཀྱི་རྐྱེན་གྱི་རྣམ་པར་ཤེས་པ་འབྱུང་བ་དང། སྲིད་པའི་རྐྱེན་གྱིས་སྐྱེ་བ་འབྱུང་བའི་ཕྱིར་རོ། །སྡུག་བསྔལ་ལས་སྡུག་བསྔལ་འབྱུང་སྟེ། རྣམ་པར་ཤེས་པ་ལས་མིང་དང་གཟུགས ་འབྱུང་བ་དང། སྐྱེ་མཆེད་དྲུག་ལས་རེག་པ་འབྱུང་བའི་ཕྱིར་རོ། །དངོས་པོ་ལས་ཀྱང་ཉོན་མོངས་པ་འབྱུང་སྟེ། ཚོར་བ་ལས་སྲེད་པ་སྐྱེ་བའི་ཕྱིར་རོ། །གང་གི་ཕྱིར་སྲིད་པའི་ཡན་ལག་གི་ཚུལ་དེ་ལྟ་བུར་བཅོམ་ལྡན་འདས་ཀྱིས་གསུངས ་པས་ན། དེའི་ཕྱིར་མ་རིག་པ་ཡང་ཉོན་མོངས་པ་འམ་དངོས་པོ་གཞན་ལས་འབྱུང་བའི་ཕྱིར་སྐྱེ་བ་ལ་ཐོག་མ་མེད་དོ། །རྒ་ཤིའི་དངོས་པོ་ལས་ཀྱང་ཉོན་མོངས་པ་འམ་དངོས་པོ་འབྱུང་བས་ན་ཐ་མ་ཡང་མེད་པ་ཡན་ལག་གཞན་ཡང ་བརྗོད་མི་དགོས་པར་གྲུབ་པའོ། །ཡོད་སྡེ་ཁ་ཅིག་ལས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་མ་རིག་པའི་རྒྱུ་ལས་མ་རིག་པ་ཡང་ཚུལ་བཞིན་མ་ཡིན་པའི་རྒྱུའོ་ཞེས་བཤད་པ་ཡང་གོང་དུ་ཉོན་མོངས་པ་ལས་ཉོན་མོངས་པ་འབྱུང་བ་དང་ལས་ལས ་ཉོན་མོངས་པ་འབྱུང་བ་ལ་སོགས་པར་བསྟན་པའི་ཚུལ་གྱི་ནང་དུ་འདུས་ཟིན་པས་ལོགས་ཤིན་ཏུ་མ་བཤད་དོ། །ཡང་ན་ཆོས་མངོན་པའི་གཙུག་ལག་ལས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་གང་ཞེ་ན། འདུས་བྱས་ཀྱི་ཆོས་ཐམས་ཅད་དོ་ཞེས་རྟེན་ཅིང་འབྲེལ་ཏེ ་འབྱུང་བ་སེམས་ཅན་དུ་སྟོན་པ་དང། སེམས་ཅན་མ་ཡིན་པར་སྟོན་པ་སྟེ་རྣམ་པ་གཉིས་སུ་བཤད་པ། མདོ་འདི་ལས་ཅིའི་ཕྱིར་སེམས་ཅན་དུ་སྟོན་པ་འབའ་ཞིག་བཤད། དེ་བཞིན་རུ་ཛྙཱ་ན་པྲ་སྟ་ནའི་གཙུག་ལག་ལས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་གཉིས ་སུ་བསྟན་ཏེ། རྒྱུན་གྱི་མཚན་ཉིད་དང་སྐད་ཅིག་མའི་མཚན་ཉིད། །དེ་ལ་རྒྱུན་གྱི་མཚན་ཉིད་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ལ་སོགས་པ་གོང་དུ་བཤད་པ་ཉིད་དོ། །སྐད་ཅིག་མའི་མཚན་ཉིད་ནི་སྐད་ཅིག་མ་གཅིག་ལ་བརྟེན་ཅིང་འབྲེལ་བ ་འབྱུང་བ་ཡན་ལག་བཅུ་གཉིས་འབྱུང་སྟེ། ཇི་ལྟར་ཞེ་ན་འདི་ལྟར་ཆགས་པའི་དབང་གིས་སྲོག་ཆགས་རྣམས་ཀྱི་འཚོ་བ་འགོག་པ་ན་གང་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལ་རྨོངས་པ་དེ་ནི་མ་རིག་པའོ། །དེའི་ཚེ་སེམས་ལས་བྱུང་བའི་ཚོགས་གང་ཡིན ་པ་དེ་ནི་འདུ་བྱེད་དོ། །དེའི་ཚེ་ན་དངོས་པོ་ལ་སོ་སོར་དམིགས་པ་མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་ནི་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བའི་ཕུང་པོ་ཚོར་བ་ལ་སོགས་པ་བཞི་དང་འབྱུང་བ་ཆེན་པོ་བཞི་དང། འབྱུང་བ ་ལས་གྱུར་པའི་གཟུགས་རྣམས་ནི་མིང་དང་གཟུགས་རྣམས་ནི་མིང་དང་གཟུགས་སོ། །མིང་དང་གཟུགས་ལ་བརྟེན་པའི་མིག་ལ་སོགས་པའི་དབང་པོ་དྲུག་ནི་སྐྱེ་མཆེད་དྲུག་གོ་།སྐྱེ་མཆེད་དྲུག་གིས་ཡུལ་མཐོང་བ་ནི་རེག་པའོ། །རེག་པའི་ཚེ་བདེ་བ་འམ་སྡུག ་བསྔལ་མྱོང་བ་ནི་ཚོར་བའོ། །དེའི་ཚེ་ཤ་དང་པགས་པ་ལ་ཆགས་པ་ནི་སྲེད་པའོ། །དེ་དང་ལྷན་ཅིག་ཏུ་འགྲོགས་པའི་ཉོན་མོངས་ཀུན་ནས་དཀྲིས་པ་གཞན་རྣམས་ནི་ལེན་པའོ། །དེའི་ཚེ་ལེན་པས་བསྐྱེད་པ་ཡིད་ཀྱི་ལས་ནི་སྲིད་པའོ། །ལག་པ་གཡོ་བ་ལ ་སོགས་པའི་ཆོས་དེ་རྣམས་འབྱུང་བ་ནི་སྐྱེ་བའོ། །དེ་ལས་མཚན་ཉིད་གཞན་དུ་གྱུར་ཏེ་སྨིན་པ་ནི་རྒ་བའོ། །ཆོས་དེ་ཞིགས་པས་ནི་ཤི་བའོ། །ལན་དུ་མདོ་འདི་བཤད་པ་ནི། དགོངས་པ་ཅན་ཡིན་པས། རྟེན་ཅིང་འབྲེལ་ཏེ། འབྱུང་བ་སེམས་ཅན་དུ་མི་སྟོན་པ ་མ་བཤད་ཀྱང་ཉེས་པ་མེད་དེ། འདུལ་བ་ཁ་ཅིག་འཁོར་བར་འཇུག་པ་དང། ལྡོག་པ་ལ་རྨོངས་པ་བསལ་བར་བྱ་བའི་ཕྱིར། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པ་རྒྱུ་དང་འབྲས་བུ་གཅིག་གིས་གཅིག་བསྐྱེད་པ་སེམས་ཅན་དུ་སྟོན་པ་ཉིད་འདིར ་གསུངས་སོ། །རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཡན་ལག་བཅུ་གཉིས་སྐད་ཅིག་མའི་མཚན་ཉིད་འདིར་བཤད་པ་ནི། ལས་དང་པོ་བ་རྣམས་ཀྱི་སྐད་ཅིག་མ་གཅིག་ལ་ཡན་ལག་བཅུ་གཉིས་ཡོད་པར་ཐོས་ན། ཁོང་དུ་ཆུད་པར་མི་ནུས་ཏེ། དེ ་བས་ན་དེ་དག་གི་དོན་དུ་བཅོམ་ལྡན་འདས་ཀྱིས་རྒྱུན་གྱིས་རྟེན་འབྲེལ་ཉིད་བཤད་དོ། །ཡང་ཡིད་མི་བདེ་བ་དང་ལྡན་པའི་རྟོགས་པ་ནི་མྱ་ངན་ཏོ། །འཆི་བའི་དུས་ན་ཨེ་མའོ་ཕའོ། །ེ་མའོ་མའོ། །ཞེས་བྱ་བ་ལ་སོགས་པ་ཚིག་ཏུ་སྨྲ་བ་ནི་སྨྲེ་སྔགས་འདོན ་པའོ། །རྣམ་པར་ཤེས་པ་ལྔའི་ཚོགས་དང་འབྲེལ་བའི་མི་བདེ་བ་ནི་སྡུག་བསྔལ་ལོ། །ཡིད་ཀྱི་རྣམ་པར་ཤེས་པ་ལ་མི་བདེ་བ་ནི་ཡིད་གློང་པའོ། །མྱ་ངན་དང་སྨྲེ་སྔགས་འདོན་པ་སྔོན་དུ་བྱུང་བ་ལས་ལུས་དང་སེམས་ངལ་ཞིང་ཆད་པར་གྱུར་པ་ནི་འཁྲུག་པ་ཞེས ་བྱའོ། །དེ་ལྟར་ཞེས་བྱ་བ་ནི་གོང་དུ་བཤད་པའི་ཚུལ་ལྟར་རོ། །འཁོར་བ་ཐོག་མ་མེད་པའི་དུས་ནས་སྡུག་བསྔལ་བརྒྱུད་པ་མཛའ་མེད་པ་དང། སྡུག་བསྔལ་གྱི་ཚོགས་ཡིན་པའི་ཕྱིར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་ཞེས་བྱའོ། །བདག་དང་བདག་གི་མེད་པ ་ན་འབའ་ཞིག་པའོ། །ཀུན་འབྱུང་བར་འགྱུར་ཞེས་བྱ་བ་ནི་དེ་ལྟ་བུ་ཀུན་སྐྱེ་ཞེས་བྱ་བའི་དོན་ཏོ། །ལུགས་ལས་བཟློག་པ་ནི་རྣམ་པར་བྱང་བའི་མཚན་ཉིད་དེ་དེ་བསྟན་པའི་ཕྱིར། མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་བྱ་བ་ལ་སོགས ་པ་གསུངས་སོ། །དེ་ལ་ལུགས་བཞིན་དང་ལུགས་ལས་བཟློག་པ་གཉིས་བསྟན་པ་ཡང་ལ་ལ་ངག་སྲིད་པ་ཀུན་འབྱུང་བ་མ་མཐོང་བས་ཆད་པར་མངོན་པར་ཞེན་ཏེ། དེ་སྤང་བར་བྱ་བའི་ཕྱིར་ལུགས་བཞིན་གསུངས་སོ། །ཁ་ཅིག་ཟེར་ཟུག་དུ ་མངོན་པར་ཆགས་ཏེ་སྲིད་པ་འགགས་པའི་མཚན་ཉིད་མ་མཐོང་བ་བསལ་བའི་ཕྱིར་ལུགས་ལས་བཟློག་པ་གསུངས་ཏེ། དེ་ལྟར་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱད་བའི་ལམ་གཉིས་ཀྱིས་བཅིངས། གྲོལ་བར་བསྟན་པ་ཡིན་ནོ། །དེ་ལ་མར་མེ་བྱུང ་ན་མུན་པ་མེད་པར་གྱུར་པ་བཞིན་དུ། ཕྱི་དང་ནང་གི་ཆོས་རྣམས་མི་རྟག་པ་དང། སྡུག་བསྔལ་བ་དང་མི་གཙང་བ་དང་བདག་མེད་པར་མཐོང་བའི་རིག་པ་སྐྱེས་ན་མ་རིག་པ་འགགས་པར་འགྱུར་རོ། །དཔེར་ན་མེ་མེད་ན་དུད་པ་མི་འབྱུང་བ་བཞིན་དུ་མ་རིག་པ་འགགས་ན ་ལས་མ་བྱས་པ་རྣམས་ནི་མངོན་པར་འདུ་མངོན་པར་འདུ་མི་བྱེད་བྱ་བ་རྩོམ་པ་རྣམས་ནི་གྲོགས་མེད་པས་བྱེད་པར་མི་ནུས་པའི་ཕྱིར། མ་རིག་པ་འགགས་པ་འདུ་བྱེད་འགགས་ཅེས་བྱ་སྟེ། དཔེར་ན་གྲོགས་མེད་པར་གཅིག་པུས་སྡོང་པོ་ཆེན་པོ་འདྲེན་པར་མི་ནུས ་པ་བཞིན་ནོ། །དཔེར་ན་ཞིང་མེད་ན་ས་བོན་གྱི་རྟེན་མེད་པས་ས་བོན་ཅི་ལ་ཡང་མི་གནས་པ་དེ་བཞིན་དུ་འདུ་བྱེད་མེད་ན་རྣམ་པར་ཤེས་པའི་རྟེན་མེད་པས་རྣམ་པར་ཤེས་པ་ཡང་མེད་པར་འགྱུར་བའི་ཕྱིར། འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགགས ་པ་ཞེས་བྱའོ། །དཔེར་ན་ས་བོན་བསྲེགས་ནས་མྱུ་གུ་མི་སྐྱེ་བ་དེ་བཞིན་དུ། རྣམ་པར་ཤེས་པའི་ཡེ་ཤེས་ཀྱིས་སེམས་བསྲེགས་ཏེ་མེད་པར་བྱས་ན་མིང་དང་གཟུགས་ཀྱི་མྱུ་གུ་མི་འབྱུང་བའི་ཕྱིར། རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགགས་ཞེས ་བྱའོ། །ཡང་ན་ཤིང་གསུམ་རྩེ་སྦྲང་པར་གནས་ཤིང་གཅིག་མེད་ན་ཤིང་གཉིས་གནས་པར་མི་ནུས་པ་བཞིན་དུ་རྣམ་པར་ཤེས་པ་ཡང་མིང་དང་གཟུགས་ཀྱི་རྟེན་ཡིན་པས། རྣམ་པར་ཤེས་པ་ཉིད་ལ་མིང་དང་གཟུགས་གནས་པར་མི་ནུས་པའི་ཕྱིར་རྣམ་པར་ཤེས ་པ་འགགས་པས་མིང་དང་གཟུགས་འགག་ཅེས་བྱའོ། །དཔེར་ན་མེ་ལོང་མེད་ན་དེའི་གསལ་བ་མི་འབྱུང་བ་བཞིན་དུ་མིང་དང་གཟུགས་མེད་ན་མིང་དང་གཟུགས་ཀྱི་གསལ་བ་མིག་གི་སྐྱེ་མཆེད་གཟུགས་དང་བ་ལ་སོགས་པ་མི་འབྱུང་བས་ན། མིང་དང ་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག་པ་ཞེས་བྱའོ། །དཔེར་ན་རྩིག་པ་མེད་ན་རི་མོ་འཇིག་པ་བཞིན་དུ་རྟེན་དུ་གྱུར་པ་སྐྱེ་མཆེད་དྲུག་མེད་ན་དེ་ལ་བརྟེན་པར་བྱེད་པའི་རེག་པ་མེད་པར་འགྱུར་པས། སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག་པ ་ཞེས་བྱའོ། །དཔེར་ན་ཟངས་ལ་སོགས་པའི་འབྱུང་ཁུངས་ཟད་དེ་མེད་ན་འབྱུང་བར་བྱ་བའི་རྫས་རྣམས་ཀྱང་མི་འབྱུང་བ་དེ་བཞིན་དུ་ཚོར་བའི་འབྱུང་ཁུངས་རེག་པ་མེད་ན་ཚོར་བ་མི་འབྱུང་སྟེ། དེ་བས་ན་རེག་པ་འགགས ་པས་ཚོར་བ་འགག་ཅེས་བྱའོ། །དཔེར་ན་མར་མེ་མེད་ན་སྣང་བ་མི་འབྱུང་བ་བཞིན་དུ། ཚོར་བ་མེད་ན་ཆགས་པ་མི་སྐྱེ་སྟེ། དེའི་ཕྱིར་ཚོར་བ་འགག་པས་སྲེད་པ་འགག་པ་ཞེས་བྱའོ། །བུ་དང་པོ་མ་སྐྱེས་ན་ཕྱི་མ་གཞོན་ནུ་དང་དར་ལ་བབ་པ ་ལ་སོགས་པར་ཆེར་འགྱུར་ཞིང་འཕེལ་བ་མི་འབྱུང་བ་བཞིན་དུ་སྲེད་པ་མེད་པར་གྱུར་ན། དེའི་འཕེལ་བ་དང་ཆེར་འགྱུར་བ་ལེན་པ་མི་འབྱུང་བ་ན། སྲེད་པ་འགགས་པས་ལེན་པ་འགག་པ་ཞེས་བྱའོ། །དཔེར་ན་ཤིང་མེད་ན་མེའི་རྒྱུ ་མེད་པས་མེ་མི་འབྱུང་བ་བཞིན་དུ། ལས་ཀྱི་རྒྱུ་ཉོན་མོངས་པ་མེད་ན་ལས་མངོན་པར་འདུ་མི་བྱེད་པའི་ཕྱིར། ལེན་པ་འགགས་པས་སྲིད་པ་འགག་པ་ཞེས་བྱའོ། །དཔེར་ན་ནད་ཀྱི་རྒྱུ་མེད་པར་བྱས་ན་ནད་མེད་པར་འགྱུར་བ་བཞིན་དུ། སྐྱེ་བའི ་རྒྱུ་ལས་དང་ཉོན་མོངས་པ་མེད་པར་བྱས་ན་སྐྱེ་བར་མི་འགྱུར་ཏེ། དེ་བས་ན་སྲིད་པ་འགགས་པས་སྐྱེ་བ་འགགས་པ་ཞེས་བྱའོ། །དཔེར་ན་བུམ་པ་མ་བྱས་ན་བསྲེགས་པ་དང་ཆག་པ་ལ་སོགས་པ་མི་འབྱུང་བ་དང། ཤིང་མ་སྐྱེས་ན་ནགས ་མོས་ཚིག་པ་དང། ཚལ་ཆུས་ཁྱེར་བར་མི་འགྱུར་བ་བཞིན་དུ་སྐྱེ་བ་མེད་ན་རྒ་བ་དང་ཤི་བ་ལ་སོགས་པའི་སྡུག་བསྔལ་མི་འབྱུང་བས་དེའི་ཕྱིར། སྐྱེ་བ་འགགས་པས་ཞེས་བྱ་བ་ནས། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག ་འགགས་པར་འགྱུར་རོ་ཞེས་གསུངས་སོ།། །ཡན་ལག་རྒྱས་པར་བཤད་པའི་དབང་དུ་བྱས་ན། དེ་ལ་མ་རིག་པ་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་མ་རིག་པ་ཞེས་བྱ་བ་འགོག་པའི་ཚིག ་འདི་དོན་རྣམ་པ་བཞིར་འགྲོ་སྟེ། ཆུང་བ་དང་སྨད་པ་དང་མི་མཐུན་པ་དང་མེད་པའོ། །དེ་ལ་ཆུང་བའི་དོན་དུ་འགྲོ་བ་ནི། དཔེར་ན་བུ་མོ་རྐེད་པ་ཕྲ་མོ་ལ་རྐེད་པ་མེད་པ་ཞེས་བྱ་བ་ལྟ་བུའོ། །སྨད་པའི་དོན་དུ་འགྲོ་བ་ནི་དཔེར་ན་བུ་ངན་པ་ལ་བུ་མེད་པ་ཞེས ་བྱ་བ་ལྟ་བུའོ། །མེད་པའི་དོན་དུ་འགྲོ་བ་ནི་དཔེར་ན་ཟས་མེད་ཆུ་མེད་ཅེས་བྱ་བ་ལྟ་བུའོ། །འགལ་བའི་དོན་དུ་འགྲོ་བ་ནི་དཔེར་ན་འགྲོགས་པ་དང་མི་མཐུན་པ་ལ་གྲོགས་མ་ཡིན་ཞེས་བྱ་བ་ལྟ་བུའོ། །འདི་ནི་འགལ་བའི་དོན་དུ་འགྲོ་བར་ལྟ་སྟེ། ་རིག་པ་དང་མི་མཐུན་པའི་ཕྱོགས་སུ་གྱུར་པ་ལ་མ་རིགས་པ་ཞེས་བྱའོ། །དེ་ཉིད་ཀྱི་མཚན་ཉིད་ཞིབ་དུ་བསྟན་པའི་ཕྱིར། སྔོན་གྱི་མཛའ་མི་ཤེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་སྔོན་གྱི་མཛའ་ནི་ཚེ་རབས་སྔ་མ་སྟེ། ཚེ་རབས་སྔ ་མ་ཡོད་པར་མི་ཤེས་པ་ནི། སྔོན་གྱི་མཛའ་མི་ཤེས་པའོ། །ཡང་ན་ཅི་བདག་འདས་པའི་དུས་ན་བྱུང་བ་ཞིག་གམ། འོན་ཏེ་བདག་འདས་པའི་དུས་ན་མ་བྱུང་བ་ཞིག་ཅེས་འདས་པའི་དུས་ཀྱི་འདུ་བྱེད་རྣམས་ལ་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད ་པ་ནི་སྔོན་གྱི་མཛའ་མི་ཤེས་པའོ། །ཕྱི་མའི་མཛའ་མི་ཤེས་པ་ཞེས་བྱ་བ་ལ། ཕྱི་མའི་མཛའ་ནི་ཚེ་རབས་ཕྱི་མ་ལ་འོངས་པའི་དུས་ལ་བྱ་སྟེ། ཚེ་རབས་ཕྱི་མ་ཡོད་པར་མི་ཤེས་པའོ། །ཡང་ན་ཅི་བདག་མ་འོངས་པ་ན་འབྱུང་བར་འགྱུར་རམ། ་འོན་ཏེ་བདག་མ་འདས་པ་མ་འབྱུང་བར་མི་འགྱུར། མ་འོངས་པ་ན་སུ་ཞིག་འབྱུང་བར་འགྱུར། ཇི་ལྟར་འབྱུང་བར་འགྱུར་ཞེས་མ་འོངས་པའི་འདུ་བྱེད་རྣམས་ལ་ཚུལ་བཞིན་མ་ཡིན་པར་རྟོག་པ་ནི་ཕྱི་མའི་མཛའ་མི་ཤེས་པའོ། །སྔོན་དང་ཕྱི ་མའི་མཛའ་མི་ཤེས་ན་ཞེས་པ་ལ་སྔོན་དང་ཕྱི་མའི་མཛའ་ནི་ད་ལྟར་གྱི་ཚེ་འདི་ལ་བྱ་སྟེ། ཚེ་འདིར་ནང་དང་ཕྱི་རོལ་གྱི་ཆོས་རྣམས་ཀྱི་མཚན་ཉིད་ཇི་ལྟ་བུར་མི་ཤེས་པ་ནི་སྔོན་དང་ཕྱི་མའི་མཛའ་མི་ཤེས་པ་ཞེས་བྱའོ། །ཡང་ན་འདས ་པ་དང་མ་འོངས་པ་དང་ད་ལྟར་གྱི་དུས་སུ་སུམ་དུ་བརྒྱུད་དེ་འབྱུང་བ་མི་ཤེས་པ་ནི་སྔོན་དང་ཕྱི་མའི་མཛའ་མི་ཤེས་པ་ཞེས་བྱ་སྟེ། ཚེ་རབས་སྔ་མའི་ལས་དང། ཉོན་མོངས་པ་ལས་ཚེ་འདིར་སྐྱེས། ཚེ་འདིའི་ལས་དང ་ཉོན་མོངས་པ་ལས་ཚེ་ཕྱི་མ་འབྱུང་བ་མི་ཤེས་པའོ། །ཡང་ན་སེམས་ཅན་གཞན་རྣམས་ལ་འདི་ལ་ཅི་ཞིག་ཡོད། འདི་ཅི་ཞིག་ཡིན་།སེམས་ཅན་འདི་དག་གང་ནས་འདིར་འོངས་འདི་ནས་ཤི་འཕོས་ནས་གང་དུ་སྐྱེ་བར་འགྱུར་ཞེས་ཚུལ་བཞིན་མ ་ཡིན་པར་རྟོག་ཅིང། ཐེ་ཙོམ་དུ་གྱུར་པ་ནི་སྔོན་དང། ཕྱི་མའི་མཛའ་མི་ཤེས་པ་ཞེས་བྱའོ། །ནང་མི་ཤེས་པ་ཞེས་བྱ་བ་ནང་ནི་བདག་གི་ལུས་ཏེ་དེ་ཡང་ཕུང་པོ་ལྔའི་བདག་ཉིད་ཡིན་པར་མི་ཤེས་པ་ནི་ནང་མི་ཤེས་པ་ཞེས་བྱའོ། །ཡང ་ན་བདག་ཉིད་ཀྱི་ནང་གི་སྐྱེ་མཆེད་དུ་གཏོགས་པ་རྣམས་ལ་བདག་ཡིན་ནོ་ཞེས་ཚུལ་བཞིན་མ་ཡིན་པར་རྟོག་པ་ནི་ནང་མི་ཤེས་པ་ཞེས་བྱའོ། །ཕྱི་མི་ཤེས་པ་ཞེས་བྱ་བ་ལ་ཕྱི་ནི་གཟུགས་དང་སྒྲ་ལ་སོགས་པ་སྟེ། དེ་དག་རྡུལ་ཕྲ་མོའི་རང ་བཞིན་ཡིན་པར་མི་ཤེས་པའོ། །ཡང་ན་ཕྱི་རོལ་གྱི་ཆོས་སེམས་ཅན་གྱི་གྲངས་སུ་མ་གཏོགས་པ་རྣམས་ལ་བདག་བདག་གི་བར་ཀུན་ཏུ་རྟོགས་པ་ནི་ཕྱི་མི་ཤེས་པ་ཞེས་བྱའོ། །ཕྱི་ནང་མི་ཤེས་པ་ཞེས་བྱ་བ་ལ་ཕྱི་ནང་ནི་གཞན་གྱི་རྒྱུད་དུ་གཏོགས ་པའི་འདུ་བྱེད་རྣམས་ལ་བྱ་སྟེ། དེ་དག་ལ་མཛའ་བ་དང། དགྲ་དང་བར་མར་ཚུལ་མ་ཡིན་པར་རྟོག་པ་ནི། ཕྱི་ནང་མི་ཤེས་པའོ། །བསོད་ནམས་དང། བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་འདུ་བྱེད་ཀྱི་མཚན་ཉིད་མི་ཤེས་པ་ནི་ལས་མི་ཤེས ་པ་ཞེས་བྱའོ། །ཡང་ན་ལས་ལ་བྱེད་པ་པོ་ཡོད་པར་ཚུལ་བཞིན་མ་ཡིན་པར་རྟོག་པ་ནི་ལས་མི་ཤེས་པ་ཞེས་བྱའོ། །རྣམ་པར་སྨིན་པ་མི་ཤེས་པ་ཞེས་བྱ་བ་ནི། ལས་དེ་དག་གི་འབྲས་བུ་ནི་ངན་སོང་གསུམ་དང་ལྷ་དང་མི་ལ་སོགས་པའི་རང ་བཞིན་མི་ཤེས་པ་ནི། རྣམ་པར་སྨིན་པ་མི་ཤེས་པ་ཞེས་བྱའོ། །ལས་ཀྱི་རྣམ་པར་སྨིན་པ་མི་ཤེས་པ་ཞེས་བྱ་བ་ནི་ལས་འདི་བྱས་ན་རྣམ་པར་སྨིན་པ་འདི་སྨིན་ཅེས་མི་ཤེས་པ་སྟེ། ལས་མི་དགེ་བ་བྱས་ན་ངན་སོང་གསུམ་དུ་རྣམ་པར་སྨིན་པ་དང། ལས་དགེ་བ་བྱས ་ནི་ལྷ་དང་མི་ལ་སོགས་པར་རྣམ་པར་སྨིན་པ་མི་ཤེས་པའོ། །ཡང་ན་རྣམ་པར་སྨིན་པའི་འབྲས་བུ་རྣམས་བདག་གམ་ཚོར་བ་པོས་མྱོང་བར་འགྱུར་རོ་ཞེས་ཚུལ་བཞིན་མ་ཡིན་པར་རྟོག་པ་ནི་རྣམ་པར་སྨིན་པར་མི་ཤེས་པ་ཞེས་བྱའོ། །ལས་དང་ལས ་ཀྱི་འབྲས་བུ་ལོག་པར་ཡིད་ལ་བྱེད་པ་ནི་ལས་ཀྱི་རྣམ་པར་སྨིན་པ་མི་ཤེས་པ་ཞེས་བྱ་སྟེ། དཔེར་ན་སྲོག་གཅོད་ན་མཐོ་རིས་སུ་སྐྱེའོ་ཞེས་བྱ་བ་ལ་སོགས་པའོ། །སྲོག་མི་གཅོད་པ་དང་མ་བྱིན་པར་མི་ལེན་པ་ལ་སོགས་པ་དགེ་བ་ཡིན་པར་མི ་ཤེས་པ་ནི་ལས་ལེགས་པར་བྱས་པ་མི་ཤེས་པའོ། །སྲོག་གཅོད་པ་དང། མ་བྱིན་པར་ལེན་པ་ལ་སོགས་པ་བྱས་པ་མི་དགེ་བ་ཡིན་པར་མི་ཤེས་པ་ནི་ལས་ཉེས་པ་བྱས་པ་མི་ཤེས་པའོ། །མ་བྱིན་པར་བླངས་ནས་གཞན་ལ་བྱིན་པ་ནི་ལས་འདྲེན ་མ་ཡིན་ཏེ། ལས་དགེ་བ་ཡང་མ་ཡིན་མི་དགེ་བ་ཡང་མི་ཡིན་པར་མི་ཤེས་པ་ནི་ལས་ལེགས་པ་དང་ཉེས་པ་བྱས་པ་མི་ཤེས་པ་ཞེས་བྱའོ། །རྒྱུ་མི་ཤེས་པ་ཞེས་བྱ་བ་ལ། རྒྱུ་རྣམ་པ་དྲུག་སྟེ། ཆ་འདྲ་བའི་རྒྱུ་དང། ཀུན་ཏུ་འགྲོ་བའི་རྒྱུ་དང། ་ལྷན་ཅིག་བྱེད་པའི་རྒྱུ་དང། ལྡན་པའི་རྒྱུ་དང། བྱེད་པའི་རྒྱུ་དང། རྣམ་པར་སྨིན་པའི་རྒྱུ་སྟེ། དེ་དྲུག་མི་ཤེས་པ་ནི་རྒྱུ་མི་ཤེས་པ་ཞེས་བྱའོ། །དེ་ལ་ཆ་འདྲ་བའི་རྒྱུ་ནི་འདོད་པ་ན་སྤྱོད་པའི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཆོས་སྔར་སྐྱེས ་པ་རྣམས་འདོད་པ་ན་སྤྱོད་པའི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཆོས་ཕྱིས་སྐྱེས་པ་དང། སྐྱེ་བར་འགྱུར་བའི་ཆ་འདྲ་བའི་རྒྱུའོ། །གཞན་ཡང་སྔོན་དགེ་བའི་རྩ་བ་ཅུང་ཟད་ཡོད་པའི་གཞི་ལས་དགེ་བའི་རྩ་བ་ཕྱི་མ་འཕེལ་ན་? ་སྐྱེ་བ་ལ་ཡང་ཆ་འདྲ་བའི་རྒྱུ་ཞེས་བྱ་སྟེ། དེ་ཡང་དཔེར་ན་སྡུག་བསྔལ་མཐོང་བའི་དགེ་བའི་རྩ་བ་ལས་སྡུག་བསྔལ་མཐོང་བའི་ཡེ་ཤེས་སྐྱེ་བ་དང་དེ་བཞིན་དུ་ལམ་མཐོང་བའི་དགེ་བའི་རྩ་བ་ལས་ལམ་མཐོང་བའི་ཡེ་ཤེས ་སྐྱེ་སྟེ། གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་བདེན་པ་བཞི་ཡང་སོ་སོར་སྦྱར་རོ། །ཀུན་ཏུ་འགྲོ་བའི་རྒྱུ་གང་ཞེ་ན། དེ་ནི་ཉོན་མོངས་པའི་ཆོས་འབའ་ཞིག་དང་སྦྱར་ཏེ། སྔར་སྐྱེས་པའི་ཉོན་མོངས་པའི་ཆོས་རྣམས་ཕྱིས་སྐྱེ་བ་དང་སྐྱེ་བར ་འགྱུར་བའི་རང་གི་ས་པའི་ཉོན་མོངས་པ་རྣམས་ཀྱི་ཀུན་ཏུ་འགྲོ་བའི་རྒྱུ་སྟེ། དཔེར་ན་འདོད་པའི་ཁམས་ཀྱིས་ལོག་པར་ལྟ་བ་དང་ལྡན་པ་སྔར་སྐྱེས་པ་ནི་ཕྱིས་སྐྱེ་པ་དང་སྐྱེ་བར་འགྱུར་བ་ལོག་པའི་རྟོག་པ་དང། ལོག་པའི་ལས་ཀྱི ་མཛའ་དང། ལོག་པའི་འཚོ་བ་རྣམས་ཀྱི་ཀུན་ཏུ་འགྲོ་བའི་རྒྱུ་བྱེད་དོ། །དེ་ལ་ལྷན་ཅིག་བྱེད་པའི་རྒྱུ་གང་ཞེ་ན། འདི་ལྟ་སྟེ་འབྱུང་བ་ཆེན་པོ་རྣམས་སྐྱེ་བའི་དུས་ན་གཅིག་ལ་གཅིག་རྟེན། ཕན་ཚུན་གཅིག་གིས་གཅིག་སྐྱེད་པར་བྱེད ་པ་དང། སེམས་དང་སེམས་ལས་བྱུང་བ་རྣམས་སྐྱེ་བའི་ཚེ་ན་ཡང་ཕན་ཚུན་གཅིག་ལ་གཅིག་རྟེན་ནས་སྐྱེ་བ་ནི་ལྷན་ཅིག་བྱེད་པའི་རྒྱུའོ། །ལྡན་པའི་རྒྱུ་གང་ཞེ་ན། དགེ་བ་དང་མི་དགེ་བ་དང་ལུང་མི་སྟོན་པའི་སེམས་དང་སེམས ་ལས་བྱུང་བ་རྣམས་ཕན་ཚུན་ལྡན་པའི་རྒྱུ་སྟེ། དགེ་བའི་སེམས་དང་དགེ་བའི་སེམས་ལས་བྱུང་བར་ལྡན་གྱི། མི་དགེ་བའི་སེམས་ལས་བྱུང་བར་ལྡན་པ་མ་ཡིན་པ་དེ་བཞིན་དུ། མི་དགེ་བའི་དང་ལུང་དུ་མ་བསྟན་པའི་ཡང་སེམས་དང་སེམས་ལས་བྱུང་བ ་སོ་སོར་ལྡན་པའོ། །དེ་ལ་བྱེད་པའི་རྒྱུ་ནི་གང་ཡོད་ན་དེ་འབྱུང་བ་དང་གང་མེད་ན་དེ་མི་འབྱུང་བ་སྟེ། ས་བོན་ཡོད་ན་མྱུ་གུ་འབྱུང་གི་ས་བོན་མེད་ན་མྱུ་གུ་མི་འབྱུང་བའོ། །ཡང་ན་ཁ་ཅིག་ན་རེ་རང་མ་གཏོགས་པར་མི་སྒྲིབ་པར་བྱེད་པའི་ཆོས་གཞན ་བྱེད་པའི་རྒྱུ་སྟེ། དཔེར་ན་མིག་དང་ཡུལ་དང་ཕྲད་ནས་རྣམ་པར་ཤེས་པ་སྐྱེ་བ་ན་གང་མི་སྒྲིབ་ཅིང་བགེགས་མི་བྱེད་པའི་ཆོས་ཐམས་ཅད་བྱེད་པའི་རྒྱུ་ཞེས་འཆད་དོ། །དེ་ལ་རྣམ་པར་སྨིན་པའི་རྒྱུ་གང་ཞེ་ན། མི་དགེ་བའི་ཆོས་དང་དགེ་བ་ཟག་པ་ཅན་ནི་ངན ་སོང་ལ་སོགས་པར་རྣམ་པར་སྨིན་པ་འཕེན་པར་བྱེད་པས་ན་རྣམ་པར་སྨིན་པའི་རྒྱུ་ཞེས་བྱའོ། །ལུང་དུ་མ་བསྟན་པའི་ཆོས་ནི་རྒྱུ་མཐུན་པ་ཙམ་སྐྱེ་བར་བྱེད་ཀྱང་ས་བོན་རུལ་པ་བཞིན་དུ་ཉམས་ཆུང་བས་རྣམ་པར་སྨིན་པ་འཕེན་པར་མི་ནུས་པའི་ཕྱིར ་རྣམ་པར་སྨིན་པའི་རྒྱུ་ཞེས་མི་བྱའོ། །ཡང་ན་རྒྱུ་མོད་པར་རྟོག་པའམ་དབང་ཕྱུག་དང་རང་བཞིན་དང་སྐྱེས་བུ་ལ་སོགས་པའི་རྒྱུར་རྟོག་པ་ནི་རྒྱུ་མི་ཤེས་པ་ཞེས་བྱའོ། །འབྲས་བུ་མི་ཤེས་པ་ཞེས་བྱ་བ་ལ་འབྲས་བུ་རྣམ་པ་ལྔ་སྟེ། སྐྱེས་བུ་བྱེད་པའི་འབྲས་བུ་དང། རྒྱུ ་མཐུན་པའི་འབྲས་བུ་དང། རྣམ་པར་སྨིན་པའི་འབྲས་བུ་དང། དབང་གི་འབྲས་བུ་དང། བྲལ་བའི་འབྲས་བུ་སྟེ། དེ་སྔ་མི་ཤེས་པ་ནི། འབྲས་བུ་མི་ཤེས་པ་ཞེས་བྱའོ། །དེ་ལ་སྐྱེས་བུ་བྱེད་པའི་འབྲས་བུ་རྒྱུ་གང་གི་མཐུ་ལས་འབྲས་བུ་གང་འབྱུར་བ་སྟེ། ་དཔེར་ན་ཞིང་པ་རྣམས་ཀྱི་རང་གི་ཞོ་ཤའི་མཐུ་ལས་འབྲུ་ལ་སོགས་པའི་འབྲས་བུ་འབྱུང་བ་ནི་སྐྱེས་བུ་བྱེད་པའི་འབྲས་བུ་ཞེས་བྱའོ། རྒྱུ་མཐུན་པའི་འབྲས་བུ་ནི་དགེ་བ་དང་མི་དགེ་བའི་ལས་རྒྱུས་ལྷ་དང་མི་དང་སེམས་ཅན་དམྱལ་བ་ལ་སོགས་པར ་ཕུང་པོ་རྣམས་སྨིན་པའོ། །དབང་གི་འབྲས་བུ་ནི་དཔེར་ན་མིག་གི་དབང་པོའི་མཐུས་མིག་གི་རྣམ་པར་ཤེས་པ་ཐོགས་པ་མེད་པར་སྐྱེ་བའོ། །བྲལ་བའི་འབྲས་བུ་ནི་འཕགས་པའི་ལམ་བསྒོམས་པའི་མཐུས་ཉོན་མོངས་པ་སྤངས་ནས་མྱ་ངན་ལས་འདས ་པ་ཐོབ་པའོ། །རྒྱུ་དང་འབྲས་བུ་མི་ཤེས་པ་ཞེས་བྱ་བ་ལ་རྒྱུ་འདི་བྱས་ན་འབྲས་བུ་འདི་འབྱུང་ཞེས་རྒྱུ་དང་འབྲས་བུ་འབྲེལ་པར་མི་ཤེས་པ་ནི། རྒྱུ་དང་འབྲས་བུ་མི་ཤེས་པའོ། །རྒྱུ་ལས་སྐྱེས་པའི་ཆོས་རྣམས་མི་ཤེས་པ་ཞེས་བྱ་བ་ལ་ཕུང་པོ་ལྔ་དང་ཁམས ་བཅོ་བརྒྱད་དང་སྐྱེ་མཆེད་བཅུ་གཉིས་ལ་སོགས་པ་ནི་རྒྱུ་ལས་སྐྱེས་པའི་ཆོས་ཡིན་གྱི་སོ་སོར་བརྟགས་ཏེ་འགགས་པ་དང་མ་བརྟགས་པར་འགགས་པ་དང་ནམ་མཁའ་ནི་རྒྱུ་ལས་སྐྱེས་པའི་ཆོས་མ་ཡིན་ནོ་ཞེས་མི་ཤེས་པ་འམ། ཕྱིའི་ཆོས་མྱུ་གུ ་དང་འདབ་མ་ལ་སོགས་པ་ས་བོན་ལས་སྐྱེས་པའི་ཆོས་ཡིན་པ་དང། ནང་གི་ཆོས་སེམས་ཅན་དུ་གཏོགས་པ་རྣམས་ཀྱང་མ་རིགས་པའི་རྒྱུ་ལས་འདུ་བྱེད་འབྱུང་བའི་ཆོས་ཅན་ཡིན་གྱི། དབང་ཕྱུག་དང་བྱེད་པ་པོ་ལ་སྐྱེས་པ་མ་ཡིན་ནོ་ཞེས་མི་ཤེས་པའི ་རྒྱུ་ལ་སྐྱེས་པའི་ཆོས་རྣམས་མི་ཤེས་པ་ཞེས་བྱའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་མི་ཤེས་པ་ཞེས་བྱ་བ་ནི། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ལ་སོགས་པ་ནང་གི་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཡན་ལག་བཅུ་གཉིས་ཚེ་རབས་གཅིག ་ནས་གཅིག་ཏུ་ཇི་ལྟར་འབྱུང་བ་མི་ཤེས་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་མི་ཤེས་པ་ཞེས་བྱ་བ་ནི་ས་བོན་ནས་མྱུ་གུ་མེ་ཏོག་ནས་འབྲས་བུའི་བར་དུ་ཕྱིའི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་རྣམས་ས་བོན་དང་འབྱུང་བ་ཆེན་པོ་བཞི་དང་དུས་ལ ་སོགས་པར་བསྐྱེད་པར་མི་ཤེས་པའོ། །སངས་རྒྱས་མི་ཤེས་པ་ཞེས་བྱ་བ་ལ་འཕགས་པའི་ལམ་གྱི་ཆོས་གང་གིས་སངས་རྒྱས་སུ་བྱེད་པའི་ཆོས་དེ་མི་ཤེས་པ་འམ། །ཡང་ན་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ནི་དགྲ་བཅོམ་པ་ཡང་དག་པར་རྫོགས ་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱ་བ་ལ་སོགས་པར་དེ་ལྟ་བུའི་ཚུལ་དུ་མི་ཤེས་ཤིང་དེ་ལྟ་བུ་ཡིན་ནམ་མ་ཡིན་ཞེས་ཐེ་ཚོམ་ཟ་བ་ནི་སངས་རྒྱས་མི་ཤེས་པའོ། །ཆོས་མི་ཤེས་པ་ཞེས་བྱ་བ་ལ་ཆོས་རྣམ་པ་གསུམ་སྟེ་བཤད་པར་བྱ་བའི ་ཆོས་དང་བསྒྲུབ་པར་བྱ་བའི་ཆོས་དང་འབྲས་བུའི་ཆོས་སོ། །དེ་ལ་བཤད་པར་བྱ་བའི་ཆོས་ནི་གསུང་རབ་ཡན་ལག་བཅུ་གཉིས་སོ། །བསྒྲུབ་པར་བྱ་བའི་ཆོས་ནི་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་རྣམས་སོ། །འབྲས་བུའི་ཆོས་ནི་མྱ་ངན་ལས་འདས་པ་རྣམས་ཏེ་དེ ་གསུམ་མི་ཤེས་པ་འམ། དེ་དག་ལ་ཐེ་ཚོམ་ཟ་བ་ནི་ཆོས་མི་ཤེས་པ་ཞེས་བྱའོ། །དགེ་འདུན་མི་ཤེས་པ་ཞེས་བྱ་བ་ལ་དགེ་འདུན་རྣམ་པ་གཉིས་ཏེ་སློབ་པའི་གང་ཟག་གི་འཕགས་པ་དང་མི་སློབ་པའི་གང་ཟག་གི་འཕགས་པའོ། །དེ་ལ་སློབ་པའི་གང་ཟག་གི་འཕགས ་པ་ནི་རྒྱུན་ཏུ་ཞུགས་པ་ནས་དགྲ་བཅོམ་པ་ལ་འཇུག་པའི་བར་དུ་བདུན་ནོ། །མི་སློབ་པའི་གང་ཟག་གི་འཕགས་པ་ནི་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་སྟེ། དེ་དག་ལ་ཡང་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་དད་པ་ཕུན་སུམ་ཚོགས་པ་དང། ཚུལ ་ཁྲིམས་ཕུན་ཚོགས་པ་དང། ཐོས་པ་ཕུན་སུམ་ཚོགས་པ་དང་ཞེས་བྱ་བ་ལ་སོགས་པ་འོག་ནས་འབྱུང་བའི་ཚུལ་དུ་མི་ཤེས་ཤིང་དེ་དག་ཐེ་ཚོམ་ཟ་བ་ནི་དགེ་འདུན་མི་ཤེས་པའོ། །སྡུག་བསྔལ་མི་ཤེས་པ་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་ཕུང ་པོ་ལྔ་སྐྱེ་བ་དང། རྒ་བ་ལ་སོགས་པའི་སྡུག་བསྔལ་དང་ལྡན་པ་མི་ཤེས་པའོ། །ཀུན་འབྱུང་མི་ཤེས་པ་ནི་ལས་དང་ཉོན་མོངས་པ་རྣམས་ཕུང་པོ་སྐྱེད་པར་བྱེད་པའི་རྒྱུ་ཡིན་པར་མི་ཤེས་པ་ཞེས་བྱའོ། །འགོག་པ་མི་ཤེས་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ཞི ་བ་དང་གྱ་ནོམ་པ་དང་བདེ་བ་ཡིན་པར་མ་ཤེས་པའོ། །ལམ་མི་ཤེས་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་མི་ཤེས་པའོ། །དགེ་བ་དང་མི་དགེ་བའི་ཆོས་རྣམས་མི་ཤེས་པ་ཞེས་བྱ་བ་ནི་སྨད་པའི་ཆོས་ལས་རིང་དུ་འོང་བའི་ཕྱིར། དགེ་བའམ་ཀུན་ནི་ཤེས ་རབ་ལ་བྱ་ལ། ལ་ནི་ལེན་པ་ལ་བྱ་སྟེ། ཤེས་རབ་ཀྱི་རྒྱུ་ལེན་པས་ན་དགེ་བའོ། །དེ་ལས་བཟློག་པ་ནི་མི་དགེ་བ་སྟེ། དགེ་བ་དང་མི་དགེ་བའི་ཆོས་ཀྱི་རྒྱུ་མི་ཤེས་པ་ནི་དགེ་བ་དང་མི་དགེ་བའི་ཆོས་རྣམས་མི་ཤེས་པ་ཞེས་བྱའོ། །ཡང་ན་དགེ་བ་ནི་ཁ་ན་མ་ཐོ་བ ་མེད་པའི་ཕྱིར་རོ། །མི་དགེ་བ་ནི་ཁོ་ན་མ་ཐོ་བ་དང་བཅས་པའི་ཕྱིར་ཏེ། དེ་དག་ལ་དེ་ལྟ་བུར་མི་ཤེས་པ་ནི་དགེ་བ་དང་མི་དགེ་བའི་ཆོས་རྣམས་མི་ཤེས་པའོ། །ཁ་ན་མ་ཐོ་བ་དང་བཅས་པ་དང། ཁ་ན་མ་ཐོ་བ་མེད་པ་ཞེས་བྱ་བ་ལ་སྨད་པའི་དངོས་པོ་ནི་ཁ་ན་མ་ཐོ་བ་དང ་བཅས་པ་སྟེ། སྡིག་པ་དང་བཅས་པ་ཞེས་བྱ་བའི་དོན་ཏོ། །སྨད་བའི་དངོས་པོ་སྤངས་པ་ན་ཁ་ན་མ་ཐོ་བ་མེད་པ་སྟེ་ལེགས་པ་དང་བཅས་ཞེས་བྱ་བའི་དོན་ཏོ། །ཡང་ན་ཁ་ན་མ་ཐོ་བ་དང་བཅས་པ་ནི་ནག་པོའི་ཕྱོགས་སུ་གཏོགས་པའི་ཕྱིར་རོ།། ་ཁ་ན་མ་ཐོ་བ་མེད་པ་ནི་དཀར་པོའི་ཕྱོགས་སུ་གཏོགས་པའི་ཕྱིར་དེ་དག་མི་ཤེས་པ་ནི་ཁ་ན་མ་ཐོ་བ་དང་བཅས་པ་དང་ཁ་ན་མ་ཐོ་བ་མེད་པ་མི་ཤེས་པ་ཞེས་བྱའོ། །བསྟེན་པར་བྱ་བ་དང། བསྟེན་པར་མི་བྱ་བའི་ཆོས་ཨི་ཤེས་པ་ཞེས་བྱ་བ་ལ་གང་ཕན་པར ་འགྱུར་བ་ནི་བསྟེན་པར་བྱ་བ་སྟེ། ཟག་པ་མེད་པའི་དགེ་བ་འདུས་མ་བྱས་རྣམས་སོ། དེ་ལ་བསྟེན་ནས་རྣམ་པར་གྲོལ་བ་ཐོབ་པར་འགྱུར་བའི་ཕྱིར། དེ་ནི་བསྟེན་པར་བྱ་བའི་ཆོས་སོ། །གན་གནོད་པར་འགྱུར་བའི་ཆོས་ནི་བསྟེན་པར་མི་བྱ་བའི་ཆོས་ཏེ། མི་དགེ ་བ་ངན་སོང་གསུམ་དུ་གཞོལ་བར་བྱེད་པའི་ལས་རྣམས་སོ། །ཆོས་དེ་དག་མི་ཤེས་པ་ནི་བསྟེན་པར་བྱ་བ་དང་བསྟེན་པར་མི་བྱ་བའི་ཆོས་མི་ཤེས་པ་ཞེས་བྱའོ། །རེག་པའི་སྐྱེ་མཆེད་དྲུག་ཅེས་བྱ་བ་ལ་སོགས་པ་ལ་མིག་དང་གཟུགས་ལ་བརྟེན་ནས ་མིག་གི་རྣམ་པར་ཤེས་པ་སྐྱེ་བ་དང། ཡིད་དང་ཆོས་ལ་བརྟེན་ནས་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་བར་ཟད་ཀྱི། འདི་ལྟར་བྱེད་པའི་བདག་མེད་པ་ལ་བདག་ལ་སོགས་པ་ཡོད་པར་མངོན་པར་ཆགས་ཤིང་ང་རྒྱལ་བྱེད་པ་ནི། རེག་པའི་སྐྱེ་མཆེད་དྲུག ་ལ་ཡང་དག་པར་ཇི་ལྟ་བ་བཞིན་དུ་མི་ཤེས་པ་ཞེས་བྱའོ། །མ་མཐོང་བ་དང་མངོན་པར་མ་རྟོགས་པ་ལ་སོགས་པ་ནི་མི་ཤེས་པ་ཉིད་ཀྱི་ཚིག་གི་རྣམ་གྲངས་སམ་འོག་མས་གོང་མ་ཤེས་པར་རིག་པར་བྱའོ། །ཚིག་ཉི་ཤུ་རྩ་བརྒྱད་པོ་དེས་མདོར་ན ་རྨོངས་པ་རྣམས་བདུན་བསྟན་ཏེ། །དུས་ལ་རྨོངས་པ་དང། དངོས་པོ་ལ་རྨོངས་པ་དང། འཕོ་བ་ལ་རྨོངས་པ་དང། མཆོག་ལ་རྨོངས་པ་དང། དེ་ཁོ་ན་ལ་རྨོངས་པ་དང། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་ལ་རྨོངས་པ་དང། མངོན་པའི་ང ་རྒྱལ་གྱིས་རྨོངས་པའོ། །དེ་ལ་སྔོན་གྱི་མཛའ་མི་ཤེས་པ་ནས་སྔོན་དང་ཕྱི་མའི་མཛའ་མི་ཤེས་པའི་ཚིག་གི་སུམ་གྱིས་དུས་ལ་རྨོངས་པ་བསྟན་ཏོ། །ནང་མི་ཤེས་པ་ནས་ཕྱི་དང་ནང་མི་ཤེས་པ་གསུམ་གྱིས་དངོས་པོ་ལ་རྨོངས་པ་བསྟན་ཏོ། །ལས ་མི་ཤེས་པ་ནས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་མི་ཤེས་པ་ཞེས་བྱ་བ་ཡན་ཆད་ཀྱིས་འཕོ་བ་ལ་རྨོངས་པ་བསྟན་ཏོ། །སངས་རྒྱས་མི་ཤེས་པ་ནས་དགེ་འདུན་མི་ཤེས་པའི་ཚིག་གསུམ་གྱིས་མཆོག་ལ་རྨོངས་པ་བསྟན་ཏོ། །སྡུག ་བསྔལ་མི་ཤེས་པ་ནས་ལམ་མི་ཤེས་པའི་བར་གྱི་ཚིག་བཞིས་དེ་ཁོ་ན་ལ་རྨོངས་པ་བསྟན་ཏོ། །དགེ་བ་དང་མི་དགེ་བའི་ཆོས་རྣམས་མི་ཤེས་པ་ནས་བསྟེན་པར་མི་བྱ་བའི་ཆོས་རྣམས་མི་ཤེས་པ་ཞེས་བྱ་བ་ནས་ཀུན་ནས་ཉོན་མོངས་པ་དང། རྣམ་པར ་བྱང་བའི་ཆོས་ལ་རྨོངས་པ་བསྟན་ཏོ། །རེག་པའི་སྐྱེ་མཆེད་དྲུག་མི་ཤེས་པ་ཞེས་བྱ་བས་མངོན་པའི་ང་རྒྱལ་གྱིས་རྨོངས་པ་བསྟན་ཏོ། །དེ་ལྟར་རྨོངས་པ་རྣམ་པ་བདུན་ཡོད་པས་ན། མི་ཤེས་པ་ལ་སོགས་པ་ལམ་རིག་པའི་མིང་གི་རྣམ་གྲངས ་ཀྱང་བདུན་རྨོངས་ཏེ། དུས་ལ་རྨོངས་པ་ནི་མི་ཤེས་པ་ཞེས་བྱའོ། །དངོས་པོ་ནི་མ་མཐོང་བ་ཞེས་བྱའོ། །འཕོ་བ་ལ་རྨོངས་པ་ནི་མངོན་པར་མ་རྟོགས་པ་ཞེས་བྱའོ། །མཆོག་ལ་རྨོངས་པ་ནི་མུན་པ་ཞེས་བྱའོ། །དེ་ཁོ་ན་རྨོངས་པ ་ནི་གཏི་མུག་ཅེས་བྱའོ། །ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་ལ་རྨོངས་པ་ནི། མ་རིག་པ་ཞེས་བྱའོ། །མངོན་པའི་ང་རྒྱལ་གྱིས་རྨོངས་པ་ནི་མུ་ནག་ཅེས་བྱའོ། །ཡང་ན་ཤེས་རབ་རྣམ་གསུམ་སྟེ། མཉན་པའི་ཤེས་རབ་དང། སེམས་པའི་ཤེས ་རབ་དང། བསྒོམ་པའི་ཤེས་རབ་བོ། །དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་པ་ཞེས་བྱ་བས་མ་རིག་པའི་རང་བཞིན་བསྟན་ནས། མ་རིག་པ་དེ་ཉན་པའི་ཤེས་རབ་ཀྱིས་མི་མཐུན་པའི་ཕྱོགས་ཡིན་པས་ན་མ་མཐོང་བའོ། །སེམས་པའི་ཤེས་རབ ་ཀྱི་མི་མཐུན་པའི་ཕྱོགས་ཡིན་པས་ན། མངོན་པར་མ་རྟོགས་པའོ། །བསྒོམ་པའི་ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་ཡིན་པས་ན་མུན་པའོ། །ཤེས་རབ་རྣམས་གསུམ་གྱི་མི་མཐུན་པའི་མ་རིག་པ་དེ་ཡང་ཆུང་ངུ་དང་འབྲིང་དང་ཆེན ་པོ་སྟེ་རྣམ་པ་གསུམ་མོ། །དེ་ལ་མ་རིག་པ་ཆུང་ངུ་ལ་ནི་གཏི་མུག་ཅེས་བྱའོ། །མ་རིག་པ་འབྲིང་པོ་ལ་ནི་མ་རིག་པ་ཞེས་བྱའོ། །མ་རིག་པ་ཆེན་པོ་ལ་ནི་མུན་ནག་ཅེས་བྱ་སྟེ། མ་རིག་པའི་ཡན་ལག་བཤད་ཟིན་ཏོ།། །།དེ་ལ་འདུ་བྱེད་ཀྱི ་ཡན་ལག་བཤད་པའི་སྐབས་ཡིན་པས་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་གང་ཞེ་ན། དྲིངས་པ་ལ་སོགས་པའོ། །དེ་ཉིད་བསྟན་པ་སྨྲས་པ་འདུ་བྱེད་གསུམ་སྟེ། ལུས་ཀྱི་འདུ་བྱེད་དང། ཞེས་བྱ་བ་ལ་སོགས་པའོ། །དེ་ནི་མདོར་ན་འདི་སྐད་དུ་སྟོན་ཏོ། །བསོད་ནམས ་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་མཚན་ཉིད་ཀྱི་སེམས་ཀྱི་བསྐྱེད་པའི་ལུས་ཀྱི་ལས་དང། ངག་གི་ལས་དང། ཡིད་ཀྱི་ལས་ནི་འདུ་བྱེད་ཅེས་བྱའོ། །དེ་ལ་བསོད་ནམས་མ་ཡིན་པའི་འདུ་བྱེད་ནི་ལུས་དང་ངག་དང་ཡིད་ཀྱི་ལས་ཁ་ན་མ ་ཐོ་བ་དང་བཅས་པ་ཚེ་འདི་དང་ཚེ་རབས་གཞན་དུ་བདག་དང་གཞན་གཉི་ག་ལ་གནོད་པར་བྱེད་པ་ཚོར་བ་སྡུག་བསྔལ་མྱོང་བར་འགྱུར་བ་ནི་བསོད་ནམས་མ་ཡིན་པའི་འདུ་བྱེད་དོ། །ལུས་དང་ངག་དང་ཡིད་ཀྱི་ལས་ཁ་ན་མ་ཐོ་བ་མེད་པའི་ཚེ་འདི་དང ་ཚེ་རབས་གཞན་དུ་བདག་དང་གཞན་གཉི་ག་ལ་གནོད་པར་མི་བྱེད་པའི་ཚོར་བ་བདེ་བ་མྱོང་བར་བྱེད་པ་ནི་བསོད་ནམས་ཀྱི་འདུ་བྱེད་དོ། །རྣལ་འབྱོར་པ་རྣམས་ཀྱི་ལས་ཁ་ན་མ་ཐོ་བ་མེད་པའི་ཚེ་འདི་དང་ཚེ་རབས་གཞན་དུ་བདག་དང་གཞན་གཉི ་ག་ལ་གནོད་པ་མི་བྱེད་པ་ཚོར་བ་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་མྱོང་བར་བྱེད་པ་ནི་མི་གཡོ་བའི་འདུ་བྱེད་དོ། །འདུ་བྱེད་གསུམ་མདོ་ཙམ་དུ་སྨོས་པ་རྒྱས་པར་བསྟན་པའི་ཕྱིར། དེ་ལུས་ཀྱི་འདུ་བྱེད་གང་ཞེ་ན། ཞེས་བྱ་བ་ལ་སོགས ་པ་གསུངས་སོ། །དབུགས་འབྱུང་བ་ནི་རླུང་ཕྱིར་འབྱུང་བ་སྟེ་གང་རླུང་ཕྱི་རོལ་ཏུ་རྒྱུ་བའོ། །རྡུབ་པ་ནི་དབུགས་ནང་དུ་རྒྱུ་བ་སྟེ་གང་རླུང་ནང་དུ་འཇུག་པའོ། །ལུས་ཀྱི་ཆོས་ཉིད་ཅེས་བྱ་བ་ནི་དབུགས་འབྱུང་བ་དང་རྡུབ་པ་དང་རྐང་ལག་གཡོ་བ་དང། འགུལ་པོ ་ནི་ལུགས་ཀྱི་ལས་ཀྱི་རང་བཞིན་ཡིན་པས་ལུས་ཀྱི་ཆོས་ཉིད་ཅེས་བྱའོ། །དཔེར་ན་མིག་གི་རྣམ་པར་ཤེས་པ་མིག་གི་དབང་པོ་ལ་གནས་ཏེ། སྐྱེ་བ་བཞིན་དུ་དབུགས་འབྱུང་བ་དང། རྡུབ་པ་ཡང་ལུས་ལ་གནས་པས་ན། ལུས་ལ་བརྟེན་པ་ཞེས ་བྱའོ། །དཔེར་ན་ལུས་བྱུང་ན་གྲིབ་མ་འབྱུང་སྟེ། ལུས་དང་གྲིབ་མ་གཉིས་འབྲེལ་པ་བཞིན་དུ་ལུས་ཡོད་ན་ཡང་དབུགས་འབྱུང་བ་དང་རྡུབ་པ་སྐྱེ་སྟེ། དེ་གཉིས་ཕན་ཚུན་འབྲེལ་པས་ན་ལུས་དང་འབྲེལ་བ་ཞེས་བྱའོ། །དཔེར་ན་ལུས་མེད་ན་གྲིབ་མ ་འཇིག་པ་བཞིན་དུ། ལུས་འདི་མེད་ན་ཡང་དབུགས་འབྱུང་བ་དང་རྡུབ་མེད་པར་འགྱུར་བས་ན། ལུས་ལ་གནས་ནས་རབ་ཏུ་འབྱུང་བ་ཞེས་བྱའོ། །དབུགས་འབྱུང་བ་དང་རྡུབ་པ་ལུས་ཀྱི་འདུ་བྱེད་དུ་བཤད་པ་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་ཀྱི། དགེ ་བ་ལ་སོགས་པའི་སེམས་པས་བསྐྱེད་པའི་དགེ་བའི་ལུས་ཀྱི་ལས་ལ་སོགས་པ་ཡང། ལུས་ཀྱི་ལས་ཡིན་པར་བསྟན་ཏེ། གཞན་དུ་ན་དགེ་བའི་ལུས་ཀྱི་ལས་དང། མི་དགེ་བའི་ལུས་ཀྱི་ལུས་ཀྱི་འདུ་བྱེད་དུ་མི་འགྱུར་རོ། །འདིར་རྒྱུ་ལ ་འབྲས་བུ་བཏགས་ཏེ་བསྟན་པ་ཡིན་པར་བསྡུ་བའི་ཕྱིར། དེ་བས་ན་དབུགས་འབྱུང་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབུགས་འབྱུང་བ་དང་རྡུབ་པའི་རྒྱུ་ནི་ལུས་ཡིན་ནོ། །གང་ལུས་ཀྱི་གཡོས་པ་དེ་ལ་ལུས་ཀྱི་ལས་ཞེས་བྱ་བ་ལས ་དབུགས་འབྱུང་བ་དང་རྡུབ་ལ་ཡང་ལུས་ལས་བྱུང་བས་ན། རྒྱུ་ལུས་ཀྱི་མིང་འབྲས་བུ་དབུགས་འབྱུང་བ་དང་རྡུབ་པ་ལ་བཏགས་ནས། །དེ་བས་ན་དབུགས་འབྱུང་བ་དང་རྡུབ་པ་ལ་ལུས་ཀྱི་འདུ་བྱེད་ཅེས་བྱའོ། །ང་གི་འདུ་བྱེད་བསྟན ་པའི་ཕྱིར། ངག་གི་འདུ་བྱེད་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་བརྟགས་ཤེས་བྱ་ལྟ་རྩིང་གེ་མར་སེམས་པ་ནི། རྣམ་པར་བརྟགས་ཞེས་བྱའོ། །ཞིབ་ཏུ་སེམས་པ་ནི་རྣམ་པར་དཔྱོད་པ་སྟེ། བསམས་ནས ་ཚིག་ཏུ་སྨྲ་བས་ན་ཚིག་འབྱུང་བའི་རྒྱུ་རྣམ་པར་བརྟགས་པ་དང། རྣམ་པར་དཔྱད་པ་ལ་ངག་གི་འདུ་བྱེད་ཅེས་བྱའོ། །རྣམ་པར་མ་བརྟགས་པ་དང་ཞེས་བྱ་བ་ནི་རྩིང་གེ་མར་བསམས་ཞིབ་ཏུ་སེམས་པ་མེད་པར་ཚིག་ཏུ་མི་སྨྲའོ་ཞེས་བྱ་བའི ་དོན་ཏོ། །སྨྲས་པ་དག་གི་འབྱུང་བ་ཆེན་པོ་བཞིའི་རང་བཞིན་ཏེ། རླུང་ལས་སྐྱེས་པ་ཡིན་ལ་རྟོག་པ་དང་དཔྱོད་པ་ནི་སེམས་ལས་བྱུང་བའི་ཆོས་ཡིན་ན། ཇི་ལྟར་རྟོག་པ་དང་དཔྱོད་པ་ལ་དག་གི་འདུ་བྱེད་ཅེས་བྱ། ལན་དུ་འདིར་ཡང་རྒྱུ་ལ་འབྲས་བུ་བཏགས ་ཏེ། འདིར་ཡང་དགེ་བ་ལ་སོགས་པའི་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་གཉིས་ནི་དག་བསྐྱེད་པར་བྱེད་པའི་རྒྱུ་སྟེ། དེ་བས་ན་རྒྱུ་རྟོག་པ་དང་དཔྱོད་པ་ལ་འབྲས་བུ་དག་བཏགས་ནས་རྣམ་པར་རྟོག་པ་དང་དཔྱོད་པ་ཡང་དག་གི་འདུ ་བྱེད་བཤད་དོ། །དེ་ལྟ་བུར་ཡང་འཇིག་རྟེན་དང་གསུང་རབ་ལས་ཀྱང་མཐོང་སྟེ། དཔེར་ན་འཇིག་རྟེན་ན་མི་བདེའོ་ཞེས་བྱ་བ་དང། གསུང་རབ་ལས་ཀྱང་སངས་རྒྱས་འབྱུང་བ་བདེ་ཞེས་བྱ། མེ་ནི་ཚིག་པའི་རང་བཞིན་ཡིན་པས་བདེ་བ་མ་ཡིན ་ཡང། མེ་དེའི་འབྲས་བུ་དྲོ་བ་བདེ་བ་སྐྱེ་པའི་ཕྱིར་མེ་བདེ་ཞེས་བྱ་བ་དང། སྐྱེ་བ་ཐམས་ཅད་ནི་སྡུག་བསྔལ་ཡིན་པར་བཤད་པས་སངས་རྒྱས་འབྱུང་བ་ལ་བདེ་བ་མེད་མོད་ཀྱི། སངས་རྒྱས་འབྱུང་བའི་རྒྱུ་ལས་སེམས་ཅན་མྱ་ངན་ལས་འདའ་ ་བ་དང། མཐོ་རིས་བདེ་བ་ཐོབ་པའི་འབྲས་བུ་འབྱུང་བའི་ཕྱིར་སངས་རྒྱས་འབྱུང་བ་བདེ་ཞེས་བྱ་བ་ལྟ་བུའོ། །ཡིད་ཀྱི་འདུ་བྱེད་བསྟན་པར་སྨྲས་པ། ཡིད་ཀྱི་འདུ་བྱེད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པའོ། །གང་ཆགས་པའི་སེམས་ཀྱིས?་བྱ་བ ་ལུས་དང་ལོངས་སྤྱོད་ལ་ཞེན་པ་ནི་ཆགས་པའི་སེམས་སོ། །སེམས་ཅན་དང་སེམས་ཅན་མ་ཡིན་པ་ལ་ཁོང་ཁྲོ་བ་ནི། ཞེ་སྡང་བའི་སེམས་སོ་ལས་དང་ལས་ཀྱི་འབྲས་བུ་ལ་སོགས་པ་མི་ཤེས་པ་ནི། གཏི་མུག་པའི་སེམས་སོ། །སྲོག་ཆགས་གང་འདོད་ཆགས་པའི་སེམས་ཀྱིས་འདོད ་ཆགས་པའོ། དེ་བཞིན་དུ་གང་ཞེ་སྡང་དང་བཅས་པའི་སེམས་ཀྱིས་ཞེ་སྡང་དང་བཅས་པ་དང། རྨོངས་པ་དང་བཅས་པའི་སེམས་ཀྱིས་གཏི་མུག་དང་ལྡན་པའི་སེམས་དེ་ནི་ཡིད་ཀྱི་འདུ་བྱེད་ཅེས་བྱའོ། །སེམས་ལས་བྱུང་བའི་ཆོས་འདི་ཞེས་བྱ་བ་ནི་ཆགས ་པ་དང་ཞེ་སྡང་བ་དང་གཏི་མུག་པའི་སེམས་གསུམ་སེམས་ཀྱི་ཆོས་མ་ཡིན་གྱི་སེམས་ལས་བྱུང་བའི་ཆོས་ཡིན་པས་ན་སེམས་ལས་བྱུང་བའི་ཆོས་འདི་ཞེས་གསུངས་སོ། །དེའི་བཤད་པ་ནི་སེམས་ལ་བརྟེན་པ་ཞེས་བྱའོ། །དེའི་བཤད་པ ་ཡང་སེམས་ཀྱི་རྒྱུ་ཞེས་བྱའོ། །དེའི་བཤད་པ་ཡང་སེམས་དང་འབྲེལ་པ་ཞེས་བྱའོ། །དེའི་བཤད་པ་ཡང་སེམས་ལ་གནས་ནས་རབ་ཏུ་འབྱུང་སྟེ་ཞེས་བྱའོ། །ཡང་ན་སེམས་འདི་སེམས་ལས་བྱུང་བའི་ཆོས་རྣམས་ལ་རྣམ་པ་ལྔ་ལྟ ་བུས་རྒྱུ་བྱེད་དེ། སྐྱེད་པ་དང་རྟེན་པ་དང་གནས་པ་དང་བསྟན་པ་དང་སྤེལ་བའོ། །སེམས་ལས་བྱུང་བའི་ཆོས་ཞེས་བྱ་བས་བསྐྱེད་པ་བསྟན་སྟེ། སེམས་མེད་ན་སེམས་ལས་བྱུང་བའི་ཆོས་ཀྱང་མི་སྐྱེ་ལ། སེམས་སྐྱེས་ན་སེམས་ལས་བྱུང་བའི་ཆོས ་རྣམས་ཀྱང་སྐྱེ་བའི་ཕྱིར་རོ། །སེམས་ལ་བརྟན་ཅེས་བྱ་བས་བརྟེན་པ་བསྟན་ཏེ། སེམས་ཉམས་ན་སེམས་ལས་བྱུང་བ་ཡང་ཉམས་པར་འགྱུར་བས་སོ། །སེམས་ཀྱི་རྒྱུད་ཅེས་བྱ་བས་གནས་པ་བསྟན་ཏེ། ཇི་སྲིད་དུ་སེམས་དེ་ཡོད་ཀྱི་བར་དུ་དེའི་རྒྱུ་སེམས་ལས་བྱུང ་བ་ཡང་གནས་པའི་ཕྱིར་རོ། །སེམས་དང་འབྲེལ་ཅེས་བྱ་བས་བསྟན་པ་བསྟན་ཏེ། སེམས་ཀྱིས་རྟག་ཏུ་སེམས་ལས་བྱུང་བ་ལ་བསྟངས་ཤིང་གྲོགས་བྱས་པའི་ཕྱིར་རོ། །སེམས་ལ་གནས་ནས་རབ་ཏུ་བྱུང་ཞེས་བྱ་བས། སྤེལ་བ་བསྟན་ཏེ། སེམས་བརྟས་པར་གྱུར་ན། ་སེམས་ལས་བྱུང་བ་ཡང་བརྟས་པར་འགྱུར་བའི་ཕྱིར་རོ། །དེ་ལ་འདོད་པ་དང་གཟུགས་ཀྱི་ཁམས་ན་ནི། ལུས་དང་ངག་དང་ཡིད་ཀྱི་འདུ་བྱེད་གསུམ་ཅར་ཡོད་དོ། །གཟུགས་མེད་པའི་ཁམས་ན་ནི། ཡིད་ཀྱི་འདུ་བྱེད་འབའ་ཞིག་ཡོད ་པར་ཟད་དོ། །བརྒལ་པ། མདོ་གཞན་དག་ལས། བཅོམ་ལྡན་འདས་ཀྱིས་འདས་པའི་དུས་ན། གང་ལས་དགེ་བ་ལ་སོགས་པ་སྤྱོད་པ་དེ་ནི། འདུ་བྱེད་དུ་བཤད་ན། འདིར་སྤྱིར་འདས་པ་དང་མ་འོངས་པ་དང། ད་ལྟར་གྱི་ལས་ལ་འདུ་བྱེད་ཅེས་བཤད་པས་འགལ་ལོ།། ་ལན་དུ་འདིར་སྤྱིར་སྨོས་ཀྱང་བཤད་པའི་དབང་གིས་ཁྱད་པར་རིག་པར་འགྱུར་ཏེ། གང་འདས་པའི་དུས་ན་ལས་དགེ་བ་ལ་སོགས་པ་བྱས་པ་དེ་ཉིད་འདུ་བྱེད་ཅེས་རིག་པར་བྱ་སྟེ། གཞན་ན་གསུངས་རབ་གཞན་དང་འགལ་བར་མི་འགྱུར་རོ།། །། ་འདུ་བྱེད་བཤད་ནས་རྣམ་པར་ཤེས་པའི་ཡན་ལག་བསྟན་པའི་ཕྱིར། །འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་མིག་གི་དབང་པོ་ལ་བརྟེན་གཟུགས་ལ་དམིགས་ནས་གཟུགས་ཀྱི་མཚན་ཉིད་རིག་པ་ནི ་མིག་གི་རྣམ་པར་ཤེས་པ་སྟེ། རྣམ་པར་ཤེས་པ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །འདི་སྤྱིར་སྨོས་མོད་ཀྱི་རྣམ་པར་ཤེས་པ་ཐམས་ཅད་ལ། འདུ་བྱེད་ཀྱི་རྐྱེན་ཅིས་མི་བྱའོ། །བག་ལ་ཉལ་བསགས་པ་དང་ལྡན་པས་དང་པོར་ཡིད་ཀྱི་རྣམ་པར་ཤེས ་པ་མའི་མངལ་དུ་མཚམས་སྦྱར་བ་དེ་ཉིད་འདུ་བྱེད་ཀྱིས་རྐྱེན་གྱིས་རྣམ་པར་ཤེས་པ་ཡིན་པར་དགོངས་པའོ། །དེ་ལྟ་མ་ཡིན་གྱི་རྣམ་པར་ཤེས་པ་སྤྱི་ལ་བྱ་བར་གྱུར་ན། བཅོམ་ལྡན་འདས་ཀྱིས་མདོ་གཞན་དག་ལས། མའི་མངལ་དུ་མཚམས་སྦྱོར་བའི་སྐད ་ཅིག་མན?། ཡིད་ཀྱི་རྣམ་པར་ཤེས་པ་བརྒྱལ་བ་དེ་རྣམ་པར་ཤེས་པའི་ཡན་ལག་ཏུ་བཤད་པ་དང་འགལ་ལོ། །དེར་ཡང་ཅི་མངོན་ཞེ་ན། མདོ་ལས་དགའ་བོ་རྣམ་པར་ཤེས་པ་མ་ཞུགས་པར། མེར་མེར་པོ་ལ་སོགས་པ་མིང་དང་གཟུགས་འབྱུང་བ་ཡོད་དམ། ་གསོལ་བ་མ་ལགས་སོ་ཞེས་བྱ་བ་ལྟ་བུ་སྟེ། དེར་ཡིད་ཀྱི་རྣམ་པར་ཤེས་པ་ལ་བྱ་བར་དགོངས་པའོ། །དེ་ལ་འདོད་པའི་ཁམས་ན་ནི། རྣམ་པར་ཤེས་པ་དྲུག་ཅད་ཡོད་དོ། །གཟུགས་ཀྱི་ཁམས་ན་ནི་ཟས་ཁམས་ཀྱིས་ཟ་བའི་འདོད་ཆགས་དང་བྲལ་བས། སྣ་དང་ལྕེའི་རྣམ་པར་ཤེས་པ་མེད ་ཀྱི་མིག་དང་རྣ་བ་དང་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པ་བཞི་ཡོད་དོ། །གཟུགས་མེད་པའི་ཁམས་ན་ནི། གཟུགས་ཀྱི་འདོད་ཆགས་དང་བྲལ་བས་དབང་པོ་ལྔ་མེད་པའི་ཕྱིར། མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྔ་མེད་ཀྱི། ཡིད་ཀྱི་རྣམ་པར་ཤེས་པ་འབའ་ ་ཞིག་རྣམ་པར་ཤེས་པ་བཤད་ནས་མིང་དང་གཟུགས་ཀྱི་ཡན་ལག་བསྟན་པའི་ཕྱིར། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་འགྲོ་བ་གཞན་དུ་གཞོལ་བར་བྱེད་པས་ན་མིང་སྟེ། སྐྱེ་གནས་གཞན་དུ་འགྲོ་བར་བྱེད་ཅེས ་བྱ་བའི་དོན་ཏོ། །ཡང་ན་གཟུགས་ལ་སོགས་པའི་དོན་ལ། དམིགས་པར་བྱེད་པའི་ཕྱིར་མིང་སྟེ། དམིགས་པ་རྣམས་ལེན་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཐོགས་པ་དང་བཅས་ཤིང་གནོད་པར་བྱར་རུང་བའི་ཕྱིར་གཟུགས་ཏེ། དེ་གཉིས་གཅིག་ཏུ་བསྡོམས་ན། མིང་དང་གཟུགས་ཞེས་བྱའོ་མིང་དང ་གཟུགས་མདོར་བསྟན་པ་དེ་ཉིད་རྒྱས་པར་བཤད་པའི་ཕྱིར། མིང་ནི་གཟུགས་མེད་པའི་ཕུང་པོ་བཞི་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལས་དགེ་བ་དང་མི་དགེ་བའི་འབྲས་བུ་མྱོང་བར་བྱེད་པ་ནི་ཚོར་བའོ། །ཡུལ་ལ་མཚན་མར་འཛིན་པ་ནི་འདུ་ཤེས་སོ། །སེམས་ལ་མངོན ་པར་འདུ་བྱེད་པ་ནི་འདུ་བྱེད་དོ། །ཡུལ་རྣམས་སོ་སོར་རིག་པར་བྱེད་པ་ནི་རྣམ་པར་ཤེས་པ་སྟེ། གཟུགས་མེད་པའི་ཕུང་པོ་བཞི་པོ་འདི་ལ་མིང་ཞེས་བྱའོ། །གོང་དུ་གཟུགས་ཞེས་སྨོས་པ་དེ་ལ། གཟུགས་གང་ཡིན་པ་དང། གྲངས་སུ་ཡོད་པ་མི་ཤེས་པས་ཐེ་ཚོམ་དུ་གྱུར ་ནས་དེའི་ཕྱིར་གཟུགས་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་ཅུང་ཟད་གཟུགས་དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཅུང་ཟད་གཟུགས་ཞེས་བྱ་བ་ནི། འདས་པའི་གཟུགས་དང། མ་འོངས་པའི་གཟུགས་དང། ད་ལྟར ་ཀྱི་གཟུགས་དང། ནང་གི་གཟུགས་དང། ཕྱིའི་གཟུགས་ཞེས་བྱ་བ་ལ་སོགས་པ་དེ་དག་ཐམས་ཅད་རྣམས་པ་གཉིས་སུ་འདུས་ཏེ་འབྱུང་བ་ཆེན་པོ་བཞིའི་གཟུགས་དང། འབྱུང་བ་ཆེན་པོ་བཞི་ལས་གྱུར་པའི་གཟུགས་སུ་འདུའོ། །འདིས་རྒྱུའི་གཟུགས་དང ་འབྲས་བུའི་གཟུགས་གཉིས་སྨྲས་པ་ཡིན་ཏེ། འབྱུང་བ་ཆེན་པོ་བཞི་ནི་རྒྱུའི་གཟུགས་སོ། །འབྱུང་བ་ཆེན་པོ་བཞི་ལས་གྱུར་པའི་གཟུགས་ནི་འབྲས་བུའི་གཟུགས་སོ། །དེ་ལ་འབྱུང་བ་ཆེན་པོ་བཞི་ལས་གྱུར་པའི་གཟུགས་རྣམས་ནི་རྣམ་པ་བཅུ་ཅིག་གོ་ཞེས་གང་གོང་དུ་བཤད་པའོ། །གྱུར ་པའི་སྒྲ་ནི་རྒྱུ་ལ་བྱ་སྟེ། རྒྱུ་རྣམ་པ་ལྔས་འབྱུང་བ་ཆེན་པོ་རྣམས་འབྱུང་བ་ལས་གྱུར་པའི་གཟུགས་ཀྱི་རྒྱུ་བྱེད་དེ། །དཔེར་ན་ཤིང་ལ་བརྟེན་ནས་མེ་འབྱུང་ཞེས་བཤད་ན། ཤིང་གི་རྒྱུ་ལས་མེ་སྐྱེ་ཞེས་བྱ་བའི་དོན་དང་འདྲའོ། །རྒྱུ་ལྔ་ནི་སྐྱེད་པ་དང། གཞི་དང་བརྟེན་པ་དང། འཕེལ་བར་བྱེད་པའོ ་དེ་ལ་སྐྱོང་པ་ནི་འབྱུང་བ་མེད་པར་འབྱུང་བ་ལས་གྱུར་པའི་གཟུགས་མི་སྐྱེད་པའི་ཕྱིར་རོ། །གཞི་ནི་འབྱུང་བ་ལ་མ་གཏོགས་པར་འབྱུང་བ་ལས་གྱུར་པའི་གཟུགས་རྣམས་ཡུལ་གཞན་དུ་གནས་ཤིང་རྟེན་པའི་མཐུ་མེད་པའི་ཕྱིར་རོ། །རྟེན་པ་ནི་འབྱུང་བ་ཉམས་ཏེ་གྱུར ་ན་དེ་ལ་བརྟེན་པའི་འབྱུང་བ་ལས་གྱུར་པའི་གཟུགས་ཀྱང་གཞན་དུ་གྱུར་པའི་ཕྱིར་རོ། རྟེན་པ་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་གཟུགས་འདྲ་བར་སྐྱེ་བའི་ཚེ་ན། འབྱུང་བས་འབྱུང་བ་ལས་གྱུར་པའི་གཟུགས་ཀྱི་རྒྱུད་རྒྱུན་མི་འཆད་པར་འཛིན་པའི་ཕྱིར་རོ།། ་འཕེལ་བ་ནི་འབྱུང་བ་འཕེལ་བའི་དུས་ན་ཡང་ན་འབྱུང་བ་ལས་གྱུར་པའི་གཟུགས་ཀྱང་འཕེལ་ཞིང་བརྟས་པར་འགྱུར་བའི་ཕྱིར་རོ། །འབྱུང་བ་ཆེན་པོ་བཞི་དག་གོང་ཞེ་ན། དེའི་ཕྱིར་འདི་ལྟ་སྟེ། སའི་ཁམས་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཁམས་ཀྱི་སྒྲ ་ནི་འཛིན་པ་ལ་བྱ་སྟེ། རང་གི་མཚན་ཉིད་འཛིན་པ་དང་འབྱུང་བ་ལས་གྱུར་པའི་གཟུགས་འཛིན་པའི་ཕྱིར། ཁམས་ཞེས་བྱའོ། །རང་གི་མཚན་ཉིད་འཛིན་པ་ནི་སྲ་བའི་ཁམས་སྲ་བའི་མཚན་ཉིད་འཛིན་པ་དང། ཆུའི་ཁམས་གཤེར་བའི་མཚན་ཉིད་འཛིན་པ ་དང། མེའི་ཁམས་དྲོ་བའི་མཚན་ཉིད་འཛིན་པ་དང། རླུང་གི་ཁམས་གཡོ་བའི་མཚན་ཉིད་འཛིན་པའོ། །འབྱུང་བ་ལས་གྱུར་པའི་གཟུགས་འཛིན་པ་ནི་རྒྱུའི་ངོ་བོར་འཛིན་ཏེ། དེ་དག་གི་རྒྱུ་བྱེད་པའི་ཕྱིར་རོ། །འབྱུང་བ་ཆེན་པོ་ཡང་བཞི་ཉིད་དེ་དོན་མེད་པ་དང། མི་ནུས་པའི་ཕྱིར། ་ཁྲིའི་རྐང་པ་བཞིན་པས་ལྔ་དང་གསུམ་དུ་མ་ཡིན་ནོ། །འབྱུང་བ་ཆེན་པོ་རྣམས་ཀྱི་རང་བཞིན་མ་ཤེས་ནས་དེ་བསྟན་པར་བྱ་བའི་ཕྱིར། སའི་ཁམས་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་ལྕི་བ་དང་སྲ་བའོ་ཞེས་བྱ་བ་ལ། སྲང་གི་མགོ་དམའ་ཞིང་མཇུག་མཐོ ་བར་གྱུར་པ་ནི་ལྕི་བའོ། །དེ་ལ་ལྕི་བ་ནི་ལྕི་བ་དང་ཡང་བ་ཞེས་བྱ་བ་འབྱུང་བ་ལས་གྱུར་པའི་གཟུགས་ཀྱང་ཡོད་དོ། དེ་དགར་བར་བྱ་བའི་ཕྱིར། སྲ་བ་ཞེས་བྱ་བ་སྨོས་སོ། །སྲ་བ་སྨོས་པ་ནི་འབྱུང་བ་ལས་གྱུར་པའི་གཟུགས་དགར་བ་ཡིན་ཏེ། རྩུབ་པ་དང ་མཁྲང་བ་ཞེས་བྱ་བའི་དོན་ཏོ། །འབྱུང་བ་ལས་གྱུར་པའི་གཟུགས་ལྕི་བ་ཡིན་ཡང་སྲ་བ་དང་མཁྲང་བའི་རང་བཞིན་མ་ཡིན་ནོ། །ཆུའི་ཁམས་གང་ཞེ་ན་གང་གཤེར་བ་དང། རློན་པའོ་ཞེས་བྱ་བ་ལ། བདག་རང་སྲི་མཚན་ཉིད་ནི་གཤེད་པའོ། །གཞན་ལ ་ཡང་གཤེར་བར་བྱེད་པས་ན་རླན་པའོ། །མེའི་ཁམས་གང་ཞེ་ན་གང་དྲོ་བ་དང་སྨིན་པར་བྱེད་པའོ། །ཞེས་བྱ་བ་ལ། རང་ཉིད་ཚ་བའི་རང་བཞིན་ཡིན་པས་ངོ་བོའོ། །རྫས་གཞན་ལ་ཡང་དྲོ་བ་དང་སྨིན་པར་བྱེད་པས་ན་སྨིན་པའོ། །རླུང་གི་ཁམས་གང་ཞེ་ན་གང་བསྐུམ ་པ་དང། སྨྱང་བ་དང་ཡང་ཞིང་གཡོ་བའོ་ཞེས་བྱ་བ་ལ། ལུས་ཀྱི་རྐང་ལག་ལ་སོགས་པ་ནང་དུ་བསྐུམ་ཞིང་ཕྱིར་སྨྱང་བ་དང། ཕྱིའི་འདབ་མ་ལ་སོགས་པ་གཡོ་ཞིང་ཁྱེར་བར་བྱེད་པ་ནི་རླུང་གི་ཁམས་སོ། །ཡང་བ་ནི་འབྱུང་བ་ལས་གྱུར་པའི་གཟུགས་ཀྱང་ཡོད ་དེ་དེ་དང་འཁྲུལ་པར་མི་འགྱུར་པར་བྱ་བའི་ཕྱིར། གཡོ་བ་ཞེས་བྱ་བའི་རྣམ་གྲངས་སྨོས་སོ། །དེ་ལ་ཡང་བ་ནི་རླུང་གི་ཁམས་ཀྱི་རང་བཞིན་ནོ། །གཡོ་བ་ནི་རླུང་གི་ཁམས་ཀྱི་ལས་ཏེ། གཡོ་བ་ཞེས་བྱ་བ་ལས་བསྟན་པའི་སྒོ་ནས། ཡང་བ་ཞེས་བྱ་བའི་རང་བཞིན ་བསལ་བར་འགྱུར་ཏེ། གང་གཡོ་བའི་བདག་ཉིད་དུ་ཡང་བ་ནི། རླུང་གི་ཁམས་སོ། །གང་གཡོ་བ་མེད་པ་ལ་ཡང་བ་འབའ་ཞིག་ཡོད་པ་དེ་ནི་འབྱུང་བ་ལས་གྱུར་པའི་གཟུགས་ཡིན་ནོ། །དེ་ལས་ཞེས་བྱ་བ་སྨོས་པས་ཆོག་མོད། ་ཁམས་ཞེས་སྨོས་ཅི་དགོས་ཤེ་ན། ས་འགའ་ཞིག་སྨོས་ན་ནི་འབྱུང་བ་ལས་གྱུར་པ་དཀར་པོ་དང་དམར་པོ་ལ་ཡང་འཇིག་རྟེན་ནས་ཞེས་བྱ་སྟེ། དེ་དང་ནོར་བར་འགྱུར་བ་དགག་པའི་ཕྱིར་ཁམས་ཀྱི་སྒྲ་སྨོས་སོ། །གང་གོང་དུ་བཤད་པ་རྣམས་བསྡུས་ཏེ། ་བསྟན་པའི་ཕྱིར། གང་གཟུགས་འདི་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་འབྱུང་བ་ཆེན་པོ་བཞིའི་མཚན་ཉིད་ཀྱིས་གཟུགས་འདི་དང། གོང་དུ་བཤད་པའི་གཟུགས་མེད་པའི་མིང་གི་ཕུང་པོ་བཞི་གཅིག་ཏུ་བསྡུས་ན། མིང་དང་གཟུགས ་ཞེས་བྱའོ། །མངོན་པའི་ཆོས་ལས་ནི་གཟུགས་རྣམས་གསུམ་སྟེ། བལྟར་སྣང་ལ་ཐོགས་པ་དང་བཅས་པ་དང། བལྟར་མི་སྣང་ལ་ཐོགས་པ་དང་བཅས་པ་དང། ལྟར་ཡང་མི་སྣང་ལ་ཐོགས་པ་ཡང་མེད་པའོ། །མིང་ཡང་གསུམ་སྟེ་རྣམ་པར་ཤེས ་པའི་ཕུང་པོ་མ་གཏོགས་པར་ཚོར་བ་དང། འདུ་ཤེས་དང་འདུ་བྱེད་དེ། གཟུགས་གསུམ་དང་མིང་གསུམ་གཅིག་ཏུ་བསྡུས་ན་མིང་དང་གཟུགས་ཞེས་བྱའོ། །དེ་ལ་བལྟར་སྣང་ལ་ཐོགས་པ་དང་བཅས་པའི་གཟུགས་ནི། གང་མིག་གི་དབང་པོའི ་ཡུལ་དུ་གྱུར་པ་གཟུགས་ཞེས་རྣམ་པར་བཞག་པའོ། བལྟར་མི་སྣང་ལ་ཐོགས་པ་དང་བཅས་པའི་གཟུགས་ནི། རྫས་དགུ་སྟེ་མིག་ལ་སོགས་པའི་དབང་པོ་ལྔ་དང། སྒྲ་དང་དྲི་དང་རོ་དང་རེག་སྟེ་ཡུལ་བཞིའོ། །བལྟར་ཡང་མ་སྣང་ལ་ཐོགས་པ ་ཡང་མེད་པའི་གཟུགས་ནི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སོ།། །།སྐྱེ་མཆེད་དྲུག་བསྟན་པའི་ཕྱིར། མིང་གང་གཟུགས་ཀྱི་རྐྱེན་གྱིས་དྲུག་གི་སྐྱེ་མཆེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེ་མཆེད་ནི་དྲུག་དག་ཏུ་ཟོང? ་སྐྱེ་མཆེད་དྲུག་མིང་ཙམ་སྨོས་པ། རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། མིག་གི་སྐྱེ་མཆེད་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་འབྱུང་བ་ཆེན་པོ་བཞིའི་གཟུགས་ཀྱི་རྒྱུ་ལས་ནི། མིག་གི་སྐྱེ་མཆེད་ནས་ལུས་ཀྱི་སྐྱེ་མཆེད་ཀྱི་བར་དུ་འབྱུང་ངོ། །མིང་གི་ཕུང་པོ ་བཞིའི་རྒྱུ་ལས་ནི། ཡིད་ཀྱི་སྐྱེ་མཆེད་འབྱུང་བར་འགྱུར་རོ། །ཡང་ན་འབྱུང་བ་ཆེན་པོ་བཞི་དང་བ་དང་གསལ་བར་གྱུར་ན། མིག་གི་སྐྱེ་མཆེད་ནས་ལུས་ཀྱི་སྐྱེ་མཆེད་ཀྱི་བར་དུ་འགྱུར་རོ། །མིང་གི་ཕུང་པོ་བཞི་གསལ་བར་གྱུར་ན། ཡིད་ཀྱི་སྐྱེ་མཆེད་དུ ་འགྱུར་རོ། །དེ་ལ་གཟུགས་སྤྱོད་ཡུལ་དུ་གྱུར་པ་ལྟ་བའི་བདག་ཉིད་ཅན་གཟུགས་དང་ཞིང་བསལ་བ་ནི་མིག་གི་སྐྱེ་མཆེད་དོ། །སྒྲ་སྤྱོད་ཡུལ་དུ་གྱུར་པ་ཉན་པའི་བདག་ཉིད་ཅན་གཟུགས་དང་ཞིང་གསལ་བ་ནི་རྣ་བའི་སྐྱེ་མཆེད་དོ?། །དེ་སྤྱོད་ཡུལ་དུ་གྱུར་པ་སྣོམ ་པའི་བདག་ཉིད་ཅན་གཟུགས་དང་ཞིང་གསལ་བ་ནི་སྣའི་སྐྱེ་མཆེད་དོ། །རོའི་སྤྱོད་ཡུལ་དུ་གྱུར་པ་མྱོང་བའི་བདག་ཉིད་ཅན་གཟུགས་དང་ཞིང་གསལ་བ་ནི་ལྕེའི་སྐྱེ་མཆེད་དོ། །རེག་བྱའི་སྤྱོད་ཡུལ་དུ་གྱུར་པ་འཇམ་རྩུབ་ལ་སོགས་པ་ཚོར་བའི་བདག ་ཉིད་ཅན་གཟུགས་དང་ཞིང་གསལ་བ་ནི་ལུས་ཀྱི་སྐྱེ་མཆེད་དེ། ཆོས་སྤྱོད་ཡུལ་དུ་གྱུར་པ་ཤེས་ཤིང་རེག་པའི་བདག་ཉིད་ཅན་ནི་ཡིད་ཀྱི་སྐྱེ་མཆེད། འདོད་པའི་ཁམས་ན་ནི་སྐྱེ་མཆེད་དྲུག་ཅར་ཡོད་དོ། །གཟུགས་ཀྱི་ཁམས་ན་ནི་སྣ་དང་ལྕེ་གཉིས ་མ་གཏོགས་པ་ལྷག་མ་བཞིའོ། །གཟུགས་མེད་པའི་ཁམས་ན་ནི་ཡིད་ཀྱི་སྐྱེ་མཆེད་འབའ་ཞིག་ཡོད་པར་ཟད་དོ། །རེག་པ་བསྟན་པར་བྱ་བའི་ཕྱིར། དྲུག་གི་སྐྱེ་མཆེད་ཀྱི་རྐྱེན་གྱི་རེག་པ་ཞེས་བྱ་བ་ལ་སོགས་པ་རྣམ་གྲངས་སྨོས་སོ། །གྲངས་སྨོས་པའི་བར ་དུ་དབྱེ་བ་བསྟན་པའི་ཕྱིར། མིག་གིས་ཀུན་རེག་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་སྟེ། མིག་དང་གཟུགས་ལ་བརྟེན་ནས། མིག་གི་རྣམ་པར་ཤེས་པ་སྐྱེ་སྟེ། དེ་བས་ན་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་གསུམ་དུས་གཅིག་ཏུ་ཚོགས་པ་ ་ལ་རེག་པ་ཞེས་བྱའོ། །དེ་བཞིན་དུ་རྣ་བ་དང་སྒྲ་དང། རྣ་བའི་རྣམ་པར་ཤེས་པ་གསུམ་དུས་གཅིག་ཏུ་ཚོགས་པ་ནི་རྣ་བས་ཀུན་ཏུ་རེག་པ་ཞེས་བྱ་སྟེ། དབང་པོ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར། །དེ་ལ་མིག་གིས་ཀུན ་ཏུ་རེག་པ་ནས། ལུས་ཀྱི་ཀུན་ཏུ་རེག་པའི་བར་དུ་ལྔ་ནི། ཐོགས་པ་དང་བཅས་པའི་རེག་པ་ཞེས་བྱ་སྟེ། མིག་ལ་སོགས་པའི་དབང་པོ་ཐོགས་པ་དང་བཅས་པ་མ་བརྟེན་པའི་ཕྱིར་རོ། །ཡིན་གྱིས་ཀུན་ཏུ་རེག་པ་མི་ལྷག་པར་ཡུལ་ལ་འཇུག་པའི ་རེག་པ་ཞེས་བྱ་སྟེ། མིག་ལ་སོགས་པས་གཟུགས་ཀྱི་དབང་དུ་བྱས་ཏེ། མཐོང་བ་རྣམས་ཀྱི་རྗེས་ལ། ཡིད་ཀྱི་གཅོད་པར་བྱེད་པས་ན་ལྷག་པར་ཡུལ་ལ་འཇུག་པའི་རེག་པ་ཞེས་བྱའོ། །ཚོར་བ་བཤད་པར་བྱ་བའི་ཕྱིར། རེག་པའི་རྐྱེན་གྱི་ཚོར ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚོར་བའི་ཚོགས་དྲུག་ཅེས་བྱ་བས། གྲངས་བསྟན་ཏོ། །གྲངས་བསྟན་པ་ཉིད་ཀྱིས་དབྱེ་བ་བསྟན་པའི་ཕྱིར། །མིག་གིས་ཀུན་ཏུ་རེག་པ་ལས་སྐྱེས་པའི་ཚོར་བ་ཞེས་བྱ་བ་སྨོས་ཏེ། མིག་དང་ཡུལ་དང ་རྣམ་པར་ཤེས་པ་གསུམ་ཚོགས་པ་ལས་གང་སྐྱེས་པའི་ཚོར་བ་ནི། མིག་གིས་ཀུན་ཏུ་རེག་པ་ལས་སྐྱེས་པའི་ཚོར་བ་ཞེས་བྱའོ། །དེ་ཡང་ཡུལ་ཡིད་དུ་འོང་བ་དང། ཡུལ་ཡིད་དུ་མི་འོང་བ་དང། ཡུལ་གཉི་ག་མ་ཡིན་པ་ཕྲད་པའི་རྒྱུ་ལས། ཚོར ་བ་རྣམ་པ་གསུམ་དུ་འགྱུར་ཏེ། བདེ་བའི་ཚོར་བ་དང། སྡུག་བསྔལ་གྱི་ཚོར་བ་དང། བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་སྐྱེའོ། །དེ་ལ་ཡུལ་ཡིད་དུ་འོང་བ་དང་ཕྲད་ན་ནི་བདེ་བའི་ཚོར་བ་སྐྱེའོ། །ཡུལ་ཡིད་དུ་མི་འོང་བ་དང ་ཕྲད་ན་ནི་སྡུག་བསྔལ་གྱི་ཚོར་བ་སྐྱེའོ། །ཡུལ་ཡིད་དུ་འོང་བ་ཡང་མ་ཡིན་མི་འོང་བ་ཡང་མ་ཡིན་པ་དང་ཕྲད་ན་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་སྐྱེ་སྟེ། དེ་བཞིན་དུ་སྒྲ་སྙན་པ་དང། མི་སྙན་པ་དང། གཉི་ག་མ་ཡིན ་པ་དང་ཕྲེང་བའི་སྒོ་ནས། རྣ་བས་ཀུན་ཏུ་རེག་པ་ལས་ཀྱང་ཚོར་བ་རྣམ་པ་གསུམ་སྐྱེ་སྟེ། དབང་པོ་ལྷག་མ་རྣམས་ལ་ཡང་དེ་དང་འདྲ་བར་སྦྱར་རོ། །དེ་ལ་སིམ་པར་བྱེད་པ་ནི་བདེ་བའི་ཚོར་བ་སྟེ། དབང་པོ་དང་འབྱུང་བ་ཆེན་པོ་བཞི་ལ་ཕན་འདོགས་པ་དབྱེད? ་ཅེས་བྱ་བའི་དོན་ཏོ། །གདུང་བར་བྱེད་པ་ནི་སྡུག་བསྔལ་གྱི་ཚོར་བ་སྟེ། དབང་པོ་དང་འབྱུང་བ་ཆེན་པོ་བཞི་ལ་གནོད་པར་བྱེད་ཅེས་བྱ་བའི་དོན་ཏོ། །སིམ་པར་ཡང་མི་བྱེད་གདུང་བར་ཡང་མི་བྱེད་པ་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ ་ཞེས་བྱ་སྟེ། དབང་པོ་དང་འབྱུང་བ་ཆེན་པོ་བཞི་ལ་ཕན་པར་ཡང་མི་བྱེད་གནོད་པར་ཡང་མི་བྱེད་ཅེས་བྱ་བའི་དོན་ཏོ། །ཡང་ན་ལུས་དང་དབང་པོ་དང་ཡིད་ལ་རྗེས་སུ་འཛིན་ཅིང་ཕན་འདོགས་པའི་ཚོར་བ་གང་སྐྱེས་ན། སྐྱེས་བའི་ཚེ་དང་གནས་པའི་ཚེ་ ་ན་བདག་བདེའོ་སྙམ་དུ་སེམས་ལ། དེ་དང་ཕྲད་ན་བདག་སྡུག་བསྔལ་ལོ་སྙམ་དུ་སེམས་པ་ནི། བདེ་བའི་ཚོར་བ་ཞེས་བྱའོ། །ལུས་དང་དབང་པོ་དང་རྣམ་པར་ཤེས་པ་ལ་གནོད་པར་བྱེད་པས། གང་སྐྱེས་བ་དང་གནས་པའི་ཆེ་ན། བདག་སྡུག་བསྔལ་ལོ ་སྙམ་དུ་སེམས་ལ། དེ་དང་བྲལ་ན་བདག་བདེའོ་སྙམ་དུ་སེམས་པ་ནི། སྡུག་བསྔལ་བའི་ཚོར་བ་ཞེས་བྱའོ། །ལུས་དང་དབང་པོ་དང་རྣམ་པར་ཤེས་པ་ལ། ཕན་པར་ཡང་མི་བྱེད་གནོད་པར་ཡང་མི་བྱེད་པས། གང་སྐྱེས་པ་དང་གནས་པའི་ཚེ་ན། བདེའོ ་སྙམ་དུ་ཡང་མི་སེམས། སྡུག་བསྔལ་ལོ་སྙམ་དུ་ཡང་མི་སེམས་པ་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ཞེས་བྱའོ། །དེ་ལ་ཡིད་ཀྱིས་ཀུན་ཏུ་རེག་པའི་ཚོར་བ་བདེ་བ་ཞེས་བྱ་བ་ལ་སོགས་པ་ལ། མིག་གིས་ཀུན་ཏུ་རེག་པ ་དང། ལུས་ཀྱིས་ཀུན་ཏུ་རེག་པའི་བར་དག་གིས་སིམ་པ་ལ་ནི། བདེའི་ཚོར་བ་ཞེས་བྱ། གདུང་བ་ལ་ནི་སྡུག་བསྔལ་གྱི་ཚོར་བ་ཞེས་བྱའོ། །ཡིད་ཀུན་ཏུ་རེག་པའི་ཚོར་བ་སིམ་པ་ལ་ནི། མིང་དུ་བདེའི་ཚོར་བ་ཞེས་བྱའི། ཡིད་བདེ་བའི་ཚོར་བ་ཞེས་བྱ་བ་དང། གདུང་བ་ལ་སྡུག ་བསྔལ་གྱི་ཚོར་བ་ཞེས་མི་བྱའི། ཡིད་མི་བདེ་བའི་ཚོར་བ་ཞེས་བྱའོ། །དེ་ལ་མིག་གིས་ཀུན་ཏུ་རེག་པ་ནས། ལུས་ཀྱི་ཀུན་ཏུ་རེག་པ་ལས་སྐྱེས་པའི་ཚོར་བ་ནི། དབང་པོ་གཟུགས་ཅན་ལ་བརྟེན་པས་ལུས ་ཀྱི་ཚོར་བ་ཞེས་བྱའོ། །ཡིད་ཀྱི་ཀུན་ནས་རེག་པ་ལས་སྐྱེས་པའི་ཚོར་བ་ནི། སེམས་ཅན་ལ་བརྟེན་པའི་ཕྱིར། སེམས་ཀྱིས་ཚོར་བ་ཞེས་བྱའོ། །བརྒལ་བ་བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་ལ་མ་གཏོགས་པའི་བདེ་བ་ཡང་མ་ཡིན་སྡུག་བསྔལ ་ཡང་མ་ཡིན་པ་ཞེས་བྱ་བའི་ཚོར་བ་གསུམ་པོ་ཡོད་པར་ཅི་མངོན། སྨྲས་པ་ལུང་དང་རིགས་པས་མངོན་ཏེ། ལུང་ལས་བདེ་བ་དང། སྡུག་བསྔལ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་ནོ་ཞེས་གསུངས་པ་དང། ཡང་བདེ་བ་ཡང་སྤངས་སྡུག་བསྔལ་ཡང ་སྤངས་ནས། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་དྲན་པ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །རིགས་པ་ཡང་ཡོད་དེ་ཚོར་བ་དང་བྲལ་བའི་སེམས་སྐྱེ་བ་མི་སྲིད་པས། བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་མ་མྱོང་བའི་དུས་ན ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་རང་བཞིན་ཚོར་བ་ཀུན་ལ་རང་གིས་རིག་པ་ཡོད་པའི་ཕྱིར་རོ། །དེ་ལ་འདོད་པའི་ཁམས་ན། ཚོར་བ་གསུམ་ཆར་དང་ལྡན་ནོ། །གཟུགས་ཀྱི་ཁམས་ཀྱི་བསམ་གཏན་དང་པོ་དང་གཉིས་པ་ན་ནི་ཚོར་བ་བདེ་བ ་དང་བཏང་སྙོམས་གཉིས་ཀ་དང་ལྡན་ནོ། །གཟུགས་ཀྱི་ཁམས་ཀྱི་བསམ་གཏན་གསུམ་པ་ཡན་ཆད་ནས། སྲིད་པའི་རྩེ་མོ་མན་ཆད་ནི། ཚོར་བ་བཏང་སྙོམས་འབའ་ཞིག་དང་ལྡན་ནོ། །སྲེད་པ་བསྟན་པར་བྱ་བའི་ཕྱིར། ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་ ་བྱ་བ་གསུངས་ཏེ། སྲེད་པ་ཞེས་བྱ་བ་ནི། ཆགས་པ་དང་ཞེན་པ་དང་འདོད་ཆགས་དང། རབ་ཏུ་ཆགས་པ་ཞེས་བྱ་བ་རྣམ་གྲངས་སུ་གཏོགས་སོ། །གཟུགས་ལ་སོགས་པའི་ཡུལ་དྲུག་ལ་ཆགས་པ་ནི་སྲིད་པ་ཞེས་བྱ་སྟེ། སྲེད་པ་དང་སྲིད་པའི་ལོངས ་སྤྱོད་ལ། ཚྭ་ཆུ་འཐུང་བ་བཞིན་དུ་རྒྱུན་ཏུ་སྤྱོད་ཀྱང་ངོམས་མི་མྱོང་བ་ནི་སྲེད་པའོ། །ཕྱེ་མ་ལེབ་བརླག་པའི་གནས་མེའི་གཟུགས་ལ་ཆགས་པ་དེ་བཞིན་དུ། མི་གཙང་བའི་རང་བཞིན་བརླག་པའི་གནས་བུད་མེད་དང། སྐྱེས་པ་གཉིས་གཅིག་གི་གཟུགས ་ལ་གཅིག་ཆགས་པ་ནི། གཟུགས་ལ་སྲང?་བ་ཞེས་བྱའོ། །བརླག་པའི་གནས་ནི་རི་དགས་གླུ་ལ་ཆགས་པ་བཞིན་དུ་སྒྲ་རྣམ་པ་སྣ་ཚོགས་ལ་ཆགས་པ་ནི་སྒྲ་ལ་སྲེད་པ་ཞེས་བྱའོ། །མི་གཙང་བའི་སྦྲང་བུ་མི་གཙང་བའི་དྲི་ལ་དམ་པར་འཛིན་ཅིང་ཆགས་པ་དེ ་བཞིན་དུ་དྲི་རྣམ་པ་སྣ་ཚོགས་ལ་ཆགས་པ་ནི་དྲི་ལ་སྲེད་པ་ཞེས་བྱའོ། །ཕག་མི་གཙང་བའི་རོ་རྣམ་པ་སྣ་ཚོགས་ལ་ཆགས་པ་བཞིན་དུ་རོ་རྣམ་པ་སྣ་ཚོགས་ལ་ཞེན་པ་ནི་རོ་ལ་སྲེད་པ་ཞེས་བྱའོ། །ཡུངས་མ་མར་གྱི་སྦྲང་བུ་ཡུངས་མར་གྱི་སྣོད་ཀྱི་རེག་པ་ལ ་ཆགས་པ་དེ་བཞིན་དུ། འཇམ་པ་དང་རྩུབ་པ་ལ་སོགས་པའི་རེག་པ་ལ་ཆགས་པ་ནི། རེག་པ་ལ་སྲེད་པ་ཞེས་བྱའོ། །འདོད་པ་ལྔའི་ཡོན་ཏན་དེ་དག་སྔོན་སྤྱད་དེ། འདས་པ་ལ་ཕྲད་པ་སྨོན་པ་དང། མ་འོངས་པ་དང་ཡང་མྱུར་དུ་འགྲོགས་པར་སྨོན་པ་དང། འཇིག་རྟེན ་གྱི་བསམ་གཏན་གྱི་རོལ་ཆགས་པ་དང། ལྟ་བ་ཕྱིན་ཅི་ལོག་རྣམ་པ་སྣ་ཚོགས་ལ་ཆགས་པ་ནི། ཆོས་ལ་སྲེད་པ་ཞེས་བྱའོ། །དེ་ཡང་བསྡུས་ན་ཕྱིའི་དངོས་པོ་ལ་ཆགས་པ་དང། ནང་གི་དངོས་པོ་ལ་ཆགས་པ་དང། ལྟ་བ་ལ་ཆགས་པའོ། །དེ་ལ་ཕྱིའི་དངོས་པོ་ལ ་ཆགས་པ་ནི། འདོད་པ་ལྔའི་ཡོན་ཏན་ལ་ཆགས་པའོ། །ནང་གི་དངོས་པོ་ལ་ཆགས་པ་ནི། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཆགས་པའོ། །ལྟ་བ་ལ་ཆགས་པ་ནི་རྟག་པར་མངོན་པར་ཆགས་པ་དང། ཆད་པར་མངོན་པར་ཆགས་པ་ལ་སོགས་པའོ།། །། ་ལེན་པ་བསྟན་པའི་ཕྱིར་སྲིད་པའི་རྐྱེན་གྱིས་ལེན་པ་ཞེས་བྱ་བ། ལེན་པ་གང་ཞེ་ན་ཞེས་བྱ་བ་སྨོས་ཏེ། བཞི་བཞི་ཞེས་བྱ་བས་གྲངས་བསྟན་ཏོ། ཡང་སྲིད་པ་ཉེ་བར་ལེན་པར་བྱེད་པས་ལེན་པའོ། །འདོད་པ་དང་ལྡན་པ་ལ་སོགས་པའི་སེམས་ཀྱི་རྒྱུན་མི་གཏོར ་ཞིང་འཛིན་པར་བྱེད་པས་ན་ལེན་པ་ཞེས་བྱའོ། །ཡང་ན་ཤིང་གི་དོན་ནི་ལེན་པའི་དོན་ཏེ། ལས་ཀྱི་མེ་འབར་བའི་ཕྱིར་ལེན་པ་ཞེས་བྱའོ། །དཔེར་ན་བུད་ཤིང་གི་རྒྱུས་མེ་འབར་བ་དེ་བཞིན་དུ། ཉོན་མོངས་པའི་བུད་ཤིང་གི་རྒྱུས་སྐྱེས་བུས ་ལས་ཀྱིས་མེ་འབར་བར་འགྱུར་པའི་དོན་ནི། ལེན་པ་ཞེས་བྱའོ། །ཡང་ན་ལེན་པའི་དོན་ནི་ཁྲི་བའི་དོན་ཏེ། དར་གྱི་སྲིན་བུས་རང་གི་ལུས་དཀྲིས་པ་བཞིན་དུ། ཉོན་མོངས་པའི་བཅིང་བས་བདག་ཉིད་བཅིངས་ནས་ཐར་བའི་གེགས་བྱེད་པ་ནི་ལེན་པའོ། །རབ་ཏུ་དབྱེ ་བ་བསྟན་པར་བྱ་བའི་ཕྱིར། འདོད་པའི་ལེན་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་འདོད་པའི་ཁམས་ཀྱིས་འདོད་པའི་ཡོན་ཏན་ལྔ་ལ་ཆགས་ནས་དེ་མི་གཏོང་བ་ནི་འདོད་པའི་ལེན་པའོ། །ལྟ་བ་ལེན་པ་དང་ཞེས་བྱ་བ་ལ། རྟག་པར་ལྟ་བ ་དང། ཆད་པར་ལྟ་བ་དང། ལྟ་བ་བསྙེམས་པ་ལ་སོགས་པ་ལ་ཆགས་ཤིང། དེ་མི་གཏོང་བ་ནི་ལྟ་བ་ལེན་པའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་ཞེས་བྱ་བ་ལ། མི་འམ་ལྷ་འམ་བརྒྱ་བྱིན་ནམ་ཚངས་པར་གྱུར་ཅིག་ཅེས་སྨོན་ལམ ་ལོག་པའི་རྒྱུད་དེ་འདོད་པའི་ཕྱིར། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་ལེན་པའོ། །བདག་ཏུ་སྨྲ་བ་ལེན་པ་ཞེས་བྱ་བ་ལ་འཇིག་ཚོགས་སུ་ལྟ་བ་ལ་མངོན་པར་ཆགས་ཤིང་མི་གཏོང་བ་ནི། བདག ་ཏུ་སྨྲ་བ་ལེན་པ་ཞེས་བྱ་བ་སྟེ་འདོད་པ་ལེན་པས་འདོད་པའི་ཁམས་ཀྱི་སྡུག་བསྔལ་ཉིད་སྐྱེད་པར་བྱེད་དོ། །ལེན་པ་གསུམ་གྱིས་ནི་ཁམས་གསུམ་གྱི་སྡུག་བསྔལ་སྐྱེད་བར་བྱེད་དོ། །ཡང་ན་གང་འདོད་པའི་ཁམས་ཀྱི་སྡུག་བསྔལ་མཐོང་བས་སྤངས་པར་བྱ་བ་ནས། བསྒོམ་པས ་སྤང་བར་བྱ་བའི་བར་དུ། འདོད་ཆགས་དང་ང་རྒྱལ་དང་ཁོང་ཁྲོ་དང་མ་རིག་པ་སྟེ། རྫས་ཉི་ཤུའོ། །ཇི་ལྟ་ཞེ་ན། འདོད་པའི་ཁམས་ཀྱིས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས། ཀུན་འབྱུང་དང་ལམ་དང། འགོག་པ་དང། ལམ་དང་བསྒོམ་སྤས་སྤང་བར ་བྱ་བའི་བར་དུ་འདོད་ཆགས་ལྔ་དང་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས། བསྒོམ་པས་སྤང་བར་བྱ་བའི་བར་དུ་ང་རྒྱལ་ལྔ་དང། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས། བསྒོམ་པས་སྤང་བར་བྱ་བའི་བར་དུ་ཁོང་དུ་ཁོང་ཁྲོ་བ་ལྔ་དང། སྡུག་བསྔལ་མཐོང་བས་སྤང ་བར་བྱ་བ་ནས། བསྒོམ་པས་སྤང་བར་བྱ་བའི་བར་དུ་མ་རིག་པ་ལྔ་སྟེ། སྤྱིར་ལྔ་བཞི་ཉི་ཤུའོ། །ཐེ་ཚོམ་དང་བཅས་པས་སྒོམ་མི་སྲིད་པའི་ཕྱིར་བསྒོམ་པའི་ལམ་ལ་ནི་ཐེ་ཚོམ་མེད་དེ། འདོད་པའི་ཁམས་ཀྱི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས་ལམ་མཐོང་བས་སྤང་བར ་བྱ་བའི་ཐེ་ཚོམ་བཞི་དང། དེའི་སྟེང་དུ་ངོ་ཚ་མེད་པ་དང། ཕྲག་དོག་དང་འཇུངས་པ་དང། ཞུམ་པ་དང། ཐེ་ཚོམ་དང། གཉིད་དང། ཁྲོ་བ་དང། ཆགས་པ་དང། འཆབ་པ་སྟེ། རྫས་བཅུས་བསྟན་ནས་རྫས་སུམ་བཅུ་རྩ་བཞི་པོ་འདི་ནི་འདོད་པ་ལེན་པ་ཞེས་བྱའོ། །ལྟ་བ་ལེན་པ ་ཞེས་བྱ་པ་གསུམ་གྱི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས། བསྒོམ་པས་སྤང་བར་བྱ་བའི་བར་དུ་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་བཞག་ནས་ཁམས་གཅིག་ཅིང་ཡང་ལྟ་བའི་རྫས་བཅུ་སྟེ། སུམ་ཅུ་ནི་ལྟ་བ་ལེན་པ་ཞེས་བྱའོ། །ཇི་ལྟ་ཞེ་ན། ་འདོད་པའི་ཁམས་ན་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས་ལམ་མཐོང་བས་སྤང་བར་བྱ་བའི་བར་དུ་ལོག་པར་ལྟ་བ་བཞི་ལྟ་བ་བསྙེམས་པ་བཞི་སྟེ། བརྒྱད་ཀྱི་སྟེང་དུ་འདོད་པའི་ཁམས་ཀྱི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ?་འཇིག་ཚོགས་ཀྱི་བལྟ་བ་དང། མཐར་འཛིན ་པར་ལྟ་བ་བསྣན་ཏེ་བཅུའོ། །དེ་བཞིན་དུ་གཟུགས་ཀྱི་ཁམས་ན་ཡང་བཅུ། གཟུགས་མེད་པའི་ཁམས་ན་ཡང་བཅུ་སྟེ་རྫ་སུམ་ཅུར་འགྱུར་རོ། །ཁམས་གསུམ་གྱི་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་སྤྱིར་རྫས་དྲུག་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་ལེན ་པ་ཞེས་བྱའོ། །ཇི་ལྟ་ཞེན་འདོད་པའི་ཁམས་ཀྱི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་དང་ལམ་མཐོང་བས་སྤང་བར་བྱ་བའི་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་སྟེ་གཉིས་པ་དང། དེ་བཞིན་དུ་གཟུགས ་ཀྱི་ཁམས་ན་ཡང་གཉིས་གཟུགས་མེད་པའི་ཁམས་ནི་ཡང་གཉིས་གཉིས་ཏེ་རྫས་དྲུག་ཏུ་འགྱུར་རོ། །དེ་ལ་ཚུལ་ཁྲིམས་དང་བརྟུལ་ཞུགས་སྙེམས་པ་ལ་སྲོག་གཅོད་པ་ལ་སོགས་པའི་ཚུལ་ཁྲིམས་ངན་པ་སྤངས་པ་ནི་ཚུལ་ཁྲིམས་སོ། །ལུས ་དང་ངག་གི་ཚུལ་དང་ལས་སུ་བྱ་བ་རྣམས་ལ་ངེས་པར་འཇུག་པ་ནི་བརྟུལ་ཞུགས་ཏེ། སྐྲ་འདྲག་པ་དང་དུས་སུ་རྐང་ལག་བཀྲུ་བ་ལ་སོགས་པའི་ལས་ངེས་པར་བྱེད་པ་འམ། བདེ་བ་སྤངས་ནས་མེ་ལྔ་དང་ཁྱིའི་དཀའ་ཐུབ་ལ་སོགས་པའི་ཚུལ་འཛིན་པ་ནི། བརྟུལ ་ཞུགས་སོ། །སྨད་པའི་ལྟ་བ་ལ་ངེས་པར་ཡོན་ཏན་དུ་གཟུང་ནས་དབང་ཕྱུག་ལ་སོགས་པ་དང་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་སྔོན་དུ་བཏང་སྟེ། ཚུལ་ཁྲིམས་དང་བརྟུལ་ཞུགས་འཛིན་པ་ནི་དག་པའི་རྒྱུ་དང། ལམ་མ་ཡིན་ན་དེ་དག་ལ་དག་པ་དཔལ? ་གྱི་རྣམས་ལྟ་བུར་འཛིན་ཏེ། གང་ཕྱིན་ཅི་ལོག་གི་རྣམ་པར་ཞུགས་པ་ནི། ཚུལ་ཁྲིམས་དང་བརྟུལ་ཞུགས་སྙེམས་པ་ལ་ལེན་པ་ཞེས་བྱའོ། །དེའི་ཕྱིར་བཤད་པའི་རྒྱུ་མ་ཡིན་པ་ལ་རྒྱུར་མངོན་པར་ཆགས་ཏེ། དབང་ཕྱུག་དང་གཙོ་བོ་ལ་སོགས་པ་ནི་འཇིག་རྟེན ་རྣམས་ཀྱི་སྐྱེད་པའི་རྒྱུ་མ་ཡིན་ན། དེ་ལ་རྒྱུར་མངོན་པར་ཆགས་པས་ན་ཕྱིན་ཅི་ལོག་གོ་།ལམ་མ་ཡིན་པ་ལ་ལམ་དུ་མངོན་པར་ཞེས་པ་ནི་གྲངས་པའི་ཡེ་ཤེས་ཀྱི་སྦྱོར་བ་ལ་སོགས་པ་གྲོལ་བའི་ལམ་མི་ཡིན་ན་མངོན་པ་བཞེད་ཏེ། ཕྱིན་ཅི་ལོག་ཏུ་གྱུར་པས་ང? ་སྔོན་ཏུ་བྱས་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་སྙམས་པ་ལེན་པ་ཞེས་བྱའོ། །ཅིའི་ཕྱིར་ན་འོ་ན་ཚུལ་ཁྲིམས་དང་བརྟུལ་ཞུགས་སྙེམས་པ་དེ་ལྟ་བ་ལས་བཀར་ཏ་ལོགས་ཤིག་ཏུ་བཤད། ལམ་དུ་ལམ་གྱི་མི་མཐུན་པའི་ཕྱོགས་སུ ་གྱུར་པའི་ཕྱིར་ཏེ། འདི་ལྟར་གྲངས་པའི་རྣམ་འབྱོར་གྱི་ཡེ་ཤེས་ལ་སོགས་པ་གྲོལ་བའི་ལམ་མ་ཡིན་ཡང་ཐར་པའི་ལམ་དུ་ལྟ་བའི་ཕྱིར་རོ། །ཡང་ན་ཁྱིམ་ན་གནས་པ་དང་རབ་ཏུ་བྱུང་བའི་ཕྱོགས་ལ་སླུ་བར་བྱེད། ཁྱིམ་ལ་གནས་པའི་ཕྱོགས་ལ་ནི?་ཁ་ཟས ་གཅོད་པ་དང་མེར་འཆོང་བ་ལ་སོགས་པ་མཐོ་རིས་ཀྱི་ལམ་མ་ཡིན་ཡང་ལམ་དུ་ཤེས་པས་སླུ་བར་བྱེད་པ་དང། རབ་ཏུ་བྱུང་བའི་ཕྱོགས་ལ་ཡང་འདོད་པའི་ཡུལ་གྱི་བདེ་བ་སྤངས་པས་དག་པར་ཡིད་ཆེས་ཤིང་མེ་ལྔའི་དཀའ་ཐུབ་དང་སྐྲ་འབལ་བ་དང། ཁ་ཟས ་རྩུབ་པོ་ཟ་ཞིང་ཚེད་མའི་སྟེང་ན་ཉལ་བ་ལ་སོགས་པ་ལམ་མ་ཡིན་པ་ལ་ལམ་དུ་འདུ་ཤེས་པས་སླུ་བར་བྱེད་དོ། །བདག་ཏུ་སྨྲ་བ་ལེན་པ་བྱ་བ་ལ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་འདོད་ཆགས་དང་ང་རྒྱལ་དང་མ་རིག་པ་དང། སྡུག་བསྔལ་མཐོང་བ་སྤང་བར་བྱ་བ ་ནས། བསྒོམ་པས་སྤང་བའི་བར་དུ་བཅུ་བཅུ་སྟེ། སུམ་ཅུའི་སྟེང་དུ། གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཐེ་ཚོམ་བཞི་བཞི་བརྒྱད་དེ། སུམ་ཅུ་རྩ་བརྒྱད་ནི། བདག་ཏུ་སྨྲ་བ་ལན་པ་ཞེས་བྱའོ། །ཇི་ལྟ་ཞེ་ན་གཟུགས་ཀྱི་ཁམས་ཀྱི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས།། ་བསྒོམ་པ་སྤང་བར་བྱ་བའི་བར་དུ་འདོད་ཆགས་ལྔ་དང། དེ་བཞིན་དུ་གཟུགས་མེད་པའི་ཁམས་ན་ཡང་ལྔ་སྟེ་བཅུའོ། །གཟུགས་ཀྱི་ཁམས་མི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས། བསྒོམ་པས་སྤང་བར་བྱ་བའི་བར་དུ་ང་རྒྱལ་ལྔ་དང། གཟུགས་མེད་པའི་ཁམས་ན ་ཡང་དེ་བཞིན་དུ་ལྔ་སྟེ་བཅུའོ། །གཟུགས་ཀྱི་ཁམས་ཀྱི་སྡུག་བསྔལ་མཐོང་བས་སྤོང་བར་བྱ་བ་ནས། བསྒོམ་པས་སྤང་བར་བྱ་བའི་བར་དུས་ཅིག་པོ་ལྔ་དང། དེ་བཞིན་དུ་གཟུགས་མེད་པའི་ཁམས་ན་ཡང་ལྔ་སྟེ་བཅུའོ། །གཟུགས་ཀྱི་ཁམས་ཀྱི་སྡུག་བསྔལ་མཐོང ་བས་སྤང་བར་བྱ་བ་ནས། ལམ་མཐོང་བས་སྤང་བར་བྱ་བའི་བར་དུ་ཐེ་ཚོམ་བཞི་དང། གཟུགས་མེད་པའི་ཁམས་ནི་ཐེ་ཚོམ་བཞི་སྟེ། ཐེ་ཚོམ་བརྒྱད་དོ། །དེ་ལྟར་ན་རྫས་སུམ་ཅུ་རྩ་བརྒྱད་དུ་འགྱུར་རོ། །བརྒལ་བ་ཉོན་མོངས་པར་འདྲ་བ་ལས། འདོད་པའི་ཁམས་ཀྱི་ཉོན ་མོངས་པ་རྣམས་ནི། འདོད་པའི་ལེན་པར་བཤད་ལ། གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཉོན་མོངས་པ་ལ་གཟུགས་དང་གཟུགས་མེད་པའི་ལན་པ་ཞེས་མི་བྱ། ཅིའི་ཕྱིར་ན་བདག་ཏུ་སྨྲ་བའི་ལེན་པ་ཞེས་བྱ་ལན་དུ་གཟུགས་དང་གཟུགས་མེད ་པའི་ཁམས་ཉོན་མོངས་པ་དང། སེམས་ནི་ཁ་ནང་དུ་ལྟ་བ་ཡིན་པས། ཉོན་མོངས་པ་དེ་དག་ལ་བདག་ཏུ་ལྟ་སྟེ། དེ་བས་ན་དེ་དག་བདག་ཡོད་པ་མ་ཡིན་གྱི། ཉོན་མོངས་པ་ལ་བདག་དུ་ལྟ་ཞིང་སྨྲ་བར་ཟད་དོ་ཞེས་བསྟན་པའི་ཕྱིར ་བདག་ཏུ་སྨྲ་བ་ལེན་པ་ཞེས་བཤད་དོ། །ཡང་ན་ཁྱིམ་ན་གནས་པའི་ཕྱོགས་རྣམས་ནི་བུ་སྨད་ལ་སོགས་པ་འདོད་པ་ལ་ཆགས་པ་ན། འདོད་པ་ལེན་པར་བྱེད་དོ། །རབ་ཏུ་བྱུང་བ་རྣམས་ནི་ལྟ་བ་སྣ་ཚོགས་ལ་ཆགས་པས་ན་ལྟ་བ་ལེན་པར་བྱེད་དོ། །གང་ཁྱིམ ་པའི་ཕྱོགས་ལ་དུས་ཁྲིམས་དང་ཟས་གཅོད་པ་ལ་སོགས་པའི་དཀའ་ཐུབ་བྱེད་པས། མཐོ་རིམ་དང་ཐར་པའི་ལམ་དུ་ཆགས་པ་དང། རབ་ཏུ་བྱུང་བ་ཡང་ཚུལ་དེ་ཉིད་ཀྱིས། ཐར་པར་སེམས་པས་ན། ཕྱོགས་གཉིས་ཀ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་སྙེམས ་པ་ལེན་ཏོ། །མུ་སྟེགས་པ་བདག་ཏུ་སྨྲ་བ་རྣམས་ནི་བདག་ཏུ་སྨྲ་བ་ལེན་ཏོ། །དེ་ལ་སྤང་བའི་རིམ་པས་དགོད་ན། ས་རྣམ་པ་གསུམ་སྟེ། མཐོང་བའི་ལམ་གྱི་ས་དང། འདོད་ཆགས་དང་བྲལ་བའི་ས་དང། བྱས་པ་རིག་པའི་སའོ། །དེ་ལ་རྒྱུན་ཏུ་ཞུགས་པ་རྣམས་ནི། མཐོང ་བའི་ལམ་གྱི་ས་ལ་གནས་པ་ཞེས་བྱ་སྟེ། དེའི་ཚེ་ལྟ་བ་ཕྱིན་ཅི་ལོག་སྣ་ཚོགས་དང། ཚུལ་ཁྲིམས་དང། བརྟུལ་ཞུགས་ཀྱིས་ཐར་པའི་ལམ་དུ་འཛིན་པའི་ཕྱིན་ཅི་ལོག་མེད་པས་ན་མཐོང་བའི་ལམ་གྱི་ས་ལ་ནི། ལྟ་བ་ལེན་པ་དང། ཚུལ་ཁྲིམས་དང། ་བརྟུལ་ཞུགས་སྙེམས་པའི་ལེན་པ་སྤངས་སོ། །ལན་ཅིག་ཕྱིར་འོང་བ་ནི་འདོད་པའི་ཁམས་ཀྱི། འདོད་ཆགས་སྤང་བར་བྱ་བ་ལ་འཇུག་པ་ཡིན་ལ། ཕྱིར་མི་འོང་བས་ནི་འདོད་པའི་ཁམས་ཀྱི་འདོད་ཆག་སྤངས་པས་ན། དེ་གཉིས་ནི་འདོད་ཆགས་དང་བྲལ་བའི་ས ་ལ་གནས་པ་ཞེས་བྱ་སྟེ། དེའི་ཚེ་འདོད་པའི་ཁམས་ཀྱི་ཉོན་མོངས་པ་ཀུན་སྤངས་པས་ན་འདོད་པ་ལེན་པ་སྤངས་པ་ཡིན་ནོ། །དགྲ་བཅོམ་པའི་དུས་ན་ནི། བྱ་བ་ནི་བྱས། ཁུར་ནི་བོར་བ་ཞེས་བྱ་བ་ལ་སོགས་པ་ཁོང་དུ་ཆུད་པས། བྱས་པ་རིག་པའི་ས་ལ་གནས ་པ་ཞེས་བྱ་སྟེ། དགྲ་བཅོམ་པའི་དུས་ན། གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཉོན་མོངས་པ་མ་ལུས་པར་སྤངས་པའི་ཕྱིར། བདག་ཏུ་སྨྲ་བ་ལེན་པ་སྤང་པ་ཞེས་བྱའོ། །སྲིད་པ་བསྟན་པའི་ཕྱིར་ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བྱ་བ། སྲིད་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལེན་པའི ་དབང་གིས་ལས་དགེ་བ་དང་མི་དགེ་བ་བྱེད་པ་ལ་ཡང་སྲིད་པ་ཞེས་བྱ། ལས་དང་ཉོན་མོངས་པའི་དབང་གིས་གནས་གང་དུ་སྐྱེ་བའི་གནས་དེ་ལ་ཡང་སྲིད་པ་ཞེས་བྱའོ། སྲིད་པ་གསུམ་སྟེ་ཞེས་བྱ་བས་གྲངས་སྨྲས་པའི་བར་དུ་དབྱེ་བ་བསྟན་པའི་ཕྱིར་འདི་ལྟ་སྟེ། འདོད་པའི ་སྲིད་པ་དང། ཞེས་བྱ་བ་ལ་སོགས་པ་སྤོས་སོ། །གཟུགས་དང་སྒྲ་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་ལ། གཙོར་བྱེད་པའི་ཁམས་མི་འདོད་པའི་སྲིད་པའོ། །འདོད་པའི་ཡོན་ཏན་ལ་ཆགས་པ་ནི་སྤངས་ཀྱི། བསམ་གཏན་བསྒོམ་ཞིང་གཟུགས་གཙོར་བྱེད ་ཅིང་གཟུགས་ལ་བརྟེན་པའི་ཁམས་ནི་གཟུགས་ཀྱི་སྲིད་པའོ། །གཟུགས་ལ་ཆགས་པ་སྤངས་ནས། དབང་པོ་ལྔ་ལ་སོགས་པའི་གཟུགས་དང་བྲལ་བ་ནི། གཟུགས་མེད་པའི་སྲིད་པའོ། །དེ་དག་ཉིད་གང་ཡིན་པ་བསྟན་པའི་ཕྱིར་བདེ་བ་ལ་འདོད་པའི ་སྲིད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་པའི་སྲིད་པ་ནི་སེམས་ཅན་དམྱལ་བ་ཡན་ཆད་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་མན་ཆད་ལ་བྱའོ། །དེ་ལ་ཚ་བའི་སེམས་ཅན་དམྱལ་བ་ནི་བརྒྱད་དེ་བསྟིར་མེད་པ་དང། རབ་ཏུ་ཚ་བ་དང། ཚ་བ་དང། འོ་དོད་ཆེར་འོ་དོད་པ་དང ་འོ་དོད་པ་དང། འཛམ་པ་དང། ཐིག་ནག་དང་ཡང་སོ་སོ། །བསྟིར་མེད་པའི་སེམས་ཅན་དམྱལ་བ་ནི། འཛམ་བུའི་གླིང་འདིའི་འོག་དཔག་ཚད་སྟོང་ཕྲག་ཉི་ཤུ་ན་འདུག་སྟེ། བསྟིར་མེད་པའི་སེམས་ཅན་དམྱལ་བ་དེའི་གནས་ཀྱི་འཕང་ཡང་དཔག་ཚད་སྟོང་ཕྲག ་ཉི་ཤུ། དཀྱིལ་ཡང་སྟོང་ཕྲག་ཉི་ཤུ་སྟེ། སྤྱིར་དེ་དག་གི་གནས་དཔག་ཚད་སྟོང་ཕྲག་བཞི་བཅུར་འགྱུར་རོ། །བསྐབས་ཅུང་ཟད་ཀྱང་མེད་དེ་བསྟིར་མེད་པས་ན་བསྟིར་མེད་པ་ཞེས་བྱའོ། །ཡང་ན་སྡུག་བསྔལ་ཉིད་སྣ་ཚོགས་པ་བར་ཆད་མེད་པར་འབྱུང་བས་ན་བསྟན ་མེད་པ་སྟེ། འདི་ལྟར་དམྱལ་བ་དེ་ལ་ནི་ཕྱོགས་ཅུ་ནས་མེ་འབར་བ་ཆེན་པོས་འབྱུང་ཞིང་མེ་ཤིན་ཏུ་འབར་བས་སེམས་ཅན་གྱི་ལུས་བསྲེགས་པ་དང། ལྕགས་ཀྱི་མདུན་རྩེ་ཐོགས་པའི་དམྱལ་བའི་སྲུང་མ་རྣམས་ཀྱི ་མདུང་གི་རྩེ་ལ་བླངས་ཤིང་ཟངས་པོ་ཆེར་རྒྱུན་ཏུ་འཚེད་པར་བྱེད་པས་ན། བསྟིར་མེད་པ་ཞེས་བྱའོ། །བསྟིར་མེད་པའི་སེམས་ཅན་དམྱལ་བའི་ཚེའི་ཚད་ནི་བསྐལ་པ་གཅིག་ཏུ་གནས་ཏེ། དུས་བྱེད་དོ། །དེ་ལ་རབ་ཏུ་ཚ་བ་ལ་སོགས་པའི་སེམས་ཅན་དམྱལ་བདུན་ནི་བསྟིར་མེད ་པའི་སེམས་ཅན་དམྱལ་བ་དེའི་གོང་ན་རིམ་བཞིན་དུ་རྩེགས་མར་གནས་ཏེ། བསྟིང་མེད་པའི་གོང་ན་རབ་ཏུ་ཆ་བའོ། །རབ་ཏུ་ཚ་བའི་གོང་ན་ཚ་བའོ། །ཚ་བའི་གོང་ནོན་ཆེར་དོད་ཆེར་འབད་པའོ། །འོ་དོད་ཆེར་འབོད་པའི་གོང་ན་འོ་དོད་འབོད་པའོ། །འོ་དོད་འབོད་པའི་གང་ན ་འཇོམ་པའོ། །འཇོམས་པའི་གོང་ན་ཐིག་ནག་གོ་།ཐིག་ནག་གོང་ན་ཡང་སོ་སོ། །ཁ་ཅིག་ནི་སེམས་ཅན་དམྱལ་བ་དུན་པོ་དེ་དག་བསྟིར་མེད་པའི་དམྱལ་བའི་ངོས་ན་གནས་སོ་ཞེས་འཆད་དོ། །ཆ་བའི་སེམས་ཅན་དམྱལ་བ་ལ་བལྟོས་ནས་དེ་བས་ཀྱང་ཆེས་ཚ་བས་ལུས་དང་སེམས་ཤིན་ཏུ་གདུངས ་པས་ན་རབ་ཏུ་ཚ་བའོ། རབ་ཏུ་ཚ་བའི་སེམས་ཅན་དམྱལ་བ་དེའི་ཚེའི་ཚེད་ནི་བསྐལ་པ་བར་མ་ཕྱེད་དུ་གནས་ནས་དུས་བྱེད་དོ། །མེ་ལྕེ་འབར་བ་ཆེན་པོས་ལུས་བསྐོར་ཅིང་བསྲེགས་པས་ཀུན་ཏུ་ཚ་ཞིང་གསུངས་པ་ནི། ཚ་བའི་སེམས་ཅན་དམྱལ་བ ་ཞེས་བྱ་སྟེ། དེའི་ཚེའི་ཚད་ནི་གཞན་འཕྲུལ་དབང་བྱེད་ཀྱི་ཆེའི་ཚད་ཇི་ཙམ་པ་ཉིན་ཞག་གཅིག་ཏུ་བརྩི་བའི་ཚེ་ལོ་སྟོང་ཕྲག་བཅུ་དྲུག་གནས་དུས་བྱེད་དོ། །འོ་དོད་ཆེར་འབོད་པ་ནི་གང་ཚ་བ་ཆེར་མི་བཟད་པ་མང་པོས་མནར་བས་འོ་དོད་འབོད་པས་ཀྱང་མི ་བཟད་དོ། །སྡུག་བསྔལ་ལོ་ཞེས་འོ་དོད་ཆེར་འབོད་དེ། །དེའི་ཚེའི་ཚད་ནི་འཕྲུལ་དགའ་ཨི་ལྷ་རྣམས་ཀྱི་ཚེའི་ཚད་ཙམ་པ་ཉིན་ཞག་གཅིག་ཏུ་བརྩིས་པའི་ཚེ་ལོ་སྟོང་ཕྲག་བརྒྱད་ཐུབ་པོ། །འོ་འདོད་འབོད་པའི་གཏུབ་པའི་སེམས་ཅན་དང་མི་བཟད་པའི་ལས་ཀྱི ་རྣམ་པར་སྨིན་པས་བཅོས་པས་སྡུག་བསྔལ་ཞིང་ཉམ་ཐག་ནས་འོ་དོད་འབོད་པ་སྟེ། དེའི་ཚེའི་ཚད་ནི་དགའ་ལྡན་གྱི་ལྷ་རྣམས་ཀྱི་ཚེ་ཚད་ཇི་ཙམ་པ་ཉིན་ཞག་གཅིག་ཏུ་བརྩིས་པའི་ལོ་སྟོང་ཕྲག་བཞིའོ། །དེ་ལ་འཇོམས་པ་ནི་ལུག་དང་འདྲ་བའི་རི་དང། ཕ་འོང་ལ་སོགས་པ་མང ་པོར་ཕན་ཚུན་འདུས་ཤིང་བཙིར་ནས་བསོད་པ་སྟེ། དེའི་ཚེའི་ཚད་ནི་ཟུང་མ་གནམ་གྱི་ལྷའི་ཚེ་ཚད་ཅི་ཙམ་པ་ཉིན་ཞག་གཅིག་ཏུ་བརྩིས་པའི་ཚེ་ལོ་ཉིས་བརྒྱ་གནས་ནས་དུས་བྱེད་དོ། །ཐིག་ནག་པོ་ནི་ཇི་ལྟར་ཤིང་ལ་ཤིང་མཁན་གྱིས་ཐིག་གིས་བཏབ་ནས་སོ་ལེས་ཤིང་དགྲ་པ ་བཞིན་དུ་ཐིག་ནག་པོས་བཏབ་ནས་མགོ་འམ་མདོམས་ནས་སོག་ལེས་འགྲ་ཞིང་གཤེགས་པར་བྱེད་པའི་སྟེ། དེའི་ཚེའི་ཚད་ནི་སུམ་ཅུ་རྩ་གསུམ་གནམ་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ཇི་ཙམ་པ་ཉིན་ཞག་གཅིག་ཏུ་བརྩིས་པའི་ལོ་སྟོང་གནས་ནས་དུས་བྱེད་དོ། །ཡང་སོ་སོ་ནི་དེར་སྐྱེས ་པའི་སེམས་ཅན་གཅིག་ལ་གཏུབ་ཅིང་གཤེགས་པའི་གནོད་པར་བྱེད་པ་སྟེ་བརྒྱལ་བར་གནས་པ་ལས་རླུང་གྲང་མོས་བུས་ཤིང་ནམ་མཁའ་ལས་ཀྱང་སེམས་ཅན་ཁྱད་ཅག་ཡང་སོས་ཞེས་བྱ་བའི་སྒྲ་བྱུང་བ་དང། ཡང་སོས་པར་གྱུར་ནས་གཅིག་ལ་གཅིག་གནོད་པར་བྱེད་པ་སྟེ། ་དེའི་ཚེའི་ཚད་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ཇི་ཙམ་པ་ཉིན་ཞག་།གཅིག་ཏུ་བརྩིས་པའི་ལོ་ལྔ་བརྒྱའི་བར་དུ་གནས་ནས་དུས་བྱེད་དོ། །སེམས་ཅན་དམྱལ་བ་ཆེན་པོ་དེ་བརྒྱད་ལ་སྒོ་བཞི་ཡོད་དེ། །སྒོ་གཅིག་ཅིང་ལྷག་པའི་སེམས་ཅན་དམྱལ་བ་བཞི་བཞི་སྟེ། སེམས་ཅན་དམྱལ ་བ་བཅུ་དྲུག། ལྷག་པའི་སེམས་ཅན་དམྱལ་བ་བཞི་ནི་མེ་མ་ནུར་དམྱལ་བ་བཞི་ནི་མེ་མ་ནུར་དང་མི་གཙང་བའི་རྫ་བ་དང་སྤུ་གྲི་ལ་སོགས་པའི་མཚོན་གྱི་ལམ་དང་བ་ཚྭའི་ཆུ་བོའོ། །དེ་ལ་མེ་མ་མུར་ནི་དཔུས་མོ་ནུབ་ཙམ་སྟེ། དེར་སེམས་ཅན་དག་གི་རྐང་པ་བཅུག་མ་ཐག་ཏུ་ཤ་ཁྲག་དང་པགས་པ་མ་ལུས་པར ་བསྙིལ་བར་བྱེད་དོ། །མི་གཙང་བའི་རྫབ་ནི་རབ་ཏུ་དྲི་མི་ཞིམ་པའི་ངན་སྐྱུགས་ཀྱི་འདམ་གྱིས་གང་བ་སྟེ། དེའི་སྲིན་བུ་ནང་ཀུན་ཏུ་ཞེས་བྱ་བ་ལུས་ཐལ་ཀ་ལ་མགོ་གནག་ཅིང། མཆུ་ཁབ་བཞིན་དུ་གནས་པ་རྣམས་ཀྱིས་དེར་ཞུགས་པའི་སེམས་ཅན་རྣམས་ཀྱིས་རུལ་པ་ཡང ་ཐལ་བར་འབིགས་སོ། །སྤུ་གྲི་སེས་གཏམས་པའི་ལམ་པོ་ཆེ་ནི་སེམས་ཅན་རྣམས་དེར་འཇུག་པ་ན་སྤུ་གྲི་གཤིག་པའི་ལམ་གྱིས་རྐང་པ་བཞག་མ་ཐག་ཏུ་ཤ་ཁྲག་དང་པགས་པ་མ་ལུས་པར་རློག་པར་བྱེད་པ་དང། རལ་གྲི་མང་བ་མིར? ་ཚལ་ཡོད་དོ་སེམས་ཅན་དེ་དག་རལ་གྲི་རྣོན་པོའི་ས་ངེས་ཡན་ལག་དང་ཉིང་ལག་རྣམས་ཀྱང་དུམ་བུར་གཏུབ་ཅིང། ཁྱི་སེར་མོ་སྟག་རིས་ཅན་རྣམས་འདུས་ཤིང་ཟ། བྱ་རོག་ལྕགས་ཀྱི་མཆུ་ཅན་གྱི་མིག་ཀྱང་འབྱིན་པར་བྱེད། ལྕགས་ཀྱི་སྡོང་པོ་ཚེར་མ་སོར་བཅུ ་དྲུག་ཡོད་པས་སེམས་ཅན་རྣམས་ཡར་འཛེག་ན་ནི། ཚེར་མའི་ཁ་ཐུར་དུ་ལྔས་པར་གྱུར་ཅིང་སེམས་ཅན་གྱི་ལུས་འབིགས། སླར་འབབ་ན་ཡང་བ་གྱེན་དུ་ལྟས་ཏེ་ལུས་འབིགས་པར་བྱེད་དོ། །ཚྭ་ཆུའི་ཆུ་བོ་ནི་དེ་དག་གི་འགྲམ་ན་སེམས་ཅན་དམྱལ ་བའི་སྲུང་མ་མཚོན་རལ་གྱི་དང་ཤག་ཏི་དང་མདུང་ལག་ན་ཐོགས་པ་རྣམས་ཀྱིས་ཕྱིར་འབྱུང་བ་དག་ཀྱང་སླར་འདོར་ཞིང་ནང་དུ་བོར་བ་རྣམས་ཟངས་ཆེན་པོར་འབྲས་དང་ཏིལ་ལ་སོགས་པ་བསྐོལ་བ་བཞིན་དུ་བཙོ་ཞིང་སྐོལ་བར་བྱེད་དོ།། །།གྲང་བའི་སེམས་ཅན ་དམྱལ་བ་བརྒྱད་ཡོད་དེ། འདི་ལྟ་སྟེ་ཆུ་བུར་དང་རབ་ཏུ་ཆུ་བུར་དང། སོ་སྒྲ་ཐམ་ཐམ་དང། ཨ་ལ་ལ་དང། པ་ཧུ་ཧུ་དང། ཨུད་པ་ལ་དང། པདམོ་དང། པདམོ་ཆེན་པོའོ། །སེམས་ཅན་དེ་དག་ཧ་ཅང་ཡང་གྲང་ཆེས་པས་མནར་མེད་པའི་ལུས་ཆུ་བུར་གྱུར་པ་དང། གས་པ ་ལས་ནི་ཆུ་བུར་དང་རབ་ཏུ་ཆུ་བུར་དང་ཨུད་པ་ལ་དང་པདམོ་དང་པདམོ་ཆེན་པོར་གདགས་སོ། །གྲང་བས་ཉེན་པའི་སྒྲ་རྣམ་པར་འགྱུར་པའི་ཚུལ་ལས་ནི་སོ་སྒྲ་ཐམ་ཐམ་དང། ཨ་ལ་ལ་དང་ཧུ་ཧུ་བར་གདགས་སོ། །དམྱལ་བ་བརྒྱད་པོ་དེ་དག་གི་ཚེ་ཚད་ནི། བཅོམ་ལྡན་འདས ་ཀྱིས་དཔེ་ཙམ་དུ་བཀའ་སྩལ་པ། འདི་ལྟ་སྟེ་དགེ་སློང་དག་ད་ལྟར་ཁ་རེ་ལྔ་བྲེ་ཉི་ཤུ་ལ་དབུས་པའི་ཏིལ་གྱིས་འབའ་ཧ་ཡིན་ཏེ། གླང་སྟེབས་པོ་ཆེ་བཞི་བཅུའི་ཁལ་གྱི་སྣོད་ལ་བྱ། དེའི་ཏིལ་གྱིས་བྱུ་བུར་སྒྱུར་ལ། དེ་ནས་མི་ཞིག་གིས་ལོ་བརྒྱ་ལོན་ཞིང་ཏིལ ་དེ་འབྲུ་རེ་རེ་བོར་ཏེ། ཁ་རེ་ཉི་ཤུ་ལི་དབུས་པའི་ཏིལ་གྱི་འབའ་ཧར་བཞག་པ་དེའི་རིམ་གྱིས་ཟད་ཅིང་ཐུག་པར་གྱུར་པ་ནི་བླའོ། །ཆུ་བུར་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་ཟད་པར་མི་འགྱུར་བར་ང་སྨྲའོ་ཞེས་གསུངས་པ་དེ་ནི་ཆུ་བུར་གྱི་ཚེའི་ཚད་དོ། །ཆུ་བུར་ཉི་ཤུ་ལ་རབ ་ཏུ་ཆུ་བུར་གྱི་ཚེའི་ཚད་དོ། །རབ་ཏུ་ཆུ་བུར་ཉི་ཤུ་ལ་སོ་སྒྲ་ཐམ་ཐམ་མོ། །སོ་སྒྲ་ཐམ་ཐམ་ཉི་ཤུ་ལ་ཨ་ལ་ལའོ། ། ལ་ལ་ཉི་ཤུ་ལ་ཧུ་ཧུ་བའོ། །ཧུ་ཧུ་བ་ཉི་ཤུ་ལ་ཨུཏ་པ་ལའོ། །ུད་པ་ལི་ཉི་ཤུ་ལ་པདམོའོ། །པདམོ་ཉི་ཤུ་ལ་པདམོ་ཆེན་པོའི་ཚེའི་ཚད་དོ། །གྲང་བའི་སེམས་ཅན་དམྱལ་བ་བརྒྱད་པོ་དེ་དག་ཀྱང ་འཛམ་བུའི་གླིང་འདི་ཉིད་ཀྱི་འོག་དམྱལ་བ་ཆེན་པོ་རྣམས་ཀྱི་ཐད་ཀ་ན་གནས་སོ། །འཛམ་བུའི་གླིང་ཉིད་ཀྱི་ཆུ་ཞེང་དེ་སྙེད་དུ་མེད་ན་བསྟིར་མེད་པ་ལ་སོགས་པ་དེ་སྙེད་གནས་པའི་སྐབས་ག་ལ་ཡོད། ལན་དུ་འབྲས་ཀྱི་ཕུང་པོ་བཞིན་དུ་འཛམ་བུའི་གླིང་དེ་ཡང་ཞབས་ཡང་ལ་སྤྱི ་ཕྲ་བས་ན་དེའི་ཕྱིར་དེ་དག་དེ་ན་གནས་སོ། །དེ་ལ་སེམས་ཅན་དམྱལ་བ་ཞེས་བྱ་བ་ལ། རྒྱ་གར་སྐད་དུ་ན་ར་ཀ་ཞེས་འབྱུང་སྟེ། ན་ནི་ཁྲིད་པ་འམ་འགྲོ་བའི་དོན་པས་སྡུག་བསྔལ་གྱི་ལས་ཀྱི་གནས་དེར་བསོད་ནམས་མ་ཡིན་པའི་ལས་ཀྱིས་སེམས་ཅན་རྣམས་ཁྲིད་ཅིང་འགྲོ་བས་ན ་དམྱལ་བའོ། །ཡང་ན་ན་ར་ཀའི་དོན་ནི་ཆགས་པ་མེད་པའི་དོན་ཏེ། དེར་སྐྱེས་པ་རྣམས་རྟག་ཏུ་སྡུག་བསྔལ་གྱིས་ཉེན་པས་ཆགས་པ་དང་དགའ་བའི་བསམ་པ་མི་འབྱུང་བས་དམྱལ་བའོ། །ཡང་ན་སེམས་ཅན་རྣམས་དེར་དམྱལ་བ་དང་གཏུབ་པ་ལ་སོགས་པའི་སྡུག་བསྔལ ་རྣམ་པ་སྣ་ཚོགས་བྱེད་པས་ན་དམྱལ་བའོ།། །།ཡི་དགས་ཞེས་བྱ་བ་ལ་ཡི་དགས་ཀྱི་སྒྲ་ནི་ཤིན་ཏུ་སོང་བ་ལ་བྱ་སྟེ། སེར་སྣ་ལ་སོགས་པའི་ལས་ཀྱི་དབང་གིས་མིའི་གནས་འདི་ནས་དུས་རིང་མོ་ཞིག་ཏུ་ཕྱིར་མི་ལྡོག་པར་སོང་བས་ན་ཡི་དགས་ཏེ། ཡི་དགས ་སུ་སྐྱེས་པ་རྣམས་ནི་ལྷག་པས་ཡང་ཚེ་རིང་པར་གྲགས་པའི་ཕྱིར་རོ། །ཡང་ན་བཀྲེས་པ་དང་སྐོམ་པ་ལ་སོགས་པས་རྟག་ཏུ་ཉེན་པའི་ཕྱིར་ཡི་དགས་ཞེས་བྱ་སྟེ། དེ་དག་གི་གནས་ཀྱང་ཕལ་ཆེར་གཅོད་རོང་དང། མྱ?་ངམ?་ན་གནས་ལ་མཐུ་ནི་གཅིག་ཏུ་མ་ཆད་དེ། དེ་ལ ་ཡི་དགས་མཐུ་བོ་ཆེ་ཁ་ཅིག་ནི་ལྷ་དང་འདྲ་བར་ལོངས་སྤྱོད་སྤྱོད་ལ། ཁ་ཅིག་ནི་མི་གཙང་བ་ལ་སོགས་པ་བཟའ་བ་ཡང་མི་རྙེད་པ་ཡོད་དོ། །དེ་ལ་ཡི་དགས་ཀྱི་རྒྱལ་པོ་སྒྲ་གཅན་འཛིན་ནི་གཤིན་རྗེ་དང་འདྲ་བར་མཐུ་ཆེ་སྟེ། དེ་ཡང་འཛམ་བུའི་གླིང ་འདི་ཉིད་ཀྱི་འོག་ན། དཔག་ཚད་སྟོང་ཕྲག་ལྔས་བཅད་པ་ན་གནས་སོ། །ཡང་ན་ཁ་ཅིག་ན་རེ་གཤིན་རྗེ་ཉིད་ཡི་དགས་ཀྱི་རྒྱལ་པོ་ཡིན་ཏེ། དེའི་གནས་ནི་སྒྲ་གཅན་འཛིན་གྱི་གནས་སུ་བཤད་པ་དང་འདྲ་བར་གནས་སོ། །ཡི་དགས་ཀྱི་ཚེའི་ཚད་ནི། མི་རྣམས་ཀྱི་ཟླ་བ་གཅིག ་ལ་ཡི་དགས་རྣམས་ཀྱི་ཉིན་ཞག་གཅིག་ཏུ་བརྩིས་པའི་ཚེ་ལོ་ལྔ་བརྒྱ་གནས་ནས་དུས་བྱེད་དོ། །བྱོལ་སོང་ཞེས་བྱ་བ་ལ། མི་ནས་བྱོལ་ནས་གཞན་དུ་སྐྱེས་པ་འམ། བཟུར་ཅིང་འགྲོ་བས་ན་བྱོལ་སོང་སྟེ། དེ་དག་གི་གནས་ནི་རྒྱ་མཚོ་ཆེན་པོ་ཡིན་པར་ངེས་མོད ་ཀྱི། འོན་ཀྱང་རྣམ་པ་གསུམ་དུ་བཞག་སྟེ། ཆུ་ལ་སྤྱོད་པ་དང། སྐམ་ལ་སྤྱོད་པ་དང་ནམ་མཁའ་ལ་སྤྱོད་པའོ། །དེ་ལ་ཆུ་ལ་སྤྱོད་པ་ནི་ཀླུའི་རྒྱལ་པོ་དང་ཆུ་སྲིན་ལ་སོགས་པའོ། །སྐམ་ལ་སྤྱོད་པ་ནི་ཕྱུགས་ལ་སོགས་པའོ། །ནམ་མཁའ་ལ་སྤྱོད་པ་ནི་བྱ་ལ་སོགས་པ ་སྟེ། བྱོལ་སོང་རྣམས་ཀྱི་ཚེ་དང་མཐུ་ནི་གཅིག་ཏུ་མ་ཆད་དོ། །དཔེར་ན་ཀྵུའི་རྒྱལ་པོ་ས་འཛིན་དང་དགའ་ཨོ་དང་ཉེ་དགའ་ལྟ་བུའི་ཚེའི་ཆད་བསྐལ་པ་བར་མར་གནས་ཤིང། རི་རབ་འཛིན་ནུས་པའི་མཐུ་དང་ལྡན་པ་ཡང་ཡོད་དོ།། །།ལྷ་མ་ཡིན་ཞེས་བྱ་བ་ལ། ་ང་རྒྱལ་ལམ་ཞེ་སྡང་གིས་དགེ་བ་བྱས་པའི་ལས་ཀྱི་རྒྱུ་ལས་སྐྱེས་པ་སྟེ། དེ་དག་གི་གནས་ཀྱང་ས་ཆེན་པོ་འདིའི་སྟེང་ན་གནས་ལ། ཚེའི་ཚད་ནི་འདོད་པའི་ཁམས་ཀྱི་ལྷ་དག་དང་མཉམ་པར་གྲགས་སོ། །དེ་ལ་མི་ནི་གང་གླིང་བཞིན་གནས་པ་དག་སྟེ། བསོད་ནམས ་དང་བསོད་ནམས་མ་ཡིན་པའི་ཡིད་ལས་སྐྱེས་པས་ན། མིའི་ཞེས་གསུང་རབ་ཀྱི་ནང་ནས་བཤད་པའི་དོན་ཏོ། །ཡང་ན་དྲང་སྲོང་མ་ནུ་ལས་སྐྱེས་ཤིང་བཙས་པས་ནི། ཤེད་བུ་ལས་སྐྱེས་པ་མ་ན་ཙ་ཞེས་ཀྱང་བྱ་སྟེ་ཤེད་བདག། མུ་སྟེགས་དག་སྐྱེ་དགུའི་ནི ་བདག་པོ་ཞེས་བྱ། མིའོ་ཞེས་འཇིག་རྟེན་པ་དག་སྨྲའོ། །དེ་ལ་གླིང་བཞི་ནི་ཤར་གྱི་ལུས་འཕགས་དང། ནུབ་ཀྱི་བ་གླང་སྤྱོད་དང། བྱང་གི་སྒྲ་མི་སྙན་དང། ལྷོ་འཛམ་བུའི་གླིང་ངོ། །དེ་ལ་ཤར་གྱི་ལུས་འཕགས་གླིང་ནི་ཟླ་བ་ཕྱེད་པ་ལྟར་འདུག་སྟེ། དེ་ཁོར་ཡུག་གི་ངོས་གསུམ ་ལ། དཔག་ཚད་ཉིད་སྟོང་ཡོད་དོ། །ངོས་བཞི་ལ་ནི་དཔག་ཚད་སུམ་བརྒྱ་ལྔ་བཅུའོ། །དེ་ན་གྲོང་ཁྱེར་ལུས་འཕགས་ཞེས་བྱ་བ་ཞིག་ཡོད་པ་ལས། དྲས་ཏེ་གླིང་གི་མིང་དུ་ཡང་ཤར་གྱི་ལུས་འཕགས་ཞེས་བྱ་བར་བཏགས་སོ། །ནུབ་ཀྱི་བ་ལང་སྤྱོད་ནི་དབྱིབས་ཟླ་བ་གང་བ་ལྟ་བུ་སྟེ ་རིལ་གྱི་ཁོར་ཡུག་དུ་དཔག་ཚད་སྟོང་ཕྲག་ཕྱེད་དང་བརྒྱད་ཡོད་དོ། །དེ་ན་ཉོ་ཚོང་གི་ཟང་བ་ལང་གིས་བྱེད་པས་ན། དེ་ལ་དྲས་ཏེ་གླིང་གི་མིང་ཡང་ནུབ་ཀྱི་བ་ལང་སྤྱོད་ཅེས་བྱ་བར་བཏགས་སོ། །བྱང་གི་སྒྲ་མི་སྙན་གྱི་གླིང་ནི། ཁྲེའུ་བཞི་དུ་གྲུ་བཞི་སྟེ། ངེས་གཅིག་ཅིང་ཡང་དཔག ་ཚད་ཉི་སྟོང་ཉི་སྟོང་ཡོད་པ་སྤྱིར་ན་དཔག་ཚད་སྟོང་ཕྲག་བརྒྱད་དོ། །དེ་ཡང་འཆི་ཁར་སྒྲ་དྲག་པོ་བྱུང་ནས་དུས་བྱེད་པའི་ཕྱིར། གླིང་གི་མིང་ཡང་བྱང་གི་སྒྲ་མི་སྙན་ཅེས་བཏགས་སོ། །འཛམ་བུའི་གླིང་གི་དབྱིབས་ནི་སོགས་ཁར་འདུག་སྟེ། སྟོང་ཆེ་ལ་སྨད་ཕྲའོ། །ངོས་གསུམ ་རེ་རེ་ཞིང་ཡང་དཔག་ཚད་སྟོང་ཕྲག་གཉིས་གཉིས་ཡོད། །ངོས་ཕྲ་མོ་ལ་ནི་དཔག་ཚད་ཕྱེད་དང་བཞི་སྟེ། གླིང་དེ་ན་ཤིང་འཛམ་བུ་ཞེས་བྱ་བ་ལས་དྲས་ནས། གླིང་གི་མིང་ཡང་འཛམ་བུའི་གླིང་དུ་བཏགས་སོ། །ཤར་གྱི་ལུས་འཕགས་ཀྱི་མི་རྣམས་ཀྱི་ཚེའི་ཚད་ནི་ལོ་ཉིས་བརྒྱ ་ལྔ་བཅུར་གནས་ལ། ལུས་ཀྱི་ཚད་ནི་ཁྲུ་བརྒྱད་དོ། །ནུབ་ཀྱི་བ་ལང་སྤྱོད་ཀྱི་མི་རྣམས་ཀྱི་ཆེའི་ཚད་ནི་ལོ་ལྔ་བརྒྱ་ལ་ལུས་ཀྱི་ཚད་ནི་འདོམ་བཞིའོ། །ཡང་ན་ཁྲུ་བཅུ་དྲུག་གོ་།བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ཀྱི་ཚེའི་ཚད་ནི་ལོ་སྟོང་ལ་ལུས་ཀྱི་ཚད་ནི་འདོམ་བརྒྱད་དོ། །ཡང ་ན་ཁྲུ་སུམ་ཅུ་རྩ་གཉིས་སོ། །ལྷོའི་འཛམ་བུ་གླིང་གི་མི་རྣམས་ཀྱི་ཚེའི་ཚད་ནི། ཚད་པ་མེད་ལ། ལུས་ཀྱི་ཚད་ནི་འདོམ་གང་དུ་གྲགས་མོད་ཀྱི། རེ་བས་ཀྱང་རིང་བ་དང། ཐུར་བ་ཡང་སྐྱེ་བས་རྒཅིག་ཏུ་མ་ངེས་སོ།། །།འདོད་པ་ན་སྤྱོད་པའི་ལྟ་དྲུག་ཅེས་བྱ་བ་ལ། འདོད་པའི ་ཁམས་ཀྱི་རིས་སུ་གཏོགས་པའི་ལྷ་རིས་དྲུག་སྟེ། རྒྱལ་ཆེན་བཞིའི་རིགས་ནས་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་མན་ཆད་དོ། །དེ་ལ་མཐོ་རིས་སུ་སྐྱེས་ཤིང་བྱུང་བས་ན་ལྷ་འམ། ལུས་དང་ལོངས་སྤྱོད་དམ་པ་དང་ལྡན་པས་ན་ལྷའོ། །རྒྱལ་ཆེན་བཞིའི་རིགས་ཀྱི ་གནམ་ཞེས་བྱ་བ་ལ། འཇིག་རྟེན་སྐྱོང་བ་བཞི་ནི་རྒྱ་ཆེན་བཞི་སྟེ། འཕགས་སྐྱེས་པོ་དང་མིག་མི་བཟང་དང། ངལ་གསོས་པོ་དང། གནས་སྲུང་བའོ། །དེར་སྐྱེས་པའམ། དེའི་འཁོར་དུ་གཏོགས་པའི་ལྷ་རྣམས་ལ། རྒྱལ་ཆེན་བཞིའི་རིས་ཞེས་བྱའོ། །དེ་དག་གི་ཚིལ ་ཆད་ནི་མི་རྣམས་ཀྱི་ལོ་ལྔ་བཅུ་ལ་ཉིན་ཞག་གཅིག་ཏུ་བརྩིས་པའི་ལོ་ལྔ་བརྒྱར་གནས་ཏེ། དུས་བྱེད་དོ། །ལུས་ཀྱི་ཚད་ནི་རྒྱང་གྲགས་ཀྱི་བཞི་ཆ་གཅིག་གོ་།སུམ་ཅུ་རྩ་གསུམ་གནམ་ཞེས་བྱ་བ་ལ། དགེ་བའི་ལས་ལྷན་ཅིག་ཏུ་མཐུན་པར་བྱས་པས། དེར་སྐྱེས་པ་རྣམས ་ལ། སུམ་ཅུ་རྩ་གསུམ་ཞེས་བྱ་སྟེ། བརྒྱ་བྱིན་ལྷའི་དབང་པོའི་འཁོར་སུམ་ཅུ་རྩ་གཉིས་ཀྱི་སྟེང་དུ། བརྒྱ་བྱིན་གྱིས་བསྣན་ནས་སུམ་ཅུ་རྩ་གསུམ་མོ། །དེ་ལ་བློན་པོ་སུམ་ཅུ་རྩ་གཉིས་ནི་བསུ་བརྒྱ་དང། ཉི་མ་ཞེས་བྱ་བ་ལྷའི་བུ་བཅུ་གཉིས་དང། རུ་དྲ་དྲག་པོ་ཞེས་བྱ ་བ་ལྷའི་བུ་བཅུ་དང། ནབས་སོ་དང། ཐ་སྐར་སྐྱེས་ཞེས་བྱ་བ་གཉིས་ཏེ། སུམ་ཅུ་རྩ་གཉིས་སོ། །དེར་གཏོགས་པའི་ལྷ་གཞན་དག་ལ་ཡང་སུམ་ཅུ་རྩ་གསུམ་པ་ཞེས་བྱ་སྟེ། ལྷ་དེ་དག་གི་ཚེའི་ཚད་ནི་མི་རྣམས་ཀྱི་ཉི་ཞག་བརྒྱ་ལ། ལྷའི་ཉིན་ཞག་གཅིག་ཏུ་བརྩི་བའི ་ལོ་སྟོང་དུ་གནས་ནས་དུས་བྱེད་དོ། །ལུས་ཀྱི་ཚད་ནི་རྒྱང་གྲགས་ཕྱེད་དོ། །ཟུང་མ་གནས་ཞེས་བྱ་བ་ལ། རྒྱ་གར་དུ་ཡ་མ་ཞེས་འབྱུང་སྟེ། ལྷ་མ་ཡིན་དང་རྩོད་པའི་སྡུག་བསྔལ་དང་བྲལ་བས་ན། རྩོད་བྲལ་ཞེས་བྱའོ། །ཡང་ན་སྒྲའི་དོན་ཡ་མ་ནི་འགྲོ་བའི་དོན་ཏེ། ་དེར་བསོད་ནམས་ཀྱི་འགྲོ་བས་ན་ཡང་ཟུང་མ་ཞེས་བྱའོ། །ཡང་ན་མེ་ལ་ཚེ་ཐུན་ཐུན་ལ་?་མའོ་བདེ་བ་ཨེ་མའོ་བདེ་བ་ཞེས་སྒྲོག་པར་བྱེད་བས་ཐུན་སྤྱོར་མས་ཞེས་ཀྱང་བྱའོ། །དེ་དག་གི་ཚེའི་ཚད་ནི་མིའི་ཉིན་ཞག་གཉིས་བརྒྱ་ལ་ལྷའི་ཉིན་ཞག་གཅིག་ཏུ ་བརྩིས་པའི་ཚེ་ལོ་ཉི་སྟོང་དུ་གནས་ནས་དུས་བྱེད་དོ། །ལུས་ཀྱི་ཚད་ནི་འདོམ་སུམ་བརྒྱའོ། །དགའ་ལྡན་གནམ་ཞེས་བྱ་བ་ལ། རྟག་ཏུ་དགའ་བ་དང་འགྲོགས་ཤིང་རིམ་པ་འོག་མ་རྣམས་ཀྱི་ལྷ་ལ་བསྟོས་ནས། ལོངས་སྤྱོད་ཀྱི་བདེ་བ་དང་ལྡན་བས་ན། དགའ་ ་ལྡན་ཏེ། དེ་དག་གི་ཚེའི་ཚད་ནི། མིའི་ཉིན་ཞག་བཞི་བརྒྱ་ལ། ཉིན་ཞག་ཏུ་བརྩིས་པའི་ཚེ་ལོ་བཞི་སྟོང་དུ་གནས་ནས་དུས་བྱེད་དོ། །ལུས་ཀྱི་ཚད་ནི་འདོམ་ལྔ་བརྒྱའོ། །ཡང་ན་རྒྱང་གྲགས་བཞི་ཆ་གསུམ་མོ། །འཕྲུལ་དགའ་གནམ་ཞེས་བྱ་བ་ལ། རང་རང་གི་སྤྲུལ་པའི་འདོད་པའི་ལོངས་སྤྱོད ་རྣམས་ལ་དགའ་བར་བྱེད་པས་ན་འཕྲུལ་དགའ་སྟེ། དེའི་ཚེའི་ཚད་ནི་མིའི་ཉིན་ཞག་བརྒྱད་བརྒྱ་ལ། ལྷའི་ཉིན་ཞག་གཅིག་ཏུ་བརྩིས་པའི་ལོ་བརྒྱད་སྟོང་དུ་གནས་ནས་དུས་བྱེད་དོ། །ལུས་ཀྱི་ཚད་ནི་འདོམ་དྲུག་བརྒྱའོ། །ཡང་ན་རྒྱང་གྲགས་ལྔ་ཆ་བཞིའོ། །གཞན་འཕྲུལ ་དབང་བྱེད་ཅེས་བྱ་བ་ལ་གཞན་གྱིས་སྤྲུལ་པའི་འདོད་པའི་ལོངས་སྤྱོད་ལ་དབང་སྒྱུར་བར་བྱེད་པས་ན། གཞན་འཕྲུལ་དབང་བྱེད་དོ། །དེ་དག་གི་ཚེའི་ཚད་ནི། མིའི་ཉིན་ཞག་སྟོང་ཕྲག་དྲུག་བརྒྱ་ལ། ལྷའི་ཉིན་ཞག་གཅིག་ཏུ་བརྩིས་པའི་ལོ་ཁྲི་དྲུག་སྟོང་དུ་གནས་ནས་དུས་བྱེད་དོ། ་ལུས་ཀྱི་ཚད་ནི་འདོམ་བདུན་བརྒྱ་ལྔ་བཅུའོ། །ཡང་ན་རྒྱང་གྲགས་ཕྱེ་དང་གཉིས། །མངོན་པའི་ཆོས་ལས་མི་འདོད་པའི་ཁམས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་ཇི་ཙམ་པ། ལུས་ཀྱི་ཚད་ཀྱི་འདོམ་གྲངས་ཀྱང་ཚེའི་ཚད་དང་མཉམ་མོ་ཞེས་འཆད་དོ། །དེ་ལ་འདོད་པའི་ཁམས་ཀྱིས ་ལྷ་རྣམས་ལས། རྒྱལ་ཆེན་བཞི་དང། སུམ་ཅུ་རྩ་གསུམ་པའི་ལྷ། ག་མི་དང་འདྲ་བར་ཟུང་དུ་འཁྲིལ་པས་འཁྲིག་པ་སྤྱོད་དེ། དེ་ཡང་ཁུ་བ་མེད་པའི་ཕྱིར། །དེ་དག་ནི་རླུང་བཏང་བ་ཙམ་གྱིས་བདོ་བ་འཇིལ་སྟེ། ལོངས་སྤྱོད་གཞན་ནི་མི་དང་མཚུངས་སོ། །ཟུང་མ་རྣམས་ནི་འཁྱུད་པས ་འཁྲིག་པ་སྤྱོད་དོ། །འཁྱུད་པ་ཙམ་གྱིས་བདེ་བ་འཇིལ་ལོ། །དགའ་ལྡན་གནམ་གྱི་ལྷ་རྣམས་ནི། ལོག་པ་སྦྲེལ་བས་འཁྲིག་པ་སྤྱོད་དོ། །ལག་པ་སྤྲེལ་བ་ཙམ་གྱིས་བདེ་བ་འཇིལ་བར་བྱེད་དོ། །འཁྲུལ་དགའ་གནམ་གྱི་ལྷ་རྣམས་ནི་འཛུམ་པ་ཙམ་གྱིས་འཁྲིག་པ་སྤྱོད་དོ། །ཕོ་མོ་གཉིས ་ཕན་ཚུན་ནས་རྒོད་པ་ཙམ་གྱིས་བདོ་བ་འཇིལ་ལོ། །གཞན་འཕྲལ་དབང་བྱེད་གནམ་གྱི་ལྷ་རྣམས་ནི་བལྟས་པ་ཙམ་གྱིས་འཁྲིག་པ་སྤྱོད་དོ། །ཕན་ཚུན་མིག་ཟུར་འདྲེས་པ་ཙམ་གྱི་བདོ་བ་འཇིལ་བར་འགྱུར་རོ། །འདོད་པའི་ཁམས་ཀྱི་ལྷ་དྲུག་པོ་དེ་དག་གི་ལྷའི་བུ ་མོ་དང། བུ་མོ་དག་ཕ་མའི་པང་དུ་རྒྱལ་ཆེན་བཞིའི་གནས་ཀྱི་ལྷ་རྣམས་ནི། གོས་དང་རྒྱན་དུ་བཅས་པའི་ཕྱིས་པ་ལོ་ལྔའི་ན་ཚོད་ཙམ་པ་བྱུང་ངོ། །སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་དྲུག་ནི་ན་ཚོད་ཙམ། ཟུང་མའི་ནི་ལོ་བདུན་གྱི་ན་ཚོད་ཙམ་མོ། །དགའ་ལྡན་གྱི་ནི་ལོ་བརྒྱད་ཀྱི ་ན་ཚོད་ཙམ་མོ། །འཕྲུལ་དགའ་ཨི་ནི་ལོ་དགུའི་ན་ཚོད་ཙམ་མོ། །གཞན་འཕྲུལ་དབང་བྱེད་ཀྱི་ནི་ལོ་བཅུའི་ན་ཚོད་ཙམ་མོ།། །།དེ་ལ་གཟུགས་ཀྱི་སྲིད་པ་པ་བསྟན་པའི་ཕྱིར། གཟུགས་ཀྱི་སྲིད་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཟུགས་ཀྱི་སྲིད་པ་གནས་ནི་བཅུ་བདུན ་བསམ་གཏན་ནི་བཞི་ཡོད། བསམ་གཏན་དང་པོ་ལ་གསུམ་མོ། །གཉིས་པ་ལ་གསུམ། གསུམ་པ་ལ་གསུམ། བཞི་པ་ལ་བརྒྱད་དེ་བཅུ་བདུན་ནོ། །བསམ་གཏན་དང་པོའི་ས་གསུམ་ནི། ཚངས་རིས་གནམ་དང། ཚངས་པ་ཉེ་ཕན་གནམ་མོ། །ཚངས་ཆེན་གནམ་མོ། །གཉིས་པའི ་ས་གསུམ་ནི་འོད་ཆུང་གནམ་དང་ཚད་མེད་འོད་གནམ་དང་འོད་སྣང་ངོ། །གསུམ་པའི་ས་གསུམ་ནི་དགེ་ཆུང་དང་ཚད་མེད་དགེ་དང་དགེ་རྒྱས་སོ། །བཞི་པའི་གནས་བརྒྱད་ནི་སྤྲིན་མེད་གནམ་དང་འོག་མིན་གནམ་མན་ཆད་དེ། དེ་ཡང་སྤྲིན་མེད་དང་བསོད་ནམས་འཕེལ ་དང། འབྲས་བུ་ཆེ་གསུམ་ནི་སོ་སོའི་སྐྱེ་བོའི་སའོ། །དེ་ཡན་ཆད་ལྔ་ནི་འཕགས་པའི་སའོ། ཚངས་རིས་གནམ་ཞེས་བྱ་བ་ལ་དགེ་བའི་རྩ་བརྒྱ་ཆེན་པོ་ལས་སྐྱེས་པས་ན་ཚངས་པ་ཞེས་བྱ་སྟེ། ཚངས་པ་གཞན་དེའི་རིས་སུ་སྐྱེས་པ་འམ་དེའི་གཡོག་འཁོར་དུ ་གྱུར་པ་རྣམས་ལ་ཚངས་རིས་ཞེས་བྱའོ། །ཁ་ཅིག་ན་རེ་ཚངས་པ་ཆེན་པོའི་འཁོར་དུ་གཏོགས་པས་ན་ཚངས་རིས་ཞེས་བྱའོ་ཞེས་འཆད་དོ། །དེ་དག་གི་ཚེའི་ཚད་ནི་བསྐལ་པ་ཕྱེད་དུ་གནས་ནས་དུས་བྱེད་དོ། །ལུས་ཀྱི་ཚད་ནི་དཔག་ཚད་ཕྱེད་དོ། །ཚངས་ལྷ་ཉེ་ཕན་གནམ ་ཞེས་བྱ་བ་ལ། ཚངས་པ་ཚན་པོ་བློན་པོ་ལྟར་ཞིང་རིས་དེར་སྐྱེས་པས་ན་ཆངས་པ་གཞན་པས་ནང་འཁོར་ལྟར་གནས་ཤིང་བསམ་གཏན་ལས་ལངས་པ་ན་མདུན་དུ་འགྲོ་བ་དང་མི་གྲོ་བྱེད་པས་ཚངས་ལྷ་ཉེ་ཕན་ཞེས་བྱ་བ་འམ་ཚངས་པ་ཆེན་པོ་ཡི་མདུན་དུ་ཐལ་མོ་སྦྱར ་ནས་སྨྱང་འདོན་པས་ན་ཚངས་པའི་མདུན་ན་འདོན་ཅེས་བྱ་སྟེ། དེ་དག་གི་ཚེའི་ཚད་ནི་བསྐལ་པ་གཅིག་ཏུ་གནས་ནས་དུས་བྱེད་དོ། །ལུས་ཀྱི་ཚད་ནི་ཁྲོམ་དགོངས་གཅིག་གོ། ཚངས་ཆེན་གནམ་ཞེས་བྱ་བ་ལ། ཚངས་པ་གཉིས་ལ་བལྟོས་ནས་ཆེ་དང་ཁ་དོག་དང་མཐུ ་ཁྱད་ཞུགས་པས་ཚངས་ཆེན་ཞེས་བྱའོ། །ཡང་ན་གཞན་ལས་འཕགས་པའི་དགེ་བའི་རྩ་བ་ཆེན་པོ་ལས་སྐྱེས་ཤིང་མཆོག་ཏུ་གྱུར་པས་ན་ཚངས་ཆེན་ཞེས་བྱ་སྟེ། ཕལ་པས་ལྷག་པར་བསམ་གཏན་གྱི་ཁྱད་པར་ཐོབ་སྟེ་ཀུན་པས་སྔོན་དུ་སྐྱེ་ལ། ཐུ་མར་འཆི ་བས་ན་ཚངས་ཆེན་ནོ། །དེའི་ཚེའི་ཚད་ནི་བསྐལ་བ་ཕྱེད་དང་གཉིས་སུ་གནས་ནས་དུས་བྱེད་དོ། །ལུས་ཀྱི་ཚད་ནི་ཁྲོམ་དགོངས་ཕྱེད་དང་གཉིས་སོ། །འོན་ཆུང་ཞེས་བྱ་བ་ལ་རང་གིས་གོང་མ་གཉིས་ལ་བལྟོས་ནས་དེ་དག་གི་ལུས་ཀྱི་གཟི་དང་འོད་ཀྱི་སྣང་བ་ཆུང་བ་ན་འོད ་ཆུང་སྟེ། ཚེའི་ཚད་ནི་བསྐལ་པ་གཉིས་སུ་གནས་ནས་དུས་བྱེད་དོ། །ལུས་ཀྱི་ཚད་ནི་ཁྲོམ་དགོངས་གཉིས་སོ། །ཚད་མེད་འོད་ཅེས་བྱ་བ་ལ་དེ་དག་གི་འོད་དང། གཟི་འདི་ཙམ་ཞེས་ཚད་ཀྱིས་གཞལ་ཞིང་བཅད་པར་མི་ནུས་པས་ན་ཚད་མེད་འོད་དེ་ཚེའི་ཚད་བསྐལ་པ་བཞིར ་གནས་ནས་དུས་བྱེད་དོ། །ལུས་ཀྱི་ཚད་ནི་ཁྲོམ་དགོངས་བཞིའོ། །འོད་སྣ་ཞེས་བྱ་བ་ལ་བདག་གི་སར་མ་གཏོགས་པའི་གནས་གཞན་དུ་ཡང་གཟི་བརྗིད་དང་འོད་ཀྱིས་སྣང་བར་བྱེད་པས་ན་འོད་སྣང་སྟེ། དེ་དག་གི་ཚེའི་ཚད་ནི་བསྐལ་པ་བརྒྱད་དུ་གནས་ནས་དུས ་བྱེད་དོ། །ལུས་ཀྱི་ཚད་ནི་ཁྲོམ་དགོངས་བརྒྱད་དོ། །དགེ་ཆུང་ཞེས་བྱ་བ་ལ་དགེ་བ་ཡང་འདིའི་སྐབས་སུ་བསམ་གཏན་ལས་སྐྱེས་པའི་ཡིད་ཀྱི་སའི་བདེ་བ་དགེ་བ་ཞེས་བྱ་སྟེ། བདག་གི་སར་གཏོགས་པ་ལས་གོང་མ་ལ་བལྟོས་ནས་ཡིད་ཀྱི་བདེ་བ་ཆུང་བས་ན་དགེ་ཆུང་ངོ། །ཚེའི ་ཚད་ནི་བསྐལ་པ་བཅུ་དྲུག་དུ་གནས་ནས་དུས་བྱེད་དོ། །ལུས་ཀྱི་ཚད་ནི་ཁྲོམ་དགོངས་བཅུའོ། །ཚད་མེད་དགེ་ཞེས་བྱ་བ་ལ། དེའི་དགེ་བ་ཡང་ཚད་ཀྱིས་གཞལ་དུ་མེད་པས་ན་ཚད་མེད་དགེ་ཞེས་པ་འམ་ཡིད་ཀྱི་བདེ་བ་ཚད་མེད་པ་དང་ལྡན་པས ་ན་ཚད་མེད་དགེ་བ་སྟེ། དེ་དག་གི་ཚད་མེད་ནི་བསྐལ་པ་སུམ་ཅུ་གཉིས་སུ་གནས་ནས་དུས་བྱེད་དོ། །ལུས་ཀྱི་ཚད་ཀྱང་ཁྲོམ་དགོངས་སུམ་ཅུ་གཉིས་སོ། །མ་ལུས་དགེ་གནས་ཞེས་བྱ་བ་ལ་དེ་དག་མ་ལུས་དགེ་བ་སྟེ། ཡིད་ཀྱི་དགེ་བ་མ་ལུས་པར་རྫོགས་པར་གོང་བའམ་དེ་དག་དམ་པར ་གྱུར་པའི་བདེ་བ་གཞན་མེད་པའི་ཕྱིར་མ་ལུས་དགེ་བའོ། །དེ་དག་གི་ཚེའི་ཚད་ནི་བསྐལ་པ་དྲུག་ཅུ་རྩ་བཞིར་གནས་ནས་དུས་བྱེད་དོ། །ལུས་ཀྱི་ཚད་ཀྱང་ཁྲོམ་དགོངས་དྲུག་ཅུ་རྩ་བཞིའོ། །སྤྲིན་མེད་གནམ་ཞེས་བྱ་བ་ལ་ཇི་ལྟར་ཡུལ་གྱི་སྟེང་དུ་སྤྲིན་གྱིས་ཆོད ་པ་མེད་པ་དེ་བཞིན་དུ་ས་དེའི་གོང་དུ་ས་གཞན་གྱི་བསྒྲིབས་པ་མེད་པས་ན། སྤྲིན་མེད་དམ་སྤྲིན་བཞིན་དུ་དེ་དག་ས་དང་འབྲེལ་བ་མེད་པས་ན་སྤྲིན་མེད་དེ། ལྷ་དེ་དག་གི་གཞལ་མེད་ཁང་ནམ་མཁའ་ལ་གནམ་ལ་གཞལ་མེད་ཁང་དང་ལྷན་ཅིག་ཏུ་སྐྱེ་ཞིང་དུས ་གཅིག་ཏུ་འཇིག་པའི་ཕྱིར་རོ། །དེ་དག་གི་ཚེའི་ཚད་ནི་བསྐལ་པ་བརྒྱ་ཉི་ཤུ་རྩ་ལྔར་གནས་ནས་དུས་བྱེད་དོ། །ལུས་ཀྱི་ཚད་ཀྱང་ཁྲོམ་དགོངས་བརྒྱ་ཉི་ཤུ་རྩ་ལྔའོ། །བསོད་ནམས་འཕེལ་གནམ་ཞེས་བྱ་བ་ལ། སོ་སོའི་སྐྱེ་བོའི་བསོད་ནམས་སུ་གཏོགས་པའི་མཆོག ་ཐོབ་པའི་གནས་ཡིན་པས་ན་བསོད་ནམས་འཕེལ་གནམ་སྟེ། དེ་དག་གི་ཚེའི་ཚད་བསྐལ་པ་ཉིས་བརྒྱ་ལྔ་བཅུར་གནས་ནས་དུས་བྱེད་དོ། །ལུས་ཀྱི་ཚད་ཀྱང་ཁྲོམ་དགོངས་ཉིས་བརྒྱ་ལྔ་བཅུའོ། །འབྲས་བུ་ཆེ་གནམ་ཞེས་བྱ་བ་ལ་གནས་གཞན་བས་ཤས ་ཆེར་དགེ་བའི་འབྲས་བུ་བསགས་པས། དེར་སྐྱེས་པའི་ལས་ངན་པས་ནི་མ་ཡིན་ཏེ། འབྲས་བུའི་མཆོག་ཐོབ་པས་ན་འབྲས་བུ་ཆེ་གནམ་མོ། །ཡང་ན་ས་འོག་མ་སོ་སོའི་སྐྱེ་བོའི་ས་ལས་འབྲས་བུ་ཁྱད་ཞུགས་པ་ཐོབ་པར་བྱ་བའི་ཕྱིར་འབྲས་བུ་ཆེ་གནམ་སྟེ། ཆེའི ་ཚད་ནི་བསྐལ་པ་ལྔ་བརྒྱར་གནས་ནས་དུས་བྱེད་དོ། །ལུས་ཀྱི་ཚད་ཀྱང་ཁྲོམ་དགོངས་ལྔ་བརྒྱའོ། །མི་ཚེ་གནམ་ཞེས་བྱ་བ་ལ། གནས་གཙང་མའི་ནང་ན་དེའི་མཆོག་མ་ཡིན་ཏེ། གནས་གཙང་མའི་ས་གོང་མ་པས་བསོད་ནམས་ཆུང་བས་མི་ཆེ་བའོ། །དེ་དག་གི་ཚེའི་ཚད་ནི ་བསྐལ་པ་སྟོང་དུ་གནས་ནས་དུས་བྱེད་དོ། །ལུས་ཀྱི་ཚད་ཀྱང་ཁྲོམ་དགོངས་སྟོང་ངོ།། །།མི་གདུང་གནམ་ཞེས་བྱ་བ་ལ། བསམ་པ་དགེ་བའི་ཕྱིར། དེར་སྐྱེས་པ་རྣམས་ཀྱི་མཐུ་དང་ལྷག་པའི་བསམ་གཏན་གྱི་འབྲས་བུ་དང་ཚེ་དང་ཡོན་ཏན་ལྷག་པར་ཡོད ་ཀྱང་ས་འོག་འོག་མ་རྣམས་ལ་མི་གནོད་ཟིལ་གྱིས་མི་གནོན་པས་ན་མི་གདུང་བའོ། །ཡང་ན་བསམ་གཏན་ཁྱད་པར་ཅན་ཐོབ་པས་ཉོན་མོངས་པ་རྣམས་ཀྱིས་གདུང་བར་མི་ནུས་པས་ན་མི་གདུང་བ་སྟེ། ཚེའི་ཚད་ནི་བསྐལ་པ་ཉིས་སྟོང་དུ་གནས་ནས་དུས་བྱེད་དོ། །ལུས ་ཚེའི་ཚད་ཀྱང་ཁྲོམ་དགོངས་ཉི་སྟོང་ངོ། །ཤིན་ཏུ་མཐོང་གནས་ཞེས་བྱ་བ་ལ། གཞན་གྱིས་ས་དེའི་ལྷ་རབ་ཏུ་ཞི་བའི་ཁྱད་པར་དང་ལྡན་ཏེ། བདེ་བ་དང་ལྡན་པས་མ་ཐོབ་པས་ན། ཤིན་ཏུ་མཐོང་བ་འམ་ལྟ་བ་རྣམ་པར་དག་སྟེ། ཟག་པ་མེད་པར་མཐོང་བས་ན་ཤིན་ཏུ་མཐོང ་གནམ་མོ། །དེ་དག་གི་ཚེའི་ཚད་ནི་བསྐལ་པ་བཞི་སྟོང་གུ་གནས་ནས་དུས་བྱེད་དོ། ལུས་ཀྱི་ཚད་ཀྱང་ཁྲོམ་དགོངས་བཞི་སྟོང་ངོ། །གྱ་ནོམ་སྣང་གནས་ཞེས་བྱ་བ་ལ། ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་བསམ་གཏན་ལ་ཅི་དགར་འདྲེན་མར་བསྒོམ་ཡང ་འདྲེས་པ་དང་འཁྲིབ་མེད་པར་བྱེད་པའི་མཐུ་དང་ལྡན་པས་ན་སྒྲིབ་པ་ཆེན་པོ་མ་ལུས་པ་དག་པར་མཐོང་བས་གྱ་ནོམ་སྣང་གནམ་མམ། བཟང་པོ་དང་ལེགས་པར་མཐོང་སྟེ་བདག་མེད་པ་དང་མི་རྟག་པ་ལ་སོགས་པར་མཐོང་བས་ན་གྱ་ནོམ་སྣང་གནམ་མོ། །དེ་དག ་གི་ཚེ་ཚད་ནི་བསྐལ་པ་བརྒྱད་སྟོང་དུ་གནས་ནས་དུས་བྱེད་དོ། །ལུས་ཀྱི་ཚད་ཀྱང་ཁྲོམ་དགོངས་བརྒྱ་སྟོང་ངོ། །འོག་མིན་གནམ་ཞེས་བྱ་བ་ལ། གནམ་འོག་མ་མ་ཡིན་ཏེ། གཟུགས་ཀྱི་ཁམས་དེའི་གོང་ན་གཟུགས་ཅན་གྱི་ཁམས་གཞན་མེད་པས་ན་འོག་མིན ་ནམ། དེ་ལས་མཆོག་ཏུ་གྱུར་པའི་གནས་གཞན་མེད་དེ་གཞན་པས་ཆུང་ངུ་དང་ངན་པར་མ་འགྱུར་བའི་ཕྱིར་འོག་མིན་ནོ། །ཡང་ན་རྡུལ་བསགས་པའི་ལུས་ཨཱ་གྷ་ཞེས་བྱ་སྟེ། བསགས་པའི་གཟུགས་ཀྱི་མཐར་ཕྱིན་པས་ཨཱ་གྷ་ནི་ཤཐ་ཞེས ་བྱའོ། །ཡང་ན་ཨཱ་གྷ་ཞེས་བྱ་བ་ནི་སྡིག་པ་ལ་བྱ་སྟེ། སྡིག་པ་མཐར་ཕྱིན་ཏེ་ཟག་པ་རྣམས་སྐྱེ་བའི་གནས་ཡིན་པའི་ཕྱིར་ཨཱ་གྷ་ནི་ཤཱའོ། །དེ་དག་གི་ཚེའི་ཚད་ནི་བསྐལ་པ་ཁྲི་དྲུག་སྟོང་དུ་གནས་ནས་དུས་བྱེད་དོ། །ལུས་ཀྱི་ཚད་ཀྱང་ཁྲོམ་དགོངས་པ? ་དྲུག་སྟོང། །མི་ཆེ་བ་ནས་འོག་མི་གྱི་གནས་མན་ཆད་གནས་གཙང་མའི་རིས་ཞེས་བྱ་སྟེ། འཕགས་པ་ལམ་གྱི་ཆུས་ཉོན་མོངས་པའི་དྲི་མ་བཀྲུས་པའི་སེམས་ཀྱི་རྒྱུད་དག་པ་འབའ་ཞིག་སྐྱེ་བས་ན་གནས་གཙང་མ་འམ། ཡང་ན་བུ་ལོན་བརྩངས་པ ་བཞིན་དུ་འཁོར་བའི་བུ་ལོན་མཐར་ཕྱུང་སྟེ་བསངས་པ་རྣམས་སྐྱེས་པས་ན་གནས་གཙང་མའོ། །ཡང་ན་སོ་སོའི་སྐྱེ་བོ་དང་མ་འདྲེས་བར་འཕགས་པ་ཕྱིར་མི་འོང་བ་རྣམས་ཉི་ཚེ་གནས་པས་ན་གནས་གཙང་མགོ། གཟུགས་མེད་པའི་སྲིད་པ་བསྟན་པའི་ཕྱིར། གཟུགས ་མེད་པའི་སྲིད་པ་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྣང་བར་བྱར་རུང་བས་ན་གཟུགས་ཡིན་ལ། སྣང་བར་བྱར་རུང་བ་མེད་པས་ན་གཟུགས་མེད་པའོ། །འདི་ལྟ་སྟེ། ནམ་མཁའ་མཛའ་ཡས་སྐྱེ་མཆེད་ཅེས་བྱ་བ་ལ་སོགས་པ་ལ་ཏིང་ངེ་འཛིན་ལ ་དང་པོ་སྦྱོར་བའི་དུས་ན་ནམ་མཁའ་ནི་མཛའ་ཡས་སོ་ནམ་མཁའ་ནི་མཛའ་ཡས་སོ་ཞེས་དམིགས་པར་བྱེད་དེ་དེ་ཉིད་དེར་སྐྱེ་བའི་རྒྱུ་དང་རྐྱེན་ཡིན་པས་ན་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ཅེས་བྱའོ། །དེ་དག་གི་དང་པོར་སྦྱོར་བའི་སེམས་ཀྱང་མདོ་གཞན་དག་ལས ་གཟུགས་ཀྱི་འདུ་ཤེས་ནི་ཡང་དག་པར་འདས་ཐོགས་པ་དང་བཅས་པའི་འདུ་ཤེས་ནི་ནུབ་པར་གྱུར་སྣ་ཚོགས་ཀྱི་འདུ་ཤེས་ནི་ཡིན་ལ་མི་བྱེད་དེ། ནམ་མཁའ་ནི་མཛའ་ཡས་སོ། །ནམ་མཁའ་ནི་མཛའ་ཡས་སོ་ཞེས་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལ་སྙོམས་པར ་ཞུགས་ཏེ་གནས་སོ་ཞེས་གསུངས། །དེའི་དོན་ཀྱང་འདི་དག་ནི་ནམ་མཁའ་ཙམ་སྟེ། གང་དབྱིབས་དང་ཁ་དོག་སྔོ་བ་དང་སེར་བ་དང་དམར་བ་དང་དཀར་བ་དང་ཡང་དག་པར་ལྡན་པའི་རྒྱུ་ལས་བྱུང་བའི་བདེ་བ་དང་མི་བདེ་བ་འདོད་ཆགས་དང་བྲལ་ཏེ་ཁ་དོག་དེ་དག ་ལ་འདུ་ཤེས་མི་འཇུག་པས་ན་དེའི་ཕྱིར་གཟུགས་ནི་ཡང་དག་པར་འདས་ཞེས་གསུངས་ཏེ། དེ་ལྟར་གཟུགས་ཀྱི་འདུ་ཤེས་ཡང་དག་པར་འདས་པས་སྣང་བ་མེད་པར་སོང་བའི་རྒྱུས་ཁ་དོག་རྣམ་པ་སྣ་ཚོགས་པར་བྱེད་པའི་རྒྱུ་རྡུལ་བསགས་པ་ཐོགས་པ ་ཅན་གྱི་དངོས་པོ་ལ་སྒྲིབ་པ་དང་ཐོས་པའི་འདུ་ཤེས་དང་བྲལ་བར་གྱུར་ཏེ། དེ་བས་ན་ཐོགས་པ་དང་བཅས་པའི་འདུ་ཤེས་ནི་ནུབ་པར་གྱུར་ཅེས་གསུངས་སོ། །འདུ་ཤེས་དང་བྲལ་བའི་རྒྱུད་གང་དེ་ལ་མ་གཏོགས་པའི་བསགས་པའི་ལྷག་མ་བཟའ་བ་དང། ་བཏུང་བ་དང། བཞོན་པ་དང། གོས་དང་རྒྱན་དང། ཁྱིམ་དང་སྐྱེད་མོས་ཚལ་དང། དམག་གི་ཚོགས་དང། རི་ལ་སོག་པ་ལ་འདུ་ཤེས་འཇུག་པ་རྣམས། །ཐམས་ཅད་ནས་ཐམས་ཅད་དུ་འཇུག་པར་མི་འགྱུར་ཏེ། དེ་བས་ན་སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ ་མི་བྱེད་ཅེས་གསུངས་སོ། །དེས་དེ་ལྟར་ཐོགས་པ་དང་བཅས་པ་དང། སྣ་ཚོགས་ཀྱི་འདུ་ཤེས་བཤིག་ནས་ཉེ་བར་གྱུར་པའི་ཏིང་ངེ་འཛིན་ལས་འདས་ཏེ། སྦྱོར་བའི་ཏིང་ངེ་འཛིན་གྱིས་ནམ་མཁའ་ལ་མཛའ་ཡས་པའི་རྣམ་པར་མོས་པར་བྱེད། དེ་བས་ན་ནམ་མཁའ་ནི ་མཛའ་ཡས་སོ་ནམ་མཁའ་ནི་མཛའ་ཡས་སོ་ཞེས་གསུངས་སོ། །དེ་ནས་སྦྱོར་བའི་ཏིང་ངེ་འཛིན་མཐར་ཐུག་པར་ཡིད་ལ་བྱས་པའི་འོག་ཏུ་སྦྱོར་བས་མཐར་ཐུག་པའི་འབྲས་བུ་།རྩ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇོག་སྟེ། དེ་བས་ན་ནམ་མཁའ་མཛའ་ཡས ་སྐྱེ་མཆེད་ལ་སྙམ་པར་ཞུགས་ནས་གནས་སོ་ཞེས་གསུངས་སོ། །དེ་ཇི་སྲིད་རྩ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དེ་སྲིད་དུ་ནམ་མཁའ་ལ་དམིགས་ཏེ་གནས་སོ། རྩ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ནི། རང?་གིས་སའི་ཕུང་པོ་བཞི་ལ་དམིགས ་ཤིང་གནས་པར་ཟད་དོ། །ཉེ་བའི་ཏིང་འཛིན་གྱི་དུས་ན་ནི། ས་འོག་མ་རྣམས་ཀྱི་ཕུང་པོ་དང། ཁ་དོག་རྣམ་པ་སྣ་ཚོགས་ལ་མེད་པའི་མཚན་ཉིད་དུ་ཡིད་ལ་བྱེད་དོ། །རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ཅེས་བྱ་བ་ལ། ་ནམ་མཁའ་མཛའ་ཡས་པའི་རྣམ་པར་དམིགས་པའི་རྣམ་པར་ཤེས་པ་དེ་ཡང་ནམ་མཁའ་བཞིན་དུ་མཛའ་ཡས་སོ་ཞེས་སྦྱོར་བའི་ཏིང་ངེ་འཛིན་གྱི་ཚེ་དམིགས་པ་ནི་རྣམ་ཤེས་མཛའ་ཡས་ཏེ། དེ་ཉིད་གནས་དེར་སྐྱེ་བའི་རྒྱུ་དང་རྐྱེན་ཡིན་པས ་ན་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ཅེས་བྱའོ། །དེའི་དོན་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ཀྱི་དུས་ན། །རྣམ་པར་ཤེས་པས་ནམ་མཁའ་ལ་མཛའ་ཡས་པའི་རྣམ་པར་མོས་ཏེ། དེ་བས་ན་རྣམ་པར་ཤེས་པ་དེ་ཉིད་མཛའ་ཡས་པའི་རྣམ་པ ་ཡིན་ནོ། །ནམ་མཁའ་མཛའ་ཡས་བའི་རྣམ་པར་མོས་པའི་རྣམ་ཤེས་མཛའ་ཡས་ལ་སྙོམས་པར་འཇུག་པར་འདོད་པས། ནམ་མཁའ་མཛའ་ཡས་སྐྱེ་མཆེད་གྱི་ཉེར་བསྡོགས་པ་དང། རྩ་བའི་འདུ་ཤེས་ལས་བཟློག་ནས། རྣམ་པར་ཤེས ་པ་དེ་ཉིད་ལ་མཛའ་ཡས་པའི་རྣམ་པར་མོས་པར་བྱེད་དེ། །དེ་བས་ན་མདོ་གཞན་ལས། རྣམ་པ་ཐམས་ཅད། ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ནས་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ལས་འཇུག་ཞེས་གསུངས་སོ།། ་དེ་དག་ནི་རྣམ་པ་ཤེས་མཛའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་ཀྱི་ཏིང་ངེ་འཛིན་དང། སྦྱོར་བའི་ཏིང་ངེ་འཛིན་ཏོ། །དེས་རྣམ་ཤེས་མཛའ་ཡས་ཀྱི་ཉེར་བསྡོགས་ཀྱི་ཏིང་ངེ་འཛིན་དང་སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པའི་ཏིང་ངེ་འཛིན། ལས ་ལངས་ནས། སྦྱོར་བར་མཐར་ཐུག་པའི་འབྲས་བུ་རྩ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་སྟེ། དེ་བས་ན་མདོ་གཞན་ལས་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ལ་སྙོམས་པར་ཞུགས་ནས་གནས་སོ། །ཞེས་གསུངས་སོ། །ཅུང་ཟད་མེད་པའི་སྐྱེ ་མཆེད་ཅེས་བྱ་བ་ལ། སྦྱོར་བའི་ཏིང་ངེ་འཛིན་གྱི་དུས་ན། ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་རྣམ་པར་སྙོམས་བར་འཇུག་པས། ཅུང་ཟད་མེད་པ་ཞེས་བྱ་སྟེ། དེ་ཉིད་གནས་དེར་སྐྱེ་བའི་རྒྱུ་དང། རྐྱེན་ཡིན་པས་ན། ཅུང་ཟད་མེད་པའི་སྐྱེ་མཆེད་དོ། །དེའི ་དོན་ཀྱང་དེ་རྣམ་ཤེས་མཛའ་ཡས་ཀྱི་སྐྱེ་མཆེད་ལས་བསྐྱོད་ནས། རྣམ་པར་ཤེས་པ་ལས། ཕ་རོལ་ན་དམིགས་ཅི་ཡོད་ཅེས་བཙལ་ན། གཟུགས་ཅན་ནམ་གཟུགས་མེད་པའི་ཆོས་ཅུང་ཟད་ཀྱང་མ་མཐོང་ངོ། །དེས་དེ་ལྟར་དམིགས་པ་མཐོང་བས། ་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ལ་ཉེར་བསྡོགས་པ་དང། རྩ་བའི་ཏིང་ངེ་འཛིན་ལས་ལངས་ནས། ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བའི་དམིགས་པ་གཞན་ལ་མོས་པར་བྱེད་དེ། དེ་ནི་ཅུང་ཟད་མེད་པའི་འདུ་ཤེས་ཀྱི་རྣམ་པ་ལ་མོས་པ་ཉིད་དུ་གནས་པ ་ཡིན་ཏེ། དེ་ལྟར་གནས་པ་དེ་ཅུང་ཟད་མེད་ཀྱི་སྐྱེ་མཆེད་ཀྱི་ཉེ་བར་བསྡོགས་པའི་ཏིང་ངེ་འཛིན་དང། སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པའི་ཏིང་ངེ་འཛིན་ཅེས་བྱའོ། །དེས་འདུ་ཤེས་དེ་ལ་མོས་པ་མངོན་དུ་བྱས་པས་ཅུང་ཟད་མེད་པའི་སྐྱེ ་མཆེད་ཀྱི་ཉེ་བར་བསྡོགས་པ་དང། སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པའི་ཏིང་ངེ་འཛིན་ལས་འདས་ནས། སྦྱོར་བ་མཐར་ཐུག་པའི་འབྲས་བུ་རྩ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་སྟེ། དེ་བས་ན་མདོ་གཞན་ལས་དེས་རྣམ་པ་ཐམས་ཅད་དུ། ་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ལས་འདིའི་ཡང་དག་པར་འདས་ནས། ཅུང་ཟད་ཀྱང་མེད་དོ་ཞེས་ཅུང་ཟད་མེད་པའི་སྐྱེ་མཆེད་ལ་སྙོམས་པར་ཞུགས་ཏེ་གནས་སོ་ཞེས་གསུངས་སོ། །དེ་ཡང་དབྱེ་ན་ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་ཉེ་བར ་བསྡོགས་པའི་ཏིང་ངེ་འཛིན་གྱི་དུས་ན་ནི་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཛའ་ཡས། འདུ་ཤེས་མེད་འདུ་ཤེས་མིང་མིན་སྐྱེ་མཆེད་ཅེས་བྱ་བ་ལ། འདུ་ཤེས་ནི་ཤུ་བའོ། །འདུ་ཤེས་ནི་ཟུག་རྡུའོ། །འདུ་ཤེས་མེད་པ་ཡང་རྨོངས་པ་སྟེ་ཞེས ་འདུ་ཤེས་ཕྲ་བ་ལ་གནས་པ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་ཞེས་བྱ་སྟེ། དེ་ཉིད་དེར་སྐྱེ་བའི་རྒྱུ་དང་རྐྱེན་ཡིན་པས་ན་འདུ་ཤེས་མེད་མིན་སྐྱེ་མཆེད་ཅེས་བྱའོ། །དེའི་དོན་ཀྱང་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་དུས་ན་ཅུང་ཟད་མེད་ཀྱི་སྐྱེ་མཆེད་ལས ་བསྐྱེད་དོ། །དེ་ཡང་ཇི་ལྟ་ཞེ་ན་ཅུང་ཟད་མེད་མིན་སྐྱེ་མཆེད་ཀྱི་འདུ་ཤེས་ལ་ཆགས་པ་དང་ན་བ་དང་ཤུ་བ་ལ་སོགས་པ་བཞིན་དུ་ཉེས་དམིགས་དང་བཅས་པར་ཡིད་ལ་བྱེད་པའོ། །ཅུང་ཟད་མེད་ཅུང་ཟད་མེད་མིན་གྱི་སྦྱོར་བ་མཐར་ཐུག་པ་ཡིད་ལ་བྱེད་པའི་ཏིང ་འཛིན་གྱི་དུས་ན་ནི། འདུ་ཤེས་དང་ཅེས་པ་ཡང་ཟུག་རྡུ་དང་འདྲ་བར་མི་བདེ་བ་ཡིན། འདུ་ཤེས་ཐམས་ཅད་ནས་ཐམས་ཅད་དུ་སྤངས་པ་ཡང་རྨོངས་བ་ཡིན་ནོ་ཞེས་རབ་ཏུ་ཕྲ་བའི་འདུ་ཤེས་ལ་གནས་ཏེ། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་འདུ་ཤེས་ལ་བཟློག ་པས་ན། དེའི་ཕྱིར་མདོ་གཞན་ལས་ཅུང་ཟད་མེད་ཅུང་ཟད་མེད་པའི་སྐྱེ་མཆེད་ལ་གནས་སོ་ཞེས་གསུངས་སོ། །དེས་ཅུང་ཟད་མེད་ཅུང་ཟད་མེད་མིན་གྱི་སྐྱེ་མཆེད་ཀྱིས་ཉེ་བར་བསྡོགས་པའི་ཏིང་ངེ་འཛིན། སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པའི་ཏིང་ངེ་འཛིན་ལས ་འདས་ནས་སྦྱོར་བ་མཐར་ཐུག་པའི་འབྲས་བུ་རྩ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་སྟེ། དེ་བས་མདོ་ལས་དེ་རྣམ་པ་ཐམས་ཅད་དུ་ཅུང་ཟད་མེད་ཀྱི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅུང་ཟད་མེད་ཅུང་ཟད་མེད་མིན་སྐྱེ་མཆེད་ལ་སྙོམས་པར་ཞུགས ་ནས་གནས་ཞེས་གསུངས། །གཟུགས་མེད་པའི་ཁམས་ན་ནི་གཟུགས་ཀྱི་མཚན་མ་མེད་པས་སེམས་ཙམ་ལ་བརྟེན་ནས་སྒོམ་སྟེ། དེ་བས་ན་མདོ་ལས་སེམས་ཙམ་ལ་བསམ་གཏན་པ་ཞེས་གསུངས་སོ། །དེ་དག་ཀྱང་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས ་བཞིན་དུ་གནས་ཀྱི་རིམ་པ་ནི་མེད་ཀྱི། སྙོམས་པར་འཇུག་པའི་བྱེ་བྲག་དང། ཚེ་རིང་ཐུང་ངུ་སྐྱེ་བའི་བྱེ་བྲག་ཙམ་གྱིས་དབྱེ་བར་ཟད་དེ་དེ་བས་ན་མདོ་ལས་གཟུགས་མེད་པའི་ལྷོ་རྣམས་ཀྱི་སྐྱེ་བ་རྣམས་པ་བཞི་པོ་འདི་ནི་ཞེས་བྱ་བ་གསུངས་ཏེ། གང་གོང་དུ་གཟུགས་མེད་པའི་ལྷ ་རྣམས་ཀྱི་སྐྱེ་བ་རྣམ་པ་བཞི་བཤད་པ་དེ་ནི། གཟུགས་མེད་པའི་སྲིད་པ་ཞེས་བྱའོ། །དེ་ལ་ནམ་མཁའ་མཛའ་ཡས་སུ་སྐྱེས་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་སྟོང་ཕྲག་ཉི་ཤུ་གནས་ནས་དུས་བྱེད་དོ། །རྣམ་ཤེས་མཛའ་ཡས་ནི་བསྐལ་པ་སྟོང་ཕྲག་བཞི ་བཅུའོ། ཅུང་ཟད་མེད་པ་ནི་སྟོང་ཕྲག་དྲུག་ཅུའོ། །ཐ་མ་ནི་སྟོང་ཕ་བརྒྱད་ཅུ་གནས་སོ། །གཟུགས་མེད་པའི་ལྷ་རྣམས་ཀྱང་གནས་གང་དུ་སྙོམས་པར་འཇུག་པའི་གནས་དེ་ཉིད་དུ་ཤི་འཕོས་ནས་དེ་ཉིད་དུ་སྐྱེ་བར་ཟད་ཀྱི་གཞན་དུ་སྐྱེ་བ་མེད་དོ། །བརྒལ་བ་འདོད ་པའི་ཁམས་དང། གཟུགས་ཀྱི་ཁམས་ན་ནི་སེམས་གཟུགས་ལ་བརྟེན་ན། གཟུགས་མེད་པའི་ཁམས་ན་མིང་གི་ཕུང་པོ་བཞི་རྣམས་ཅི་ལ་བརྟེན། སྨྲས་པ་མདུང་གསུམ་རྩེ་སྦྲང་བའི་ཤིང་གཅིག་ལ་གཅིག་བརྟེན་བཞིན་དུ། མིང་གི་ཕུང་པོ་བཞི་ཉིད་གཅིག ་ལ་གཅིག་བརྟེན་པ་འམ། མིག་གི་ཕུང་པོ་བཞི་རྣམས་འཚོ་བའི་དབང་པོ་དང་རིས་མཐུན་པའི་ཆོས་ལ་བརྟེན་ཏོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་ཐོབ་ཏུ་བྱེད་པའི་ལྟས་ནི། ནམ་མཁའ་ལས་ལུས་ལྟུང་བ་སྙམ་ཡིད་ལ་བྱེད་པ་སྐྱེའོ། །བརྒལ་བ་མདོ ་གཞན་དག་ལས་ནི་མ་འོངས་བ་ན་ཁམས་གསུམ་གྱི་འབྲས་བུ་ལེན་བར་བྱེད་པའི་ལས་གང་ཡིན་པ་དེ་ལ་སྲིད་པའི་སྒྲར་བརྗོད་ན། འདིར་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཉིད་ལ་སྲིད་བར་བརྗོད་པས་མདོ་གཞན་དང་འགལ་ལོ། །སྨྲས ་པ་འདི་ནི་ཉེས་པ་མེད་དེ་ཡང་ནི་སྲིད་པ་ཞེས་བྱ་བ། ལས་ལ་བྱ་མོད་ཀྱི། ལས་དེ་ནི་མ་འོངས་པའི་སྲིད་པ་བསྐྱེད་པའི་རྒྱུ་ཡིན་ལ་སྲིད་བ་གསུམ་ནི་ལས་ཀྱི་འབྲས་བུ་ཡིན་ཏེ། འདིར་རྒྱུའི་མིང་འབྲས་བུ་ལ་བཏགས་ནས་རྒྱུ་དེ། ཁམས ་གསུམ་དུ་སྐྱེད་བར་བྱེད་པའི་ཕྱིར་ཁམས་གསུམ་ལ་སྲིད་པ་ཞེས་བརྟགས་ཏེ་ཉེས་པ་མེད་དོ།། །།སྐྱེ་བ་བསྟེན་པའི་ཕྱིར། སྲིད་པའི་རྐྱེ་གྱིས་སྐྱེ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྲིད་བའི་རྒྱུ་ལས་སྐྱེ་བ་འབྱུང་བ་ཞེས་བྱ་བའི་དོན་ཏོ། །གང ་སེམས་ཅན་དེ་དང་དེ་རྣམས་ཞེས་བྱ་བ་ནི། ལྷ་དང་མི་དང་བྱོལ་སོང་ལ་སོགས་པའི་སེམས་ཅན་དེ་དང་དེ་དག་གོ། སེམས་ཅན་གྱི་རིས་དེ་དང་དེ་དག་ཏུ་ཞེས་བྱ་བ་ནི་ལྷ་དང་མི་ལ་སོགས་པའི་རིས་མཐུན་པའི་གནས་ཚེ་ཕྱི་མ་དང་དེ་དག་ཏུ་ཞེས་བྱ་བའི་དོན་ཏོ། །དེ་ལ ་མངལ་གྱི་གནས་དང་སྒོ་དེའི་གནས་སུ་དང་པོ་ཉིད་དུ་རྣམ་པར་ཤེས་པ་མངོན་པར་བྱུང་བ་ནི་སྐྱེ་བ་ཞེས་བྱའོ། །དེར་རྣམ་པར་ཤེས་པ་ཞུགས་ནས་མ་བྱུང་གི་བར་དུ་ཡན་ལག་དང་ཉིང་ལག་རྫོགས་པར་གྱུར་པ་ནི་ཀུན་ཏུ་སྐྱེ་བ་ཞེས་བྱའོ། །མངལ་དུ་ཡན་ལག ་ལ་སོགས་པ་རྫོགས་ནས་མངལ་ནས་ཕྱིར་འབྱུང་བ་ནི་འཕོ་བ་ཞེས་བྱའོ། །གང་དྲོད་གཤོར་ལས་སྐྱེས་པ་དང། རྫུས་ཏེ་སྐྱེ་བ་རྣམས་དུས་གཅིག་ཏུ་རང་གི་ལུས་རྫོགས་པར་གྱུར་པ་ནི་མངོན་པར་འབྱུང་བ་ཞེས་བྱའོ། །དེ་ལྟར་འབྱུང་བ་ལས་དེ་དག་གི ་ཕུང་པོ་ལྔ་པོ་ཉིད་ཁ་ཟས་ལ་སོགས་པས་བརྟས་ཤིང་འཕེལ་བར་བྱས་པ་ནི་ཕུང་པོ་རྣམས་འབྱུང་བ་ཞེས་བྱའོ། །ཁ་ཟས་ལ་སོགས་པ་མ་གཏོགས་པའི་མར་གྱི་བསྐུ་ཞིང་གཉེ་བ་དང་བཀྲུ་བ་ལ་སོགས་པ་རྐྱེན་གཞན་གྱིས་གྲོགས་བྱས ་པ་ནི་སྐྱེ་མཆེད་རྣམས་རབ་ཏུ་རྙེད་པ་ཞེས་བྱའོ། །དེ་དག་གི་ཕུང་པོ་ཉིད་སྔོན་གྱི་ལས་དང་ཉོན་མོངས་པའི་རྒྱུ་དེ་ལ་བརྟེན་པ་ནི་ཁམས་རབ་ཏུ་རྙེད་པ་ཞེས་བྱའོ། །དེ་དག་གི་ཕུང་པོ་དེ་དག་ཉིད་ཚེའི་མཛའ་ཨི་བར་དུ་གནས་པ་ཉིད་ནི་འཚོ་བའི་དབང་པོ་འབྱུང་བ ་ཞེས་བྱའོ། །ལྷ་དང་མི་ལ་སོགས་པའི་རིས་སུ་སྐྱེས་པའི་རིས་མཐུན་པ་དང་མ་བྲལ་བ་ནི་རིས་སུ་སྐལ་པ་མཐུན་པ་དང་ལྡན་པ་ཞེས་བྱའོ། །དེས་ན་མདོ་རྣམ་པ་བཞི་བསྟན་ཏེ། །གང་སྐྱེ་བ་དང་སྐྱེས་ནས་གང་གིས་བསྟན་པ་དང། གང་གིས་གྲོགས་བྱས ་པ་དང། སྐྱེ་བའི་རང་བཞིན་གང་ཡིན་པའོ། །དེ་ལ་སྐྱེ་བ་དང་ཞེས་བྱ་བ་ནས་མངོན་པར་འབྱུང་བ་ཞེས་བྱ་བས་གང་སྐྱེ་བ་བསྟན་ཏོ། །ཕུང་པོ་རྣམས་འབྱུང་བ་ཞེས་བྱ་བས་ཉེ་བར་བརྟེན་པ་བསྟན་ཏོ། །སྐྱེ་མཆེད་རྣམས་རབ་ཏུ་རྙེད་པ་དང་ཁམས་རྣམས ་རབ་ཏུ་རྙེད་པ་ཞེས་བྱ་བས། གང་གིས་གྲོགས་བྱས་པ་བསྟན་ཏོ། །འཚོ་བའི་དབང་པོ་འབྱུང་བ་དང། རིས་སུ་སྐུལ་པ་མཐུན་པ་དང། ལྡན་པ་ཞེས་བྱ་བས་སྐྱེ་བའི་རང་བཞིན་གང་ཡིན་པ་བསྟན་ཏོ། །ཡང་ན་གང་སེམས་ཅན་དེ་དང་དེ་རྣམས་ཞེས་བྱ་བ་ནི་འཆི་བའི་ཆར ་གཏོགས་པའི་སེམས་ཅན་ལ་བསྙེགས་ཏེ། ཤི་བར་གྱུར་པའི་སེམས་ཅན་དེ་དང་དེ་རྣམས་ཞེས་བྱ་བའི་དོན་ཏོ། །སེམས་ཅན་གྱི་རིས་དེ་དང་དེ་དག་ཏུ་ཞེས་བྱ་བ་ནི་ཆར་གཏོགས་པ་ལ་བསྙེགས་ཏེ། སྐྱེ་བར་བྱ་བའི་སེམས་ཅན་གྱི་གནས་དེ་དང་དེ་དག་ཏུ། ཞེས་བྱ ་བའི་དོན་ཏོ། །གང་གི་ལས་དགེ་བ་ལ་སོགས་པ་བྱས་པའི་ཤུགས་དང་ལྡན་པས་མ་འོངས་པ་ལ་མཚམས་སྦྱོར་བར་བྱ་བའི་གནས་སུ་རྣམ་པར་ཤེས་པ་སྐྱེས་ཤིང་བརྒྱལ་བ་ནི་སྐྱེ་བ་ཞེས་བྱའོ། །ཀུན་ཏུ་སྐྱེ་བ་ཞེས་བྱ་བའི་ཚིག་ལྷག་མ་རྣམས་ན་དེ་ཉིད་ཀྱིས་བཤད ་པ་སྟེ། ཕྱི་མས་སྔ་མ་བཤད་པར་བལྟ་བའོ། །ཡང་ན་མངལ་དུ་སྐྱེ་བ་རྣམས་མངལ་གྱི་གནས་སུ་རྣམ་པར་ཤེས་པ་དང་པོ་ཞུགས་པ་ནི་སྐྱེ་བའོ། །སྒོ་ངར་སྐྱེས་པའི་རྣམས་སྒོ་ངའི་གནས་སུ་རྣམ་པར་ཤེས་པ་དང་པོ་ཞུགས་པ་ནི་ཀུན་སྐྱེ་བའོ། །དྲོད་གཤེར་ལས་སྐྱེས ་པའི་རྣམས་དྲོད་གཤེར་གྱི་གནས་སུ་རྣམ་པར་ཤེས་པ་དང་པོ་སྐྱེ་བ་ནི་འཕོ་བའོ། །བརྫུས་ཏེ་སྐྱེས་པའི་རྣམས་དུས་གཅིག་ཏུ་ཕུང་པོ་ཅིག་ཅར་འབྱུང་བ་ནི་མངོན་པར་འབྱུང་བའོ། །དེ་ལ་མངལ་དུ་སྐྱེ་བའི་སེམས་ཅན་ནི་མི་དང་བྱོལ་སོང་གི་སྐྱེ་གནས་བཞི་ཀ་ནས་ཀྱང་སྐྱེ ་མོད་ཀྱི། ཕལ་ཆེར་མངལ་ནས་སྐྱེ་སྟེ། མངལ་ནས་སྐྱེ་བ་ནི་བྱོལ་སོང་ལ་ཡང་གླང་པོ་དང་རྟ་དང་བ་ལང་དང་མ་ཧེ་དང་ཕག་པ་ལ་སོགས་པ་སྟེ། དེ་དག་ཀྱང་ཕོ་མོ་གཉིས་ཀྱི་ཁྲག་དང་ཁུ་བ་འདྲེས་པ་ལས་འགྱུར་རོ། །མི་ལས་སྒོ་ང་ལས་སྐྱེས་པ་ནི། ཤེལ་དང ་ཨུཏཔལ་དང། པན་ཙ་ལའི་རྒྱལ་པོའི་བུ་ལྔ་བརྒྱ་དང། རི་དགས་དགྲའི་འམ། ས་གའི་བུ་སུམ་ཅུ་ལྟ་བུའོ། མི་ལ་དྲོད་གཤེར་ལས་སྐྱེས་པ་ནི། མན་དྷ་ཏ་ལྟ་བུའི་སྤྱི་བོ་ལས་སྐྱེས་པ་དང། མཛེས་པ་དང་ཉེ་མཛེས་དང། ཤིང་ཏོག་ཨཱ་མྲ་ལས་སྐྱེས་པའི་བུ་མོ་ཨམྲ ་སྐྱོང་ལི་ཙ་བཱིའི་གཙོ་བོ་རྣམས་ཀྱི་ཆུང་མ་ལྟ་བུའོ། །མི་ལས་བརྫུས་ཏེ་སྐྱེ་བ་ནི་བསྐལ་པ་དང་པོར་པའི་མི་རྣམས་ལྷའི་གནས་ནས་གླིང་བཞིར་སྐྱེ་བ་ལྟ་བུའོ། །བྱོལ་སོང་སྐྱེ་གནས་བཞི་ཀ་ནས་སྐྱེ་བ་ཡང་ཇི་ལྟར་འཇིག་རྟེན་བཞག་པ ་ལས་གསུངས་པ་སྒོ་ང་ལས་སྐྱེས་པའི་ནམ་མཁའ་ལྡིང་གིས་སྒོ་ང་ལས་སྐྱེ་བའི་ཀླུ་འདྲེན་ཅིང་ཟ་བ་དང། དེ་བཞིན་མངལ་ནས་སྐྱེས་པས་མངལ་ནས་སྐྱེ་བ་འདྲེན་ཅིང་ཟ་བ་དང། དེ་བཞིན་དྲོད་གཤེར་དང་བརྫུ་བ་ལས་སྐྱེས་པས་ཀྱང་སྐྱེས་གནས་པ་སོ་སོར ་འདྲེན་ཅིང་ཟ་བ་ཞེས་གསུངས་པ་ལྟ་བུའོ། །སྒོ་ང་ལས་སྐྱེས་པ་ནི་བྱ་ལས་ཕལ་ཆེར་ཏེ། ངང་ངུར་དང་ཁྲུང་ཁྲུང་དང་རྨ་བྱ་དང་ནེ་ཙོ་ལ་སོགས་པ་ལྟ་བུའོ། །དྲོད་གཤེར་ལས་སྐྱེ་པ་ནི་གྲོག་སྦུར་དང་ཕྱེ་མ་ལེབ་དང། སྦྲང་བུ་དང་སྲོ་ཤིག་ལས་ཕལ ་ཆེར་སྐྱེའོ་ཟེར་རོ། །བརྫུས་ཏེ་སྐྱེ་བའི་སེམས་གང་དབང་པོ་ཉམས་པ་མེད་ཅིང་མ་ཚང་བ་མེད་པ་དང། ཡན་ལག་དང་ཉིད་ལག་ཐམས་ཅད་དང་ལྡན་པར་ཅིག་ཅར་དུ་སྐྱེ་བ་སྟེ། དེ་ཡང་ལྷ་དང་དམྱལ་བ་དང་སྲིད་པ་བར་མ་ལྟ་བུའོ། །ཡི་དགས་དག་ནི་མངལ ་དང། བརྫུས་ཏེ་སྐྱེ་བ་གཉི་ག་ཡོད་དེ། མངལ་ནས་སྐྱེ་བ་ནི་དཔེར་ན་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ལ་ཡི་དགས་སྨྲེ་བ་མཚན་མོ་བདག་གིས་བུ་ལྔ་བསྐྱེད། ཉིན་པར་དེ་བཞིན་གཞན་དག་ཀྱང། བསྐྱེད་དེ་ཟོས་པར་འགྱུར་མོད་ཀྱི། །འོན་ཀྱང་མོས་པར་བདག ་མ་གྱུར། །ཅེས་སྨྲས་པ་ལྟ་བུའོ། །དྲིས་པ་ནམ་མཁའ་ལྡིང་གི་སྐྱེ་གནས་མཐུན་མཐུན་གྱི་ཀླུ་འདྲེན་ཅིང་ཟ་བ་ནི་རུང་གི་།བརྫུས་པ་ནི་ཐམས་ཅད་ཀྱང་འཚོ་བ་འགགས་མ་ཐག་དུ་ཕུང་པོ་མི་སྣང་བར་གྱུར་ནས། ཇི་ལྟར་ཟ། སྨྲས་པ་དེ་ནི་མི་སྣང་བར་འགྲོ་བ ་མི་ཤེས་ནས་ཟ་བའི་ཕྱིར་འདྲེན་པ་པོ་ཡོད་དོ་ཞེས་ཁ་ཅིག་གིས་བཤད་དོ། །དྲངས་ནས་སྲོག་དང་མ་བྲལ་གྱི་བར་དུ་ཟར་ཡང་རུང་ངོ་ཞེས་སློབ་དཔོན་གཞན་དག་གིས་བཤད་དོ། །ཕུང་པོའི་དབང་དུ་བྱས་ན་སྐྱེ་གནས་དེ་དག་ཏུ་ཕུང་པོ་རྣམས་འབྱུང་བ་ཞེས་བྱ་སྟེ། ་མཚམས་སྦྱོར་བའི་སྐད་ཅིག་མ་དང་པོ་ལ་ཡིད་ཀྱི་རྣམ་པར་ཤེས་པ་བརྒྱལ་བ་ནི། རྣམ་པར་ཤེས་པའི་ཕུང་པོའོ། །རྣམ་པར་ཤེས་པ་ལྔ་དང་ལྡན་པ་འདུ་ཤེས་ཉོན་མོངས་པ་དང་བཅས་པ་ནི་འདུ་ཤེས་ཀྱི་ཕུང་པོའོ། །དེའི་དུས་ན་ཚོར་བ་མྱོང་བ་ནི་ཚོར་བའི་ཕུང་པོའོ། །ཁྲག་དང་ཁུ ་བ་འདྲེས་པའི་མཚན་ཉིད་མེར་མེར་པོ་ནི་གཟུགས་ཀྱི་ཕུང་པོ་སྟེ། དེ་བས་ན་ཕུང་པོ་རྣམས་འབྱུང་བ་ཞེས་བྱའོ། །སྐྱེ་མཆེད་ཀྱི་དབང་དུ་བྱས་ན་།དེའི་ཚེ་སྐྱེ་མཆེད་རྣམས་རབ་ཏུ་རྙེད་པ་ཞེས་བྱ་སྟེ། མཚམས་སྦྱོར་བའི་ཚེ་ཉིད་ན། ཁྲག་དང་ཁུ་བ་ན་ལུས ་ཀྱི་སྐྱེ་མཆེད་དོ། །དེ་ན་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་པ་ནི། ཡིད་ཀྱི་སྐྱེ་མཆེད་དོ། །དེའི་དུས་ཀྱི་ཚོར་བ་ལ་སོགས་པ་ནི་ཆོས་ཀྱི་སྐྱེ་མཆེད་དོ། །སྐྱེ་མཆེད་གསུམ་པོ་དེ་ཉིད་ལ་སྐྱེ་མཆེད་རྣམས་རབ་ཏུ་རྙེད་པ་ཞེས་བྱ་སྟེ། མིག་ལ་སོགས་པའི་སྐྱེ་མཆེད་ནི། དེའི ་དུས་ན་མེད་པས་དེ་དག་ལ་ནི་མི་བྱའོ། །ཁམས་ཀྱི་དབང་དུ་བྱས་ན། དེའི་ཚེ་ཁམས་རྣམས་རབ་ཏུ་རྙེད་པ་ཞེས་བྱ་སྟེ། གང་དེ་ན་ཁྲག་དང་ཁུ་བའི་མཚན་ཉིད་ནི་ལུས་ཀྱི་ཁམས་སོ། །དེའི་ཚེ་ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡིད་ཀྱི་ཁམས་སོ། །དེ་ན་ཚོར་བ་ལ་སོགས ་པ་ཡོད་པ་ནི་ཆོས་ཀྱི་ཁམས་ཏེ། དེ་གསུམ་ལ་ཁམས་རྣམས་རབ་ཏུ་རྙེད་པ་ཞེས་བྱའི། ཁམས་གཞན་དེའི་དུས་ན་མེད་པས་ན། གཞན་ལ་ནི་མི་བྱའོ། །ཚོར་བའི་དབང་པོ་འབྱུང་བ་དང་ཞེས་བྱ་བ་ནི། ཚེ་འདི་འདུ་བྱེད་དང་པོ་ཉིད་དུ་དེར་ཐོབ་པའི་ཕྱིར་ཏེ། ་དེ་ནི་ལུས་ཀྱི་དབང་པོ་ཡང་དེར་སྨིན་པར་ལྟའོ། །ཅིའི་ཕྱིར་ཞེ་ན། འདོད་པ་དང་གཟུགས་ཀྱི་ཁམས་ནི། གཟུགས་མེད་པའི་འཚོ་བའི་དབང་པོ་མི་གནས་ཏེ། འཚོ་བའི་དབང་པོ་ནི་གཟུགས་ལ་བརྟེན་ནས་འཇུག་པའི་ཕྱིར་རོ། །གང་གི་མངལ་དུ་འཕོས་པའི ་སེམས་ཅན་དེ་དང་དེ་ཕན་ཆད་དེ་དང་དེ་རིགས་གཅིག་པར་གྱུར་པས་ན། རིགས་སུ་སྐལ་བ་མཐུན་པ་དང་ལྡན་པ་ཞེས་བྱའོ།། །།རྒ་བ་བསྟན་པར་བྱ་བའི་ཕྱིར་སྐྱེ་བའི་རྐྱེན་གྱིས་རྒ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེ་བའི་རྒྱུ་ལས་རྒ་བ་འབྱུང་ངོ་ཞེས་བྱ་བའི ་དོན་ཏོ། །གང་སྤྱི་རེད་དང་ཞེས་བྱ་བ་ལ་འབྱུང་བ་ཆེན་པོ་རྣམས་ཀྱི་དྲོད་དང་མཐུ་ཉམས་པར་གྱུར་པས་སྐྲ་བྱི་བ་འམ་ལུས་མཐུ་ཆད་པས་ཡན་ལག་འདར་བར་གྱུར་པའོ། །སྐྲ་དཀར་ནི་གང་སྐྲ་ཁ་དོག་གཞན་དུ་གྱུར་པའོ། །གཉེར ་མ་མང་བར་གྱུར་པ་ནི། པགས་པ་རྣམས་རྙིས་ཤིང་ཞུམ་པར་གྱུར་པའོ། །འཁོགས་པ་ནི་གང་འདོད་པ་ལ་ཀུན་ལོངས་སྤྱོད་པ་ལ་ཀུན་ལོངས་སྤྱོད་པ་ནུས་པ་མེད་པ་འམ། མདངས་དང་གཟི་ཉམས་པའོ། །ཞོམ་པ་ནི་གང་ལས་སུ་བྱ་བའི་རྣམས་ལ་མཐུ་ཆུང་ཞིང ་བཞིན་གྱིས་ནང་དང། བཅས་པའོ། །ཤིང་སྒུ་བོ་ལྟར་འཁྱོར་བ་ནི་གང་འགྲོ་བའི་སྤྱོད་ལམ་གྱི་དུས་ན། ལུས་ཀྱི་དབྱིབས་གཡས་གཡོན་དུ་འགྱུར་ཞིང་འཁྱོར་བའོ། །ལུང་ལ་ངར་ངར་བའི་ལུས་ནི་གང་སྨྲ་བའི་དུས་ན་བད་ཀན། ལ་སོགས་པས་འགགས་པས། ་དབུགས་ཕྱི་ནང་དུ་འབྱུང་བ་རྣམས་དཀའ་བཞིན་དུ་འབྱུང་བའོ། །སྒུར་བ་ནི་གང་ཚིགས་པ་ལ་གནས་པའི་འབྱུང་བ་ཆེན་པོ་རྣམས་ཉམས་པས་ལུས་དྲང་པོར་སྲོང་མི་ནུས་ཤིང་མདུན་དུ་སྒུ་བའོ། །ཁབས་ནག་པོས་ཁམས་པའི་ལུས་ནི་གདོང་དང་ཡན ་ལག་ཏུ་ཁ་དོག་ནག་པོ་ཕལ་ཆེར་བྱུང་བའོ། །མདུན་དུ་དགུ་པའི་ལུས་ནི་གང་འདུག་པའི་སྤྱོད་ལམ་གྱི་དུས་ན་ཡང་ལུས་མདུན་དུ་དུད་ཅིང་དྲང་པོར་གནས་པར་མི་ནུས་པའོ། །ཁར་བོ་ལ་འཇུ་བ་ནི་གནས་པའི་སྤྱོད་ལམ་ལས་ལྡང་བའི་དུས་ན། ་ཁར་བ་ལ་མ་བརྟེན་པར་ལྡང་མི་ནུས་པའོ། །དབང་པོ་ཀུན་སྨིན་པ་ནི་རང་བཞིན་གྱིས་ཉམ་ཆུང་བས་གཟུགས་དང་སྒྲ་ལ་སོགས་པ་མི་གསལ་བར་མཐོང་ཞིང་ཐོས་པའོ། །ཉམས་པ་ནི་གང་ལས་སུ་བྱ་བ་རྣམས་ལ་བརྩོན་འགྲུས་མེད་དེ། ཡན ་ལག་ཞིགས་པས་རྟག་ཏུ་ལེ་ལོ་དང་བཅས་པའོ། །འདུ་བྱེད་རྣམས་རྙིངས་པར་གྱུར་པ་ནི། ཕུང་པོ་ལྔའི་ཐ་མར་གྱུར་ཏེ། ཕུང་པོ་ཉིད་ཀྱང་ཚ་བའི་ཆའི་དུས་དང་ཉེ་བར་གྱུར་པའོ། །ཞིགས་པར་གྱུར་པ་ནི་གང་གཟུགས་དང་སྒྲ་ལ་སོགས་པའི ་ཡུལ་རྣམས་ལ། སྔོན་བཞིན་དུ་བལྟ་བ་དང་མཉན་པར་འདོད་པ་མི་སྐྱེ་བའོ། །རྨོངས་པ་ནི་དྲན་པའི་བློ་ཉམས་པས། སྔོན་བྱས་པ་དང་སྨས་པ་རྣམས་བརྗེད་ཅིང་མི་ངན་པའོ། །ཞན་པ་ནི་གཉིད་ཀྱིས་ལོག་པ་ལས། །གཉིད་སྟག་ཅིང་རྒྱུན་རིང་དུ་གཉིད་ལ ་གནས་པའོ། །བྲི་བ་ནི་ད་ལྟར་གཉིད་ཀྱིས་ལོག་པར་ལས་གང་མྱུར་དུ་ལྡང་མི་ནུས་པའི། །ཀུན་དྲི?་བ་ནི་སྔོན་གྱི་ལས་ཀྱིས་འཕངས་པའི་ཚེའི་འདུ་བྱེད་ཀྱང་མཇུག་བསྡུས་པས་འཆི་བའི་དུས་ལ་མངོན་དུ་བལྟས་པའོ། །གོང་དུ་བཤད་པ་དེ་དག་བསྡུས་ན། དོན་རྣམ་པ་བཅུ ་གཅིག་སྟོན་ཏེ། །བཅུ་གཅིག་ནི་རྟེན་རྣམ་པར་གྱུར་པ་དང། སྐྲ་རྣམ་པར་གྱུར་པ་དང། རྟས་རྣམ་པར་གྱུར་པ་དང། གཟི་དང་སྟོབས་རྣམ་པར་གྱུར་པ་དང། ནད་མེད་པ་རྣམ་པར་གྱུར་པ་དང། ཁ་དོག་རྣམ་པར་གྱུར་པ་དང། སྤྱོད་ལམ་རྣམ་པར་གྱུར་པ་དང། གཟུགས་ཅན ་ན་ཡིན་པའི་དབང་པོ་རྣམ་པར་གྱུར་པ་དང། གཟུགས་ཅན་གྱི་དབང་པོ་རྣམ་པར་གྱུར་པ་དང། མཐར་ཐུག་པ་དང། ཚེའི་འདུ་བྱེད་ཟད་པའོ། །དེ་ལ་སྤྱི་ཅེར་ཞེས་བྱ་བས་རྟེན་རྣམ་པར་གྱུར་པ་བསྟན་ཏོ། །སྐྲ་དཀར་ཞེས་བྱ་བས་སྐྲ་རྣམ་པར་གྱུར་པ་བསྟན་ཏོ། །གཉེར ་མ་མར་ཞེས་བྱ་བས་བརྟས་པ་རྣམ་པར་གྱུར་པ་བསྟན་ཏོ། འཁོགས་པ་ཞེས་བྱ་བས་གཟི་དང། སྟོབས་རྣམ་པར་གྱུར་པ་བསྟན་ཏོ། །ཞོམ་པ་ཞེས་བྱ་བས་ནད་མེད་པ་རྣམ་པར་གྱུར་པ་བསྟན་ཏོ། ཁངས་ནག་པོས་ལུས་ཁེབས་ཞེས་བྱ་བས་ཁ་དོག་མིང་གྱུར་པ ་བསྟན་ཏོ། །སྒུ་པ་རང་ཤིང་སྒུ་པོ་ལྟར་འཁྱོར་པ་དང་ལུང་པ་དར་བའི་ལུས་དང། མདུན་དུ་སྒུ་བའི་ལུས་དང་ཁར་བ་ལ་འཇུ་བ་རྣམས་ཀྱིས་སྤྱོད་ལམ་གཞན་དུ་གྱུར་པ་བསྟན་ཏོ། །མོངས་པ་ཞེས་བྱ་བས་གཟུགས་ཅན་མ་ཡིན་པའི་དབང་པོ་གཞན་དུ་གྱུར་པ་བསྟན ་ཏོ། །དབང་པོ་ཀུན་སྨིན་པ་དང་ཉམས་པ་དང་ཞིགས་པར་གྱུར་པ་དང་ཞན་པ་དང་བྲི་བ་རྣམས་ཀྱིས་གཟུགས་ཅན་གྱི་དབང་པོ་གཞན་དུ་གྱུར་པ་བསྟན་ཏོ། །འདུ་བྱེད་རྣམས་རྙིངས་པར་མཐར་ཐུག་པ་བསྟན་ཏོ། །ཀུན་བྲི་བས་ཚེ་ཟད་པ་བསྟན་ཏོ།། །། ་འཆི་བ་བསྟན་པའི་ཕྱིར། འཆི་བ་བསྟན་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་སེམས་ཅན་དེ་དང་དེ་རྣམས་ཞེས་བྱ་བ་ནི། ལྷ་དང་མི་དང་བྱོལ་སོང་དང་སེམས་ཅན་དམྱལ་བ་ལ་སོགས་པའི་སེམས་ཅན་དེ་དང་དེ་དག་གོ?་།སེམས་ཅན་གྱི ་རིས་དང་དེ་ལས་ཞེས་པས་ནི་ལྷ་དང་མི་ལ་སོགས་པའི་རིས་མཐུན་པའི་གནས་དེ་དང་དེ་དག་ལས་སོ། །དེ་ལ་འཆི་བའི་མཚན་ཉིད་ནི་ནམ་དྲོ་དང་ཚེ་དང་རྣམ་པར་ཤེས་པས་བོར་བ་དེ་ནི་ཤི་བ་ཞེས་བྱའོ། །དེ་བས་ན་མདོ་གཞན་དག་ལས་ཀྱང། ཚེ་དང་དྲོ་དང་རྣམ་ཤེས་ཀྱིས། གང ་ཚེ་ལུས་འདི་བོར་བ་ན། །དཔེར་ན་སེམས་མང་ཤིང་བཞིན་དུ། །ས་ལ་འགྱེལ་ནས་ཉལ་པར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་སེམས་ཅན་གང་དག་གནད་དུ་སྡུག་བསྔལ་མྱོང་བ་མེད་པར་དུས་བྱས་པ་ནི་ཤི་འཕོས་པའོ། །གང་སེམས་ཅན་གནད་དུ་སྡུག་བསྔལ་མྱོང ་བ་དང་བཅས་པས་དུས་བྱས་པ་ནི་ཤི་འཕོས་པར་གྱུར་པའོ། །རྣམ་པར་ཤེས་པས་ལུས་བཏང་སྟེ། ལུས་དང་རྣམ་པར་ཤེས་པ་བྱེ་བར་གྱུར་པ་ནི་བྲལ་བ་ཞེས་བྱའོ། །མིག་ལ་སོགས་པ་གཟུགས་ཅན་གྱི་དབང་པོ་འགགས་པ་ནི། མི་སྣང་བ་ཞེས་བྱའོ། །གང་དུས་མ་ཡིན ་པར་ཤི་བ་རྣམས་ནི་འཆི་བའོ། །བསོད་ནམས་དང་ལྡན་པ་རྣམས་གནོད་པ་འམ་སྡུག་བསྔལ་དང་རིང་དུ་མི་འགྲོགས་པར་མྱུར་དུ་འཆི་བའི་དུས་བྱེད་པའོ། །གང་འཆི་བའི་ཚེ་དབུགས་རྒྱུ་ཞིང་སྐྱིགས་བུ་འབྱིན་པའི་དུས་ལ་ནི་ཚེ་ཟད་པ་ཞེས་བྱའོ། །གང་དུས་སུ་ཤི་བ་རྣམས ་ནི། འཚོ་བའི་དབང་པོ་འགགས་པ་དང་ཕུང་པོ་རྣམས་འདོར་བ་དང། སྐྱེ་མཆེད་ཀུན་འཇིག་པ་ཞེས་བྱའོ། །ཡང་ན་ཚེའི་འདུ་བྱེད་ཟད་པ་ནི་ཚེའི་དབང་པོ་འགོག་པའོ། །སྔོན་གྱི་ཕུང་པོ་དང་བྲལ་བ་ནི་ཕུང་པོ་རྣམས་འདོར་བའོ། །ཕུང་པོ་སྔ་མའི་མིག་ལ་སོགས་པའི ་སྐྱེ་མཆེད་ཀྱིས་ལྟ་བ་ལ་སོགས་པའི་བྱ་བ་མི་བྱེད་པ་ནི་སྐྱེ་མཆེད་ཀུན་འཇིག་པའོ། །རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཡན་ལག་བཅུ་གཉིས་རྒྱས་པར་བཤད་པའི་རྣམས་མཇུག་བསྡུ་བར་བྱ་བའི་ཕྱིར། དགེ་སློང་དག་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ་འོ་ན་ཅིའི་ཕྱིར་མ་རིག་པ་ལ་སོགས་པ་ཡན་ལག་བཅུ་གཉིས་རྣམས་རིམ་པ་འདི་ལྟར་བཀོད། སྨྲས་པ་དང་པོ་ཉིད་དུ་ཤེས་བྱ་ལ་རྨོངས་པ་འབྱུང་སྟེ། དེ་བས་ན་མ་རིགས་པ་སྔར་བཤད་དོ། །རྨོངས་པར་གྱུར་ན་དེ་ཉིད་ལ་ཕྱིན་ཅི་ལོག་གི་ལས་མངོན་པར་འདུ་བྱེད་པས ་དེའི་འོག་ཏུ་འདུ་བྱེད་དོ། །ཕྱིན་ཅི་ལོག་གི་ལས་མངོན་པར་འདུས་བྱས་ན་དེའི་རྒྱུས་སེམས་ཀྱང་ཕྱིན་ཅི་ལོག་ཏུ་འགྱུར་ཏེ། དེ་བས་ན་དེའི་འོག་ཏུ་རྣམ་པར་ཤེས་པའོ། །སེམས་ཕྱིན་ཅི་ལོག་ཏུ་གྱུར་ན་དེ་ལས་མཚམས་སྦྱོར་བར་བྱེད་དེ་དེའི་འོག་ཏུ་མིང་དང་གཟུགས་སོ། །མིང་དང ་གཟུགས་ལས་དབང་པོ་ཡོངས་སུ་རྫོགས་པར་འབྱུང་སྟེ་དེ་བས་ན་དེའི་འོག་ཏུ་སྐྱེ་མཆེད་དྲུག་གོ་།དབང་པོ་ཡོངས་སུ་རྫོགས་ན་ཡུལ་ལ་དབང་པོ་ཀུན་ལོངས་སྤྱོད་པར་བྱེད། དེ་བས་ན་དེའི་འོག་ཏུ་རེག་པའོ། །ཡུལ་ལ་ལོངས་སྤྱོད་པས་བདེ་བའི་ཚོར་བ་ལ་ཆགས་པ་དང། སྡུག ་བསྔལ་གྱི་ཚོར་བ་འདོད་བར་འདོད་པ་འབྱུང་སྟེ། དེའི་ཕྱིར་དེའི་འོག་ཏུ་ཚོར་བའོ། །ཆགས་པ་ལས་ཚོར་བ་བདེ་བ་དང་རྒྱུན་ཏུ་འགྲོགས་པར་སྨོན་པ་སྐྱེ་སྟེ། དེ་བས་ན་དེའི་འོག་ཏུ་སྲེད་པའོ། །སྨོན་པ་ལས་དེ་ཚོལ་བ་ལས་རྩོན་པ་འབྱུང་སྟེ། དེ་བས་ན་དེའི་འོག་ཏུ་ལེན? ་པ་རོ། །ལེན་པའི་དུས་ན་ཉོན་མོངས་པ་འཕེལ་ལ། ཉོན་མོངས་པ་འཕེལ་བ་ལ་ཡང་སྲིད་པའི་ལས་བྱེད་དེ། དེ་བས་ན་དེའི་འོག་ཏུ་སྲིད་པའོ། །ལས་དང་ཉོན་མོངས་པ་འདུ་བྱས་ན་ལམ་རྒྱུད་ལྔར་འབྱུང་བར་འགྱུར་ཏེ། དེ་བས་ན་དེའི་འོག་ཏུ་སྐྱེ་བའོ། །སྐྱེས་ན་སྡུག་བསྔལ ་རྣམ་པ་སྣ་ཚོགས་འབྱུང་བས་ན་དེའི་འོག་ཏུ་རྒ་ཤི་སྟེ། དེའི་ཕྱིར་ན་རིམ་པ་ད་ལྟར་བཀོད་དོ། །རྟེན་ཅིང་འབྲེལ་ཏེ་འབྱུང་བ་བསྟན་པའི་འོག་ཏུ། འཕགས་པའི་བདེན་པ་བཞི་སྨོས་པས། ཇི་ལྟར་སྨོས་པ་བཞིན་བཤད་པར་འདོད་ནས་དྲིས་པ། དེ་ལ་འཕགས་པའི་བདེན་པ ་བཞི་གང་ཞེན་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ཞེས་བྱ་བ་ནི་དགར་བའི་ཚིག་སྟེ། དབང་པོ་ཉི་ཤུ་རྩ་གཉིས་ལ་སོགས་པ་ལས་ཀྱང། བདེན་པ་བཞིས་ཇི་དགར་ཏེ་བསྟན་ཏེ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་འཕགས་པའི་བདེན་པ་བཞི་གསུངས ་ཤེ་ན། འདི་ལྟར་སྟོན་པར་ཁས་འཆེས་པ་ཀུན་ཏུ་རྒྱུ་དང། གཅེར་བུ་པ་དང། མིའི་ཐོད་པ་ཅན་དང། གཞུང་མེད་པ་ལ་སོགས་པ། རང་རང་ཀྱི་ཆོས་ཀྱི་ཁྱད་པར་སྒྲོགས་ཤིང་སྟོན་པ་ནས། བདག་གི་ཆོས་ནི་ཡང་དག་པ་བདེན་པ་ཕྱིན ་ཅི་མ་ལོག་པ་ཡིན་གྱི་གཞན་དག་གི་ནི་མ་ཡིན་ནོ་ཞེས་ཕྱིན་ཅི་ལོག་ལ་མངོན་པའི་ང་རྒྱལ་བྱེད་པར་གཟིགས་ནས། བདེན་པ་ལ་རྨོངས་པ་དེ་དག་ལ་དོན་དམ་པ་བསྟན་པར་བྱ་བའི་ཕྱིར་འཕགས་པའི་བདེན་པ་བཞི་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ ་གསུངས་སོ། །ཡང་ན་གསུང་རབ་འདིར་ཞུགས་ནས་ཁྱིམ་ན་གནས་པའི་མཚན་མ་ནི་ཡོངས་སུ་བཏང། དགེ་སྦྱོང་གི་མཚན་མ་བཟུང། དགོན་པར་གནས་པས་ནི་སྦྱོང་ངོ་ཞེས། ཚུལ་ཁྲིམས་ཀྱི་ཡོན་ཏན་ནི་ཡང་དག་པར་འཛིན། ཡོ་བྱད་བསྙུངས་པ་ལ་ནི ་གནས། ངོ་ཚ་དང་ཁྲེལ་ཡོད་པས་ནི་བསྡམས། དབང་པོ་རྣམས་ཡུལ་ལ་འཇུག་པའི་སྒོ་ནི་བཀག་ཀྱང་ཐོས་པའི་ཤེས་རབ་དང་མི་ལྡན་པས། བདག་ནི་དགེ་སྦྱོང་ངོ་ཞེས་ངེས་པ་སྐྱེས་པ་རྣམས་ཀྱི་མངོན་པའི་ང་རྒྱལ་སྤང་ཞིང་དོན་དམ་པའི་དགེ་སྦྱོང ་བསྟན་པར་བྱ་བའི་ཕྱིར། འཕགས་པའི་བདེན་པ་བཞི་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །གསུང་རབ་འདི་ལས་བདེན་པ་ཁོང་དུ་ཆུད་པ་ཉིད་དོན་དམ་པའི་དགེ་སྦྱོང་ཡིན་པར་དགོངས་པའོ། །ཡང་ན་མི་ཁོམ་པ་བརྒྱད་ཡོངས་སུ་སྤངས་པ་དང། ་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ལ་བསྙེན་བཀུར་བྱས་པའི་དགེ་བའི་རྩ་བའི་མེ་ཏོག་གི་དྲིས་རྒྱུད་ཡོངས་སུ་བསྒོས་པས། འབྲས་བུ་ཐོབ་པའི་ཚོགས་ཡང་དག་པར་བསགས་ཤིང་བསམ་པ་དང་སྦྱོར་བ་རབ་ཏུ་དག་པས་འཕགས་པའི་བདེན་པ་ཁོང་དུ ་ཆུད་པར་འགྱུར་བའི་སྐལ་པ་ཆེན་རྣམས་ཀྱི་དོན་དུ། བཅོམ་ལྡན་འདས་ཀྱིས་འཕགས་པའི་བདེན་པ་བཞི་གང་ཞེ་ན་ཞེས་བྱ་བའི་མདོ་འདི་གསུངས་སོ། །ཡང་ན་ངན་སོང་རྣམས་ཀྱི་སྡུག་བསྔལ་མི་བཟད་པ་ཐོས་པས། ཡིད་སྐྲག་པར་གྱུར་པ་རྣམས་ལ། དེར་མི ་འགྲོ་བར་རྒྱུ་བསྟན་པར་བྱ་བའི་ཕྱིར། བདེན་པ་བཞི་གསུངས་ཏེ། ཅིའི་ཕྱིར་ཞེ་ན། འདི་ལྟར་མནར་མེད་པ་དང། རབ་ཏུ་འཇོམ་པ་དང། འོ་དོད་འབོད་པ་དང། འོ་དོད་ཆེར་འབོད་པ་དང། ཚ་བ་དང། རབ་ཏུ་ཚ་བ་ལ་སོགས་པའི་སེམས་ཅན་དམྱལ་བར་སྐྱེས་པ་རྣམས། དབང་མེད ་པར་ལྕགས་ཀྱི་སྐམ་པས་ཁ་ཕྱེ་ནས། ལྕགས་ཀྱི་གོང་བུ་དང། ལྕགས་ཀྱི་ཁུ་བ་བླུད་པའི་དུས་ན་སྣ་དང་སྤྱི་བོ་ལ་སོགས་པར་མེ་ལྕེ་རབ་ཏུ་འབར་བའི་སྡུག་བསྔལ་མྱོང་བ་དང། གཞན་ཡང་ཡི་དགས་སུ་སྐྱེས་བ་རྣམས་སྐོམ་པ་དང། བཀྲེས་པའི་སྡུག་བསྔལ་གྱིས། ་ནོན་པས་རྒྱུན་མི་འཆད་པར་ཟོས་ཤིང་འཐུངས་ཀྱང། ཆོག་པའི་དུས་མེད་ན་བཟློག་པ་ལྟ་ཅི་ཞིག་སྨོས་ཏེ། དེ་དག་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་མནར་བའི་ཕྱིར། ཆུ་འདོད་པའི་དོན་སོང་བ་ལས་ཀྱང་ཆུ་རྣམས་བསྐམས་པར་འགྱུར་བ་འམ། རྣག་དང ་ཆུ་སེར་ལ་སོགས་པ་མི་གཙང་བ་རབ་ཏུ་དྲི་མི་ཞིམ་པ་རྣམས་ཀྱིས་གང་བར་འགྱུར་བ་དང། མེ་ཏོག་ཤིང་རྣམས་ཀྱང། མེ་ཏོག་མེད་པར་འགྱུར་བ་དང། འབྲས་བུའི་ཤིང་རྣམས་ཀྱང་འབྲས་བུ་མེད་པར་འགྱུར་བ་ལ་སོགས་པ་སྡུག་བསྔལ་དཔག་ཏུ་མེད་པ ་མྱོང་བར་འགྱུར་བ་དང། གང་དག་བྱོལ་སོང་དུ་སྐྱེས་པ་རྣམས་བཅིང་བ་དང། གསད་པ་དང་གཅིག་ལ་གཅིག་ཕན་ཚུན་ཟ་བ་ལ་སོགས་པའི་སྡུག་བསྔལ་འབྱུང་བར་དགོས་པས་རྟག་ཏུ་ཡིད་མི་བདེ་བར་གནས་ལ། ངན་སོང་གསུམ་དུ་མི་འགྲོ་བའི་རྒྱུ་བསྟན་པར ་བྱ་བའི་ཕྱིར། འཕགས་པའི་བདེན་པ་བཞི་གསུངས་ཏེ། བདེན་པ་བཞི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་ན། དེ་དག་ཐམས་ཅད་ངན་སོང་གི་སྡུག་བསྔལ་ལས་ཐར་བར་འགྱུར་རོ། །དེ་ལ་འཕགས་པའི་བདེན་པའི་དྲོན་གང་ཞེ་ན། འཕགས་པ་ཞེས་བྱ་བ་ནི། གང་བདག ་ལ་དབང་དུ་གྱུར་པ་ལ་བྱ་སྟེ། འདི་ལྟར་སངས་རྒྱས་དང། འཕགས་པ་ཉན་ཐོས་ཆེན་པོ་ལ་སོགས་པ་ནི་སེམས་ལ་དབང་ཐོབ་པས་འཕགས་པ་ཞེས་བྱ་བ་ལ། སོ་སོའི་སྐྱེ་བོ་རྣམས་ནི། ཉོན་མོངས་པའི་དབང་དུ་གྱུར་པས། འཕགས་པ་མ་ཡིན་པ་ཞེས་བྱའོ། །བདེན་པ ་ནི་ཕྱིན་ཅི་མ་ལོག་པ་འམ། མ་ནོར་པ་འམ། ཡང་དག་པའི་དོན་ཏེ། འཕགས་པར་འགྱུར་བའི་བདེན་པ་ནི་འཕགས་པའི་བདེན་པའོ། །ཡང་ན་འཕགས་པ་རྣམས་ཀྱིས་བཤད་པའི་བདེན་པ་ནི་འཕགས་པའི་བདེན་པའོ། །འོ་ན ་སོ་སོའི་སྐྱེ་བོ་རྣམས་ཀྱིས་བཤད་པ། འཕགས་པའི་བདེན་པར་མི་འགྱུར་རམ་ཞེ་ན། ལན་དུ་དེ་དག་ཐམས་ཅད་ཀྱང་འཕགས་པ་དེ་བཞིན་གཤེགས་པ་ལ་སོགས་པའི་བྱིན་གྱི་རླབས་ཀྱིས་འཆད་པ་དང། འཕགས་པར་འགྱུར་བའི་རྒྱུ་སྟོན ་པས་ན་འཕགས་པའི་བདེན་པ་ཞེས་བྱའོ། །ཡང་ན་འདི་དག་འཕགས་པ་རྣམས་ལ་བདེན་པས་ན། འཕགས་པའི་བདེན་པ་ཞེས་བྱའོ། །བརྒལ་པ། སོ་སོའི་སྐྱེ་བོ་རྣམས་ལ་འདི་དག་བརྫུན་པ་ཡིན་ནམ་ཞེ་ན། སྨྲས་པ་འདི་དག་འཕགས ་པ་ཡང་རུང། བྱིས་པ་ཡང་རུང་སྟེ། ཐམས་ཅད་ལ་སྡུག་བསྔལ་བ་ལ་སོགས་པའི་མཚན་ཉིད་དུ་ཕྱིན་ཅི་མ་ལོག་པས། ཀུན་ལ་ཡང་འཕགས་པའི་བདེན་པ་ཞེས་བྱའོ། །དེ་སྟེ་ཀུན་ལ་ཡང་བདེན་ན། ཅིའི་ཕྱིར། འཕགས་པ་རྣམས་ཀྱི་བདེན ་པ་ཞེས་བརྗོད་ཅེ་ན། སྨྲས་པ་འཕགས་པ་རྣམས་ཀྱིས་སྡུག་བསྔལ་ལ་སོགས་པ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་གཟིགས་ཀྱི། སོ་སོའི་སྐྱེ་བོ་རྣམས་ཀྱིས་ནི། ཡང་དག་པར་ཇི་ལྟ་བ་བཞིན་དུ་མི་མཐོང་བས། འཕགས་པ་རྣམས་ལ་བདེན་པ ་ཞེས་བྱའོ། །དེ་བས་ན་མདོ་དག་ལས་བཤད་པ། འཕགས་པ་བདེ་བར་གང་གསུངས་པ། སྡུག་ཅིང་བསྔལ་བར་གཞན་གྱིས་རིག་།གཞན་གྱིས་བདེ་བར་གང་སྨྲས་པ། སྡུག་ཅིང་བསྔལ་བར་འཕགས་པས་རིགས། ཅེས་གསུངས་པ་ལྟ་བུའོ། །ཡང ་སྤུ་ལི་ཉག་མ་ཇི་ལྟར་ལག་པའི་མཐིལ་འདུག་མི་ཚོང་མི། དེ་ཉིད་མིག་ཏུ་སོང་བར་གྱུར་ན་མི་དགའ་གནོད་པ་སྐྱེ། ལག་པའི་མཐིལ་འདྲ་བྱིས་པས་འདུ་བྱེད་སྡུག་བསྔལ་ཉག་མི་ཚོར། མིག་དང་མཚུངས་པའི་མཁས་པ་དེ་ཉིད་ཀྱིས་ན་ཡིད ་འབྱུང་ཟབ་ཅེས་གསུངས་ཏེ། དེ་ལྟར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་སོགས་པ་སྡུག་བསྔལ་བ་ཡིན་པར་འཕགས་པ་རྣམས་ཀྱིས་གཟིགས་ཀྱི། སོ་སོའི་སྐྱེ་བོ་རྣམས་ཀྱིས་ནི་དེ་ལྟར་མི་མཐོང་ངོ། །འོ་ན་ཅིའི་ཕྱིར་འཕགས་པའི་བདེན་པ་བཞི་ཁོ་ནར་ངེས་ཤེ ་ན། ལྟ་བ་ཕྱིན་ཅི་ལོག་བཞི་ཡོད་པའི་ཕྱིར། དེའི་གཉེན་པོར་བདེན་པ་ཡང་བཞི་ཁོ་ནར་བཤད་དེ། །ལྟ་བ་ཕྱིན་ཅི་ལོག་བཞི་ནི། འཇིག་ཚོགས་སུ་ལྟ་བུ་དང། ཆད་པར་ལྟ་བ་དང། ཐེར་ཟུག་དུ་ལྟ་བ་དང། བྱ་བ་མེད་པར་ལྟ་བའོ། །དེ་ལ་ཕུང་པོ་ལྔ་རྣམས་ལ ་བདག་ཏུ་ལྟ་བ་སྟེ། འཇིག་ཚོགས་སུ་ལྟ་བའི་གཉེན་པོར་སྡུག་བསྔལ་གྱི་བདེན་པ་ཞེས་བཤད་དེ། འདིར་ཕུང་པོ་ཞིག་ནས། ཚེ་རབས་གཞན་དུ་སྐྱེ་བར་མི་འགྱུར་རོ་ཞེས་ཆད་པར་ལྟ་བའི་གཉེན་པོར། ཀུན་འབྱུང་གི་བདེན་པ་བཤད་དེ། ཇི་སྲིད་དུ་ལས་དང ་ཉོན་མོངས་པ་ཡོད་ཀྱི་བར་དུ། ཕུང་པོའི་རྒྱུན་མི་འཆད་པར་སྟོན་པའོ། །ཕུང་པོ་ལྔ་རྟག་པར་ཐེར་ཟུག་དུ་གནས་སོ་ཞེས་ལྟ་བའི་གཉེན་པོར་འགོག་པའི་བདེན་པ་བཤད་དོ། །ལས་དང་ཉོན་མོངས་པ་སྤངས་ནས་ཕུང་པོ་སྐྱེ་བ་རྒྱུན་ཡང་ཆད་པས། ཐེར ་ཟུག་མ་ཡིན་ནོ་ཞེས་བྱ་བར་བསྟན་ཏོ། །དགེ་བ་གཞན་གྱིས་བྱས་ཀྱང། འབྲས་བུ་གཞན་གྱིས་མྱོང་བར་འགྱུར་རོ་ཞེས་མ་བྱས་པར། ལྟ་བའི་གཉེན་པོར་ལམ་གྱི་བདེན་པ་བཤད་དེ། གང་གིས་ལམ་བསྒོམས་པ་དེ་ཉིད་རྣམ་པར་ཐར་པར་འགྱུར་གྱི། ་གཞན་གྱིས་ལམ་བསྒོམ་ལ། གཞན་ཐར་པར་ནི་མི་འགྱུར་ཏེ། གལ་ཏེ་དེ་ལྟར་འགྱུར་ན་ནི། ལྷས་བྱིན་གྱིས་ལས་བྱས་པ་རྣམས་ཀྱི་འབྲས་བུ་མཆོད་སྦྱིན་གྱིས་མྱང་བའི་སྐྱོན་དུ་འགྱུར་རོ། །ཡང་ན་ཕྱིན་ཅི་ལོག་ཏུ་ཁོང་དུ་ཆུད་པ་རྣམ་པ་བཞིའི་གཉེན ་པོར། བདེན་པ་བཞི་ཁོ་ནར་བཤད་དེ། ཕྱིན་ཅི་ལོག་རྣམ་པ་བཞི་ནི་འབྲས་བུ་ཕྱིན་ཅི་ལོག་ཏུ་ཁོང་དུ་ཆུད་པ་དང། རྒྱུ་ཕྱིན་ཅི་ལོག་ཏུ་ཁོང་དུ་ཆུད་པ་དང། ཐར་པ་ཕྱིན་ཅི་ལོག་ཏུ་ཁོང་དུ་ཆུད་བ་དང། དེའི་ཐབས་ཕྱིན་ཅི་ལོག་ཏུ་ཁོང་དུ་ཆུད་པའོ། །དེ་ལ་འབྲས་བུ་ཕྱིན ་ཅི་ལོག་ཏུ་ཁོང་དུ་ཆུད་པ་ཞེས་བྱ་བ་ནི། སྲེད་པ་དང་ང་རྒྱལ་དང། ལས་ཀྱི་འབྲས་བུར་གྱུར་པའི་ཕུང་པོ་དང། ཁམས་དང་སྐྱེ་མཆེད་རྣམས་མི་གཙང་བའི་སྣོད་ལྟར། མི་གཙང་བ་རྣམ་པ་སྣ་ཚོགས་ཀྱི་རང་བཞིན་ཅན། སྡུག་བསྔལ་གྱི ་སྡུག་བསྔལ་དང། འགྱུར་པའི་སྡུག་བསྔལ་དང། འདུ་བྱེད་ཀྱི་སྡུག་བསྔལ་གྱིས་མེས་རྟག་ཏུ་བསྲེགས་པ། མི་རྟགས་པའི་རྡོ?་རྗེས?་རྒྱུན་དུ་བཅོམ་པ། བདག་དང་བདག་གི་དང་བྱེད་པ་པོ་དང། ཚོར་བ་པོ་ལ་སོགས་པ་ལ། བྲལ་བ་ལ། གཅང་བ་དང ་བདེ་བ་དང་རྟག་པ་དང་བདག་ཏུ་འཛིན་པ་སྟེ། དེ་བཟློག་པར་བྱ་བའི་ཕྱིར། སྡུག་བསྔལ་འཕགས་པའི་བདེན་པ་གསུངས་སོ། །རྒྱུ་ཕྱིན་ཅི་ལོག་ཏུ་ཁོང་དུ་ཆུད་པ་ཞེས་བྱ་བ་ནི། ཕྱི་དང་ནང་གི་དངོས་པོ་འདི་དག་ཐམས་ཅད་ཚངས་པ་དང། དབང་ཕྱུག་དང། ་སྐྱེས་བུ་དང། རང་བཞིན་དང། དུས་དང་རྒྱུ་མེད་པ་ལ་སོགས་པ་ལས་སྐྱེའོ་ཞེས་མི་མཐུན་པའི་རྒྱུ་དང་རྒྱུ་མེད་པར་སྨྲ་བ་བཟློག་པར་བྱ་བའི་ཕྱིར། ཀུན་འབྱུང་གི་བདེན་པ་གསུངས་སོ། །ཐར་པ་ཕྱིན་ཅི་ལོག་ཏུ་ཁོང་དུ་ཆུད་པ་ཞེས་བྱ་བ་ནི། ་གཏོགས་འདོད་ཀྱི་ལུགས་དང་བདག་དང། རྡུལ་དང་མུན་པ་དང། སེམས་ཅན་གསུམ་ཆ་མཉམ་ན་གཙོ་བོ་ཞེས་བྱ་བ་མཐོང་བར་གྱུར་པ་འམ། དབང་ཕྱུག་ཆེན་པོ་མཉེས་པར་བྱས་ན། ཐར་པ་དང་མཐོ་རིས་འཐོབ་པོ་ཞེས་སྨྲ་བ་སྟེ། དེ ་བཟློག་པར་བྱ་བའི་ཕྱིར་འགོག་པའི་བདེན་པ་གསུངས་སོ། །དེའི་ཐབས་ཕྱིན་ཅི་ལོག་ཏུ་ཁོང་དུ་ཆུད་པ་ཞེས་བྱ་བ་ནི་གང་དག་མེ་ཏོག་དང་འབྲས་བུ་དང། རྩ་བ་དང་སྡོང་བུ་ལ་སོགས་པ་ཁ་ཟས་རྩུབ་མོ་ཟ་ཞིང། རྩཝ་དང་འདབ་མ་དང། ཤིང ་ལེབ་དང་ཚེར་མ་དང་ཐལ་བ་ལ་སོགས་པར་ཉལ་བར་གནས་བཅས་པས་ཐར་པར་འགྱུར་རོ་ཞེས་སྨྲ་བ་དང། མེ་ལྔའི་དགའ་ཐུབ་དང། ཟས་བཅད་པ་དང། བྲག་ཁ་ནས་མཆོད་པ་ལ་སོགས་པས་ཐར་པར་འགྱུར་རོ་ཞེས་སྨྲ་བ་སྟེ། དེ་བཟློག་པར ་བྱ་བའི་ཕྱིར། ལམ་གྱི་བདེན་པ་བཤད་དོ། །ཡང་ན་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའི་འབྲས་བུ་དང། རྒྱུ་ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིར་འཕགས་པའི་བདེན་པ་བཞི་ཁོ་ནར་བཤད་དེ། ཀུན་ནས་ཉོན་མོངས་པའི་འབྲས་བུ་ཕྱིན་ཅི་མ་ལོག་པར་བསྟོན་པ ་ནི་སྡུག་བསྔལ་གྱི་བདེན་པ་སྟེ། དེ་ནི་ཇི་སྙེད་དུ་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་འབྲས་བུ་ནི་སྡུག་བསྔལ་ཡིན་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་རྒྱུ་ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིར། ཀུན་འབྱུང་གི་བདེན་པ་བཤད་དེ། ལས་དང་ཉོན་མོངས ་པ་ནི་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །རྣམ་པར་བྱང་བའི་ཆོས་རྣམས་ཀྱི་འབྲས་བུ་ཕྱིན་ཅི་མ་ལོག་པར་བསྟན་པར་བྱ་བའི་ཕྱིར། འགོག་པའི་བདེན་པ་བཤད་དེ། མྱ་ངན་འདས་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་འབྲས་བུ་ཡིན་པའི་ ་ཕྱིར་རོ། །རྣམ་པར་བྱང་བའི་ཆོས་རྣམས་ཀྱི་རྒྱུ་ཕྱིན་ཅི་མ་ལོག་པར་བསྟན་པར་བྱ་བའི་ཕྱིར། ལམ་གྱི་བདེན་པ་བཤད་དེ། འཕགས་པའི་ལམ་ཡན་ལག་བརྒྱད་ནི་མྱ་ངན་ལས་འདས་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཡང་ན་མངོན་པའི་ཆོས་ལས་འཁོར་བ་ལ་ཉེས་པ་དང ་བཅས་པར་མཐོང་བ་དང། མྱ་ངན་ལས་འདས་པ་ལ་རྗེས་སུ་བསྔགས་པ་དང་བཅས་པར་མཐོང་བ་རྣམས། འཁོར་བ་ལས་ཡང་དག་པར་འབྱུང་བར་བྱ་བའི་ཕྱིར་བརྩོན་འགྲུས་བརྩོམ་མོ་ཞེས་བཤད་དེ། དེ་ལ་འཁོར་བ་ལ་ཉེས་པ་དང་བཅས་པ་མཐོང་བ་འགྲུབ་པར་བྱེད ་པ་ནི། སྡུག་བསྔལ་གྱི་བདེན་པ་མཐོང་བ་སྟེ། ཁམས་གསུམ་པ་རྣམས་སྡུག་བསྔལ་རྣམ་པ་བརྒྱད་དང་ལྡན་པར་མཐོང་ན་འཁོར་བའི་ཆོས་རྣམས་ལ་ཉེས་པ་དང་བཅས་པར་བལྟའོ། །འཁོར་བའི་ཉེས་པ་རྣམས་སྐྱེད་པར་བྱེད་པའི་རྒྱུ་ནི། སྲིད་པའི་མཚན ་ཉིད་ཀུན་འབྱུང་སྟེ། སྲིད་པའི་དབང་གིས་འཁོར་བའི་སྡུག་བསྔལ་རྣམས་སྐྱེ་བའི་ཕྱིར་རོ། །མྱ་ངན་ལས་འདས་པའི་རྗེས་སུ་བསྔགས་པ་དང་བཅས་པར་མཐོང་བ་འགྲུབ་པར་བྱེད་པ་ནི། འགོག་པའི་བདེན་པ་མཐོང་བ་སྟེ། འགོག་པ་ལ་ཞི་བ་དང། གྱ་ནོམ་པ་ལ་སོགས ་པར་མཐོང་ནས་མྱ་ངན་ལས་འདས་པ་ལ་ཡོན་ཏན་དུ་ལྟའོ། །མྱ་ངན་ལས་འདས་པ་དེ་ཐོབ་པར་བྱེད་པའི་རྒྱུ་ནི་ལམ་གྱི་བདེན་པ་སྟེ། ལམ་བསྒོམ་པའི་མཐུས་མྱ་ངན་ལས་འདས་པ་མངོན་དུ་འགྱུར་པས་སོ། །ཡང་ན་འཇིག་རྟེན་དང། འཇིག ་རྟེན་ལས་འདས་པའི་འབྲས་བུ་དང། རྒྱུ་རྣམ་པར་བཞིག་པའི་ཕྱིར་བདེན་པ་བཞི་ཉིད་དུ་བཤད་དོ། །དེ་ལ་འཇིག་རྟེན་པའི་ཆོས་ཀྱི་འབྲས་བུ་ནི། སྡུག་བསྔལ་གྱི་བདེན་པའོ། །དེའི་རྒྱུ་ནི་ཀུན་འབྱུང་གི་བདེན་པའོ། །འཇིག་རྟེན་ལས་འདས་པའི་ཆོས་ཀྱི་འབྲས་བུ་ནི། ་འགོག་པའི་བདེན་པའོ། །དེའི་རྒྱུ་ནི་ལམ་གྱི་བདེན་པའོ། །ཡང་ན་མངོན་པར་ཆུད་པའི་དབང་དུ་བྱས་ན་ཡང། མདོ་ལས་བདེན་པ་བཞི་ཁོ་ནར་བཤད་དེ། ཇི་ལྟ་ཞེ་ན། ཕུང་པོ་རྣམས་ལ་མི་རྟགས་པ་ལ་སོགས་པར་ཡང་དག་པར་རེག་པས་རེག་པར་བྱེད་པ་ནི། སྲེད ་པ་མ་སྐྱེས་པ་རྣམས་ནི་མི་བསྐྱེད་ལ། སྐྱེད་པ་རྣམས་ནི་སྤོང་ངོ་ཞེས་གསུངས་པ་ལ་ཕུང་པོ་ནི་སྡུག་བསྔལ་གྱི་བདེན་པའོ། །སྲེད་པ་ནི་ཀུན་འབྱུང་གི་བདེན་པའོ། །མ་སྐྱེས་པ་ནི་མི་བསྐྱེད་པ་དང། སྐྱེས་པ་སྤོང་བ་ནི་འགོག་པའི་བདེན་པའོ། །མི་རྟག་པ་ལ་སོགས་པར ་ཡང་དག་པར་རིག་པར་བྱེད་པ་ནི་ལམ་གྱི་བདེན་པའོ། །ཡང་ན་ཀུན་ནས་སྦྱོར་བར་བྱེད་པའི་ཆོས་རྣམས་ལ། ཉེས་པ་དང་བཅས་པར་རྗེས་སུ་ལྟ་བ་རྣམས་སྲེད་པ་མ་ལུས་པར་འགོག་གོ་ཞེས་གསུངས་ཏེ། དེ་ལ་ཉོན་མོངས་པའི་ཚོགས་ཀུན་ནས་སྦྱོར་བའི ་ཆོས་རྣམས་ནི་སྡུག་བསྔལ་གྱི་བདེན་པའོ། །སྲེད་པ་ནི་ཀུན་འབྱུང་གི་བདེན་པའོ། །སྲེད་པ་མ་ལུས་པར་འགགས་པ་ནི། འགོག་པའི་བདེན་པའོ། །ཉེས་པ་དང་བཅས་པར་རྗེས་སུ་ལྟ་བ་ནི་ལམ་གྱི་བདེན་པའོ། །ཡང་ན་ཤེས་པར་བྱ་བ་དང། སྤང་བར་བྱ་བ་དང ་མངོན་དུ་བྱ་བ་དང། བསྒོམ་པར་བྱ་བའི་ཆོས་རྣམས་བསྟན་པར་བྱ་བའི་ཕྱིར། བདེན་པ་བཞི་ཉིད་དུ་བཤད་དོ། །དེ་ལ་སྡུག་བསྔལ་གྱི་བདེན་པ་ནི་ཤེས་པར་བྱ་བའོ། །ཀུན་འབྱུང་གི་བདེན་པ་ནི་སྤང་བར་བྱ་བའོ། །འགོག་པའི་བདེན་པ་ནི་མངོན་དུ་བྱ་བའོ། །ལམ་གྱི ་བདེན་པ་ནི་བསྒོམ་པར་བྱ་བའོ། །ཡང་ན་ཉེ་བར་ལེན་པའི་ཕུང་པོའི་རང་བཞིན་མངོན་པར་ཤེས་པ་དང། ཀུན་ཏུ་ཤེས་པ་ན་ཆགས་པ་གཏོང་པར་བྱེད་དེ་ཞེས་གསུངས་ཏེ། དེ་ལ་ཉེ་བར་ལེན་པའི་ཕུང་པོ་ནི་སྡུག་བསྔལ་གྱི་བདེན་པའོ། །ཆགས་པ་ནི་ཀུན་འབྱུང་གི་བདེན་པའོ ་ཆགས་པ་གཏོང་པ་ནི་འགོག་པའི་བདེན་པའོ། །མངོན་པར་ཤེས་པ་མཐོང་བ་ནི་ལམ་གྱིས་ཕུང་པོ་མི་རྟག་པ་ལ་སོགས་པ་ཤེས་པའོ། །ཀུན་ཏུ་ཤེས་པ་ནི་བསྒོམ་པའི་ལམ་གྱིས་མི་རྟག་པ་ལ་སོགས་པར་ཤེས་པ་སྟེ། དེ་ནི་ལམ་གྱི་བདེན་པའོ། །འོ་ན་ཅིའི་ཕྱིར། ་འཕགས་པའི་བདེན་པ་འདི་རྣམས་དང་པོར་སྡུག་བསྔལ་འཕགས་པའི་བདེན་པ་བཤད་ལ། དེའི་འོག་ཏུ་ཀུན་འབྱུང་གི་བདེན་པ། དེ་ནས་འགོག་པའི་བདེན་པ། །དེ་ནས་ལམ་སྟེ། རིམ་པ་འདི་ལྟར་ཅིའི་ཕྱིར་བཀོད་ཅེ་ན། ལན་དུ་སྒོམ་བ་དང་རགས་པའི་རིམ་པས་རིམ་པར ་བཀོད་དེ། ཕུང་པོ་ལྔ་ནི་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱི་གནས་སུ་གྱུར་པར། ཀུན་ལ་ཡང་མངོན་སུམ་སྟེ། གསལ་བས་ན་དང་པོར་སྡུག་བསྔལ་གྱི་བདེན་པ་བཤད་དོ། །དེ་ལྟར་སྡུག་བསྔལ་བར་མཐོང་ན། དེ་ནས་དེའི་རྒྱུ་གང་ཞེས་རྟོགས་པས་ན། དེའི་འོག་ཏུ་ཀུན ་འབྱུང་གི་བདེན་པའོ། །དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་དེ་གང་དུ་འགག་པར་འགྱུར་ཞེས་རྟོག་པ་ལ་མྱ་ངན་ལས་འདས་ན། སྡུག་བསྔལ་འགག་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། དེའི་འོག་ཏུ་འགོག་པའི་བདེན་པའོ། །འགོག་པ་དེ་ཇི་ལྟར་ཐོབ་པར ་འགྱུར་ཞེས་རྟོག་པ་བསལ་བའི་ཕྱིར། །དེའི་འོག་ཏུ་ལམ་གྱི་བདེན་པ་བཤད་དོ། །ཡང་ན་འཁོར་བ་ཐོག་མ་མེད་པ་ནས། སྐྱེ་བ་དང་རྒ་བ་ལ་སོགས་པ་དོན་མེད་པའི་ཚོགས་ནི་སྡུག་བསྔལ་གྱི་བདེན་པའོ། །དོན་མེད་པའི་ཚོགས་ཀྱི་རྩ་བ་ནི་ཀུན་འབྱུང་གི་བདེན ་པའོ། །དོན་མེད་པའི་ཚོགས་བཅོམ་པ་ནི། འགོག་པའི་བདེན་པའོ། །དོན་མེད་པའི་ཚོགས་ཀྱི་རྩ་བ་འཇོམས་པ་ནི། ལམ་གྱི་བདེན་པའོ། །ཡང་ན་ཕུར་ལྔ་བུ་ནི་སྡུག་བསྔལ་གྱི་བདེན་པའོ། །ཁུར་ལེན་པ་ནི་ཀུན་འབྱུང་གི་བདེན་པའོ། །ཁུར་པོར་བ་ནི་འགོག་པའི ་བདེན་པའོ། །ཁུར་ལེན་པ་བོར་བ་ནི་ལམ་གྱི་བདེན་པའོ། །ཡང་ན་ཀུན་ཏུ་སྦྱོར་བར་བྱེད་པའི་ཆོས་ཕུང་པོ་རྣམས་ནི་སྡུག་བསྔལ་གྱི་བདེན་པའོ། །འདོད་ཆགས་ལ་སོགས་པ་ཀུན་ཏུ་སྦྱོར་བར་བྱེད་པ་ནི། ཀུན་འབྱུང་གི་བདེན ་པའོ། །ཀུན་ཏུ་སྦྱོར་བ་ཟད་པར་བྱེད་པ་ནི་འགོག་པའི་བདེན་པའོ། །ཕུང་པོ་ལ་ཉེས་དམིགས་སུ་མཐོང་བ་ནི་ལམ་གྱི་བདེན་པའོ། །ཡང་ན་འགྲོ་བ་ལྔ་རྣམས་ནི་སྡུག་བསྔལ་གྱི་བདེན་པའོ། །ལས་དང་ཉོན་མོངས་པ་ནི་ཀུན་འབྱུང་གི ་བདེན་པའོ། །འགྲོ་བ་མེད་པ་ནི་འགོག་པའི་བདེན་པའོ། །འགྲོ་བའི་རྒྱུ་ལས་དང་ཉོན་མོངས་པ་འཇོམས་པ་ནི་ལམ་གྱི་བདེན་པའོ། །ཡང་ན་འབྲོག་དགོན་པར་ཞུགས་པ་བཞིན་དུ་འཁོར་བའི་འབྲོག་དགོན་པ་ན་ངན་སོང་གསུམ་ལ་སོགས་པའི ་འཇིག་པ་ནི་སྡུག་བསྔལ་གྱི་བདེན་པའོ། །འཇིགས་པ་སྣ་ཚོགས་ཀྱི་རྒྱུ་བདག་གི་ལུས་ལ་ཆགས་པ་ནི་ཀུན་འབྱུང་གི་བདེན་པའོ། །འཇིགས་པ་མེད་པའི་གྲོང་ཁྱེར་མྱ་ངན་ལས་འདས་པ་ནི་འགོག་པའི་བདེན་པའོ། །མྱ་ངན་ལས་འདས ་པའི་གྲོང་ཁྱེར་དུ་ཕྱིན་པར་བྱེད་པའི་རྒྱུ་ནི་ལམ་གྱི་བདེན་པའོ། །ཡང་ན་འབྲས་བུའི་ཆོས་ཐམས་ཅད་ནི། སྡུག་བསྔལ་གྱི་བདེན་པའོ། །རྒྱུའི་ཆོས་ཐམས་ཅད་ནི་ཀུན་འབྱུང་གི་བདེན་པའོ། །འབྲས་བུའི་ཆོས་བཅོམ་པ་ནི་འགོག་པའི་བདེན་པའོ།། ་རྒྱུའི་ཆོས་འཇོམས་པར་བྱེད་པ་ནི་ལམ་གྱི་བདེན་པའོ། །ཡོད་ན་མྱུ་གུ་ལྟ་བུ་ནི་སྡུག་བསྔལ་གྱི་བདེན་པའོ། །ས་བོན་ལྟ་བུ་ནི་ཀུན་འབྱུང་གི་བདེན་པའོ། །མྱུ་གུའི་ཆོས་དང་བྲལ་བའི་གནས་ནི་འགོགས་པའི་བདེན་པའོ། །ས་བོན་གྱི་ཆོས་འཇིག ་པར་བྱེད་པ་ནི་ལམ་གྱི་བདེན་པའོ། །སང་ན་ནད་ལྟ་བུ་ནི་སྡུག་བསྔལ་གྱི་བདེན་པའོ། །བད་ཀན་དང་མཁྲིས་པ་ལ་སོགས་པ་ནད་ཀྱི་རྒྱུ་ལྟ་བུ་ནི་ཀུན་འབྱུང་གི་བདེན་པའོ། །ནད་མེད་པ་ལྟ་བུ་ནི་འགོག་པའི་བདེན་པའོ། །སྨན་ལྟ་བུ་ནི་ལམ་གྱི་ ་བདེན་པའོ། །ཡང་ན་མེ་བཞིན་དུ་སྡུག་བསྔལ་གྱི་གདུང་བ་སྣ་ཚོགས་དང་ལྡན་པ་ནི་སྡུག་བསྔལ་གྱི་བདེན་པའོ། །མེ་སྐྱེད་པའི་རྒྱུ་ཤིང་ལྟ་བུ་ནི་ཀུན་འབྱུང་གི་བདེན་པའོ། །མེ་ཞི་བར་གྱུར་པ་ལྟ་བུ་ནི་འགོག་པའི་བདེན་པའོ། །མེ་ཞི་བར་བྱེད་པའི་རྒྱུ་ཆུ་ལྟ་བུ ་ནི་ལམ་གྱི་བདེན་པའོ། །ཡང་ན་སྡུག་བསྔལ་གྱི་བདེན་པ་ནི་འདིས་དགྲ་བཞིན་དུ་སྡུག་བསྔལ་རྣམ་པ་སྣ་ཚོགས་སྐྱེད་པར་བྱེད་པས་དགྲ་ལྟ་བུ་ནི་སྡུག་བསྔལ་གྱི་བདེན་པའོ། །སྔོན་གྱི་ཁོ་ན་ལྟ་བུར་གྱུར་པ་ནི་ཀུན་འབྱུང་གི་བདེན་པའོ། །ཁམས་གསུམ་གྱི ་གནོད་པ་ཀུན་བྲལ་བས། །དགྲའི་གནོད་པ་དང་བྲལ་བ་ལྟ་བུ་ནི་འགོག་པའི་བདེན་པའོ། །ཁོ་ན་སྦྱངས་པ་ལྟ་བུ་ནི་ལམ་གྱི་བདེན་པའོ། །ཡང་ན་ཉེས་པ་ཀུན་གྱི་གཞིར་གྱུར་པས་རས་ལྟ་བུ་ནི་སྡུག་བསྔལ་གྱི་བདེན་པའོ། དྲི་མ་ལྟ་བུ་ནི་ཀུན་འབྱུང་གི་བདེན་པའོ ་དྲི་མ་དག་པར་གྱུར་པ་ལྟ་བུ་ན་འགོག་པའི་བདེན་པའོ། །དྲི་མ་དག་པར་བྱེད་པའི་རྒྱུ་ཆུ་དང་ཁྲུས་རྩི་ལྟ་བུ་ནི་ལམ་གྱི་བདེན་པའོ། །ཡང་ན་བུ་ལོན་ཆགས་པའི་སྡུག་བསྔལ་དང་ལྡན་པ་ལྟ་བུ་ནི་སྡུག་བསྔལ་གྱི་བདེན་པའོ། །དབུལ་བ་ལྟ་བུ་ནི་ཀུན་འབྱུང་གི ་བདེན་པའོ། །བུ་ལོན་སྦྱངས་པ་ལྟ་བུ་ནི་འགོག་པའི་བདེན་པའོ། །གཏེར་རྙེད་པ་ལྟ་བུ་ནི་ལམ་གྱི་བདེན་པའོ། །ཡང་ན་ཚ་བའི་གདུང་བས་ཕོངས་པ་ལྟ་བུ་ནི་སྡུག་བསྔལ་གྱི་བདེན་པའོ། །ཚ་བའི་གདུང་བ་སྐྱེད་པར་བྱེད་པའི་རྒྱུ་མེ་ལྟ་བུ་ནི་ཀུན་འབྱུང་གི་བདེན་པའོ ་གདུང་བ་དང་བྲལ་བ་ལྟ་བུ་ནི་འགོག་པའི་བདེན་པའོ། །གདུང་བ་སེལ་བར་བྱེད་པའི་སྨན་ཙན་དན་དང་ག་བུར་ལ་སོགས་པར་ལྟ་བུ་ནི་ལམ་གྱི་བདེན་པའོ། །ཡང་ན་དུག་ཟོས་པའི་སྐྱེས་བུ་དུག་གཡོས་པའི་སྡུག་བསྔལ་མྱོང་བ་ལྟ་བུ་ནི་སྡུག་བསྔལ ་གྱི་བདེན་པའོ། །དུག་ལྟ་བུ་ནི་ཀུན་འབྱུང་གི་བདེན་པའོ། །དུག་བཅོམ་པ་ལྟ་བུ་ནི་འགོག་པའི་བདེན་པའོ། །དུག་སྨན་ལྟ་བུ་ནི་ལམ་གྱི་བདེན་པའོ། །ཡང་ན་སྡུག་བསྔལ་རྣམ་པ་གཉིས་ཏེ། མི་མཛའ་བ་དང་ཕྲད་པ་དང། མཛའ་བ་དང་བྲལ་བའོ། །དེས་ཀྱང་གནས ་གཉིས་ལ་གནོད་པར་བྱེད་དེ། ལུས་ཀྱི་གནས་དང་སེམས་ཀྱི་གནས་སོ། །ཀུན་འབྱུང་གི་བདེན་པ་ཡང་རྣམ་པ་གསུམ་སྟེ། སྲེད་པ་དང་ལྟ་བ་དང་ལས་སོ། །དེ་ལ་སྲེད་པ་དང་ལྟ་བས་ནི་ཁམས་གསུམ་དུ་སྐྱེ་བའི་རྒྱུ་བྱེད་དོ། །ལས་དགེ་བ ་དང་མི་དགེ་བས་ནི་དེར་བདེ་བ་དང་སྡུག་བསྔལ་བར་འགྱུར་བའི་རྒྱུ་བྱེད་དོ། །འགོག་པ་ཡང་རྣམ་པ་གསུམ་སྟེ། ལྟ་བ་ལ་གནས་པ་རྣམས་ཀྱི་བདག་ཏུ་ལྟ་བ་ལ་སོགས་པའི་རྒྱུ་ལས་བྱུང་བ་ནི་ཉོན་མོངས་པ་སྤངས་པའི་འགོག་པ་དང། འདོད་པ་ལ ་གནས་པ་རྣམས་ཀྱི་འདོད་པའི་ཁམས་ཀྱི་འདོད་པའི་ཡོན་ཏན་ལྔ་ལ་ཆགས་པ་སྤངས་པའི་མཚན་ཉིད་ཀྱི་འགོག་པ་དང། སྲིད་པའི་འདོད་ཆགས་ལ་གནས་པ་རྣམས་ཀྱི་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཉོན་མོངས་པ་སྤངས་པའི ་མཚན་ཉིད་ཀྱི་འགོག་པའོ། །ལམ་རྣམ་པ་བཞི་སྟེ། སྦྱོར་བའི་ལམ་དང་མཐོང་བའི་ལམ་དང། བསྒོམ་པའི་ལམ་དང། བྱས་པ་རིག་པའི་ལམ་མོ། །དེ་ལ་སྦྱོར་བའི་ལམ་ནི། སོ་སོའི་སྐྱེ་བོའི་དུས་ན་ཚུལ་ཁྲིམས་ལ་གནས་པ་དང། ཡོ་བྱད་བསྙུངས ་པ་དང། ཁ་ཟས་ལ་ཚོད་རིག་པ་དང། ཉན་པ་དང། བསམ་པ་ལ་སོགས་པ་ལ་བརྩོན་པའི་ཆོ་གས་སྦྱོར་བ་དང། དྲོད་དང་རྩེ་མོ་དང། བཟོད་པ་དང། འཇིག་རྟེན་གྱི་ཆོས་ཀྱི་མཆོག་སྟེ། ངེས་པར་འབྱེད་པའི་ཆོས་བཞི་པོ་འདི་དག་ནི། ་སྦྱོར་བའི་ལམ་མོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པའི་དུས་ན་འཕགས་པའི་བདེན་པ་བཞི་ཕྱིན་ཅི་མ་ལོག་པར་མཐོང་བ་ནི་མཐོང་བའི་ལམ་མོ། །ལན་ཅིག་ཕྱིར་འོང་བ་དང། ཕྱིར་མི་འོང་བའི་འབྲས་བུའི་དུས་ན་བདེན་པ་མཐོང་བ་དེ་ཉིད་ལ་གོམས ་པར་བྱེད་པ་ནི། བསྒོམ་པའི་ལམ་མོ། །དགྲ་བཅོམ་པ་འབྲས་བུའི་དུས་ན་ངས་བྱ་བ་ནི་བྱས་ཁུར་ནི་བོར་སྐྱེ་བ་ཟད། སྲིད་པ་ནི་འདི་ལས་གཞན་མི་ཤེས་སོ་ཞེས་ཁོང་དུ་ཆུད་པ་ནི་བྱས་པ་རིག་པའི་ལམ་མོ། །ཡང་ན་འཕགས་པའི་བདེན་པར་མི་པ་འདི་ལྟར ་བཀོད་པ་ཡང་རྣལ་འབྱོར་པ་རྣམས་ཀྱིས་འཕགས་པའི་བདེན་པ་ཇི་ལྟར་རྟོགས་པའི་རིམ་པས་བཅོམ་ལྡན་འདས་ཀྱིས་ཀྱང་རིམ་པ་འདི་ལྟར་བཤད་དེ། །བདེན་པ་གང་ལ་དང་པོར་རྟོགས་པ་དེ་ཉིད་ཐོག་མར་བཤད་དོ། །དེ་ལ་རྣལ་འབྱོར་པས་དང་པོར་ལས་དང ་ཉོན་མོངས་པའི་འབྲས་བུར་གྱུར་པ་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱི་གཞི་སྡུག་བསྔལ་གྱི་བདེན་པ་ལ་རྟོག་སྟེ། རྟོག་པའི་ཚུལ་ཡང་སྡུག་བསྔལ་གང་ལ་ཆགས་པ་དང། གང་གིས་སྡུག་བསྔལ་བ་དང། སྡུག་བསྔལ་གང་ལས་ཐར་བར་སྨོན་པ་སྐྱེ་སྟེ། ་གང་སྡུག་བསྔལ་ཞེ་ན། ཕུང་པོ་ལྔ་སྡུག་བསྔལ་ལོ། །གང་མགིས་སྡུག་བསྔལ་ཞེ་ན། ཕུང་པོ་ལྔ་ཉིད་ཀྱིས་གནོད་ཅིང་སྡུག་བསྔལ་བའོ། །གང་ལས་ཐར་པར་འདོད་ཅེ་ན། སྡུག་བསྔལ་ཉིད་ལས་ཐར་པར་འདོད་དེ། དེའི་ཕྱིར་དང་པོ་སྡུག་བསྔལ་གྱི་བདེན ་པ་བཤད་དོ། །སྡུག་བསྔལ་དེ་གང་ལས་བྱུང་ཞེས་བརྟགས་ན། ལས་དང་ཉོན་མོངས་པའི་རྒྱུ་ལས་བྱུང་བར་མཐོང་སྟེ། དེ་བས་ན་དེའི་འོག་ཏུ་ཀུན་འབྱུང་གི་བདེན་པ་བཤད་དོ། །དེ་ལྟར་སྡུག་བསྔལ་དེ་གང་དུ་འགགས་པར་འགྱུར་ཞེས་བརྟགས་ན། ནམ ་མྱ་ངན་ལས་འདས་པའི་གནས་ཐོབ་པའི་ཚེ་འགགས་པར་མཐོང་སྟེ། དེ་བས་ན་དེའི་འོག་ཏུ་འགོག་པའི་བདེན་པ་བཤད་དོ། །དེ་བས་ན་འགོག་པ་དེ་རྒྱུ་གང་གིས་འཐོབ་ཅེས་བརྟགས་ན། འཕགས་པའི་ལམ་ཡན་ལག་བརྒྱད་བསྒྲུབས་པས་འཐོབ ་པར་མཐོང་སྟེ། དེ་བས་དེའི་འོག་དུ་ལམ་གྱི་བདེན་པ་གསུངས་སོ། །དེ་ཡང་དཔེར་ན་སྨན་པས་ནད་པའི་ནད་སྦྱོང་བ་ལ་ཞུགས་པ་ན། ནད་དང་ནད་ཀྱི་གླེང་གཞི་དང་ནད་མེད་པ་དང་སྨན་གང་ཡིན་ཚོལ་བ་དང་འདྲའོ། །སྨན་པ་དང་པོར་ནད་སྦྱོང་བར་ཞུགས ་པ་ན། ནད་ཉིད་གང་ཡིན་པ་ལ་རྟོག་གོ་།དེའི་འོག་ཏུ་ཁ་ཟས་ལ་སོགས་པ་ནད་ཀྱི་རྒྱུ་གང་ལས་བྱུང་བའི་ནད་ཀྱི་གཞི་ལ་རྟོག་གོ་།དེ་ནས་ནད་གསོར་རུང་མི་རུང་ཞེས་ནད་མེད་པ་ལ་རྟོག་གོ་།དེའི་འོག་ཏུ་ནད་དེའི་སྨན་གང་ཡིན་ཞེས་སྨན་ལ་རྟོག་གོ་།དེ་བཞིན་དུ་མདོ་ ་སྡེ་འདི་ལས་ཀྱང་བདེན་པ་རྣམས་ཀྱི་རིམ་པ་དེ་དང་སྦྱར་ནས་བཤད་དེ། ཇི་ལྟ་ཞེ་ན་དཔེར་ན་ཡན་ལག་བཞི་དང་ལྡན་པའི་སྨན་པ་ནི་ཟུག་རྔུ་ཐམས་ཅད་འབྱིན་པའི་རྒྱལ་པོ་ལ་འོས་པ། རྒྱལ་པོའི་རྐྱེན་དུ་གྱུར་པ། སྨན་པའི ་རྒྱལ་པོ་ཞེས་བྱ་བའི་གྲངས་སུ་འགྲོ་བ་སྟེ། ཡན་ལག་བཞི་གང་ཞེ་ན། གནོད་པ་ལ་མཁས་པ་ཡིན། གནོད་པའི་རྒྱུ་ལ་མཁས་པ་ཡིན། གནོད་པ་སྤོང་བ་ལ་མཁས་པ་ཡིན། གནོད་པ་སྤངས་པ་ཡང་ཕྱིས་མི་སྐྱེ་བ་ལ་མཁས་པ་ཡིན་ནོ། །དེ་ལྟར་དེ་བཞིན་དུ ་ཡན་ལག་བཞི་དང་ལྡན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སྨན་པ་བླ་ན་མེད་པ། ཟུག་རྔུ་ཐམས་ཅད་འབྱིན་པ་ཞེས་བྱ་སྟེ། ཡན་ལག་བཞི་པོ་གང་ཞེ་ན། འདི་ལ་དགེ་སློང་དག་དེ་བཞིན་གཤེགས ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ། འདི་ནི་སྡུག་བསྔལ་གྱི་བདེན་པའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། འདི་ནི་སྡུག་བསྔལ་ཀུན་འབྱུང་གི་བདེན་པའོ། །འདི་ནི་སྡུག་བསྔལ་འགོག་པའི་བདེན ་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་གྱི་བདེན་པ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་བདེན་པ་བཞི་མདོ་ཙམ་དུ་བསྟན་པ་ཉིད་རྒྱས་པར་བཤད་པར་བྱ་བའི་ཕྱིར། སྡུག་བསྔལ ་འཕགས་པའི་བདེན་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་སྨྲས་པ་ཅིའི་ཕྱིར་མདོ་ཙམ་དུ་བསྟན་ནས་རྒྱས་པར་བཤད་ཅེ་ན། སློབ་མ་རྣམ་པ་གཉིས་ཏེ། མདོ་ཙམ་དུ་བསྟན་པ་ལ་དགའ་བ་དང། རྒྱས་པར་བཤད་པ་ལ་དགའ་བའོ ་དེ་ལ་འཕགས་པ་ཤཱ་རིའི་སྲས་པོ་ལྟ་བུ་མདོ་ཙམ་དུ་བསྟན་པ་ལ་དགའ་བ་རྣམས་ཀྱི་ཆེད་དུ་འཕགས་པའི་བདེན་པ་བཞི་གང་ཞེ་ན་ཞེས་བྱ་བ་ནས། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་གྱི་འཕགས་པའི་བདེན་པའོ་ཞེས་བྱ་བའི་བར་དུ ་མདོར་བསྡུས་ནས། བཀའ་སྩལ་ཏོ། །གང་འཕགས་པ་དགའ་བ་ཅན་ལ་སོགས་པ་ལྟ་བུ་རྒྱས་པར་བཤད་པ་ལ་དགའ་བ་རྣམས་ཀྱི་དོན་དུ་སྡུག་བསྔལ་འཕགས་པའི་བདེན་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྤྲོས་ཏེ་གསུངས་སོ། །ཡང་ན་འདུལ ་བ་རྣམ་པ་གཉིས་ཏེ། རྒྱུའི་སྟོབས་ཅན་དང་རྐྱེན་གྱི་སྟོབས་ཅན་ནོ་དེ་ལ་རྒྱུའི་སྟོབས་ཅན་ནི་འཕགས་པ་འོད་སྲུངས་ལྟ་བུ་སྟེ། ཚེ་རབས་སྔ་མ་ལ་དགེ་བའི་རྩ་བ་ཕལ་ཆེར་བསགས་པ་རྒྱུད་ཡོངས་སུ་སྨིན་པར་གྱུར་པས་ཏེ། དེ་དག་ལ་མིང་ཙམ་སྨོས ་པས་ཀྱང་དོན་རྒྱ་ཆེར་ཁོང་དུ་ཆུད་པར་འགྱུར་པས་ན། དེའི་རྒྱུའི་སྟོབས་ཅན་རྣམས་ཀྱི་ཆེད་དུ་མདོ་ཙམ་བསྟན་ཏོ། །རྐྱེན་གྱི་སྟོབས་ཅན་ནི་དགེ་བའི་བཤེས་གཉེན་གྱིས་བསྟན་དགོས་པ་སྟེ། དེ་དག་ལ་རྒྱ་ཆེར་བཤད་པ་མེད་ན་ཁོང་དུ་ཆུད་པར་མི་ནུས་པའི་ཕྱིར ་སྤྲོས་ཏེ་བཤད་དོ། །ཡང་ན་དབང་པོ་རྣམ་པ་གཉིས་ཏེ། དབང་པོ་རྣམ་པོ་དང་རྟུལ་པ་འོ། །དེ་ལ་དབང་པོ་རྣོན་པོ་རྣམས་ཀྱི། དོན་དུ་མདོ་ཙམ་དུ་བསྟན་ཏོ། དབང་པོ་རྟུལ་པོ་རྣམས་ཀྱི་དོན་དུ་སྤྲོས་ཏེ་བཤད་དོ། །ཡང་ཉན་ཐོས་རྣམས་པ་གཉིས་ཏེ། ཐོས་པ་མང་པོ་དང་ཐོས ་པ་ཉུང་ངུའོ། ཐོས་པ་མང་པོ་རྣམས་ལ་ནི་མདོ་ཙམ་དུ་བསྟན་ཏོ། །ཐོས་པ་ཉུང་ངུ་རྣམས་ལ་ནི་སྤྲོས་ཏེ་བཤད་དོ། །རྟེན་དང་འབྲེལ་ཏེ་འབྱུང་བ་ལ་སོགས་པའི་དོན་བསྡུས་ཏེ་བསྟན་པ་དང། སྤྲོས་ཏེ་བཤད་པའི་སྐབས་སུ་ཡང་ལན་འདིས་བླན་ནོ། །སྡུག་བསྔལ ་འཕགས་པའི་བདེན་པ་ཞེས་བྱ་བ་ལ། སྡུག་བསྔལ་བར་འཕགས་པ་རྣམས་ཀྱི་ཐུགས་སུ་ཆུད་པས་སྡུག་བསྔལ་འཕགས་པའི་བདེན་པ་འམ། སྡུག་བསྔལ་འཁོར་བར་ཁོང་དུ་ཆུད་ན་འཕགས་པར་འགྱུར་བས་སྡུག་བསྔལ་འཕགས་པའི་བདེན་པ་སྟེ། བདེན ་པ་ནི་སྡུག་བསྔལ་བར་མི?་ནོར། སྡུག་བསྔལ་བར་ཡང་དག་པའི་ཕྱིར་སྡུག་བསྔལ་འཕགས་པའི་བདེན་པའོ། །དེ་ཡང་སྡུག་བསྔལ་སྐྱེ་བ་ལ་སོགས་པས་སྡུག་བསྔལ་བརྒྱད་ལས། སྐྱེ་བ་ཅིའི་ཕྱིར་དང་པོར་བཤད་ཅེ་ན། ཇི་ལྟར་ཚུལ་ཁྲིམས་ནི་འཇིག་རྟེན་དང ་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཀྱི་དང་པོ་སྐྱེ་བའི་གཞི་བྱེད་པ་བཞིན་དུ། སྐྱེ་བ་ཡང་རྒ་བ་དང་ན་བ་ལ་སོགས་པ་སྡུག་བསྔལ་ལྷག་མ་རྣམས་ཀྱི་དང་པོ་སྐྱེ་བའི་གཞི་བྱེད་པས་མ་ཐོག་མར་བཤད་དོ། ཡང་ན་སྡུག ་བསྔལ་རྣམ་པ་གཉིས་ཏེ། རྩ་བའི་སྡུག་བསྔལ་དང་ཡལ་ག་ལ་སོགས་པ་ལྟ་བུར་གྱུར་པའི་སྡུག་བསྔལ་ལོ། །དེ་ལ་རྩ་བའི་སྡུག་བསྔལ་ནི། སྐྱེ་བ་སྟེ་རྒ་བ་ལ་སོགས་པ་སྡུག་བསྔལ་ལྷག་མ་རྣམས་ཀྱི་རྩ་བར་གྱུར་པའི་ཕྱིར་རོ། །ཡལ་ག་ལ་སོགས་པ་ལྟ་བུར ་གྱུར་པའི་སྡུག་བསྔལ་ནི། རྒ་བའི་སྡུག་བསྔལ་ལ་སོགས་པ་ལྷག་མ་རྣམས་ཏེ། དེ་དག་ནི་སྐྱེ་བའི་རྒྱུ་ལས་བྱུང་བའི་ཕྱིར་རོ། །དེ་ལ་སྐྱེ་བ་གང་ཞེ་ན། གང་གོང་དུ་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་སྐབས་སུ་ཡང་སེམས་ཅན་དེ་དང་དེ་རྣམས། །སེམས་ཅན་གྱི་རིས་དེ་དང་དེ ་དག་དུ་སྐྱེ་བ་དང། ཀུན་སྐྱེ་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་སྐྱེ་བ་ཡིན་ནོ། །ཡང་ན་ལས་དགེ་བ་དང་མི་དགེ་བ་ལ་སོགས་པའི་ཁྱད་པར་སད་པ་ལ་སོགས་པའི་ཉོན་མོངས་པའི་བག་ཆགས་དང། འགྲོགས་པ་ཉིང་མཚམས་སྦྱོར་བའི་རྒྱུར་གྱུར་པའི་ཤུགས་ཀྱིས ་སེམས་ཅན་གྱི་རིས་དེ་དང་དེ་དག་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རབ་ཏུ་རྙེད་པ་ནི་སྐྱེ་བ་ཞེས་བྱའོ། །ཡང་ན་སྐྱེ་བ་རྣམས་པ་ལྔ་སྟེ། འཕགས་པའི་ཆོས་ཁོང་དུ་ཅུང་བ་ལས་སྐྱེས་པ་དང། མངལ་གྱི་གནས་སུ་སྐྱེས་པ་དང། རིགས་ཕུན་སུམ་ཚོགས་པར་སྐྱེས་པ་དང། རིས་མཐུན ་པའི་མཚན་ཉིད་དུ་སྐྱེས་པ་དང། རབ་ཏུ་བྱུང་བའི་མཚན་ཉིད་དུ་སྐྱེས་པའོ། །དེ་ལ་འཕགས་པའི་ཆོས་ཁོང་དུ་ཆུད་པ་ལས་སྐྱེས་པ་ནི། དེ་བཞིན་གཤེགས་པའི་གསུངས་རབ་ཀྱི་དོན་རྟོགས་པ་ལས། སངས་རྒྱས་ཀྱི་སྲས་སུ་སྐྱེས་པ་སྟེ། མདོ་ངག་ལས་ཐུགས་ལས་སྐྱེས་པ། ཞལ ་ནས་སྐྱེས་པ་འཕགས་པའི་ཆོས་འདུལ་བ་ལས་སྐྱེས་པའོ་ཞེས་གསུངས་པ་ལྟ་བུའོ། །མངལ་གྱི་གནས་སུ་སྐྱེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་དང་པོ་ཉིད་དུ་མངལ་དུ་ཞུགས་ནས། མངལ་ནས་ཕྱིར་མ་བྱུང་གི་བར། མེར་མེར་པོ་ལས་ནུར་ནུར་པོ་བྱུང་བ་དང། ནུར་ནུར་པོ ་ལས་ལྟར་ལྟར་པོ་གྱུར་པ་ལ་སོགས་པའོ། །རིགས་ཕུན་སུམ་ཚོགས་པར་སྐྱེས་པ་ནི། ནོར་བུ་རིན་པོ་ཆེའི་རིགས་ཨནྡྲི་ནཱི་ལར་གྱུར་པ་དང། ཨནྡྲི་ནཱི་ལ་ཆེན་པོར་གྱུར་ཞེས་བྱ་བ་ལྟ་བུའོ། །སེམས་ཅན་གྱི་རིས་མཐུན་པར་སྐྱེས་པ་ནི། གང་གི་ལུས་ཀྱི་ཡན་ལག་འདྲ་བར་གྱུར ་པ་སྟེ། བ་ལང་ཡང་བ་ལང་དུ་རིས་མཐུན། རྟ་ཡང་རྟར་རིགས་མཐུན་པར་གྱུར་པ་ལྟ་བུའོ། །རབ་ཏུ་བྱུང་བར་སྐྱེས་པ་ནི། མའི་མངལ་ནས་བྱུང་ནས་ཕུང་པོ་དང། ཁམས་དང་སྐྱེ་མཆེད་ལ་སོགས་པར་སོ་སོར་རྫོགས་པར་གྱུར་པ་སྟེ། སྐྱེ་བ་ལྔ་ལས་འདིར་མངལ་གྱི་གནས་སུ་སྐྱེས ་པ་དང། རབ་ཏུ་བྱུང་བར་བྱེད་པ་གཉིས་སུ་བལྟའོ། །ཅིའི་ཕྱིར་ན་སྐྱེ་བ་སྡུག་བསྔལ་བ་ཞེས་བྱ་ཞེ་ན། སྨྲས་པ་ཁམས་གསུམ་གྱི་སྐྱེ་བ་ཐམས་ཅད་ལ། སྡུག་བསྔལ་རྣམ་པ་གསུམ་གྱིས་རྟག་ཏུ་བསྲེགས་པས་ན། སྐྱེ་བ་སྡུག་བསྔལ་པ་ཞེས་བྱའོ། །ཇི་ལྟ་ཞེ་ན་བསོད་ནམས་མ ་ཡིན་པའི་རྒྱུ་ལས་བྱུང་བ་ངན་སོང་གསུམ་ལ་སོགས་པའི་རིས་སུ་སྐྱེས་པ་རྣམས་ལ་ནི། བསྲེགས་པ་དང་བཅད་པ་ལ་སོགས་པ་སྡུག་བསྔལ་གྱི་ཡང་སྡུག་བསྔལ་གྱིས་མེས་རྟག་ཏུ་སྲེག་པར་བྱེད་དོ། །བསོད་ནམས་དང་བསོད་ནམས་སུ་ཉེ་བར་འགྲོ་བའི་འདུ་བྱེད ་ཀྱི་རྒྱུ་ལས་བྱུང་བ་འདོད་པའི་ཁམས་ཀྱི་མི་དང་ལྷ་ལ་སོགས་པར་རིས་མཐུན་པར་སྐྱེས་པ་རྣམས་ལ་ནི། འགྱུར་བའི་སྡུག་བསྔལ་གྱིས་མེས་རྟག་ཏུ་སྲེག་པར་བྱེད་དོ། །བསོད་ནམས་དང་བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་འདུ་བྱེད་ལས་གཞན་པ ་བསམ་གཏན་གྱི་མཚན་ཉིད་མི་གཡོ་བའི་འདུ་བྱེད་ཀྱི་རྒྱུ་ལས་བྱུང་བ་དང་གཟུགས་དང་གཟུགས་མེད་པའི་ལྷ་རྣམས་ཀྱི་རིས་སུ་སྐྱེས་པ་རྣམས་ལ་ནི། འདུ་བྱེད་ཀྱི་སྡུག་བསྔལ་གྱིས་མེས་རྟག་ཏུ་སྲེག་པར་བྱེད་དོ། །དེ་དག་ཀྱང་མི་རྟག་པའི་ཆོས་དང་ལྡན་པའི་ཕྱིར་རོ།། ་ཡང་ན་ཤིང་སྐྱེས་པ་དང་ནགས་མེས་ཚིག་ཅིང་ཚལ་ཆུས་ཁྱེར་པ་ལ་སོགས་པ་བྱུང་བར་འགྱུར་གྱི། །ཤིང་མ་སྐྱེས་ན་མ་ཡིན་པ་བཞིན་དུ། སྐྱེ་བ་ཡོད་པར་གྱུར་ན། བཅད་པ་དང་གཤེགས་པ་དང་བཅིང་བ་དང་བསད་པ་དང། བཀྲེས་པ་དང་སྐོམ་པ་ལ་སོགས ་པའི་སྡུག་བསྔལ་འབྱུང་བར་འགྱུར་གྱི། སྐྱེ་བ་མེད་ན་དེ་དག་མི་འབྱུང་སྟེ། དེའི་ཕྱིར་ཡང་སྐྱེ་བ་སྡུག་བསྔལ་བ་ཞེས་བྱའོ། །ཡང་ན་སྐྱེ་བ་ཞེས་བྱ་བ་ནི་སྡུག་བསྔལ་མང་པོའི་འབྱུང་ཁུངས། མྱ་ངན་སྣ་ཚོགས་ཀྱི་འབྱུང་གནས། དོན་མེད་པ་རྣམས ་ཀྱི་རྩ་བ། དགའ་བའི་རྒྱུ་འཆིང་བའི་གླེང་གཞི། ནད་སྣ་ཚོགས་ཀྱི་སྐྱེ་མཆེད། ཉེས་པ་དུ་མའི་གཏེར་ཆེན་པོ། ཉམས་པར་དང་བརླག་པར་འགྱུར་པའི་གཞི། ལུས་དང་སེམས་ལ་ཤ་ཐང་ཞིང་མེ་བདེ་བ་སྐྱེད་པར་བྱེད་པའི་ཞིང། ཉོན་མོངས་པ་སྣ་ཚོགས་ཀྱི་རྒྱུ ་མཐུན་པར་གྱུར་པ། འཕགས་པ་རྣམས་ཀྱིས་སྨད་པ། བྱིས་པ་རྣམས་ཀྱིས་རྗེས་སུ་བསྔགས་པ། སྲིད་པ་ལ་མངོན་པར་དགའ་བ་རྣམས་མངོན་པར་དག་པར་བྱེད་པའི་གནས། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་བརྩེ་བར་བྱ་བའི་ཡུལ་ཡིན་པས་ན། དེའི་ཕྱིར ་ཡང་སྐྱེ་བ་སྡུག་བསྔལ་བའོ། །ཡང་ན་མངལ་གྱི་གནས་ནས་བརྩམས་ཏེ། འཆི་བའི་རྒྱ་མཚོ་ལ་ཐུག་གི་བར་དུ་སྡུག་བསྔལ་རྣམ་པ་སྣ་ཚོགས་དང། རྒྱུན་ཏུ་འགྲོགས་པའི་ཕྱིར་ཡང་སྐྱེ་བ་སྡུག་བསྔལ་ཞེས་བྱའོ། །དེ་ཡང་ཇི་ལྟར་ཞེ་ན། དང་པོ་ཕ་དང་མ་མི ་ཚངས་པར་ཀུན་ཏུ་སྤྱོད་པའི་རྒྱུ་ལ། ཁྲག་དང་ཁུ་བའི་མི་གཙང་བ་འདྲེས་པའི་ནང་དུ་རྣམ་པར་ཤེས་པ་ཞུགས་ནས་བརྒྱལ་བའི་ཚེ། གཡང་ས་ཆེན་པོ་ནས་ལྷུང་སྟེ། མུན་ནག་གི་ནང་དུ་ཞུགས་པ་བཞིན་དུ་སྡུག་བསྔལ་བ་དང། ཕ་མའི་ཁྲག་དང་ཁུ་བ་ལས་མེར ་མེར་པོ་དང། ནུར་ནུར་པོ་དང། ལྟར་ལྟར་པོ་ལ་སོགས་པ་རིམ་གྱིས་འགྱུར་ཞིང་སྨིན་པ་ན་ཡང། འབྲས་བ་སྨིན་པ་བཞིན་དུ། སྡུག་བསྔལ་དང་ལྡན་པ་དང། སྐབས་ལས་ཡན་ལག་དང་ཉིད་ལག་སོ་སོར་དོང་པའི་ཚེ་ཡང་ཕན་ཚུན་ནས་རྐང་ལག་བརྒྱངས་པ ་བཞིན་དུ་སྡུག་བསྔལ་སྐྱེས་པ། མངལ་གྱི་གནས་ན་ཞུ་བ་དང། མ་ཞུ་བའི་བར་ན་གནས་པའི་ཚེ་ན་ཡང་རི་གཉིས་ཀྱི་བར་བར་བཅུག་པ་བཞིན་དུ་སྡུག་བསྔལ་བ་དང། ནམ་མ་ཁ་ཟས་དྲོད་བག་ཟ་བ་དང། གྲང་བ་ལ་སོགས་པ་ཟ་བ་དང། རྒྱུག་པ་དང། མཆོད ་བ་དང་རྐང་ལག་བརྐྱང་བ་དང་བསྐུམ་པ་ལ་སོགས་པའི་གཡོ་བ་བྱེད་པའི་དུས་ན་ཡང་སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་སྟེ། མ་ཁ་ཟས་ཚ་བ་ཟོས་ན་ནི། མེས་བསྐོར་བ་དང་འདྲ་བར་སྡུག་བསྔལ། གང་བ་ཟ་བའི་དུས་ན་ནི་གངས་ཀྱི་ལྟོངས་སུ་བོར་བ་དང་འདྲ་བར་སྡུག ་བསྔལ། མཆོད་པའི་དུས་ན་ནི་སྐྱེས་བུ་སྟོབས་པོ་ཆེས་བཏེག་ནས་ས་ལ་དྲག་ཏུ་བསྡབས་པ་དང་འདྲ་བར་སྡུག་བསྔལ་བ་དང། ནམ་མའི་མངལ་ནས་ཕྱིར་བྱུང་བའི་ཚེ་ན་ཡང་འཁྲུལ་འཁོར་གྱི་བར་ནས་དྲངས་པ་བཞིན་དུ། ཤིན་ཏུ་བཅིར་ནས་ཕྱིར་འབྱིན་པས་རབ ་ཏུ་སྡུག་བསྔལ་ཆེ་ཞིང་ཕྱིར་འབྱུང་བ་ན་ཡང། ཤིན་ཏུ་གཞོན་པའི་ལུས་ཁྲག་དང། སྣབས་ལ་སོགས་པའི་ནང་དུ་འཇམ་པོར་བཙའ་བཙའ་བ། ལག་པ་དང་ཆུ་ལ་སོགས་པས་རེག་པའི་ཆེ། རྨའི་གསེག་ཏུ་ཚྭེ་ཆུ་བླུགས་པ་དང་འདྲ་བར་མི་བཟང་བ་སྐྱེ ་པའི་ཕྱིར། སྐྱེ་བ་སྡུག་བསྔལ་བའོ། །རྒ་བའི་སྡུག་བསྔལ་དང་ཞེས་བྱ་བ་ལ། རྒ་བ་གང་ཞེ་ན། གང་གོང་དུ་སྤྱི་ཅེར་དང། སྐྲ་དཀར་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་ནི་རྒ་བའོ། །ཡང་ན་རྒ་བ་ཞེས་བྱ་བ་ནི། ལང་ཚོ་མེད་པར་གྱུར་པ་དང། གཞོན་ནུའི ་མཐུ་རྩལ་ཉམས་པ་དང་འབྱུང་བ་ཆེན་པོ་རྣམས་བྲི་བ་དང། འདུ་བྱེད་རྣམས་བརྙིངས་པར་གྱུར་པ་དང། ཡན་ལག་དང་ཉིང་ལག་ཞིགས་པ་དང། ཁ་དོག་དང། དབྱིབས་མི་མཛེས་པར་བྱས་པ་དང། དབང་པོ་རྣམས་ཉམ་ཆུང་བ་དང། དྲན་པ་དང་བློ་བྲི་བ་དང ་འཆི་བ་ལ་མངོན་དུ་ལྟ་བ་ནི་རྒ་བའོ། །ཡང་ན་རྒ་བ་ཞེས་པའི་ཆོས་ཀྱིས་ནོན་ན། དངོས་པོ་ཐམས་ཅད་གཞན་དུ་འགྱུར་བར་བྱེད་དེ། དེས་ཁ་གདོང་ལ་ནོན་ན་ནི། གཉེར་མ་མང་བ་དང། ཁབས་ནག་པོས་ཁེབས་པར་བྱེད་དོ། །དེས་སྐྲ་ལ་ནོན་ན་ནི་སྐྲ་དཀར་དང། ་སྤྱི་ཅིར་གྱུར་བར་བྱེད་དོ། །འབྱུང་བ་ཆེན་པོ་རྣམས་ལ་ནན་ན་ནི། །ཡན་ལག་རྣམས་ལྕི་བ་དང་ཞིགས་པར་བྱེད་དོ། །སྐྱེ་མཆེད་རྣམས་ལ་ནོན་ན་ནི། དབང་པོ་རྣམས་ཉམ་ཆུང་བར་བྱེད་དོ། །མི་གསལ་བར་མཐོང་བ་དང་ཐོས་པར་འགྱུར་རོ། །ལུས་ལ་ནོན་ན་ནི ་ལུས་འདར་བ་དང་ལྡེམ་པོར་བྱེད་དོ། །སེམས་ལ་ནོན་ན་ནི་དྲན་པ་དང་བློ་གྲོས་མེད་པར་བྱེད་དེ། སྔོན་སྨས་པ་དང?་བྱས་པ་རྣམས་ཀྱང་བརྗོད་པར་འགྱུར་རོ། །རྒྱབ་ཀྱི་ཚིགས་སུ་ཞུགས་ན་ནི་དེས་ལུས་སྒུར་བར་འགྱུར་རོ། །རྐང་ལག་གི་ཚིགས་ཞུགས ་ན་ནི་ཤིང་ཁྱོར་པོ་བཞིན་དུ་ལྡེམ་ལྡེམ་པོར་བྱེད་དོ། །ལང་ཚོའི་ལུས་གཞོན་ནུ་དང་བྲལ་བས་འདུ་བྱེད་རྣམས་རྙིང་བར་ཡང་སྟོན་པར་བྱེད་དོ། དེ་ནི་རྒ་བའོ། ཡང་ན་རྒ་བ་རྣམ་པ་གཉིས་ཏེ། རྟེན་ཉམས་པའི་མཚན་ཉིད་དང། བརྟེན་པ་ཉམས་པའི་མཚན་ཉིད་དོ། །དེ་ལ ་རྟེན་ཉམས་པའི་མཚན་ཉིད་ནི་འབྱུང་བ་ཆེན་པོ་བཞི་ལས་གྱུར་པའི་ཤ་དང་ཁྲག་དང་ཚིལ་དང། རུས་པ་དང་རྐང་ལ་སོགས་པ་བྲི་བས་དེའི་རྒྱུ་ལས་རྒྱུག་པ་དང། མཆོད་པ་དང་བརྐྱང་བ་དང། བསྐུམ་པ་དང། འོང་བ་དང། འགྲོ་བ་ལ་སོགས་པའི ་བྱ་བ་མི་ནུས་ཤིང། ལུས་ཀྱི་བརྩོན་འགྲུས་དང། སྟོབས་མེད་པར་གྱུར་པའོ། །བརྟེན་པ་ཉམས་པ་ནི་མིག་ལ་སོགས་པའི་དབང་པོ་ཉམས་པས། མི་གསལ་བར་མཐོང་བ་དང་ཐོས་པ་དང། སྣོམ་པ་དང། མྱོང་བར་འགྱུར་ལ། དེའི་རྒྱུ་ལས་དྲན་པ་དང་བློ་གྲོས ་བྲི་བའི་ཕྱིར། སྔོན་སྨྲས་པ་དང་བྱས་པ་རྣམས་ཀྱང་བརྗེད་ཅིང་སེམས་ཀྱི་བརྩོན་འགྲུས་དང་མཐུ་མེད་པར་བྱེད་པའོ། །ཅིའི་ཕྱིར་རྒ་བ་སྡུག་བསྔལ་བ་ཞེས་བྱ། སྨྲས་པ་རྒ་བ་འདིས་ཟིན་པར་གྱུར་ན། ལུས་ཀྱི་ཡན་ལག་ལ་མི་མཛེས་པ་སྐྱེད་པར་བྱེད་ཅིང ་མཛེས་པ་དང་སྟོབས་དང། བརྩོན་འགྲུས་དང། དཔའ་བ་དང། བརྟན་པ་དང། བློ་དང་ཤེས་རབ་ཉམས་པར་བྱས་ནས། འཆི་བའི་གནས་སུ་ཁྲིད་བར་བྱེད་དོ། །དཔེར་ན་གཤེད་པོ་རྣམས་ཀྱིས་གསང་པར་བྱ་བའི་སྐྱེས་བུ་ཁ་སྣ་ཚོགས་པ་བཅང་ཅིང་དྲལ་ནས། གཟུགས ་ལ་མི་མཛེས་པ་སྐྱེད་དེ། གསང?་པའི་གནས་སུ་ཁྲིད་པར་བྱེད་པ་བཞིན་པས་ན། རྒ་བ་སྡུག་བསྔལ་བ་ཞེས་བྱའོ། །ཡང་ན་སྔོན་ལང་ཚོའི་དུས་ཀྱི་ཚེ། ཉེ་དུ་གཉེན་བཤེས་ལ་སོགས་པའི་ཡིད་དགའ་བར་བྱེད་པ་འགྲོ་བ་བཟང་མོའི་སེམས་དང་ཡིད་ཀྱི་རྗེས་སུ ་མཐུན་པར་བྱེད་ཅིང། དེ་དག་གི་ཡིད་འཕྲོག་པ་འགྲོ་བ་མང་པོའི་ཡིད་དུ་འོང་བ་ཁ་དོག་དང་དབྱིབས་མཛེས་པ་ཤིན་ཏུ་གཞོན་ནུའི་གཟུགས། པདམོ་ལྟར་གྱུར་པ་དེ་རྒ་བའི་སེར་བ་དང། སད་ཀྱིས་ཕོག་ན་ཞུམ་པ་དང། འཁུམས་པ་དང། ཞིགས་པ་དང། མི་མཛེས་པར་གྱུར་པས ་ཉེ་དུ་གཉེན་བཤེས་རྣམས་ཀྱང་མི་དགའ་བར་གྱུར་ཅིང། འགྲོ་བ་བཟང་མོ་རྣམས་ཀྱིས་ཀྱང་གཏོང་བར་བྱེད་པས་ན། དེའི་ཕྱིར་ཡང་རྒ་བ་སྡུག་བསྔལ་བའོ། །ཡང་ན་རྒ་བ་འདི་ནི་ཁ་དོག་དང་དབྱིབས་མཛེས་པ་མེད་པར་བྱེད་པ། ངར་ལ་བབ་པ་དང། ནད་མེ ་པ་འཇོམས་པར་བྱེད་པ། སྟོབས་དང་བརྩོན་འགྲུས་དང་མཐུ་འཕྲོག་པ། དྲན་པ་དང་བློ་གྲོས་དང་ཐོས་པ་དང། ཡེ་ཤེས་རྣམས་ཉམས་པར་བྱེད་པའི་རྒྱུ་དབང་པོ་རྣམས་ཉམ་ཆུང་བ་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་ཡང་རྒ་བ་སྡུག་བསྔལ་བ་ཞེས་བྱའོ། །ནད ་ཀྱི་སྡུག་བསྔལ་དང་ཞེས་བྱ་བ་ལ། ན་བ་གང་ཞེ་ན། ས་ལ་སོགས་པའི་ཁམས་མི་མཐུན་བཞིན་ཤས་ཆེ་ཆུང་ངུ་གྱུར་པ་ན། ན་བ་ཞེས་བྱ་བ་སྟེ། ནམ་ས་ལ་སོགས་པའི་ཁམས་མཉམ་ན། ནད་མེད་པའོ། །ཡང་ན་ན་བ་རྣམ་པ་གཉིས་ཏེ། ལུས་ཀྱི་ནད་དང་སེམས་ཀྱི ་ནད་དོ། །དེ་ལ་ལུས་ཀྱི་ནང?་ཀྱང་རྣམ་པ་གཉིས་ཏེ། ནང་གི་རྐྱེན་ལས་བྱུང་བ་རང་ཕྱིའི་རྐྱེན་ལས་བྱུང་བའོ། །དེ་ལ་ནང་གི་རྐྱེན་ལས་བྱུང་བ་ནི། ལུས་ཀྱི་ས་ལ་སོགས་པའི་འབྱུང་བ་ཆེན་པོ་རྣམས་འཁྲུགས་པས་གང་གནོད་པར་གྱུར་པའོ། །ཕྱིའི་རྐྱེན་ལས ་བྱུང་བ་ནི་དབྱིག་པ་དང། རྡོ་བ་ལ་སོགས་པས་ཕོག་ནས་གང་གནོད་པར་བྱེད་པའོ། །ལུས་ཀྱི་ནད་དེ་ཡང་མིང་དང་རྒྱུ་རྐྱེན་ལས་ཐ་དད་པའི་སྒོ་ནས་རྣམ་པ་དུ་མར་བཞག་སྟེ། དེ་ལ་མིང་ནི་ཤུ་བ་དང་རྐོམ་པོ་དང་མཛེ?་དང། འབྲུམ་བུ་དང། འབྲས་དང། རིམས་དང ་སྐྱིགས་བུ་ལ་སོགས་པ་ནད་ཀྱི་མིང་རྣམ་པ་དུ་མར་བཏགས་པའོ། །རྒྱུན་བད་ཀན་ལས་བྱུང་བ་དང། མཁྲིས་པ་ལས་བྱུང་བ་དང། རླུང་ལས་བྱུང་བའོ་ཞེས་བྱ་བ་ལ་སོགས་པའོ། །རྟེན་ནི་གླང་པ་ན་བ་དང། རྐང་པ་ན་བ་དང། མིག་ན་བ་དང། མགྲིན་པ་ན་བ་ཞེས ་བྱ་བ་ལ་སོགས་པ་སྟེ། འདི་ནི་ལུས་ཀྱི་ནད་དོ། །དེ་ལ་རྒྱས་པར་དབྱེན་ནད་ཀྱི་རྣམ་གྲངས་བཞི་བརྒྱ་རྩ་བཞིའོ་ཞེས་འབྱུང་བའོ། །ཡིད་ཀྱི་ནད་ཀྱི་རྣམ་པར་རྟོགས་པ་རྣམ་པ་སྣ་ཚོགས་ལས་སྐྱེས་པའི་སེམས་ལ་གནོད་པ་སྟེ། ་དེ་ཡང་ནང་གི་དངོས་པོ་ལ་དམིགས་པ་ལས་བྱུང་བ། ཕྱིའི་དངོས་པོ་ལ་དམིགས་པ་ལས་བྱུང་བ་སྟེ། རྣམ་པ་གཉིས་སོ། །དེ་ལ་ནང་གི་དངོས་པོ་ལ་དམིགས་པ་ལས་བྱུང་བ་ནི། གང་བདག་གི་ལུས་ཉིད་ལ་དམིགས་པ་ལས། སེམས་མི་བདེ་བ་དང། ཉོན ་མོངས་པ་སྐྱེས་པར་གྱུར་པའོ། །ཕྱིའི་དངོས་པོ་ལ་དམིགས་པ་ལས་བྱུང་བ་ནི། ཉེ་དུ་བཤེས་གཉེན་དང། འདོད་པའི་ཡོན་ཏན་ལ་རྟོག་རྟོག་པ་ལས་སེམས་མི་བདེ་བ་དང། ཉོན་མོངས་པ་སྐྱེས་པར་གྱུར་པའོ། །དེ་ཡང་མིང་དང་རྒྱུ་དང་རྟེན་གྱི་སྒོ་ནས་རྣམ་པར ་དུ་མང་བཞག་སྟེ། མིང་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ཁོང་ཁྲོ་བ་དང་ཕྲག་དོག་དང། ཁོན་དུ་འཛིན་པ་ཞེས་བྱ་བ་ལ་སོགས་པའོ། །རྒྱུ་ནི་མཛེས་པའི་རྒྱུ་ལས་བྱུང་བ་དང། ཁོང་ཁྲོ་བའི་རྒྱུ་ལས་བྱུང་བ་དང་དེ་གཉི་ག་མ་ཡིན་པའི་རྒྱུ ་ལས་བྱུང་བའོ། །རྟེན་ནི་གཟུགས་ལ་ཆགས་པ་དང། སྒྲ་ལ་ཆགས་པ་དང་ཁྲི་ལ་ཆགས་པ་དང། རོ་ལ་ཆགས་པ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ནི་ལུས་ཀྱི་ནད་ལ་བྱ་བར་དགོངས་པ་ཡིན་ནོ། །ཅིའི་ཕྱིར་ན་སྡུག་བསྔལ་ཞེས་བྱ། འདི་ལྟར ་ནད་འདིས་ཟིན་ན། བདག་གི་ལུས་ལ་རྣམ་པ་དུ་མར་མི་བདེ་བསྐྱེད་པར་བྱེད་པ་དང། ཚེའི་དབང་པོའི་བར་ཆད་དུ་འགྱུར་བ་དང། གནད་དུ་གནོད་པས་ཉེན་བར་བྱེད་པས་ན། མེ་དང་དུག་དང་མཚོན་ལྟ་བུ་ཡིན་པའི་ཕྱིར་ན་སྡུག་བསྔལ་ཞེས་བྱའོ། ། ་ཡང་ན་ནགས་མེ་ཚིག་པའི་ནང་དུ་ཆུད་པའི་མི་དང་དབང་པོ་ལ་སོགས་པ་མི་ལྕེའི་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་ཕོག་པ་ན། མི་བཟོད་པས། ཕན་ཚུན་དུ་འཁྱམ་ཞིང་སྐད་ཆེར་ཕྱུང་ནས་དུ་བཞིན་དུ་ན་བ་ཞེས་བྱ་བ་སྡུག་བསྔལ་གྱི ་སྡུག་བསྔལ་གྱིས་ཕོག་པ་ན། སྐྱེ་བ་རྣམས་ཀྱིས་མི་བཟོད་ཅིང་སྐད་ཆེར་འབྱིན་པ་དང། དུ་བར་བྱེད་པའི་ཕྱིར་ན་ཡང་སྡུག་བསྔལ་བའོ། །འཆི་བར་སྡུག་བསྔལ་ཞེས་བྱ་བ་ལ། །འཆི་བ་གང་ཞེ་ན། གང་གོང་དུ་སེམས་ཅན་དེ་དང་དེ་རྣམས། །སེམས་ཅན་གྱི་རིས་དེ་དང་དེར? ་ལས་ཤི་འཕོས་པ་དང། ཤི་འཕོས་པར་གྱུར་བའོ་ཞེས་གང་གསུངས་པ་ན་འཆི་བའོ། །ཡང་ན་ཚེའི་དབང་པོ་དང་དོད?་དང་རྣམ་པར་ཤེས་པས་ལུས་བཏང་སྟེ། ཚེའི་དབང་པོ་རྒྱུན་ཆད་པ་ནི། འཆི་བ་ཞེས་བྱའོ། །ཡང་ནས་ལ་སོགས་པའི་འབྱུང་བ་ཆེན་པོ ་འཁྲུགས་པས་མིག་ལ་སོགས་པའི་དབང་པོ་ཉམས་པར་འགྱུར་བའོ། །དབང་པོ་ཉམས་ན་དེ་ལ་བརྟེན་པའི་སེམས་དང་སེམས་ལས་བྱུང་བ་རྣམས་མི་འབྱུང་ངོ། །སེམས་དང་སེམས་ལས་བྱུང་བ་མ་བྱུང་ན་ཤི་བ་ཞེས་བྱའོ། །ཡང་ན་འཆི་བ་རྣམ་པ ་གཉིས་ཏེ། ཚེ་ཟད་ནས་ཤི་བ་དང། ལས་ཟད་ནས་ཤི་བའོ། །དེ་ལ་ཚེ་ཟད་ནས་ཤི་བ་ནི། ཚེ་རབས་གཞན་ན་ཚེའི་འདུ་བྱེད་ཇི་སྲིད་གནས་པར་འགྱུར་བའི་ལས་བྱས་པའི་ཤུགས་ཟད་ནས་ཤི་བའོ། །ལས་ཟད་ནས་ཤི་བ་ནི་སྦྱིན་པ་ལ་སོགས ་པ་བསོད་ནམས་ཀྱི་ལས་མ་བྱས་པས། ཚེ་འདིར་བཟའ་བ་དང་བཏུང་བ་ལ་སོགས་པའི་ཡོ་བྱད་མི་ལྡན་པས་ཤི་བར་གྱུར་པའོ། །ཡང་ན་འཆི་བ་རྣམ་པ་གསུམ་སྟེ། སྐད་ཅིག་མ་རེ་རེ་ལ་འཆི་བ་དང། རྒྱུ་ཟད་ནས་འཆི་བ་དང། ཉེ་བར་བཅོམ་ནས་ཤི ་བའོ། །དེ་ལ་སྐད་ཅིག་མ་རེ་རེ་ལ་འཆི་བ་ནི། དང་པོ་མངལ་དུ་ཞུགས་པ་ནས་བརྩམས་ཏེ། རིས་མཐུན་པའི་ཚེའི་འདུ་བྱེད་རྒྱུན་མ་ཆད་ཀྱི་བར་དུ། སྐད་ཅིག་མ་སྔ་མ་འགགས་ནས་ཕྱི་མ་སྐྱེ་བའི་མཚན་ཉིད་དོ། །རྒྱུ་ཟད་ནས་ཤི་བ་ནི་ཚེའི་འདུ་བྱེད་ཟད་པས་རིས་མཐུན ་པའི་ཕུང་པོ་རྣམས་ཀྱི་རྒྱུན་ཆད་པར་གྱུར་པའོ། །ཉེ་བར་བཅོམ་ནས་ཤི་བ་ནི། དུག་དང་མེ་དང་མཚོན་ལ་སོགས་པའི་རྐྱེན་དང་ཕྲད་ནས་ཤི་བར་གྱུར་པའོ། །ཅིའི་ཕྱིར་འཆི་བ་སྡུག་བསྔལ་བ་ཞེས་བྱ་བ་འདི་ལྟར་ལ་ལ་ཞིག་འབྲུ་དང་གཏེར་རིན་པོ་ཆེ ་དང། ཡོ་བྱད་དང་ཉེན་བཤེས་པ་ལ་སོགས་པ་ཕུན་སུམ་ཚོགས་པ་དང་ལྡན་པ་ལས། རྒྱལ་པོ་ལ་སོགས་པ་དབང་ཡོད་པ་རྣམས་ཀྱིས་ཕྲོགས་ནས་ཅི་ཡང་མེད་པར་བྱས་པ་བཞིན་དུ། འཆི་བའི་དུས་ཀྱི་ཚེ། ཉེ་དུ་གཉེན ་བཤེས་བྲལ་བར་དཀའ་བ་རྣམས་ཀྱི་མཛའ་བསྐོར་ནས་མིག་མཆི་མས་གང་ཞིང་དུད་མོས་སྐད་འགགས་པར་གྱུར་པ་དང། ནོར་དང་གཏེར་ལ་སོགས་པའི་ཡོ་བྱད་ཐམས་ཅད་པོར་ནས་གཅིག་བུ་མི་དགའ་བ་མ་མོས་བཞིན་དུ་དབང་མེད་པར་འགྲོ་དགོས? ་པའི་ཕྱིར་ཡང་འཆི་བ་སྡུག་བསྔལ་པའོ། །ཡང་ན་བསོད་ནམས་མ་ཡིན་པ་བྱས་པ་རྣམས་མིག་ལ་སོགས་པའི་དབང་པོ་ལྔ་འགགས་པའི་སྡུག་བསྔལ་མི་བཟད་པ་མྱོང་ལ། གཤིན་རྗེའི་སྲིན་པོ་དང། ཡི་དགས་ལ་སོགས་པས་མཛའ་ ་བསྐོར་ཏེ། ཚེའི་དབང་པོ་མ་ཆད་པར་ཡང། བཅིང་བ་དང། བསྡིགས་པ་ལ་སོགས་པའི་སྡུག་བསྔལ་སྐྱེད་པར་བྱེད་ཅིང། འཚོ་བའི་དབང་པོ་ཆད་ནས་ཀྱང་དབང་མེད་པར་སེམས་ཅན་དམྱལ་བའི་གནས་སུ་ཁྲིད་པར་བྱེད་པའི་ཕྱིར་ཡང་འཆི་བ་སྡུག་བསྔལ་བའོ།། ་ཡང་ན་འཆི་བ་ཞེས་བྱ་བ་འདི་རི་རབ་བཞིན་དུ་རླུང་གིས་ཀྱང་མི་སྐྱོད་པ། མེ་བཞིན་དུ་ཐམས་ཅད་ཟད་པར་བྱེད་པ། ཞེ་སྡང་ཅན་གྱི་སྐྱེས་བུ་བཞིན་དུ་རྟག་ཏུ་འགྲོ་བ་རྣམས་ལ་གནོད་པས་གདུང་བར་བྱེད་པ། རྒྱ་འཚོའི་རླབས་བཞིན་དུ་དུས་ལས་མི་འདའ་ ་བ། རྡོ་རྗེ་བཞིན་དུ། ཕུང་པོའི་རི་བོ་འཇོམས་པར་བྱེད་པ། རླུང་ལྟ་བུར་སྤུངས་པ་རྣམས་སྙིལ་བར་བྱེད་པ། སེར་བ་བཞིན་དུ་ཚེའི་འདུ་བྱེད་འཇིག་པར་བྱེད་དང། སྡིག་ཅན་བཞིན་དུ་སྙིང་རྗེ་མེད་པ། གླང་པོ་ཆེ་བཞིན་དུ་རྒྱལ་བར་དཀའ་བ། དཔའ་བོ་བཞིན་དུ་གཞན ་འཇོམས་པ་དུས་བཞིན་དུ་གདོན་མི་ཟ་བར་འབྱུང་བ་སྟེ། དེའི་ཕྱིར་འཆི་བ་སྡུག་བསྔལ་བའོ། །མདོ་གཞན་དག་ལས་སྐྱེ་བའི་རྐྱེན་གྱིས་འཆི་བ་དང། བག་མེད་པའི་འཆི་བ་དང། ཚུལ་ཁྲིམས་ངན་པའི་འཆི་བ་ཞེས་གསུངས་པ་དེ་དག་ལ་ཁྱད་པར་ཅི་ཡོད ་ཅེ་ན། སྨྲས་བ་ཤེས་རབ་ཀྱི་དབང་པོ་འཆལ་བས་ན། བག་མེད་པས་འཆི་བའོ། །ཚུལ་ཁྲིམས་རྣམ་པར་དག་པ་དང་བྲལ་བའི་ཕྱིར་ཚུལ་ཁྲིམས་ངན་པས་ཤི་བའོ། །ཚེའི་དབང་པོ་རྒྱུན་ཆད་པས་ན། སྐྱེ་བའི་རྐྱེན་གྱིས་ཤི་བའོ། །ཡང་ན་དམ་པའི་ཆོས་ཉན་པ་དང། བསམས་པ་དང ་བསྒོམས་པ་མི་བྱེད་པའི་ཕྱིར། བག་མེད་པས་ཤི་བའོ། །དགེ་སློང་གི་དངོས་པོ་དང་བྲལ་བའི་ཕྱིར་ཚུལ་ཁྲིམས་ངན་པས་ཤི་བའོ། །རིས་མཐུན་བ་དང་སྐལ་བ་གཅིག་པ་དང་བྲལ་བའི་ཕྱིར། སྐྱེ་བའི་རྐྱེན་གྱིས་ཤི་བའོ། །མཛའ་བ་དང་བྲལ་བའི་སྡུག་བསྔལ་དང་ཞེས་བྱ ་བ་ལ། གང་སེམས་ཅན་གྱི་གྲངས་སམ་སེམས་ཅན་མ་ཡིན་པའི་གྲངས་སུ་གཏོགས་པའི་ཡུལ་འོང་བ་རྣམས་དང་བྲལ་བར་གྱུར་བ་ནི་མཛའ་བ་དང་བྲལ་བ་ཞེས་བྱའོ། ཡང་ན་བདག་ཉིད་ཀྱི་ལང་ཚོ་དང། ནད་མེད་པ་དང་ཚེ་རིང་བ་དང། རིགས་དང། གཟུགས་བཟང་བ་དང ་ཕྱུག་པ་དང་ལོངས་སྤྱོད་དང་བྲལ་བར་གྱུར་པ་དང། ཉེ་དུ་གཉེན་བཤེས་རྣམས་དང་ཁྱེར་བར་གྱུར་པ་ནི་མཛའ་བ་དང་ཁྲལ་བར་གྱུར་པ་ཞེས་བྱའོ། །ཡང་ན་ཚུལ་ཁྲིམས་ཅན་རྣམས་དགེ་བའི་ལས་ཡོངས་སུ་ཉམས་པར་གྱུར་པ་ནི་མཛའ་བ་དང་བྲལ་བའོ། ཡང་ན་ཚོར་བ་རྣམ་པ་གསུམ་ལས་བདེ ་བའི་ཚོར་བ་དང་ཁྲལ་བར་གྱུར་བ་ནི་མཛའ་བ་དང་བྲལ་བའོ། །ཡང་ན་ལྷ་དང་མི་ལ་སོགས་པའི་བདེ་འགྲོའི་གནས་ལས་ཉམས་ནས། ངན་སོང་དུ་ལྟུང་བར་གྱུར་བ་ནི་མཛའ་བ་དང་བྲལ་བའོ། །ཅིའི་ཕྱིར། མཛའ་བ་དང་བྲལ་བ་སྡུག་བསྔལ་བ་ཞེས་བྱ་ཞེ་ན། འདི་ལྟར་མཛའ་བ་དང ་བྲལ་བའི་རྒྱུས་སྲོག་ཆགས་རྣམས་ནགས་མེས་བསྲེགས་པ་བཞིན་དུ་རྟགས་ཏུ་མྱ་ངན་ཆེན་པོའི་མེས། ཡིད་སྲེག་པར་བྱེད་ཅིང་སྐད་མེད་འབྱིན་ཅིང་དུ་བས་ན། མཛའ་བ་དང་བྲལ་སྡུག་བསྔལ་བའོ། །ཡང་ན་མཐོ་རིས་ལ་སོགས་པ་བདེ་བའི་གནས་ནས་འཕོས་ཏེ། དམྱལ་བ་ལ ་སོགས་པ་ངན་སོང་གི་གནས་སུ་སྐྱེས་པས་ན། སྡུག་བསྔལ་སྣ་ཚོགས་མྱོང་བར་འགྱུར་བའི་ཕྱིར་མཛའ་བ་དང་བྲལ་བའི་སྡུག་བསྔལ་བའོ། །ཡང་ན་མཛའ་བ་དང་བྲལ་བར་དོགས་པ་འམ། ཐོས་པ་འམ། མཐོང་བ་འམ། རྗེས་སུ་དྲན་ན་ཡང་མྱ་ངན་དང། སྨྲེ་སྔགས་འདོན་པ་དང་སྡུག ་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པ་ལ་སོགས་པ་འབྱུང་བའི་ཕྱིར་ཡང་མཛའ་བ་དང་བྲལ་བའི་སྡུག་བསྔལ་བའོ། །ཡང་ན་ཕ་དང་ཕུ་ནུ་ལ་སོགས་པ་ཉེ་དུ་དང་བྲལ་བའི་རྒྱུ་ལས་བྱུང་བའི་གདོན་གྱིས་ནོན་པ་བཞིན་དུ་ཚིག་རྣམ་པ་སྣ་ཚོགས་བླ ་བ་དང་བརྒྱལ་བ་བཞིན་དུ་དྲན་པ་མེད་པར་གྱུར་པ་དང། བདོག་པ་ཐམས་ཅད་ཕྲོགས་པ་བཞིན་དུ། སེམས་རྣམ་པ་ཐམས་ཅད་དུ་འཁྲུགས་པར་གྱུར་ཞིང་བྱ་བ་དང་མི་དྲན་པས་ལུས་ས་ལ་བླ་བས་ཙམ་དུ་ཟད་པའི་ཕྱིར་ཡང་མཛའ་བ་དང་བྲལ་བའི་སྡུག་བསྔལ་བའོ། །མི་མཛའ་ ་བ་དང་ཕྲད་པའི་སྡུག་བསྔལ་དང་ཞེས་བྱ་བ་ལ་མི་དགེ་བའི་ལས་ཀྱིས་རྒྱུ་མཐུན་པའི་འབྲས་བུ་།སེམས་ཅན་དམྱལ་བ་ལ་སོགས་པ་དང་ཕྲད་པར་གྱུར་པ་ནི་མི་མཛའ་བ་དང་ཕྲད་པའོ། །སེམས་ཅན་ཐམས་ཅད་བདེ་བ་འདོད་ལ་སྡུག་བསྔལ་དང་བྲལ་བར་མོས་པ་ལས་སྡུག ་བསྔལ་གྱི་ཚོར་བ་སྐྱེད་པར་བྱེད་པའི་ཡོ་བྱད་ཉེ་བར་གྱུར་པའི་རྒྱུས་ཚོར་བ་སྡུག་བསྔལ་བ་མྱོང་བ་ནི་མཛའ་བ་དང་ཕྲད་པའོ། །ཡང་ན་འགྲོ་བ་མི་བགྲུངས་པ་དང་འགྲོགས་པར་གྱུར་པ་ནི་མི་མཛའ་བ་དང་ཕྲད་པའོ། །ཡང་ན་ཚུལ་ཁྲིམས་དང་ལྡན་བ་རྣམས་ལ། ངན་པའི ་ངང་ཚུལ་བྱུང་བར་གྱུར་པ་ནི་མི་མཛའ་བ་དང་ཕྲད་པ་སྟེ། ཁ་ན་མ་ཐོ་བ་ཕྲ་མོ་ལ་ཡང་འཇིགས་པར་ལྟ་བ་རྣམས་ཉེས་པ་དེས་སེམས་གསུང་བར་བྱེད་པའི་ཕྱིར་རོ། །ཅིའི་ཕྱིར་མི་མཛའ་བ་དང་ཕྲད་བ་སྡུག་བསྔལ་ཞེས་བྱའོ། །འདི་ཁྱིམ་ཚེས་མ་བགྲུངས་པ་བཞིན་དུ། ་རྟག་ཏུ་གནོད་པ་སྐྱེད་པ་དང། འགྲོ་བ་མི་བསྲུན་པ་བཞིན་དུ་ཞེ་སྡང་སྐྱེ་བའི་གནས་སུ་གྱུར་པ་དང། སེམས་ལ་མི་དགའ་བའི་རྣམ་པར་རྟོག་པ་སྐྱེད་པའི་རྒྱུ་བྱེད་པའི་ཕྱིར་མི་མཛའ་བ་དང་ཕྲད་པ་སྡུག་བསྔལ་བའོ། །ཡང་ན་མི་མཛའ་བ་དང་ཕྲད་པའི་རྒྱུ་ལས་ནགས ་མེས་ཚིག་པ་བཞིན་དུ། ཞེ་སྡང་གི་མེས་སེམས་ཚིག་པར་བྱེད་ཅིང་དེ་དང་བྲལ་བར་སྨོན་པ་མང་དུ་སྐྱེ་སྟེ། གང་སྨོན་པ་མང་དུ་སྐྱེད་པ་དེ་ཉིད་སྡུག་བསྔལ་བ་ཡིན་བས། དེ་བས་ན་མི་མཛའ་བ་དང་ཕྲད་པ་སྡུག་བསྔལ་པའོ། གང་འདོད་པ་བཙལ་ནས་མ་རྙེད་པ ་དེ་ཡང་སྡུག་བསྔལ་བའོ་ཞེས་བྱ་བ་ལ། གང་འདོད་པ་ནི་སྡུག་བསྔལ་པ་དང་བྲལ་ཞིང་སླར་མི་ཕྲད་པ་དང། བདེ་བ་དང་ཕྲད་ཅིང་སླར་མི་འབྲལ་བར་འདོད་པ་དེ་དེ་ལྟར་མ་གྱུར་པ་ཉིད་གང་འདོད་པ་བཙལ་ནས་མ་རྙེད་པའོ། །ཡང་ན་སྐྱེ་བ་དང། རྒ་བ་དང། ན་བ་དང། འཆི་བ་ལ་སོགས ་པ་དང་མི་ཕྲད་པར་འདོད་དེ། འདོད་པ་དེ་དང་མི་ལྡན་པར་གྱུར་པ་ནི་གང་འདོད་པ་བཙལ་ནས་མ་རྙེད་པ་ཞེས་བྱའོ། །ཡང་ན་མི་མཛའ་བ་དང་མི་ཕྲད་པ་དང། མཛའ་བ་དང་མི་བྲལ་བར་འདོད་དེ་དེ་ལྟར་མ་གྲུབ་པ་ནི་གང་འདོད་བཙལ་ནས་མ་རྙེད་པ་ཞེས་བྱའོ། །ཡང་ན་དགེ་བ་བྱེད་པ ་རྣམས་འཕེལ་བར་ནི་འདོད་ལ། མི་དགེ་བ་འགྲིབ་པར་འདོད་པ་ལས་དགེ་བ་འགྲིབ་པ་དང། མི་དགེ་བ་འཕེལ་བར་གྱུར་པ་ནི། གང་འདོད་པ་བཙལ་ནས་མ་རྙེད་པ་ཞེས་བྱའོ། །ཡང་ན་ངན་སོང་གསུམ་དུ་མི་སྐྱེ་བ་དང། མཐོ་རིས་སུ་སྐྱེ་བར་འདོད་པ་ལས། ངན་སོང་གསུམ་དུ་ལྟུང ་བར་གྱུར་ལ། མཐོ་རིས་སུ་མ་སྐྱེས་པར་གྱུར་པ་ནི། གང་དོད་པ་བཙལ་ནས་མ་རྙེད་པ་ཞེས་བྱའོ། །ཅིའི་ཕྱིར་གང་འདོད་པ་དེ་བཙལ་ནས་མ་རྙེད་པ་དེ་སྡུག་བསྔལ་ཞེས་བྱ་ཞེ་ན། ཨེ་མའོ་འདི་ལྟར་འདོད་པའི་དངོས་པོ་དེ་སྔོན་ཡང་རྙེད་པར་མ་གྱུར་ཏོ། །ད་ལྟར་ཡང ་མ་རྙེད་དོ། །ཕྱིས་ཀྱང་རྙེད་པར་མི་འགྱུར་རོ་ཞེས་དུས་གསུམ་དུ་ཡང་གནོད་པ་སྐྱེད་པའི་ཕྱིར་།གང་འདོད་པ་བཙལ་ནས་མ་རྙེད་པ་དེ་སྡུག་བསྔལ་བ་ཡིན་ནོ། །ཡང་ན་ཡིད་ལ་བསམས་པ་འཇོམས་པར་བྱེད་པ་དང། ཡིད་འབྱུང་བའི་རྟེན་དུ་གྱུར་པ་དང། དེའི་རྒྱུས་སེམས་རྟག་ཏུ ་གདུང་བར་བྱེད་པས་ན་ཡང་གང་འདོད་པ་བཙལ་ནས་མ་རྙེད་པ་དེ་སྡུག་བསྔལ་བའོ། །མདོར་ན་ལེན་པའི་ཕུང་པོ་ལྔ་རྣམས་ནི་སྡུག་བསྔལ་པ་སྟེ་ཞེས་བྱ་བ་ལེན་པའི་ཕུང་པོ་ལྔ་ནི། གཟུགས་ལེན་པའི་ཕུང་པོ་ནས། རྣམ་པར་ཤེས་པ་ལེན་པའི་ཕུང་པོ་ལེན་པའི་བར་དུའོ། ་མདོར་ན་ཞེས་བྱ་བའི་དོན་ཕུང་པོ་ལྔ་པོར་སྡུག་བསྔལ་ཐམས་ཅད། །བསྡུས་བར་སྟོན་པ་སྟེ། སྡུག་བསྔལ་ཐམས་ཅད་ནི་དང་པོའི་སྡུག་བསྔལ་དང། དབུས་ཀྱི་སྡུག་བསྔལ་དང། མཛའ་ཨི་སྡུག་བསྔལ་ལོ། །དེ་ལ་དང་པོའི་སྡུག་བསྔལ་ནི་སྐྱེ་བའོ། །ཁར་གྱི་སྡུག་བསྔལ་ནི་རྒ་བ་དང ་ན་བ་དང། མཛའ་བ་དང་བྲལ་བ་དང་མི་མཛའ་བ་དང་ཕྲད་བ་དང། གང་འདོད་པ་བཙལ་ནས་མ་རྙེད་པ་རྣམས་སོ། །ཐ་མའི་སྡུག་བསྔལ་ནི་འཆི་བ་སྟེ། སྡུག་བསྔལ་དེ་གསུམ་ཕུང་པོ་ལྔར་འདུས་བས་ན། མདོར་ན་ལེན་པའི་ཕུང་པོ་ལྔ་རྣམས་ནི་སྡུག་བསྔལ ་བ་ཞེས་བྱའོ། །ཡང་ན་རབ་ཏུ་གནས་པ་དང། རྗེས་སུ་འབྲེལ་བའི་སྡུག་བསྔལ་རྣམས་སུ་ཕུང་པོ་ལྔ་འདུས་པས་ན། མདོར་ན་ལེན་པའི་ཕུང་པོ་ལྔ་པོ་རྣམས་ནི་སྡུག་བསྔལ་བ་ཞེས་བྱ་སྟེ། རབ་ཏུ་གནས་པའི་སྡུག་བསྔལ་ནི་རྒ་བ་དང། ན་བ་དང། འཆི་བ་དང། མཛའ་བ་དང་བྲལ ་བ་དང། མི་མཛའ་བ་དང་ཕྲད་པ་དང། གང་འདོད་པ་བཙལ་ནས་མ་རྙེད་པའོ། །རྗེས་སུ་འབྲེལ་བའི་སྡུག་བསྔལ་བའི་སྡུག་བསྔལ་ནི་སྐྱེ་བ་སྟེ། ཚེ་རབས་གཅིག་ནས་ཅིག་ཏུ་སྲིད་པའི་ཡན་ལག། མཚམས་སྦྱོར་བ་རྣམས་དང་འབྲེལ་བའི་ཕྱིར་རོ། །ཡང་ན་སྡུག ་བསྔལ་གྱི་ཁྱད་པར་ནི་ཚད་མེད་པ་བསྐལ་བའི་མཛའ་བརྗོད་ཀྱང་ཟད་པར་མ་ནུས་ཏེ། དེ་བས་ན་མཚན་ཉིད་ཐ་དད་པའི་སྡུག་བསྔལ་མཛའ་མེད་པ་རྣམས་སྤྱིའི་མཚན་ཉིད་དུ་བསྡུ་བར་བྱ་བའི་དོན་དུ་མདོར་ན་ལེན་པའི་ཕུང་ལྔ་རྣམས་ནི་སྡུག་བསྔལ་བ ་ཞེས་བྱ་བ་གསུངས་སོ། །ཡང་མ་མེ་ལྟ་བུར་གྱུར་པ་ནི་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་རྣམས་སོ། །སྐྱེ་བ་ལ་སོགས་པའི་སྡུག་བསྔལ་སྐྱེད་པར་བྱེད་པའི་རྒྱུ་ཞིང་ལྟ་བུར་གྱུར་བ་ནི་ལེན་པའི་ཕུང་པོའི་ལྔ་ཡིན་ཏེ། སྡུག་བསྔལ་ཐམས་ཅད་ཀྱི་རྒྱུ་བྱེད་པའི་ཕྱིར ་ན་ཡང་མདོར་ན་ལེན་པའི་ཕུང་པོ་ལྔ་རྣམས་ནི་སྡུག་བསྔལ་ཞེས་གསུངས་སོ། །ཡང་ན་སྐྱེ་བ་ལ་སོགས་པ་ནི་ས་བོན་གྱི་དངོས་པོ་ལྟ་བུ་ལ་ལེན་པའི་ཕུང་པོ་ལྔ་ནི་ཞིང་ལྟ་བུ་ཡིན་པར་གྱུར་པས་དེའི་ཕྱིར་ཡང་མདོར་ན་ལེན་པའི་ཕུང་པོ་ལྔ་ཞེས་བྱ་བ་ལ ་སོགས་པ་གསུངས་སོ། །ཇི་ལྟ་ཞེ་ན་ཕུང་པོ་འབྱུང་བའི་སྡུག་བསྔལ་ནི་སྐྱེ་བའོ། །ཕུང་པོ་ཡོངས་སུ་སྨིན་པའི་སྡུག་བསྔལ་ནི་རྒ་བའོ། །ཕུང་པོ་ལ་གནོད་པའི་སྡུག་བསྔལ་ནི་ན་བའོ། །ཕུང་པོ་ཞིག་པའི་སྡུག་བསྔལ་ནི་ཤི་བའོ། །ཡིད་དུ་མི་འོང་བའི ་ཕུང་པོ་དང་ཕྲད་པའི་སྡུག་བསྔལ་ནི་མི་མཛའ་བ་དང་ཕྲད་པའོ། །ཡིད་དུ་འོང་བའི་ཕུང་པོ་དང་བྱེ་བའི་སྡུག་བསྔལ་ནི་མཛའ་བ་དང་བྲལ་བའོ། །འདོད་པའི་ཕུང་པོ་དང་མ་ཕྲད་པའི་སྡུག་བསྔལ་ནི་གང་འདོད་པ་བཙལ་ནས་མ་རྙེད་པའོ། །ཅིའི་ཕྱིར་ན་ལེན་པའི་ཕུང་པོ་ལྔ་སྡུག ་བསྔལ་བ་ཞེས་བྱ། །སྨྲས་པ་ཇི་སྲིད་དུ་ལས་དང་ཉོན་མོངས་པས་སྐྱེད་པའི་ཕུང་པོ་ལྔ་ཡོད་ཀྱི་བར་དུ། སྐྱེ་བ་དང། རྒ་བ་དང་ན་བ་དང་འཆི་བ་དང། འཛའ་བ་དང་བྲལ་བ་དང། མི་མཛའ་བ་དང་ཕྲད་པ་དང། གང་འདོད་པ་བཙལ་ནས་མ་རྙེད་པ་དང། མྱ་ངན་དང། སྨྲེ་སྔགས ་འདོན་པ་དང། ཡིད་མི་བདེ་བ་དང། འཁྲུགས་པ་ལ་སོགས་པ་འབྱུང་བའི་ཕྱིར། ལེན་པའི་ཕུང་པོ་ལྔ་རྣམས་སྡུག་བསྔལ་བ་ཞེས་བྱའོ། །བརྒལ་བ་བཅོམ་ལྡན་འདས་ཀྱིས། ཚོར་བ་རྣམ་པ་གསུམ་དུ་བཤད་དེ། བདེ་བའི་ཚོར་བ་དང། སྡུག་བསྔལ་གྱི་ཚོར་བ ་དང། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་གསུངས་ཏེ། བདེ་བའི་ཚོར་བ་དང། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བའི་ཕུང་པོ་རྣམས་སྡུག་བསྔལ་བའི་རང་བཞིན་མ་ཡིན་ན། ཅིའི་ཕྱིར་འདིར་མདོར་ན་ལེན་པའི ་ཕུང་པོ་ལྔ་རྣམས་སྡུག་བསྔལ་ཞེས་གསུངས། ལན་དུ་སྡུག་བསྔལ་རྣམ་པ་གསུམ་གྱིས་འདུས་བྱས་ཐམས་ཅད་ལ་ཁྱབ་པས་ན། ལེན་པའི་ཕུང་པོ་ཐམས་ཅད་སྡུག་བསྔལ་བར་བཤད་དོ། །ཚོར་བ་སྡུག་བསྔལ་དང་ལྡན་པའི་ཕུང་པོ་རྣམས་ལ་ནི་སྡུག ་བསྔལ་གྱི་སྡུག་བསྔལ་གྱིས་ཁྱབ་པའོ། །ཚོར་བ་བདེ་བ་དང་ལྡན་པའི་ཕུང་པོ་རྣམས་ལ་ནི། འགྱུར་བའི་སྡུག་བསྔལ་གྱིས་ཁྱབ་བོ། །ཚོར་བ་བདེ་བ་ཡང་མ་ཡིན་མི་བདེ་བ་ཡང་མ་ཡིན་པའི་ཕུང་པོ་རྣམས་ལ་ནི་རྒྱུ་རྐྱེན་གྱིས་བསྐྱེད་ཅིང། མི་རྟག་པའི་མཚན་ཉིད ་འདུ་བྱེད་སྡུག་བསྔལ་གྱིས་ཁྱབ་པའི་ཕྱིར་རོ། །ཡང་ན་དཔེར་ན་སྲན་མ་ཤའི་ཕུང་པོའི་ནང་ན་མུད་དག་ཅུང་ཟད་ཀྱང་ཡོད་ཀྱང། སྲན་མ་ཤ་ཞེས་བྱ་བ་བཞིན་དུ་ཕུང་པོ་འདི་དག་ལ་བདེ་བ་ཅུང་ཟད་ཡོད་ཀྱང། སྡུག་བསྔལ་མང་པོའི་ཕྱིར་ཕུང་པོ་ཐམས་ཅད ་སྡུག་བསྔལ་བ་ཞེས་བྱའོ། །གཞན་ཡང་མཁས་པ་སུ་ཞིག་འབྲས་བྱུང་བའི་སྡུག་བསྔལ་ཆེན་པོ་ཡུངས་མར་གྱི་བསྐུ་བ་དང་ཕྲུགས་པ་ཙམ་གྱིས་བདེ་བས་འབྲས་བདེ་ཞེས་པ་རྩི་སྟེ། དེ་དང་འདྲ་བར་ཕུང་པོ་ལྔ་སྡུག་བསྔལ་གྱིས ་ཕུང་པོ་ལ?་བདེ་བ་ཅུང་ཟད་ཀྱང་ཡོད་པས་མཁས་པ་སུ་ཞིགས?་པ་དེ་བར་ལྟ། མདོ་གཞན་དག་ལས་སྡུག་བསྔལ་རྣམ་པ་གསུམ་དུ་བཤད་ལ། འདིར་སྡུག་བསྔལ་རྣམ་པ་བརྒྱད་དུ་གསུངས་ན། ཅི་གསུམ་གྱིས་བརྒྱད་བསྡུ་པར་བལྟ་འཕ?་བརྒྱད ་ཀྱིས་གསུམ་བསྡུ་བར་བལྟ། སྨྲས་པ་གསུམ་གྱིས་བརྒྱད་བསྡུ་བར་བལྟ་སྟེ། གང་སྐྱེ་བ་སྡུག་བསྔལ་བ་དང། རྒ་བ་སྡུག་བསྔལ་བ་དང། ན་བ་སྡུག་བསྔལ་བ་དང། རྒ་བ་སྡུག་བསྔལ་བ་དང། ན་བ་སྡུག་བསྔལ་བ་དང། འཆི་བ་སྡུག་བསྔལ་བ་དང། མི་མཛའ་བ་དང་ཕྲད་བ་སྡུག་བསྔལ་བ་རྣམས ་ནི་སྡུག་བསྔལ་གྱི་སྡུག་བསྔལ་བར་བསྡུལ། གང་མཛད་བ་དང་བྲལ་བ་དང། འདོད་པོ་བཙལ་ཏེ་མ་རྙེད་པ་གཉིས་ནི་འགྱུར་བའི་སྡུག་བསྔལ་དུ་བསྡུའོ། །མདོད?་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་བའོ་ཞེས་བྱ་བས། འདུ་བྱེད་ཀྱི་སྡུག ་བསྔལ་བསྟན་ཏོ།། །།ཀུན་འབྱུང་གི་བདེན་པ་བསྟན་པར་བྱ་བའི་ཕྱིར། སྡུག་བསྔལ་ཀུན་འབྱུང་འཕགས་པོའི་བདེན་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཅིའི་ཕྱིར་ན་སྡུག་བསྔལ་གྱི་བདེན་པའི་རྗེས་ལ་ཀུན་འབྱུང་གི ་བདེན་པ་བཤད་ཅེ་ན། འཁོར་བའི་འབྲས་བུའི་ཆོས་ཁོང་དུ་མ་ཆུད་པ་རྣམས་ལ་སྡུག་བསྔལ་གྱི་བདེན་པ་བསྟན་ནས། རྒྱུ་ཁོང་དུ་མ་ཆུད་པ་རྣམས་ལ་རྒྱུ་བསྟན་པར་བྱ་བའི་ཕྱིར། སྡུག་བསྔལ་གྱི་འོག་ཏུ་ཀུན་འབྱུང་གི་བདེན་པ་བཤད་དོ། །ཡང ་ན་འཇིག་རྟེན་པ་འདི་དག་ནི་སྲེད་པའི་བཅིང་བར་མ་པོས་ངམ་དུ་བཅིངས་པ་དང། འཁོར་བའི་འདོན་བར་ལས་ཐར་པར་མ་གྱུར་པོ་སྟེ། འཁོར་བའི་བཙོན་རའི་རྒྱུ་བསྟན་པའི་ཕྱིར། སྡུག་བསྔལ་གྱི་འོག་ཏུ་ཀུན་འབྱུང་གི་བདེན་པ་གསུངས་སོ། །སྲིད་བའི ་ཕུང་པོ་གང་ལས་སྡུག་བསྔལ་གྱི་ཕུང་པོ་ཀུན་འབྱུང་ཞིང་སྐྱེ་བར་འགྱུར་བའི་རྒྱུ་འདོད་ཆགས་ཀྱི་མཚན་ཉིད་སྲེད་པ་ལ་སྡུག་བསྔལ་ཀུན་འབྱུང་བ་ཞེས་བྱ་སྟེ། སྡུག་བསྔལ་གྱི་རྒྱུ་ཞེས་བྱ་བའི་དོན་ཏོ། །སྲེད་པ་དེ་སྡུག་བསྔལ་གྱི་རྒྱུ་ཡིན་བར་འཕགས་པ་རྣམས ་ཀྱི་ཐུགས་སུ་ཆུད་པའམ། སྲེད་བ་སྡུག་བསྔལ་གྱི་རྒྱུ་ཡིན་ནོ་ཞེས་ཁོང་དུ་ཆུད་ན་འཕགས་པ་འགྱུར་ལ། སྲེད་པར་ཡང་སྡུག་བསྔལ་གྱི་རྒྱུ་ཡིན་པར་མ་ནོར་པར་ཕྱིན་ཅི་མ་ལོག་པའི་ཕྱིར་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་ཞེས་བྱའོ།། ་སྲེད་པ་དེ་ཡང་གང་ཞེ་ན། དེའི་ཕྱིར། གང་ཡང་འབྱུང་བ་ཅན་གྱི་སྲེད་པ་དགའ་བའི་འདོད་ཆགས་དང་ལྡན་པ་དེ་ཡང་དེར་མངོན་པར་དགའ་བ་ཞེས་གསུངས་སོ། །དཔེར་ན་སྐྱེས་བུ་ལ་ལ་ཞིག་དཔྱིད་ཀྱི་དུས་ཀྱི་ཉི་མ་ཕྱེད་པའི་ཚེ་ན་རབ་ཏུ་སྐོམ་པས་གདུངས་ཏེ། ་ཆུ་འདོད་པ་ངེས་ཆཝེ?་ཆུལ་རྒྱན་ཏུ་འཐུངས་ཀྱང་ངོམས་པ་མེད་པ་བཞིན་དུ། འདོད་པའི་འདོད་ཆགས་ཅན་རྣམས་ལུས་དང་ལོངས་སྤྱོད་ཡོན་ཏན་དུ་ལྟ་བས་སྲིད་པ་དང་སྲིད་པའི་ཡོད་བྱད་ལ་རྒྱུན་ཏུ་སྤྱོད་ཀྱང་ངོམས་པ་མེད་པ་ནི་སྲིད་པའོ། །ཡང་འབྱུང་བཅན་དང ་དགའ་བའི་འདོད་ཆགས་དང་ལྡན་པ་དང་དེ་དང་དེར་མངོན་པར་དགའ་བའི་ཚིག་རྣམས་ནི་སྲད་བ། དེའི་ཁྱད་པར་རམ་སྲེད་པའི་མིང་ལི་རྣམ་གྲངས་སོ། །དེ་ལ་ཡང་འབྱུང་བ་ནི་མ་འོངས་པའི་ཚེ་རབས་ལ་བྱ་སྟེ། མ་འོངས་པའི་ཚེ་རབས་སྒྲུབ་པའི་དང ་ཚུལ་ཅན་ན་མ། དེ་སྐྱེད་པར་བྱེད་པའི་རང་བཞིན་ནམ་རྒྱར་གྱུར་པ་ལ་ཡང་འབྱུང་བ་ཞེས་བྱའོ། །དགའ་བའི་འདོད་ཆགས་དང་ལྡན་བ་ཞེས་བྱ་བ་ནི། མ་འོངས་པའི་ལུས་དང་ལོངས་སྤྱོད་པ་ཆགས་ཤིང་།ཞེན་པའི་རང་བཞིན་བྱ་བའི་དོན་ཏོ། །དེ་དང? ་དེར་མངོན་པར་དགའ་བ་ཞེས་བྱ་བ་ནི་མ་འདས་པའི་སེམས་ཅན་གྱི་གནས་རྣམ་པ་མང་པོ་ལ་བདག་ལྟར་གྱུར་ཅིག་མིར་གྱུར་ཅིག་ཚང་པར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པའི་སྨོན་ལམ་འདེབས་པའོ། །ཡང་ན་མ་རྙེད་པའི་ཡུལ་ཆོས་པ་དང་སོགས ་པའི་རྒྱུར་གྱུར་པའི་སྲེད་པ་ནི་ཡང་འབྱུང་བ་ཅན་གྱི་སྲེད་པ་ཞེས་བྱའོ། །རྙེད་ཅིང་ཕྲད་པའི་ཡུལ་ལ་ལྷག་པར་དམིགས་ཤིང་མི་འབྲལ་པར་འདོད་པའི་ཕྱིར་བསྲུང་བ་ལ་སོགས་པའི་བྱ་བ་བྱེད་པ་ནམ། དགའ་བའི་འདོད་ཆགས་དང ་ལྡན་པ་ཞེས་བྱའོ། །ཕྲད་པའི་ཡུལ་རྣམས་དང་བྲལ་བས་སྡུག་བསྔལ་བ་རྒྱུར་ཅིང་སྨོན་ལམ་འདེབས་པ་ནི་དེ་དང་དེར་མངོན་པར་དགའ་བ་ཞེས་བྱའོ། །ཡང་ན་བདེ་བའི་ཚོར་བ་དང་ཕྲད་ཅིང་མི་འབྲལ་བར་ཆགས་པ་ནི་ཡང་འབྱུང་བ་ཅན་གྱི་སྲེད ་པ་ཞེས་བྱའོ། །སྡུག་བསྔལ་གྱི་ཚོར་བ་དང་མི་ཕྲད་ཅིང་འབྲལ་བར་འདོད་པ་ནི་དགའ་བའི་འདོད་ཆགས་དང་ལྡན་པ་ཞེས་བྱའོ། །བསམ་གཏན་གྱི་ཚོར་བ་བཏང་སྙོམས་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ལ་ཆགས་པ་ནི ་དེ་དང་དེར་མངོན་པར་དགའ་བ་ཞེས་བྱའོ། །ཡང་ན་མ་རྙེད་པའི་དངོས་པོ་རྣམས་དང་ཕྲད་པར་སྨོན་ལམ་འདེབས་པ་ནི་ཡང་འབྱུང་བ་ཅན་གྱི་སྲེད་པ་ཞེས་བྱའོ། །སྨོན་ལམ་བཏབ་པའི་དངོས་པོ་རྣམས་ལ་ཚོལ་བར་ཞུགས་པ་ནི་དགའ་ ་བའི་འདོད་ཆགས་དང་ལྡན་བ་ཞེས་བྱའོ། །བཅོལ་བ་རྣམས་ནི་འཕེལ་བ་བྱ་བའི་ཕྱིར་ཞུགས་པ་ནི་དེ་དང་དེར་མངོན་པར་དགའ་བ་ཞེས་བྱའོ། །ཡང་ན་རྙེད་པ་དང་མ་རྙེད་པའི་བདག་གི་ཡུལ་དང་དབང་དུ་བྱས་ནས་སྲེད་པ་རྣམས་བཤིར ་གསུངས་ཏེ། དེ་ལ་བདག་གི་ལུས་རྙེད་པ་རྣམས་དང་བྲལ་བར་མི་འདོད་པ་ནི་སྲེད་པའོ་།བདག་གི་ལུས་མ་རྙེད་པ་རྣམས་དང་ཕྲད་ཅིང་ལྡན་བར་འདོད་པ་ནི་ཡང་འབྱུང་བ་ཅན་ནོ། །གཟུགས་ལ་སོགས་པའི་ཡུལ་རྙེད་པ་རྣམས་དང། རྟག ་ཏུ་འགྲོགས་པ་འདོད་བ་ནི་དགའ་བའི་འདོད་ཆགས་དང་ལྡན་པའོ། །གཟུགས་ལ་སོགས་པའི་ཡུལ་མ་རྙེད་པ་རྣམས་དང་ཕྲད་པར་འདོད་པ་ནི་དེ་དང་དེར་མངོན་པར་དགའ་བ་ཞེས་བྱའོ། །བརྒལ་པ། མངོན་པའི་ཆོས་ལས་རྒྱུར ་འདས་པའི་དུས་ཀྱི་ལུས་དང་ལོང་སྤྱོད་རྣམས་ནི་སྲིད་པར་འདོད་པའི་སྲིད་པ་སྐྱེ་བ་དང། མ་འོངས་པའི་ལུས་དང་ལོང་སྤྱོད་ལ་ནི་མངོན་པར་སྨོན་པའི་སྲེད་པ་སྐྱེ་བ་དང། ད་ལྟར་གྱི་ལུས་དང་ལོངས་སྤྱོད་དང་ནི་རྟག་ཏུ་འགྲོགས་པར་སྲེད་པ་སྐྱེ་པའི་ཕྱིར་རོ། །ཁམས་ཐམས་ཅད་དུ་ཁྱབ་པ་ནི་ཁམས་གསུམ ་གྱི་དངོས་པོ་ལ་ཞེན་པར་བྱེད་པའི་ཕྱིར་ཏེ། འདོད་པའི་ཁམས་ན་ནི་སྲེད?་པའི་དབང་གི་འདོད་བའི་ཡོན་ཏན་ལྔ་ལ་ཆགས་པར་བྱེད་པ་དང། གཟུགས་ཀྱི་ཁམས་ནི་ན་སྲེད་པའི་དབང་གིས་བསམ་གཏན་གྱིས་རོ་ལ་ཆགས་པར་བྱེད་པ་དང། གཟུགས་མེད་པའི་ཁམས་ན་ནི། ་སྲེད་པའི་གང་གིས་གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་ཆགས་པར་བྱེད་པའི་ཕྱིར་རོ།། །།འགོག་པའི་བདེན་པ་བསྟན་པར་བྱ་བའི་ཕྱིར། སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེ་བ ་ལ་སོགས་པའི་སྡུག་བསྔལ་བརྒྱད་བྲལ་ཞིང་དེ་དང་མི་ལྡན་བར་གྱུར་པ་ནི་སྡུག་བསྔལ་འགོག་པ་སྟེ། དེ་ལྟར་ཁོང་དུ་ཆུད་པ་འཕགས་པར་འགྱུར་པ་འམ། འཕགས་པ་རྣམས་ཀྱིས་དེ་ལྟར་ཐུགས་སུ་ཆུད་པའི་ཕྱིར་སྡུག་བསྔལ་འགོགས་པ་འཕགས་པའི་བདེན ་པ་ཞེས་བྱ་བ་ལ། མྱ་ངན་ལས་འདས་པ་ལ་ནི་སྡུག་བསྔལ་ཐམས་ཅད་སྤངས་བ་ཡིན་པར་ཕྱིན་ཅི་མ་ལོག་ཅིང་མ་ནོར་བའི་ཕྱིར་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་ཞེས་བྱའོ། །འགོག་པ་དེ་ཡང་རྣམ་པ་གཉིས་ཏེ། སོ་སོར་མ་བརྟགས་ཏེ་འགོག་པ་དང། ་སོ་སོར་བརྟགས་ཏེ་འགོག་པའོ། །དེ་ལ་སོ་སོར་མ་རྟགས་ཏེ་འགོག་པ་ནི་རྡོ་རྗེ་གནམ་དུ་འཕངས་པ་ཐུར་དུ་ལྟ་བ་དང་འདྲ་བར་སྐད་ཅིག་མ་རེ་རེ་ལ་སྐྱེ་ཞིང་གང་གིས་ཀྱང་མ་བཅོམ་པར་རང་གིས་འཇིག་པའོ། །སོ་སོར་བརྟབས?་ཏེ་འགོག་པ་ནི་འཕགས་པའི་བདེན་པ་རྟོགས ་བའི་ཤེས་རབ་ཀྱི་མེས་ཉོན་མོངས་པའི་ཤེས་བསྲེགས་ནས། ཁམས་གསུམ་དུ་མི་སྐྱེ་བར་གྱུར་པ་སྟེ། འདིར་ནི་སོ་སོར་བརྟགས་ཏེ་འགོག་པ་ལ་བྱ་བར་དགོངས་པའོ། །འགོག་པའི་བདེན་པ་ཡང་དོན་བཅུ་གཅིག་གིས་བསྟན་ཏེ། མཚན་ཉིད་ཟབ་པ་དང། ཐ་སྙད ་བའི་རྣམ་པར་ཤེས་བ་ཞེས་བྱའོ། །གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་ནི་རྣམ་པར་ཤེས་པ་བདེ་བའི་ཚོར་བ་ལ་བརྟན་པས་ན། ཚོར་བ་ཉེ་བར་སོང་བའི་རྣམ་པར་ཤེས་པ་ཞེས་བྱའོ། །གཟུགས་མེད་པའི་ཁམས་ནམ་མཁའ་མཛའ་ཡས་སྐྱེ་མཆེ ་དང། རྣམ་ཤེས་མཛའ་ཡས་སྐྱེ་མཆེ་དང། ཅུང་ཟད་མེད་སྐྱེ་མཆེད་ནི་རྣམ་པར་ཤེས་པ་ནམ་མཁའ་མཛའ་ཡས་སོ་ཞེས་བྱ་བ་ལ་སོགས་པ་དམིགས་པའི་འདུ་ཤེས་ལ་བརྟེན་པས་འདུ་ཤེས་སུ་ཉེ་བར་སོང་བའི་རྣམ་པར་ཤེས་པ་ཞེས་བྱའོ། །སྲིད་པའི་རྩེ་མོའི་དུ་ཤེས་མེད ་འདུ་ཤེས་མེད་མིན་སྐྱེ་མཆེད་ན་ནི། རྣམ་པར་ཤེས་པ་འདུ་བྱེད་སེམས་དང་ལྡན་པ་དང། སེམས་དང་ལྡན་མི་ལྡན་བ་ལ་བརྟེན་བས་ན། འདུ་བྱེད་དུ་ཉེ་བར་སོང་བའི་རྣམ་པར་ཤེས་པ་ཞེས་བྱའོ། །ས་བོན་གྱི་རིགས་ལྔ་དང། །ས་བོན་གྱི་ས་བོན་དང་རྩ་བའི ་ས་བོན་དང། སྡོང་བུའི་ས་བོན་དང། མགོ་ཐོགས་ཀྱི་ས་བོན་དང། ས་བོན་ནོ། །ལན་དུ་སྨྲས་པ་དང། མདོ་འདི་ལས་ཀུན་འབྱུང་གི་སྲེད་པ་འབའ་ཞིག་ལ་ཀུན་འབྱུང་གི་བདེན་པར་བཤད་པ་ནི། ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཀྱི་རྒྱུའི་གཙོ་བོའི་དབང་དུ་བྱས་ནས་གསུངས ་པ་ཡིན་ཏེ། །རྒྱུའོ་གཙོ་བོ་ནི་སྲེད་བ་ཡིན་ནོ། །ཇི་ལྟར་གཙོ་བོ་ཡིན་ཞེ་ན། སྲེད་པ་འདི་གནས་ཐམས་ཅད་དུ་ཁྱབ་པ་དང། དུས་ཐམས་ཅད་དུ་ཁྱབ་པ་དང། ཁམས་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །གནས་ཐམས་ཅད་ལ་ཁྱབ་པ་ནི། རྟག་ཏུ་ཚོར་བ་རྣམ་གསུམ་གྱི་རྗེས་སུ་འབྲང ་པ་སྟེ། ཇི་ལྟ་ཞེ་ན་སྡུག་བསྔལ་གྱི་ཚོར་བ་དང་ཕྲད་པའི་དུས་ན་ནི། དེ་དང་འབྲལ་བར་འདོད་བའི་སྲེད་པ་སྐྱེ་ཞིང་མ་ཕྲད་པའི་དུས་ན་ནི་ཡང་མི་ཕྲད་བར་འདོད་པའི་སྲེད་པ་སྐྱེ་བ་དང། བདེ་བའི་ཚོར་བ་དང། ཕྲད་པའི་དུས་ན་ནི་ཡང་དེ་དང་མི་འབྲལ་བར་འདོད་པའི་སྲེད་པ་སྐྱེ་བ་དང། ་དེ་དང་བྲལ་བའི་དུས་ན་ནི་ཡང་ཕྲད་པར་འདོད་པའི་སྲེད་པ་སྐྱེ་བ་དང། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བའི་དུས་ན་ནི། ཀུན་ཏུ་གཏི་མུག་སྐྱེ་བའི་ཕྱིར་རོ། དུས་ཐམས་ཅད་ལ་ཁྱབ་པའི་སྲེད་པ་ནི། དུས་གསུམ་གྱི་རྗེས་སུ་འབྲང་བར་བྱེད་པའི་ཕྱིར་ཏེ། ་ལམ་གྱིས་ཉོན་མོངས་པ་རྩ་བ་ནས་བཅོམ་སྟེ། གང་ལན་ཅིག་བཅོམ་པ་དེ་ཕྱིར་མི་སྐྱེ་བས་ན་དོན་དམ་པའི་འགོག་པ་ཞེས་བྱའོ། །ཇི་ལྟར་ཡོངས་སུ་མ་རྫོགས་པ་ཞེན། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པ་དང། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པ་དང། ཕྱིར་མི་འོང་བའི་འབྲས་བུ ་ཐོབ་སྟེ། གང་ཟག་སློབ་པ་རྣམས་ཀྱིས་ཉོན་མོངས་པ་སྤང་པ་ན། ཉོན་མོངས་པ་མ་ལུས་པར་སྤངས་པ་ཡིན་པས། ཡོངས་སུ་མ་རྫོགས་པའི་འགོག་པ་ཞེས་བྱའོ། །ཇི་ལྟར་ཡོངས་སུ་རྫོགས་པ་ཡིན་ཞེ་ན། མི་སློབ་པའི་གང་ཟག་དགྲ་བཅོམ་པའི་འབྲས་བུ་ཐོབ་པ ་རྣམས་ཀྱིས་ཏེ། དེས་ཉོན་མོངས་པ་ཐམས་ཅད་སྤངས་པས་ན། ཡོངས་སུ་རྫོགས་པའི་འགོག་པ་ཞེས་བྱའོ། །ཇི་ལྟར་ན་རྒྱན་མེད་པ་ཡིན་ཞེ་ན། ཤེས་རབ་རྣམ་པར་གྲོལ་བའི་དགྲ་བཅོམ་པ་རྣམས་ཀྱི་འགོག་པ་ནི། མངོན་པར་ཤེས་པ་དྲུག་གི་ཁྱེད་པར་བྱེ ་བྲག་མེད་པས། རྒྱན་མེད་པའི་འགོག་པའོ། །ཇི་ལྟར་རྒྱན་དང་བཅས་པ་ཡིན་ཞེ་ན་བསམ་གཏན་དང་ཤེས་རབ་ཀྱི་ཆ་གཉི་ག་ལས། རྣམ་པར་གྲོལ་པའི་དགྲ་བཅོམ་པ་རྣམས་ཀྱི་འགོག་པ་སྟེ། དེ་དག་རིགས་པ་གསུམ་དང། མངོན་པར་ཤེས་པ་དྲུག་ལ ་སོགས་པའི་ཡོན་ཏན་དང་ལྡན་པས་ན། རྒྱན་དང་བཅས་པའི་འགོག་པ་ཞེས་བྱའོ། །ཇི་ལྟར་ལྷག་མ་དང་བཅས་པ་ཞེན། རུང་བའོ་ལྷག་མ་མ་སྦངས་པ་མྱ་ངན་ལས་འདས་བ་སྟེ། ཕུང་པོ་ལྔའི?་ལྷག་མ་མེད་པ་གང་ཞེན། ད་དུང་མེད་པའི་ཕྱིར་རོ། །ཇི་ལྟར་ལྷག་མ་མེད་པ་ཞེ་ན། ཕུང་པོ་ལྷག་མ་མ་ལུས་པར་མྱ་ངན ་ལས་འདས་པ་སྟེ། ཕུང་པོ་ཙམ་ཡང་སྤངས་པའི་ཕྱིར་རོ། །ཇི་ལྟར་རྣམ་གྲངས་ཀྱིས་ཤེ་ན། དེའི་ཕྱིར་མདོ་ལས་གང་དེའི་ཡང་འབྱུང་བ་ཅན་གྱི་སྲེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་དེའི་ཞེས་བྱ་བ་ནི་ཉོན་མོངས་པ་མ་ལུས་པར་སྤངས་པའི་འཕགས ་པ་དགྲ་བཅོམ་པ་དེའི་སྟེ། དེའི་ཡང་འབྱུང་བ་ཅན་གྱི་སྲེད་པ་ལ་སོགས་པ་མ་ལུས་པར་སྤངས་པ་དེ་ནི། འགོག་པའི་བདེན་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །སྨྲས་པ། མ་ལུས་པར་སྤངས་པ་ལ་སོགས་པའི་ཚིག་འདི་དག་ལ་ཁྱད་པར་ཅི་ཡོད། སྨྲས་པ ་དང། དོན་དམ་པ་དང། ཡོངས་སུ་མ་རྫོགས་པ་དང། ཡོངས་སུ་རྫོགས་པ་དང། རྒྱན་མེད་པ་དང། རྒྱན་དང་བཅས་པ་དང། ལྷག་མ་ཡོད་པ་དང། ལྷག་མ་མེད་པ་དང། རྣམ་གྲངས་སོ། །ཇི་ལྟར་མཚན་ཉིད་ཤེ་ན། དེ་བཞིན་ཉིང་དང། ལས་དང་ཉོན ་མོངས་པ་མི་སྐྱེ་བ་ནི་འགོག་པའི་མཚན་ཉིད་དེ། དེ་བཞིན་ཉིད་ནི་གང་ཟག་ལ་བདག་མེད་པའོ། །ལམ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དོ། །ཉོན་མོངས་པ་མི་སྐྱེ་བ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོང་ལྷག་ཅིག་སྤངས་ནས་ཕྱིས་མི་འབྱུང་བ་སྟེ། དེས་གང ་དུ་འགགས་པ་དང། གང་གིས་འགགས་བ་དང། གང་འགགས་པ་མི་འགོག་པའི་མཚན་ཉིད་ཡིན་པར་བཤད་དོ། །དེ་ལ་གང་དུ་འགགས་པ་ནི་གང་ཟག་ལ་བདག་མེད་པར་ཁོང་དུ་ཆུད་པས་མྱ་ངན་ལས་འདས་པའི་གནས་སུ་འགོག་གོ་།གང་གིས་འགགས་པ་ནི ་ལམ་གྱི་བདེན་པས་འགགས་སོ། །གང་འགགས་པ་ནི་ཉོན་མོངས་པའི་ཚོགས་འགགས་སོ། །དེ་བས་ན་འགོག་པའི་དབང་དུ་མཛད་ནས། །བཅོམ་ལྡན་འདས་ཀྱིས་མིག་དང་རྣམ?་བ་དེ་བཞིན་སྣ། །ལྕེ་དང་ལུས་ཡིད་དེ་བཞིན་དེ། །གང་དུ་མིང་དང་གཟུགས་ལ་སོགས། ་མ་ལུས་པར་ནི་འགག་གྱུར་བའོ། །ཞེས་གསུངས་སོ། །ཇི་ལྟར་ཟབ་པ་ཡིན་ཞེ་ན། འདུ་བྱེད་དེ་དག་འགགས་པ་ལས་འགོག་པ་དེ་གཞན་ཞེས་ཀྱང་བརྗོད་དུ་མི་རུང། གཞན་མ་ཡིན་ཞེས་ཀྱང་བརྗོད་དུ་མི་རུང་བའི་ཕྱིར་རོ། ཇི་ལྟ་ཞེ་ན། གལ་ཏེ་འདུ་བྱེད་རྣམས ་ལས་འགོག་པ་གཞན་དུ་གྱུར་ན་ནི། འདུ་བྱེད་འགགས་པའི་ཆོས་འགོག་པ་མ་ཡིན་པར་འགྱུར་རོ། །གལ་ཏེ་འདུ་བྱེད་རྣམས་ལས་འགོག་པ་གཞན་མ་ཡིན་ན་ཡང། འགོག་པ་དེ་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དུ་འགྱུར་ཏེ། དེ་བས་ན་གཉིས ་མ་ཡིན་ཞེས་བརྗོད་དོ། །ཇི་ལྟར་ཐ་སྙད་ཀྱིས་ཤེ་ན། གང་འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པ་བཀག་པ་རྣམས་ཐང་ཅིག་འགགས་ཀྱང་ཕྱིས་སྐྱེ་བས་ན། དེ་ནི་ཐ་སྙད་ཀྱི་འགོག་པ་ཞེས་བྱའོ། ཇི་ལྟར་དོན་དམ་པར་ཞེ་ན། འཇིག་རྟེན་ལས་འདས་པའི ་གྱུར་པའི་ཕུང་པོ་ལྔ་ལ་ཀུན་འབྱུང་གི་དབེན་བ་ཞེས་བཤད་པའམ། ལས་དང་ཉོན་མོངས་པ་ལ་ཀུན་འབྱུང་གི་བདེན་པ་ཞེས་བཤད་དེ། དེར་ཡང་ཅི་མངོན་ཞེ་ན། མདོ་ལས་སྡུག་བསྔལ་དང་ཀུན་འབྱུང་དང། འཇིག་རྟེན་དང། ལྟ་བའི་གནས་དང། སྲིད་བ ་ཞེས་བྱ་བ་ནི་མིང་གི་རྣམ་གྲངས་སོ་ཞེས་གསུངས་པའི་ཕྱིར་ཏེ། འདིའི་དོན་ཁྱད་འབྲས་བུར་གྱུར་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་ལོ། །རྒྱུར་གྱུར་པའི་ཕུང་པོ་ལྔ་ནི་ཀུན་འབྱུང་ངོ། །ཕུང་པོ་ལྔ་ནི་འཇིག་པའི་རང་བཞིན་ཡིན་པས་འཇིག་རྟེན་ནོ། །སེམས་ཅན་རྣམས་ཕུང ་པོ་ལྔ་ལ་བདག་ཏུ་ལྟ་བས་ན་ལྟ་བའི་གནས་སོ། །ཚེ་གཅིག་ནས་གཅིག་ཏུ་འཕོ་ཞིང་སྐྱེ་བར་བྱེད་པས་ན་སྲིད་པའོ། །ཡང་གསུངས་པ་ལས་དང་སྲེད་པ་ནི་མ་རིག་པ། འདུ་བྱེད་མ་འོངས་པའི་རྒྱུ་ཞེས་བཤད་པ་ལ་མདོ་འདི་ལས་སྲིད་པ་ཉི་ཚེ་ལ་ཀུན་འབྱུང་དུ ་བཤད་པས། མང་གཞན་དང་འགལ། ཡང་མདོ་དེ་ཉིད་ལས་བཤད་པ། དགེ་སློང་དགེ་ས་བོན་གྱི་རིགས་ལྔ་པོ་འདི་དག་མ་གྲབས་པ་དང། མ་ཞིགས?་པ་དང། མ་རུལ་བ་དང། རླུང་ལ་སོགས་པས་ཉམས་པར་མ་གྱུར་པ་དང། ལེགས་པར་བཏབ་པ་ཡང་ཡིན ་ལ། སའི་ཁམས་ཀྱང་ཡོད་པ་དེ་བཞིན་དུ། ཆུ་དང་མེ་དང་རླུང་གི་ཁམས་ཀྱང་ཡོད་ན། དེ་ལྟ་ན་ནི་ས་བོན་དེ་དག་འཕེལ་བ་དང་རབ་ཏུ་འཕེལ་བ་དང། རྒྱ་ཆེན་པོར་འགྱུར་རོ། །དེ་དང་འདྲ་བར་དགེ་སློང་དག་དོན་འདི་ཁོང་དུ་ཆུད་པར་བྱ་བའི་ཕྱིར་འདི་ནི?་?་ཞེས ་པ་སྟེ། ས་བོན་གྱི་རིགས་ལྔ་ཞེས་བྱ་བའི་དོན་ཉེ་བར་ལེན་པའི་ཕུང་པོ་ལྔ་ཞེས་བྱ་བའི་ཚིག་བླ་དགས་སོ། །སའི་ཁམས་ཞེས་བྱ་བ་ལ་སོགས་པའི་རྣམ་པར་ཤེས་པའི་གནས་བཞིའི་ཆིག་བླ་དགས་ཏེ། རྣམ་པར་ཤེས་པའི་གནས་བཞིའི་གཟུགས་ཡང་ཉེ་བར ་སོང་བའི་རྣམ་པར་ཤེས་པ་དང། ཚོར་བར་ཉེ་བར་སོང་བའི་རྣམ་པར་ཤེས་པ་དང། འདུ་ཤེས་སུ་ཉེ་བར་སོང་བའི་རྣམ་པར་ཤེས་པ་དང། འདུ་བྱེད་དུ་ཉེ་བར་སོང་བའི་རྣམ་པར་ཤེས་པའོ། །དེ་ལ་འདོད་པའི་ཁམས་ནི་རྣམ་པར་ཤེས་པ་གཟུགས་ལ་རྟེན་ནས་གཟུགས་སུ་ཉེ་བར་སོང ་འདི་ནི་མྱ་ངན་ལས་འདས་པའི་མིང་གི་རྣམ་གྲངས་ཡིན་ཏེ། ཁྱད་པར་མེད་ཀྱང་འདུལ་བའི་སྣོད་ཀྱི་དབང་གིས་མིང་དེ་དང་དེ་དག་ཏུ་བཏགས་སོ། །མ་ལུས་པར་སྤངས་པ་ནི། འཕགས་པའི་ལམ་གྱིས་སྲེད་པ་སྤངས་ནས་དེ་དང་བྲལ་བ་ཐོག ་པ་སྟེ། དེ་བས་ན་བཅོམ་ལྡན་འདས་ཀྱིས་ཀྱང། གང་འཕགས་པའི་ལམ་གྱིས་སྤངས་པ་ནི། ཡང་དག་པར་སྤངས་པ་ཡིན་ནོ། །ཞེས་གསུངས་པ་ལྟ་བུའོ། །འཇིག་རྟེན་པའི་ལམ་གྱིས་སྤངས་པ་ནི། བྲལ་བའི་རྙེད་པ་ཐོབ་པ་མེད་པས་ན། ཕྱིས་སྐྱེ་བའི ་ཕྱིར་མ་ལུས་པ་སྤངས་པ་ཡིན་ནོ། །སོ་སོར་སྤངས་པ་ནི་ཉོན་མོངས་པའི་ཐམས་ཅད་མེད་པར་བྱས་པ་སྟེ། ཉོན་མོངས་པའི་བག་ལ་ཉལ་སྤངས་ཞེས་བྱ་བའི་དོན་ཏོ། །འཇིག་པར་གྱུར་པ་ནི་ཉོན་མོངས་པའི་ཐོབ་པ་སྤངས་པས། འཁོར་བ་མཐར ་ཕྱིན་པ་སྟེ། འཁོར་བའི་ཆོས་དང་མི་ལྡན་པར་གྱུར་པའོ། །ཟད་པ་ནི་འདོད་ཆགས་ལ་མ་གཏོགས་པའི་ཉོན་མོངས་པ། ཁོང་ཁྲོ་བ་དང་ང་རྒྱལ་དང། མ་རིགས་པ་ལ་སོགས་པ་སྤངས་པའོ། །འདོད་ཆགས་དང་བྲལ་བ་ནི་འདོད་ཆགས་མ་ལུས་དང ་སྤངས་པ་སྟེ། མེད་པར་བྱས་པའོ། །འགོག་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ཟག་པ་དང་བཅས་པའི་མཚན་ཉིད་སྤངས་ནས་མེད་པར་བྱས་པའོ། །ཉེ་བར་ཞི་བ་ནི་སྐྱེ་བ་དང། རྒ་བ་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་མེད་པར་བྱས་པའོ། །ནུབ ་པ་ནི་ཚེ་རབས་གཅིག་ནས་གཅིག་ཏུ་མཚམས་སྦྱོར་བའི་རྒྱུན་བཅད་པ་སྟེ། དེ་ལྟར་གྱུར་པ་དེ་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་ཞེས་བྱའོ། །ཡང་ན་འདོད་པའི་ཁམས་ཀྱི་ཉོན་མོངས་པའི་བག་ལ་ཉལ་ཐམས་ཅད་སྤངས་པས། མ་ལུས ་པར་སྤངས་པ་ཞེས་བྱའོ། །གཟུགས་ཀྱི་ཁམས་ཀྱི་ཉོན་མོངས་པའི་བག་ལ་ཉལ་ཐམས་ཅད་སྤངས་པས། སོ་སོར་སྤངས་པ་ཞེས་བྱའོ། །གཟུགས་མེད་པའི་ཁམས་ཀྱི་ཉོན་མོངས་པའི་བག་ལ་ཉལ་མ་ལུས་པར་སྤངས་པས་འཇིག་པར་གྱུར་པ ་ཞེས་བྱའོ། །ཉོན་མོངས་པ་གང་སྤངས་པ་རྣམས་ཕྱིས་སྐྱེ་བ་མེད་པས་ཟད་པ་ཞེས་བྱའོ། །སླར་ཡང་ཁམས་གསུམ་གྱི་དངོས་པོ་ལ་ཆགས་ཤིང་ཞེན་པ་མི་འབྱུང་བས། འདོད་ཆགས་དང་བྲལ་བ་ཞེས་བྱའོ། །ད་ལྟར་གྱི་ཉེ་བར་ལེན་པའི་ཕུང་པོ་རྣམས་ཀྱང ་འདོར་བར་འགྱུར་བས་འགོག་པ་ཞེས་བྱའོ། །ཉེ་བར་ལན་པའི་ཕུང་པོ་རྣམས་པོར་བས་ཉེ་བར་ཞི་བར་ཞེས་བྱའོ། །མ་འོངས་པའི་ཕུང་པོ་སྐྱེ་བ་མེད་པས་ནུབ་པ་ཞེས་བྱའོ། །ཡང་ན་མ་ལུས་པར་སྤངས་པ་ཞེས་བྱ་བ་ནི་མོད་ཙམ་དུ་བཞག་པ་སྟེ་སོ་སོར་སྤངས་པ་ལ ་སོགས་པའི་ཚིག་ལྷག་མ་དེའི་བཤད་པའོ། །སྲེད་པའི་བག་ལ་ཉལ་སྤངས་པས་སོ་སོར་སྤངས་པའོ། །བག་ལ་ཉལ་སྤངས་པའི་ཕྱིར་ཉོན་མོངས་པ་མངོན་དུ་འབྱུང་བ་ལ་སྤྱོད་པ་མེད་པས་འཇིག་པར་གྱུར་པ་སྟེ། དེ་བས་ན་ཟད་པ་ཞེས་བྱའོ། །ཉོན་མོངས་པའི ་དངོས་པོ་ཐམས་ཅད་ལ་སྐྱོན་དུ་ལྟ་བས། འདོད་ཆགས་དང་བྲལ་བའོ། །ཉོན་མོངས་པ་རྒྱུན་དུ་འབྱུང་བའི་རྒྱུན་ཆད་པས་འགོག་པའོ། །ཐར་པའི་མཚན་ཉིད་ཐོབ་པས་ཉེ་བར་ཞི་བའོ། །བདག་ཏུ་འཛིན་པ་དང་བྲལ་བས་ནུབ་པའོ། །ཡང་ན་མ་ལུས་པར་སྤངས ་པ་ནི་འདོར་བཞག་པ་སྟེ། ལྷག་མ་རྣམས་ཀྱང་དེའི་བཤད་པའོ། །ཇི་ལྟར་མ་ལུས་པར་སྤངས་པ་ཡིན་ཞེ་ན། སོ་སོར་སྤངས་པ་ལ་སོགས་པའི་ཕྱིར་མ་ལུས་པར་སྤངས་པའོ། །ཉོན་མོངས་པ་ཀུན་ནས་བཀྲིས་པ་མངོན་དུ་སྤྱོད་པ་རྣམས་མི་འབྱུང་ཞིང། བྱུང་བ ་ཡང་སྤོང་བར་བྱེད་པས་ན། སོ་སོར་སྤངས་པའོ། །ཉོན་མོངས་པའི་བག་ལ་ཉལ་རྩ་ནས་ཕྱུང་སྟེ། ཅུང་ཟད་ཀྱང་མེད་པར་བྱས་པས་ན། འཇིག་པར་གྱུར་པའོ། །དེ་ཡང་མཐོང་བའི་ལམ་དང་བསྒོམ་པའི་ལམ་སྟེ། གཉེན་པོ་རྣམ་པ་གཉིས་ཀྱི་སྒོ་ནས་ཟད་པ་དང ་འདོད་ཆགས་དང་བྲལ་བ་ཞེས་རྣམ་པ་གཉིས་སུ་བཞག་གོ་།མཐོང་བའི་ལམ་གྱིས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པ་ནི་ཟད་པ་ཞེས་བྱའོ། །བསྒོམ་པའི་ལམ་གྱིས་བསྒོམ་པར་བྱ་བའི་ཉོན་མོངས་པ་རྣམས་སྤངས་ནས། ཁམས་གསུམ་གྱི ་ཆགས་པ་ཐམས་ཅད་དང་བྲལ་བ་ནི། འདོད་ཆགས་དང་བྲལ་བ་ཞེས་བྱའོ། །དེ་ལྟར་མཐོང་བ་དང། བསྒོམ་པའི་ཉོན་མོངས་པ་སྤངས་པས། མ་འོངས་པ་ན་ཕུང་པོ་ལྔ་སྐྱེ་བའི་རྒྱུན་མེད་པར་བྱས་པས་ན། འགོག་པ་ཞེས་བྱའོ། ་མཐོང་བའི་ཆོས་ཉིད་ལ་ཡང་ཡིད་མི་བདེ་བ་ལ་སོགས་པ། སེམས་ལ་གནོད་པ་ཐམས་ཅད་མི་འབྱུང་བས་ཉེ་བར་ཞི་བར་ཞེས་བྱའོ། །ཚེ་རབས་སྔ་མའི་ཤུགས་ཀྱིས་འཕངས་པའི་ཕུང་པོ་སྡུག་བསྔལ་སྣ་ཚོགས་ཀྱི་བཞིར་གྱུར་པ་འདི ་ཡང་མེད་པར་འགྱུར་བས་ནུབ་པ་ཞེས་བྱའོ། །ལམ་གྱི་བདེན་པ་བསྟན་པར་བྱ་བའི་ཕྱིར། སྡུག་བསྔལ་ལ་འགོག་པར་འགྲོ་བའི་ལམ་གྱི་འཕགས་པའི་བདེན་པ་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་གོང་དུ་བཤད་པའི་སྡུག ་བསྔལ་བརྒྱད་རྣམས་འགགས་པ་སྡུག་བསྔལ་འགོགས་པ་སྟེ། མྱ་ངན་ལས་འདས་པའོ། །དེ་ཐོབ་པར་བྱེད་པའམ་དེར་ཕྱིན་པར་བྱེད་པའི་ལམ་ལ། སྡུག་བསྔལ་འགོག་པའི་ལམ་ཞེས་བྱ་སྟེ། དེ་ཡང་འོག་ནས་ཡང་དག་པའི་ལྟ་བ ་ལ་སོགས་པ། འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ཡིན་པར་བཤད་དོ། །ལམ་དེ་དགེ་བའི་རང་བཞིན་ཡིན་པས་ན། འཕགས་པ་ཞེས་བྱ་བ་འམ། ལམ་དེ་ཉོན་མོངས་པའི་གཉེན་པོར་གྱུར་པས་ན་འཕགས་པ་ཞེས་བྱ་བ་འམ། འཕགས ་པ་རྣམས་ཀྱི་བཤད་པའི་ལམ་ཡིན་པའི་ཕྱིར། འཕགས་པ་ཞེས་བྱ་བ་འམ། ལམ་དེ་ལ་གནས་ན་འཕགས་པར་འགྱུར་བའི་ཕྱིར། འཕགས་པའི་ལམ་སྟེ། ལམ་དེས་ཉོན་མོངས་པ་སྤོངས་པ་དང། མྱ་ངན་ལས་འདས་པ་ཐོབ ་པར་བྱེད་པ་མ་ནོར་ཅིང་ཕྱིན་ཅི་མ་ལོག་པའི་ཕྱིར། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་གྱི་འཕགས་པའི་བདེན་པ་ཞེས་བྱའོ། །ལམ་གྱི་དོན་ནི་ཚོལ་བ་ལ་ཡང་བྱ་སྟེ། ལམ་འདིས་རྣལ་འབྱོར་པ་རྣམས། མྱ་ངན་ལས་འདས་པ་དང། ་དགེ་སྦྱོང་གི་འབྲས་བུ་ཚོལ་པའི་ཕྱིར་ལམ་ཞེས་བྱའོ། །ཡང་ན་ལམ་གྱི་དོན་ནི་འགྲོ་པའི་དོན་ལ་བྱ་སྟེ། དཔེར་ན་འཇིག་རྟེན་ན་ལམ་འདིས་མཐོ་རིས་ཀྱི་གྲོང་ཁྱེར་དུ་འགྲོའོ་ཞེས་བྱ་བ་བཞིན་དུ། འཕགས་པའི་ལམ་གྱི་ཡན་ལག་བརྒྱད་འདིས་ཀྱང་མྱ་ངན་འདས ་པའི་གྲོང་ཁྱེར་དུ་ཕྱིན་ཅིང་འགྲོ་བར་བྱེད་པས་ན་ལམ་ཞེས་བྱའོ། །དེ་དངོས་གང་ཡིན་པ་བསྟན་པར་བྱ་བའི་ཕྱིར། ཡང་དག་པའི་ལྟ་བ་ལ་སོགས་པ་འཕགས་པའི་ལམ་གྱི་ཡན་ལག་འདི་ཉིད་དོ་ཞེས་བྱ་བ་གསུངས་ཏེ། ཡང་དག་པའི་ལྟ་བ་ནི། འཇིག ་རྟེན་གྱི་ཡང་དག་པའི་ལྟ་བ་དང། འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་གཉིས་ལས། འདིར་འཕགས་པ་ཞེས་བྱ་བའི་ཚིག་སྨོས་པ་ན། ཟག་པ་མེད་པ་ལ་བྱ་བའི་ཕྱིར། འཇིག་རྟེན་གྱི་ཡང་དག་པའི་ལྟ་བ་ལ་ནི་མི་བྱའོ། འཇིག་རྟེན་ལས་འདས ་པའི་ཡང་དག་པའི་ལྟ་བ་ལ་བྱ་སྟེ། སོགས་པའི་སྒྲས་ནི། ཡང་དག་པའི་རྟོག་པ་དང། དག་ལ་སོགས་པ་ཡང་བསྡུའོ། །ཡན་ལག་ཅེས་བྱ་བ་ནི་ཆ་ལ་བྱ་བའམ་གྲོགས་སུ་གྱུར་པ་ལ་བྱ་སྟེ། ཆ་བརྒྱད་དམ་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི ་རྒྱུ་དང། གྲོགས་བརྒྱད་ཅེས་བྱ་བའི་དོན་ཏོ། །འདི་ཉིད་དོ་ཞེས་བྱ་བ་ནི་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་འོག་ནས་སྙེགས་སོ། །བརྒལ་བ་འགོག་པའི་བདེན་པ་བསྟན་པའི་སྐབས་སུ། སྲེད་པ་མ་ལུས་པར་བཀག་པ། འགོག་པ་ཡིན་པར་བཤད ་ལ། འདིར་ལི?་གྱི་བདེན་པ་བསྟན་པའི་སྐབས་སུ། སྡུག་བསྔལ་འགོག་པའི་བདེན་པ་ཡིན་པར་བཤད་པས། སྔ་ཕྱིར་འགལ་ལོ་ཞེས་ཟེར་བའི་ལན་དུ་སྨྲས་པ། འདི་ལྟར་མེ་བས་?་ན་དུ་པ་མི་འབྱུང་བ་བཞིན་དུ། སྲེད་པའི་མཚན་ཉིད་ཀྱི་རྒྱ་བཀག?། ་འབྲས་བུའི་མཚན་ཉིད་ཀྱི་སྡུག་བསྔལ་པ་འགག་པར་འགྱུར་བས། མྱ་ངན་ལས་འདས་པའི་ཚེ། སྡུག་བསྔལ་ཡང་མེད་པར་འགྱུར་བའི་ཕྱིར། སྡུག་བསྔལ་འགོག་པ་ཞེས་བྱ་བ་བཤད་པ་དེ་ཉེས་པ་མེད་དོ། །བརྒལ་བ་ཡན་ལག་གི ་གཙོ་བོ་ཡོད་ན། འདོད་ཡན་ལག་ཅེས་བརྗོད་པར་བྱ་སྟེ། འཕགས་པའི་ལི་གྱི་ཡན་ལག་བརྒྱད་ལ་ཡན་ལག་གི་གཙོ་བོ་གང་ཡིན་ནོ། །འདི་དག་ལ་ཡན་ལག་ཅེས་བརྗོད། སྨྲས་པ། ཡང་དག་པའི་ལྟ་བ་ནི། ལམ་གྱི་ཡན་ལག་གི་གཙོ་ཡང་ཡིན་ལ། ཡན་ལག་ཀྱང ་ཡིན་པས་ན། ཡན་ལག་གི་གཙོ་བོ་དང། ཡན་ལག་རྣམ་པ་གཉིས་སུ་བཞག་གོ་།ཡང་དག་པའི་རྟོག་པ་ལ་སོགས་པ་ལྷག་མ་བདུན་ནི། དེའི་གྲོགས་སུ་གྱུར་པས། ཡན་ལག་འབའ་ཞིག་ཏུ་རྣམ་པར་བཞག་གོ་།འཕགས་པའི་ལམ་གྱི་ཡན་ལག་བརྒྱད ་ཀྱི་དོན་གསལ་བར་བྱ་བའི་ཕྱིར། དཔེ་སྨྲས་པ། འདི་ལྟར་སྐྱེས་བུ་ལ་ལ་ཞིག་ཅེས་བྱ་བ་ལ་སོགས་པའོ། །སྐྱེས་བུ་ལ་ལ་ཅིག་ཅེས་བྱ་བ་ནི། སྐྱེས་བུ་གང་ཡང་རུང་བ་འབའ་ཞིག་གོ་།རིམས་ཀྱིས་བཏབ་ནས་ཞེས་བྱ་བ་ནི། ཆ་བའི་ནད་ཀྱིས་བཏབ་པའོ།། ་སྨན་པ་མཁས་པར་བསྔགས་པ་ཞེས་བྱ་བ་ནི། སྨན་དཔྱད་ཀྱི་གཙུག་ལག་ཀུན་ལ་མཁས་པར་འཇིག་རྟེན་དུ་གྲགས་པའོ། །བློ་དང་ལྡན་པ་ཞེས་བྱ་བ་ནི། སྨན་དཔྱད་ཀྱི་གཙུག་ལག་གི་མན་ངག་ཡོད་པའོ། །ལས་མཐོང་བ་ཞེས་བྱ་བ་ནི། སྔོན་ཆད ་སྨན་བྱས་པ་རྣམས་ཕན་པར་གྱུར་སྨན་ཕན་ཚུན་སྦྱོར་བ་ལ་ཡང་མཁས་ཤིང་སྨན་སྦྱོར་བ་དང་གཏོང་བའི་ལས་ཀྱང་ཕལ་ཆེར་བྱས་པའོ། །གཙུག་ལག་ཐོས་པ་ནི་སྨན་དཔྱད་བྱ་བའི་གཙུག་ལག་ཀུན་མ་ལུས་པར་ཐོས་པའོ། །དྲུང་དུ་སོང་བ་ནི་དེའི ་ཐང་དུ་སོང་བའོ། །ནད་པ་དེ་ལ་སྨན་པས་ནད་ཀྱི་གཞི་བརྟག་པར་བྱ་བའི་ཕྱིར། སྨན་པ་ངེས་ཀྱང་དེ་ལ་ཐོག་མར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ནད་པས་ཀྱང་སྨན་པ་ལ་ནད་གཞི་སྨྲས་པ་བདག་གིས་ཞོ་དང་ག?་གོན་ཟོས་ཞེས་བྱ་བ་ལ་སོགས་པའོ། །སྨན ་པས་ནད་ཀྱི་གཞི་གླེངས་ནས། སྨན་བསྟན་པར་སྨྲས་པ་སྨན་པ་དེས་དམིགས་ཀྱིས་ཕྱེ་སྟེ་སྨན་སྟོན་ཏོ། །ཞེས་གསུངས་པའོ། །དམིགས་ཀྱིས་ཕྱེ་སྟེ། སྨན་སྟོན་ཅེས་བྱ་བ་ནི་ཁྱོད་ཀྱིས་ཞོ་འཐུང་སྟེ། ག་གོན་ཟོས་ལ་སྐོམ་དུ་དར་བ་འཐུངས་པས། བད་ཀན ་རྒྱས་པའི་ཕྱིར་ཚ་བར་གྱུར་པ་ཡིན་ཏེ། དེ་བས་ན་བད་ཀན་རྒྱས་པ་ཞི་བར་བྱ་བ་དགོས་པའི་ཕྱིར། དི་རིང་ཟན་མ་ཟ་ཅིག་ཅེས་བསྒོ་ནས། དེའི་ཐོག་ཏུ་བསིལ་བའི་སྨན་སྟོན་པར་བྱེད་པའོ། །དཔེ་སྨྲས་ནས་དོན་ཉིད་བསྟན་པར་བྱ་བའི་ཕྱིར། དེ་བཞིན་དུ་བདེན་པ་ལ་སོགས་པའི་རིམས་ཆེན་བོས ་གདུངས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེན་པ་ནི་སྡུག་བསྔལ་དང། ཀུན་བྱུང་དང། འགོག་པ་དང། ལམ་གྱི་བདེན་པ་བཞིའི?་ཁོང་དུ་མ་ཆུད་པར་བྱ་བར་འདོད་པ་ཉིད། བདེན་པ་ལ་སོགས་པའི་རིམས་ཆེན་པོས་གདུང་པ་ཞེས་བྱའོ། །དགེ་བ་རྣམས་ཞེས་བྱ་བ་ནི། གང ་ཟག་བདེན་པ་བཞི་རྟོགས་པར་འདོད་པ་དེ་དག་ཚེ་རབས་གཞན་དུ་དགེ་བའི་བཤེས་གཉེན་ལ་བརྟེན་པ་དང། ཚུལ་ཁྲིམས་དང། ཉན་པ་ལ་སོགས་པའི་བསོད་ནམས་བསགས་པ་དང། ཚེ་འདིར་ཡང་འདོད་ཆགས་ལ་སོགས་ཉོན་མོངས་པ་ཞི་བར་བྱ་བའི་ཕྱིར། འཕགས་པའི ་བདེན་པ་འདྲི་བར་བྱེད་པའི་ན་དགེ་བའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ། འཕགས་པའི་བདེན་པ་བཞི་ཇི་ལྟར་གནས་པ་དེ་བཞིན་དུ་ཐུགས་སུ་ཆུད་པས། དེ་བཞིན་གཤེགས་པ་འམ། སྔོན་གྱི་དེ་བཞིན་གཤེགས་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས། མྱ་ངན་ལས་འདས་པའི་གྲོང་ཁྱེར ་དུ་གཤེགས?་པ་བཞིན་དུ། དེ་བཞིན་གཤེགས་པ་གཞན་དག་གིས་ཀྱང། ཉོན་མོངས་པ་ཐམས་ཅད་སྤངས་ནས་མྱ་ངན་ལས་འདས་པའི་གོང་ཁྱེར་དུ་གཤེགས་པས་ན་དེ་བཞིན་གཤེགས་པའོ། །སེམས་ཅན་གྱི་སྨན་པ་ཆེན་པོ་ཞེས་བྱ་བ་ལ། འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས ་པ་དང་ལྡན་པ་སེམས་དང་སེམས་ལས་བྱུང་བ་དང་བཅས་པ་རྣམས་ལ། སེམས་ཅན་ཞེས་བྱ་སྟེ། སེམས་ཅན་དེ་དག་ལ། འདོད་ཆགས་དང། ཞེ་སྡང་དང་གཏི་མུག་ལ་སོགས་པའི་ཉོན་མོངས་པའི་ནད་ཞི་བར་བྱ་བའི་ཕྱིར། མི་གཙང་བ་དང་བྱམས་པ་དང། རྟེན་ཅིང་འབྲེལ་ཏེ་འབྱུང་བ་དང། ་བྱང་ཆུབ་ཀྱི་ཕྱོགས་གསུམ་བཅུ་རྩ་བདུན་གྱིས་སྨན་འཆད་པར་མཛད་པས་ན། སྨན་པ་ཆེན་པོའོ། །ཅིའི་ཕྱིར་སེམས་ཅན་ལ། ཉོན་མོངས་པའི་སྨན་གཏོང་ཞེ་ན། དེའི་ཕྱིར་ཐུགས་རྗེ་ཆེན་པོ་ཞེས་གསུངས་ཏེ། དེ་བཞིན་གཤེགས་པ་རྣམས། ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཕྱིར། ་དེ་བས་ན་ཉོན་མོངས་པའི་སྨན་གཏོང་ངོ་ཞེས་བྱ་བར་སྦྱར་རོ། །སྙིང་རྗེ་དང་སྙིང་ཆེན་པོ་གཉིས་ལ་ཁྱད་པར་ཅི་ཡོད། སྨྲས་པ། རྣམ་པ་བདུན་གྱིས་སྙིང་རྗེས་ལས་སྙིང་རྗེ་ཆེན་པོ་ཁྱད་ཞུགས་ཏེ། རྣམ་པ་བདུན་ནི་རང་བཞིན་དང། རྣམ་པ་དང། དམིགས་པ ་དང། ས་དང། རྒྱུ་དང། འདོད་ཆགས་དང་བྲལ་བ་ཐོབ་པ་དང། སྐྱོབ་བོ་དང། མ་སྐྱོབ་པར་བྱེད་པའོ། །དེ་ལ་རང་བཞིན་ནི་སེམས་ཅན་ཐམས་ཅད་ལ་ཞེ་མི་སྡང་བ་དང། གཏི་མུག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །རྣམ་པ་ནི་སྡུག་བསྔལ་གཅིག་དང་གཉིས་དང་གསུམ་དང། སྡུག ་བསྔལ་བརྒྱ་སྟོང་གྲངས་མེད་པ་རྣམས་ལ་བརྩེ་བའི་རྣམ་པ་ཡིན་པའི་ཕྱིར་རོ། །དམིགས་པ་ནི་ཁམས་གཅིག་དང། གཉིས་དང། གསུམ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ལ་དམིགས་པའི་ཕྱིར་རོ། །ས་ནི་སྙིང་རྗེ་ཆེན་པོ་དེ་བསམ་གཏན་བཞི་པའི་སར ་གཏོགས་པའི་ཕྱིར་རོ། །རྒྱུད་ནི་སྙིང་རྗེ་ཉན་ཐོས་དང། རང་སངས་རྒྱས་ཀྱི་རྒྱུད་ལ་གནས་ཀྱི་སྙིང་རྗེ་ཆེན་པོ་ནི་དེ་བཞིན་གཤེགས་པའི་རྒྱུད་ལ་གནས་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྙིང་རྗེས། འདོད་པའི་ཁམས་ཀྱི་འདོད ་ཆགས་དང་བྲལ་བར་ཟད་ཀྱི། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེས་ཆེན་པོས་ནི། ཁམས་གསུམ་གྱི་འདོད་ཆགས་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །སྐྱོབ་པ་དང་མི་སྐྱོབ་པ་ནི་ཉན་ཐོས་ཀྱི་སྙིང་རྗེས་སེམས་ཅན་འགའ་ཙམ་སྐྱོབ་པར་ཟད་ཀྱི། སེམས ་ཅན་མ་ལུས་པ་ལ་མི་སྐྱོབ་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེ་ཆེན་པོས་ནི། སེམས་ཅན་མ་ལུས་པ་སྐྱོབ་པར་མཛད་པའི་ཕྱིར་རོ། །སྡུག་བསྔལ་གྱི་རིམ་པ་སྤངས་པའི་ཆོས་འདྲི་སྟེ་ཞེས་བྱ་བ་ལ། སྡུག་བསྔལ་བརྒྱད་པོ་ཉིད། ལུས་དང་སེམས ་ལ་གནོད་པར་བྱེད་པས། རིམས་དང་འདྲ་བའི་ཕྱིར། སྡུག་བསྔལ་གྱི་རིམས་ཏེ། དེ་སྤང་བར་བྱ་བའི་ཕྱིར། འཕགས་པའི་བདེན་པ་བཞི་ལ་སོགས་པའི་ཆོས་འདྲི་བའོ། །དེ་རྣམས་ལ་བཞི་ཀུན་འབྱུང་བ་གསུངས་པར་བསྟན་ནས་ཞེས་བྱ་བ་ནི་སྡུག་བསྔལ ་གྱི་རིམས་སྤང་བར་འདོད་པའི་ཕྱིར། ཆོས་འདྲི་བའི་གང་ཟག་དགེ་བ་དེ་དག་ལ། སྡུག་བསྔལ་སྐྱེད་པར་བྱེད་པའི་རྒྱུ། ལས་དང་ཉོན་མོངས་པའི་མཚན་ཉིད། ཀུན་འབྱུང་གི་བདེན་པ་ཡིན་པར་གང་མདོ་སྡེ་གཞན་ལས་གསུངས་པའི་ལས་དང་ཉོན་མོངས་པ་ཉིད་གང ་ཡིན་བ་དམིགས་ཀྱི་ཕྱེ་ནས་བསྟན་པའོ། །དེའི་སྨན་གང་ཡིན་ཞེ་ན། དེའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་ལམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ཉིད་ལས་ཉོན་མོངས་པ་སྤོང་བར་བྱེད་པའི་སྨན་ནོ།། ་ལམ་དེས་ཉོན་མོངས་པ་སྤོང་བར་བྱེད་པས་ན། ཞི་བར་བྱེད་པའོ། །སྡུག་བསྔལ་གྱི་ཕུང་པོ་སྤོང་བར་བྱེད་པས་ན། མྱ་ངན་ལས་འདས་པའོ། །ཞི་བའི་མཆོག་རྙེད་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པ་ཐམས་ཅད་སྤངས་པ། སྐྱེ་བ་དང། རྒ་བ་ལ་སོགས་པའི ་སྡུག་བསྔལ་ཀུན་དང་བྲལ་བ། འཇིག་རྟེན་གྱི་བདེ་བ་ཐམས་ཅད་ལ་དམ་པར་གྱུར་པ། ཐོབ་པའི་ཕྱིར་ཞི་བའི་མཆོག་རྙེད་པ་ཞེས་བྱའོ། །འཕག་པའི་བདེན་པ་བཞི་གོང་དུ་བཤད་པ་རྣམས་ཀྱི་མཇུག་བསྡུ་བའི་ཕྱིར། དགེ་སློང་དག་འདི་ནི་འཕགས་པའི ་བདེན་པ་བཞི་ཞེས་བྱའོ་ཞེས་གསུངས་སོ།། །།འཕགས་པའི་ལམ་གྱི་ཡན་ལག་བརྒྱད་དོ་ཞེས་གྲངས་ཙམ་སྨོས་པ་དེ་དག་གང་ཡིན་པ་བསྟན་པར་བྱ་བའི་ཕྱིར། དེ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་གང་ཞེ་ན་ཞེས་བྱ་བ་གསུངས་སོ། །ཅིའི་ཕྱིར་འཕགས ་པའི་ལམ་ཡན་ལག་བརྒྱད་ཁོ་ནར་བཤད་ལ། དགུ་དང་བདུན་ལ་སོགས་མ་ཡིན་ཞེ་ན། ལན་དུ་ཕུང་པོ་གསུམ་དུ་གྱུར་པའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་ཉིད་དེ་མི་མང་མི་ཉུང་ངོ། །དེ་ལ་ཕུང་པོ་གསུམ་ནི། ཚུལ་ཁྲིམས་ཀྱི་ཕུང་པོ་དང། ཏིང་ངེ ་འཛིན་གྱི་ཕུང་པོ་དང། ཤེས་རབ་ཀྱི་ཕུང་པོའོ། །དེ་ལ་ཡང་དག་པའི་དག་དང། ཡང་དག་པའི་ལས་ཀྱི་མཛའ་དང། ཡང་དག་པའི་འཚོ་བ་གསུམ་ནི། ཚུལ་ཁྲིམས་ཀྱི་རང་བཞིན་ཡིན་པས་ཚུལ་ཁྲིམས་ཀྱི་ཕུང་པོར་བསྡུའོ། །ཡང་དག་པའི་དྲན་པ་དང། ཡང ་དག་པའི་ཏིང་ངེ་འཛིན་གཉིས་ནི་ཏིང་ངེ་འཛིན་གྱི་ཕུང་པོར་བསྡུས་ཏེ། དྲན་པ་དངོས་སུ་ཏིང་ངེ་འཛིན་གྱི་ངོ་བོ་མ་ཡིན་ཡང། དྲན་པ་གཡེངས་པ་རྣམས་ལ། སེམས་རྩེ་གཅིག་ཏུ་གནས་པ་མེད་པས། ཏིང་ངེ་འཛིན་དང་རྗེས་སུ་མཐུན་པར་བྱེད་པའི ་ཕྱིར། ཏིང་ངེ་འཛིན་གྱི་ཕུང་པོར་གཏོགས་སོ། །ཡང་དག་པའི་ལྟ་བ་དང། ཡང་དག་པའི་རྟོག་པ་དང། ཡང་དག་པའི་རྩོལ་བ་གསུམ་ནི། ཤེས་རབ་ཀྱི་ཕུང་པོར་བསྡུ་སྟེ། ཡང་དག་པའི་རྟོགས་པ་དང། རྩོལ་བ་གཉིས་རྣམ་པར་རྟོག་པ་དང། བརྩོན་འགྲུས་ཀྱི་རང་བཞིན ་ཡིན་པས། དངོས་སུ་ཤེས་རབ་ཀྱི་རང་བཞིན་མ་ཡིན་མོད་ཀྱི་ཕྱིན་ཅི་མ་ལོག་པར་རྟོག་པ་དང། དགེ་བ་བསྒྲུབ་པའི་བརྩོན་འགྲུས་ཀྱི་རྒྱུ་ལས་ཤེས་རབ་འབྱུང་བས་ན་དེའི་གྲོགས་སུ་གྱུར་པའི་ཕྱིར། ཤེས་རབ་ཀྱི་ཕུང་པོར་གཏོགས་སོ། །ཡང་ན་འཕགས་པའི ་ལམ་གྱི་ཡན་ལག་བརྒྱད་འདིས། ཡོན་ཏན་བརྒྱད་སྒྱེད་པར་བྱེད་པའི་ཕྱིར། ལམ་གྱི་ཡན་ལག་བརྒྱད་ཀྱང་བརྒྱད་ཉིད་དེ་མི་མང་མི་ཉུང་ངོ། །ཡོན་ཏན་བརྒྱད་ལ་སེམས་ཀུན་ཏུ་དག་པ་དང། རྣམ་པར་དཀར་བ་དང། སྐྱོན་མེད་པ་དང། ཉོན་མོངས་པ་དང ་བྲལ་བ་དང། འཇམ་པ་དང། ལས་སུ་རུང་བ་དང། གནས་པ་དང། མི་གཡོ་བ་ཐོབ་པའོ། །དེ་ལ་ཆོས་གོས་ལ་སོགས་པ་རྙེད་པ་ལ་ཆགས་པ་དང་བྲལ་བ་ནི། སེམས་ཀུན་ཏུ་དག་པའོ། །ཕྱག་འཚལ་བ་ལ་སོགས་པ་བསྙེན་བཀུར་ལ་ཆགས ་པ་དང། བྲལ་བ་ནི་རྣམ་པར་དཀར་བའོ། །སྡོད་པ་ལ་ཆགས་ཤིང། ཁ་གསག་མེད་པ་ནི་སྐྱོན་མེད་པའོ། །སྲང་པ་སྤངས་པ་ནི་ཉོན་མོངས་པ་དང་བྲལ་བའོ། །ལྟ་བ་སྤངས་པ་ནི་འཇམ་པོར་གྱུར་པའོ། །ཐེ་ཚོམ་སྤངས་པ་ནི་ལས་སུ་རུང་བའོ། །ཕྱིས་ཉམས་པ ་མེད་པ་ནི་གནས་པའོ། །བསམ་གཏན་བཞི་མི་གཡོ་བ་ཐོབ་པའོ། །དེ་ལ་ཡང་དག་པའི་ལྟ་བ་དང་ལྡན་པས། སེམས་ཤིན་ཏུ་དག་པར་འགྱུར་རོ། །ཡང་དག་པའི་རྟོག་པ་དང་ལྡན་པས། རྣམ་པར་དཀའ་བར་འགྱུར་ཏེ། བཀུར་སྟི་ལ་སོགས་པ་ལ་མི་རྟོག་པའི ་ཕྱིར་རོ། །ཡང་དག་པའི་དག་དང་ལྡན་པས་སྐྱོན་མེད་པར་འགྱུར་ཏེ། ཁ?་གསག་ལ་སོགས་པ་དང་བྲལ་བའི་ཕྱིར་རོ། །ཡང་དག་པའི་ལས་ཀྱི་མཛའ་དང་ལྡན་པས། ཉོན་མོངས་པ་དང་བྲལ་བར་འགྱུར་ཏེ། དགེ་བ་བསྒྲུབ་ཅིང་ཉོན་མོངས་པ་སྤོང་བར་བརྩོན་པའི་ཕྱིར་རོ། །ཡང་དག ་པའི་འཚོ་བ་དང་ལྡན་པས་འཇམ་པོར་འགྱུར་ཏེ། ཡང་དག་པའི་ལྟ་བ་ལ་གནས་ཤིང་ཕྱིན་ཅི་ལོག་གི་འཚོ་བ་སྤོང་བའི་ཕྱིར་རོ། །ཡང་དག་པའི་རྩོལ་བས་ལས་སུ་རུང་བར་བྱེད་དེ། མངོན་པའི་ང་རྒྱལ་སྤངས་ནས་སེམས་སྐྱོན་མེད་པར་བྱད་པའི་ཕྱིར་རོ། །ཡང་དག་པའི ་དྲན་པ་དང་ལྡན་པས་གནས་པར་བྱེད་དེ། ཐེ་ཚོམ་སྤངས་ནས་མི་གཡོ་བར་འཇོག་པའི་ཕྱིར་རོ། །ཡང་དག་པའི་ཏིང་ངེ་འཛིན་དང་ལྡན་པས་མི་གཡོ་བ་ཐོབ་པར་བྱེད་དོ། །ཏིང་ངེ་འཛིན་གྱི་དབང་གིས་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞིའི་ས་མངོན་སུམ་དུ་ལན ་པར་བྱེད་པའི་ཕྱིར། འོ་ན་ཅིའི་ཕྱིར་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་པོ་འདི་དག་རིམ་པས་འདི་ལྟར་བཀོད། སྨྲས་པ། དང་པོར་མི་རྟག་པ་ལ་སོགས་པར་ཡང་དག་པར་མཐོང་ནས། དེ་ནི་འདི་དང་འདི་ལྟ་བུའོ་ཞེས་དེ་ཡི་འོག་ཏུ་ཡང་དག་པར་རྟོག་གོ་། ་ཡང་དག་པར་བརྟགས་པའི་ཆོས?་རྣམས་གཞན་ལ་ཡང་འདི་འདྲའོ་ཞེས་ཚིག་ཏུ་འབྱིན་ཏོ། །དེ་ལྟར་ཡང་དག་པར་ཚིག་ཏུ་བྱུང་ནས། ཇི་ལྟར་ཚིག་ཏུ་སྨྲས་པ་རྣམས་དེ་བཞིན་དུ་སྒྲུབ་པར་བྱེད་དོ། །ཡང་དག་པའི་ལས་བསྒྲུབ་པ་རྣམས་ལ་ལོག་པའི་འཚོ་བ་མེད ་པས་དེའི་འོག་ཏུ་ཡང་དག་པར་འཚོ་བའོ། །ཡང་དག་པར་འཚོ་བ་རྣམས་ལ་མི་དགེ་བ་སྤོང་བ་དང་དགེ་བ་བསྒྲུབ་པའི་ལས་འབའ་ཞིག་འབྱུང་བས་ཡང་དག་པའི་རྩོལ་བའོ། །ཡང་དག་པའི་རྩོལ་བ་ལ་གནས་པ་རྣམས་ལ་ཉོན་མོངས་པས་ཕྲོགས་པའི་དྲན་པ ་མི་འབྱུང་བས། ཡང་དག་པའི་དྲན་པའོ། །ཉོན་མོངས་པའི་དབང་དུ་མ་གྱུར་ཏེ། དྲན་པ་མ་ཉམས་ན་རྟག་ཏུ་སེམས་རྩེ་གཅིག་ཏུ་གནས་པར་འགྱུར་བས་འཇུག་ཏུ་ཡང་དག་པའི་ཏིང་ངེ་འཛིན་ཏེ། དེའི་ཕྱིར་རིམ་པ་ད་ལྟར་བཀོད་དོ། །དེ་ལ་ཐག་པ་ཆེན་པོའི ་ཚུལ་གྱིས་ནི་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་བསྒོམ་པའི་ལམ་དུ་བཤད་ལ། ཉན་ཐོས་བྷེའི་བྷ་ཤི་ཀ་བའི་ལྟ་བས་ནི་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་པོ་འདི་དག་མཐོང་བའི་ལམ་གྱི་ངོ་བོར་འདོད་དོ། །དེ་ལྟར་ན་འཕགས་པའི་ལམ་གྱི་ཡན ་ལག་བརྒྱད་པོ་འདི་དག་མཐོང་བའི་ལམ་གྱི་ངོ་བོ་ཡིན་པའི་ཕྱིར། ཆོས་ཀྱི་འཁོར་ལོ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། འཁོར་ལོ་རིན་པོ་ཆེ་དང་དཔེ་འདྲ་བའི་ཕྱིར་ཆོས་ཀྱི་འཁོར་ལོ་ཞེས་བྱའོ། །ཇི་ལྟར་འཁོར་ལོ་རིན་པོ་ཆེ་དང་དཔེ་འདྲ་ཞེ་ན། འདི་ལྟར་མགྱོགས་པར་འགྲོ་བ་དང། ་གཏོང་ཞིང་འཇུག་པ་དང། མ་རྒྱལ་བ་རྒྱལ་བར་བྱེད་པ་དང། རྒྱལ་བར་གནས་འཆའ་བ་དང། ཡར?་འབར་ཞིང་མར་ལྟུང་བས་སོ། །དཔེར་ན་འཁོར་ལོས་བསྒྱུར་བའི་འཁོར་ལོ་རིན་པོ་ཆེ་མགྱོགས་པ་འགྲོ་བ་དེ་བཞིན་དུ། མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་མ་བཅོ་ལྔ་ལ ་བདེན་པ་བཞི་རྟོགས་པས་ན་མགྱོགས་པར་འགྲོ་བའོ། །སྐད་ཅིག་མ་བཅོ་ལྔ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང། སྡུག་བསྔལ་ལ་ཆོས་ཤེས་པའི་ཡེ་ཤེས་དང་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་ཡེ་ཤེས་དང། ཀུན ་འབྱུང་ལ་ཆོས་ཤེས་པའི་བཟོད་པ་དང། ཀུན་འབྱུང་ལ་ཆོས་ཤེས་པའི་ཡེ་ཤེས་དང། ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་དང། ཀུན་འབྱུང་ལ་རྗེས་སུ་ཤེས་པའི་ཡེ་ཤེས་དང། འགོག་པ་ལ་ཆོས་ཤེས་པའི་བཟོད་པ་དང། འགོག་པ་ལ་ཆོས་ཤེས་པའི་ཡེ་ཤེས་དང། ་འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་དང། འགོག་པ་ལ་རྗེས་སུ་ཆོས་ཤེས་པའི་ཡེ་ཤེས་དང། ལམ་ལ་ཆོས་ཤེས་པའི་བཟོད་པ་དང། ལམ་ལ་ཆོས་ཤེས་པའི་ཡེ་ཤེས་དང། ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་སྟེ། དེ་ལྟར་བཅོ་ལྔའོ། །ལམ་ལ་རྗེས་སུ་ཤེས་པའི་ཡེ་ཤེས་ཀྱི ་སྐད་ཅིག་མ་བཅུ་དྲུག་པ་ནི་བསྒོམ་པའི་ལམ་དུ་གཏོགས་པས། མཐོང་བའི་ལམ་དུ་མི་བཞག་གོ་།དེ་ལ་འདོད་པའི་ཁམས་ཀྱི་སྡུག་བསྔལ་གྱི་བདེན་པ་ལ་མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང་བདག་མེད་པར་མཐོང་བ་ནི། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད ་པ་ཞེས་བྱ་སྟེ། དེ་ལྟར་མཐོང་བའི་ཚེ་འདོད་པའི་ཁམས་ཀྱི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམ་པ་བཅུ་སྤོང་སྟེ། འཇིག་ཚོགས་སུ་ལྟ་བ་དང། མཐར་འཛིན་པར་ལྟ་བ་དང། ལྟ་བ་ལོག་པ་དང། ལྟ་བ་སྙེམས་པ་དང། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན ་པ་སྙེམས་པ་དང། ཐེ་ཚོམ་དང། འདོད་ཆགས་དང། ཁོང་ཁྲོ་བ་དང། ང་རྒྱལ་དང། མ་རིག་པའོ། །དེའི་འོག་ཏུ་ཉོན་མོངས་པ་སྤངས་པར་ཤེས་པ་དང། ཕྱིས་རྒྱུད་ལ་ཉོན་མོངས་པ་མི་སྐྱེ་བར་བྱེད་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་ཡེ་ཤེས་ཞེས་བྱ་སྟེ། དཔེར་ན་མི་གཉིས་ཀྱིས ་ཅིག་གིས་ཁྱིམ་ནས་རྐུན་པོ་བཟུང་སྟེ་ཕྱུང་ལ་གཅིག་གིས་སྒོ་གཅད་པ་དང་འདྲའོ། །དེ་ཡང་གཅིག་རྐུན་པོ་བཟུང་ནས་རྐུན་པོ་དང་བཅས་ཏེ་སྒོར་ཕྱུང་བ་བཞིན་དུ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པས་ཀྱང་ཉོན་མོངས་པ་བཅུ་བཟུང་ནས་ཀྱང་ཉོན་མོངས་པ་དང་བཅས་ཏེ ་འགག་གོ་།དེ་ནས་ཕྱིས་མི་གཉིས་པོས་ཕྱིས་རྐུན་མ་མི་འཇུག་པར་སྒོ་བཅད་པ་བཞིན་དུ། སྡུག་བསྔལ་ལ་ཆོས་ཤེས་པའི་ཡེ་ཤེས་ཀྱིས་ནི་ཕྱིས་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་མི་སྐྱེ་བར་བྱེད་དོ། །དེ་ལ་བཟོད་པ་ནི་བར་ཆད་མེད་པའི་ལམ་ཞེས་བྱའོ། །ཡེ་ཤེས་ལ་ནི་རྣམ་པར་གྲོལ་བའི ་ལམ་ཞེས་བྱ་སྟེ། དཔེར་ན་མི་གཉིས་ཀྱི་རྐུན་པོ་སྐྲོད་པའི་ཚུལ་འདི་ནི། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ལ་ཡང་སྦྱར་རོ། །དེ་ལ་མི་རྟག་པ་ལ་སོགས་པ་རྣམ་པ་བཞིར་བཀོད་པ་ཡང་ལོག་པའི་རྣལ་འབྱོར་པ་རྣམ་པ་བཞིའི་གཉེན་པོ་སྟེ། བཞི་ནི་འདོད་ཆགས་ལ་སྤྱོད་པ་རྣམ་པ ་གཉིས་དང། ལྟ་བ་ལ་སྤྱོད་པ་རྣམ་པ་གཉིས་སོ། །འདོད་ཆགས་ལ་སྤྱོད་པ་རྣམ་པ་གཉིས་ནི་འོ་ཞེས་པའི་ང་རྒྱལ་གྱི་ནོན་པ་དང་ལེ་ལོ་ལ་ཆགས་པའོ། །ལྟ་བ་ལ་སྤྱོད་པ་རྣམ་པ་གཉིས་ནི་བདག་ཏུ་འཛིན་པ་དང། བདག་གིར་ལྟ་བ་ལ་མངོན་པར་ཆགས་པའོ། །ད་ལ་ངའོ་ཞེས ་པའི་ང་རྒྱལ་གྱིས་ནོན་པ་ནི་མི་རྟག་གོ་།ཞེས་སྙེམས་ཤིང་སྤྱོད་པ་སྟེ། དེའི་གཉེན་པོར་སྡུག་བསྔལ་གྱི་བདེན་པ་ལ་མི་རྟག་པར་བཤད་དེ། ཕུང་པོ་ལྔ་ནི་སྐད་ཅིག་མའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལ་བདེན་པར་འཛིན་ཅིང་ཆགས་པ་དེ་སྤང་པའི་ཕྱིར། དགེ་བ་མི་བྱེད་པའི ་ཕྱིར་གཉེན་པོར་སྡུག་བསྔལ་གྱི་བདེན་པ་ལ་སྡུག་བསྔལ་དུ་བཤད་དེ་འདུ་བྱེད་ཐམས་ཅད་སྡུག་བསྔལ་རྣམ་པ་གསུམ་དང་ལྡན་པའི་ཕྱིར་རོ། དེ་ལ་བདག་ཏུ་འཛིན་པའི་གཉེན་པོར་བདག་མེད་པར་བཤད་དེ། ཕུང་པོ་ལྔ་ལ་མུ་སྟེགས ་ཀྱིས་རྟག་པའི་བདག་མི་དམིགས་པའི་ཕྱིར་རོ། །བདག་གིར་འཛིན་པའི་གཉེན་པོར་སྟོང་པ་ཉིད་དུ་བཤད་དེ། བདག་མ་གྲུབ་ན་བདག་གིས་ཡང་མི་འགྲུབ་པའི་ཕྱིར་རོ། །གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་སྡུག་བསྔལ་གྱི་བདེན་པ་ལ། མི་རྟག་པ་ལ་སོགས་པའི ་རྣམ་པ་བཞིར་མཐོང་ན། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་སྟེ། དེའི་ཚེ་ཡང་གཟུགས་དང། གཟུགས་མེད་པའི་ཁམས་ཀྱི་ཉོན་མོངས་པ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་གཟུགས་ཀྱི་ཁམས་ན་ཁོང་ཁྲོ་བ་སྤང་ཏེ། འཇིག་ཚོགས་ལ་སོགས་པ ་དགུ་དང། གཟུགས་མེད་པའི་ཁམས་ན་ཁོང་ཁྲོ་བ་སྤངས་ཏེ། འཇིག་ཚོགས་ལ་སོགས་པ་དགུ་སྟེ། སྤྱིར་བསྡོམས་ན་ཉོན་མོངས་པ་བཅོ་བརྒྱད་སྤོང་ངོ། །ཁམས་གཉིས་ན་ཞེ་སྡང་མེད་པ་ནི་ཏིང་ངེ་འཛིན་གྱི་སེམས་ཀྱི་རྒྱུད་ཤིན་ཏུ་བརླན་པ་དང། ལས་མི་དགེ ་བའི་འབྲས་བུ་ལུས་དང་སེམས་ལ་གནོད་པ་མེད་པའི་ཕྱིར་རོ། །དེའི་འོག་ཏུ་ཉོན་མོངས་པ་སྤངས་པར་ཤེས་ཤིང། ཕྱིས་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་མི་སྐྱེ་བར་བྱེད་པ་ནི། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་ཡེ་ཤེས་སོ། །དེ་ལ་འདོད་པའི་ཁམས་ཀྱི་ཀུན་འབྱུང་གི ་བདེན་པ་ལ་རྒྱུ་དང་ཀུན་ཏུ་འབྱུང་བ་དང། རབ་ཏུ་འབྱུང་བ་དང། རྐྱེན་དེ་རྣམ་པ་བཞི་མཐོང་ན་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱ་སྟེ། དེའི་ཚེ་འདོད་པའི་ཁམས་ཀྱི་ཀུན་འབྱུང་གི་བདེན་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་འཇིག ་ཚོགས་ལ་ལྟ་བ་དང། མཐར་འཛིན་པར་ལྟ་བ་དང། ཚུལ་ཁྲིམས་དང་བརྟུལ་ཞུགས་སྙེམས་པ་གསུམ་བཀོལ་ཏེ། །ལོག་པའི་ལྟ་བ་དང། ལྟ་བ་སྙེམས་པ་དང། ཐེ་ཚོམ་དང། འདོད་ཆགས་དང། ཁོང་ཁྲོ་བ་དང། ང་རྒྱལ་དང། མ ་རིག་པ་སྟེ་བདུན་སྤོང་ངོ། །དེ་ནས་ཉོན་མོངས་སྤངས་པར་ཤེས་པ་དང། ཕྱིས་སེམས་ཀྱིས་རྒྱུད་ལ་ཉོན་མོངས་པ་མི་སྐྱེ་བར་བྱེད་པ་ནི། །ཀུན་འབྱུང་ལ་ཆོས་ཤེས་པའི་ཡེ་ཤེས་སོ། །གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཀུན་འབྱུང་གི་བདེན་པ་ལ། རྒྱུ་ལ་སོགས་པ་རྣམ་པ་བཞིར ་མཐོང་ན། ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་ཞེས་བྱ་སྟེ། དེའི་ཚེ་གཟུགས་ཀྱི་ཁམས་ཀྱི་ཀུན་འབྱུང་གི་བདེན་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ལོག་པའི་ལྟ་བ་དང་ལྟ་བ་སྙེམས་པ་དང། ཐེ་ཚོམ་དང་འདོད་ཆགས་དང། ང་རྒྱལ་དང་མ་རིག་པ ་སྟེ་དྲུག་དང། གཟུགས་མེད་པའི་ཁམས་ན་ཡང་དེ་བཞིན་དུ་དྲུག་སྟེ། ཉོན་མོངས་པ་བཅུ་གཉིས་སྤང་ངོ། །དེའི་རྗེས་སུ་ཉོན་མོངས་པ་སྤངས་པར་ཤེས་པ་དང། ཕྱིས་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་མི་སྐྱེ་བར་བྱེད་པ་ནི། ཀུན་འབྱུང་ལ་རྗེས་སུ་ཤེས་པའི་ཡེ་ཤེས་ཞེས་བྱའོ། །ས་བོན ་གྱི་ཆོས་བྱེད་པས་ན་རྒྱུའོ། །མ་འོངས་པའི་སྲེད་པ་འཕེལ་བར་བྱེད་པས་ན་ཀུན་འབྱུང་བའོ། །བར་ཆད་མེད་པར་སྲིད་པའི་རྒྱུན། རྒྱུན་མ་ཆད་པར་འབྱུང་བར་བྱེད་པས་ན། རབ་ཏུ་འབྱུང་བའོ། །ཆུ་དང་སྐུད་པ་དང་འཁོར་ལོ་དང། འཇིམ་པ་རྣམས་ཀྱིས་རྫས་སྒྲུབ་པ་བཞིན་དུ། ་འབྲས་བུ་སྒྲུབ་པར་བྱེད་པས་ན་རྐྱེན་ཏོ། འདོད་པའི་ཁམས་ཀྱི་འགོག་པའི་བདེན་པ་ལ། འགོག་པ་དང་ཞི་བ་དང། གྱ་ནོམ་པ་དང། འབྱུང་བ་ལྟ་བུར་མཐོང་ན། འགོག་པ་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱ་སྟེ། དེའི་ཚེ་འང་འདོད་པའི་ཁམས་ཀྱི་འགོག་པའི་བདེན་པ་མཐོང་བས ་སྤང་བར་བྱ་བའི་ཉོན་མོངས་པ་ལོག་པའི་ལྟ་བ་དང། ལྟ་བ་སྙེམས་པ་དང། ཐེ་ཚོམ་དང། འདོད་ཆགས་དང། ཁོང་ཁྲོ་བ་དང། ང་རྒྱལ་དང་མ་རིག་པ་སྟེ་བདུན་སྤོང་ངོ། །དེའི་འོག་ཏུ་ཉོན་མོངས་པ་སྤངས་པར་ཤེས་པ་དང། ཕྱིས་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་མི་སྐྱེ་བར་བྱེད་པ ་ན། འགོག་པ་ལ་ཆོས་ཤེས་པའི་ཡེ་ཤེས་སོ། གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་འགོག་པའི་བདེན་པ་ལ། འགོག་པ་ལ་སོགས་པ་རྣམ་པ་བཞི་ལྟ་བུར་མཐོང་ན། འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་ཞེས་བྱ་སྟེ། དེའི་ཚེ་འང་ཁམས་གཉིས་ཀྱི་འགོག་པ་མཐོང་བས་སྤང་བར་བྱ་བའི་ཉོན ་མོངས་པ་གཟུགས་ཀྱི་ཁམས་ན་ལོག་པའི་ལྟ་བ་དང་ལྟ་བ་སྙེམས་པ་དང་ཐེ་ཚོམ་དང་འདོད་ཆགས་དང། ང་རྒྱལ་དང་མ་རིག་པ་སྟེ་དྲུག་།གཟུགས་མེད་པའི་ཁམས་ན་ཡང་དྲུག་སྟེ། ཉོན་མོངས་པ་བཅུ་གཉིས་སྤོང་ངོ། །དེའི་འོག་ཏུ་ཉོན་མོངས་པ་སྤངས་པར ་ཤེས་པ་དང། ཕྱིས་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་མི་སྐྱེ་བར་བྱེད་པ་ནི། འགོག་པ་ལ་རྗེས་སུ་ཤེས་པའི་ཡེ་ཤེས་ཞེས་བྱའོ། །དེ་ལ་ཕུང་པོ་སྐྱེ་བར་བྱེད་པའི་རྒྱུའི་ཉོན་མོངས་པ་དང་བྲལ་བས་འགོག་པའོ། །སྡུག་བསྔལ་རྣམ་པ་བརྒྱད་དང་བྲལ་བའི་ཕྱིར་ཞི་བའོ། །དགེ་བ་དང་བདེ་བའི ་གནས་སུ་ཕྱིན་པའི་ཕྱིར་གྱ་ནོམ་པའོ། །རྟག་པ་དང་མཉམས་པ་མེད་པའི་ཕྱིར་འབྱུང་བའོ། །འདོད་པའི་ཁམས་ཀྱི་ལམ་གྱི་བདེན་པ་ལ། ལམ་རང་རིགས་པ་དང་སྒྲུབ་པ་དང་ངེས་པར་འབྱིན་པ་སྟེ། རྣམ་པ་བཞིར་མཐོང་ན། ལམ་ལ་ཆོས་སུ་ཤེས་པའི་བཟོད་པ་ཞེས་བྱའོ། །དེའི་ཚེ་འདོད་པའི ་ཁམས་ཀྱི་ལམ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ལ་ལོག་པའི་ལྟ་བ་དང། ལྟ་བ་སྙེམས་པ་དང། ཚུལ་ཁྲིམས་དང། བརྟུལ་ཞུགས་སྙེམས་པ་དང། ཐེ་ཚོམ་དང། འདོད་ཆགས་དང། ཁོང་ཁྲོ་བ་དང་ང་རྒྱལ་དང་མ་རིག་པ་སྟེ། བརྒྱད་སྤོང་ངོ། །དེ་ནས་ཉོན་མོངས་པ་སྤངས ་པར་ཤེས་པ་དང། ཕྱིས་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་མི་སྐྱེ་བར་བྱེད་པ་ནི། ལམ་ལ་ཆོས་སུ་ཤེས་པའི་ཡེ་ཤེས་ཞེས་བྱའོ། །གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ལམ་གྱི་བདེན་པ་ལ་ལམ་ལ་སོགས་པ་རྣམ་པ་བཞིར་མཐོང་ན་ལམ་ལ་རྗེས་སུ་ཤེས་པའི་བཟོད་པ ་ཞེས་བྱ་སྟེ། དེའི་ཚེ་གཟུགས་ཀྱི་ཁམས་ལ་ལམ་གྱི་བདེན་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ། ལོག་པའི་ལྟ་བ་དང་ལྟ་བ་སྙེམས་པ་དང། ཚུལ་ཁྲིམས་དང་བརྟུལ་ཞུགས་སྙེམས་པ་དང། ཐེ་ཚོམ་དང། འདོད་ཆགས་དང། ང་རྒྱལ་དང། མ་རིག་པ་སྟེ་བདུན་དང། ་དེ་བཞིན་དུ་གཟུགས་མེད་པའི་ཁམས་ན་ཡང་བདུན་ཏེ། ཉོན་མོངས་པ་བཅུ་བཞི་སྤོང་ངོ། །དེའི་འོག་ཏུ་ཉོན་མོངས་པ་སྤངས་པར་ཤེས་པ་དང། ཕྱིས་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་མི་སྐྱེ་བར་བྱེད་པ་ནི་ལམ་ལ་རྗེས་སུ་ཤེས་པའི་ཡེ་ཤེས་ཞེས་བྱ་སྟེ། དེ་ནི་བསྒོམ་པའི་ལམ་དུ་བཞག་གོ་། ་འཕགས་པའི་བདེན་པ་བཞི་ཚོལ་བར་བྱེད་པས་ན་ལམ་མོ། །ཉོན་མོངས་པའི་གཉེན་པོར་གྱུར་པས་ན་རིགས་པའོ། །མི་རྟག་པར་འཛིན་པ་ལ་སོགས་པའི་ཕྱིན་ཅི་ལོག་མེད་པར་བྱེད་པས་ན་སྒྲུབ་པའོ།། །།ཁམས་གསུམ་གྱི་སྡུག་བསྔལ་ལས་ཐར་པར་བྱེད་པས་ན་ངེས་པར ་འབྱིན་པའོ། །དེའི་འདོད་པའི་ཁམས་ཀྱི་བསྒོམ་པའི་ལམ་གྱིས་ནི་འདོད་ཆགས་དང། ཁོང་ཁྲོ་བ་དང། ང་རྒྱལ་དང་མ་རིག་པ་སྟེ། ཉོན་མོངས་པ་བཞི་སྤོང་ངོ། །གཟུགས་ཀྱི་ཁམས་ཀྱི་བསྒོམ་པའི་ལམ་གྱིས་ནི་འདོད་ཆགས་དང། ང་རྒྱལ་དང་མ་རིག་པ་གསུམ་དང། གཟུགས ་མེད་པའི་ཁམས་ཀྱི་བསྒོམ་པའི་ལམ་གྱིས་ཀྱང་གསུམ་སྟེ་དྲུག་སྤོང་ངོ། དཔེར་ན་འཁོར་ལོ་རིན་པོ་ཆེ་ཡུལ་གཞན་སྤོང་ཞིང། ཡུལ་གཞན་དུ་འཇུག་ཅིང་འགྲོའོ། །དེ་བཞིན་དུ་མཐོང་བའི་ལམ་ན་ཡང། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྟེ། དེ་མ་ཐག་པའི་ལམ ་ནི་གཏོང་ལ། སྡུག་བསྔལ་ལ་ཆོས་ཤེས་པའི་ཡེ་ཤེས་ཏེ། རྣམ་པར་གྲོལ་བའི་ལམ་ནི་མངོན་སུམ་དུ་བྱེད་ཅིང་ལེན་ཏོ། །དེ་བཞིན་དུ་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་རྗེས་སུ་ཤེས་པའི་བཟོད་པ་དང། ཡེ་ཤེས་ལ་ཡང་གཏོང་ཞིང་ལེན་པར་སྦྱར་རོ། །ཡང་ན་འདོད་པའི་ཁམས ་ཀྱི་སྡུག་བསྔལ་གྱི་བདེན་པ་མཐོང་ནས་བོར་པ་ལ། གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་སྡུག་བསྔལ་གྱི་བདེན་པ་མངོན་དུ་བྱེད་པས་ན་འགྲོ་བའོ། །དཔེར་ན་འཁོར་ལོ་རིན་པོ་ཆེས་ས་ཕྱོགས་མ་རྒྱལ་བའི་གྲོང་དང་གྲོང་ཁྱེར་ལས་ནི་རྒྱལ་བར་བྱེད། རྒྱལ་བ་རྣམས་སུ་ནི ་གནས་འཆའ་བར་བྱེད་དོ། །དེ་བཞིན་དུ་མཐོང་བའི་ལམ་གྱིས་ཀྱང། དེ་མ་ཐག་པའི་ལམ་གྱིས་འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་ཉོན་མོངས་པ་ལས། མ་རྒྱལ་བ་རྣམས་ནི་རྒྱལ་བར་བྱེད་ཅིང་ཉོན་མོངས་པའི་རྙེད་པ་ཡོངས་སུ་གཅོད་པའི་ཕྱིར་རོ། །རྒྱལ་བ་རྣམས་སུ་ཡང་གནས་འཆའ་བར ་བྱེད་དེ། རྣམ་པར་གྲོལ་བའི་ལམ་གྱིས་ཉོན་མོངས་པ་དང་བྲལ་བའི་མཚན་ཉིད་བསྐྱེད་ནས། མྱ་ངན་ལས་འདས་པའི་གནས་ལ་གནས་པར་བྱེད་པའི་ཕྱིར་རོ། །དཔེར་ན་འཁོར་ལོ་རིན་པོ་ཆེ་གནས་ཁ་ཅིག་ཏུ་ཡང་འབར་ལ། གནས་ཁ་ཅིག་ཏུ་མར་ཐུར་དུ་ཡང་ལྟུང་ངོ། །དེ་བཞིན་དུ་དེ་མ་ཐག་པའི་ལམ ་ལ་ཡང་ནས་ཡང་དུ་དམིགས་པ་ན། འདོད་པའི་ཁམས་ཀྱི་དེ་མ་ཐག་པའི་ལམ་ལ་དམིགས་པའི་ཚེ་ནི། མར་བབས་པ་ཡིན་ལ། རྣམ་པར་གྲོལ་བའི་ལམ་ལ་གནས་པའི་ཚེ་ན་ཡར་འཕར་བ་ཡིན་ནོ། །དེ་བཞིན་དུ་གཟུགས་དང་གཟུགས་མེད་པའི་ཁམས ་ཀྱི་དེ་མ་ཐག་པའི་ལམ་མངོན་དུ་བྱེད་པ་ན་མར་འབབ་པ་ཡིན་ལ། རྣམ་པར་གྲོལ་བའི་ལམ་ལ་གནས་པའི་ཚེ་ན་ཡར་འཕར་བ་སྟེ། ཀུན་འབྱུང་གི་བདེན་པ་ལ་སོགས་པ་ལ་ཡང་དེ་བཞིན་དུ་སྦྱར་རོ། །ཡང་ན་འདོད་པའི་ཁམས་ཀྱི་སྡུག་བསྔལ་གྱི་བདེན་པ་ལ ་དམིགས་པ་ན་ནི་མར་འབབ་པའོ། །གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་སྡུག་བསྔལ་གྱི་བདེན་པ་ལ་དམིགས་པ་ན་ནི། ཡར་འཕར་བ་སྟེ། བདེན་པ་ལྷགས་མ་རྣམས་ལ་ཡང་ཅི་རིགས་པར་དེ་བཞིན་དུ་སྦྱར་རོ། །བརྒལ་བ། མཐོང་བའི་ལམ་ལ་ཅིའི་ཕྱིར་ན ་ཆོས་ཀྱི་འཁོར་ལོ་ཞེས་བྱ། འཁོར་ལོ་ཡིན་པར་ཅི་མངོན་ཞེ་ན། དེ་ལ་ཡང་ལུང་ལས་གསུངས་པས་ན་མངོན་ཏེ། ལུང་ལས་འཕགས་པ་ཀུན་ཤེས་ཀཽ་དི་ནྱས་བདེན་པ་མཐོང་ངོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཀཽ་དི་ནྱ་ཁྱོད་ཀྱིས་བདེན་བ་མཐོང་ངམ། གསོལ ་པ་བཅོམ་ལྡན་འདས་མཐོང་ངོ། །ཀཽ་དི་ནྱ་ཁྱོད་ཀྱིས་བདེན་པ་རྟོགས་མ། གསོལ་པ། བཅོམ་ལྡན་འདས་རྟོགས་སོ། །དེ་བས་ན་འདིས་བདེན་པ་ཀུན་ཤེས་པས་ན། ཀུན་ཤེས་ཀཽ་དི་ནྱ་ཞེས་གྲགས་སོ། །ནམ་འཕགས་པ་ཀཽ་དི་ནྱིས་བདེན་པ་མཐོང་བས་ན། ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་གསུངས ་པའི་ཕྱིར། མཐོང་བའི་ལམ་ལ་ཆོས་ཀྱི་འཁོར་ལོ་ཞེས་བྱའོ། །གཞན་ཡང་བཙུན་པ་ཀུན་ཤེས་ཀཽ་དི་ནྱ་ཡང་འདི་སྐད་དུ་འཆད་དེ། འཕགས་པའི་ལམ་གྱི་ཡན་ལག་མཐོང་བའི་ལམ་གྱི་ངོ་བོ་འདི། ལྟེ་བ་དང་རྩིབས་དང་མུ་ཁྱུད་ཀྱི་དཔེ་དང་འདྲ་བར་ཚེས་ཀྱི་འཁོར་ལོ་ཞེས ་བྱའོ། །དེ་ལ་ཡང་དག་པའི་དག་དང། ལས་ཀྱི་མཛའ་དང། འཚོ་བ་གསུམ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡིན་པར་ལྟེ་བའི་ཚུལ་ལྟ་བུ་སྟེ། ཇི་ལྟར་འཁོར་ལོ་ལྟེ་བའི་རྩབས་ཀྱི་གཟུགས་བྱེད་པ་བཞིན་དུ། ཡང་དག་པའི་ལྟ་བ་ལ་སོགས་པའི་ཡོན་ཏན་གཞན་ཡང ་ཚུལ་ཁྲིམས་ལ་བརྟེན་ཅིང་དེ་དག་གི་གཟུང་ཚུལ་ཁྲིམས་བྱེད་པའི་ཕྱིར་རོ། །ཡང་དག་པའི་ཏིང་ངེ་འཛིན་ནི་མུ་ཁྱུང་ཀྱི་ཚུལ་ལྟ་བུ་སྟེ། ཇི་ལྟར་འཁོར་ལོ་མུ་ཁྱུང་ཀྱི་རྩིབས་རྣམས་མི་གྱེས་པར་སྡུད་པ་བཞིན་དུ། ཡང་དག་པའི་ཏིང་ངེ་འཛིན་གྱིས་ཀྱང་སེམས་ཀྱི་འཕྲོ་བ་ཐམས ་ཅད་སྡུད་པར་བྱེད་པའི་ཕྱིར་རོ། །ཡང་དག་པའི་ལྟ་བ་དང། རྟོག་པ་དང། དྲན་པ་དང། རྩོལ་བ་བཞིན་ནི། འཕྲོ་བའི་རང་བཞིན་བས་རྩིབས་ལྟ་བུའོ། །དེ་ལྟར་འཕགས་པ་ཀཽ་དི་ནྱས་མཐོང་བའི་ལམ་སྐྱེས་པའི་ཕྱིར་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་གསུངས་པས་ན། ་མཐོང་བའི་ལམ་ལ་ཆོས་ཀྱི་འཁོར་ལོ་ཞེས་བྱ་བར་མངོན་ནོ། །དེ་ལ་ཡང་དག་པའི་དག་དང་ལས་ཀྱི་མཐལ་དང་འཚོ་བ་གསུམ། ཚུལ་ཁྲིམས་ཀྱི་ཕུང་པོར་གཏོགས་པས་ཞེ་སྡང་མི་དགེ་བའི་རྩ་བ་གཅོད་པར་བྱེད་དོ། །ཡང་དག་པའི་ཏིང་ངེ་འཛིན་དང། རྟོག་པ་དང་རྩོལ་བ ་གསུམ་ཏིང་ངེ་འཛིན་གྱི་ཕུང་པོར་གཏོགས་པས་འདོད་ཆགས་མི་དགེ་བའི་རྩ་བ་གཅོད་པར་བྱེད་དོ། །ཡང་དག་པའི་ལྟ་བ་དང་དྲན་པ་ཤེས་རབ་ཀྱི་ཕུང་པོར་གཏོགས་པས་གཏི་མུག་མི་དགེ་བའི་རྩ་བ་གཅོད་པར་བྱེད་དོ། །ཞེས་ཀྱང་སློབ་དཔོན་ཁ་ཅིག་གིས་བཤད་དོ།། ་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་དོན་རྒྱས་པར་ནི་མདོ་ཉིད་ལས་འོག་ནས་འཆད་པས་མདོ་ཙམ་ཞིག་བསྟན་པར་བྱའོ། །ཡང་དག་པའི་ལྟ་བ་ཞེས་བྱ་བ་ལ། ཡང་དག་པ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་དོན་ཏོ། །ལྟ་བ་ནི་མཐོང་བའི་དོན་ཏེ། ནང་དང་ཕྱིའི ་དངོས་པོ་མི་རྟག་པ་ལ་སོགས་པ་ཕྱིན་ཅི་མ་ལོག་པར་མཐོང་བ་ནི། ཡང་དག་པའི་ལྟ་བའོ། །ཡང་ན་ཡང་དག་པར་ཞེས་བྱ་བ་ནི་དེ་ཁོ་ན་ལ་བྱ་ལ། ལྟ་བ་ཞེས་བྱ་བ་ནི། རྟོགས་པ་ལ་བྱ་སྟེ། བདེན་པ་བཞིའི་དེ་ཁོ་ན་ལ་རྟོགས་པ་ནི་ཡང་དག་པའི་ལྟ་བའོ། །ཡང་ན ་ཡང་དག་པ་ནི་བཀྲ་ཤིས་པ་འམ། བསྔགས་པ་འམ་དགེ་བ་ལ་བྱ་ལ། ལྟ་བ་ནི་གསལ་བར་བྱེད་པ་ལ་བྱ་སྟེ། བཀྲ་ཤིས་པ་འམ་དགེ་བ་གསལ་པར་བྱེད་པ་ནི་ཡང་དག་པའི་ལྟ་བའོ། །ཡང་དག་པའི་རྟོག་པ་ཞེས་བྱ་བ་ལ། ཡང་དག་པ་ཞེས་བྱ་བ་ནི་སྔོན་མ ་བྱུང་བ་བྱུང་བ་ལ་བྱ། རྟོག་པ་དག་ནི་འདི་དག་འདི་མི་དགེ་ཞེས་འཇིག་པ་ལ་བྱ་སྟེ། དེ་ལྟ་བུ་འཇིག་པ་སྔོན་མ་བྱུང་བ་ནི་ཡང་དག་པའི་རྟོག་པའོ། །ཡང་ན་ཡང་དག་པ་ནི་མཉམ་པ་འམ་མཐུན་པར་བྱེད་པ་ལ་རྟོག་པ་ནི། དེའི་རྗེས་སུ་སེམས་པ་སྟེ། ཡང ་དག་པའི་ལྟ་བས་ཇི་ལྟར་མཐོང་བ་བཞིན་དུ། ཕྱིས་དེ་དང་མཐུན་པར་སེམས་པ་ནི་ཡང་དག་པའི་རྟོག་པའོ། །ཡང་དག་པའི་དག་ཅེས་བྱ་བ་ལ་དང་པོར་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་སོགས་པ་ཡང་དག་པར་བླངས་ནས་སྡིག་པ་མི་དགེ་བའི་ཆོས་མི་བྱ་བར་ཁས་བླངས་པ་བཞིན་དུ་ཡི ་དམ་འདྲལ་བར་མི་བྱེད་པ་ན། ཡང་དག་པའི་དག་གོ་།ཡང་དག་པའི་དག་རྣམ་པ་གཉིས་ཏེ། རྣམ་པ་རིག་བྱེད་མ་ཡིན་པ་དང། རྣམ་པར་རིག་བྱེད་དོ། །དེ་ལ་རྣམ་པར་རིག་བྱེད་མ་ཡིན་པ་ནི་བརྫུན་དང་ཚིག་རྩུབ་པོ་ལ་སོགས་པའི་སྨྲ་བ་ལས་ལོག་པའོ། །རྣམ་པར་གི་བྱེད་ནི་དུས་སུ་སྨྲ། ཡང་དག ་པར་སྨྲ། བདེན་པར་སྨྲ་ཞེས་བྱའོ། །ཡང་དག་པའི་ལས་ཀྱི་མཛའ་ཞེས་བྱ་བ་ལ། གང་ལུས་ཀྱི་ལས་མ་ཉམས་པ་ཞིག་སྟེ། སྲོག་གཅོད་པ་དང། མ་བྱིན་པར་ལེན་པ་ལ་སོགས་པ་ལ་ངེས་པར་ལྟ་ཞིང་དེ་ལ་མི་འཇུག་པའོ། །ཡང་དག་པའི་འཚོ་བ་ཞེས་བྱ་བ་ལ་ཆོས་བཞིན་དུ་འཚོ་བ ་ནི་ཡང་དག་པའི་འཚོ་བ་སྟེ། དེ་ཡང་ཁྱིམ་ན་གནས་པ་རྣམས་ཀྱི་འཚོ་བ་བདག་པ་དང། རབ་ཏུ་བྱུང་བ་རྣམས་ཀྱི་འཚོ་བ་དག་པ་སྟེ། རྣམ་པ་གཉིས་སོ། །ཁྱིམ་ན་གནས་པ་རྣམས་ཀྱི་འཚོ་བ་དག་པ་ནི། མེ་དང་མཚོན་དང། དུག་དང་ཆང་ལ་སོགས་པ་ལས་སླར་ལོག་པའོ། །རབ་ཏུ་བྱང ་བ་རྣམས་ཀྱི་ཚོ་བ་དག་པ་ནི་ཡོ་བྱད་བསྙུངས་པ་དང། ཆོག་ཤེས་ཤིང་འདོད་པ་ཉུང་བ་དང་ཚུལ་འཆོས་པ་ལ་སོགས་པ་ལས་སླར་ལོག་པའོ། །ཡང་དག་པའི་རྩོལ་བ་ཞེས་བྱ་བ་ལ། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་མི་སྐྱེད་པ་དང། སྐྱེས་པ་སྤོང་བ་དང། དགེ་བའི ་ཆོས་མ་སྐྱེས་པ་བསྐྱེད་པ་དང། སྐྱེས་པ་འཕེལ་བར་བྱེད་པའི་ལུས་དང་སེམས་ཀྱི་བརྩོན་འགྲུས་ནི་ཡང་དག་པའི་རྩོལ་བའོ། །ཡང་དག་པའི་དྲན་པ་ཞེས་བྱ་བ་ལ་སྔོན་མཉན་ཅིང་བསམས་ཏེ། མྱོང་བའི་དངོས་པོ་སེམས་ལ་མི་བརྗེད་པར་བྱེད་པ་ནི་ཡང་དག་པའི་དྲན་པ་སྟེ། ད ་ཡང་རྒྱུ་རྣམ་པ་གསུམ་ལས་དྲན་པ་འབྱུང་ངོ། །རྒྱུ་རྣམ་པ་གསུམ་ནི་གོམས་པ་དང། མཚན་མ་མཐོང་བ་དང། ཡིད་དང་བའོ། །དེ་ལ་གོམས་པ་ནི་གཟུགས་ལ་སོགས་པའི་དངོས་པོ་ལ་ཡང་ནས་ཡང་དུ་ལྟ་བ་ལ་སོགས་པ་བྱས་པ་དང། གཟུགས་ལ་སོགས་པའི་དངོས་པོ་མེད་ཀྱང་ཕྱིས ་སེམས་ལ་དྲན་པ་འབྱུང་སྟེ། དཔེར་ན་ཉིན་མོ་གོམས་པའི་རྨི་ལམ་དུ་མཐོང་བ་བཞིན་ནོ། །མཚན་མར་མཐོང་བ་ནི་ཆོས་འདྲ་བ་དང་མི་འདྲ་བ་མཐོང་བ་ལས་དྲན་པ་འབྱུང་སྟེ། དཔེར་ན་བུ་དང་འདྲ་བ་མཐོང་ནས་བུ་བྲན་བ་དང། ལྷགས་པས་ཉེན་ནས་མི་དྲན་པའོ། །ཡིད་དང་བར་ནི་ཚུགས་ལ ་བར་བཞིན་གྱིས་གཟུགས་བརྙན་སྣང་བ་དང་འདྲ་བར། སེམས་གསལ་ཏེ་སྒྲིབ་པའི་ཤེས་ཆུར་ན་སྔོན་ཅི་བྱས་པ་རྣམས་དྲན་ནོ། །ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱ་བ་ལ། ཡང་དག་པ་ནི་དྲང་པོ་ལ་བྱ་བ་ལ། ཏིང་འཛིན་ན་གྱུར་པ་འམ་འཛིན་པ་ལ་བྱ་སྟེ། དཔེར་ན་སྤྲུལ་སྨྱུག་མའི ་སྒྲུབས་སུ་བཅུག་ན་དྲང་པོར་འགྱུར་བ་བཞིན་དུ། སེམས་རྨུགས་པ་དང་རྒོད་པ་ལ་སོགས་པ་ལས་བཟློག་ནས་དྲང་པོར་འཛིན་པ་ནི་ཡང་དག་པར་ཏིང་ངེ་འཛིན་ཏོ། །ཡང་ན་ཡང་དག་པ་ནི་མཉམ་པ་ལ་བྱ་ལ། ཏིང་ངེ་འཛིན་ནི་འཇོག་པ་ལ་བྱ་སྟེ། སེམས་མཉམ་པར་འཇོག ་པ་ཡང་དག་པའི་ཏིང་ངེ་འཛིན་ཏོ། །དེ་ལ་ལམ་གྱི་ཡན་ལག་ནི་མདོ་ཙམ་དུ་གསུངས་པ་རྒྱས་པར་བཤད་པར་བྱ་བའི་ཕྱིར་རོ། །དགེ་སློང་དག་ཡང་དག་པའི་ལྟ་བ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་བཀའ་སྩལ་ཏོ། །ཅིའི་ཕྱིར་མདོ་ཙམ་དུ་བཤད་ནས། རྒྱས་པར་བཀའ་སྩལ ་ཅེ་ན། འདུལ་བ་རྣམ་པ་གཉིས་ཏེ། གླེངས་པས་ཤེས་པ་དང། སྤྲོས་པས་ཤེས་པའོ། །དེ་ལ་གླེངས་པས་ཤེས་པ་རྣམས་ཀྱི་ཆེད་དུ་ནི་འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་ཞེས་བྱ་བ་ལ་སོགས་པ་མདོ་ཙམ་དུ་གསུངས་ནས་སྤྲོས་པས་ཤེས་པ་རྣམས་ལ། རྒྱ་ཆེར་མ ་བཤད་ན་དོན་རྟོགས་པར་མི་ནུས་པའི་ཕྱིར། དེ་བཞིན་གཤེགས་པ་ཆོས་ལ་སློབ་དཔོན་འཆབ་པ་མི་མངའ་ཞིང། ཐུགས་རྗེ་ཆེན་པོ་དང་ལྡན་པས་དེ་ལ་དགེ་སློང་དག་ཡང་དག་པའི་ལྟ་བ་གང་ཞེན་ཞེས་བྱ་བ་ལ་སོགས་པ་རྒྱས་པར་བཀའ་སྩལ་ཏོ། །དེ་ལ་ཡང ་དག་པའི་ལྟ་བ་རྣམ་པ་གསུམ་སྟེ། སློབ་པའི་ཡང་དག་པའི་ལྟ་བ་དང། མི་སློབ་པའི་ཡང་དག་པའི་ལྟ་བ་དང། འཇིག་རྟེན་གྱི་ཡང་དག་པའི་ལྟ་བའོ། །དེ་སློབ་པ་དང་མི་སློབ་པའི་གང་ཟག་རྣམས་ལ་སྙོམས་པར་འཇུག་པ་ན་ལྟ་བ་གང་ཡིན་པ་ནི་སློབ ་པ་དང་མི་སློབ་པའི་ཡང་དག་པའི་ལྟ་བ་ཞེས་བྱའོ། །ཏིང་ངེ་འཛིན་ལས་ལངས་ནས་ལྟ་བ་ནི་རྟོག་པ་དང་བཅས་པ་ཡིན་པས། འཇིག་རྟེན་གྱི་ཡང་དག་པའི་ལྟ་བ་ཞེས་བྱའོ། །ཡང་ན་གང་ཟག་དགེ་བ་རྣམས་ཚེ་རབས་ཡོད་པར་ལྟ་ཞིང། ལས་དང་ལས་ཀྱི་འབྲས་བུ ་ལ་སྐུར་པ་མི་འདེབས་པ་ནི། འཇིག་རྟེན་གྱི་ཡང་དག་པའི་ལྟ་བ་སྟེ། འདིར་ནི་འཇིག་རྟེན་གྱི་ཡང་དག་པའི་ལྟ་བ་སྟོན་པར་རིག་པར་བྱའོ། །དེ་ལ་ཆོས་དྲུག་ཡོད་པར་ལྟ་བ་ནི་ཡང་དག་པའི་ལྟ་བ་སྟེ། འཇུག་པའི་རྟེན་ཡོད་པར་ལྟ་བ་དང། དེའི་རྐྱེན་གྱིས་ས ་བོན་དང། གཞི་ཡོད་པར་ལྟ་བ་དང། སྦྱིན་པའི་ཡོན་ཏན་ཡོད་པར་ལྟ་བ་དང། སྦྱིན་པ་དང་ཚུལ་ཁྲིམས་དང་གཉེན་པོ་བསྒོམ་པའི་དང། མི་མཐུན་པའི་ཕྱོགས་ཡོད་པར་ལྟ་བ་དང། དེ་གསུམ་མི་མཐུན་པའི་ཕྱོགས་དང། གཉེན་པོའི་འབྲས་བུ་ཡོད་པར་ལྟ་བ་དང། ་འཇུག་པ་ལས་རྣམ་པར་ལོག་པར་ལྟ་བ་དང་དྲུག་གོ་།དེ་ལ་འཇིག་རྟེན་འདི་ཡོད་འཇིག་རྟེན་ཕ་རོལ་ཡོད་ཅེས་བྱ་བས་འཇུག་པའི་རྟེན་ཡོད་པར་ལྟ་བ་བསྟན་ཏེ། ཚེ་གཅིག་ཏུ་འཇུག་པའི་རྟེན་ནི་འདི་དང་འཇིག་རྟེན་ཕ་རོལ་ཡིན་ལ། ཚེ་འདི་ཡང་ལས་དང་ཉོན་མོངས་པ ་དང་བཅས་པའི་ཕུང་པོ་ལྔར་ཡོད་པར་འདོད་ཅིང་ཚེ་འདིའི་ལས་དང་ཉོན་མོངས་པའི་རྒྱུས་ཚེ་རབས་གཞན་དུ་ཡང་ཕུང་པོ་ལེན་པར་འདོད་པ་ནི་འཇིག་རྟེན་འདི་ཡོད་པ་དང་འཇིག་རྟེན་ཕ་རོལ་ཡོད་པར་ལྟ་བ་ཞེས་བྱའོ། མ་ཡོད་པ་དང་ཕ་ཡོད་པ་དང་ཞེས་བྱ ་བས་དེའི་རྐྱེན་གྱིས་ས་བོན་དང་གཞི་ཡོད་པར་བསྟན་ཏེ། ཕུང་པོ་ལྔ་སྐྱེ་བའི་ས་བོན་འཇོག་པ་ནི་ཕ་ཡིན་ནོ། །ས་བོན་གྱི་རྟེན་བྱེད་པ་ནི་མ་ཡིན་ཏེ། དེ་གཉིས་ཀྱང་ཡོད་པར་ལྟ་བ་ནི་མ་ཡོད་པ་དང། ཕ་ཡོད་པ་ཞེས་བྱའོ། །སྦྱིན་པ་ཡོད་པ་དང། སྦྱིན་སྲེག་ཡོད་པ ་ཞེས་བྱ་བས་སྦྱིན་པ་དང། ལྷ་ལ་མཆོད་པ་ཡོད་པར་ལྟ་བ་བསྟན་ཏེ། ཡོ་བྱད་རྣམས་བྱིན་ན་དེ་ལེན་པར་བྱེད་པའི་སེམས་ཅན་ཡོད་པར་ལྟ་བ་དང། སྦྱིན་སྲེག་བྱས་ན་དེ་ན་སྦྱིན་སྲེག་ལེན་པའི་ལྷ་ཡོད་པར་ལྟ་བ་ནི་སྦྱིན་པ་ཡོད་པ་དང། སྦྱིན་སྲེག་ཡོད་པར་ལྟ་བ་ཞེས་བྱའོ། ་འདོད་པ་དང་མི་འདོད་པ་ཞེས་བྱ་བས། སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམ་པའི་ནི་མཐུན་པའི་ཕྱོགས་ཡོད་པར་ལྟ་བ་བསྟན་ཏེ། སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམ་པའི་མཚན་ཉིད་དགེ་བའི་ཕྱོགས་གཉེན་པོར་གྱུར་པ་ལ་ནི་འདོད་པ་ཞེས་བྱའོ། །དེའི་མི་མཐུན་པའི་ཕྱོགས་སེར་སྣ ་དང་ངང་ཚུལ་ངན་པ་དང། སེམས་གཡེངས་པ་མི་དགེ་བའི་ཕྱོགས་སུ་གྱུར་པ་ནི་མི་འདོད་པ་ཞེས་བྱའོ། །ཡང་ན་བསོད་ནམས་དང་མི་གཡོ་བའི་མཚན་ཉིད་ཀྱི་ལས་དགེ་བ་ནི་འདོད་པའོ། །བསོད་ནམས་མ་ཡིན་པའི་མཚན་ཉིད་ཀྱི་ལས་མི་དགེ་བ་ནི་མི་འདོད་པ་སྟེ། དེ་དག་ཡོད་པར་ལྟ ་བ་ནི། འདོད་པ་དང་མི་འདོད་པ་ཡོད་པར་ལྟ་བ་ཞེས་བྱའོ། །ལེགས་པར་བྱས་པ་དང་ཉེས་པར་བྱས་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡོད་པ་དང་ཞེས་བྱ་བས་དེ་གསུམ་གྱི་མི་མཐུན་པའི་ཕྱོགས་དང་གཉེན་པོའི་འབྲས་བུ་ཡོད་པར་ལྟ་བ་བསྟན་ཏེ། སྦྱིན་པ་བྱས་ན་ལོངས་སྤྱོད་ཆེན་པོར་འགྱུར་བ་དང ་ཚུལ་ཁྲིམས་བསྲུངས་ན་མཐོ་རིས་སུ་སྐྱེ་བ་དང། ཚད་མེད་པ་བསྒོམས་ན་མྱ་ངན་ལས་འདས་པར་འགྱུར་བར་ལྟ་བ་དང། སེར་སྣ་བྱས་ན་དབུལ་པོར་འགྱུར་བ་དང། ཚུལ་ཁྲིམས་བྲལ་ན་ངན་སོང་དུ་སྐྱེ་བ་དང། ཚད་མེད་པ་མ་བསྒོམས་ན་ཐར་པར་མི་འགྱུར་རོ་ཞེས་ལྟ་བ་འམ། བསོད་ནམས་དང། ་མི་གཡོ་བའི་ལས་བྱས་ན་བདེ་འགྲོར་སྐྱེ་བ་དང། བསོད་ནམས་མ་ཡིན་པའི་ལས་བྱས་ན་ངན་སོང་གསུམ་དུ་སྐྱེ་བར་ལྟ་བ་ནི། ལས་ལེགས་པར་བྱས་པ་དང། ཉེས་པར་བྱས་པའི་འབྲས་བུ་རྣམ་པར་སྨིན་པ་ཡོད་པར་ལྟ་བ་ཞེས་བྱའོ། །འཇིག་རྟེན་ན་ཡང་དག་པར་སོང་བ་དང། ཡང་དག་པར་ཞུགས་པ? ་ཡོད་ཅེས་བྱ་བས་འཇུག་པ་ལས་རྣམ་པར་ལོག་པར་ཡིད་པར་ལྟ་བ་བསྟན་ཏེ། འཇུག་པ་ནི་འཁོར་བར་སྐྱེ་བའོ། །འཁོར་བར་སྐྱེ་བ་ལས་ལོག་པ་ནི་འཕགས་པ་རྒྱུན་ཏུ་ཞུགས་པ་ལ་སོགས་པ་དང། དེ་བཞིན་གཤེགས་པ་རྣམས་ཏེ་དེ་དག་ཡོད་པར་ལྟ་བ་ནི་འཇིག་རྟེན་ན་ཡང་དག་པར་སོང་བ་དང། ་ཡང་དག་པར་ཞུགས་པ་ཡོད་པར་ལྟ་བ་ཞེས་བྱའོ། །དེ་ལ་རྒྱུན་དུ་ཞུགས་པ་ལ་སོགས་པའི་འཕགས་པ་ནི་ཡང་དག་པར་སོང་བའོ། །དེ་ལ་བཟློག་པ་འདི་ལོག་པའི་ལྟ་བའོ། །ཞེས་བྱ་བ་ལ་ཡང་དག་པའི་ལྟ་བ་ལས་བཟློག་པ་ནི་ལོག་པའི་ལྟ་བ་སྟེ། ་འཇིག་རྟེན་འདི་མེད་འཇིག་རྟེན་ཕ་རོལ་མེད་ཅེས་བྱ་བ་ལ་སོགས་པར་ལྟ་བའོ།། །།ཡང་དག་པའི་རྟོག་པ་བཤད་པར་བྱ་བའི་ཕྱིར། ཡང་དག་པའི་རྟོག་པ་གང་ཞེ་ན། སྦྱིན་པ་དང་ཚུལ་ཁྲིམས་སངས་རྒྱས་སུ་འགྱུར་བ་ལ་སོགས་པར་བསྔོ་སྟེ། འཁོར་ལོས་བསྒྱུར་བ་ལ་སོགས་པ ་མ་བསྔོས་པ་འདི་ཡང་དག་པའི་རྟོག་པའི་ཞེས། གསུངས་སོ། །དོན་དུ་ན་མི་དགེ་བ་ལ་སོགས་པར་རྟོག་པའི་གཉེན་པོར་སེམས་དགེ་བར་རྟོགས་པ་ནི། ཡང་དག་པར་རྟོག་པའོ། །དེ་ལ་སྦྱིན་པ་གང་ཁ་ན་མ་ཐོ་བ་མེད་པ། སེམས་ཀྱི་རྒྱན་དང་སེམས་ཀྱི་ཡོ་བྱད་དང། རྣལ་འབྱོར་གྱི་ཚོགས ་དང། དོན་གྱི་མཆོག་ཐོབ་པར་བྱ་བའི་ཕྱིར་དངོས་པོ་གཏོང་བ་ནི་སྦྱིན་བའོ། །དེ་ཡང་གང་གིས་སྦྱིན་པ་དང་གང་དུ་སྦྱིན་པ་དང། ཅི་སྦྱིན་པ་དང། ཅིས་སྦྱིན་པ་དང། ཇི་ལྟར་སྦྱིན་པ་དང། ཅིའི་ཕྱིར་སྦྱིན་པ་སྟེ། རྣམ་པ་དྲུག་ཏུ་བལྟའོ། །དེ་ལ་གང་གིས་སྦྱིན་ཞེ་ན། སྦྱིན་པ་པོ་དང། སྦྱིན་པའི ་བདག་པོས་སྦྱིན་ཏེ། གང་རང་གིས་ལག་ནས་དངོས་པོ་གཏོང་བ་ནི་སྦྱིན་པ་པོའོ། །གང་གཞན་དུ་སྦྱིན་དུ་འཇུག་པ་ནི་སྦྱིན་པའི་བདག་པོའོ། །གང་ལ་སྦྱིན་ཞེ་ན། ཞིང་རྣམ་པ་བཞི་ལ་སྦྱིན་ཏེ། སྡུག་བསྔལ་གྱི་ཞིང་དང། ཕན་བཏགས་པའི་ཞིང་དང། ཡིད་དུ་འོང་བའི་ཞིང་དང། ཁྱད་ཞུགས ་པའི་ཞིང་ངོ། །དེ་ལ་སྡུག་བསྔལ་གྱི་ཞིང་འདྲོན་པོ་འམ། བཀྲེན་པའི་མ་ལྟེ་འམ། ལོང་བའམ་འོན་པ་འམ་མགོན་མེད་པའམ་སྐྱབས་མེད་པ་འམ། གང་ནད་ཀྱིས་གཟིར་བ་ལ་སོགས་པའོ། །དེ་ལ་ཕན་བཏགས་པའི་ཞིང་ནི་ཕའམ་མ་འམ། གཞན་ཡང་གནོད་པའི་སྡུག་བསྔལ་ལས ་བདག་བསྒྲལ་བ་བྱས་པའམ། ལོ་ཉེས་མ་རྒྱལ་པོ་གཞན་གྱི་འཇིགས་པ་འམ། བཅིངས་པའི་ནད་ཀྱིས་བཏབས་པ་ལས་གྲོགས་བྱས་པ་འམ། ལས་སུ་བྱ་བ་རྣམས་ཀྱི་གྲོགས་བྱས་པ་འམ། ནོར་དང་གཉེན་བཤེས་ལ་སོགས་པ་དང་བྲལ་བའི་མྱ་ངན་ལས་བསངས་པ་འམ། ་ཕན་པ་དང་བདེ་བར་འགྱུར་བའི་མན་ངག་བྱིན་པའོ། །ཡིད་དུ་འོང་བའི་ཞིང་ནི། གང་གྲོགས་པོ་མཛའ་བ་དང་བཤེས་པ་ཕན་ཚུན་འདྲིས་པ་དང། སེམས་མཐུན་པར་གྱུར་པའམ། ཉེ་དུ་གཉེན་བཤེས་ལ་སོགས་པ་གཞན་ཡང་ངོ། །ཁྱད་ཞུགས་པའི་ཞིང་ནི་བྲམ་ཟེའམ་དགེ་སློང་གང་དགེ་བའི་རང་བཞིན ་ཅན་འདོད་ཆགས་དང། ཞེ་སྡང་དང་གཏི་མུག་སྤང་བར་བྱ་བའི་ཕྱིར་ཞུགས་པའོ། །དེ་ལ་ཅི་སྦྱིན་ཞེ་ན། དོན་དུ་དངོས་པོ་རྣམ་པ་གཉིས་སྦྱིན་སྟེ། སེམས་ཅན་གྱི་གྲངས་སུ་གཏོགས་པ་དང། སེམས་ཅན་གྱི་གྲངས་སུ་མ་གཏོགས་པའི་དངོས་པོའོ། །དེ་ལ་སེམས་ཅན་གྱི་གྲངས་སུ་གཏོགས་པའི་དངོས་པོ་ཡང་རྣམ་པ ་གཉིས་ཏེ། ཕྱི་དང་ནང་གིའོ། །དེ་ལ་ཕྱིའི་དངོས་པོ་ནི་བུ་དང་ཆུང་མ་དང་ཁྲམ་ཕོ་མོ་དང། རྟ་དང་གླང་པོ་དང། ར་ལུག་ལ་སོགས་པ་སྦྱིན་པའོ། །ནང་གི་དངོས་པོ་ནི་བདག་ཉིད་ཀྱི་ལུས་ཀྱི་རྐང་བ་དང། ལག་པ་དང་མགོ་དང་ཤ་ཁྲག་ལ་སོགས་པ་སྦྱིན་པའོ། །སེམས་ཅན་གྱི་གྲངས་སུ་མ་གཏོགས ་པའི་དངོས་པོ་ཡང་རྣམ་པ་གསུམ་སྟེ། འབྲུའི་དངོས་པོ་དང། གཏེར་གྱི་དངོས་པོ་དང། ཡུལ་གྱི་དངོས་པོའོ། །དེ་ལ་འབྲུའི་དངོས་པོ་ནི་འདི་ལྟ་སྟེ། ནས་དང་གྲོ་དང་འབྲས་དང་ཏིལ་ལ་སོགས་པའོ། །གཏེར་གྱི་དངོས་པོ་ནི་འདི་ལྟ་སྟེ། གསེར་དང་དངུལ་དང་མུ་ཏིག་དང་བཻཌཱུརྱ་ལ་སོགས་པའོ།། ་ཡུལ་གྱི་དངོས་པོ་ནི་འདི་ལྟ་སྟེ། ཞིང་གི་དངོས་པོ་དང། ཁྱིམ་གྱི་དངོས་པོ་དང། ཚོང་ཁང་དང། བསོད་ནམས་ཀྱི་དོན་དུ་བརྩིགས་པའི་ཁང་བ་ལ་སོགས་པའོ། །ཅིས་སྦྱིན་ཞེ་ན། འདོད་མ་ཆགས་པ་དང། ཞེ་མི་སྡང་བ་དང། ལྡན་པའི་རྒྱུས་བསྐྱེད་པའི་ལུས་ཀྱི་ལས་དང། ངག་གི་ལས ་ཀྱིས་སྦྱིན་ནོ། །ཇི་ལྟར་སྦྱིན་ཞེ་ན། དད་པའི་སེམས་ཀྱིས་ཚེ་ཕྱི་མ་དང་འབྲས་བུ་ཡོད་པར་ལྟ་ཞིང། གུས་པ་དང་འདུད་པའི་སེམས་ཀྱིས་རང་གིས་ལག་ནས་གུས་པར་བྱས་ཏེ་དུས་སུ་སྦྱིན་ནོ། །ཅིའི་ཕྱིར་སྦྱིན་ཞེ་ན་སྡུག་བསྔལ་གྱི་ཞིང་ལ་ནི་སྙིང་རྗེ་བས་སྦྱིན་ནོ། །ཕན་བཏགས་པའི་ཞིང་ལ་ནི་བྱས ་པ་གཟོ་པའི་སེམས་ཀྱིས་སྦྱིན་ནོ། །ཡིད་དུ་འོང་བའི་ཞིང་ལ་ནི་མཛའ་བར་གྱུར་པས་སྦྱིན་ནོ། །ཁྱད་ཞུགས་པའི་ཞིང་ལ་ནི་འཇིག་རྟེན་ཀུན་ལས་ཁྱད་པར་དུ་འཕགས་པ་དེ་ལས་འབྲས་བུ་དམ་པ་འབྱུང་བའི་ཕྱིར་སྦྱིན་ཏེ་འདི་ནི་སྦྱིན་པ་ཞེས་བྱའོ། །ཚུལ་ཁྲིམས་ཞེས་བྱ་བ་ལ། ཚུལ་ཁྲིམས ་ནི་ཡན་ལག་དྲུག་དང་ལྡན་པའི་ཚུལ་ཁྲིམས་ལ་བྱ་སྟེ། ཡན་ལག་དྲུག་དང་ལྡན་པའི་ཚུལ་ཁྲིམས་གང་ཞེ་ན། ཚུལ་ཁྲིམས་དང་ལྡན་པ་ཡིན་ཞིང། སོ་སོར་ཐར་པའི་སྡོམ་པས་སྡམས་པ། སྤྱོད་པ་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཁ་ན་མ་ཐོ་བ་དུས་ཅི ་ལ་ཡང་འཇིགས་པར་ལྟ་ཞིང། ཡང་དག་པར་བླངས་པའི་གནས་རྣམས་སློབ་བོ་ཞེས་གང་གསུངས་པའོ། །དེ་ལྟར་ཚུལ་ཁྲིམས་དང་ལྡན་པ་ནི་ཇི་ལྟར་བསླབ་པ་ཡང་དག་པར་བླངས་པའི་གནས་དང། ལུས་ཀྱིས་ལས་ཀྱིས་ཞིག་པར་མ་བྱས་པ་དང། ངག་གི་ལས་ཀྱིས་ཞིག ་པར་མ་བྱས་པའོ། །ཇི་ལྟར་སོ་སོར་ཐར་པའི་སྡོམ་པས་བསྡམས་ཤེ་ན། སྡེ་བདུན་པའི་ཚུལ་ཁྲིམས་པ་ནི་སོར་ཐར་པའི་སྡོམ་པ་སྟེ། དེ་དང་ལྡན་པའོ། །དེ་ལ་སྡེ་བདུན་ནི་དགེ་སློང་ཕ་དང་དགེ་སློང་མ་དང། དགེ་བསྙེན་ཕ་དང། བསྙེན་མ་དང། དགེ་སྦྱོང་ཕ་དང། དགེ་སྦྱོང་མ་དང། ་དགེ་སློབ་མའོ། །དེ་ལ་སྤྱོད་པ་ཕུན་སུམ་ཚོགས་པ་ནི། སྤྱོད་ལམ་བཞི་འམ་ལུས་བྱ་བ་འམ། དགེ་བའི་ཕྱོགས་ལ་སྦྱོར་བ་རྣམས་ཀྱང་འཇིག་རྟེན་གྱི་རྗེས་སུ་འཇུག་ཅིང། འཇིག་རྟེན་དང་མཐུན་པར་བྱེད་པ་པ་དང། འདུལ་བའི་རྗེས་སུ་འཇུག་ཅིང་འདུལ་བ་དང་མཐུན་པར ་བྱེད་པ་སྟེ། དོན་དུ་ན་ལས་སུ་བྱ་བ་ཐམས་ཅད་ལ་འཇིག་རྟེན་པ་རྣམས་ཀྱི་མིག་མི་འགག་པ་འམ། འདུལ་བ་དང་མི་འགལ་བར་བྱེད་པའོ། །ཇི་ལྟར་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། སྤྱོད་ཡུལ་རྣམ་པ་ལྔར། འཇུག་ཏུ་མ་གནང་བ་རྣམས་སུ་མི་འཇུག་པ་སྟེ། སྤྱོད ་ཡུལ་རྣམ་པ་ལྔ་ནི། བཤད་པའི་གནས་དང། སྨད་འཚོང་མའི་གནས་དང། ཆང་གི་གནས་དང། རྒྱལ་པོའི་ཕོ་བྲང་དང། གདོལ་བའི་གནས་སོ། །ཇི་ལྟར་ཁ་ན་མ་ཐོ་བ་ཕྲ་བ་ལ་འཇིགས་པར་ལྟ་ཞེ་ན། ཁ་ན་མ་ཐོ་བ་ཕྲ་བ་ཞེས་བྱ་བ་ནི། གང་བསླབ་ཚིག་ཕྲན་ཚེགས་སུ་གྱུར ་པ་ཉམས་ན་ཡང་བསླང་བར་སླ་བ་སྟེ། དཔེར་ན་དུག་ཆུང་ངུས་ཀྱང་སྐྱེས་བུ་ཆེན་པོ་གསོད་པ་བཞིན་དུ། ཁ་ན་མ་ཐོ་བ་ཕྲ་མོ་འདི་དང། བྱུང་ན་ཡང་དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་སྐལ་བ་མེད་ཅིང་ངན་སོང་དུ་ལྟུང་བར་འགྱུར་རོ་ཞེས་དེ་དག་ལ་ཡང་བག་བྱེད་ཅེས་འཇིགས ་ཡང་དག་པའི་དག་བསྟན་པར་བྱ་བའི་ཕྱིར། །ཡང་དག་པའི་ངག་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྫུན་ཏུ་སྨྲ་བ་ཞེས་བྱ་བ་ལ་གང་སྨྲ་བར་བྱ་བའི་དོན་དེ་འདུ་ཤེས་གཞན་དུ་བཞག་ནས་གཞན་དུ་སྨྲ་བ་སྟེ། གང་ལ་སྨྲ་བར་བྱ་བའི་མི་དེས་དོན་གོ་བར་བྱས་ན་རྫུན ་དེ་བས་ན་མངོན་པའི་ཆོས་མཛོད་ལས་འདུ་ཤེས་གཞན་དུ་བསྒྱུར་བའི་ཚིག་།དོན་ཤེས་པ་ལ་སྨྲས་ན་རྫུན་ཞེས་གསུངས་སོ། །ངག་རྩུབ་པོ་ཞེས་བྱ་བ་ལ་ཞེ་སྡང་དང་བཅས་པའི་སེམས་ཀྱི་ཕ་རོལ་པོ་མི་དགའ་བར་བྱ་བའི་ཕྱིར་རིགས་དང་རུས་ལ་སོགས་པ་སྐྱོན་སྨོས ་བའི་ཚིག་སྨྲས་ནས་གཞན་གྱིས་གོ་བར་གྱུར་ན་ཚིག་རྩུབ་པོ། །ཕྲ་མ་ཞེས་བྱ་བ་ལ་འདོད་ཆགས་དང་ཞེ་སྡང་དང་བཅས་པའི་སེམས་ཉོན་མོངས་པས་ཕ་རོལ་དབྱེ་བར་བྱ་བའི་ཕྱིར་ཕན་ཚུན་བསྐྱལ་བ་ལས་དོན་གོ་བར་གྱུར་ན་ཕྲ་མའོ། །དེ་བས་ན་མངོན་པའི་ཆོས ་མཛོད་ལས་ཀྱང། ཕྲ་མ་ཉོན་མོངས་པ་ཅན་གྱི་སེམས་དང་ཚིག་སྟེ་དབྱེ་བར་བྱ་བའི་ཕྱིར་ཞེས་གསུངས་སོ། །དཀྱལ་བར་སྨྲ་བ་ཞེས་བྱ་བ་ལ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་བཅས་པའི་སེམས་ཀྱིས། ཁ་གསག་དང་གླུ་དང་མུ་སྟེགས་ཀྱི་གཙུག ་ལག་བཤད་ནས་གཞན་གྱིས་དོན་གོ་བར་གྱུར་ན་ཚིག་བཀྱལ་བ་སྟེ། དེ་བས་ཆོས་མངོན་པའི་མཛོད་ལས་ཀྱང། ཁ་བསག་གླུ་དང་གླུ་ཚིག་བཞིན། །གཙུག་ལག་ངན་པ་བཞིན་དུ་ཡང། ཞེས་གསུངས་སོ། །དོན་ངག་གི་སྐྱོན་རྣམ་བཞི་སྤངས་ནས། འཇམ་པ་དང ་དོན་དང་བཅས་པའི་དམ་པའི་ཆོས་སྟོན་པ་ནི། ཡང་དག་པའི་དག་ཅེས་བྱ་སྟེ། དེ་དག་གི་མཚན་ཉིད་ཞིབ་ཏུ་ཡང་དག་པའི་ལས་ཀྱི་མཛའ་ཨི་སྐབས་སུ་བཤད་དོ།། །།ཡང་དག་པའི་ལས་ཀྱི་མཛའ་བསྟན་པར་བྱ་བའི་ཕྱིར། ཡང་དག་པའི་ལས་ཀྱི་མཛའ་གང ་ཞེ་ན། ལུས་དང་ངག་དང་ཡིད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མདོར་ན་ལུས་དང་ངག་དང་ཡིད་ཀྱི་མི་དགེ་བ་བཅུ་སྤངས་ནས་ལུས་དང་ངག་དང་ཡིད་ཀྱི་དགེ་བ་བཅུའི་ལས་ཀྱི་ལམ་བསྒྲུབས་པ་ནི་ཡང་དག་པའི་ལས་ཀྱི་མཛའ་ཞེས་བྱའོ།། །། ་བསྒྱུར་བར་གྱུར་ཅིག་ཅེ་འམ། སོགས་པའི་སྒྲས་བརྒྱ་བྱིན་དང་ཚངས་པར་གྱུར་ཅིག་ཅེས་མི་བསྔོ་པ་འདི་ནི་ཡང་དག་པའི་རྟོག་པའོ། །ཉོན་མོངས་པའི་སྒྲིབ་པ་རྣམས་སྤངས་ནས་སྐྱེས་བུ་གཉིད་ལས་སང་པ་བཞིན་དུ། མ་རིག་པའི་གཉིས་ལས་སང་པར ་བྱས་ཤིང་ཕུང་པོ་དང་ཁམས་ལ་སོགས་པའི་ཆོས་རྣམས་མངོན་དུ་གྱུར། པདམོ་ཁ?་ཕྱེ་བ་ལྟ་བུར་གྱུར་པ་ནི་སངས་རྒྱས། །འཁོར་ལོས་སྒྱུར་བ་ཞེས་བྱ་བ་ལ་འཁོར་ལོ་ནི་རིན་པོ་ཆེའི་མཐུས་འགྲོ་བ་རྣམས་ལ་དབང་བྱེད་ཅིང་རྒྱལ་སྲིད་འཛིན་པ་ནི་འཁོར་ལོས་སྒྱུར་བ ་ཞེས་བྱའོ། །འཁོར་ལོས་སྒྱུར་བའང་རྣམ་པ་བཞི་ཡོད་དེ། གསེར་གྱི་འཁོར་ལོ་ཅན་དང། དངུལ་གྱི་འཁོར་ལོ་ཅན་དང། ཟངས་ཀྱི་འཁོར་ལོ་ཅན་དང། ལྕགས་ཀྱི་འཁོར་ལོ་ཅན་དང། དེ་ལ་གསེར་གྱི་འཁོར་ལོ་ཅན་ནི་མཆོག་གོ་།དངུལ་གྱི་འཁོར་ལོ་ཅན་ནི་མཆོག་དང་ཉེ་བའོ།། ་ཟངས་ཀྱི་འཁོར་ལོ་ཅན་ནི་བར་མའོ། །ལྕགས་ཀྱི་འཁོར་ལོ་ཅན་ནི་ཐ་མའོ། །དེ་ཡང་རིམས་བཞིན་དུ་གསེར་གྱི་འཁོར་ལོ་ནི་གླིང་བཞི་ལ་དབང་སྒྱུར་རོ། །དངུལ་གྱི་འཁོར་ལོ་ཅན་ནི་གླིང་གསུམ་ལའོ། །ཟངས་ཀྱི་འཁོར་ལོ་ཅན་ནི་གླིང་གཉིས་ལའོ། །ལྕགས་ཀྱི་འཁོར ་ལོ་ཅན་ནི་གླིང་གཅིག་ལའོ། །དེ་ལ་དབང་སྒྱུར་བའི་ཚུལ་ཡང་གསེར་གྱི་འཁོར་ལོ་ཡོད་པ་རྣམས་ལ་ནི་མཁར་གྱི་རྒྱལ་ཕྲན་རྣམས་བདག་ཅག་ཉིད་བསུ་ཞིང་མཐུན་དུ་འོངས་ནས་འདི་སྐད་དུ། ཀྱེ་ལྷ་སྐྱེ་དགུ་འདི་དག་ནི་ཕྱུག་ཅིང་འབྱོར་ལ། སྐྱེ་བོ་མང་པོས་ཀྱང ་རྒྱས་པ་ལགས་ཏེ། བདག་ཅག་ཀྱང་ལྷའི་ལགས་པས་བདག་ཅག་ལ་ལྷས་ལུང་སྩལ་དུ་གསོལ་ཞེས་ཟེར་རོ། །གང་དངུལ་གྱི་འཁོར་ལོ་ཅན་དེ་དག་ཉིད་རྐང་གིས་བཅུགས་ཚེ་སོང་བའི་འོག་ཏུ་རྒྱལ་ཕྲན་རྣམས་འདུད་པར་བྱེད་དོ། །གང་ཟངས་ཀྱི ་འཁོར་ལོ་ཅན་དེ་དག་ནི་མཁའ་གྱི་རྒྱལ་ཕྲན་རྣམས་ཀྱི་དྲུང་དུ་སོང་ནས། ཚིག་གིས་ཐབས་དང་འདུད་པར་འགྱུར་རོ། །ལྕགས་ཀྱི་འཁོར་ལོ་ཅན་གྱིས་ནི་དྲུང་དུ་སོང་ནས་གཅིག་ལ་གཅིག་མཚོན་གཟས་པ་དང་དེའི་འོག་ཏུ་འདུད་པར་བྱེད་དོ།། །། ་སྲོག་གཅད་པ་ནི་མ་ཡིན་ནོ། དེ་ནི་མདོར་ན་འདི་སྐད་བསྟན་པ་ཡིན་ཏེ། གང་བསད་པར་བསམས་པ་དེ་ཉིད་བསད་ཀྱི་ནོར་ཏེ་གཞན་མ་བསད་ཅེས་བྱ་བའི་དོན་ཏོ། །ཡན་ལག་གསུམ་པ་བསྟན་པའི་ཕྱིར། གསད་སེམས་ཀྱང་སྐྱེས་ཞེས་བྱ་བ་སྨོས་ཏེ་གསད་སྙོམས་པའི་སེམས་ཀྱིས་བསད་སེམས་སྐྱེས་ནས ་བསད་ན་ནི་སྲོག་བཅད་པ་ཡིན་གྱི། གསད་བའི་བསམ་པ་མེད་དེ་ཉོན་མོངས་པ་མེད་པའི་སེམས་ཀྱི་བསད་ན་སྲོག་བཅད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡན་ལག་བཞི་པ་བསྟན་པའི་ཕྱིར་གནོད་པར་ཡང་བྱས་ཞེས་བྱ་བ་སྨོས་ཏེ། གསད་སེམས་ཡོད་ཀྱང་གལ་ཏེ་མཚོན་ལ་སོགས་པས་མ ་བསྣུན་ན་སྲོག་བཅད་པ་མ་ཡིན་གྱི། བསད་པར་བསམ་པས་མཚོན་ཆ་ལ་སོགས་པས་ཀྱང་བསྣུན་ཅེས་བྱ་བའི་དོན་ཏོ། །ཡན་ལག་ལྔ་པ་བསྟན་པའི་ཕྱིར། དེ་ཡང་ཤི་ན་ཞེས་བྱ་བ་གསུངས་ཏེ། གང་གསད་པར་བྱ་བ་དེ་ཡང་སྲོག་གི་དབང་པོའི་རྒྱུན་ཆད་དེ་ཤི་ན་ཡན་ལག་ལྔ་ཚང་བས ་སྲོག་གཅད་པ་རྫོགས་པ་ཡིན་ནོ། །སྲོག་བཅད་ཅེས་བྱ་བ་ལ་འཚོ་བའི་དབང་པོ་ནི་སྲོག་ཏེ། དེའི་རྒྱུན་གནོད་བར་བྱེད་པའམ་འགོག་པར་ནི་སྲོག་གཅོད་པའོ། །ཐ་ན་ཆུང་ངུ་ན་ཚེ་ཀུན་ཟང་འགགས་ཟིན་ནས་འཚོ་བའི་དབང་པོ་སྐད་ཅིག་མ་གཅིག་སྐྱེ་བར་འགྱུར་བའི་བར་ཆད ་བྱས་ན་ཡང་སྲོག་བཅད་པའི་ཁ་ན་མ་ཐོ་བ་དང་ལྡན་པར་འགྱུར་ན་གཞན་ལྟ་ཅི་སྨོས། བག་བྱས་པ་དང་མ་མཐོང་བ་མ་གཏོགས་ཏེ་ཞེས་བྱ་བ་ལ་བག་བྱས་བཞིན་པ་ལས་ཤི་བ་དང་སྡོང་པོ་ལ་བསྣུན་ནོ་སྙམ་པ་ལས་མི་ལ་ཕོག་སྟེ་ཤི་བ་དང་མི་ཡོད་པར་མ་མཐོང ་སྟེ། རྡོ་འཕངས་པ་ལ་སོགས་པས་ཤི་བར་གྱུར་པ་ནི་སྲོག་གཅོད་པ་ལ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མ་བྱིན་པར་ལེན་པ་བསྟན་པར་བྱ་བའི་ཕྱིར་དེ་ལ་མ་བྱིན་པར་ལེན་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཐཱུམ་སྒྱུ་འམ་འཇབ་བུས་གཞན་གྱི་ནོར་བླངས་པ་ནི་མ་བྱིན་པར་ལེན ་པའོ། །དེ་ཡང་ཡན་ལག་ལྔ་དང་ལྡན་ན་མ་བྱིན་པར་ལེན་པ་རྫོགས་པར་འགྱུར་ཏེ། བརྐུས་པར་འགྱུར་རོ། །ཡན་ལག་དང་པོ་བསྟན་པའི་ཕྱིར། རྐུ་སེམས་ཀྱིས་ཞེས་བྱ་བ་གསུངས་ཏེ། གསལ་ཏེ། གནས་འདིར་རྫས་བཞག་ན་སྟོར་བར་འགྱུར་བས་གཞན་དུ་བཞག་གོ་སྙམ་པའི ་མི་དགེ་བ་བཅུ་དང་དགེ་བ་བཅུ་གང་ཡིན་པ་བསྟན་པའི་ཕྱིར། དེ་ལ་ལུས་ཀྱི་རྣམ་པ་གསུམ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་ཀྱི་ལས་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང། འདོད་པས་ལོག་པར་སྤྱོད་པ་ནི་ལུས་ཀྱི་མི ་དགེ་བ་གསུམ་ཞེས་བྱ་བ་ལ། དེ་གསུམ་སྤངས་པ་ནི་ལུས་ཀྱི་དགེ་བ་གསུམ་ཞེས་བྱའོ། །ངག་གི་བཞི་སྟེ་ཞེས་བྱ་བ་ལ། རྫུན་དུ་སྨྲ་བ་དང། ངག་རྩུབ་པོ་དང། ཕྲ་མ་དང། དཀྱལ་བར་སྨྲ་བ་ནི་ངག་གི་མི་དགེ་བ་བཞི་ལ་དེ་བཞི་སྤངས་པ་ནི་ངག་གི་དགེ་བ་བཞིའོ ་ཡིད་ཀྱི་རྣམ་པ་གསུམ་སྟེ་ཞེས་བྱ་བ་ལ། ཆགས་པ་དང་གནོད་སེམས་དང་ལོག་པར་ལྟ་བ་ནི། ཡིད་ཀྱི་མི་དགེ་བ་གསུམ་ལ། དེ་གསུམ་སྤངས་པ་ནི་ཡིད་ཀྱི་དགེ་བ་གསུམ་སྟེ། ལུས་ཀྱི་མི་དགེ་བ་གསུམ་དང་ངག་གི་མི་དགེ་བར་ཞི་དང། ཡིད་ཀྱི་མི་དགེ་བ་གསུམ་བསྒོམས་ན་མི་དགེ་བ་བཅུའོ། །ལུས་ཀྱི་དགེ་བ་གསུམ་དང ་ངག་གི་དགེ་བ་བཞི་དང། ཡིད་ཀྱི་དགེ་བ་གསུམ་སྟེ། བསྡོམས་ན་དགེ་བ་བཅུའོ། །ལུས་ཀྱི་ལམ་བཅུ་པོ་འདི་དག་རྣམ་པ་བརྒྱད་ཀྱིས་རྣམ་པར་བཞག་སྟེ། ཡན་ལག་ཡོངས་སུ་རྫོགས་པ་དང། རབ་ཏུ་དབྱེ་བ་དང། རྒྱུ་དང་གནས་དང་སྒོ་དང་ལས་ཀྱི་ལམ་ཆེ་ཆུང ་དང་འབྲས་བུ་དང་རྣམ་གྲངས་སོ། །དེ་ལ་ཡན་ལག་ཡོངས་སུ་རྫོགས་པའི་དབང་དུ་བྱས་ནས། དེ་ལ་སྲོག་གཅོད་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡན་ལག་ལྔ་དང་ལྡན་ན་སྲོག་གཅོད་པའི་སྲོག་གཅད་པ་རྫོགས་པར་འགྱུར་ཏེ། དེ་ལས་འགའ་ཞིག ་མ་ཚང་ན་ནི། སྲོག་གཅད་པ་མ་ཡིན་ནོ། །ཡན་ལག་དང་པོ་བསྟན་པའི་ཕྱིར་རོ། །སྲོག་ཆགས་ཀྱང་ཡིན་ཞེས་བྱ་བ་སྨོས་ཏེ། གང་གསད་པར་བྱ་བ་དེ་ཡང་དག་པར་ན་སེམས་ཅན་ནམ་སྲོག་ཆགས་ཡིན་གྱི། མཐོའམ་སྡོང་བུ་ལ་སོགས་པ་མ་ཡིན་ནོ། །ཡན་ལག་གཉིས ་པ་བསྟན་པའི་ཕྱིར། སྲོག་ཆགས་སུ་འདུ་ཤེས་ཀྱང་གྱུར་ཅེས་བྱ་བ་སྨོས་ཏེ། གལ་ཏེ་གང་བསང་བར་བསམས་པ་དེ་ཡང་སྲོག་ཆགས་ཡིན་པར་ཤེས་ཤིང། སྲོག་བཅད་པ་ཡིན་ཏེ། སྡོང་དུམ་ལ་སོགས་པ་ཡིན་ནོ་བའི་འདུ་ཤེས་ཀྱིས་སྲོག་ཆགས་ལ་བསྣུན་ནས། སྲོག ་པའོ། །ཇི་ལྟར་ཡང་དག་པར་བླངས་པའི་གནས་ལ་སློབ་ཅེས་ན། དང་པོར་སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་ལེན་པའི་དུས་ན་གསོལ་བ་དང་ཞུ་བའི་ལས་བཞིས་བསྙེན་པར་རྫོགས་པའི་ཚེ་བསླབ་པའི་གནས་ཀྱི་ལུས་ལས་དུ་ཞིག་ཐོས་ནས་གཞན་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར ་ཐར་པའི་མདོ་འདོན་པ་ལས་ཤེས་པར་གྱིས་ཤིག་ཅེས་བསྒོ་སྟེ། ཕྱིས་དེས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལས་ཚུལ་ཁྲིམས་ཀྱི་དངོས་པོ་དུ་ཡང་བ་རྒྱས་པར་ཉན་ཅིང་ཇི་ལྟར་མཉན་པ་རྣམས་མི་ཉམས་པར་ཡང་བྱེད་ལ། ཉམས་པ་རྣམས་ཀྱང ་ཆོས་བཞིན་དུ་གསོ་བར་བྱེད་པའོ། །དོན་དུ་ན་ཚུལ་ཁྲིམས་ཀྱི་མཚན་ཉིད་རྣམ་པ་གསུམ་སྟེ། མཚན་ཉིད་གསུམ་ནི་མ་ཡིན་པའི་མཚན་ཉིད་དང། རང་བཞིན་གྱི་མཚན་ཉིད་དང། གཞན་དང་བདག་ལ་བལྟོས་ནས་ཡོན་ཏན་གྱི་མཚན་ཉིད་དོ། །དེ་ལ་ཚུལ་ཁྲིམས་དང་ལྡན་པ ་ཡིན་ཞེས་བྱ་བས་མ་ཞིག་པའི་མཚན་ཉིད་བསྟན་ཏོ། །སོ་སོར་ཐར་པའི་སྡོམས་པས་བསྡམས་ཞེས་བྱ་བས་རང་བཞིན་གྱི་མཚན་ཉིད་བསྟན་ཏོ། །སྤྱོད་པ་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཞེས་བྱ་བས་གཞན་ལ་བལྟོས་ནས་ཡོན་ཏན་གྱི་མཚན་ཉིད་བསྟན་ཏེ། སྤྱོད་ལམ ་མཛས་ཤིང་འགྲོ་བར་བྱ་བ་མ་ཡིན་པའི་གནས་སུ་མི་འགྲོ་ན། གཞན་དག་སེམས་མ་དད་པ་ནི་དད་པར་འགྱུར། །དང་བ་རྣམས་ནི་དད་པ་ཆར་འཕེལ་བར་འགྱུར་ཞིང། ཕྱོགས་ཕྱོགས་སུ་མི་སྙན་པའི་ཚིག་མི་སྒྲོགས་པའི་ཕྱིར། གང་ཁ་ན་མ་ཐོ་བ་རྡུལ་ཙམ་ལ་ཡང་འཇིགས ་པར་ལྟ་བ་དང། ཡང་དག་པར་བླངས་པའི་གནས་ལ་སློབ་ལ་གཉིས་ཀྱིས་ནི་བདག་ལས་བལྟོས་ནས་ཚུལ་ཁྲིམས་ཀྱི་ཡོན་ཏན་བསྟན་ཏེ། བསླབ་པ་ཕྲ་མོ་རྣམས་ཀྱང་མ་ཉམས་ན། དགྲ་བཅོམ་པའི་འབྲས་བུ་མ་ཐོབ་པ་དང། མངོན་དུ་མ་བྱས་པའི་རྣམས་ཐོབ་པ་དང། མངོན་དུ ་བྱ་བའི་སྐལ་པ་ཅན་དུ་འགྱུར་བའི་ཕྱིར་རོ། །སངས་རྒྱས་སུ་འགྱུར་བར་བསྔོས་ཏེ་ཞེས་བྱ་བ་ནི། སྦྱིན་པ་དང། ཚུལ་ཁྲིམས་ཀྱི་སྒོ་ནས་དགེ་བ་བྱས་པ་དེ་དག་གི་རྒྱུ་སངས་རྒྱས་སུ་གྱུར་ཅིག་ཅེའམ། སོགས་པའི་སྒྲས་དགྲ་བཅོམ་པའམ། རྒྱུན་ཏུ་ཞུགས་པར་གྱུར་ཅེས་བསྔོའོ། །འཁོར་ལོས ་དགེ་བའི་སེམས་ཀྱིས་བླངས་པ་ནི་མ་ཡིན་གྱིས་གཞན་གྱི་ནོར་ལ་ཆགས་པས་དེ་རྐུའོ་སྙམ་སེམས་པའོ། །ཡན་ལག་གཉིས་པ་བསྟན་པའི་ཕྱིར། ཕ་རོལ་གྱིས་ཞེས་བྱ་བ་སྨོས་ཏེ། བདག་གི་ནོར་ནི་མ་ཡིན་གྱི་སེམས་ཅན་གཞན་གྱི་ནོར་ཞེས་བྱ་བའི་དོན་ཏོ།། ་ཡན་ལག་གསུམ་པ་བསྟན་པར་བྱ་བའི་ཕྱིར། ནོར་ཞེས་བྱ་བ་སྨོས་ཏེ། སེམས་ཅན་གཞན་གྱིས་བདག་གིར་བྱས་པའི་འབྲུ་དང་གཏེར?་ལ་སོགས་པའི་རྫས་སོ། །ཡན་ལག་བཞི་པ་བསྟན་པ་ནི་སྦྱོར་བར་བྱེད་པ་སྟེ། རང་གི་གནས་ནས་འཕགས་པ་དང། ལམ་དུ་ཞུགས་པ་དང། ཁང? ་ཁྱིམ་འབུགས?་པ་ནས་ནོར་རྫས་ལག་གིས་རེག་པའི་བར་དུའོ། །ཡན་ལག་ལྔ་པ་བསྟན་པར་བྱ་བའི་ཕྱིར། བདག་གིར་བྱེད་པ་ཞེས་བྱ་བ་གསུངས་ཏེ། གཞན་གྱི་ནོར་རྫས་གནས་ནས་སྤགས་ནས་བདག་ཁོ་ནའི་ནོར་དུ་བྱས་ན་ཡན་ལག་རྫོགས་པ་ན་མ་བྱིན་པར་བླངས་པར་འགྱུར་རོ།། ་དེ་ལྟ་ན་བཅོམ་ལྡན་འདས་ཀྱིས་རྒྱན་བརྐུས་པ་བདག་པོ་མེད་ན་སུ་ལས་བརྐུས་པ་ཡིན། སྨྲས་པ། དེ་སངས་རྒྱས་ལས་བཀྲུས་པ་ཡིན་ཏེ། དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་ཀྱིས་མྱ་ངན་ལས་འདས་པའི་ཚེ། ཡོངས་སུ་གཟུང་ཞིང་བཞེས་པས་སོ། །དགེ་སློང་ཤི་བའི་ནོར་བདག་པོ་མེད་པ་བརྐུས་ན་སུ་ལས་བརྐུས ་པར་འགྱུར་རོ། །སྨྲས་པ་གསོལ་བ་དང་ཞུ་བའི་ལས་བྱས་ན་ནི་མཆིས་སུ?་གཏོགས་པའི་སངས་རྒྱས་ཀྱི་སྲས་རྣམས་ལས་བརྐུས་པར་འགྱུར་རོ། །ལས་མ་བྱས་ན་ནི་སངས་རྒྱས་ཀྱི་སྲས་ཐམས་ཅད་ལས་བརྐུས་པ་ཡིན་ནོ། །མཆོད་རྟེན་ལས་བརྐུས་པ་གང་ལས་བརྐུས་པར་འགྱུར། དེ་ཡང་དེ ་བཞིན་གཤེགས་པ་ཉིད་ལས་བརྐུས་པར་འགྱུར་རོ། །བདག་པོ་མེད་པའི་གཏེར་བྱིན་ན་སུ་ལ་བརྐུས་པ་ཡིན། ཡུལ་གྱི་བདག་པོ་སྟེ། རྒྱལ་པོ་ལས་བརྐུས་པ་ཡིན་ནོ། །མ་དང་ཕ་ཞེས་བྱ་བ་ལ་སོགས་པ་ནི་ཕ་མ་ལ་སོགས་པའི་ནོར་ཡིད་གཙུགས་པ་བླངས་ཀྱང་མི་དགའ་བར ་མི་འགྱུར་བའི་ནོར་བླངས་པ་ནི་མ་བྱིན་པར་བླངས་པ་མ་ཡིན་ནོ། །དེ་དག་ལ་ཡང་སྟོད་གཡོགས་དང་སྨད་གཡོགས་ལ་སོགས་པ་ལུས་ལ་གྱོན་བཞིན་པ་ལེན་པ་དང། ཁ་ཟས་ཟ་བ་བཞིན་འཕྲོག་པ་ནི་དེ་དག་མི་དགའ་བར་འགྱུར་བས་ན་མ་བྱིན་པར་བླངས་པ་ཡིན་ནོ། །འདོད ་པས་ལོག་པར་སྤྱོད་པ་བསྟན་པའི་ཕྱིར་འདོད་པ་ལོག་པར་སྤྱོད་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་གྱི་བུད་མེད་ལ་གཡེམ་བ་དང་ཞེས་བྱ་བར་སྦྱར་རོ། །མདོར་ན་གཞན་གྱིས་བདག་གིར་བྱས་པའི་བུད་མེད་རྣམས་ལ་མཐུ་འམ། །རྐུན་བུར་སྤྱོད་པ་ནི ་འདོད་པས་ལོག་པར་སྤྱོད་པ་ཞེས་བྱ་སྟེ། དེ་ཡང་རྣམ་པ་ལྔར་བཞག་གོ་།ལྔ་གང་ཞེ་ན། འགྲོ་བ་མ་ཡིན་པར་འགྲོ་བ་དང་ཡན་ལག་མ་ཡིན་པར་འགྲོ་བ་དང། མི་རིགས་པར་འགྲོ་བ་དང། གནས་མ་ཡིན་པར་འགྲོ་བ་དང། དུས་མ་ཡིན་པར་འགྲོ་བའོ། །འགྲོ་བ་མ་ཡིན་པར ་འགྲོ་བ་ཡང་རྣམ་པ་ལྔ་སྟེ། ཁྱོས་བསྲུངས་པ་དང། རྒྱལ་པོས་བསྲུངས་པ་དང། ཕ་མས་བསྲུངས་པ་དང། ཆོས་ཀྱིས་བསྲུངས་པ་དང། འགྲོ་བས་བསྲུངས་པའོ། །དེ་ལ་ཁྱོས་བསྲུངས་པ་ནི་གང་གི་བག་མར་བླངས་ནས་བདག་གི་ཆུང་མར་བྱས་པའོ། །རྒྱས་པོས་བསྲུངས ་པ་ནི་གང་ཁྱོ་ཤི་བར་གྱུར་པ་ནི་བུད་མེད་ཡུག་སའམ། མགོན་མེད་པ་རྒྱལ་པོའི་བཀའ་ཁྲིམས་ཀྱིས་ཁྲིམས་སུ་བཅས་ཏེ། སྤྱོད་དུ་མ་གནང་བར་བྱས་པའོ། །ཕ་མས་བསྲུངས་པ་ནི་བུ་མོ་དེ་གཞན་ལ་མ་བྱིན་གྱི་གཞན་དང་འཁྲིར་མི་གཞུག་པའི་ཕྱིར་ཕ་མའི་གོ་ན ་གནས་པའོ། །ཆོས་ཀྱིས་བསྲུངས་པ་ནི་དགེ་སློང་མ་འམ་ཁྲིམས་མནོས་པ་ཐམས་ཅད་དོ། །འགྲོ་བས་བསྲུངས་པ་ནི། འགྲོ་བ་མང་པོས་ཁྲིམས་སུ་བཅས་ཏེ། འདོད་ཆགས་སྤྱོད་དུ་མི་སྟེར་བའོ། །དེ་ལ་ཁྱོས་བསྲུངས་པ་ལ་སྤྱད་ན་ཁྱོ་ལས་འདོད་པས་ལོག་པར་སྤྱད་པ་ཡིན་ནོ། །རྒྱལ ་པོས་བསྲུངས་པ་ལ་སྤྱད་ན། རྒྱལ་པོ་ལས་ཕྲོགས་ཤིང་མི་ཚངས་པར་སྤྱད་པ་ཡིན་ཏེ། དེས་དེ་ལ་མི་བཟོད་པར་བྱ་བའི་ཕྱིར་རོ། །རྒྱལ་པོ་དེ་ཉིད་དེ་ལ་སྤྱོད་ན། གང་ལས་མི་ཚངས་པར་སྤྱོད་པ་ཡིན་ཞེ་ན། དཔེར་ན་རྒྱལ་པོའི་བཙུན་པོས་ཁྲིམས་མནོས་པའི་ཚེ་སྤྱད་ན ་རྒྱལ་པོ་ཉིད་མི་ཚངས་པར་སྤྱོད་པའི་ཁ་ན་མ་ཐོ་བ་དང་ལྡན་པ་བཞིན་དུ་དོན་འདི་ཡང་འདྲ་བར་བལྟའོ། །ཆོས་ཀྱི་བསྲུངས་པ་དགེ་སློང་མ་ལ་མི་ཚངས་པར་སྤྱད་ན། གང་ལས་མི་ཚངས་པར་སྤྱད་པ་ཡིན་ཞེ་ན། རྒྱལ་པོ་ལས་རྐུས་ཤིང་མི་ཚངས་པར་སྤྱད་པ་ཡིན་ཏེ། དེས་དེ ་ལ་མི་བཟོད་པར་བྱས་པ་ཡིན་པས་སོ། །རྒྱལ་པོ་ཉིད་དེ་ལ་སྤྱོད་ན། །གང་ལས་མི་ཚངས་པར་སྤྱོད་པ་ཡིན་ཞེ་ན། དཔེར་ན་རྒྱལ་པོའི་བཙུན་མོ་དུས་ཁྲིམས་མནོས་པ་ལ་སྤྱད་པ་དང་འདྲ་བར། ཁ་ན་མ་ཐོ་བ་ཐོབ་པར་འགྱུར་རོ། །འགྲོ་བས་བསྲུངས་པ་ལ ་སྤྱད་ན། གང་ལས་མི་ཚངས་པར་སྤྱད་པ་ཡིན་ཞེ་ན། འགྲོ་བ་མང་པོ་ལས་བརྐུས་ཤིང་མི་ཚངས་པར་སྤྱོད་པར་འགྱུར་རོ། །ཡན་ལག་མ་ཡིན་པར་འགྲོ་བ་ནི། །རང་གི་ཁ་དང་མི་གཙང་བའི་ལམ་དང། བདག་གི་ཆུང་མ་ལ་ཡང། ཁ་རྐུབ་ལ་སོགས་པ་སྤྱད་པར་བྱ་བ་མ་ཡིན ་བའི་གནས་སུ་སྤྱོད་པའོ། །མི་རི་པར་འགྲོ་བ་ནི་མ་དང་སྲིང་མོ་ལ་སོགས་པའི་རིགས་ཀྱི་རྒྱུ་དང?་འབྲེལ་བ་རྣམ་འགྲོ་བའོ། །གནས་མ་ཡིན་པར་འགྲོ་བ་ནི། གཡེལ་བ་ཀུན་གྱིས་མཐོང་བའི། གནས་མ། མཆོད་རྟེན་དང། གཙུག་ལག ་ཁང་ལ་སོགས་པའི་གནས་སུ་སྤྱོད་པའོ། །དུས་མ་ཡིན་པར་འགྲོ་བ་ནི། ཉིན་བར་བདག་གི་ཆུ་འམ་ཁྲག་འཛག་པ་ལ་ལྟོ་སྣུམ་བ་འམ། བྱི་བ་ཆུང་ངུ་ནུ་མ་མནུན་པའི་ཚེ་སྤྱོད་པ་སྟེ་སྦྲུམ་པའི་ཚེ་སྤྱད་ན་ནི། མངལ་ན་གནས་པ་ལ་གནོད་པ་དང ་བྱི་བ་ཆུང་ངུ་འོ་མ་འཐུང་བའི་ཚེ་སྤྱད་ན་ནི། འོ་མ་མྱུར་དུ་ཟད་པར་འགྱུར་ལ། འོ་མ་འཐུངས་ཀྱང་དེ་ལ་ལུས་བརྟས་པ་དང་རྒྱས་པར་མི་འགྱུར་བའི་ཕྱིར་སྤྱད་དུ་མི་རུང་ངོ། །ལུས་ཀྱི་མི་དགེ་བ་གསུམ་རྒྱས་པར་བཤད་པ་སྡུ་བའི་ཕྱིར། །འདི་ནི་ལུས་ཀྱི ་རྣམ་པ་གསུམ་མོ་ཞེས་བྱ་བ་གསུངས་སོ། །འདོད་པས་ལོག་པར་སྤྱོད་ཅེས་བྱ་བའི་ཚིག་གི་དོན་བསྟན་པའི་ཕྱིར། །འདོད་པ་འདོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་པ་འདོད་པ་ཞེས་བྱ་བའི་ཚིག་འདི་ནི་ངན་པ་འཕགས་པ་རྣམས་ཀྱི་སྨད་པ་ཡིན་པས། ་དེ་ཕྱིར་འདོད་པས་ལོག་པར་གཡེམ་བ་ཞེས་བྱའོ། །དེ་ཡང་ཡན་ལག་ལྔ་རྫོགས་པ་ན། འདོད་པས་ལོག་པར་སྤྱོད་པ་ཡིན་ཏེ། ཡན་ལག་ལྔ་ནི་བུད་མེད་ཀྱང་ཡིན། སྒོ་གསུམ་ཡང་མ་ཉམས་ཆགས་སེམས་ཀྱང་ཡོད་སྒོ་གསུམ་དུ་ཡང་བཅུག་དགའ་བར ་བར་ཡང་ཚོར་བའོ། །རྫུན་དུ་སྨྲ་བ་བསྟན་པའི་ཕྱིར། །རྫུན་གང་ཞེས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེན་པ་མ་ཡིན་པའི་ཚིག་ནི་རྫུན་ནོ། །དེ་ཡང་འཇིག་རྟེན་གྱི་ཕྱིར་དང། འཇིག་རྟེན་ལས་འདས་པའི་ཕྱིར་ཏེ། རྣམ་པ་གཉིས་སུ་བཞག་གོ་།དེ་ལ་འཇིག་རྟེན་གྱི་དབང་དུ ་བྱས་ནས། དབང་དྲིས་ན་ཡང་དག་པ་ཇི་ལྟ་བ་ལས་ལོག་པར་སྨྲ་བ་ཞེས་གསུངས་ཏེ། མི་གཉིས་ཤིག་ཤགས་ལ་ཞུགས་པ་ན་དགེ་བའི་མི་རྣམས་ཀྱིས་ལ་ལ་ཞིག་ལ་དབང་དུ་བསྐོས་ཏེ། མི་འདི་གཉིས་ཀྱི་ཕྱིར་སྨྲས་པ་རྣམས་ཇི་ལྟར་ཐོས་པ་དང། མཐོང་བཞིན་དུ ་སྨྲོས་ཤིག་ཅེས་བསྒོ་བ་དང། བདག་གི་དོན་ནམ་གཞན་བསླུ་བར་བྱ་བའི་ཕྱིར་དབང་པོ་དེ་དྲིས་པའི་དུས་ན་ཐོས་པ་དང་མཐོང་བ་ལ་སོགས་པ་ཡང་དག་པ་ཇི་ལྟ་བཞིན་དུ་དྲང་པོར་མི་སྨྲ་མི་སྨྲའི། གཞན་དུ་སྨྲ་བ་ནི་རྫུན་ཞེས་བྱའོ། །རྫུན་དུ་སྨྲ་བའི་མི་དེས་ཀྱང ་དོན་ཤེས་པའི་མདུན་དུ་སྨྲ་བ། གོ་བར་འགྱུར་ན་རྫུན་དུ་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། དེ་བས་ན་རྫུན་གྱི་མཚན་ཉིད་གཞན་དུ་འདུ་ཤེས་པའི་ངག་དོན་ཤེས་པའི་མདུན་དུ་སྨྲས་ན་རྫུན་འགྱུར་རོ་ཞེས་བཤད་དོ། །འཇིག་རྟེན་ལས་འདས་པའི་དབང་དུ་བྱས་ནས། དགྲ ་བཅོམ་པ་ལ་དགྲ་བཅོམ་པའོ་ཞེས་བྱ་བ་གསུངས་ཏེ། དགྲ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའོ། དེ་བཅོམ་པ་ནི་དགྲ་བཅོམ་པ་འམ། བསོད་ནམས་ཀྱི་ཞིང་དམ་བར་གྱུར་པས་འགྲོ་བ་ཀུན་གྱིས་མཆོད་པར་འོས་པ་ནི་དགྲ་བཅོམ་པ་ཞེས་བྱ་སྟེ། ཁེ་དང་བཀུར ་སྟི་ལ་ཆགས་པའི་རྒྱུས་དགྲ་བཅོམ་པ་མ་ཡིན་པར་དགྲ་བཅོམ་པ་ཡིན་ནོ། ཞེས་སྨྲས་ན། རྫུན་ཞེས་བྱ་སྟེ་བཞད་གང་གྱི་ཕྱིར་བྱས་པ་ནི་རྫུན་མ་ཡིན་ནོ། ཞེས་བྱ་བའི་དོན་ཏོ། །སྨྲས་པ་དོན་གང་གིས་གོ་བར་བྱ་བ་དེ་ལུས་ཀྱིས་གོ་བར་བྱས་ན། རྫུན་དུ་འགྱུར་པ། ་སྨྲས་པ་དེ་ཡང་འགྱུར་ཏེ་དེའི་ཕྱིར་བཤད་པ་འདི་ལྟར་ཚིག་མི་བྱིན་ན་རྫུན་གྱི་ཁོ་ན་མ་ཐོ་བས་རེག་པ་ཡོད་དམ། ཡོད་དེ་ལུས་ཀྱི་གལ་ཏེ་གོ་བར་བྱེད་ནའོ་ཞེས་དཔེར་ན་གསོ་སྦྱིན་གྱིས་ཚེ་བཤད་པའོ། །ཡན་ལག་བཞི་དང་ལྡན་ན་རྫུན་བྱས་པར་འགྱུར་ཏེ། ཁེ ་དང་བཀུར་སྟི་ལ་ཆགས་པས་བདག་གི་ཕྱིར་དང། རྫུན་སྨྲ་བར་བསམས་པ་དང། གཞན་གྱིས་གོ་བར་གྱུར་པའོ། །ཕྲ་མ་བསྟན་པར་བྱ་བའི་ཕྱིར། ཕྲ་མ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཛའ་བ་དབྱེ་བར་བྱ་བའི ་ཕྱིར་བསམ་མས?་ཕན་ཚུན་ཚིག་སྐྱེལ་བ་ནི་ཕྲ་མ་སྟེ། དེ་ཡང་ཡང་དག་པའི་ཚིག་སྐྱེལ་བ་དང། ཡང་དག་པ་མ་ཡིན་པའི་ཚིག་སྐྱེལ་བ་སྟེ་རྣམ་པར་གཉིས། །དེ་ལ་བདེན་པ་ཞེས་བྱ་བས་ཡང་དག་པའི་ཚིག་སྐྱེལ་བ་བསྟན་ཏེ། གཞན་གྱིས་གཞན ་དག་ལ་མི་དགའ་བའི་ཚིག་སྨྲས་པ་ཡང་བདེན་ལ། དེ་ཉིད་སྒྲོ་མ་བཏགས་པར་ཕན་ཚུན་སྐྱེལ་བའོ། ཡང་དག་པ་མ་ཡིན་པ་ནི་གཞན་གྱིས་གཞན་དག་ལ་ཚིག་མི་སྙན་པ་མ་སྨྲས་ཀྱང། སྒྲོ་བཏགས་ནས་ཕན་ཚུན་ཚིག་སྐྱེལ་བ་སྟེ། དེ་ལྟ ་བུའི་སྒོ་ནས་མཛའ་བ་འབྱེད་པར་བྱེད་པའི་ཚིག་སྨྲས་ཞིང་བྱེ་བར་གྱུར་ན་ཕྲ་མའོ། །ཡན་ལག་བཞི་དང་ལྡན་ན་ཕྲ་མ་བྱས་པ་ཡིན་ཏེ། ཕྲ་མ་བྱ་བར་ཡང་བསམས་ཕྲ་མའི་ཚིག་ཀྱང་སྨྲས། །གཞན་གྱིས་ཀྱང་དོན་གོ་བར་ཡང་གྱུར་པའོ།། ་ཚིག་རྩུབ་པོ་བསྟན་པའི་ཕྱིར། དེ་ལ་ངག་རྩུབ་པོ་གང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་གཞན་གྱིས་ཞེར་འདེབས་པའི་ཚིག་ནི་ཚིག་རྩུབ་པའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་རོ། །འདི་ནི་སྡུག་བསྔལ་བར་གྱུར་ཅིག་ཅེས་བྱ་བ་ལ ་སོགས་པ་གསུངས་ཏེ་ཞེ་སྡང་གི་སེམས་ཀྱིས་གཞན་གྱི་སེམས་ལ་སྡུག་བསྔལ་བར་འདོད་དེ། གང་གཞན་གྱི་ཡིད་དུ་མི་འོང་ཞིང་མི་དགའ་བར་གྱུར་པའི་ཚིག་རིགས་དང་རུས་དང་སྐྱོན་ལ་སོགས་པ་སྨྲ་བ་ནི་ཚིག་རྩུབ་པོ་ཞེས་བྱའོ།། ་ཡན་ལག་བཞི་དང་ལྡན་པའི་ཚིག་རྩུབ་པོ་སྨྲས་པ་ཡིན་ཏེ། ཞེ་སྡང་བའི་སེམས་དང་ཚིག་རྩུབ་པོ་སྨྲ་བར་བསིམ?་པ་དང། སྨྲས་པ་དང། དེའི་རྒྱུས་གཞན་ཡང་སེམས་ལ་སྡུག་བསྔལ་བར་འགྱུར་བའོ། །ཚིག་བཀྱལ་པ་བསྟན་པར་བྱ་བའི ་ཕྱིར་བཀྱལ་བར་སྨྲ་བ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མདོར་ན་རྣམ་པར་བྱད་བ་ཐོབ་པ་དང། ཉོན་མོངས་པ་འཇོམས་པར་བྱེད་པའི་དོན་དང། ཆོས་ཀྱི་གཏམ་མ་ཡིན་པ་འདོད་ཆགས་ལ་སོགས་པའི་ཉོན་མོངས་བ་སྐྱེ་བར་འགྱུར་བའི་ཚིག་སྨྲ་བ་ནི་དཀྱལ ་པར་སྨྲ་བ་ཞེས་བྱའོ། །དེ་ཉིད་གང་ཡིན་པ་རྒྱས་པར་བསྟན་པ་ནི། རྒྱལ་པོའི་གཏམ་ཞེས་བྱ་བ་ལ་སོགས་པའོ། །སྔོན་རྒྱལ་པོ་ཤྲཱི་ཧ་རི་ཤ་ཞེས་བྱ་བ་བྱུང་སྟེ། དེའི་འཁོར་དང་བློན་པོ་དང་ཕོ་བྲང་ལ་སོགས་པ་འདི་འདྲའོ་ཞེས་སྨྲ་བ་ནི་རྒྱལ་པོའི་གཏམ་མོ། །རྐུན ་པོ་འགའ་འམ་སྡེར་ཆས་པ་ཆེ་གེ་མོ་ཞིག་གིས་གཞན་གྱི་གནས་བཅོམ་ནས་རྫས་ལ་སོགས་པ་འདི་ལྟར་རོ་ཞེས་སྨྲས་པ་ནི་རྐུན་པོའི་གཏམ། །རྒྱལ་པོ་སྡེ་གཉིས་ལས་དམག་གིས་འཐབས་པ་ན་དཔའ་བོ་ནི་འདི་སྙེད། གླང་པོ་ནི་འདི་སྙེད། རྟ་ནི་འདི་སྙེད ་དཔུང་བུ་ཆུང་ནི་འདི་སྙེད་ཅིག་སྟེ། མཛའ་འདི་ལྟར་འགྱུར་རོ་ཞེས་སྨྲ་བ་ནི་དམག་གི་གཏམ་མོ། །བདག་གི་ཕ་མ་ཉེ་དུ་གཉེན་བཤེས་སམ་མཛའ་བོ་རྣམས་དང་དུས་འདིའི་ཚེ། བཟའ་བ་འདི་ལྟ་བུ་དང། བཏུང་བ་འདི་ལྟ་བུ་དག་།སྤྱོད་སྤྱོད་དེ་འདི་ལྟར་དགའ་པར་གནས ་ཤེས་འམ། ཕྱིས་ཀྱང་བཟའ་བ་དང། བཏུང་བ་འདི་ལྟ་བུ་དག་བྱའོ་ཞེས་སྨྲ་བ་ནི། ཆང་གི་གཏམ་མོ། །རྒྱན་པོ་འདི་གཉིས་རྒྱན་བཀྱེ་བ་ལས་འདི་ཕམ། འདི་རྒྱལ་ཞེས་འམ། བདག་ཅག་ཀྱང་རུས་འདི། རྒྱན་པོ་འདི་ལྟར་བརྒྱ་འོ་ཞེས་སྨྲ་བ་ནི། རྒྱན ་པོའི་གཏམ་མོ། །སྔོན་ནམ། ད་ལྟར་འགྲོ་བ་བཟང་མོ་འདི་ལྟ་བུ་དག་བྱུང་སྟེ། སྐྱེས་བུ་འདི་དག་དང་རྟག་ཏུ་འགྲོགས། བདག་ཀྱང་འགྲོ་བ་བཟང་མོ་འདི་ལྟ་བུ་འདི་སྙེད་ཅིག་དང་འགྲོགས་ཏེ་སྤྱོད་པ་འདི་འདྲ་ཞེས་སྨྲ་བ་ནི་བུད་མེད་ཀྱི་གཏམ་མོ། །སྔོན་གྱི ་རྒྱལ་པོ་དང་བློན་པོ་དང་བྲམ་ཟེ་དང་ཁྱིམ་བདག་ལ་སོགས་པ་ཤེས་པ་དང། དཔའ་བའ་ཨི་གཏམ་གྱི་རྒྱུད་གླེང་བ་ནི་སྲུང་གཏམ་མོ། །གཞན་ཡང་གླུ་ལེན་པ་དང་མུ་སྟེག་ཀྱི་གཙུག་ལག་ཁང་ལ་སོགས་པ་འཆད་པ་ཡང་ཚིག་བཀྱལ་པ་ཞེས ་བྱའོ། །ཁོ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་དུས་ན། གླུ་ལེན་པ་དེ་ཡང་བཀྱལ་པ་ཡིན་ནམ་མ་ཡིན་ཏེ། འཁོར་བ་ལས་བྱུང་བ་དང། མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བའི་ཚིག་དག་གླུ་དང་སྦྱར་ཏེ། ལེན་ལ་གྲོང་མའི་ཚིག་ལྟ་བུར་མ་རིགས་པས ་བསྡུས་པ་མེད་པས་ན་ཉེས་མེད་དོ། །ཡན་ལག་བཞི་དང་ལྡན་ན་ཚིག་བཀྱལ་བར་སྨྲ་བ་ཡིན་ཏེ། ཡན་ལག་བཞི་ནི་ཆགས་པའི་བསམ་པ་དང་ལྡན་པ་དང། ཚིག་བཀྱལ་བར་སྨྲ་བ་བསམ་པ་དང། ཚིག་བཀྱལ་བར་སྨྲས་པ་དང། གཞན་དག་གིས་ཀྱང་ཐོས་ཏེ ་ཆགས་པ་སྐྱེས་པའོ། །ངག་གི་ལས་རྒྱས་པར་བཤད་པ་བསྡུ་བའི་ཕྱིར་འདི་ནི་ངག་གི་རྣམ་པ་བཞི་འོ་ཞེས་བྱ་བ་གསུངས་སོ། །ཆགས་སེམས་བསྟན་པའི་ཕྱིར། །དེ་ལ་ཆགས་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་གཞན་གྱི་ནོར་དེ་རྣམས ་འདག་གིར་གྱུར་ཅིག་ཅེས་བྱ་བ་ལ། གང་སེམས་ཅན་གཞན་གྱི་ནོར་འབྲུའི་དངོས་པོ་དང། གཏེར་གྱི་དངོས་པོ་དང། ཡུལ་གྱི་དངོས་པོ་རྣམས་ལ་ཆགས་པས་དེ་དག་ཇི་ལྟར་བདག་གིར་གྱུར་པར་བྱ་ཞེས་བསམས་ཏེ། གཞན་གྱི་ནོར་ལ་མཐུ་དང་འཇག་བུ་ལ་སོགས ་བས་བརྐུས་ནས་བདག་གིར་བྱེད་པར་འདོད་པ་ནི་ཆགས་པ་ཞེས་བྱའོ། །ཡན་ལག་གསུམ་དང་ལྡན་ན་ཆགས་སེམས་སུ་འགྱུར་ཏེ། ཆགས་པའི་བསམ་པ་ཡང་ཡོད། ནོར་ལ་བརྐུ་བར་ཡང་སེམས། བརྐུ་བར་བྱ་བའི་སྦྱོང་བ་ཡང་རྩོམ་པའོ། །གནོད ་སེམས་བསྟན་པར་བྱ་བའི་ཕྱིར། དེ་ལ་གནོད་སེམས་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཞེ་སྡང་གི་སེམས་ཀྱི་གཞན་གྱི་འཚོ་བ་དང་བྲལ་བར་བྱ་བ་འམ། ལུས་ལ་གནོད་པར་བྱ་བ་སེམས་པ་ནི་གནོད་སེམས་སོ། །དེ་ཉིད་ཀྱི་དོན་བསྟན་པར་བྱ་བའི་ཕྱིར ་ཕ་རོལ་འཚོ་བ་དང་དབྲལ་བར་ཞེས་བྱ་བ་གསུངས་ཏེ། འཚོ་བ་དང་དབྲལ་བ་སེམས་པ་ནི་གཞན་དག་གསང་པར་སེམས་པའོ། །བཅད་བ་ནི་མཚོན་ཆ་ལ་སོགས་པས་ཡན་ལག་གཏུབ་པས་སེམས་པའམ། ནོར་ལ་སོགས་པ་དང་དབྲལ་བར་སེམས་པའོ། །གཟིར་བ་ནི་བཅིང་བ ་དང་བརྡེག་པ་ལ་སོགས་པར་སེམས་པའོ། །ཡན་ལག་གསུམ་དང་ལྡན་ན་གནོད་སེམས་སུ་འགྱུར་ཏེ་ཞེ་སྡང་དང་ལྡན་པ་དང། གནོད་པར་བྱ་བར་སེམས་པ་དང། གནོད་པར་བྱ་བའི་ཕྱིར་སྦྱོར་བ་ལ་རྩོམ་པའོ། །ལོག་པའི་ལྟ་བ་བསྟན་པར་བྱ་བའི་ཕྱིར། །དེ་ལ་ལོག་པའི་ལྟ་བ་གང་ཞེ་ན། ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་དག་པའི་ལྟ་བ་ལས་བཟློག་པ་ནི་ལོག་པའི་ལྟ་བ་སྟེ། དེ་ཡང་འཇིག་རྟེན་འདི་མེད། འཇིག་རྟེན་ཕ་རོལ་མེད་ཅེས་བྱ་བ་ལ་སོགས་པ་གོང་མ་ལས་བཟློག་པའོ། །ལོག་པའི་ལྟ་བས་ཚེས་ལྔ་ལ་སྐུར་པ་འདེབས་ཏེ། འཇིག་རྟེན་ཕ་རོལ་དུ་འགྲོ ་བ་ལ་སྐུར་བ་འདེབས་པ་དང། ས་བོན་འཇོག་པ་དང་གཞི་ལ་སྐུར་པ་འདེབས་པ་དང། རྒྱུ་ལ་སྐུར་པ་འདེབས་པ་དང། འབྲས་བུ་ལ་སྐུར་པ་འདེབས་པ་དང། དམ་པའི་དངོས་པོ་ཆུད་ཟ་བར་བྱེད་པའོ། །དེ་ལ་འཇིག་རྟེན་འདི་མེད་འཇིག་རྟེན་ཕ་རོལ་མེད་ཅེས་བྱ་བ་ནི། འཇིག་རྟེན་ཕ་རོལ་དུ་ ་འགྲོ་བ་དང་མི་འགྲོ་བ་ལ་སྐུར་བ་འདེབས་པའོ། །མ་མེད་ཕ་མེད་ཅེས་བྱ་བ་ནི་ས་བོན་དང་བཞིའི་བྱ་བ་ལ་སྐུར་པ་འདེབས་པའོ། །སྦྱིན་པ་མེད་སྦྱིན་སྲེག་མེད། འདོད་པ་དང་མི་འདོད་པ་མེད་ཅེས་བྱ་བ་ནི་རྒྱུ་ལ་སྐུར་འདེབས་པའོ། །ལེགས་པར་བྱས་པ་དང་ཉེས་པར་བྱས་པའི་འབྲས་བུ་རྣམ་པར་སྨིན ་པ་མེད་ཅེས་བྱ་བ་ནི་འབྲས་བུ་ལ་སྐུར་པ་འདེབས་པའོ། །འཇིག་རྟེན་ན་ཡང་དག་པར་སོང་བ་དང། ཡང་དག་ཞུགས་པ་མེད་ཅེས་བྱ་བ་ནི་དམ་པའི་དངོས་པོ་ཆུད་ཟ་བར་བྱེད་པའོ། །ཡན་ལག་གསུམ་དང་ལྡན་ན་ལོག་པའི་ལྟ་བ་ཡིན་ཏེ། གཏི་མུག་དང་ལྡན་པ་དང། འཇིག་རྟེན ་ཕ་རོལ་མེད་དོ། །ཞེས་བྱ་བ་ལ་སོགས་པར་སེམས་ཡིད་ཆེས་པ་དང། དེ་བཞིན་དུ་ཚིག་ཏུ་ཡང་འབྱིན་པའོ། །རབ་ཏུ་དབྱེ་བ་ནི། མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་འདི་དག་རྣམ་པ་བཞིར་བཞག་སྟེ། དངོས་པོ་དང་བསམ་པ་དང་སྦྱོར་བ་དང། མཐར་ཐུག་པའོ། །དེ་ལ་མི་དགེ་བ་བཅུའི ་ལས་ཀྱི་ལམ་གྱི་དངོས་པོ་ནི་དངོས་པོ་གང་ལ་བརྟེན་ནས་སྲོག་གཅོད་པ་ལ་སོགས་པ་འབྱུང་བ་སྟེ། དེ་ཡང་སེམས་ཅན་གྱི་གྲངས་སུ་གཏོགས་པ་དང། །སེམས་ཅན་མ་ཡིན་པའི་གྲངས་སུ་གཏོགས་པ་སྟེ། རྣམ་པ་གཉིས། །བསམ?་པ་ནི་དངོས་པོ་དེ་ཡིན་པར་ཤེས་པ་དང། དེའི་ལས་བྱ་བར་འདོད་པའི ་སེམས་སྐྱེས་པའོ། །སྦྱོར་བ་ནི་དེའི་ལས་བྱ་བའི་ཕྱིར་བདག་གམ་གཞན་གྱི་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་རྩོམ་པ་འཇུག་པའོ། །ཡོངས་སུ་རྫོགས་པ་ནི་སྦྱོར་བ་དེ་དང་དེ་ལས་དེ་དག་དེའི་དུས་ན་མཐར་ཕྱིན་པར་བྱས་པ་འམ། ཕྱིས་མཐར་ཕྱིན་པར ་བྱས་པའོ། །དེ་ལ་སོག་བཅོད་པའི་དངོས་པོ་ནི་མི་དགེ་བ་དང་ཕྱུགས་ལ་སོགས་པ་སེམས་ཅན་གྱི་གྲངས་སུ་གཏོགས་པའོ། །བསམ་པ་ནི་སེམས་ཅན་ཡིན་པར་ཡང་ཤེས་ལ། དེ་གསད་པར་ཡང་བསམས་པའོ། །སྦྱོར་བ་ནི་དེ་ལ་འགའ་ཞིག་ཕྱུགས་བསད ་པར་འདོད་ནས། ཁྲི་ལས་ལྡང་རིན་བླངས་ལམ་དུ་ཞུགས། སྣ་ནས་ཁྲིད་བྲན་ཁྱིམ་དུ་བཅུག་།མཚོན་གྱིས་བསྣུན་ཏེ། ཚོན་གཅིག་གཉིས་ལ་སོགས་པ་ཇི་སྲིད་དུ་འཚོ་བ་དང་བྲལ་བར་མ་གྱུར་གྱིས་ལས་བྱེད་པ་ནི་སྦྱོར་བའོ། །ཡོངས་སུ་རྫོགས་པ་ནི་སྲོག་ཆགས ་དེ་སྦྱོར་བ་ངས། དེའི་ཚེ་ཤི་འམ་ཕྱིས་ཤི་བར་གྱུར་པའོ། །མ་བྱིན་པར་ལེན་པའི་དངོས་པོ་ནི་མི་དང་ཕྱུགས་ལ་སོགས་པའི་སེམས་ཅན་གྱི་དངོས་པོ་འམ། འབྲུ་དང་གཏེར་ལ་སོགས་པ་སེམས་ཅན་མ་ཡིན་པའི་དངོས་པོའོ། །བསམ་པ་འདི་ནི་དངོས་པོར ་ཀུན་ཡིན་པར་ཤེས་ལ། གཞན་གྱིས་ཡོངས་སུ་བཟུང་བའི་དངོས་པོ་བདག་གིར་བྱ་བར་འདོད་པའོ། །སྦྱོར་བ་ནི་ཁྲི་ལས་ལྡང་ངོ་ལམ་དུ་འཇུག་གོ་།ཁྱིམ་འབིགས་པ་ལ་སོགས་པ་བྱེད་པ་ནས། ཇི་སྲིད་དུ་དངོས་པོ་མ་བླངས་ཀྱི་བར་གྱི་ལས་བྱེད་པའོ། ཡོངས་སུ ་རྫོགས་པ་ནི་མཐུ་འམ་འཇབ་བུས་དངོས་པོ་དེ་དག་བདག་གིར་བྱས་པའོ། །འདོད་པས་ལག་པར་སྤྱོད་པའི་དངོས་པོ་ནི་འགྲོ་བར་བྱ་བ་མ་ཡིན་པ་ལ་སོགས་པ་སེམས་ཅན་གྱི་གྲངས་སུ་གཏོགས་པ་ཉིད་དོ། །བསམ་པ་ནི་བུད་མེད་ལ་སོགས་པ་ཡིན་པར་ཡང ་ཤེས་ལ། དེ་ལ་ཀུན་ཏུ་སྤྱད་པར་བྱ་བར་འདོད་པ་སྐྱེས་པའོ། །སྦྱོར་བ་ནི་ཀུན་ཏུ་སྤྱད་པར་བྱ་བའི་ཕྱིར་སྟན་ལས་ལངས་ནས། བུད་མེད་ཀྱི་གནས་སུ་ཕྱིན་ཏེ། མགོ་དང་རྐང་ལག་ལ་སོགས་པ་ལ་འཛིན་པའི་བར་གྱི་ལས་བྱེད་པའོ། །ཡོངས་སུ་རྫོགས་པ་ནི་གཉིས ་ཀྱིས་གཉིས་སྤྲད་པའོ། །རྫུན་དུ་སྨྲ་བའི་དངོས་པོ་ནི་མི་ལ་སོགས་ལ་སེམས་ཅན་གྱི་གྲངས་སུ་གཏོགས་པ་དང་འབྲུ་ལ་སོགས་པ་སེམས་ཅན་གྱི་གྲངས་སུ་མ་གཏོགས་པ་དང། མཐོང་བ་དང་ཐོས་པ་དང་རིགས་པ་དང་ཤེས་པ་དང་མ་མཐོང་བ་དང་མ་ཐོས་པ་དང་མ་རིགས་པ་དང ་མ་ཤེས་པའོ། །བསམ་པ་ནི་ཤེས་བཞིན་དུ་གཞན་དུ་འདུ་ཤེས། གཞན་དུ་སྨྲ་བར་འདོད་པའོ། །སྦྱོར་བ་ནི་དེའི་ཕྱིར་ཁྲི་ལས་ལྡང་བ་དང་ལམ་དུ་འཇུག་པ་དང། སྨྲ་བར་རྩོམ་པའི་བར་དུའོ། །ཡོངས་སུ་རྫོགས་པ་ནི་དབང་གི་འཁོར་ཚོགས་པའི་དབུས་སུ་རྫུན་གྱི་ཚིག་སྨྲས་པའོ། །ཕྲ་མའི ་དངོས་པོ་ནི་དུམ་པའི་སེམས་ཅན་དང་མ་དུམ་པའི་སེམས་ཅན་ཏེ། ཕྱོགས་གཉིས་སོ། །དེ་ལ་དུམ་པ་ནི་སྔ་ནས་མཛའ་བའོ་མ་དུམ་པ་ནི་བྱེ་བ་གྱུར་པའོ། །བསམ་པ་ནི་དེ་ཉིད་དབྱེ་བར་བྱ་བར་འདོད་པའི་སེམས་ཏེ། དེ་ཡང་འདུམ་བལ་མ་དགའ་བ་དང། མི་འདུམ་བ་ལ་དགའ་ ་བ་སྟེ། རྣམ་པ་གཉིས་སོ། །སྦྱོར་བ་ནི་དེ་དག་དབྱེ་བར་བྱ་བའི་ཕྱིར་སྟན་ལས་ལངས་པ་ལ་སོགས་པའི་ལས་རྩོམ་པའོ། །ཡོངས་སུ་རྫོགས་པ་ནི་ཚུ་རོལ་ནས་བླངས་ཏེ་ཕ་རོལ་ཏུ་བསྙད་པ་དང། ཕ་རོལ་ནས་བསླང་སྟེ་ཚུ་རོལ་དུ་བསྙད་ནས་ཕྱོགས་གཉིས་སུ་བྱེ་བར་གྱུར་པའོ། ་དེ་ལ་མཛའ་བ་རྣམས་ལ་ནི་མི་མཛའ་བར་བྱ་བའི་ཕྱིར་དབྱེ་བའི་ཚིག་སྨྲ་བའོ། །མི་འཛའ་བ་རྣམས་ལ་ཕྱིས་ཀྱང་མཛའ་བར་མི་འགྱུར་བའི་ཕྱིར་ཚིག་གིས་སྣོན་པའོ། །ངག་རྩུབ་པོའི་དངོས་པོ་ནི་ཞེ་སྡང་གི་རྒྱུར་གྱུར་བའི་སེམས་ཅན་ནོ། །བསམ་པ་ནི་དེ་ལ་གནོད ་པའི་སེམས་སྐྱེས་པ་སྟེ། དེ་ཡང་འདིས་སྔོན་བདག་ལ་གནོད་པར་བྱས། ད་ལྟར་གནོད་པར་བྱེད། མ་འོངས་པ་ན་གནོད་པ་བྱེད་པར་འགྱུར་ཏེ། འདིས་བདག་གི་མངའ་བོ་ལ་སྔོན་གནོད་པ་བྱས། ད་ལྟར་གནོད་པར་བྱེད་དོ། །ཕྱིས་གནོད་པ་བྱེད་པར་འགྱུར། འདིས་སྔོན ་བདག་གི་དགྲ་ལ་ཕན་བཏགས། ད་ལྟར་ཕན་འདོགས་ཕྱིས་ཕན་འདོགས་པར་འགྱུར་ཞེས་སེམས་ཤིང་ང་ལ་གནོད་བ་བྱ་བར་འདོད་པའོ། །སྦྱོར་བ་ནི་དེ་ལ་གནོད་པ་བྱ་བའི་ཕྱིར་སྟན་ལས་ལྡང་བ་ལ་སོགས་པའི་ལས་རྩོམ་པའོ། །ཡོངས་སུ་རྫོགས་པ་ནི་དེའི་རྒྱུ ་ལས་རིགས་དང་རུས་དང་སྐྱོན་ལ་སོགས་པ་སྨོས་ཏེ། གཞན་གྱི་སེམས་སྡུག་བསྔལ་བར་འགྱུར་བའི་ཚིག་རྩུབ་མོ་འབྱིན་པའོ། །ཚིག་བཀྱལ་བའི་དངོས་པོ་ནི། རྒྱལ་པོ་དང་རྐུན་པོ་ལ་སོགས་པའི་དོན་མེད་པས་ཡོངས་སུ་བསྡུས་པའི ་གཏམ་རྒྱུད་དོ། །བསམ་བ་ནི་གཏམ་དེ་བྱ་བར་སེམས་ཤིང་འདོད་བ་སྐྱེས་པའོ། །སྦྱོར་བ་ནི་གཏམ་བྱ་བའི་ཕྱིར་རང་གི་སྟན་ལས་ལྡང་བ་ལ་སོགས་པའི་ལས་རྩོམ་པའོ། །ཡོངས་སུ་རྫོགས་པ་ནི་འཁོར་འདུས་པའི་ནང་དུ་གཏམ་སྨྲས་བའོ། །ཆགས་སེམས ་ཀྱི་དངོས་པོ་རྣམ་པ་གཉིས་ཏེ། བདག་གིར་བྱ་བའི་དངོས་པོ་དང་ཡོངས་སུ་མི་གཏོང་བའི་དངོས་པོའོ། །དེ་ལ་མི་གཏོང་བའི་དངོས་པོ་ནོར་འབྲུ་ལ་སོགས་པའི་རྫས་སོ། །ཡོངས་སུ་མི་གཏོང་པའི་དངོས་པོ་ནི་ལྷག་པར་ཆགས་པར་འགྱུར་བའི་ཡུལ་ཏེ། བུ ་དང་ཆུད་མ་ལ་སོགས་པའོ། །བསམ་པ་ནི་དངོས་པོ་དེ་ཡིན་བར་ཤེས་ཤིང་དེ་ལ་འདོད་པ་སྐྱེ་བ་སྟེ། འདོད་པ་སྐྱེ་བ་ཡང་བསླང་བའི་སྒོ་དང་འཐོབ་པར་སྨོན་པའི་སྒོ་དང། བརྐུ་བའི་སྒོ་དང་རྣམ་པ་གསུམ་མོ། དེ་ལ་བསླང་བའི་སྒོ་ནི་དངོས་པོ་དེ་ལ་ཆགས ་པས་བསླང་སྟེ་ཐོབ་བར་བྱའོ་སྙམ་དུ་སེམས་པའོ། །ཐོབ་པར་སྨོན་པའི་སྒོ་ནི་ཅི་ནས་ཀྱང་དངོས་པོ་འདི་བདག་གིས་ཐོབ་པར་གྱུར་ཅེས་སྨོན་ལམ་འདེབས་པའོ། །བརྐུ་བའི་སྒོ་ནི་ཐབས་འདིས་བདག་གིས་དངོས་པོ་འདི་འཐོབ་པ་འམ་བརྐུ་བར་བྱ ་བར་སེམས་པའོ། །སྦྱོར་བ་ནི་བདག་གིར་བྱ་བའི་ཕྱིར་ཇི་ལྟར་བདག་གིར་འགྱུར་བའི་ཐབས་རྣམ་པ་སྣ་ཚོགས་ཚོར་བའོ། །ཡོངས་སུ་རྫོགས་པ་ནི་དེ་དང་བདག་གིར་མི་བྱ་མི་གཏོང་ངོ་ཞེས་སེམས་ངེས་པར་འགྱུར་བའོ། །གནོད་སེམས་ཀྱི་དངོས་པོ་ནི་ཞེ ་སྡང་སྐྱེ་བའི་རྒྱུར་འགྱུར་བའི་སེམས་ཅན་ནོ། །བསམ་པ་ནི་དེ་ལ་གནོད་པར་བྱའོ། །སྙམ་པའི་སེམས་སྐྱེས་པའོ། །སྦྱོར་བ་ནི་སྟན་ལས་ལྡང་བ་ལ་སོགས་པའི་ལས་རྩོམ་པའོ། །ཡོངས་སུ་རྫོགས་པ་ནི་མི་བསད་མི་བརྡེག་ཏུ་མི་གཏོང་ངོ་ཞེས་སེམས ་ལ་ངེས་པར་བྱས་པའོ། །ལོག་པར་ལྟ་བའི་དངོས་པོ་ནི་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་དང་ལས་དང་ལས་ཀྱི་འབྲས་བུ་ལ་སོགས་པའོ། །བསམ་བ་ནི་ལས་དང་ལས་ཀྱི་འབྲས་བུ་ལ་སོགས་པ་མེད་སྙམ་སེམས་ཤིང་དེ་ལྟར་མོས་པའོ། །སྤྱོད་པ་ནི་དེ ་སྐད་དུ་སྨྲ་པའི་གཙུག་ལག་ཉན་པ་དང་འཆད་པ་རྣམས་དང་འགྲོགས་པའོ། །ཡོངས་སུ་རྫོགས་པ་ནི་མེད་པར་ཡིད་ཆེས་ནས་མེད་དོ་ཞེས་ཚིག་ཏུ་ཡང་འབྱིན་བྱའོ། །རྒྱུ་དང་ཞེས་བྱ་བ་ལ་མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་མི་དགེ་བའི་རྩ་བ་གསུམ་གྱི་རྒྱུ ་ལས་སྐྱེས་ཏེ། མི་དགེ་བའི་རྩ་བ་གསུམ་ནི་འདོད་ཆགས་མི་དགེ་བའི་རྩ་བ་དང། ཞེ་སྡང་མི་དགེ་བའི་རྩ་བ་དང། གཏི་མུག་མི་དགེ་བའི་རྩ་བའོ། །དེ་ལ་སྲོག་གཅོད་པ་ལ་ཡང་ཆགས་པས་སྲོག་གཅོད་པ་དང། ཞེ་སྡང་བས་གཅོད་པ་དང། གཏི་མུག ་པས་གཅོད་པ་སྟེ། རྣམ་པ་གསུམ་མོ། །དེ་ལ་ཆགས་པས་སྲོག་གཅོད་པ་ནི། ཤ་དང་པགས་པ་དང་ཁྲག་ལ་སོགས་པ་འདོད་པའི་ཕྱིར་སྲོག་གཅོད་པ་དང། རྩེད་མོའི་ཕྱིར་སྲོག་གཅོད་པ་དང། བདག་དང་མཛའ་ཤེས་ལ་སོགས་བསྐྱབ་པའི་ཕྱིར་སྲོག ་གཅོད་པའོ། །ཞེ་སྡང་གིས་སྲོག་བཅོད་པ་ནི་མི་མཛའ་བ་དང་ཤར་གཉེར་བའི་ཕྱིར་དགྲ་གསོད་པའོ། །གཏི་མུག་གིས་སྲོག་གཅོད་པ་ནི་དཔེར་ན་མཆོད་སྦྱིན་བྱེད་པ་རྣམས་སྲོག་གཅོད་དེ་སྦྱིན་སྲེག་བྱས་ནས་མཐོ་རིས་སུ་སྐྱེའོ་ཞེས་ཆོས་ཀྱི་བསམ་པས་སྲོག་གཅོད ་པའོ། །རྒྱལ་པོ་དག་ཀྱང་ཆོས་ལས་འབྱུང་བ་ཚད་མར་བྱས་ནས་གསོད་དེ་མི་བགྲུངས་པ་རྣམས་བསད་པ་ལ་སོགས་པའི་ནན་ཐུར་བྱས་ན་བསོད་ནམས་ཀྱི་ཤེས་སུ་འགྱུར་རོ་ཞེས་ཟེར་བ་དང། བར་རིག་ལ་སོགས་པ་འདི་ལྟར་ཕ་མ་རྒས་ཏེ་ཡོར་ཞུགས་པ་ནད ་ཚབས་པོ་ཆེས་ཉེན་པ་གསད་པར་བྱའོ། ཞེས་ཟེར་བ་ལ་སོགས་པའོ། །ཡང་ཁ་ཅིག་འདི་སྐད་དུ་སྦྲུལ་དང་སྡིག་པ་དང། ཏྲེ་མ་བུ་ག་ལ་སོགས་པ་མི་ལ་གནོད་པར་བྱེད་པ་ཡིན་པས་གསད་པ་དང་རི་དགས་དང་ཕྱུགས་དང་བྱ་དང་མ་ཧེ་ལ་སོགས་པ་མིའི་ལོངས་སྤྱོད ་ཀྱི་རྐྱེན་ཡིན་བས་བསད་ཀྱང་སྡིག་དུ་མི་འགྱུར་རོ་ཞེས་ཟེར་བ་ལ་སོགས་པའོ། །མ་བྱིན་པར་ལེན་པ་ཡང་ཆགས་པ་དང་གཏི་མུག་གསུམ་ལས་སྐྱེས་ཏེ། ཆགས་པ་ལས་སྐྱེ་བ་ནི་དངོས་པོ་གང་འདོད་པ་དེ་འཕྲོག་པར་བྱེད་པའམ། ་ཁེ་དང་བཀུར་སྟི་ལ་ཆགས་པའི་ཕྱིར་རྐཱུམ། བདག་དང་མཛའ་བཤེས་བསྐྱབ་བའི་ཕྱིར་ནོར་འཕྲོག་པར་བྱེད་པའོ། །ཞེ་སྡང་གིས་རྐུ་བ་ནི་དགྲ་ཤར་གཉེར་བའི་ཕྱིར་དགྲ་ལས་འཕྲོག་ཅིང་རྐུ་བའོ། །གཏི་མུག་ལས་བྱུང་བ་ནི་ཇི་ལྟར་རྒྱལ་པོའི་ཆོས ་ལས་འབྱུང་བ་ཚད་མར་བྱས་ནས་མི་བགྲུངས་པ་རྣམས་ཚར་བཅད་པའི་ཕྱིར་དེ་དག་གི་ཕྲོགས་ན་བསོད་ནམས་ཀྱི་ཤས་འཐོབ་བོ་ཞེས་སྨྲས་བ་དང། ཇི་ལྟར་བྲམ་ཟེ་རྣམས་སྨྲ་བ། འདི་དག་ལ་ཐམས་ཅད་ཚངས་པས་བྲམ་ཟེ་ལ་བྱིན་ཏེ། བྲམ་ཟེས ་དམས་པ་ན་དམངས་རིགས་ཀྱི་ལོངས་སྤྱོད་རྣམས་ཀུན་ཏུ་སྤྱད་པར་བྱའོ། །དེ་བས་ན་བླངས་ཀྱང་བྲམ་ཟེ་བདག་གི་ལེན་བདག་གིས་སྤྱོད་བདག་གི་ལ་གནས་ཤིང་བདག་གི་གཏོང་དུ་ཟད་ཀྱི་བྲམ་ཟེས་ལྟ་དབྲོག་པར་བྱའོ། །དེ་ལྟར་བྱས་ཀྱང་འདི ་ལ་གཞན་གྱི་ཡིན་པར་འདུ་ཤེས་ཆ་མེད་དོ་ཞེས་འབྱུང་བའོ། །འདོད་པ་ལ་སོགས་པར་སྤྱོད་པ་ཡང་འདོད་པ་ལས་སྐྱེ་བ་དང། ཞེ་སྡང་ལས་སྐྱེ་བ་དང། གཏི་མུག་ལས་སྐྱེ་བ་སྟེ་རྣམ་པ་གསུམ་མོ། །དེ་ལ་འདོད་པ་ལས་སྐྱེ་བ་ནི་གཞན་གྱི་བུད་མེད་ལ་ཆགས ་པའི་ཕྱིར་སྤྱོད་པ་དང་བུད་མེད་ཁ་ཅིག་ལས་སྤྱད་ན་འཐོབ་པ་དང་བཀུར་སྟི་འབྱུང་ངོ་ཞེས་ཁ་དང་བཀུར་སྟིའི་ཕྱིར་སྤྱོད་པ་དང། བུད་མེད་ཁ་ཅིག་ལ་སྤྱད་ན་བདག་དང་མཛའ་བཤེས་ལ་བསྐྱབས་འབྱུང་ངོ་ཞེས་བདག་དང་གཞན་ལ་བསྐྱབ་པའི་ཕྱིར་སྤྱོད་པའོ ་གཏི་མུག་ལས་བྱུང་བ་ནི་དཔེར་ན་ཕྱུགས་ཀྱིས་རྗེད་པའི་མཆོད་སྦྱིན་ལས་ཕ་མོས་ཉེ་དུ་བཤེས་གཉེན་དུ་གྱུར་བ་ཐམས་ཅད་བསྡུས་ནས་ཁང་པ་གཅིག་ཏུ་བཙུད་དེ། སྒྲེན་མོར་ཕྱུང་ནས་ཕྱུགས་ཐབས་སུ་དགུས་སུ་བཅུག་ལ་ཆུ་འཐུང་རྩཝ་ཟ། བབ་བབ་དུ་སྤྱོད་ཅིག ་དང་མཐོ་རིས་སུ་འགྲོའོ་ཞེས་ཟེར་བ་དང། ཡང་ཁ་ཅིག་བུད་མེད་རྣམས་ནི་གཏུན་དང་མེ་ཏོག་དང་འབྲས་བུ་དང་ཁ་ཟས་དྭོད་ལ་བབ་པ་དང་སྟེགས་དང་ལམ་ལྟ་བུ་སྟེ། ཀུན་གྱི་སྤྱད་ཀྱང་ཉེས་པ་མེད་ཞེས་ཟེར་བ་དང། པར་སིག་ལ་སོགས་པ་ལ་སྤྱད་པར་བྱའོ། ཞེས ་ཟེར་བ་ལྟ་བུའོ། །ཞེ་སྡང་ལས་སྐྱེ་བ་ནི་དགྲ་ལ་ཤར་གཉེར་བའི་ཕྱིར་ཏེ། ཆུང་མ་ཀུན་དུ་སྤྱད་ཅིང་ཁ་འདྲེན་པར་བྱེད་པའོ། །བརྫུན་ཡང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལས་སྐྱེ་བ་སྟེ། རྣམ་པ་གསུམ་མོ། །དེ་ལ་འདོད་ཆགས་ལས་སྐྱེ་བ་ནི་ནོར་འདོད ་པ་དང་བདག་དང་མཛའ་བཤེས་བསྐྱབ་པའི་ཕྱིར་རྫུན་དུ་སྨྲ་བའོ། །ཞེ་སྡང་ལས་སྐྱེ་བ་ནི་དག་ལ་ཤར་གཉེར་བའི་ཕྱིར་རྫུན་སྨྲ་བའོ། །གཏི་མུག་ལས་སྐྱེ་བ་ནི་དཔེར་ན་བྲམ་ཟེའི་གཞུང་ལས། རྒྱལ་པོ་བཞད་གད་གཏོགས་པ་རྫུན་མ་ཡིན། བུད་མེད་དང ་ནི་གཉེན་དུ་འཐམ་པའི་ཚེ། །སྲོག་གི་ཕྱིར་དང་ནོར་ཀུན་སྟོང་བའི་ཕྱིར། རྫུན་ལྔ་སྡིག་མེད་ཅེས་པར་སྨྲ་བ་ཡིན། །ཞེས་འཆད་པ་ལྟ་བུའོ། །ཕྲ་མ་ཡང་ཆགས་པ་དང་ཞེ་སྡང་གཏི་མུག་ལས་སྐྱེ་བ་སྟེ། རྣམ་པ་གསུམ་མོ། །ཆགས་པ་ལས་སྐྱེ་བ་ནི་ནོར ་རྫས་ལ་ཆགས་པའམ། བདག་དང་མཛའ་བཤེས་བསྐྱབ་པའི་ཕྱིར་ཕྲ་མ་སྨྲ་བའོ། །ཞེ་སྡང་ལས་སྐྱེ་བ་ནི་དགྲ་ལ་ཤར་གཉེར་བའི་ཕྱིར་ཕྲ་མ་སྨྲ་བའོ། །དགྲ་དང་བཤས་པ་རྣམས་ལ་ཕྲ་མ་སྐྱེལ་བའོ། །གཏི་མུག་ལས་སྐྱེས་པ་ནི་མུ་སྟེགས་པའི་གཞུང ་ཁ་ཅིག་ལས་ཕྲ་མ་སྨྲས་ཀྱང་ཉེས་པ་མེད་དོ་ཞེས་འཆད་པ་ལྟ་བུའོ། །ཚིག་རྩུབ་པོ་ཡང་ཆགས་པ་ལས་སྐྱེས་བ་དང། ཞེ་སྡང་ལས་སྐྱེས་པ་དང། གཏི་མུག་ལས་སྐྱེས་པ་སྟེ་གསུམ་མོ། །ཆགས་པ་ལས་སྐྱེ་བ་ནི་གཞན་གྱི་ནོར་འདོད་པའི་ཕྱིར་ཚིག་རྩུབ ་པོས་བསྡིགས་པར་བྱེད་པ་དང། བདག་དང་མཛའ་བཤེས་བསྐྱབ་པའི་ཕྱིར་ཚིག་རྩུབ་མོ་སྨྲ་བའོ། །ཞེ་སྡང་ལས་སྐྱེ་བ་ནི་དགྲ་ལ་ཤར་གཉེར་བའི་ཕྱིར་ཚིག་རྩུབ་པོ་སྨྲ་བའོ། །གཏི་མུག་ལས་སྐྱེས་པ་ནི་ཚིག་རྩུབ་པོ་སྨྲས་ཀྱང་ཉེས་པ་མེད་དོ་ཞེས ་འཆད་པ་ལྟ་བུའོ། །ཚིག་དཀྱལ་བ་ཡང་ཆགས་པ་དང་ཞེ་སྡང་དང་གཏི་མུག་ལས་སྐྱེ་བ་སྟེ། རྣམ་པ་གསུམ་མོ། །ཆགས་པ་ལས་སྐྱེ་བ་ནི་ནོར་ལ་ཆགས་པའམ་མཛའ་བཤེས་བསྐྱབ་པའི་ཕྱིར་གླུ་ལན་པ་དང་སྔོན་གྱི་གཏམ་རྒྱུད་སྨྲ་བར་བྱེད་པའོ། ། ་ཞེ་སྡང་ལས་སྐྱེས་པ་ནི་དགྲ་ལ་ཤར་གཉེར་བའི་ཕྱིར་ཚིག་དཀྱལ་པར་དེའི་མཛའ་བཤེས་རྣམས་བསྡུས་ནས་བདག་གི་དབང་དུ་བྱེད་པའོ། །གཏི་མུག་ལས་སྐྱེས་པ་ནི་གླུ་དང་གར་གྱི་གཙུག་ལག་དང་གཏམ་རྒྱུད་ཀྱི་གཙུག་ལག་གཞན་ལ་བཤད་ན་བསོད་ནམས་སུ ་འགྱུར་རོ་ཞེས་ཟེར་བའོ། །ཆགས་སེམས་ཀྱང་ཆགས་པ་དང་ཞེ་སྡང་དང་གཏི་མུག་ལས་སྐྱེ་བ་སྟེ། རྣམ་པ་གསུམ་མོ། །ཆགས་པ་ལས་སྐྱེ་བ་ནི་གཞན་གྱི་ནོར་ལ་ཆགས་པའམ་བདག་དང་མཛའ་བཤེས་བསྐྱབ་པའི་དོན་དུ་ཕ་རོལ་གྱི་ནོར་རྫས་བླང་བར་སེམས་པའོ། །ཞེ ་སྡང་ལས་སྐྱེ་བ་ནི་དག་ལ་ཤར་གཉེར་བའི་ཕྱིར་དགྲའི་ནོར་འཕྲོག་པ་དང་རྐུ། བར་སེམས་པའོ། །གཏི་མུག་ལས་སྐྱེས་པ་ནི་བརྐུས་ཀྱང་ཉེས་པ་མེད་པར་སེམས་པའོ། །གནོད་སེམས་ཀྱང་འདོད་པ་དང་ཞེ་སྡང་གཏི་མུག་ལས་སྐྱེས་པ་སྟེ། རྣམ་པ་གསུམ་མོ། །དེ་ལ་འདོད་པ་ལས ་སྐྱེ་བ་ནི་གཞན་གྱི་ནོར་རྫས་ལ་ཆགས་པ་འམ། བདག་དང་མཛའ་བཤེས་བསྐྱབ་པའི་ཕྱིར་གཞན་དག་ལ་གནོད་སེམས་སྐྱེ་བའོ། །ཞེ་སྡང་ལས་སྐྱེ་བ་ནི་ཤར་གཉེར་བའི་དོན་དུ་དགྲ་ལ་གནོད་སེམས་སྐྱེ་བའོ། །ལོག་པའི་ལྟ་བ་ཡང་ཆགས་པ་དང་ཞེ་སྡང་གཏི་མུག ་ལས་སྐྱེ་བ་སྟེ། རྣམ་པ་གསུམ་མོ། །དེ་ལས་ཆགས་པ་ལས་སྐྱེས་པ་ནི་ལྟ་བ་ཕྱིན་ཅི་ལོག་ཉིད་ལ་དགའ་བའི་རྒྱུས་ལྟ་བ་དེ་འཛིན་པའོ། །ཞེ་སྡང་ལས་སྐྱེ་བ་ནི་དགྲ་ལ་ཤར་གཉེར་བའི་ཕྱིར་ལྟ་བ་ལོག་པའི་ཕྱོགས་འཛིན་པར་བྱེད་པའོ། །གཏི་མུག་ལས ་སྐྱེས་པ་ནི་ལྟ་བ་ལོག་པར་གཟུང་ཡང་ཉེས་པར་མི་འགྱུར་བ་འཛིན་པའོ། །དེ་ལ་སྲོག་གཅོད་པ་དང་གནོད་སེམས་དང། ཚིག་རྩུབ་པོ་གསུམ། སྐྱེད་པའི་རྒྱུ་མི་དགེ་བའི་རྩ་བ་གསུམ་ཡིན་དུ་ཟིན་ཀྱང་མཇུག་ཏུ་ཞེ་སྡང་གིས་མཐར་ཕྱིན་ཅིང་རྫོགས་པར་བྱེད་དོ།། ་མ་བྱིན་པར་ལེན་པ་དང་འདོད་པས་ལོག་པར་སྤྱོད་པ་དང་ཆགས་སེམས་གསུམ་ཡང་སྐྱེད་པའི་རྒྱུ། མི་དགེ་བའི་རྩ་གསུམ་ཡིན་མོད་ཀྱི། མཇུག་ཏུ་འདོད་ཆགས་ཀྱིས་མཐར་ཕྱིན་ཅིང་རྫོགས་པར་བྱེད་དོ། །ལོག་པའི་ལྟ་བ་ནི་རྩ་བ་གསུམ་ལས་བྱུང་ཡང་མཇུག་ཏུ ་གཏི་མུག་གི་མཐར་ཕྱིན་ཅིང་རྫོགས་པར་བྱེད་དོ། །རྫུན་སྨྲ་བ་དང། ཚིག་བཀྱལ་བ་དང། ཕྲ་མ་གསུམ་ནི་ཁ་ཅིག་འདོད་ཆགས་ཀྱིས་མཐར་ཕྱིན་པ་ཡོད། །ཁ་ཅིག་ཞེ་སྡང་གིས་མཐར་ཕྱིན་པ་ཡོད། ཁ་ཅིག་གཏི་མུག་གིས་མཐར་ཕྱིན་པ་ཡོད་པ་དང། རྫོགས་པར་བྱེད་པ ་ཡོད་དོ། །གནས་ཤེས་བྱ་བ་ལ་མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་འདི་དག་རྣམ་པ་ལྔ་རིག་པར་བྱ་སྟེ། ཆུང་བའི་གནས་དང་འབྲིང་གི་གནས་དང། ཆེན་པོའི་གནས་དང། སྐྱེ་བའི་གནས་དང་བག་ལ་ཉལ་བའི་གནས་སོ། །དེ་ལ་ཆུད་བའི་གནས་ནི་འདོད་ཆགས་ཞེ་སྡང ་གཏི་མུག་ཤས་ཆུང་བས་མི་དགེ་བའི་ལས་བཅུ་པོ་ལས་གང་ཡང་རུང་བར་བྱས་པའོ། །འབྲིང་གི་གནས་ནི་དེ་གསུམ་ཤས་ཆེ་བ་ཡང་མ་ཡིན་ཆུང་བ་ཡང་མ་ཡིན་པའི་འབྲིང་གི་ལས་ཀྱི་ལས་ཀྱི་ལམ་གང་ཡང་རུང་བ་བྱས་པའོ། །ཆེ་བའི་གནས་ནི་འདོད་ཆགས་དང་ཞེ་སྡང ་དང་གཏི་མུག་ཤིན་ཏུ་བདོ་བའི་ལས་ཀྱི་ལམ་གང་ཡང་རུང་བ་བྱས་པའོ། །སྐྱེས་པའི་གནས་ནི་ཉོན་མོངས་པ་གསུམ་གྱིས་ལས་ཀྱི་ལམ་བསྐྱེད་ནས་འགགས་པའོ། །བག་ལ་ཉལ་བའི་གནས་ནི་ཉོན་མོངས་པ་དང་ལས་ཀྱི་ལམ་རྣམས་བག་ཆགས་སུ་གནས་པ ་སྟེ་གང་སྐྱེས་ཀྱང་མ་སྐྱེས་འགགས་ཀྱང་མ་འགགས་པའོ། །སྒོ་ཞེས་བྱ་བ་ལ་ལུས་དང་དགེ་དང་ཡིད་གསུམ་གྱི་སྒོ་ནས་མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་སྤྱོད་པ་ལ། ཁ་ཅིག་མཐོང་བའི་ཆོས་ལ་འབྲས་བུ་རྣམ་པར་སྨིན་པ་ཡོད། །ཁ་ཅིག་ཚེ་ཕྱི་མར་འབྲས་བུ་རྣམ་པར ་སྨིན་པ་ཡང་ཡོད། །ཁ་ཅིག་ཚེ་རབས་གཞན་དུ་འབྲས་བུ་རྣམ་པར་སྨིན་པ་ཡང་ཡོད། ཁ་ཅིག་འབྲས་བུ་རྣམ་པར་སྨིན་པ་ངེས་པ་ཡང་ཡོད། ཁ་ཅིག་འབྲས་བུ་རྣམ་པར་སྨིན་པར་ངེས་པ་ཡང་ཡོད། །དེ་ལ་མཐོང་བའི་ཆོས་ལ ་འབྲས་བུ་རྣམ་པར་སྨིན་པ་ནི་ཚེ་གང་ལ་བྱས་པའི་ཚེ་དེ་ཉིད་ལ་འབྲས་བུ་རྣམ་པར་སྨིན་པ་སྟེ། དེ་ཡང་ཞིང་དང་བསམ་པའི་བྱེ་བྲག་ལས་རྣམ་པ་གཉིས་སུ་བཞག་གོ། དེ་ལ་ཞིང་གི་བྱེ་བྲག་ནི་སྔོན་དགེ་སློང་གཉིས་ཤིག་རྩོད ་པར་གྱུར་པ་ལས། དགེ་འདུན་གྱི་འདུལ་བ་བཞིན་དུ་བཅད་ནས་གཅིག་ཕམ་པར་གྱུར་པ་དང། ཕམ་པའི་དགེ་སློང་གི་དགེ་འདུན་ལ་བུད་མེད་ཅེས་སྨྲས་པས་འཕྲལ་དུ་མཚན་ཡོངས་སུ་གྱུར་ཅེས་གྲགས་པ་ལྟ་བུའོ། །བསམ་པའི་བྱེ་བྲག ་ཀྱང་སྔོན་མ་ནིང་ཞིག་གི་སྙིང་རྗེ་བའི་སེམས་ཀྱིས་གླང་རྨོ་ཞིང་ཤ་བཅད་པར་བྱས་པ་བསླུས་ནས་བཏང་བ་ལས་འཕྲལ་དུ་མ་ནིང་ཉིད་ཕོར་རེད་པ་ལྟ་བུའོ། །གཞན་ཡང་ཕ་མ་དང་དཀོན་མཆོག་གསུམ་ལ་རབ་ཏུ་དང་བའི་བསམ་པས་ཕན་བཏགས ་པ་དང། ཞེ་སྡང་གི་སེམས་ཀྱིས་གནོད་པ་བྱས་པ་ལ་སོགས་པ་ཡང་མཐོང་བའི་ཆོས་ལ་འབྲས་བུ་རྣམ་པར་སྨིན་པར་འགྱུར་རོ། །ཚེ་ཕྱི་མར་འབྲས་བུ་རྣམ་པར་སྨིན་པར་འགྱུར་བ་ནི་ཚེ་རབས་རྗེས་མཐག་ཏུ་འབྲས་བུ་མྱོང་བར ་གྱུར་པའོ། །ཚེ་རབས་གཞན་དུ་རྣམ་པར་སྨིན་པ་མྱོང་བ་ནི་ཚེ་རབས་གཉིས་སམ་གསུམ་དག་གིས་ཆོད་དེ་མྱོང་བའམ། བཅུ་འམ་རྒྱ་སྟོང་དག་གིས་ཆོད་དེ་མྱོང་བའོ། །དེ་ལ་འབྲས་བུ་རྣམ་པར་སྨིན་པ་ངེས་པ་ནི་ཉོན་མོངས་པ་འམ། ་དད་པ་དྲག་པོས་གང་བྱས་པ་འམ། རྟག་པར་བྱས་པའམ། ཕན་བཏགས་པའམ། ཡོན་ཏན་གྱི་ཞིང་ལ་གནོད་པའམ། ཕན་པར་བྱས་པ་ནི་འབྲས་བུ་གདོན་མི་ཟ་བར་མྱོང་བར་རིག་པར་བྱའོ། །དེ་ལ་ཉོན་མོངས་པ་དང། དད་པ ་དྲག་པོས་བྱས་པ་ནི་གང་གོང་དུ་དགེ་འདུན་ལ་ཁ་བྱས་པ་དང། མ་ནིང་གིས་གླང་བཏང་བ་ལྟ་བུའོ། །རྟག་པར་བྱས་པ་ནི་ལས་དེ་ཡང་དང་ཡང་དུ་གོམས་པར་བྱས་ན་འབྲས་བུ་ངེས་པར་མྱོང་བར་འགྱུར་རོ། །ཕན་བཏགས་པ ་ནི་ཕ་དང་མ་ལྟ་བུ་སྟེ། དེ་དག་བསད་ན་ཇི་ལྟར་བསད་ཀྱང་རུང་འབྲས་བུ་ངེས་པར་མྱོང་བར་འགྱུར་ཏེ། །དེ་དག་ལ་ཕན་བཏགས་ན་ཡང་འབྲས་བུ་མྱོང་བར་ངེས་སོ། །ཡོན་ཏན་གྱི་ཞིང་ནི་དཀོན་མཆོག་གསུམ་མམ། ཚུལ ་ཁྲིམས་དང་ལྡན་པའི་གང་ཟག་ལ་ལ་སྟེ། དེ་དག་ལ་ཕན་པ་དང་གནོད་པ་བྱས་པ་ཡང་འབྲས་བུ་ངེས་པར་སྨིན་པར་འགྱུར་རོ། །རྣམ་པར་སྨིན་པ་མ་ངེས་པ་ནི་གོང་དུ་བཤད་པ་ལས་གཞན་པའི་ལས་གལ་ཏེ་འབྲས་བུ་རྣམ་པར་སྨིན་པར ་འགྱུར། །གལ་ཏེ་ན་འབྲས་བུ་རྣམ་པར་སྨིན་པར་མི་འགྱུར་བའོ། །ལས་ཀྱི་ལམ་ཆེ་ཆུང་ནི་རྣམ་པ་དྲུག་ཏུ་བཞག་སྟེ། མངོན་པར་འདུ་བྱེད་པ་དང། གོམས་པ་དང་རང་བཞིན་དང། དངོས་པོ་དང། མི་མཐུན་པའི་ཕྱོགས ་སུ་ངེས་པ་དང། གཉེན་པོས་བཅོམ་པའོ། །དེ་ལ་མངོན་པར་འདུ་བྱེད་པ་ནི། འདོད་ཆགས་དང། དེ་སྤང་དག་པོས་ལས་ཀྱི་ལམ་རྣམས་ཞེས་བྱ་བ་ནི་ལྕི་བ་ཞེས་བྱའོ། །འདོད་ཆགས་དང་ཞེ་སྡང་དང། གཏི་མུག་འབྲིང ་གིས་བྱས་པའི་ལས་ཀྱི་ལམ་རྣམས་ལ་ནི་འབྲིང་ཞེས་བྱའོ། །འདོད་ཆགས་དང། ཞེ་སྡང་དང་གཏི་མུག་ཆུང་ངུས་བྱས་པའི་ལས་ཀྱི་ལམ་རྣམས་ལ་ནི་ཡང་བ་ཞེས་བྱའོ། །དེ་ལ་གོམས་པ་ནི་དགེ་བ་དང། མི་དགེ་བའི་ལས་གང ་ཡང་རུང་དུས་རིང་པོར་རྒྱུན་ཏུ་བྱས་པ་ནི་ལྕི་བའོ། །དུས་ཐག་གི་ཟད་ཅིག་བྱས་པ་ནི་འབྲིང་ངོ། །ཆེན་པོ་གོམས་པར་མ་བྱས་པ་ནི་ཡང་བའོ། །རང་བཞིན་ནི་འདོད་པས་ལོག་པར་སྤྱོད་པ་བས། མ་བྱིན་པར་བླངས་པ་ཁ་ན་མ་ཐོ་བ་ཆེའོ ་མ་བྱིན་པར་ལེན་པ་བས། སྲོག་གཅོད་པ་ཁ་ན་མ་ཐོ་བ་ཆེའོ། །སྲོག་གཅོད་པས་ཚིག་བཀྱལ་བ་ཁ་ན་མ་ཐོ་བ་ཆེའོ། །ཚིག་བཀྱལ་བ་པས་ཚིག་རྩུབ་པོ་ཁ་ན་མ་ཐོ་བ་ཆེའོ། །ཚིག་རྩུབ་པོ་ལས་ཕྲ་མ་ཁ་ན་མ་ཐོ་བ ་བས་རྫུན་མཁན་མ་ཐོ་བ་ཆེའོ། །ཆགས་སེམས་བས་གནོད་སེམས་ཁ་ན་མ་ཐོ་བ་ཆེའོ། །གནོད་སེམས་ལས་ལོག་སེམས་ཁ་ན་མ་ཐོ་བ་ཆེའོ། །སྦྱིན་པ་བས་ཚུལ་ཁྲིམས་ཁ་ན་མ་ཐོ་བ་མེད་པའོ། །ཚུལ་ཁྲིམས་པས་བསྒོམ་པ་ཁ་ན་མ་ཐོ་བ་མེད་པའོ།། ་དངོས་པོ་ནི་ཕ་མ་དང། དཀོན་མཆོག་གསུམ་ལ་གནོད་པ་དང། ཕན་པ་བྱས་པའི་ལས་དེ་དག་བ་དང། མི་དགེ་བ་ཡང་ལྕི་བར་རྣམ་པར་གཞག་གོ་།མི་མཐུན་བའི་ཕྱོགས་སུ་གཅིག་དུ་ངེས་པ་ནི་འདི་ལས་སུ་ཡང་རུང་བས་ཚེ་གཅིག་ཏུ་མི་དགེ་བ་ཤ་སྟག་སྤྱད་ཀྱི། དགེ་བ ་མ་སྤྱད་ན་ལས་ཉིད་ཀྱི་ལྕི་བར་རྣམ་པར་བཞག་གོ། གཉེན་པོས་བཅོམ་པ་ནི་མི་དགེ་བའི་ལས་ཀྱི་གཉེན་པར་གྱུར་པ་དགེ་བ་ལ་གོམས་པར་བྱས་ན། དགེ་བའི་ལས་དེ་ཡང་ལྕི་བར་རྣམ་པར་བཞག་གོ་།འབྲས་བུ་ཞེས་བྱ་བ་ལ་མི་དགེ་བའི་ལས་ཀྱི་ལམ་བཅུ ་པོ་འདི་དག་སྤྱད་པས་འབྲས་བུ་རྣམ་པ་གསུམ་སྨིན་པར་འགྱུར་ཏེ། རྣམ་པར་སྨིན་པའི་འབྲས་བུ་དང། རྒྱུ་མཐུན་བའི་འབྲས་བུ་དང། བདག་པོའི་འབྲས་བུའོ། །དེ་ལ་རྣམ་པར་སྨིན་པའི་འབྲས་བུ་ནི་མི་དགེ་བ་བཅུ་ལས་ཤེས་ཆེར་སྤྱད་ན། ་སེམས་ཅན་དམྱལ་བར་སྐྱེའོ། །འབྲིང་དུ་སྤྱད་ན་ཡིད་གསུམ་སྐྱེའོ། །ཆུང་ངུ་སྤྱད་ན་བྱོལ་སོང་གི་སྐྱེ་གནས་སུ་སྐྱེའོ། །ཤས་ཆེ་ཆུང་ནི་ཉོན་མོངས་པ་དྲག་དལ་གྱི་དབྱེའོ། །ཡང་ན་ལས་བྱེད་པ་ལ་སྦྱོར་བ་དང། རྩ་བ་དང། རྒྱབ ་སྟེ། རྣམ་པ་གསུམ་མོ། །དེ་ལ་སྦྱོར་བ་ནི་སོག་བཅོད་པ་ལ་སོགས་པ་མི་དགེ་བའི་ལས་བྱེད་པར་རྩོམ་པའོ། །རྩ་བ་ནི་སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་བྱས་པའོ། །རྒྱབ་ནི་དེ་དག་བྱེད་པ་ལ་རྗེས་སུ་ཡི་རང་ཕྱིས་ཀྱང་དེ་བཞིན་དུ ་རྒྱན་དུ་བྱེད་པ་སྟེ། དེ་གསུམ་གྱིས་བྱས་ན་ཤས་ཆེ་བས་སེམས་ཅན་དམྱལ་བར་སྐྱེའོ། །རྒྱུ་གཉིས་ཀྱིས་ནི་ཡིད་གསུམ་སྐྱེའོ། །གཅིག་གིས་ནི་བྱོལ་སོང་དུ་སྐྱེའོ། །རྒྱུ་འདྲ་བའི་འབྲས་བུ་ནི་ངན་སོང་གསུམ་ལས་ཐར་ཏེ་བརྒྱ་ལ་མིར་སྐྱེས ་ན་ཡང་མི་དགེ་བ་གཅིག་ཅིང་རྣམ་པར་སྨིན་པ་གཉིས་མྱོང་བར་འགྱུར་རོ། །དེ་ལ་སྲོག་གཅོད་བའི་འབྲས་བུའི་རྒྱུ་མཐུན་པ་གཉིས་ཏེ། ཚེ་ཐུང་བ་དང། ནང་མང་བའོ། །ཚེ་ཐུང་བ་ནི་སྔོན་སེམས་ཅན་གཞན་གྱི་ཚེའི་རྒྱུན་བཅད་པས་མིར་སྐྱེས་ན་མངལ ་དུ་འཆི་བའམ་སྐྱེས་ནས་རིང་པོར་མ་ལོན་པར་འཆི་བར་འགྱུར་རོ་ནད་མང་བ་ནི་སྔོན་སེམས་གཞན་གསོད་པ་ན་ཡང་དབྱིག་པ་དང། མཚོན་ཆ་ལ་སོགས་པས་སྡུག་བསྔལ་བསྐྱེད་པའི་ཕྱིར། མིར་སྐྱེས་པ་ན་ཡང་མཛེ་དང། འབྲུམ་བུ་ལ ་སོགས་པ་ནང་སྣ་ཚོགས་ཀྱིས་རྒྱུན་ཏུ་སྡུག་བསྔལ་བར་འགྱུར་རོ། །མ་བྱིན་པར་ལེན་པའི་འབྲས་བུ་རྒྱུ་མཐུན་པ་ཡང་རྣམ་པ་གཉིས་ཏེ། ལོངས་སྤྱོད་ཆུང་བ་དང་ཐུན་མོང་གི་ལོངས་སྤྱོད་དུ་འགྱུར་རོ། །ལོངས་སྤྱོད་ཆུང་བ་ནི་སྔོན་གཞན་དག་གི ་ལོངས་སྤྱོད་ཕྲོགས་ནས་ཕོངས་པར་བྱས་པའི་ཚེ་འདིར་ཡང་རྟག་ཏུ་ཡོ་བྱད་ཀྱིས་བྲེལ་ཕོངས་པར་འགྱུར་རོ། །ཐུན་མོང་གི་ལོངས་སྤྱོད་དུ་འགྱུར་བ་ནི། ཕྲོགས་པ་དེ་ཡང་བརྒྱ་ལ་ཕྲོགས་ནས་གཞན་ལ་བྱིན་པའི་འབྲས་བུས་ལོངས་སྤྱོད་ཅི ་བདོག་ན་ཡང་རྟག་ཏུ་ཀུན་གྱིས་འཕྲོག་ཅིང་བདག་ཅིག་པུ་སྐྱེད་དུ་མེད་ལ། ཀུན་དང་ཐུན་མོང་དུ་སྤྱོད་པར་འགྱུར་རོ། །འདོད་པས་ལོག་པར་སྤྱོད་པའི་རྒྱུ་མཐུན་པ་ཡང་གཉིས་ཏེ། གཡོག་འཁོར་བརྟན་དུ་མི་རུང་བ་དང་ལྟོས་པ་དང་བཅས་པའི ་ཆུང་མར་འགྱུར་རོ། །གཡོག་འཁོར་བརྟེན་དུ་མི་རུང་བ་ནི་བདག་གི་འཁོར་རྣམས་ཀྱང་སྙིང་བསྟན་དུ་མི་རུང་བ་སྟེ། ཕན་ཚུན་གཅིག་ཡིད་མི་ཆེས་པར་འགྱུར་བའོ། །ལྟོས་པ་དང་བཅས་པའི་ཆུང་མར་འགྱུར་བ་ནི་བདག་གི་ཆུང་མ་ལ་ཀུར་རེ་ཞིང ་ཀུན་གྱིས་མི་ཚངས་པར་སྤྱོད་པར་འགྱུར་རོ། །རྫུན་དུ་སྨྲ་བའི་རྒྱུ་མཐུན་པའི་འབྲས་བུ་ཡང་གཉིས་ཏེ། སྐུར་བ་མེད་པ་དང་གཞན་གྱིས་བསླུ་བར་འགྱུར་རོ། །སྐུར་བ་མེད་པ་ནི་མཉེས་ཀྱང་ཉེས་ཞེས་གཞན་གྱིས་སྐུར་བ་འདེབས་པར་འགྱུར་རོ།། ་གཞན་གྱིས་བསླུ་བ་ནི་འདི་ལྟ་བུ་ཞིག་བྱ་ཞེས་འམ་སྦྱིན་ཞེས་ཁས་བླངས་ནས་མི་སྦྱིན་ཞིང་སླུ་བར་འགྱུར་རོ། །ཕྲ་མའི་རྒྱུ་མཐུན་པའི་འབྲས་བུ་ཡང་གཉིས་ཏེ། གཡོག་འཁོར་མི་འདུམ་བ་དང་གཡོག་འཁོར་ངན་པར་འགྱུར་རོ།། ་གཡོག་འཁོར་མི་འདུམ་པ་ནི་བདག་གི་འཁོར་རྣམས་ཀྱང་རྟག་ཏུ་རྩོད་ཅིང་འཐབ་བར་འགྱུར་རོ། །གཡོག་འཁོར་ངན་པ་ནི་གཡོག་འཁོར་ཞིག་བདོག་ན་ཡང་ལུས་ཀྱི་བྱེད་ལག་མི་མཛེས་པ་དང་མཐུ་དང་ཞོ་ཤ་ཆུང་བར་འགྱུར་རོ། །ཚིག་རྩུབ་པོ་སྨྲ་བའི ་རྒྱུ་མཐུན་པའི་འབྲས་བུ་ཡང་གཉིས་ཏེ། ཡིད་དུ་མི་འོང་བ་ཐོས་བ་དང་འཐབ་མོའི་ཚིག་ཏུ་འགྱུར་བའོ། །ཡིད་དུ་མི་འོང་བའི་ཚིག་ཐོས་པ་ནི་རྟག་ཏུ་སེམས་འཁྲུག་པའི་གཏམ་ཤ་སྟག་ཐོས་པ་དང་བདག་གིས་ཚིག་སྨྲས་པ་ཐམས་ཅད ་གཞན་གྱི་རྣམ་པར་མི་འོང་བའོ། འཐབ་མོ་ཚིག་ཏུ་གྱུར་བ་ནི་བདག་གིས་ཚིག་ཉེས་པར་མ་སྨྲས་ན་ཡང། གཞན་དང་འཐབ་ཅིང་རྩོད་པར་འགྱུར་བའོ། །ཚིག་བཀྱལ་བའི་རྒྱུ་མཐུན་པའི་འབྲས་བུ་ཡང་རྣམ་པ་གཉིས་ཏེ། གཟུང་བར་འོས་པའི་ཚིགས ་ཡིན་པ་དང་འདྲེས་པའི་སྤོབས་པར་འགྱུར་བའོ། །གཟུང་བར་འོས་བའི་ཚིག་མ་ཡིན་པ་ནི་ཚིག་སྨྲས་པ་རྣམས་མི་བཙུན་ཞིང་བདག་གི་ཚིགས་སུས་ཀྱང་མི་ཉན་པར་འགྱུར་བའོ། །མ་ངེས་པའི་སྤོབས་པར་འགྱུར་བ་ནི། གཞན་གི་ཞིག་སྨྲས ་པ་རྣམས་ཐོག་ཏུ་མི་ཕེབས་པར་འགྱུར་བའོ། །ཆགས་སེམས་ཀྱི་རྒྱུ་མཐུན་པའི་འབྲས་བུ་ཡང་རྣམ་པ་གཉིས་ཏེ། ཆོག་མི་ཤེས་པ་དང་འདོད་པ་ཆེ་བའོ། །ཆོག་མི་ཤེས་པ་ནི་བདག་གི་བདོག་པས་མི་ཆོག་པའོ། །འདོད་བ་ཆེ་བ་ནི་གཞན་གྱི་ལོངས ་སྤྱོད་ལ་ཡེ་བརྡམ་བྱེད་པའོ། །གནོད་སེམས་ཀྱི་རྒྱུ་མཐུན་པའི་འབྲས་བུ་ཡང་གཉིས་ཏེ། ཕན་པ་མི་ཚོལ་བ་དང་གཞན་གྱིས་གནོད་པར་བྱེད་པའོ། །ཕན་པ་མི་ཚོལ་བ་ནི་གཞན་ཐམས་ཅད་ལ་བདག་གནོད་པར་འགྱུར་བར་དགའ་ཞིང་གནོད་པ་བྱེད་པར་སེམས ་པའོ། །གཞན་གྱིས་གནོད་པར་བྱེད་པ་ནི་དུས་ཐམས་ཅད་དུ་གཞན་གྱིས་བདག་ལ་རྡེག་བརྩོག་ལ་སོགས་པ་མི་བདེ་བ་བྱེད་པའོ། །ལོག་པར་ལྟ་བའི་རྒྱུ་མཐུན་པའི་འབྲས་བུ་རྣམ་པ་གཉིས་ཏེ། གར་སྐྱེས་ཀྱང་མུ་སྟེགས་ལ་སོགས་པའི་གནས་སུ་སྐྱེ་ཞིང་ལོག་པའི་ལྟ་བ་ལ་བྱའོ? ་པར་འགྱུར་བ་དང། རྟག་ཏུ་དྲང་པོ་དང་བྲལ་ཏེ་གཡོ་སྒྱུའི་ལས་ཤ་སྟག་ལ་འཇུག་པར་འགྱུར་རོ། །མི་དགེ་བའི་ལས་བཅུ་པོ་དེ་དག་གི་བདག་པོའི་འབྲས་བུ་ནི་ཕྱིའི་དངོས་པོ་རྣམས་ཉམས་པར་འགྱུར་བ་སྟེ། སྲོག་བཅོད་པས་འབྲས་བུ་ལ་སོགས་པའི་དགོས ་པོ་མཐུ་ཆུང་ཞིང་གཟི་ཆུང་ལས་འགྱུར་རོ། །མ་བྱིན་པར་བླངས་པས་ཐན་པ་དང། སེར་བས་བཅོམ་བར་འགྱུར་བའོ། །འདོད་བས་ལོག་པར་སྤྱོད་པས་ས་གཞི་རྡུལ་གྱིས་ཁྱབ་པར་འགྱུར་རོ། །རྫུན་དུ་སྨྲ་བས་འབྲས་བུ་ལ་སོགས་པ་དྲི་མི་ཞིམ་པར་འགྱུར་རོ།། ་ཕྲ་མས་ཡུལ་ལས་ཐག་ཐུག་ཆེ་བར་འགྱུར་རོ། །ཚིག་རྩུབ་པོས་སྐམས་དང་བ་ཚྭ་ཅན་དུ་འགྱུར་རོ། །ཚིག་བཀྱལ་བས་དུས་འགྱུར་ཞིང་ཆར་ལ་སོགས་པས་དུས་མ་ཡིན་པར་འབབ་པར་འགྱུར་རོ། །ཆགས་སེམས་ཀྱིས་འབྲས་བུ་ལ་སོགས་པ་ཕྲ་བར ་འགྱུར་རོ། །གནོད་སེམས་ཀྱིས་ཚྭ་བ་དང་ཁ་བར་འགྱུར་རོ། །ལོག་པའི་ལྟ་བས་འབྲས་བུ་ཉུང་ཞིང་འབྲས་བུ་མེད་པར་འགྱུར་རོ། །དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཀྱི་འབྲས་བུ་ནི་དེ་ལས་བཟློག་པར་རིག་པར་བྱའོ། །རྣམ་གྲངས་ཞེས་བྱ་བ ་ལ་མདོ་དག་ལས། ལས་ཀྱི་ལམ་བཅུ་པོ་ཉིད་ཀྱི་དབང་དུ་མཛད་ནས། ལུས་ཀྱི་ཡོ་བ་དང་ངག་གི་ཡོ་བ་དང་ཡིད་ཀྱི་ཡོ་བ་ཞེས་གསུངས་པ་དང། ལུས་ཀྱི་རྙོག་པ་དང་ངག་གི་རྙོག་པ་དང་ཡིད་ཀྱི་རྙོག་པ་ཞེས་གསུངས་པ་དང། ལུས ་ཀྱི་ཉེས་པ་དང་ངག་གི་ཉེས་པ་དང་ཡིད་ཀྱི་ཉེས་པ་ཞེས་གསུངས་པ་དང། ཡང་ལས་དཀར་པོ་རྣམ་པར་སྨིན་པ་ཡང་དཀར་པོ། །ལས་ནག་པོ་རྣམ་པར་སྨིན་པ་ཡང་ནག་པོ་དང། ལས་འདྲེན་མ་རྣམ་པར་སྨིན་པ་ཡང་འདྲེན་མ་དང། ་ལས་དཀར་པོ་ཡང་མ་ཡིན་ནག་པོ་ཡང་མ་ཡིན་ལ། ལས་དཀར་ནག་གི་རྣམ་པར་སྨིན་པ་བཟུང་ངོ་ཞེས་གསུངས་པ་ནི་རྣམ་གྲངས་ཏེ་དེ་ལ་རྒྱུའི་སེམས་ལས་སྐྱེས་བའི་ལུས་དང་ངག་གི་ལས་ནི་ཡོ་བའོ། །འདོད་ཆགས་ཀྱིས་སྐྱེས ་པའི་ལུས་དང་ངག་ལ་སོགས་པའི་ལས་ནི་རྙོག་བ། ཞེ་སྡང་གི་སེམས?་ཀྱི་རྒྱུ་ལས་སྐྱེས་བའི་ལུས་དང་ངག་ལ་སོགས་པའི་ལས་ནི་ཉེས་བའོ། །ངན་སོང་གསུམ་དུ་སྐྱེ་བར་བྱེད་པ་མི་དགེ་བ་བཅུའི་ལས་ནི་ལས་ཀྱང་གནག། རྣམ་པར་སྨིན་པ་ཡང་གནག ་བའོ། །གཟུགས་ཀྱི་ཁམས་སུ་སྐྱེ་བ་ནི་ལས་ཀྱང་དཀར་རྣམ་པར་སྨིན་ཨ་ཡང་དཀར་བའོ། །འདོད་བའི་ཁམས་ཀྱི་མི་ལ་སོགས་པ་སྐྱེ་བར་བྱེད་པའི་དགེ་བ་ནི་ལས་ཀྱང་དཀར་ནག་འདྲེན་མ། རྣམ་པར་སྨིན་པ་ཡང་དཀར་ནག་འདྲེན་མ་ཞེས་བྱའོ། །དེ་མ ་ཐེག་པའི་ལམ་དང་རྣམ་པར་གྲོལ་བའི་ལམ་གཉིས་ནི་ལས་དཀར་ནག་ཀྱང་མ་ཡིན་ལ། རྣམ་པར་སྨིན་པ་དཀར་ནག་ཟད་བར་བྱེད་པ་ལམ་ཞེས་བྱའོ།། །།ཡང་དག་པའི་འཚོ་བ་བསྟབ་བར་བྱ་བའི་ཕྱིར། ལོག་པའི་འཚོ་བ་གང་ཞེ་ན ་ཞེས་བྱ་བ་སྨོས་ཏེ། ལོག་བའི་འཚོ་བ་བསྟན་ནས། དེ་ལས་བཟློག་ན་ཡང་དག་པའི་འཚོ་བར་འགྱུར་བས། ལོག་པའི་འཚོ་བ་ཇེ་ལ་འཆད་དོ། །དེ་ཡང་དགེ་སློང་གི་ལོག་པའི་འཚོ་བ་དང། དགེ་བསྙེན་གྱི་ལོག་པའི་འཚོ་བ་སྟེ་རྣམ་པ་གཉིས་སུ་བཞག ་གོ་།དེ་ལ་དགེ་སློང་གི་ལོག་པའི་འཚོ་བ་བསྟན་པར་བྱ་བའི་ཕྱིར། དགེ་སློང་དག་ཚུལ་འཆོས་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚུལ་འཆོས་པ་དང་ཁ་བསག་དང་གཞོགས་སློངས་དང་གཞོགས་བ་སྡིག་དང་རྙེད་པས་རྙེད་པ ་འདོད་བ་ནི། དགེ་སློང་གི་ལོག་བའི་འཚོ་སྟེ། དགེ་བསྙེན་གྱི་ལོག་པའི་འཚོ་བ་ནི་ཕྱིར་འཆད་དོ། །ཚུལ་འཆོས་པ་བསྟན་པའི་ཕྱིར། དེ་ལ་ཚུལ་འཆོས་པ་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚུལ་འཆོས་པ་ཡང་རྣམ་པ་གསུམ་སྟེ། སྤྱོད་ལམ་རྣམ་པར་འཇོག ་པ་དང། དབེན་བའི་གནས་སུ་གནས་ཤིང་ཡོ་བྱད་བསྙུངས་བར་སྟོན་པ་དང། ངན་པ་དང། བསོད་བ་སྟེན་པ་དང་མི་སྟེན་པའོ། །དེ་ལ་སྤྱོད་ལམ་རྣམ་པར་འཇོག་པ་ནི་རྙེད་པ་དང་བཀུར་སྟི་ལ་ཆགས་པའི་རྒྱུས་གཞན་དག་གི་ཡོན་ཏན་ཡོད་པར་དཔག་པའི ་སེམས་ཀྱི་ཏིང་ངེ་འཛིན་གྱི་སྤྱོད་ལམ་འཛིན་པའོ། །དབེན་པའི་གནས་སུ་གནས་ཤིང་ཡོ་བྱད་བསྙུངས་པར་སྟོན་པ་ནི་ཁེ་དང་བཀུར་སྟི་ལ་ཆགས་པའི་སེམས་ཀྱིས་དུར་ཁྲོད་དམ་དགོན་པའི་གནས་སུ་གནས་འཆའ་ཞིང་ལྷུང་བཟེད་ལ་སོགས་པ་ཡོ ་བྱད་མང་པོ་མི་འཛིན་པའོ། །ངན་པ་དང་བསོད་བ་སྟེན་པ་དང་མི་སྟེན་པ་ནི། ཁ་ཟས་ངན་བ་དང་ཆོས་གོས་ལ་སོགས་པ་ངན་པ་སྟེན་པར་སྟོན་ཅིང་ཁ་ཟས་བསོད་པ་དང་ཆོས་གོས་ལ་སོགས་པ་བཟང་པོ་མི་སྟོན་པར་སྟོན་པ་སྟེ། འདིར་ཡང་ཁེ་དང་བཀུར་སྟི ་ལ་སོགས་བ་ལ་ཆགས་པ་ལ་ཆགས་བ་ཞེས་སྦྱར་རོ། །དེ་ལྟར་ཚུལ་འཆོས་བ་རྣམ་པ་གསུམ་ལས། མདོ་འདིར་སྤོད་ལམ་རྣམ་པར་འཇོག་པའི་ཚུལ་འཆོས་བ་དང། དབེན་པའི་གནས་སུ་གནས་ཤིང་ཡོ་བྱད་སྙུངས་པའི་ཚུལ་བསྟན་པའི་དབང་དུ་མཛད་ནས ་གསུངས་བ་ཡིན་པར་བསྟན་པའི་ཕྱིར། དགེ་སློང་དག་སྦྱིན་པའི་བདག་པོ་མཐོང་ན་ཞེས་གསུངས་ཏེ་རྙེད་པ་དང་བཀུར་སྟི་ལ་ཆགས་བའི་དབང་གིས། རྙེད་པ་དང་བཀུར་སྟི་བདག་ལ་གྲུབ་པར་གྱུར་ཅིག་ཅེས་བསམས་ནས། དགེ་སློང་གི ་སྦྱིན་པའི་བདག་པོ་མཐོང་བ་དང། ལམ་མམ་གྲོང་སྟོང་པར་སྐྱིལ་མོ་ཀྲུང་བཅས་ཤིང་འདུག་ལ། སྦྱིན་པའི་བདག་པོ་རྣམས་ཀྱིས་ཀྱང། དགེ་སློང་འདི་ནི་བསམ་གཏན་བ་དགྲ་བཅོམ་པ་སྟེ། རྙེད་བ་དང་བསྐུར་སྟི་བྱ་བའི་འོས་སོ་སྙམ ་བའི་སེམས་ཀྱིས་སྤྱོད་ལམ་འཆོས་བ་ནི་ཚུལ་འཆོས་པ་ཞེས་བྱའོ། །སྐྱིལ་མོ་ཀྲུང་བཅས་ཞེས་བྱ་བ་ནི། སོང་བའི་སྤྱོད་ལམ་གྱིས་གནས་ཞེས་བྱ་བའི་ཐ་ཚིག་གོ། །རྙེད་བ་ནི་སྙུང་བཟེད་དང་ཆོས་གོས་ལ་སོགས་པའོ། ། ་བཀུར་སྟི་ནི་ཐལ་མོ་སྦྱར་བ་དང་ཕྱག་འཚལ་བ་ལ་སོགས་པའི་ལས་བྱེད་པའོ། །བདག་ལ་ཤོག་ཅིག་ཅེས་བྱ་བ་ནི། བདག་ལ་གྲུབ་བར་གྱུར་ཅེས་སེམས་བའོ། །སོགས་པའི་སྒྲས་ནི་ངན་པ་དང་བསོད་བ ་ལ་སྟེན་པ་དང་མི་སྟེན་བའི་ཚུལ་འཆོས་པ་ཡང་བསྡུའོ། །ཁོ་གསག་བསྟན་པར་བྱ་བའི་ཕྱིར། །དེ་ལ་ཁ་གསག་གང་ཞེ་ན་ཞེས་བྱ་བ་གསུངས་ཏེ། དེ་ཡང་ཁེ་དང་བཀུར་སྟི་ལ་བསམ་བས་དེ་དག་དགའ་བའི་ཚིག་སྨྲ་བ་དང། བདག ་ཉིད་ཀྱི་ཡོན་ཏན་སྨྲ་བ་དང་ཆོས་སྨྲ་བའོ། །ཁེ་དང་བཀུར་སྟིའི་བསམ་བས་དེ་དགའ་བའི་ཚིག་སྨྲ་བ་ནི་ཁི་དང་བཀུར་སྟི་ལ་ཆགས་པའི་རྒྱུས། ཁྱེད་ཀྱི་ནི་ཕོ་ཡིན་ཁྱོད་ནི་མ་ཡིན་ཞེས་བྱ་བའི་ཚིག་སྨྲ་བའོ། །བདག་ཉིད་ཀྱི་ཡོན ་ཏན་སྨྲ་བ་ནི། བདག་ནི་དད་པ་དང་ལྡན་པ་ཐོས་པ་དང་ལྡན་པ། ཚུལ་ཁྲིམས་དང་ལྡན་པའོ། །ཞེས་བྱ་བ་ལ་སོགས་པ་སྨྲ་བའོ། །ཆོས་སྨྲ་བ་དང་ཁེ་དང་བཀུར་སྟི་ལ་ཆགས་པས་གཞན་དག་གི་ཐད་དུ་དེ་བཞིན་གཤེགས་པའི་གསུངས་རབ་འཆད ་བ་སྟེ། འདིར་ནི་དག་དགའ་བའི་ཚིག་སྨྲ་བའི་དབང་དུ་མཛད་བར་བསྟན་པའི་ཕྱིར། ཁྱོད་ནི་དེའི་ཕ་ཁྱོད་ནི་དེའི་མ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། །།དེ་བཞིན་གཞན་ཡང་ཚིག་སྙན་པ་ཞེས་བྱ་བ་ནི་ཁྱོད་ནི་ངའི་ཐོབ་བོ། །ཁྱོད་ནི་ངའི ་མཁན་པོ། ཁྱོད་ནི་ངའི་སློབ་དཔོན་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་སོགས་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་བདག་ཉིད་ཀྱི་ཡོན་ཏན་སྨྲ་བ་དང། ཆོས་སྨྲ་བ་ཡང་བསྡུའོ། །གཞོགས་སློང་བསྟན་པའི་ཕྱིར། དེ་ལ་གཞོགས་སློངས་གང ་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་རྙེད་པའི་བསམ་བས་ལུས་ལ་གནོད་བའི་དངོས་བ་སྟེན་པ་དང། བདོས་པའི་དངོས་པོ་སྟོན་པ་དང། ཚིག་གིས་འདོད་པའི་དངོས་པོ་བརྗོད་པའོ། །ལུས་ཀྱི་གདོད་པའི་དངོས་པོ ་སྟོན་པ་ནི་ཆོས་གོས་དང་བཟའ་བ་ལ་སོགས་པ་རྙེད་པ་ལ་ཆགས་པའི་སེམས་ཀྱིས་བདག་གི་ལུས་ཉིད་ལ་རྨ་དང་ཤུ་བ་ལ་སོགས་པས་ཉེན་པར་སྟོན་པ་དང་གྲང་བ་དང་ཆ་བས་ཉེས་པར་སྟོན་པའོ། །ཕོངས་པའི་དངོས་པོར་སྟོན་པ་ནི་ཆོས་གོས་དང་ལྷུང་བཟེད ་ལ་སོགས་པ་མི་བདོག་པ་དང། མེད་པ་འདྲ་བར་སྟོ་པའོ། །ཆོག་གིས་འདོད་བའི་དངོས་པོ་བརྗོད་པ་ནི། བདག་ལ་དངོས་པོ་འདི་ལྟ་བུ་ཞིག་ཁོ་ན་མི་བདོག་ཅེས་ཆོས་གོས་ལ་སོགས་པ་འདི་ལྟ་བུ་ནི་ཁྱིམ་བདག་དམ་པ་འདི་དག་ཁྱིམ་ནས་རྙེད་ཀྱི ་གཞན་དག་གི་དེ་ནས་མ་རྙེད་དོ་ཞེས་སྨྲ་བ་སྟེ། མདོ་འདིར་ཚིག་གིས་དངོས་པོ་འདོད་པའི་དབང་དུ་བཤད་པའི་ཕྱིར། །དགེ་སློང་དག་བསོད་སྙོམས་ཟོས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བསོད་སྙོམས་ཟོས་པ་ནི་ཁྱིམ་བདག་དད་པ ་ཅན་དག་གི་ཁྱིམ་སྟེ། བསོད་སྙོམས་ཟོས་ནས་ཡང་རྙེད་པ་ལ་ཡང་ཆགས་པའི་དབང་གིས་ཡང་ནས་ཡང་དུ་དགེ་བསྙེན་ཁྱོད་ཀྱི་ཁྱིམ་ནས་རྙེད་པ་གཞན་དག་ནས་མི་རྙེད་དོ་ཞེས་སྨྲ་བ་ནི་གཞོགས་སློངས་སོ། །ཁེ་དང་བཀུར་སྟི་ལ་ཆགས་པ་མེད་པར་དང ་པོར་སྨྲ་བ་ནི་ཉེས་མེད་དེ། གཞོགས་སློངས་བ་མ་ཡིན་ནོ། །གཞོགས་བསྡིགས་བསྟན་པའི་ཕྱིར་དེ་ལ་བཞོགས་བསྡིགས་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཞོགས་བསྡིགས་ཀྱང་རྣམ་པ་གསུམ་སྟེ། རྙེད་པའི་བསམ་བས་སྦྱིན་པའི་ཡོན་བདག་ལ་སྨོད་བར་བྱེད་པ་དང། གཞན་དང་འབྲེལ ་པ་ལ་སློང་བ་དང། ཡོངས་སུ་མི་གཏོང་བ་ལ་སྨོད་པར་བྱེད་པའོ། །རྙེད་པའི་བསམ་པས་སྦྱིན་བའི་ཡོན་བདག་ལ་སྨོད་པར་བྱེད་བ་ནི་ཁེ་དང་བཀུར་སྟི་ལ་ཆགས་པས་གང་གི་ཚེ་སྦྱིན་པའི་ཡོན་བདག་གིས་ཆོས་གས་ལ་སོགས ་བའི་རྙེད་པ་མ་བྱིན་ན་དེ་ནི་དབུལ་བོར་འགྱུར་རོ། །གཞན་ཡང་མི་བདེན་པ་རྣམ་པ་སྣ་ཚོགས་འདུའོ་ཞེས་སྨྲའོ། །གཞན་ཡང་འབྲེལ་བ་ལ་སློང་བ་ནི་ཡོན་བདག་གིས་སྐབས་སུ་མ་བྱིན་ན་ཡོན་བདག་ཁྱོད་གཅིག་བུར་མ་ཟད་ཀྱི། ་གཞན་དག་ཀྱང་ཡོད་དོ་ཞེས་སྨྲ་ཞིང་གཞན་ལ་སློང་བར་བསྡིགས་པའོ། །ཡོངས་སུ་མི་གཏོང་བ་ལ་སྨོས་པ་ནི། གང་སྦྱིན་པ་མི་བྱེད་པ་དག་ནི་གདོན་མི་ཟར་ངན་སོང་དུ་ལྟུང་བ་ཁྱོད་ཀྱང་སྦྱིན་པ་མི་བྱེད་པས ་ངེས་པར་ངན་སོང་དུ་ལྟུང་ངོ་ཞེས་བསྡིགས་པ་སྟེ། འདིར་ཡོངས་སུ་མི་གཏོང་བ་ལ་སྨོད་པའི་དབང་དུ་མཛད་ནས་བཤད་པར་བསྟན་པའི་ཕྱིར། དགེ་སློང་དག་ཁྱིམ་གང་ནས་བསོད་སྙོམས་མ་རྙེད་དེ་ཞེས་བྱ་བ་ལ་སོགས་པ་གསུངས།། ་མདོའི་ཚིག་དངོས་གསལ་བར་མ་བཤད་ན། གཞོག་པ་བསྡིགས་རྣམ་གཉིས་ཀྱང་འདིར་བསྡུ་བར་བལྟའོ། །རྙེད་པས་རྙེད་པ་འདོད་པ་བསྟན་པའི་ཕྱིར། དེ་ལ་རྙེད་པས་རྙེད་པ་འདོད་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ ་གསུངས་སོ། །དེ་ཡང་རྣམ་པ་གསུམ་སྟེ། རྙེད་པའི་བསམ་བས་གཞན་ལས་རྒྱ་ཆེན་པོ་རྙེད་པར་སྟོན་པ་དང། སྦྱིན་པའི་ཡོན་བདག་རྒྱ་ཆེན་པོར་སྟོན་པ་དང། ཟང་ཟིང་རྙེད་པར་སྟོན་པའོ། །རྙེད་པའི་བསམ་པས ་གཞན་ལ་རྒྱ་ཆེན་པོ་རྙེད་པར་སྟོན་པ་ནི་ཆོས་གོས་ལ་སོགས་པ་རྙེད་པ་ལ་ཆགས་པའི་རྒྱུས་བདག་ཉིད་ཀྱི་ནོར་གྱིས་ཆོས་གོས་ལ་སོགས་པ་བཟང་པོ་ཉོས་ནས་བདག་གི་ཡོན་བདག་ལ་ཆོས་གོས་འདི་ལྟ་བུའི་ཡོན་བདག་གཞན་དག ་ལས་རྙེད་དོ་ཞེས་སྨྲ་བའི་སྒོ་ནས་རྙེད་པ་སྒྲུབ་པའོ། །ཡོན་བདག་རྒྱ་ཆེན་པོར་སྟོན་པ་ནི་ཡོན་བདག་ཆེ་གེ་མོ་ཞིག་མང་དུ་གཏོང། གཏོང་བ་རྒྱ་ཆེན་པོ་ལ་དགའ་བ། ཡོན་ཏན་གཞན་དག་དེ་ལྟ་བུ་མ་ཡིན་ནོ། །ཞེས ་སྨྲ་བའོ། །ཟང་ཟིང་རྙེད་པ་སྟོན་པ་ནི་སྦྱིན་བདག་གང་གི་ཁྱིམ་དུ་སོང་ནས། ཁ་ཟས་དང་ཆོས་གོས་ལ་སོགས་པ་སྦྱིན་ན་སྦྱིན་བདག་གཞན་རྣམས་ཀྱི་ཁྱིམ་དུ་ཡང་ཟང་ཟིང་ཅི་སྦྱིན་པ་སྨྲ་བ་སྟེ། འདིར་རྙེད་པས་རྙེད་པ་སྒྲུབ་པ ་རྣམ་པ་གསུམ་ལས་རྙེད་པའི་བསམ་བས་གཞན་རྒྱ་ཆེན་པོར་རྙེད་པར་སྟོན་པའི་དབང་དུ་མཛད་ནས་བཤད་པའི་ཕྱིར། །དགེ་སློང་དག་བདག་གིས་ནོར་གྱིས་ལས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་མདོར་ན་བདག་ཉིད་ཀྱི་?་གྱི་ཆོས་གོས ་ལ་སོགས་པ་ཉོས་ནས་སྦྱིན་པའི་བདག་པོ་དགེ་སྙེན་གྱི་མདུན་དུ་འདུག་སྟེ། སྦྱིན་པའི་ཡོན་བདག་གཞན་གྱིས་བདག་ལ་ཆོས་གོས་ལ་སོགས་པ་འདི་འདྲ་བ་བྱིན་ནོ་ཞེས་སྨྲས་པ་དང། དེ་ཡང་ངོ་ཚ་བས་ཆོས་གོས་ལ་སོགས་པ་སྦྱིན་པར་བྱེད་པ་སྟེ། ་རྙེད་པས་རྙེད་པ་བསྒྲུབ་པ་རྣམ་པ་གཉིས་ཀྱང་འདིར་བསྡུ་བར་བལྟའོ། །དགེ་སློང་གི་ལོག་པར་འཚོ་བ་རྣམ་པ་ལྔ་པོ་དེ་ཡང་རྣམ་པ་གསུམ་དུ་བཞག་སྟེ། ལུས་ཀྱི་ལས་དང་ངག་གི་ལས་དང། ལུས་དང་ངག་གཉི་གའི་ལས་སོ། །དེ་ལ ་ཚུལ་འཆོས་པ་ནི་ལུས་ཀྱི་ལས་ཡིན་ནོ། །ཁ་གསག་ནི་དག་གིས་ལས་སོ། །གཞོགས་སློངས་དང། གཞོགས་བསྡིགས་དང། རྙེད་པས་རྙེད་པ་བསྒྲུབ་པ་ནི་ལུས་དང་ངག་གཉི་གའི་ལས་དང་ལྡན་པ་ཡོད་དོ། །དེ་ལ་ལོག་པའི་མཚོ་བ་རྣམ ་བ་ལྔ་སྤངས་ནས་དགེ་སློང་རྣམས་ཀྱི་ཡང་དག་པའི་ཚོ་བར་འགྱུར་རོ། །དགེ་བསྙེན་གྱི་ལོག་པའི་འཚོ་བ་གང་ཡིན་པ་བསྟན་པར་བྱ་བའི་ཕྱིར། དགེ་བསྙེན་གྱི་ལོག་པའི་འཚོ་བ་གང་ཞེ་ན་ཞེས་བྱ་བ་ལ་སོགས་གསུངས་ཏེ། དགེ་བསྙེན་ཞེས ་སྨོས་པ་ནི་མཚོན་པ་ཙམ་དུ་ཟད་ཀྱི་དགེ་བསྙེན་མ་དང་དུས་ཁྲིམས་པ་ཡང་བསྡུའོ། །གོང་དུ་དགེ་སློང་གི་སྐབས་ཡང། དགེ་ནི་མཚོན་པ་ཙམ་དུ་ཟད་ཀྱི་དགེ་སློང་མ་དང། དགེ་སྦྱོང་པ་དང་དགེ་སྦྱོང་མ་དགེ་ཚུལ་མ་རྣམས་ཀྱང་བ་སྤུ ་སེམས་ཅན་འཚོང་བ་ཞེས་བྱ་བ་ནི་མི་འཚོང་བ་སྟེ། དགེ་བསྙེན་མ་རྣམས་ལ་དེ་ནི་དགག་པ་ཡིན་ཏེ། རྟ་ལ་སོགས་པ་སེམས་ཅན་འཚོང་དུ་མི་གནང་བ་ནི་མ་ཡིན་ནོ། །མ་བརྟགས་པར་འབྲུ་དང་ཡུངས་ཀར་འཆིང་བ་ཞེས ་བྱ་བ་ནི་དུས་རིང་པོར་ལོན་པའི་འབྲུ་དང་ཡུངས་ཀར་ལ་སྲིན་འཇུག་པས་མ་བརྟགས་པར་ཏིལ་དང་ཡུང་ཀར་ལ་སོགས་པ་བཙིར་ན་སྲོག་ལ་གནོད་པའི་ཕྱིར་ལོག་པའི་འཚོ་བར་བཞག་སྟེ། བརྟགས ་ཏེ་བཙིར་བ་ནི་ལོག་པའི་འཚོ་བ་མ་ཡིན་ནོ་ཞེས་དགོངས་པའོ། །དེ་ཡང་རྣམ་གཉིས་སུ་བཞག་སྟེ། སེམས་ཅན་གྱི་གྲངས་སུ་གཏོགས་པའི་ལོག་པའི་འཚོ་བ་དང། སེམས་ཅན་གྱི་བྲང་སུ་མ་གཏོགས་པ་ལས་བྱུང་བའི ་ལོག་བའི་འཚོ་བའོ། །དུག་འཚོང་བ་དང་མཚོན་ཆ་འཚོང་བ་ཆང་འཚོང་བ་ནི་སེམས་ཅན་གྱི་གྲངས་སུ་མ་གཏོགས་པ་ལས་བྱུང་བའི་ལོག་པའི་འཚོ་བའོ།། །།ཡང་དག་པའི་རྩོལ་བ་བསྟན་པར་བྱ་བའི ་ཕྱིར། ཡང་དག་པའི་རྩོལ་བ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གསོར་བོར་སྨྲ་བ་དང་ཞེས་བྱ་བ་ནི་ཁྱིམ་ན་གནས་པའི་ཕྱོགས་ཀྱི་དབང་དུ་བྱས་ནས་གུས་པའི་ཚུལ་སྟོན་པ་སྟེ། ཕ་དང་མ་དང་རིགས་ཀྱི་རྒན་བ་རྣམས ་དང་ཕྲང་ནི་ལུས་ཀྱིས་འདུས་པ་དང་ཚིག་གིས་བསུ་སྟེ་འཇམ་པོར་སྨྲ་བའོ། །ཕྱག་འཚལ་བ་ཞེས་བྱ་བ་རབ་ཏུ་བྱུང་བའི་ཕྱོགས་ཀྱི་དབང་དུ་མཛད་ནས། མཁན་པོ་དང་སློབ་དཔོན་ལ་སོགས་པ་དང་ཕྲད་ན་ཡན་ལག་བཏུད་དེ ་ཕྱག་བྱེད་པའི་ལས་བྱེད་པའོ། །ལྡང་བ་ཞེས་བྱ་བས་བླ་མ་ལ་སོགས་པ་གཞན་ནས་འོང་བའི་དབང་དུ་བྱས་ནས་གུས་པའི་ཚུལ་སྟོན་པ་སྟེ། གང་ཟག་ཡོན་ཏན་ཅན་བླ་མ་གཞན་དག་གུས་ནས་འོངས་པ་རྣམས་ལ་ཡང་སྟན་ལས་ལངས་ནས་སུ་སྟེ། ་སྟན་ལ་འཇོག་ཅིང་སྟོབས་པའོ། །ཐལ་མོ་སྦྱར་བའི་ལས་བྱེད་ཅེས་བྱ་བས་གནས་གཅིག་ན་འཁོར་པའི་གང་ཟག་ཡོན་ཏན་ཅན་རྣམས་ལ་གུས་པའི་ཚུལ་སྟོན་པ་སྟེ། གནས་གཅིག་ན་གནས་པའི་གངས་གྲཝ?་ཚངས་པ་མཚུངས་པར་སྤྱོད་པ ་རྣམས་དང་ཕྲད་ན་ཡང་ལུས་འདུད་པ་དང་ཐེལ་མོ་སྦྱར་པའི་ལས་བྱེད་པ་སྟེ། འདི་ནི་ཡང་དག་པའི་རྩོལ་བའོ། །མདོར་ན་མི་མཐུན་པའི་ཕྱོགས་སྤང་བ་དང། གཉེན་པོ་སྒོམ་པ་ལ་བརྩོན་པ་ནི་ཡང་དག་པའི་རྩོལ་བའོ།། །།ཡང་དག་པའི་དྲན ་པ་བསྟན་པའི་ཕྱིར། ཡང་དག་པའི་དྲན་པ་གང་ཞེ་ན། འདི་ལ་དགེ་སློང་དག་ཅེས་བྱ་བ་གསུངས་སོ། །དེ་ལ་སེམས་ཅན་རྣམ་པ་གསུམ་སྟེ། འདོད་ཆགས་ཀྱི་རང་བཞིན་ཅན་དང། ཞེ་སྡང་གི་རང་བཞིན་ཅན་དང། གཏི་མུག་གི་རང་བཞིན་ཅན་ནོ།། ་གསུམ་པོ་དེ་དག་གི་མཚན་མ་བརྟགས་པར་བྱ་སྟེ། འདོད་ཆགས་ཀྱི་རང་བཞིན་ཅན་གྱི་མཚན་མ་ནི་རང་བཞིན་གྱིས་གཡོ་ཞིང་གཡེང་བའི་དང་ཚུལ་ཅན་གླུ་དང་གར་ལ་སོགས་པ་ལ་དགའ་བ། དྲན་པ་ཉམས་པ་ལ་རྟག་པར་སེམས་དང ་གིས་འཇམ་པ་ཕྲག་དོག་ཆེ་བ་ངོ་ཚ་བ་མང་བ་ལ་གནས་པ། འདོད་ཆགས་སྤང་བར་དཀའ་བ་ཁ་ན་མ་ཐོ་བ་ཆུང་བའོ། །ཞེ་སྡང་གི་རང་བཞིན་ཅན་གྱི་མཚན་མ་ནི་ཅི་ལ་ཡང་གླེང་བ་དང་སྨྲ་བར་བྱེད་པ་འཐབ་མོ་ལ་དགའ་བ་བཞིན་ཁྲོ་གཉེར ་ཅན། མགུ་དཀར་བ། སེམས་དང་རྩུབ་པོ་རྣོ་བ་སྡིག་ལ་དགའ་བ། སེམས་ཅན་སེམས་རྩུབ་ཅིང་གནོད་པར་བྱེད་པ་ལ་མོས་པ། ཉོན་མོངས་པ་སྤྱད་པར་སླུ་བ་སྟེ། ཁ་ན་མ་ཐོ་བ་ཆེན་པོའོ། །གཏི་མུག་གི་རང་བཞིན་ཅན་གྱི་མཚན་མ་ནི་ཡིད ་གཉིས་ཅན་ལས་སུ་བྱ་བ་ལ་སྤྲོས་པ་མེད་པ། གཉི་དང་རྨུགས་པ་མར་བ་རྟོག་པ་དང་སེམས་ལྕིགས་ཅན་གྱི་རང་བཞིན་ཅན་ཡིན་པ། ཤིང་བལ་དང་སྲིན་བལ་ལྟ་བུའི་སེམས་རྨོངས་པ་མང་བ། ལེ་ལོ་ཆེ་བ་སུ་ལ་ཡང་ཡིད་མི་རྟོན་བ་སྐྱེ་བོ་དེ་ཉིད ་ཀྱང་ཡིད་བརྟན་དུ་མི་རུང་བ། འགྲོ་བ་དགེ་བ་རྣམས་ཞེ་སྡང་སྐྱེ་བ། བྱས་བ་མི་གཟོ་བ། ཉོན་མོངས་པ་སྤང་པར་དཀའ་བ་ཁ་ན་མ་ཐོ་བ་ཆེ་བའོ་དེ་དག་ལ་ཡང་ཞིབ་དུ་ཇི་ལྟར་རྟོགས་པར་བྱ་ཞེ་ན། འདོད་ཆགས་ཀྱི་སྤྱོད་པ་ནི་འདོད་པའི་ཡོན་ཏན ་ལ་དགའ་བ་གཞན་དག་གི་ཡོན་ཏན་ཕལ་ཆེར་ཚོལ་གྱི་ཉེས་པའི་གླགས་མི་ལྟའོ། །ཞེ་སྡང་ཅན་གྱི་སྤྱོད་པ་ནི་གང་ལ་ཡང་ཆགས་པ། མི་ཚེ་བ་གཞན་དག་གི་སྐྱོན་དང་ཉེས་པ་ཕལ་ཆེར་ཚོལ་བར་བྱེད་པའོ།། ་གཏི་མུག་ཅན་གྱི་སྤྱོད་པ་ནི་གང་དུ་ཡང་མི་གནས་པ་འཇོག་པ་དང་རྟོག་པའི་རང་བཞིན་ཅན་མ་ཡིན་པའོ། །སྔོན་གྱི་སྤྱོད་པའི་སྒོ་ནས་བརྟག་ན། འདོད་ཆགས་ཅན་ནི་སྔོན་དགེ་བའི་ལས་ཕལ་ཆེར་བྱས་པས་བདེ་བའི་འབྲས་བུ་ལ་གནས་པའི་ཕྱིར་མཐོ་རིས ་ཀྱིས་གནས་ནས་ཤི་འཕོས་ཏེ། འདིར་སྐྱེས་པར་བལྟའོ། ཞེ་སྡང་ཅན་ནི་སྔོན་གསད་པ་བ་དང་བཅད་པ་དང་བརྡག་པ་ལ་སོགས་པའི་ལས་ཕལ་ཆེར་བྱས་པས་སེམས་ཅན་དམྱལ་བའམ། ཀླུའི་སྐྱེ་གནས་སམ་མིའི་སྐྱེ་གནས་ན་ཡང་རྟག་ཏུ་སྡུག་བསྔལ ་བ་གནས་པ་ལས་ཤི་འཕོས་ནས། འདིར་སྐྱེས་ཏེ། སྔོན་ཡང་རྟག་ཏུ་སྡུག་བསྔལ་གྱི་སེམས་དཀྲུགས་པས་གར་སྐྱེས་པ་དེར་ཡང་སེམས་འཁྲུགས་པ་དང་ཞེ་སྡང་ཆེ་བར་བལྟའོ། །གཏི་མུག་ཅན་གྱི་སྤྱོད་པ་ནི་སྔོན་གྱི་རྒྱུ་སྔོན་ཆད་མང་དུ་འཐུངས ་པའམ་མཉན་པ་དང་འདྲའི་བལ་སོགས་པའི་ལས་མ་བྱས་པ་དང། བྱོལ་སོང་གི་སྐྱེ་གནས་ནས་ཤི་འཕོས་ནས་འདིར་སྐྱེ་བར་བལྟའོ། །ཁམས་ཀྱི་རྒྱུས་རྟག་ན་ས་དང་ཆུ་དང་མེ་དང་རླུང་སྟེ། འབྱུང་བ་ཆེན་པོ་བཞི་ཤེས་མཉམ་ན་ནི་འདོད་ཆགས ་ཀྱི་ཤས་ཆེ་བར་འགྱུར་རོ། །མེའི་ཁམས་དང་རླུང་གི་ཁམས་ཤས་ཆེ་ན་ནི་ཞེ་སྡང་ཆེ་བར་འགྱུར་རོ། །ས་དང་ཆུའི་ཤས་ཆེ་ན་ནི་གཏི་མུག་ཆེ་བར་འགྱུར་རོ། །ཉེས་པའི་གླེང་གཞིས་བརྟག་ན་རླུང་གར་ཤས་ཆེ་བ་རྣམས་ནི་འདོད་ཆགས་སྤྱོད་པ་གནས ་པའོ། །མཁྲིས་པའི་ཤས་ཆེ་བ་རྣམས་ནི་ཞེ་སྡང་ཆེ་བ་གནས་པའོ། །བད་ཀན་གྱི་ཤས་ཆེ་བ་རྣམས་ནི་གཏི་མུག་ཆེ་བ་རྣམས་སོ། །ཡང་རྣམ་པ་བདུན་གྱི་སྒོ་ནས། རྣམ་པ་གསུམ་གྱི་སྤྱོད་པ་བརྟག་སྟེ། རྣམ་པ་བདུན་ནི་དམིགས་པ་དང། ཉོན་མོངས ་པ་དང་འགྲོ་བ་དང་ཆོས་གོས་བགོ་བ་དང། ཁ་ཟས་ཟ་བ་དང། ལས་བྱེད་པ་དང་ཉལ་བའོ། །དམིགས་པས་ཇི་ལྟར་བརྟག་ཅེ་ན། འདོད་ཆགས་ཀྱི་ཤས་ཆེ་བ་རྣམས་ནི་གཟུགས་འགའ་ཞིག་མཐོང་ན། ངོ་མཚར་དུ་གྱུར་པར་ལྟ་ཞིང། ཡུན ་རིང་དུ་ལྟ་བ་ལ་ཉེས་པ་ཞིག་བྱུང་ན་ཡང་ཉེས་པར་མི་ལྟ་ཡོན་ཏན་ཅུང་ཟད་ཙམ་ཡང་མཚར་དུ་ཡིད་གཅུགས་པར་བྱེད་ལ། གང་མཐོང་བ་དེ་དང་འབྲལ་བར་མི་དགའ་ཞིང་བྲལ་ན་ཡང་སླར་འཕྲད་པར་འདོད་པ་དང་བཅས་ཏེ་འགྲོ་བའོ། །ཞེ་སྡང་གི ་ཤས་ཆེ་བ་གཟུགས་འགའ་ཞིག་མཐོང་ན་མཚར་དུ་བྱ་བ་མེད་ཀྱི་བྲལ་བ་དང་ཆད་པའི་ཚུལ་དུ་ལྟ་ཞིང། ཡུན་རིང་དུ་མི་ལྟ་ལ་གཞན་ངག་ལ་ཡང་ཉེས་པ་དང་སྐྱོན་ཚོལ་བ་མེད་པ། སྨོད་པ་ལ་དགའ་བ་ཡོན་ཏན་དང་ལེགས་པ་ཆེར་བྱས་ན་ཡིད ་མི་རྟོན་པ། །གང་མཐོང་བ་དང་བྲལ་བར་འདོད་ལ། མི་དགའ་བའི་ཚུལ་བསྟན་ནས་འགྲོ་བར་བྱེད་པའོ། །གཏི་མུག་གི་ཤས་ཚེ་བ་ནི་གཟུགས་འགའ་ཞིག་མཐོང་ནས་དེ་ཉེས་པ་ཡོན་ཏན་གྱི་ངོ་མི་ཟིན་པ། གཞན་དག་གིས་སྨད་ན་ཡང ་རྗེས་སུ་སྨོས་ལ། གཞན་དག་གིས་བསྟོད་ན་ཡང་རྗེས་སུ་སྟོད་པར་བྱེད་དེ། བདག་ཉིད་ཀྱི་ལེགས་ཉེས་ཀྱི་ངོ་མི་ཤེས་པའོ། །ཇི་ལྟར་ཉོན་མོངས་པའི་སྒོ་ནས་བརྟག་ཅེ་ན་འདོད་ཆགས་ཀྱི་ཤེས་ཆེ་བ་རྣམས་ནི་ཉོན་མོངས་པ་ལྔ་ལ་རྟག་ཏུ་སྤྱོད ་དེ། ཕྲག་དོག་དང་སེར་སྣ་དང་གཡོ་དང་སྒྱུ་དང་ཆགས་པ་དང་ལྔའོ། །ཞེ་སྡང་གི་ཤས་ཆེ་བ་རྣམས་ཀྱང་ཉོན་མོངས་པ་ལྔ་ལ་རྟག་ཏུ་སྤྱོད་དེ། ལྔ་ནི་ཁྲོ་བ་དང། ཁོན་དུ་འཛིན་པ་དང། འཆབ་པ་དང། འཚིག་པ་དང། ཁོང་ཁྲོ་བའོ།། ་གཏི་མུག་གི་ཤས་ཆེ་བ་ནི་ཉོན་མོངས་པ་ལྔ་ལ་རྒྱུན་དུ་སྤྱོད་དེ། ལྔ་ནི་ལེ་ལོ་དང་གཉིད་དང་འགྱོད་པ་དང་ལྔའོ། །ཇི་ལྟར་འགྲོ་བའི་སྒོ་ནས་བརྟག་ཅེ་ན་འདོད་ཆགས་ལ་སྤྱོད་པ་འགྲོ་བ་ན་རྐང་པ་མཉམ་དུ་འདོར་ཞིང་དེའི་བུས་འགྲོ་བགོམས ་པ་མཛེས་པར་འདོར་ཞིང་འགྲོའོ། །ཞེ་སྡང་ལ་སྤྱོད་པ་འགྲོ་བ་ན། རང་བཞིན་གྱིས་གོམ་པ་གྱ་ཚོམ་དུ་འདོར་ལ་རྐང་པས་ལ་གནོན་པ་འདྲ་བར་བྱས་ཤིང་ག་ལས་ཕྱོགས་ཀྱི་འགྲོའོ། །གཏི་མུག་ལ་སྤྱོད་པ་འགྲོ་བ་ན། རང་བཞིན་གྱིས ་རྐང་པ་ས་ལ་འཇོག་པ་ན། ཐིག་བག་ཏུ་འཇོག་ལ་འགྲོ་བའི་ཚེ་རྐང་པ་གཉིས་ལ་འཚའོ་བ་དང་རྐང་བ་གཉིས་ཅིག་ལ་ཅིག་འདྲུང་ཅིང་འགྲོའོ། །ཇི་ལྟ་ཆོས་གོས་གྱོན་པའི་སྒོ་ནས་བརྟག་ཅེ་ན། འདོད་ཆགས་ལ་སྤྱོད་པ་ནི་རང་བཞིན་གྱི་གོས་ཧ་ཅང་དོག་པ་ཡང་མ་ཡིན་ཡངས་པ་ཡང ་མ་ཡིན་བལ་དགའ་བ་དང། སྐ་རགས་དམ་དུ་ཡང་མི་འཚིང་ལ་ལྷོད་པར་ལང་མི་འཆིང་བ་དང་གོས་ཡིད་ཀྱིས་རིང་བ་ལ་དགའ་བ་སྟེ། སྡུག་གུ་དང་མཛེས་པར་བྱས་ནས་གྱོན་ན། །ཞེ་སྡང་ལ་སྤྱོད་པ་ནི་རང་བཞིན་གྱིས་གོས་དོག་པ་ལ་དགའ་ཞིང། ་སྐ་རགས་དམ་དུ་འཆིང་བ་དང་གོས་ཐུང་དུ་གྱོན་ཞིག་གཅིག་ཏུ་མཛེས་པ་ཁོ་ནར་བལྟ་ཞིང་གྱོན་པ་མེད་པའོ། །གཏི་མུག་ལ་སྤྱོད་པ་ནི་རང་བཞིན་གྱིས་གོས་ཡངས་པ་ལ་དགའ་ཞིང་སྐར་གས་ལྷོད་པར་འཆིང་བ་དང་གོས་ཅས་ཅོས་སུ་མི་མཛེས ་པར་བྱས་ནས་གྱོན་པའོ། །ཇི་ལྟར་ཁ་ཟས་ཟ་བའི་སྒོ་ནས་བརྟག་ཅེ་ན། འདོད་ཆགས་སྤྱོད་པ་ནི་རང་བཞིན་གྱིས་སྣུམ་པ་དང། མངར་བའི་ཁ་ཟས་ལ་དགའ་ཨོ། །ཞེ་སྡང་ལ་སྤྱོད་པ་ནི་རྩུབ་པ་དང་སྒྱུར་པའི་ཁ་ཟས་ལ་དགའ་བའོ།། ་གཏི་མུག་ལ་སྤྱོད་པ་ནི་གང་དུ་ཡང་གཅིག་ཏུ་ངེས་པ་མེད་དོ། །འདོད་ཆགས་ལ་སྤྱོད་པ་ཁ་ཟས་ལ་ཟ་བ་ན་ཁམ་རན་པ་དང་མཛེས་པར་བྱས་ནས་ཆགས་བཞིན་དུ་ངལ་བུས་ཟ་ལ། རོ་ཞིམ་པོ་འགའ་ཞིག་མྱོང་ན་ལྷག་པར་ཡིད་དགའ་ ་བར་སྐྱེ་བའོ། །ཞེ་སྡང་ལ་སྤྱོད་པ་ཁ་ཟས་ལ་ཟ་བ་ན་ཁམ་ཆེར་བྱས་ནས་ཁ་གང་བར་མི་ཆགས་པར་མྱུར་དུ་ཟ་ལ། ཁ་ཟས་ཞིམ་པོ་འགའ་ཞིག་མྱོང་ན་ཡང་ལྷག་པར་ཡང་ཡིད་མི་བདེ་བར་སྐྱེ་བའོ། །གཏི་མུག ་ལ་སྤྱོད་པ་ཁ་ཟས་ཟ་བ་ན་ཁམ་ཆུང་ངུ་བྱས་ལ་ཁ་ཟས་ཀྱི་ཁམ་ཡང་མི་མཛེས་པར་བྱས་ནས། ལག་པ་དང་ཁ་ལ་སོགས་པ་ཁ་ཟས་ཀྱི་བསྐུས་ཏེ་གང་ལ་ཡང་ཆེན་པོར་མི་རྟོག་པར་ཟའོ། །ཇི་ལྟར་ལས་ཀྱི་སྒོ་ནས་བརྟག་ཅེ་ན། འདོད་ཆགས ་ལ་སྤྱོད་པ་ནི་ཕྱགས་མ་ཐོགས་ནས་ངལ་བུས་ཕྱག་དར་རྣམས་དག་པར་བྱས་ཏེ། གཅིག་ཀྱང་མ་ལུས་པར་ཕྱགས་པར་བྱེད་དོ། །ཞེ་སྡང་ལ་སྤྱོད་པ་ནི་ཕྱགས་མ་བླངས་ནས་རིངས་པའི་ཚུལ་དུ་ཕྱོགས་གཉིས་དར་ཕྱག་དར་འདོར་ཞིང་སྒྲ་དང་བཅས་པར ་དྲུག་ཏུ་ཕྱག་པར་བྱེད་དོ། །གཏི་མུག་ལ་སྤྱོད་པ་ནི་ཕྱགས་མ་ཐོགས་ནས་སྙོམས་པའི་ཚུལ་དུ་བྱེད་ལ་ཕྱག་དར་རྣམས་ཀྱང་མ་དག་པ་དང། མི་མཛེས་པར་དལ་བུས་ཕྱག་པར་བྱེད་དོ། །དེ་བཞིན་དུ་ལས་གཞན་ལ་ཡང་བརྟག་སྟེ། ་འདོད་ཆགས་ལ་སྤྱོད་པ་ནི་ལས་གང་ལ་ཡང་མཛེས་པ་དང་གུས་པར་བྱེད་དོ། །ཞེ་སྡང་ལ་སྤྱོད་པ་ནི་ལས་གང་ལ་ཡང་དྲག་ཏུ་བསྒྲུབ་པ་བརྟན་པོར་བྱེད་དོ། །གཏི་མུག་ལ་སྤྱོད་པ་ནི་ལས་གང་ལ་ཡང་འཁྲུགས་པར་བྱེད་ལ་གཅིག་ཏུ་མི་བྱར ་མི་རུང་བར་ཆད་པ་མེད་པའོ། །ཇི་ལྟར་ཉལ་བའི་སྒོ་ནས་བརྟག་ཅན། འདོད་ཆགས་ལ་སྤྱོད་པ་ནི། མལ་སྟན་དལ་བུས་བཅས་ལ་མཛེས་པར་བྱས་ནས་ཉལ་བ་ན་ཡང་ལུས་བསྐུམ་སྟེ་ཉལ་ལོ། །ནད་པར་ལང་བ་ཡང ་མྱུར་དུ་ལྡང་ཞིང་འདོད་པའམ་སྐམ་པ་དང་བཅས་པ་དང་འདྲ་བར་ཚིག་ངལ་བུས་འབྱིན་ཏོ། །ཞེ་སྡང་ལ་སྤྱོད་པ་ནི་མལ་སྟན་འཆའ་ན་ཡང་མྱུར་དུ་བཅས་ནས་གང་ཇི་ལྟར་རུང་བར་ཡང་བྱས་ཏེ། རྐང་ལག་བརྐྱང་ནས་ཁྲོ་གཉེར ་དང་བཅས་པར་ཉལ་ལོ། །ནང་པར་ལྡང་ན་ཡང་མྱུར་དུ་ལངས་ལ་ཁྲེས་པ་བཞིན་དུ་ཚིག་དྲག་ཏུ་འབྱིན་ཏེ། །གཏི་མུག་ལ་དཔྱོད་པ་ནི་མལ་སྟན་ལ་དེས་ལོང་དེར་བཅས་ལ་ཉལ་བ་ན་ཡང་ཁ་སྤུབ་ཏུ་བྱས ་ཤིང་ཉལ་ལོ། །ནང་བར་ལྡང་ན་ཡང་ཚིག་ཅི་ཡིན་གཏོལ་མེད་པ་ནི་མི་གསལ་བར་འབྱིན་ཅིང་དུས་ཐ་གི་ཟད་ཅིག་ལོན་ནས་གདོད་མལ་ནས་ལྡང་ངོ། །དེ་ལྟར་སྤྱོད་པ་རྣམས་གསུམ ་ལ་སྤྱོད་པ་གང་ལ་ཆོས་གོས་ཅི་འདྲ་བ་དང་བསོད་སྙོམས་ཇི་ལྟ་བུ་དང་མལ་སྟན་ཅི་འདྲ་བ་དང་སྤྱོད་ཡུལ་གྱི་གྲོང་ཁྱེར་གང་བཞག་པ་བསྟན་དགོས་ཏེ། དེ་བས་ན་འདོད་ཆགས་ལ་སྤྱོད་པ་རྣམས་ལ་མི་གཙང་བ་བསྒོམ་པའི་ཆོས ་རྣམས་ལ་དགོད་དགོས་པས་དགེ་སློང་དག་དགེ་སློང་བུད་མེད་མཐོང་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཞེ་སྡང་ལ་སྤྱོད་པ་རྣམས་ལ་ནི་བྱམས་པ་བསྒོམ་པ་ལ་དགོད་དེ། དེ་ནི་འོག་མས་ཚད་མེད་པ་བཞི་བསྟན་པའི་སྐབས ་ནས་འཆད་དོ། །གཏི་མུག་ལ་སྤྱོད་པ་རྣམས་ལ་ནི་རྟེན་ཅིང་འབྲེལ་ཏེ། འབྱུང་པ་གཞན་ཏེ། དེའི་ཚུལ་ཇི་ལྟ་བུ་ནི་གོང་དུ་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཡན་ལག་བཅུ་གཉིས་བསྟན་པའི་སྐབས་སུ་བཤད་ཟིན་ཏོ། ། ་དེ་ལ་འདོད་ཆགས་ལ་སྤྱོད་པ་རྣམས་ལ་ནི་ཆོས་གོས་ཐུང་བ་དང་རྩུབ་པ་སྦྱིན་ནོ། །ཞེ་སྡང་ལ་སྤྱོད་པ་རྣམས་ལ་ནི་ཆོས་གོས་གཙང་མ་དང་ཁ་དོག་བཟང་བ་དང་རིང་བ་དང་མཛེས་པ་སྦྱིན་ནོ། །གཏི་མུག་ལ་སྤྱོད་པ་པ་རྣམས ་ལ་ནི་གང་ཡང་རུང་བའོ། །འདོད་ཆགས་ལ་སྤྱོད་པ་རྣམས་ལ་ནི་བསོད་སྙོམས་རྩུབ་པ་དང་མི་ཞིམ་པ་དང་ཉུང་ངུ་སྦྱིན་ནོ། །ཞེ་སྡང་ལ་སྤྱོད་པ་རྣམས་ལ་ནི་བསོད་སྙོམས་འཇམ་པ་དང་བཙད་པ་དང་ཞིམ་པ་དང་ཚིམ་པར་གྱུར་གྱི་བར ་དུ་སྦྱིན་ནོ། །གཏི་མུག་ལ་སྤྱོད་པ་རྣམས་ལ་ནི་གང་ཡང་རུང་བའོ། །འདོད་ཆགས་ལ་སྤྱོད་པ་རྣམས་ཀྱི་མལ་སྟན་ནི་དུར་ཁྲོད་དང་དུར་ཁྲོད་ལ་ཉེ་བ་འམ། གཙུག་ལག་ཁང་ལ་སོགས་པ་ཡང་ལས་སུ་རུང་བ་མ་བྱས་པ། གདིང་བ་དགབ་པ་ཕུན་སུམ ་ཚོགས་པ་མེད་པར་བཞག་གོ་།ཞེ་སྡང་ལ་སྤྱོད་པ་རྣམས་ཀྱི་མལ་བསྟན་ནི་ཤིང་དང་ཆུ་ཕུན་སུམ་ཚོགས་པ་ས་གཞི་མཉམ་ཞིང་མཛེས་པ་འམ་གཙུག་ལག་ཁང་མཛེས་པར་བྱས་པ་གདིང་བ་དང་མལ་སྟན་ཕུན་སུམ་ཚོགས་པར་བཞག་གོ་།གཏི་མུག་ལ ་སྤྱོད་པ་ནི་གང་དུ་ཡང་རུང་ངོ། །འདོད་ཆགས་ལ་སྤྱོད་པ་རྣམས་ཀྱི་སྤྱོད་ཡུལ་གྱི་གྲོང་ནི་ཁ་ཟས་རྩུབ་པ་མང་དུ་ཟ་ཞིང་གྲོང་ཁྱེར་རྣམས་མི་མཛེས་པ་ལ་འགྲོ་བ་ཕོས་གང་བར་བཞག་གོ་།ཞེ་སྡང་ལ་སྤྱོད་པ་རྣམས་ཀྱི་སྤྱོད་ཡུལ་གྱི་གྲོང་ཁྱེར་ནི་ཁ་ཟས་ཕུན ་སུམ་ཚོགས་པ་དང་གྲོང་ཁྱེར་མཛེས་པ་དང་འགྲོ་བ་དད་བ་བསྒྲུངས་པ་མང་བར་བཞག་གོ་།གཏི་མུག་གི་སྤྱོད་ཡུལ་གྱི་གྲོང་ཁྱེར་ནི་གང་དུ་ཡང་རུང་ལ་འགྲོ་བ་མཁས་པ་ཕལ་ཆེར་ཡོད་པའི་གནས་སུ་བཞག་གོ། དེ་ལ་འདོད་ཆགས་ལ་སྤྱོད་པ་རྣམ ་པ་བཞི་སྟེ། རེག་པ་ལ་ཆགས་པ་དང། རང་བཞིན་ལ་ཆགས་པ་དང། ཁ་དོག་ལ་ཆགས་པ་དང། ཉེ་བར་སྤྱོད་པ་ལ་ཆགས་པའོ། །དེ་ལ་རེག་པ་ལ་ཆགས་པ་ནི་རེག་བྱ་འཇམ་བ་ལ་ཆགས་པ་སྟེ། ངས་རུས ་པ་དཀར་པོ་བསྒོམ་པར་བྱའོ། །རང་བཞིན་ལ་ཆགས་པ་ནི། བུད་མེད་ལ་སོགས་པའི་ལུས་ཀྱི་ངོ་བོ་མ་ཉམས་པ་ལ་ཆགས་པ་སྟེ། དེས་བམ་པ་དང། སྤོས་པ་ལ་སོགས་པ་བསྒོམ་པར་བྱའོ། །ཁ་དོག་ལ་ཆགས་པ་རྣམས་ཀྱིས ་ནི་རྣམ་པར་བསྔོས་པ་ལ་སོགས་པ་བསྒོམས་པར་བྱའོ། །ཉེ་བར་སྤྱོད་པ་ལ་ཆགས་པ་རྣམས་ཀྱིས་ནི་བུད་མེད་ལ་སོགས་པའི་ལུས་དུར་ཁྲོད་དུ་པོར་བ་སེམས་མེད་དེ་ཤིང་བཞིན་དུ་གནས་པ་ལ་སྒོམ་པའོ། །བདག་དང་བུད་མེད་ཀྱི་ཕྱི་ནང་གིས་ལུས་ལ་རྣམ ་པར་འཇིག་པ་ནི་འདོད་ཆགས་རྣམ་པ་བཞི་ཆར་གྱི་གཉེན་པོར་འགྱུར་བས། མདོ་འདི་ལས་དེ་ཉིད་ལས་གཙོ་བོར་མཛད་དེ་གསུངས་སོ། །དེ་ལ་བུད་མེད་ཀྱི་ལུས་ནི་ཕྱིའི་ལུས་སོ། །བདག་ཉིད་ཀྱི་ལུས་ནི་ནང་གི་ལུས་སོ། །ཡང་ན་སྐྲ་དང་སྤུ་དང་སེན་མོ་དང། ་སོ་དང་རྡུལ་དང་དྲི་མ་དང་པགས་པ་ནི་ཕྱིའི་ལུས་སོ། །ཤ་དང་རུས་པ་ནས་བཤད་བ་དང་གཅི་བའི་བར་དུ་གསུངས་པ་ནི་ནང་གི་ལུས་སོ། །དེ་ལ་མགོ་ལ་སྐྱེས་པ་ནི་སྐྲའོ། །མཚན་ཁུང་དང་ཁ་ལ་སོགས་པ་ལུས་ལ་སྐྱེས ་པ་ནི་སྤུ་སྟེ། བདག་དང་གཞན་གྱི་ལུས་དེ་ལྟར་བརྟགས་ན། ཇི་ལྟར་བརྟགས་པ་ལ་སོགས་པར་བྱས་ན་འདོད་ཆགས་འཇིལ་བར་འགྱུར་ཏེ། འདི་ནི་ཡང་དག་པའི་དྲན་པ་ཞེས་བྱའོ།། །།ཡང་དག་པའི་ཏིང་ངེ་འཛིན་བསྟན་པར་བྱ་བའི ་ཕྱིར་ཡང་དག་པའི་ཏིང་ངེ་འཛིན་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་དགེ་བའི་ཆོས་ལ་སེམས་རྩེ་གཅིག་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ཡིན་ལ། གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་ཡང་དགེ་བའི་ཆོས་ལ་སེམས ་རྩེ་གཅིག་པའི་མཚན་ཉིད་ཡིན་པས་ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་བསམ་གཏན་དང་པོ་ནི་ཡན་ལག་ལྔ་དང་ལྡན་པ་སྟེ། ཡན་ལག་ལྔ་ལ་རྟོག་པ་དང་དཔྱོད་པ་དང་དགའ་བ་དང་བ་དང་བདེ་བ་དང་སེམས་རྩེ་གཅིག་པའོ། །བསམ ་གཏན་གཉིས་པ་ནི་ཡན་ལག་བཞི་དང་ལྡན་པ་སྟེ། ཡན་ལག་བཞི་ལ་ནང་རབ་ཏུ་དང་བ་དང་བདེ་བ་དང་སེམས་རྩེ་གཅིག་པའོ། །བསམ་གཏན་གསུམ་པ་ནི་ཡན་ལག་ལྔ་དང་ལྡན་པ་སྟེ། ཡན་ལག་ལྔ་ལ་བཏང་སྙོམས་དང་དྲན་པ་དང་ཤེས ་བཞིན་དང་བདེ་བ་དང་སེམས་རྩེ་གཅིག་པའོ། །བསམ་གཏན་བཞི་པ་ནི་ཡན་ལག་བཞི་དང་ལྡན་པ་སྟེ། ཡན་ལག་བཞི་ལ་བཏང་སྙོམས་རབ་ཏུ་དགའ་བ་དང་དྲན་པ་དང་རབ་ཏུ་དགའ་བ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་མིན ་པའི་ཚོར་བ་དང་སེམས་རྩེ་གཅིག་པའོ། །དེ་ལྟ་བས་ན་བསམ་གཏན་བཞི་པོ་འདི་དག་ལ་ཡན་ལག་བཅོ་བརྒྱད་དུ་འགྱུར་ཏེ། ཡན་ལག་བཅོ་བརྒྱད་ནི་བསམ་གཏན་དང་པོ་ལ་ཡན་ལག་ལྔ། བསམ་གཏན་གསུམ་པ་ཡན་ལག་ལྔ ་སྟེ་བཅུ་དང། བསམ་གཏན་གཉིས་པ་ལ་ཡང་ཡན་ལག་བཞི། བསམ་གཏན་བཞི་པ་ལ་ཡང་ཡན་ལག་བཞི་སྟེ་བརྒྱད་དེ་ལྟར་ན་བཅོ་བརྒྱད་དུ་འགྱུར་རོ། །བསམ་གཏན་བཞི་པོ་འདི་དག་ཞིབ་ཏུ་འཆད་པ་ནི་ཕྱིས་བསམ་གཏན་གྱི་སྐབས་སུ་འཆད་པས། འདིར་བཤད ་ན་དགོས་པ་ཆུང་ལ་བྱ་བ་ཆེ་བའི་ཕྱིར་ནི་མ་བཤད་དོ།། །།འཕགས་པའི་བདེན་པ་བཤད་པའི་འོག་ཏུ། དབང་པོ་ཉི་ཤུ་རྩ་གཉིས་བསྟན་པས་ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་བཞེད་ནས། དབང་པོ་ཉི་ཤུ་རྩ་གཉིས་གང་ཞེ་ན་ཞེས་བྱ་བ ་ལ་སོགས་པ་གསུངས་སོ། །དབང་པོ་རྣམས་བསྟན་པ་ཅི་དགོས་ཤེ་ན། སྨྲས་པ། དབང་པོ་བསྟན་པས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང། ཟག་པ་དང་བཅས་པ་དང། ཟག་པ་མེད་པ་དང། འབྱུང་བར་བྱེད་པ་དང། འབྱུང་བར་བྱེད་པ་མ་ཡིན་པ་དང། ཐུན ་མོང་དང། ཐུན་མོང་མ་ཡིན་པའི་ཆོས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རོ། །ཆོས་དེ་དག་ཁོང་དུ་ཆུད་ན་བདག་དང་བདག་གིར་མངོན་པར་ཆགས་པ་སྤོང་བར་འགྱུར་རོ། །མངོན་པར་ཆགས་པ་སྤངས་ནས་འཁོར་བའི་སྡུག་བསྔལ་མེད་པར་འགྱུར་རོ། །འཁོར་བའི ་སྡུག་བསྔལ་མེད་ན་མྱ་ངན་ལས་འདས་པའི་བདེ་བ་ཐོབ་པར་འགྱུར་ཏེ། །དེ་ལྟར་སྡུག་བསྔལ་སྤང་བ་དང། བདེ་བ་འཐོབ་པར་བྱ་བའི་ཕྱིར་དབང་པོ་བསྟན་ཏོ། །དེ་ལ་མིག་གི་དབང་པོའི་རྡུལ་ཕྲན་ནི་མིག་གི་སྤྲིན་གྱི་ནང་ན་གོ་སྙོད་ཀྱི་མ་རྟོག་ཁ་འབུས་པ ་འདྲ་བར་གནས་སོ། །རྣ་བའི་དབང་པོའི་རྡུལ་ཕྲན་ནི་གྲོ་བ་བཅུས་པའི་མདུད་པ་འདྲ་བར་རྣ་བའི་ནང་ན་གནས་སོ། །སྣའི་དབང་པོའི་རྡུལ་ཕྲན་ནི་ལྕགས་ཀྱི་ཐུར་མ་ལྟར་མཚུལ་བའི་ནང་ཐོག་ཐག་གནས་སོ། ལྕེའི་དབང་པོའི་རྡུལ་ཕྲན་ནི་ཟླ་བ་ཁམ་པ ་འདྲ་པོར་གནས་སོ། །ལུས་ཀྱི་དབང་པོའི་རྡུལ་ཕྲན་ནི་ལུས་བཞིན་དུ་ཐོག་ཐག་ཏུ་ཁྱབ་པར་གནས་སོ། །ཡིད་ཀྱི་དབང་པོ་ནི་རྡུལ་ཕྲན་བསགས་པའི་མཚན་ཉིད་མ་ཡིན་པས་ཆོས་ཐམས་ཅད་ཤེས་པའི་མཚན་ཉིད་དོ། །བུད་མེད་ཀྱི་དབང་པོའི་རྡུལ་ཕྲན་ནི་རྔའི? ་ཁ་བཞིན་ནམ་ཤིང་བར་བཙལ་པ་འདྲ་བར་གསང་བའི་ཕྱོགས་ན་གནས་སོ། །སྐྱེས་པའི་དབང་པོའི་རྡུལ་ཕྲ་མོ་ཁྱུང་དཀོར་གྱི་ཕྱོགས་ན་མཛུབ་མོ་ལྟར་གནས་སོ། །འཚོ་བའི་དབང་པོ་ནི་རིས་མཐུན་པའི་ཕུང་པོ་གནས་པ་དང་མི་འཇིག ་པར་འཛིན་པར་བྱེད་པའོ། །ཁ་ཅིག་ན་རེ་ཕུང་པོའི་རྒྱུན་འབྲེལ་བར་གནས་པ་ནི་འཚོ་བའི་དབང་པོའོ། །ཞེས་འཆད་དོ། །ལ་ལ་ན་རེ་དྲོད་དང་རྣམ་པར་ཤེས་པ་དང་ལྡན་པའི་འབྱུང་བ་ཆེན་པོ་གནས་པ་ལ་དབང་བྱེད་པ་ནི་འཚོ་བའི་དབང་པོ་ཞེས་ཟེར་རོ།། ་སྡུག་བསྔལ་གྱི་དབང་པོ་ནས་བཏང་སྙོམས་ཀྱི་དབང་པའི་བར་དུ་ཅིའི་ཕྱིར་དབང་པོ་ལྔར་བཤད་ཅེ་ན། དབང་པོ་ལྔ་པོ་དེ་དག་བསམ་གཏན་དང་སྙོམས་པར་འཇུག་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་སྟེ། མི་མཐུན་པའི་ཕྱོགས་རྣམ་པ་ལྔ ་ཡོད་པས་ན་སྡུག་བསྔལ་གྱི་དབང་པོ་ལ་སོགས་པ་ལྔ་ཉིད་དུ་བཤད་དོ། །དེ་ལ་བསམ?་གཏན་དང་པོས་ཡིད་མི་བདེ་བའི་དབང་པོ་འཇོམས་པར་བྱེད་དོ། །བསམ་གཏན་གཉིས་པས་ནི་སྡུག་བསྔལ་གྱི་དབང་པོ་འཇོམས་པར་བྱེད་དོ། །བསམ་གཏན་གསུམ ་པས་ནི་བདེ་པའི་དབང་པོ་འཇོམས་པར་བྱེད་དོ། །བསམ་གཏན་བཞི་པས་ནི། ཡིད་བདེ་བའི་དབང་པོ་བཅོམ་ནས། བཏང་སྙོམས་ཀྱི་དབང་པོ་རྣམ་པར་དག་པ་ལ་གནས་སོ། །དེ་ལ་འདོད་པའི་ཁམས་ན་རྣམ་པར་ཤེས་པ་ལྔ་དང། བསམ་གཏན་དང་པོའི ་མིག་དང་རྣ་བ་དང་ལུས་ཀྱི་རྣམ་པར་ཤེས་པ་སྟེ། རྣམ་པར་ཤེས་པའི་ཚོགས་དེ་དག་གི་སིམ་པའི་ཚོར་བ་གང་ཡིན་པ་དེ་ནི་བདེ་བའི་དབང་པོ་ཞེས་བྱའོ། །བསམ་གཏན་གསུམ་པ་ན་ཡིད་ཀྱི་སིམ་པ་གང་ཡིན་པ་ལ་ཡང་བདེ་བའི་དབང་པོ་ཞེས ་བྱའོ། །རྣམ་པར་ཤེས་པ་ལྔའི་ཚོགས་ཀྱི་སིམ་པ་མ་ཡིན་པ་ནི། སྡུག་བསྔལ་གྱི་དབང་པོ་སྟེ། དེ་ཡང་འདོད་པའི་ཁམས་ཉིད་ན་ཡོད་ཀྱི། ཁམས་གཞན་ན་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་དང་གཟུགས་མེད་པའི་ཁམས་ན་ནི་ལས་མི ་དགེ་བའི་ལས་རྣམ་པར་སྨིན་པ་མེད་པའི་ཕྱིར་རོ། །ཡིད་ལ་སིམ་པའི་ཚོར་བ་གང་ཡིན་པ་དེ་ནི། ཡིད་བདེ་བའི་དབང་པོ་སྟེ། དེ་ཡང་འདོད་པའི་ཁམས་དང། བསམ་གཏན་དང་པོ་དང། གཉིས་པ་ན་ཡོད་དོ། །བཏང་སྙོམས་ཀྱི་དབང་པོ་ནི་འདོད་པ་དང་གཟུགས ་དང་གཟུགས་མེད་པའི་ཁམས་ཏེ། ས་ཐམས་ཅད་ན་ཡོད་དོ། །ཡང་ན་བདེ་བ་དང་སྡུག་བསྔལ་བ་དང། བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་རྣམ་པ་གསུམ་ལུས་དང་སེམས་ཀྱི་རྟེན་ཐ་དད་པའི་སྒོ་ནས་དབང་པོ་རྣམ་པ་ལྔར་བཞག་སྟེ་བདེ ་བའི་ཚོར་བ་ཡང་ལུས་ལས་བྱུང་ཞིང་ལུས་དང་འབྲེལ་པའི་དུས་ན་ནི་བདེ་བའི་དབང་པོ་ཞེས་བྱ་ལ། བདེ་བའི་ཚོར་བ་དེ་ཉིད་སེམས་དང་འབྲེལ་པའི་དུས་ན་ནི་ཡིད་བདེ་བའི་དབང་པོ་ཞེས་བྱའོ། །སྡུག་བསྔལ་གྱི་ཚོར་བ་ཡང་ལུས་དང་འབྲེལ་ཅིང་ལུས་ལས་བྱུང ་བའི་དུས་ན་ནི། སྡུག་བསྔལ་གྱི་དབང་པོ་ཞེས་བྱ་ལ། སྡུག་བསྔལ་གྱི་ཚོར་བ་དེ་ཉིད་སེམས་དང་འབྲེལ་བའི་དུས་ན་ནི། ཡིད་མི་བདེ་བའི་དབང་པོ་ཞེས་བྱའོ། །ལུས་དང་སེམས་གཉི་ག་དང་འབྲེལ་པ། བདེ་བ་དང་སྡུག་བསྔལ་གཉི་གར་མི་རྟོག་པ་ནི་བཏང ་སྙོམས་ཀྱི་དབང་པོའོ། །ཡང་ན་དབང་པོ་ལྔའི་གཞི་ལ་རྟེན་ནས་ཡིད་དུ་མི་འོང་བའི་ཡུལ་ལ་དམིགས་ཏེ། རྣམ་པར་རྟོག་པ་མེད་པར་ཤེས་པ་ལྔའི་ཚོགས་དང་ཡང་དག་པར་ལྡན་པ་ནི་སྡུག་བསྔལ་གྱི་དབང་པོའོ། །ཡིད་ཀྱི་དབང་པོ་ལ་བརྟོན་གནས ་ཡུལ་ཡིད་དུ་མི་འོང་བ་ལ་དམིགས་ཤིང་རྟོག་པ་དང་བཅས་པའི་ཡིད་ཀྱི་རྣམ་པར་ཤེས་པ་དང་ཡང་དག་པར་ལྡན་པ་ནི་ཡིད་མི་བདེ་བའི་དབང་པོའོ། །དབང་པོ་ལྔ་ལ་བརྟེན་ནས། ཡུལ་ཡིད་དུ་འོང་བ་ལ་དམིགས་ཤིང་རྣམ་པར་ཤེས་པ་ལྔའི་ཚོགས ་དང་ཡང་དག་པར་ལྡན་པ་ནི་བདེ་བའི་དབང་པོའོ། །ཡིད་ཀྱི་དབང་པོ་ལ་བརྟེན་ནས་ཡུལ་ཡིད་དུ་འོང་བ་ལ་དམིགས་ཤིང་རྣམ་པར་རྟོག་པ་དང་བཅས་པའི་ཡིད་ཀྱི་རྣམ་པར་ཤེས་པ་དང་ཡང་དག་པར་ལྡན་པ་ནི་ཡིད་བདེ་བའི་དབང་པོའོ། །དབང་པོ ་དྲུག་ལ་བརྟེན་ནས་ཡུལ་ཡིད་དུ་འོང་བ་ཡང་མ་ཡིན་ཡིད་དུ་མི་འོང་བ་ཡང་མ་ཡིན་པ་ལ་དམིགས་ཤིང་རྟོག་པ་མེད་པ་དང་རྟོག་པ་དང་བཅས་པའི་རྣམ་པར་ཤེས་པ་དྲུག་དང་ཡང་དག་པར་ལྡན་པ་ནི་བཏང་སྙོམས་ཀྱི་དབང་པོ་ཞེས་བྱའོ།། ་ཡང་ན་བསོད་ནམས་མ་ཡིན་པའི་འདུ་བྱེད་ཀྱི་འབྲས་བུ་རྣམ་པར་སྨིན་པ་མྱོང་བ་ནི་སྡུག་བསྔལ་གྱི་དབང་པོ་དང་ཡིད་མི་བདེ་བའི་དབང་པོའོ། །བསོད་ནམས་ཀྱི་འདུ་བྱེད་ཀྱི་འབྲས་བུ་རྣམ་པར་སྨིན་པ་མྱོང་བ་ནི་བདེ་བའི་དབང་པོ་དང་ཡིད་བདེ་བའི་དབང ་པོའོ། །མི་གཡོ་པའི་འདུ་བྱེད་ཀྱི་འབྲས་བུ་རྣམ་པར་སྨིན་པ་མྱོང་བ་ནི་བཏང་སྙོམས་ཀྱི་དབང་པོའོ། །ཡང་ན་ལུས་དང་དབང་པོ་དང་ཡིད་དང་བློ་ལ་གནོད་པར་བྱེད་པའི་བདག་ཉིད་སྐྱེས་པ་ན་ཡང་སྡུག་བསྔལ་གནས་པ་ན་ཡང་སྡུག་བསྔལ་ལ། ཡོངས་སུ ་འགྱུར་བ་ན་བདེ་བར་བྱེད་པ་ནི་སྡུག་བསྔལ་གྱི་དབང་པོ་དང་ཡིད་མི་བདེ་བའི་དབང་པོའོ། །ལུས་དང་དབང་པོ་དང་བློ་དང་ཡིད་ལ་རྗེས་སུ་ཕན་པར་བྱེད་པའི་བདག་ཉིད་སྐྱེས་པ་ན་ཡང་བདེ། གནས་པ་ན་ཡང་བདེ། ཡོངས་སུ་འགྱུར་བ་ན་སྡུག་བསྔལ་བ་ནི ་བདེ་བའི་དབང་པོ་ཞེས་བྱའོ། །ལུས་དང་དབང་པོ་དང་བློ་དང་ཡིད་ལ་གནོད་པར་ཡང་མི་བྱེད་ཕན་པར་ཡང་མི་བྱེད་ཅིང་ཤེས་པ་མ་སྐྱེས་པ་ན་ནི་སྡུག་བསྔལ་ལ། ཡེ་ཤེས་སྐྱེ་ན་ནི་བདེ་བ་སྟེ་དེ་ལྟ་བུ་མེད་པ་ནི་བཏང་སྙོམས་ཀྱི་དབང་པོའོ། །ཡང་ན ་སྡུག་བསྔལ་གྱི་སྡུག་བསྔལ་དང། རྗེས་སུ་འབྲེལ་པ་ནི་སྡུག་བསྔལ་གྱི་དབང་པོ་དང་ཡིད་མི་བདེ་བའི་དབང་པོ་ཞེས་བྱའོ། །འགྱུར་བའི་སྡུག་བསྔལ་དང་རྗེས་སུ་འབྲེལ་བ་ནི་བདེ་བའི་དབང་པོ་དང་ཡིད་བདེ་བའི་དབང་པོ་ཞེས་བྱའོ། །འདུ་བྱེད་ཀྱི་སྡུག་བསྔལ ་གྱི་རྗེས་སུ་འབྲེལ་པ་ནི་བཏང་སྙོམས་ཀྱི་དབང་པོའོ། །ཡང་ན་སྡུག་བསྔལ་གྱི་དབང་པོ་དང་ཡིད་མི་བདེ་བའི་དབང་པོས་ནི་ཕྲད་པར་མི་འདོད་པའི་སྲེད་པ་དང། བྲལ་བར་འདོད་པའི་སྲེད་པ་སྐྱེད་པར་བྱེད་དོ། །བདེ་བའི་དབང་པོ་དང་ཡིད་བདེ་བའི་དབང་པོས་ནི ་འདོད་པའི་སྲེད་པ་དང་ཕྲད་པར་འདོད་པའི་སྲེད་པ་སྐྱེད་པར་བྱེད་དོ། །བཏང་སྙོམས་ཀྱི་དབང་པོ་ནི་ཀུན་ཏུ་གཏི་མུག་པའི་སྲེད་པ་སྐྱེད་པར་བྱེད་དོ། །ཡང་ན་གནོད་པ་དང་བཅས་པའི་ལུས་ཀྱི་ཚོར་བ་ནི་སྡུག་བསྔལ་གྱི་དབང་པོའོ། །གནོད་པ་དང་བཅས་པའི་ཡིད་ཀྱི་ཚོར ་བ་ནི་ཡིད་མི་བདེ་བའི་དབང་པོའོ། །གནོད་པ་མེད་པའི་ལུས་ཀྱི་ཚོར་བ་ནི་བདེ་བའི་དབང་པོའོ། །གནོད་པ་མེད་པའི་ཡིད་ཀྱི་ཚོར་བ་ནི་ཡིད་བདེ་བའི་དབང་པོའོ། །གཉི་ག་ལས་བཟློག་པའི་བཏང་སྙོམས་ཀྱི་དབང་པོའོ། །ཡང་ན་ཁམས་འཁྲུག་པ་ལས་སྐྱེས་པ ་འམ་བདག་གམ་གཞན་གྱིས་གནོད་པར་བྱས་པ་ལས་བྱུང་བ་འམ། །འཆི་བའི་དུས་ན་སྡུག་བསྔལ་མྱོང་བ་འམ་སྤྱོད་ལམ་མི་བདེ་བར་གནས་པ་སྟེ། བདེ་བའི་རོ་དང་བྲལ་བའི་ལུས་ཀྱི་ཚོར་བ་ནི་སྡུག་བསྔལ་གྱི་དབང་པོའོ། །མི་མཛའ་བ་དང་ཕྲད་པ་དང ་མཛའ་བ་དང་བྲལ་བ་དང། སྐྱོ་བ་དང་ང་རྒྱལ་དང། འཇིགས་པ་དང་སྨད་པ་དང། ཆད་པས་གཅང་བ་ལ་སོགས་པའི་རྣམ་པར་རྟོག་པ་ལས་སྐྱེས་པའི་བདེ་བ་དང་བྲལ་བའི་ཡིད་ཀྱི་ཚོར་བ་ནི། ཡིད་མི་བདེ་བའི་དབང་པོའོ། །ཁམས་མཉམ་པར་གྱུར ་པ་ལས་སྐྱེས་པ་འམ། སྡུག་བསྔལ་གྱི་གཉེན་པོས་སྡུག་བསྔལ་བཅོམ་པའམ། སྤྱོད་ལམ་བདེ་བར་གནས་པ་འམ། ལུས་བག་ཡངས་ཀྱིས། བསྐྱེད་པ་རོ་དང་བཅས་པའི་ལུས་ཀྱི་ཚོར་བ་ནི་ཡིད་བདེ་བའི་ཚོར་བའོ། །ཡུལ་ཡིད་དུ་འོང་བ་དང་ཕྲད་པར ་གྱུར་ལ། ཡུལ་ཡིད་དུ་མི་འོང་པ་དང། ཐག་རིང་པར་གྱུར་བའམ། གྲགས་པ་དང་བསྔགས་པ་ལ་སོགས་པའི་ཡོན་ཏན་ལ་རྣམ་པར་རྟོག་པ་ལས་བྱུང་བའི་རོ་དང་བཅས་པའི་ཡིད་ཀྱི་ཚོར་བ་ནི་ཡིད་བདེ་པའི་དབང་པོའོ། །ལུས་དང་ཡིད་ལ ་ཕན་པ་དང་གནོད་པར་ཡང་མི་བྱེད་པའི་ལུས་དང་སེམས་ཀྱི་ཚོར་བ་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ནི་གཅིག་ཏུ་མ་ངེས་པས་བཏང་སྙོམས་ཀྱི་དབང་པོའོ། །ཅིའི་ཕྱིར་དང་པ་ལ་སོགས་པའི་དབང་པོ་ལྔ་ཉིད་དུ་བཤད་པ་དྲུག་དང ་བཞི་ལ་སོགས་པར་མ་ཡིན། སྨྲས་པ། སྟོབས་ཀྱི་མི་མཐུན་པའི་ཕྱོགས་ལྔ་ཡོད་པས་ན་དད་བ་ལ་སོགས་པ་ལྔ་ཉིད་དུ་བཤད་དེ། དྲུག་དང་བཞི་ལ་སོགས་པར་མ་ཡིན་ནོ། །སྟོབས་ཀྱི་མི་མཐུན་པའི་ཕྱོགས་ལྔ་ནི་མ་དད་པ་དང། ་ལེ་ལོ་དང་མི་དྲན་པ་དང་གཡེང་བ་དང་ཤེས་པ་མེད་པའོ། །དེ་ལ་མ་དད་བའི་གཉེན་པོ་ནི་དད་བའི་དབང་པོའོ། །ལེ་ལོའི་གཉེན་པོ་ནི་བརྩོན་འགྲུས་ཀྱི་དབང་བའོ། །མི་དྲན་པའི་གཉེན་པོ་ནི་དྲན་པའི་དབང་པའོ། །གཡེངས་པའི་གཉེན་པོ་ནི་ཏིང་ངེ ་འཛིན་གྱི་དབང་པོའོ། །མི་ཤེས་པའི་གཉེན་པོ་ནི་ཤེས་རབ་ཀྱི་དབང་པོའོ། །ཡང་ན་མོས་པ་རྣམ་པ་ལྔའི་ཕྱིར་དབང་པོ་ལྔར་བཤད་དེ། མོས་པ་རྣམ་པ་ལྔ་ནི་ཁ་ཅིག་དད་པའི་སྒོ་ལ་མོས་ཏེ། དཔེར་ན་འཕགས་པ་བར་ཀ་ལ་བཞིན་ནོ། །ཁ་ཅིག་བརྩོན ་འགྲུས་ཀྱི་སྒོ་ལ་མོས་ཏེ་དཔེར་ན་འཕགས་པ་ཉན་ཐོས་རྣམ་པ་བཞིན་ནོ། །ཁ་ཅིག་དྲན་བའི་སྒོ་ལ་མོས་ཏེ། དཔེར་ན་འཕགས་པ་མིང་ཆེན་བཞིན་ནོ། །ཁ་ཅིག་ཞི་གནས་ཀྱི་སྒོ་ལ་མོས་ཏེ། དཔེར་ན་འཕགས་པ་རེ་བ་ཏི་བཞིན་ནོ། །ཁ་ཅིག ་ཤེས་རབ་ཀྱི་སྒོ་ལ་མོས་ཏེ། དཔེར་ན་འཕགས་པ་ཤཱ་རིའི་བུའི་སྲས་པོ་བཞིན་ནོ། །དེ་ལ་གང་དད་པའི་སྒོ་ལ་མོས་པ་རྣམས་ནི་དད་བའི་དབང་པོ་ལ་བརྟེན་ནས་ཁམས་གསུམ་ལས་འབྱུང་བར་བྱེད་དོ། དེ་དག་རྒྱུན་ཏུ་ཞུགས་པའི་ཡན་ལག་གིས ་འོག་ནས་འབྱུང་བ་རྣམས་ལ་བརྟན་ཏོ། །བརྩོན་འགྲུས་ཀྱི་དབང་པོ་ལ་མོས་པ་རྣམས་ཀྱི་ཡང་དག་པའི་སྤོང་བ་བཞི་ལ་བརྟེན་ནས་བརྩོན་འགྲུས་ཀྱིས་ཁམས་གསུམ་ནས་འབྱུང་བར་བྱེད་དོ། །དྲན་བའི་དབང་པོ་ལ་མོས་པ་རྣམས་ནི ་དྲན་པ་ཉེ་བར་གཞག་པ་བཞི་ལ་བརྟེན་ནས་དྲན་པའི་དབང་པོས་ཁམས་གསུམ་ནས་འབྱུང་བར་བྱེད་དོ། །དེའི་ཕྱིར་ན་ཏིང་ངེ་འཛིན་གྱི་དབང་པོ་ལ་མོས་པ་རྣམས་ནི་བསམ་གཏན་བཞི་ལ་བརྟེན་ནས་ཏིང་ངེ་འཛིན་གྱི་དབང་པོས་ཁམས ་གསུམ་ནས་འབྱུང་བར་བྱེད་དོ། །ཤེས་རབ་ཀྱི་དབང་པོ་ལ་མོས་པ་རྣམས་ནི། འཕགས་པའི་བདེན་པ་བཞི་ཤེས་པ་ལ་བརྟེན་ནས་ཤེས་རབ་ཀྱི་ཁམས་གསུམ་ནས་འབྱུང་བར་བྱེད་དོ། །དེའི་ཕྱིར་ནི་ཡང་དབང་པོ་ལྔ་ཉིད་དུ་བཤད་དོ། །ཅིའི་ཕྱིར་དབང་པོ་ལྔ་རྣམས་རིམ ་པ་དེ་ལྟར་བཀོད་ཅེ་ན། སྨྲས་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་སུམ་ཅུ་རྩ་བདུན་གྱི་ཆོས་རྣམས་ཀྱི་ས་བོན་དུ་གྱུར་བ་ནི་དད་པའི་དབང་པོ་སྟེ། དེ་བས་ན་དད་པའི་དབང་པོ་དང་པོར་བཞག་གོ། འདི་ལྟ་སྟེ། ཁྲོན་བ་བརྐོས་ནས་ཆུ་འབྱུང་བར་དད་པ་རྣམས་ཁྲོན་བ་བརྐོ་བར ་བྱ་བའི་ཕྱིར་ལས་རྩོམ་པ་བཞིན་དུ་འཁོར་བའི་ཉེས་པ་མཐོང་ཞིང་མྱ་ངན་ལས་འདས་པའི་ཡོན་ཏན་ལ་དད་ན་མྱ་ངན་ལས་འདས་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་སྟེ། དེ་བས་ན་དེའི་འོག་ཏུ་བརྩོན་འགྲུས་ཀྱི་དབང་པོ་བསྟན་ཏོ། །བརྩོན ་འགྲུས་བརྩམས་བ་རྣམས་ལ་དྲན་པ་ཉམས་པ་མི་སྲིད་དེ། དེ་བས་ན་དེའི་འོག་ཏུ་དྲན་པའི་དབང་པོའོ། །དྲན་པ་མ་ཉམས་ན་རྟག་ཏུ་སེམས་རྩེ་གཅིག་ཏུ་འགྱུར་ཏེ། དེ་བས་ན་དེའི་འོག་ཏུ་ཏིང་ངེ་འཛིན་གྱི་དབང་པོ་བསྟན་ཏོ། །སེམས་མ་ཡེངས་ཤིང ་སེམས་རྩེ་གཅིག་ཏུ་གྱུར་ན་མྱ་ངན་ལས་འདས་པ་རྟོགས་པར་འགྱུར་བས་ཐ་མར་ཤེས་རབ་ཀྱི་དབང་པོར་བཤད་དོ། །ཡང་ན་འཕགས་པའི་བདེན་པ་བཞི་ལ་དད་པ་ནི་དད་པའི་དབང་པོའོ། །དད་པ་རྣམས་བདེན་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྦྱོར ་བའི་རྩོམ་པ་ནི་བརྩོན་འགྲུས་ཀྱི་དབང་པོའོ། །བརྩོན་འགྲུས་དང་ལྡན་པ་དག་བདེན་པ་བཞིའི་མཚན་ཉིད་མི་རྗེད་པར་བྱེད་པ་ནི་དྲན་པའི་དབང་པོའོ། །བདེན་པ་བཞི་ལ་སེམས་རྩེ་གཅིག་ཏུ་སྒོམ་པ་ནི་ཏིང་ངེ་འཛིན་གྱི་དབང་པོའོ། །བདེན་པ་བཞི་ཤེས ་པར་གྱུར་པ་ནི་ཤེས་རབ་ཀྱི་དབང་པོའོ། །ཡང་ན་ཡོན་ཏན་རྣམ་པ་ལྔ་དང་ལྡན་པའི་རྒྱལ་པོ་ནི་རྒྱལ་པོའི་སྡེ་གཞན་འཇོམས་པར་བྱེད་དོ། །ཡོན་ཏན་རྣམ་པ་ལྔ་འདི་ལྟ་སྟེ། བློན་པ་འཛངས?་པ་དང། གནས་དང་ས་བཞི་བཙན་པ་དང། གོ་ཆ་དང། མངོན ་ཆ་རྣོ་བ་དང། གཡོག་འཁོར་མི་བྱེད་པའོ། །དེ་དང་འདྲ་བར་ཡོན་ཏན་ལྔ་དང་ལྡན་པའི་རྣལ་འབྱོར་བ་ནི་ཉོན་མོངས་པའི་སྡེ་རྣམས་འཇོམས་པར་བྱེད་དེ། དེས་ཤེས་རབ་ཀྱི་དབང་པོ་བློན་པོ་ལྟ་བུར་གྱུར་པ་དང་ལྡན་པ་དང་ཏིང་ངེ་འཛིན་གྱི་གནས ་དང། ས་གཞི་ལ་བརྟེན་པ་དང། དྲན་པ་མི་བྱེད་པའི་གོ་ཆ་དང་ལྡན་པ་དང། བརྩོན་འགྲུས་བསྟན་པའི་མཚོན་ཆ་རྣོ་བ་དང། དད་པ་མི་བསྐྱོད་པའི་གཡོག་འཁོར་དང་ལྡན་པའོ། །དེ་ལ་མི་ཤེས་པ་ལ་ཤེས་སོ་ཞེས་བྱ་བའི་དབང་པོ་དང་ཤེས་པའི ་དབང་པོ་དང། ཤེས་པ་དང་མ་བྲལ་བའི་དབང་པོ་གསུམ་བསྟན་པར་བྱ་སྟེ། གང་མཐོང་བའི་ལམ་ན་ཡིད་དང། ཡིད་བདེ་བ་དང་བཏང་སྙོམས་དང། དད་པ་དང། བརྩོན་འགྲུས་དང། དྲན་པ་དང། ཏིང་ངེ་འཛིན་དང། ཤེས་རབ་སྟེ་རྫས་དགུ་ལ་ནི་མི་ཤེས ་པ་ལ་ཤེས་སོ་ཞེས་བྱ་བའི་དབང་པོར་བཞག་སྟེ། ཅིའི་ཕྱིར་ཞེ་ན། མཐོང་བའི་ལམ་ལ་བདེན་པ་བཞི་སྔོན་ཀུན་ཏུ་མ་ཤེས་པ་རྫས་དགུ་པོ་རྣམས་ཀྱིས་ཤེས་པ་དང་རིག་པ་དང་ཁོང་དུ་ཆུད་པ་དང། རྟོགས་བར་བྱ་བའི་ཕྱིར་རྩོམ་བས་ན། གང་ཟག་དེའི་དབང ་པོ་ནི་མི་ཤེས་པ་ལ་ཤེས་སོ་ཞེས་བྱ་བའི་དབང་པོར་བཞག་གོ། རྫས་དགུ་པོ་དེ་དག་ཉིད་བསྒོམ་པའི་ལམ་གྱི་དུས་ན་ནི་ཤེས་པའི་དབང་པོ་ཞེས་རྣམ་པར་བཞག་སྟེ། ཅིའི་ཕྱིར་ཞེ་ན་བསྒོམ་པའི་ལམ་ན་བདེན་པ་བཞི་སྔོན་ཀུན་ཏུ་མ་ཤེས་པ་རྫས ་དགུ་པོ་རྣམས་ཀྱིས་ཤེས་པ་དང། རིག་པ་དང། ཁོང་དུ་ཆུད་པ་དང། རྟོགས་པར་བྱ་བའི་ཕྱིར་རྩོམ་བས་ན། གང་ཟག་དེའི་དབང་པོ་ནི་མི་ཤེས་པ་ལ་ཤེས་སོ་ཞེས་བྱ་བའི་དབང་པོར་གཞག་གོ། རྫས་དགུ་པོ་དེ་དག་ཉིད་བསྒོམ་པའི་ལམ་གྱི་དུས་ན་ནི། ཤེས ་པའི་དབང་པོ་ཞེས་རྣམ་པར་བཞག་སྟེ། ཅིའི་ཕྱིར་ཞེ་ན། བསྒོམ་པའི་ལམ་ན་ནི་སྔོན་མ་མཐོང་བ་མཐོང་བར་བྱ་བ་མེད་ཀྱི། བསྒོམ་བས་སྤང་བར་བྱ་བའི་བག་ལ་ཉལ་མ་ལུས་པ་སྤངས་པར་བྱ་བའི་ཕྱིར། མཐོང་བའི་ལམ་ན་འཕགས་པའི་བདེན་པ ་བཞི་ཤེས་པར་དེ་ཉིད་ཡང་ནས་ཡང་ཡང་དུ་སྒོམ་ཞིང་ཤེས་པར་བྱེད་པས་ན། སྒོམ་པའི་ལམ་གྱི་གང་ཟག་གི་དབང་པོ་དགུ་པོ་རྣམས་ལ་ནི་ཤེས་པའི་དབང་པོ་ཞེས་རྣམ་པར་བཞག་གོ་།རྫས་དགུ་པོ་དེ་ཉིད་མི་སློབ་པའི་ལམ་གྱི་དུས་ན་ནི། ཤེས་པ་དང་མ་བྲལ ་བའི་དབང་པོ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། མི་སློབ་པའི་ལམ་གྱི་ཚེ་ངས་བདེན་པ་བཞི་ཀུན་ཤེས་སོ་ཞེས་ཁོང་དུ་ཆུད་པ་དང། རིག་པའི་ཡེ་ཤེས་དང་ལྡན་པའི་ཕྱིར་ཤེས་པ་དང་མ་བྲལ་བའི་དབང་པོ་ཞེས་བྱའོ། །ཡང་ན་ཀུན་ཤེས་པའི་ཆོས་ཡོངས་སུ་སྲུང་བ་དང ་སྐྱོང་བར་བྱེད་པའི་ངང་ཚུལ་ཅན་བས་ཤེས་པ་དང་མ་བྲལ་བའི་དབང་པོ་སྟེ། དེ་ཅིའི་ཕྱིར་ཞེ་ན། མི་སློབ་པའི་ལམ་གྱི་ཚེ་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ཐོབ་པས་བདག་གི་སྡུག་བསྔལ་ཤེས་པར་བྱས་པས་ཡང་ཤེས་པར་བྱར་མེད། ཀུན་འབྱུང་སྤང་བས་ཡང ་སྤང་དུ་མེད། འགོག་པ་མངོན་དུ་བྱས་པས་ཡང་མངོན་དུ་བྱར་མེད་དོ། ལམ་བསྒོམས་བས་ཡང་བསྒོམ་དུ་མེད་ཅེས་བྱ་བའི་ཆོས་དང་ལྡན་པའི་ཕྱིར་རོ། །དེ་ནི་འདི་སྐད་དུ་མཐོང་བ་དང་བསྒོམ་བ་དང་མི་སློབ་པའི་ལམ་ན་རིམ་བཞིན་དུ་རྫས་དགུ་པོ་དེ་དག་ཉིད་ཕན་ཚུན ་དུ་བལྟོས་ནས་མིང་གཞན་དང་གཞན་དུ་བརྟགས་པའོ་ཞེས་བསྟན་པ་ཡིན་ནོ། །རྫས་དགུ་པོ་དེ་དག་ལམ་གསུམ་པོའི་ཚེ་ལྡན་ནོ་ཞེས་སྨོས་པ་ཡང་ཚོགས་གཞན་ལ་བལྟོས་ནས་སྨྲས་པ་ཡིན་གྱི། སྐད་ཅིག་མ་གཅིག་གམ་དུས་གཅིག་ཏུ་ནི་རྫས་དགུ་པོ་ཅིག་ཅར་མི ་འབྱུང་ངོ། །དེ་ཅིའི་ཕྱིར་ཞེ་ན་བདེ་བ་དང་ཡིད་བདེ་བ་དང་བཏང་སྙོམས་ཀྱི་ཚོར་བ་ལས་གང་ཡང་རུང་བ་ཞིག་འབྱུང་གི་གསུམ་ཅར་དུས་གཅིག་ཅར་འབྱུང་མི་སྲིད་དོ། །ཇི་ལྟ་ཞེ་ན་གལ་ཏེ་ལམ་མི་ཐོབ་ཏུ་མི་རུང་བ་དང་བསམ་གཏན་གྱི་བར་དང། བསམ ་གཏན་བཞི་པ་དང། ནམ་མཁའ་དང། རྣམ་ཤེས་དང། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་སར་གཏོགས་པ་ཡིན་ན་ནི་དེ་ན་བཏང་སྙོམས་ཀྱི་ཚོར་བ་ཉིད་ཡོད་ཀྱི། བདེ་བ་དང་ཡིད་བདེ་བའི་དབང་པོ་མེད་དོ། །གལ་ཏེ་བསམ་གཏན་དང་པོ་དང་གཉིས་པའི་བར ་ཡིན་ན་ནི་དེ་ན་ཡིད་བདེ་བའི་དབང་པོ་ཉིད་ཡོད་ཀྱི། བདེ་བ་དང་བཏང་སྙོམས་ཀྱི་དབང་པོ་མེད་དོ། །གལ་ཏེ་བསམ་གཏན་གསུམ་པའི་ས་པ་ཡིན་ན་ནི་དེ་ན་བདེ་བའི་དབང་པོ་ཉིད་ཡོད་ཀྱི། ཡིད་བདེ་བ་དང་བཏང་སྙོམས་ཀྱི་དབང་པོ་མེད་དོ། ། ་དེ་ལ་འདོད་པའི་ཁམས་ན་ནི་མི་ཤེས་པ་ལ་ཤེས་པའི་དབང་པོ་དང། ཤེས་པའི་དབང་པོ་དང། ཤེས་པ་དང་མ་བྲལ་བའི་དབང་པོ་གསུམ་མ་གཏོགས་པའི་དབང་པོ་གཞན་ཐམས་ཅད་ཡོད་དོ། །གཟུགས་ཀྱི་ཁམས་ན་ནི་སྐྱེས་པ་དང་བུད་མེད་ཀྱི་དབང ་པོ་དང། སྣའི་དབང་པོ་དང་ལྕེའི་དབང་པོ་མེད་དོ། །འདོད་པའི་འདོད་ཆགས་དང། ཁ་ཟས་ཁམ་གྱིས་ཟ་བ་དང་ཆགས་པ་བྲལ་བའི་ཕྱིར་དེ་བཞིན་དུ་སྡུག་བསྔལ་གྱི་དབང་པོ་ཡང་མེད་དེ། །ལུས་ཤིན་ཏུ་དང་བས་ཕྱིའི་ཡུལ་གྱི་གནོད་པ་མེད་པ་དང། ་མི་དགེ་བའི་རྣམ་པར་སྨིན་པ་མེད་པའི་ཕྱིར་ཡིད་མི་བདེ་བའི་དབང་པོ་ཡང་མེད་དེ། ཞི་གནས་ཀྱི་སེམས་ཀྱི་རྒྱུད་རྟག་ཏུ་དད་བ་དང་གཉེན་པར་བྱ་བའི་ཕྱིར་རོ། །གཟུགས་མེད་པའི་ཁམས་ན་ནི་དད་པ་ལ་སོགས་པའི་དབང་པོ་ལྔ་དང། ཡིད་དང ་བཏང་སྙོམས་ཀྱི་དབང་པོ་དང། འཆི་བའི་དབང་པོ་དང་བརྒྱད་ཡོད་ཀྱི་གཞད་མེད་དོ། །ཡང་ན་རིགས་ཀྱི་ས་ལ་གནས་པའི་ཚེ་འཕགས་པའི་བདེན་པ་བཞི་མ་རྟོགས་པ་རྟོགས་པར་བྱ་བའི་ཕྱིར། ཞུགས་པའི་དད་པ་ལ་སོགས་པའི་དབང་པོ་ལྔ་ནི ་མི་ཤེས་བ་ལ་ཤེས་སོ་ཞེས་བྱ་བའི་དབང་པོ་སྟེ། ཅིའི་ཕྱིར་ཞེ་ན་བདེན་པ་མ་ཤེས་པ་རྣམས་ཤེས་པར་བྱའོ་ཞེས་སྦྱོར་བའི་ཕྱིར་རོ། །སློབ་པའི་ས་ལ་བདེན་པ་བཞི་ཁོང་དུ་ཆུད་པར་འགྱུར་བའི་དད་པ་ལ་སོགས་པའི་དབང་པོ་ལྔ་ལ་ནི་ཤེས་པའི་དབང་པོ ་ཞེས་བྱ་སྟེ། ཤེས་བྱ་ཤེས་པར་གྱུར་པའི་ཕྱིར་རོ། །མི་སློབ་པའི་ས་ན་མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱ་བའི་ཕྱིར། དེའི་ཚེ་དད་པ་ལ་སོགས་པའི་དབང་པོ་ལྔ་ནི་ཤེས་པ་དང་མ་བྲལ་བའི་དབང་པོ་ཞེས་བྱ་བ་སྟེ། ཤེས་བྱ་མ་ལུས་པར ་ཤེས་པ་དང་ལྡན་པའི་ཕྱིར་རོ། །ཡང་ན་དད་པའི་རྗེས་སུ་འབྲང་བའི་གང་ཟག་རྣམས་ཀྱི་དབང་པོ་ནི་མི་ཤེས་པ་ཤེས་པར་བྱ་བའི་འཇུག་པ་ནི་མི་ཤེས་པ་ལ་ཤེས་སོ་ཞེས་བྱ་བའི་དབང་པོར་བཞག་གོ། རྒྱུན་ཏུ་འཇུག་པ་ནས་དགྲ་བཅོམ་པ་ལ་འཇུག་པའི་བར་གྱི་གང ་ཟག་རྣམས་ཀྱི་དབང་པོ་ནི་བདེན་པ་ཤེས་པར་གྱུར་པས་ཤེས་པའི་དབང་པོར་བཞག་གོ། དགྲ་བཅོམ་པའི་འབྲས་བུ་ཐོབ་སྟེ། མི་སློབ་པའི་ས་ལ་གནས་པ་གང་ཟག་རྣམས་ཀྱི་དབང་པོ་ནི་ཀུན་ཤེས་པ་མི་ཉམས་པའི་ཆོས་དང་ལྡན་པས་ཤེས་པ་དང་མ་བྲལ་བའི ་དབང་པོ་ཞེས་བྱའོ། །དབང་པོ་འདི་གསུམ་ཅིའི་ཕྱིར་རིམ་པ་འདི་ལྟར་བཀོད་ཅེ་ན། འདི་ནི་སྡུག་བསྔལ། འདི་ནི་ཀུན་འབྱུང། འདི་ནི་འགོག་པ། འདི་ནི་ལམ་ཞེས་ཆོས་ཀྱི་འཁོར་ལོ་དང་པོར་རྣམ་པ་བཞིར་བསྐོར་བ་ན་དབང་པོ་དང་པོ་སྟེ། མི་ཤེས་པ་ལ་ཤེས་པའི ་དབང་པོའོ། །སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ་ཞེས་ཆོས་ཀྱི་འཁོར་ལོ་རྣམ་པ་བཞི་ལན་གཉིས་པ་བསྐོར་བའི་ཚེ་ན་ནི་དབང་པོ་གཉིས་ཏེ། ཤེས་པའི་དབང་པོའོ། །སྡུག་བསྔལ་ཤེས ་པར་བྱས་པས་ད་ཤེས་པར་བྱ་མི་དགོས། ཀུན་འབྱུང་སྤང་བར་བྱས་པས་ད་སྤང་མི་དགོས། འགོག་པ་མངོན་དུ་བྱས་པས་ད་མངོན་དུ་བྱ་མི་དགོས། ལམ་བསྒོམས་པས་དེ་བསྒོམ་མི་དགོས་ཞེས་ཆོས་ཀྱི་འཁོར་ལོ་རྣམ་པ་བཞི་ལན་གསུམ་དུ་བསྐོར ་བའི་ཚེ་ན་ནི་དབང་པོ་གསུམ་རྣམ་པར་བཞག་སྟེ། ཤེས་པ་དང་བྲལ་བའི་དབང་པོའོ། །དེ་ལ་མི་ཤེས་པ་ལ་ཤེས་སོ་ཞེས་བྱ་བའི་དབང་པོའི་དུས་ན་ནི་ཐོག་མར་དགེ་བའོ། །ཤེས་པའི་དབང་པོའི་དུས་ན་ནི་བར་དུ་དགེ་བའོ། །ཤེས་པ་དང་མ་བྲལ་བའི ་དུས་ན་ནི་ཐ་མར་དགེ་བ་སྟེ། དེའི་ཕྱིར་ཡང་རིམ་པ་འདི་ལྟར་བཀོད་དོ། །ཚུལ་ཁྲིམས་ཀྱི་ཕུང་པོ་དང། ཏིང་ངེ་འཛིན་གྱི་ཕུང་པོ་དང། ཤེས་རབ་ཀྱི་ཕུང་པོ་ལས་གནས་པའི་ཚེ་ནི་མི་ཤེས་པ་ཤེས་སོ་ཞེས་བྱ་བའི་དབང་པོའོ། །རྣམ་པར་གྲོལ་བའི ་ཕུང་པོ་ལ་གནས་པའི་ཚེ་ན་ནི་ཤེས་བའི་དབང་པོའོ། །རྣམ་པར་གྲོ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ལ་གནས་པའི་ཚེ་ན་ནི། ཤེས་པ་དང་མ་བྲལ་བའི་དབང་པོའོ། །དེ་ལ་དབང་པོའི་དོན་ཅི་ཞེས་སྨྲས་པ། དབང་པོའི་དོན ་ནི་རྒྱ་གར་སྐད་དུ་ཨིནྡྲ་ཡཱ་ཞེས་འབྱུང་སྟེ། ཨིནྡྲ་ཡའི་དོན་ནི་ཕྱུག་པའམ། དབང་བྱེད་པ་སྟེ། གཟུགས་ལ་སོགས་པ་ཡུལ་ལ་དབང་བྱེད་པའི་དོན་ནི་དབང་པོའི་དོན་ཏོ། །འོ་ན་དབང་པོ་གང་དག་ཡུལ་གང་ལ་དབང་བྱེད་ཅེ་ན། མིག་གི ་དབང་པོ་ནས་ལུས་ཀྱི་དབང་པོའི་བར་དུ་ལྔ་ནི་དོན་རྣམ་པ་བཞི་ལ་དབང་བྱེད་པས་དབང་པོའོ། །དེ་ལ་ཐང་ཅིག་མིག་དང་རྣ་བ་གཉིས་དོན་རྣམ་པ་བཞི་ལ་དབང་བྱེད་དེ། དོན་རྣམ་པ་བཞི་ནི་རང་གི་ངོ་བོ་མཛེས་པར་བྱ་བ་དང། རང་གི ་ངོ་བོ་བསྲུང་བ་དང། རྣམ་པར་ཤེས་པ་ལྡན་པ་དང་བཅས་པ་བསྐྱེད་པ་དང། ཐུན་མོང་མ་ཡིན་པའི་རྒྱུ་ལ་དབང་བྱེད་དོ། །རང་གི་ངོ་བོ་མཛེས་པ་ལ་དབང་བྱེད་པ་ནི་མིག་དང་རྣ་བའི་དབང་པོ་མེད་ན་ལོང་བ་དང་འོན་བ་ལ་སོགས་པའི ་གཟུགས་ཤིན་ཏུ་མི་མཛེས་བའི་ཕྱིར་རོ། །རང་གི་ངོ་བོ་བསྲུང་བ་ལ་དབང་བྱེད་པ་ནི་ཉམ་ངའི་གནས་དག་མིག་གིས་མཐོང་ཞིང་རྣ་བས་ཀྱང་ཐོས་ནས་ཡོངས་སུ་སྤོང་བར་བྱེད་པའི་ཕྱིར་རོ། །རྣམ་པར་ཤེས་པ་ལྡན་པ་དང ་བཅས་བ་སྐྱེད་པ་ལ་དབང་བྱེད་པ་ནི། མིག་དང་རྣ་བའི་དབང་པོའི་མཐུས། མིག་གི་རྣམ་པར་ཤེས་པ་དང། རྣ་བའི་རྣམ་པར་ཤེས་པ་སེམས་ལ་བྱུང་བ་དང་ལྡན་པ་བསྐྱེད་པའི་ཕྱིར་རོ། །ཐུན་མོང་མ་ཡིན་པའི་རྒྱུ་ལ ་དབང་བྱེད་པ་ནི། གཟུགས་ཀྱང་མིག་གི་དབང་པོ་ཉིད་ཀྱིས་མཐོང་གི་དབང་པོ་གཞན་གྱིས་མ་ཡིན་པ་དང། སྒྲ་ཡང་རྣ་བའི་དབང་པོ་ཐོས་ཀྱིས་དབང་པོ་གཞན་གྱིས་མི་ཐོས་པའི་ཕྱིར། སྣ་དང་ལྕེ་དང་ལུས་ཀྱི་དབང་པོ་ཡང ་དོན་རྣམ་པ་བཞི་ལ་དབང་བྱེད་དེ། རང་གི་ངོ་བོ་མཛེས་པ་ལ་དབང་བྱེད་པ་ནི། སྣའི་དབང་པོ་དང་ལྕེའི་དབང་པོ་དང། ལུས་ཀྱི་དབང་པོ་དང་མི་ལྡན་པ་རྣམས་གཟུགས་རབ་ཏུ་མི་མཛེས་པའི་ཕྱིར་རོ། །རང་གི་ངོ་བོ་སྲུང་བ་ལ་དབང་བྱེད་པ་ནི། ཁམ་ཀྱིས་ཟ ་བའི་ཁ་ཟས་དང་དྲི་དང་རེག་བྱའི་ཁྱད་པར་གྱིས་ལུས་རྟས་པར་བྱེད་པའི་ཕྱིར་རོ། །རྣམ་པར་ཤེས་པ་དང་ལྡན་བ་དང་བཅས་པ་བསྐྱེད་བ་ལ་དབང་བྱེད་པ་ནི་སྣ་དང། ལྕེ་ལ་སོགས་པ་དབང་པོའི་མཐུས་སྣ་ལ་སོགས་པའི་རྣམ་པར་ཤེས་པ་སེམས་ལས་བྱུང ་བ་དང་བཅས་པ་སྐྱེད་བར་བྱེད་པའི་ཕྱིར་རོ། །ཐུན་མོང་མ་ཡིན་པའི་རྒྱུ་ལ་དབང་བྱེད་པ་ནི་དྲི་སྣའི་དབང་པོ་ཉིད་ཀྱིས་ཚོར་བ་དང། རོ་ལྕེའི་དབང་པོ་ཉིད་ཀྱིས་མྱོང་བ་དང། རེག་བྱ་ལུས་ཀྱིས་ཚོར་ཏེ། དབང་པོ་གཞན་གྱིས་བྱེད་པར་མི་ནུས་པའི ་ཕྱིར་རོ། །ཡིད་ཀྱི་དབང་པོ་དང། བུད་མེད་ཀྱི་དབང་པོ་དང། སྐྱེས་པའི་དབང་པོ་དང། ཚོར་བའི་དབང་པོ་བཞི་ནི། སོ་སོར་དོན་རྣམ་པ་གཉིས་ལ་དབང་བྱེད་པས་དབང་པོའོ། །དེ་ལ་ཐར་ཅིག་སྐྱེས་པ་དང། བུད་མེད་ཀྱི་དབང་པོ་ནི་ཀུན་ནས་ཉོན་མོངས་པ ་དང། རྣམ་པར་བྱང་བ་ལ་དབང་བྱེད་དེ། ཇི་ལྟར་སྐྱེས་པ་དང་བུད་མེད་ཀྱི་དབང་པོ་དང་མི་ལྡན་པ་མ་ནིང་དང་ཟ་མ་ལ་སོགས་པ་སྡོམ་པ་མ་ཡིན་པ་དང། མཚམས་མེད་པ་བྱེད་པ་དང། དགེ་བའི་རྩ་བ་ཆད་པ་ཡང་མེད་པ་དང། སྡོམ་པ་དང། འབྲས་བུ ་ཐོབ་པ་དང། འདོད་ཆགས་དང་བྲལ་བ་རྣམས་སུ་མི་འགྱུར་བས་ནའོ། །འཚོ་བའི་དབང་པོ་ཡང་དོན་རྣམ་པ་གཉིས་ལ་དབང་བྱེད་དེ། རིས་གཅིག་པའི་སེམས་ཅན་རིགས་སོ་སོར་སྐལ་བ་མཉམ་པ་རྒྱུན་ཏུ་འབྲེལ་བ་ལ་དབང་བྱེད་པ་དང། དེ་མི ་ཉམས་པར་འཛིན་པ་ལ་དབང་བྱེད་དེ། ཇི་སྲིད་དུ་འཚོ་བའི་དབང་རྤོ་ཡོད་ཀྱི་བར་དུ་རིས་གཅིག་པའི་སྐལ་བ་མཉམས་པའི་སྐད་ཅིག་མའི་བྲེང་མཐུན་པར་གནས་ལ། ཚེའི་འདུ་བྱེད་ཀྱང་མི་འཇིགས་པར་འཛིན་པའི་ཕྱིར་རོ། །ཡིད་ཀྱི་དབང་པོ་ཡང ་དོན་རྣམ་པ་གཉིས་ལ་དབང་བྱེད་དེ་ཡང་སྲིད་པ་འབྲེལ་པ་དང་དབང་དུ་གྱུར་པའོ། །ཡང་སྲིད་པ་འབྲེལ་པ་ནི་འདོད་ཆགས་དང་བཅས་པའི་ཡིད་དམ། ཞེ་སྡང་གདང་བཅས་པའི་ཡིད་ཀྱིས་སྐྱེ་བའི་མཚམས་སྦྱོར་བའི ་ཕྱིར་རོ། །དབང་དུ་གྱུར་པ་ནི་འཇིག་རྟེན་འདི་དག་སེམས་ཀྱིས་ཁྲིད་དོ་ཞེས་འབྱུང་བའི་ཕྱིར་རོ། །གང་སྡུག་བསྔལ་གྱི་དབང་པོ་ལ་སོགས་པ་ལྔ་དང། ཅད?་པའི་དབང་པོ་ནས་ཤེས་པ་དང་མ་བྲལ་པའི་དབང་པོ་རྣམས་ནི་ཀུན་ནས་ཉོན་མོངས ་བ་དང་རྣམ་པར་བྱང་བའི་ཆོས་གཉིས་ལ་དབང་བྱེད་དེ་ཇི་ལྟར་ཞེན་སྡུག་བསྔལ་གྱི་དབང་པོ་ལ་སོགས་པ་ལྔ་ལས་བདེ་བ་དང། ཡིད་བདེ་བའི་དབང་པོ་གཉིས་ཀྱིས་འདོད་ཆགས་བག་ལ་ཉལ་བ་བྱེད་དོ། །སྡུག་བསྔལ་དང་ཡིད་མི ་བདེ་བའི་དབང་པོ་གཉིས་ཀྱིས་ཞེ་སྡང་བག་ལ་ཉལ་བར་བྱེད་དོ། བཏང་སྙོམས་ཀྱི་དབང་པོས་ནི་གཏི་མུག་བག་ལ་ཉལ་བྱེད་དོ། །ཡང་ན་མིག་གི་དབང་པོ་ན་ས་ལུས་ཀྱི་དབང་པོའི་བར་དུ་ལྔ་པོ་དག་ནི། གཟུགས་ལ་སོགས་པ་རང་རང ་གི་ཡུལ་ལ་དབང་བྱེད་པའི་ཕྱིར་དབང་པོའོ། །ཡིད་ཀྱི་དབང་པོ་ནི་ཆོས་ཐམས་ཅད་ལ་དམིགས་པའི་སྒོ་ནས་ཆོས་ཀུན་ལ་དབང་བྱེད་པས་ན་དབང་པོའོ། །བུད་མེད་ཀྱི་དབང་པོ་ནི་བུད་མེད་ཀྱི་ངོ་བོ་ལ་དབང་བྱེད་དེ་བུད་མེད་ཀྱི་ངོ་བོ་ནི་བྱང ་ལག་དང། ང་རོ་དང། བསམ་པ་དང་སྦྱོང་པ་སྟེ། དེ་དག་ལ་བུད་མེད་ཀྱི་དབང་པོས་དབང་བྱེད་དོ། །དེ་ལ་བྱད་ལག་ནི་སྟོང་ཕྲ་སྨད་སྦོ?་ལ་ནུ་མ་དང་བཅས་པའོ། །ང་རོ་ནི་འཇམ་ཞིང་མཉན་པའོ། །བསམ་པ་ནི་བུད་མེད་ཐམས་ཅད་ཀྱང ་སྐྱེས་པ་ལ་སེམས་གཏོང་བའོ། །སྤྱོད་པ་ནི་བུད་མེད་ཐམས་ཅད་ཀྱང་སྤྱོད་པ་མི་གཙང་བའོ། །སྐྱེས་པའི་དབང་པོ་ནི་སྐྱེས་པའི་ངོ་བོ་ལ་དབང་བྱེད་པ་སྟེ། དེ་ལ་སྐྱེས་པའི་ངོ་བོ་ཡང་བྱད་ལག་དང་བསམ་པ་དང་སྦྱོང་པ་སྟེ། དེ་ལ་སྐྱེས ་བའི་དབང་པོ་དབང་བྱེད་དོ། །དེ་ལ་བྱད་ལག་ནི་སྟོང་སྦོམ་པའོ། །ང་རོ་ནི་སྒྲ་ཆེ་ལ་ཟབ་པའོ། །བསམ་པ་ནི་སྐྱེས་བ་ཀུན་ཀྱང་བུད་མེད་ལ་སེམས་འཇུག་པའོ། །སྦྱོང་བ་ནི་སྐྱེས་བ་ཀུན་ཀྱང་སྤྱོད་པ་གཙང་བའོ། །འཚོ་བའི་དབང་པོ་ནི་གཅིག་པའི་སྐལ་བ་མཉམ ་བར་གནས་པར་བྱ་བ་ལ་དབང་བྱེད་དོ། །སྡུག་བསྔལ་གྱི་དབང་པོ་ལ་སོགས་པ་ལྔ་ནི་ཀུན་ནས་ཉོན་མོངས་པ་ལ་དབང་བྱེད་དེ། ཇི་ལྟར་ཀུན་ནས་ཉོན་མོངས་པ་ལ་དབང་བྱེད་པ་ནི་སྔར་བཤད་པ་བཞིན་ནོ། །ཁ་ཅིག་ན་རེ་ལྔ་པོ་དེ་དག་རྣམ་པར་བྱང་བ་ལ་དབང ་བྱེད་དོ་ཞེས་འཆད་དོ། །འདི་ལྟར་སྡུག་བསྔལ་བའི་རྒྱུ་ལ་དད་པ་སྐྱེའོ། །བདེ་བ་ལས་སེམས་རྩེ་གཅིག་པར་འགྱུར་རོ། །ཡིད་བདེ་བ་དང་མི་བདེ་བའི་དབང་པོ་ཡང་མྱ་ངན་ལས་འདས་པའི་ལམ་ལ་དམིགས་པ་ལས་འབྱུང་བར་བྱེད་དོ། །འདི་ལྟར་ལམ་ལ ་དམིགས་ན་ནི་བདེ་བ་སྐྱེའོ། །ལམ་ལ་དམིགས་པར་མ་བྱས་ན་ནི་བདག་གིས་མ་བྱས་སོ་ཞེས་ཡིད་མི་བདེ་བ་སྐྱེའོ། །ནམ་ཀུན་ནས་ཉོན་མོངས་པ་སྤངས་ཏེ། ལམ་ལྷུན་གྱིས་གྲུབ་པ་ནི་བདེ་བ་དང་ཡིད་བདེ་བ་དང་མི་བདེ་བ་གཉིས་ཀ་མི་དམིགས་སོ། །དད་པ ་ལ་སོགས་པ་ལ་དབང་པོ་ལྔ་ནི་རྣམ་པར་བྱ་བའི་ཕྱོགས་ལ་དབང་བྱེད་དེ། ཇི་ལྟར་འཇིག་རྟེན་པའི་ལམ་དུ་གཏོགས་པའི་དད་པ་ལ་སོགས་པ་ལྔས་ནི་ཉོན་མོངས་པ་འཇིལ་བར་བྱེད་དོ། །དེས་པར་འབྱེད་པའི་ཕྱོགས་བཞིར་གཏོགས་པའི་དད་པ་ལ ་སོགས་པ་ལྔ་ནི་ལམ་ལ་འཇུག་པར་བྱེད་དེ། དེ་མ་ཐག་ཏུ་མཐོང་བའི་ལམ་སྐྱེ་བའི་ཕྱིར་རོ། །མི་ཤེས་པ་ལ་ཤེས་སོ་བྱ་བའི་དབང་པོ་ཤེས་པའི་དབང་པོ་ལ་བྱེད་དེའི་རྗེས་ལ་ཤེས་པའི་དབང་པོ་འབྱུང་བའི་ཕྱིར་རོ། །ཞེས་པའི་དབང་པོ་ནི་ཤེས་པ་དང ་མ་བྲལ་བ་དབང་བྱེད་དེ། ཤེས་པའི་དབང་པོའི་འོག་ཏུ་ཤེས་པ་དང་མ་བྲལ་བའི་དབང་པོ་སྐྱེ་བའི་ཕྱིར་རོ། །ཤེས་པ་དང་མ་བྲལ་བའི་དབང་པོ་ནི་མྱ་ངན་ལས་འདས་པ་ལ་དབང་བྱེད་དེ་སེམས་རྣམ་པར་མ་གྲོལ་བར་མྱ་ངན་ལས་འདས་པ་མི་འཐོབ ་བའི་ཕྱིར་རོ། །ཡང་ན་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤང་བ་ལ་མི་ཤེས་པ་ལ་ཤེས་སོ་ཞེས་བྱ་བའི་དབང་པོ་ལ་དབང་བྱེད་དོ་དེའི་དབང་གིས་མཐོང་བའི་སྨད་པར་བྱ་བའི་ཉོན་མོངས་པ་སྤོང་བའི་ཕྱིར་རོ། །བསྒོམ་པས་སྤང་བར་བྱ་བའི་ཉོན ་མོངས་པ་སྤང་བ་ལ་ཤེས་པའི་དབང་པོ་དབང་བྱེད་དེ། དེའི་མཐུས་བསྒོམ་པས་སྤང་པར་བྱ་བའི་ཉོན་མོངས་བ་མེད་པར་འགྱུར་པའི་ཕྱིར་རོ། །མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱ་བ་ལ་ཤེས་པ་དང་མ་བྲལ་བའི་དབང་པོ་ལ་དབང་བྱེད་དེ། དགྲ་བཅོམ ་བའི་དུས་ན་རྣམ་པར་གྲོལ་བའི་བདེ་བ་སོ་སོར་མྱོང་བ་ལས་བྱ་བ་གཞན་མོད་བའི་ཕྱིར་རོ། །ཅིའི་ཕྱིར་དབང་པོ་ཉི་ཤུ་རྩ་གཉིས་ཉིད་དུ་གསུངས་ལ་མང་དུ་ཡང་མ་ཡིན་ཉུང་དུ་ཡང་མ་ཡིན་ཞེ་ན། སྨྲས་པ་སེམས་ཀྱི་རྟེན་དང་དེར་རྣམ་པར་རྟག་པ་དང་གནས ་པ་དང་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའི་ཆོས་ཀྱི་ཕྱིར་དབང་པོ་ཉི་ཤུ་རྩ་གཉིས་ཁོ་ནར་བཤད་དོ། །དེ་ལ་སེམས་ཀྱི་རྟེན་ན་མིག་གི་དབང་པོ་ནས་ཡིད་ཀྱི་དབང་པོའི་བར་དུ་དྲུག་གི། དེར་རྣམ་པར་རྟོག་པ་ནི་བུད་མེད་དང་སྐྱེས་བའི་དབང ་པོ་གཉིས་ཏེ། གཉིས་ཀྱི་དབང་པོའི་སྒོ་ནས་འདི་ནི་སྐྱེས་བ་འདི་ནི་བུད་མེད་ཅེས་རྟོག་པའི་ཕྱིར་རོ། །འཚོ་པའི་དབང་པོས་ནི་གནས་པར་བྱད་དོ། །ཚོར་བ་ལ་སོགས་ལ་ལྔས་ནི་ཀུན་ནས་ཉོན་མོངས་པར་བྱེད་དོ། །དད་པ་ལ་སོགས་པ་ལྔས་ནི ་རྣམ་པར་བྱང་བའི་ཚོགས་སོགས། །མི་ཤེས་པ་ལ་ཤེས་སོ་ཞེས་བྱ་བ་ལ་སོགས་པའི་དབང་པོ་གསུམ་ནི་རྣམ་པར་བྱང་བའི་ངོ་བོའོ། །ཡང་ན་འཇུག་པའི་རྟེན་དང་སྐྱེ་བ་དང་གནས་པ་དང་ཀུན་ཏུ་ལོངས་སྤྱོད་པ་དང། ལྡོག་པའི་རྟེན་དང། ་སྐྱེ་བ་དང། གནས་པ་དང་ཀུན་ཏུ་ལོངས་སྤྱོད་པའི་ཕྱིར་དབང་པོ་ཉི་ཤུ་རྩ་གཉིས་ཁོ་ན་ལས་མང་དུ་ཡང་མ་བཤད་ཉུང་དུ་ཡང་མ་བཤད་དོ། །དེ་ལ་འཁོར་བར་འཇུག་པ་འམ་ཡུལ་ལ་འཇུག་པའི་རྟེན་ནི་མིག་གི་དབང་པོ་ནས་ཡིད་གྱི ་དབང་པོའི་བར་དུ་དྲུག་གོ། སྐྱེ་བར་བྱེད་པ་ནི་སྐྱེས་པ་དང་བུད་མེད་ཀྱི་དབང་པོ་གཉིས་ཏེ། དེ་གཉིས་ལས་སེམས་ཅན་སྐྱེ་བའི་ཕྱིར་རོ། །གནས་པ་ནི་འཚོ་པའི་དབང་པོ་སྟེ་དེའི་མཐུས་གནས་པར་བྱེད་པས་སོ། །ཀུན་ཏུ་ལོངས་སྦྱོར་བ་ནི་སྡུག་བསྔལ་ལ་སོགས ་པ་ལྔ་སྟེ། སྡུག་བསྔལ་དང་ཡིད་མི་བདེ་བའི་དབང་པོས་ནི་ཚོར་བའི་སྡུག་བསྔལ་མྱོང་བར་བྱེད་དོ། །བདེ་བ་དང་ཡིད་བདེ་བའི་དབང་པོས་ནི་ཚོར་བ་བདེ་བ་མྱོང་བར་བྱེད་དོ། །བཏང་སྙོམས་ཀྱི་དབང་པོས་ནི། ཚོར་བ་བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང ་མ་ཡིན་པ་མྱོང་བར་བྱེད་དོ། །འཁོར་བ་ལས་ལྡོག་པའི་རྒྱུ་ནི་དང་པ་ལ་སོགས་པ་དབང་པོ་ལྔའོ། །ལྡོག་པའི་སྐྱེ་བའི་རྒྱུ་ནི་མི་ཤེས་སོ་ཞེས་པའི་དབང་པོ་སྟེ། དེའི་མཐུས་ཁམས་གསུམ་ལས་ལྡོག་པའི་ཕྱིར་རོ། །གནས་པ་ནི་ཤེས་པའི་དབང་པོ་སྟེ། དེའི ་ཚེ་འཁོར་བ་ལས་ལྡོག་པའི་མཚན་ཉིད་བསྒོམ་བའི་ལམ་ལ་གནས་པའི་ཕྱིར་རོ། །ཀུན་ནས་ལོངས་སྤྱོད་པ་ནི་ཤེས་པ་དང་མ་བྲལ་བའི་དབང་པོ་སྟེ། དེའི་དུས་ན་རྣམ་པར་གྲོལ་བའི་བདེ་བ་སོ་སོར་མྱོང་བའི་ཕྱིར་རོ། །དབང་པོ་ཉི་ཤུ་རྩ་གཉིས ་བཤད་ཟིན་ཏོ།། །།དབང་པོ་ཉི་ཤུ་རྩ་གཉིས་བསྟན་པའི་འོག་ཏུ་བསམ་གཏན་དེ། དེ་བས་ན་ཇི་ལྟར་བསམ་གཏན་དེ་བཞིན་དུ་བཤད་པར་འདོད་པས། བསམ་གཏན་བཞི་གང་ཞེ་ན། །ཞེས་བྱ་བ་ལ་སོགས་པ་བྲིས་སོ།། ་བསམ་གཏན་ཞེས་བྱ་བའི་དོན་ཅི། འདིས་བསྒོམ་ཞིང་བསམ་གཏན་བྱེད་བས་ན། བསམ་གཏན་ཏེ་རབ་ཏུ་ཤེས་པར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་ཡང་དོན་དུ་ན་སེམས་མཉམ་པར་བཞག་ཅིང་རྩེ་གཅིག་ཏུ་བཞག་པ་ནི་བསམ་གཏན ་ཏེ། དེ་ལ་མཉམ་པར་བཞག་པ་ལ་རབ་ཏུ་ཤེས་པ་ཞེས་བྱ་བར་ཅི་མངོན་ཞེ་ན། འདི་ལྟར་སེམས་མཉམ་པར་བཞག་པ་ལས་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཤེས་སོ་ཞེས་འབྱུང་བའི་ཕྱིར་རོ། །དེ་ལ་བསམ་གཏན་གྱི་སྒྲའི་དོན་སེམས་ལ་བྱ ་མོད་ཀྱི། སེམས་ཉིད་འདིར་ཤེས་རབ་ལ་བྱ་བར་རིག་པར་བྱ་སྟེ། སངས་རྒྱས་ཀྱི་གྲུབ་པའི་མཛའ་ཨི་ཚུལ་གྱིས་དེ་ཡིན་པའི་ཕྱིར་རོ། །དེ་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། དགེ་པའི་ཆོས་ལ་སེམས་རྩེ་གཅིག་པ་ནི་བསམ ་གཏན་ནོ་ཞེས་བྱ་བའི་དོན་ཏོ། །བསམ་གཏན་དང་པོ་བསྟན་པའི་ཕྱིར། །འདི་ལ་དགེ་སློང་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལ་ཞེས་བྱ་བ་ནི་འདིར་ཞེས་བྱ་བའི་དོན། །འདོད་པའི་ཁམས་འདིར་གནས་པའི་གང་ཟག་ཅེས་བྱ་བའི་དོན་ཏོ། །དགེ་སློང ་དག་ཅེས་བྱ་བ་ནི་བོས་ཏེ་བཀའ་སྩལ་པ། དགེ་སློང་ཞེས་བྱ་བ་ནི་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པའི་དགེ་སློང་ཞེས་བྱ་བའི་དོན་ཏོ། །དེ་ལ་བསམ་གཏན་དང་པོ་དེ་ཡང་འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བའི་ངོ་བོ་ཡིན་བས ་འདོད་པའི་འདོད་ཆགས་དང་བྲལ་པའི་རྒྱུ་ཉིད་ལས་སྐྱེའོ། གཞན་ལས་མ་ཡིན་པ་བསྟན་པའི་ཕྱིར། འདོད་པ་ལས་དབེན་པ་ཞེས་བྱ་བ་གསུངས་ཏེ། །འདོད་པའི་ཁམས་ཀྱི་འདོད་པ་འམ་ཡོན་ཏན་ལྔ་ལ་ཆགས་པ་སྤང་བ་ཞེས་བྱ་བའི་དོན་ཏོ། ། ་འདིར་ཁོང་ཁྲོ་བ་མ་གཏོགས་པར་གོང་འདོད་པའི་ཁམས་ཀྱི་འདོད་ཆགས་པའི་ཉོན་མོངས་པ་ལ་འདོད་བ་ཞེས་བྱ་བའི་སྒྲར་བརྗོད་དེ། དེ་སྤངས་ན་འདོད་པ་ལ་དབེན་པའོ། །སྡིག་པ་མི་དགེ་བའི་ཆོས་ལས་དབེན་པ་ཞེས་བྱ་བ་ཁོང་ཁྲོ ་བ་ལ་སོགས་པའི་མཚན་ཉིད་ཞེ་སྡང་གི་ཆ་རྣམས་དང། དེའི་རྒྱུ་ལས་སྐྱེས་བའི་སེམས་ཅན་ལ་སྡེག་བ་དང། གསོད་པ་ལ་སོགས་པ་སྤངས་པའོ། །དེ་ལ་མི་དགེ་བ་འབའ་ཞིག་སྨོས་ཀྱི། སྡིག་པའི་ཚིག་མ་སྨོས་ན་ནི་མི་དགེ་བའི་ཚིག ་འདོད་པའི་ཁམས་ཀྱི་ཉོན་མོངས་པ་གཞན་ལ་ཡང་བྱ་བ་ཡིན་པས་ལན་གཉིས་སུ་སྨོས་པར་འགྱུར་རོ། །དེ་པས་ན་སྡིག་པ་ཞེས་བྱ་བའི་ཚིག་སྨོས་ཏེ། བདག་དང་གཞན་གྱི་རྒྱུད་མ་རུངས་བར་བྱེད་པས། ཞེ་སྡང་ཁ་ན་མ་ཐོ་བ་ཆེ་བའི་ཕྱི ་སྡིག་བ་ཞེས་བྱའོ། །རྣམ་པར་རྟོག་པ་དང་བཅས་དཔྱོད་པ་དང་བཅས་ཞེས་བྱ་བ་ལ་རྟོག་པ་དཔྱོད་པ་ཅེས་བྱ་བའི་དོན་ཏོ། འདོད་པའི་ཁམས་ཀྱི་ཆོས་རྣམས་ལ་སྐྱོན་དང་ཉེས་བར་ལྟ་བའི་རྟོག་པ་དང་དཔྱོད་པར་ལྡན་ཞེས་བྱ་བའི་ཐ་ཚིག་གོ། རྩིང་པ་དང་རིགས? ་བར་རྟོགས་བ་ནི་རྟོག་པའོ། །ཞིབ་ཏུ་འཛིན་ཅིང་རྟོག་པ་ནི་དཔྱོད་པའོ། །དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཞེས་བྱ་བ་ལས་དབེན་པའི་སྒྲས་ནི། འདོད་པའི་འདོད་ཆགས་སྤངས་པ་དང། སྡིག་པ་མི་དགེ་བའི་ཆོས་སྤངས་པ་ལ་བྱ་སྟེ་དེ་ལས ་སྐྱེས་པའི་དགའ་བ་དང་བདེ་བ་དང་ལྡན་ཞིང་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ཏེ་གནས་སོ་ཞེས་སྦྱར་རོ། །དབེན་པ་ལས་སྐྱེས་པའི་སྒྲས་དག?་པ་དང་ཟག་པ་མེད་པའི་བསམ་གཏན་ལ་བྱ་བར་སྟོན་ཏེ། དགེ་བ་ནི་འཇིག་རྟེན་པའི་བསམ ་གཏན་གོང་མ་ལ་གྲོལ་བར་འདུ་ཤེས་ལ་འོག་མ་ལ་ཟུག་རྔུར་འདུ་ཤེས་པ་སྟེ། བསམ་གཏན་གྱི་རོལ་ཆགས་བ་དང། ང་རྒྱལ་མེད་པའི་མཚན་ཉིད་དོ། ཟག་པ་མེད་པ་ནི་འཕགས་པའི་བདེན་པ་བཞིའི་སྒོ་ནས་ཞུགས་པ་ལས་ཐོབ་པ ་འཇིག་རྟེན་ལས་འདས་པའི་མཚན་ཉིད་དོ། །དགའ་བའི་སྒྲས་ནི་ཡིད་བདེ་བ་ལ་བྱའོ། །བདེ་བའི་སྒྲས་ནི་བག?་ཡངས་ཀྱི་བདེ་བ་ལ་བྱ་སྟེ། འདི་ལྟར་སེམས་ལ་སུ་རུང་བའི་ཏིང་ངེ་འཛིན་དང། རྗེས་སུ་མཐུན་པའི་བག་ཡངས་ཀྱི་བདེ་བ་ལ་བདེ་བ་ཞེས་བྱའོ། ཚོར་བ་བདེ་བ་ལ་ནི་མི་བྱའོ། །སྨྲས ་པ། འོ་ན་ཅིའི་ཕྱིར་འདིར་ཚོར་བ་འདི་ལ་བྱའོ། །ཞེས་དམིགས་ཀྱིས་ཕྱེ་བ་མེད་པ་བདེ་བ་ཞེས་སྤྱི་ཙམ་ཏུ་སྨོས། ལན་དུ་གལ་ཏེ་ཚོད་བའི་བདེ་བ་ཡིན་པར་འདོད་ན། ལུས་ཀྱི་ཚོར་བའི་བདེ་བ་འམ། སེམས་ཀྱི་ཚོར་པའི་བདེ་བ་ཡིན་གང?་མ ་འདི་ལྟར་སྙོམས་པར་འཇུག་པའི་དུས་ན། ལུས་ཀྱི་བདེ་བ་ནི་ཡོད་པར་མི་རིགས་ཏེ་མཉམ་པར་བཞག་པའི་ཚེ་རྣམ་པར་ཤེས་པ་ལྔའི་ཚོགས་མེད་པའི་ཕྱིར་རོ། །སེམས་ཀྱི་བདེ་བ་ཡང་མི་བྱ་སྟེ། དགའ་བ་ཞེས་བྱ་བ་ཚིག་སྨོས་པའི་ཕྱིར་དགའ་? ་བ་ནི་འདིར་ཡིད་ཀྱི་བདེ་བ་ལ་བྱ་བས་ན། ཡིད་ཀྱི་བདེ་བ་དངོས་སུ་ཡོད་པས་ན། སེམས་ཀྱི་བདེ་བ་ལ་བྱ་བར་འདོད་ན་ནི་ཚིག་ཟློས་པར་འགྱུར་རོ། །གལ་ཏེ་ན་དེའི་ཚེ་བདེ་བ་དང་ཡིད་བདེ་བ་གཉིས་ཀ་ཡོད་དེ་ཞེ་ན་ནི། ད་ལྟར་ན ་རྫས?་མཉམ་པར་ཉམས་པར་འགྱུར་ཏེ། སྐད་ཅིག་མ་གཅིག་ལ་སེམས་ལས་བྱུང་བའི་རྫས་གཉིས་འབྱུང་པཾ་སྲིད་པས། །དེ་ལྟར་སྐད་ཅིག་མ་གཅིག་ལ་རྫས་གཉིས་མི་འབྱུང་ཡང། སྙོམས་པར་འཇུག་པ་ནི་སྐད་ཅིག་མ་མང་པོའི་རང་བཞིན ་ཡིན་བས་དང་པོ་ལ་དགའ་བ་ཕྱིས་བདེ་བ་འབྱུང་ངོ་ཞེ་ན། འོ་ན་ནི་བསམ་གཏན་དང་པོའི་སྐད་ཅིག་མ་གཅིག་ལ་ཡན་ལག་ལྔར་བཤད་པ་མེད་པར་འགྱུར་བས་མི་རིགས་སོ། །དེ་བས་ན་དགའ་བའི་སྒྲས་ནི་ཡིད་བདེ་བ་ལ་བྱ་ལ། བདེ་བའི་སྒྲས་ནི ་བག?་ཡངས་ཀྱིས་བདེ་བ་ལ་བྱའོ། །བསམ་གཏན་དང་པོ་ལ་སྙོམས་པ་ཞུགས་ཏེ་གནས་ཞེས་བྱ་བ་ནི། བསམ་གཏན་དང་པོ་ལ་སེམས་རྩེ་གཅིག་ཏུ་མཉམ་བར་བཞག་སྟེ་གནས་ཞེས་བྱ་བའི་དོན་ཏོ།། །།བསམ་གཏན ་གཉིས་པ་བསྟན་པའི་ཕྱིར། དེ་རྣམ་པར་རྟོག་པ་དང། རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཞེས་བྱ་བའི་སྒྲས་རྣལ་འབྱོར་པ་ལ་བྱ་སྟེ། རྣལ་འབྱོར་བ་ཞེས་བྱ་བའི་དོན་ཏོ། །རྣམ་པར་རྟོག་པ་དང ་རྣམ་པར་དབྱེད་པ་ཉེ་བར་ཞི་ཞེས་བྱ་བ་ནི་དེ་གཉིས་དང་བྲལ་བ་ཞེས་བྱ་བའི་ཐ་ཚིག་།བསམ་གཏན་གཉིས་པ་ལ་སྙོམས་པར་ཞུགས་ན་རྟོག་པ་དཔྱོད་པའི་འཁྲུག་པ་དང་བྲལ་བས་ན། ནང་རབ་ཏུ་དང་བའི་སེམས་ཀྱིས་གཅིག་ཏུ་གྱུར་པ ་ཞེས་བྱ་སྟེ། ནང་ཞེས་བྱ་བའི་སྒྲ་ནི་དེ་དག་ཕྱི་རོལ་གྱི་ཡུལ་ལ་དམིགས་པ་མེད་ཀྱི་སེམས་ནང་དུ་ལྟས་པའི་ཕྱིར་རོ་དང་ཞེས་བྱ་བ་ནི་བསམ་གཏན་དང་པོ་ན་ཡོད་པའི་རྟོག་དཔྱོད་ཀྱི་འཁྲུག་པའི་དྲི་མ་དང་ཐལ་ཞེས་བྱ་བའི་དོན་ཏོ། །ཡང་ན ་དང་ཞེས་བྱ་བའི་དོན་ནི་དང་པོ?་ལ་བྱ་སྟེ། གང་གི་ཕྱིར་བསམ་གཏན་གཉིས་པའི་རྣལ་འབྱོར་བ་དེ་བསམ་གཏན་གཉིས་ཐོབ་པ་ཡང་བསམ་གཏན་དང་པོའི་མཉམ་པར་བཞག་པའི་ས་ལ་བརྟེན་ནས་འབྱུང་བར་ཡིད་ཆེས་པ་སྐྱེ་སྟེ། དེའི་ཕྱིར་ན་ནད་དང ་བ་ཞེས་བྱའོ། །གཅིག་ཏུ་གྱུར་པ་དང་ཞེས་བྱ་བ་དང་སེམས་ཞེས་བྱ་བར་སྦྱར་ཏེ། སེམས་རྩེ་གཅིག་ཏུ་གྱུར་བ་འམ། སེམས་དམིགས་པ་གཅིག་ལ་འདུས་བར་གྱུར་ཅེས་བྱ་བའི་ཐ་ཚིག་གོ་།གང་གི་ཕྱིར་བསམ་གཏན་གཉིས་པ་ཡན་ཆད་སྲིད་པའི ་རྩེ་མོ་མན་ཆད་ཀྱི་བསམ་གཏན་ཐམས་ཅད་རྟོག་པ་དང་དཔྱོད་པ་དང་བྲལ་བར་འདོད་དེ། དེ་བས་རྣམ་པར་མི་རྟོག་རྣམ་པར་མི་དཔྱོད་ཅེས་བྱ་བ་གསུངས་སོ། །དགའ་བ་དང་བདེ་བ་ཞེས་བྱ་བ་ལ་དགའ་བ་མི་ཡིད་བདེ་བ་ལ་བྱའོ། །བདེ་བ་ནི་བག་ཡངས་ཀྱི ་བདེ་བ་ལ་བྱ་སྟེ། སྔར་བཤད་པ་བཞིན་ནོ། བསམ་གཏན་གཉིས་པ་ལ་སྙོམས་པར་ཐུགས་ཏེ་གནས་ཞེས་བྱ་བ་ནི་བསམ་གཏན་གཉིས་པ་ལ་སེམས་མཉམ་པར་བཞག་ནས་གནས་ཞེས་བྱ་བའི་དོན་ཏོ། །བསམ་གཏན་གསུམ་པ་བསྟན་པའི ་ཕྱིར། །དེ་དགའ་བའི་འདོད་ཆགས་དང་བྲལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསམ་གཏན་གཉིས་ཁ་ལས་འདས་ནས་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་པའི་གང་ཟག་དེ་ཞེས་བྱ་བའི་ཐ་ཚིག་གོ། གང་གི་ཕྱིར་བསམ་གཏན ་གཉིས་པའི་ཡིད་བདེ་བའི་འདོད་ཆགས་དང་བྲལ་བས་བསམ་གཏན་གསུམ་པའི་སྙོམས་པར་འཇུག་སྟེ། དེའི་ཕྱིར་དགའ་བའི་འདོད་ཆགས་དང་བྲལ་ཞེས་གསུངས་ཏེ། བསམ་གཏན་གཉིས་པའི་ཡིད་བདེ་བའི་འདོད་ཆགས་དང་བྲལ ་ཞེས་བྱ་བའི་ཐ་ཚིག་གོ། བཏང་སྙོམས་ལ་གནས་ཏེ་ཞེས་བྱ་བ་ལ་བཏང་སྙོམས་གསུམ་སྟེ། ཚོར་བ་བཏང་སྙོམས་དང། ཚད་མེད་པའི་བཏང་སྙོམས་དང། འདུ་བྱེད་ཀྱི་བཏང་སྙོམས་སོ། །དེ་ལ་ཚོར་བ་བཏང་སྙོམས་ནི་བདེ་བ་ཡང་མ་ཡིན་སྡུ ་བསྔལ་ཡང་མ་ཡིན་པའི་ཚོར་བའོ། །ཚད་མེད་པའི་བཏང་སྙོམས་ནི་སེམས་ཅན་ལ་ཆགས་པ་ཡང་མི་སྐྱེ། ཁོང་ཁྲོ་ཡང་མི་སྐྱེ་བའི་མཚན་ཉིད་དོ། །འདུ་བྱེད་ཀྱི་བཏང་སྙོམས་ནི་དམིགས་པར་བྱ་བའི་ཡུལ་ལ་བརྩལ་བ་དང། ་འབད་པ་མེད་པའི་ལྷུན་གྱིས་གྲུབ་པར་སྤྱོད་པའི་མཚན་ཉིད་དེ། འདིར་ནི་འདུ་བྱེད་ཀྱི་བཏང་སྙོམས་ལ་བྱ་བར་འདོད་དོ། །ཇི་ལྟ་ཞེ་ན་བསམ་གཏན་གསུམ་དམིགས་པར་བྱ་བའི་ཡུལ་ལ་བརྩལ་བ་དང་འབད་པ་མེད་པར་ལྷུན་གྱིས་གྲུབ་པ་ཉིད་དུ ་སྤྱོད་པ་དང་ལྡན་པས་ན། བཏང་སྙོམས་ལ་གནས་ཏེ་ཞེས་བྱའོ། །དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་ལུས་ཀྱི་བདེ་བ་སོ་སོར་ཚོར་དེ་ཞེས་བྱ་བ་ལ་བཏང་སྙོམས་དང་ལྡན་པའི་མཚན་མ་མ་བརྗོད་པ་ན་དྲན་པའོ། །ཤེས་བཞིན་ནི་ཤེས་རབ་ལ་བྱ་སྟེ། ་དྲན་པ་ལ་སོགས་པ་བསམ་གཏན་གསུམ་པའི་ཡན་ལག་ཏུ་གཏོགས་པ་རྣམས་མཚན་ཉིད་སོ་སོར་མ་ནོར་བར་ཤེས་པའོ། །ལུས་ཀྱི་བདེ་བ་སོ་སོར་ཚོར་དེ་ཞེས་བྱ་བ་ལ་ལུས་ཀྱི་སྒྲས་ནི་འདིར་ཡིད་ཀྱི་ལུས་ལ་བྱ་བར་དགོངས་ཏེ། དེ་དག ་ན་རྣམ་པར་ཤེས་པ་ལྔའི་ཚོགས་མེད་པས། བསམ་གཏན་གསུམ་པའི་བདེ་བ་ལ་སེམས་ཀྱི་སོ་སོར་ཚོར་ཞེས་བྱ་བའི་དོན་ཏོ། །བསམ་གཏན་གསུམ་པ་ནི་བདེ་བའི་སེམས་ཀྱིས་སོ་སོར་ཚོར་བ་དཔེ་བསྟན་པའི་ཕྱིར། གང་དེ་འཕགས་པ ་བཏང་སྙོམས་པ་དྲན་པ་དང་ལྡན་ཞིང་བདེ་བ་ལ་གནས་པའོ། །ཞེས་གསུངས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉོན་མོངས་པའི་ཚོགས་སམ། སྡིག་པ་མི་དགེ་བའི་ཆོས་སྤྱོད་པ་ལས་རིང་དུ་སོང་བས་ན་འཕགས་པ་སྟེ། དེ་བཞིན་གཤེགས ་པ་དང་ཉན་ཐོས་ལ་སོགས་པའོ། །འཕགས་པ་དེ་དག་གིས་ཀྱང་བཏང་སྙོམས་པ་དྲན་པ་དང་ལྡན་ཞིང་བདེ་བ་ལ་གནས་པའོ་ཞེས་གསུངས་པ་ནི་བསམ་གཏན་གསུམ་པ་འདི་ཉིད་ཡིན་ནོ་ཞེས་གསུངས་པའི་བསམ་གཏན་གསུམ་པ་དེ་ལ ་སེམས་རྩེ་གཅིག་ཏུ་བཞག་ནས་གནས་སོ་ཞེས་བྱ་བར་སྦྱར་རོ།། །།བསམ་གཏན་བཞི་པ་བསྟན་པར་བྱ་བའི་ཕྱིར། དེ་བདེ་བ་ཡངས་སྤང་སྡུག་བསྔལ་ཡངས་སྤངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་བ་ནི་ལུས་ཀྱི་ཚིམ ་པའི་མཚན་ཉིད་དོ། །སྡུག་བསྔལ་ཡང་ལུས་ཉིད་ལ་གདུང་བར་བྱེད་པའི་མཚན་ཉིད་དེ། བསམ་གཏན་བཞི་མ་དེ་གཉིས་མེད་པས་ན་སྤངས་ཞེས་བྱའོ། །སྔོན་ཡིད་བདེ་བ་དང་མི་བདེ་བ་ལ་ནུབ་ནས་ཤེས་པ་ལ་བསམ་གཏན་དང་པོ་ཐོབ་པ་ཡིད ་ནས་ཡིད་ནི་སིམ་པ་དང་གདུང་བ་གཉིས་སྤངས་པས་སྔ་ནས་ཡིད་བདེ་བ་དང་མི་བདེ་བ་ནུབ་པ་ཞེས་བྱའོ། །དེ་ལ་བསམ་གཏན་གཉིས་པ་ཐོབ་པ་ན་བདེ་བ་སྤངས་སོ། །བསམ་གཏན་གསུམ་པ་ཐོབ་པ་ན་ཡིད་མི་བདེ་བ་སྤངས་སོ། །བསམ་གཏན་བཞི ་པ་ཐོབ་པ་ན་ཡིད་བདེ་བ་ཚོར་བ་ཡང་མེད་དོ། །སྡུག་བསྔལ་ཡང་མེད་དེ་ཞེས་བྱ་བ་ལ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་དང་ལྡན་ཞེས་བྱ་བར་གཟུང་སྟེ། གང་གི་ཕྱིར་བསམ་གཏན་བཞི་པ་ཐོབ་པ་ན་བདེ་བ་དང་སྡུག་བསྔལ ་ལ་སོགས་པའི་ཚོར་བ་ཡང་མེད་པའི་ཕྱིར་རོ། །འདི་ལྟར་ཚོར་བ་མེད་པའི་སྙོམས་པར་འཇུག་པ་ཡང་མི་སྲིད་པས་ན་དེ་བས་ན་བཏང་སྙོམས་དང་ལྡན་ནོ་ཞེས་བྱ་བར་རིགས་པར་བྱའོ། །དག་པའི་སྒྲ་མཇུག་ཏུ་སྨོས་པ་གཉི་ག་དང་སྦྱར་ཏེ། བཏང ་སྙོམས་དག་པ་དྲན་པ་དག་པའོ། །བཏང་སྙོམས་ཀྱི་སྒྲ་ཡང་འདི་ཡི་སྐབས་སུ་འདུ་བྱེད་ཀྱི་བཏང་སྙོམས་ལ་བྱའོ། །དྲན་པའི་སྒྲ་ཡང་བསམ་གཏན་བཞི་པའི་ཡན་ལག་དུ་གཏོགས་པའི་རྣམས་པ་མ་བརྗེད་པ་ལ་བྱའོ། །ས་འོག་མའི ་ཉེས་པའི་དྲི་བརྒྱད་དང་བྲལ་བས་ན་བཏང་སྙོམས་དག་པ་དྲན་པ་དག་པ་ཞེས་བྱ་སྟེ། དྲི་མ་བརྒྱད་ནི། །རྟོག་པ་དང་དཔྱོད་པ་དང། དབུགས་དབྱུང་བ་དང། རྡུབ་པ་དང། བདེ་བ་དང། སྡུག་བསྔལ་བ་དང། ཡིད་བདེ་བ་དང་མི་བདེ་བ་སྟེ་བརྒྱད་དོ།། ་བསམ་གཏན་བཞི་ལ་སྙོམས་པར་ཞུགས། ཏེ་གནས་སོ་ཞེས་བྱ་བ་ནི་བསམ་གཏན་བཞི་ལ་སེམས་རྩེ་གཅིག་ཏུ་བཞག་ནས་གནས་ཞེས་བྱ་བའི་ཐ་ཚིག་གོ་།བརྒལ་བ་བསམ་གཏན་བཞི་པོ་འདི་དག་ན་དད་པ་དང་བརྩོན ་འགྲུས་ལ་སོགས་པ་གཞན་ཡང་ཡང་ན། དེ་དག་བསམ་གཏན་གྱི་ཡན་ལག་དུ་མ་བཤད་ཀྱི། རྟོག་པ་དང་དཔྱོད་པ་ལ་སོགས་པ་ཅིའི་ཕྱིར་ཡན་ལག་ཏུ་བཤད་ཅེ་ན། སྨྲས་པ་འདི་རྣམས་ཙམ་ཉིད་ཀྱིས་གཉེན་པོ་དང་ཡོན་ཏན་དང། དེ་གཉིས་ཀྱིས་ ་གཞིའི་ཡན་ལག་ཡོངས་སུ་རྫོགས་པར་ཁོང་དུ་ཆུད་པས། རྟོག་དཔྱོད་ལ་སོགས་ཉིད་ཡན་ལག་ཏུ་བཤད་ཀྱི་གཞན་ཡོད་ཀྱང་ཡན་ལག་ཏུ་མ་གཞག་གོ་།དེ་ལ་བསམ་གཏན་དང་པོ་ན་རྟོགས་པ་དང། དཔྱོད་པ་ནི་གཉེན་པོའི་ཡན་ལག་སྟེ། འདོད་པའི ་ཁམས་ཀྱི་ཆོས་རྣམས་ལ་ཟུག་རྔུ་དང་ཤུ་བ་ལ་སོགས་པར་རྟོག་ཅིང་དཔྱོད་པས་འདོད་པ་དང་གནོད་སེམས་དང་ཁོང་ཁྲོ་བའི་གཉེན་པོར་གྱུར་ཅིང་དེ་དག་སེལ་བར་བྱེད་པའི་ཕྱིར་རོ། །དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཞེས་བྱ་བས་རྗེས་སུ ་བསྔགས་པའི་ཡན་ལག་བསྟན་ཏེ། རྟོག་པ་དང་དཔྱོད་པ་གཉིས་ཀྱིས། འདོད་པ་དང་ཁོང་ཁྲོ་བ་ལ་སོགས་པ་སྤངས་པ་ལས་སྐྱེས་པའི་དགའ་བ་དང། བདེ་བ་སོ་སོར་མྱོང་བར་འགྱུར་བའི་ཕྱིར་རོ། །བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ཏེ་གནས ་ཞེས་བྱ་བས་དེ་གཉི་གའི་ཡན་ལག་བསྟན་ཏེ། སེམས་རྩེ་གཅིག་པ་ལ་གནས་པའི་མཐུས་འདོད་པ་སུན་འབྱིན་པའི་རྟོག་དཔྱོད་འཇུག་ཅིང་དེ་ལས་དབྱེ་ན་པའི་དགའ་བ་དང། བདེ་བ་སོ་སོར་མྱོང་བའི་ཕྱིར་རོ། །བསམ་གཏན་གཉིས་པ་ལ་ནང་རབ ་ཏུ་དང་བའི་སེམས་ཀྱིས་གཅིག་ཏུ་གྱུར་པ་ནི་གཉེན་པོའི་ཡན་ལག་སྟེ་ནང་རབ་ཏུ་དང་བ་དང། སེམས་རྩེ་གཅིག་ཏུ་གྱུར་པས་བསམ་གཏན་དང་པོ་ལ་ཡོད་པའི་རྟོག་པ་དང་དཔྱོད་པ་བསམ་གཏན་གཉིས་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པ ་སེལ་བར་བྱེད་པའི་ཕྱིར་རོ། དེ་ལྟར་བསལ་བས་ན་བསམ་གཏན་གཉིས་པ་ལ་རྟོག་དཔྱོད་མེད་པའི་ཕྱིར། །རྣམ་པར་མི་རྟོག་རྣམ་པར་མི་དཔྱོད་པ་ཞེས་བྱའོ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ནི་རྗེས་སུ་བསྔགས་པའི་ཡན་ལག་དེ། ནང་དད་པ? ་དང་རྩེ་གཅིག་ཏུ་གྱུར་པས་རྟོགས་པ་དང་དཔྱོད་པ་བསལ་ན། རྟོག་དཔྱོད་དང་བྲལ་བའི་ཏིང་ངེ་འཛིན་ལས་དགའ་བ་དང་བདེ་བ་སོ་སོར་མྱོང་བའི་ཕྱིར་རོ། བསམ་གཏན་གཉིས་པ་ལ་སྙོམས་པར་ཞུགས་ཏེ་གནས་ཞེས་བྱ་བས། དེ་གཉི་གའི་གཞིའི་ཡན་ལག ་བསྟན་ཏེ། སེམས་རྩེ་གཅིག་པ་ལ་བརྟེན་ནས། ནང་དང་ཞིང་གཅིག་ཏུ་གྱུར་པ་དང། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང། བདེ་བ་སོ་སོར་མྱོང་བའི་ཕྱིར་རོ། བསམ་གཏན་གསུམ་པ་ལ་བཏང་སྙོམས་ལ་གནས་པ་དང། དྲན་པ་དང་ཤེས་བཞིན ་གསུམ་ནི་གཉེན་པོའི་ཡན་ལག་སྟེ། དེ་དག་གིས་བསམ་གཏན་གཉིས་པའི་དགའ་བ་དང་བདེ་བ་སེལ་བར་བྱེད་པའི་ཕྱིར་རོ། །ལུས་ཀྱི་བདེ་བ་སོ་སོར་ཚོར་བ་ནི་རྗེས་སུ་བསྔགས་པའི་ཡན་ལག་སྟེ། དེ་ན་ཡིད་ཀྱི་བདེ་བ་ཡོད་པར་དཔེས་བསྟན་པ་ནི་གང་དེ ་འཕགས་པས་ཞེས་བྱ་བ་ལ་སོགས་པའོ། བསམ་གཏན་གསུམ་པ་ལ་སྙོམས་པར་ཞུགས་ཏེ། གནས་ཞེས་བྱ་བས་དེ་གཉི་གའི་གཞི་ཡི་ཡན་ལག་བསྟན་ཏེ། སེམས་རྩེ་གཅིག་པ་ལ་བཞག་ནས། བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་དུ་འཇུག ་ཅིང་ལུས་ཀྱི་བདེ་བ་སོ་སོར་མྱོང་བའི་ཕྱིར་རོ། བསམ་གཏན་བཞི་པ་ལ་བཏང་སྙོམས་དག་པ་དང། དྲན་པ་དག་པ་ནི་གཉེན་པོའི་ཡན་ལག་ཡིན་ཏེ། ངེས་བདེ་བ་དང་སྡུག་བསྔལ་བ་ལ་སོགས་པ་སེལ་བར་བྱེད་པའི་ཕྱིར་རོ། །བདེ་བ་ཡང་མ་ཡིན་སྡུག ་བསྔལ་ཡང་མ་ཡིན་པའི་ཚོར་བ་ནི་རྗེས་སུ་བསྔགས་པའི་ཡན་ལག་ཡིན་ནོ། །བསམ་གཏན་བཞི་ལ་སྙོམས་པར་ཞུགས་ཏེ་གནས་པ་ནི་དེ་གཉི་གའི་གཞིའི་ཡན་ལག་ཡིན་ཏེ། སེམས་རྩེ་གཅིག་པའི་མཐུས་བཏང་སྙོམས་དང་དྲན་པ་དག་ཅིང་བདེ་བ ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་མྱོང་བར་འགྱུར་བའི་ཕྱིར་རོ། །དེ་ལ་བསམ་གཏན་དང་པོ་ནས་འདུ་ཤེས་མེད་མིན་སྐྱེ་མཆེད་མན་ཆད་ཡིད་ལ་བྱེད་པ་རྣམ་པ་བདུན་བསྒོམ་སྟེ། ཡིད་ལ་བྱེད་པ་རྣམ་པ་བདུན་གང་ཞེ་ན། ་མཚན་ཉིད་རྣམ་པར་རིགས་པའི་ཡིད་ལ་བྱེད་པ་དང། ལྷག་པར་མོས་པ་ཡིད་ལ་བྱེད་པ་དང། རབ་ཏུ་དབེན་པ་ཡིད་ལ་བྱེད་པ་དང། དགའ་བ་ཡང་དག་པར་སྡུས་པ་ཡིད་ལ་བྱེད་པ་དང། འཇིག་པ་ཡིད་ལ་བྱེད་པ་དང། སྦྱོར་བ་མཐར་ཐུག་པ་ཡིད་ལ ་བྱེད་པ་དང། སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིད་ལ་བྱེད་པ་དང། དེ་ལ་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པའི་ཚེ། ཡང་རྣལ་འབྱོར་པ་ཡིད་ལ་བྱེད་པ་རྣམ་པ་བདུན་གྱིས་འདོད་པའི་འདོད་ཆགས་དང་བྲལ་བ་རྗེས་སུ་ཐོབ་པར་བྱེད་དོ།། ་ཡིད་ལ་བྱེད་པ་བདུན་ནི་མཚན་ཉིད་རྣམ་པར་རིག་པའི་ཡིད་ལ་བྱེད་ལ་སོགས་པའོ། །མཚན་ཉིད་རྣམ་པར་རིག་པའི་ཡིད་ལ་བྱེད་པ་ནི། དེས་འདོད་པའི་ཁམས་ཀྱི་འདོད་པ་རྣམས་ལ་རགས་པའི་མཚན་ཉིད་དུ་རྣམ་པར་རིག་པར་བྱེད་ལ། བསམ ་གཏན་དང་པོ་ལ་ཞི་བའི་མཚན་ཉིད་དུ་རིག་པར་བྱེད་དོ། །དེ་ལ་རིགས་པའི་མཚན་ཉིད་ཇི་ལྟར་རིག་པར་བྱེད་ཅེ་ན། འདོད་པའི་ཁམས་ཀྱི་འདོད་པ་རྣམས་དངོས་པོ་དྲུག་ཏུ་རྟོག་ཅིང་ཚོལ་བར་བྱེད་དེ། དངོས་པོ་དྲུག་ནི་དོན་དང། དངོས་པོ་དང། ་མཚན་ཉིད་དང། ཕྱོགས་དང། དུས་དང་རིག་པའོ། །དེ་ལ་རིགས་པའི་དོན་དུ་ཇེ་ཚོལ་ཞིང་རྟོག་སྟེ། ཇི་ལྟ་ཞེ་ན། འདོད་པ་འདི་དག་ནི་ཉེས་པའི་དམིགས་དང་བཅས་པ། གནོད་པ་མང་བ་ནད་མང་བ་མི་བདེ་བ་མང་བ་སྟེ་ཞེས་དེ་ལྟར་ཚོལ་བར ་བྱེད་པ་ནི་རིགས་པའི་དོན་དུ་ཚོལ་བའོ། །དེ་ལ་དངོས་པོ་ཚོལ་བར་བྱེད་པ་ནི་འདོད་པའི་དངོས་པོ་རྣམ་པ་གཉིས་ཏེ་ནང་དང་ཕྱིའི་འོ། །དེ་ལ་ནང་གི་འདོད་པའི་དངོས་པོ་ཚོལ་བར་བྱེད་པ་ནི། བདག་གི་ལུས་ལ་ཆགས་པ་དང་འདོད་པའི་འདོད་ཆགས ་ཀྱི་སེམས་སྐྱེས་པ་ན། ལུས་ལ་ཆགས་པ་དང། འདོད་པའི་འདོད་ཆགས་ཀྱི་སེམས་སྐྱེས་སོ་ཞེས་རྟོག་པར་བྱེད་པའོ། །ཕྱི་རོལ་དངོས་པོ་ཚོལ་བར་བྱེད་ན་ནི། གཟུགས་དང་སྒྲ་ལ་སོགས་པ་འདོད་པའི་ཡོན་ཏན་རྣམས་ལ་སེམས་ཞུགས་པ་ན་སེམས་དེ་དག་ལ་འབྲོས?་སོ ་ཞེས་ཚོལ་བར་བྱེད་པའོ། །མཚན་ཉིད་ཀྱང་རྣམ་པ་གཉིས་ཏེ་རང་གི་མཚན་ཉིད་ཚོལ་བ་དང། སྤྱིའི་མཚན་ཉིད་ཚོལ་བའོ། །རང་གི་མཚན་ཉིད་ཚོལ་བ་ཡང་འདོད་པའི་རང་གི་མཚན་ཉིད་གཉིས་ཏེ། ཉོན་མོངས་པའི་མཚན་ཉིད་ཀྱི་འདོད་པ་དང། དངོས ་པོའི་མཚན་ཉིད་ཀྱི་འདོད་པའོ། །ཉོན་མོངས་པའི་མཚན་ཉིད་ཀྱི་འདོད་པ་ནི་འདོད་ཆགས་ཀྱི་སེམས་སྐྱེས་པའོ། །དངོས་པོའི་མཚན་ཉིད་ཀྱི་འདོད་པ་ནི་བུད་མེད་ལ་སོགས་པ་ཕྱིའི་ཡུལ་རྣམས་སོ། །འདོད་པ་དེ་གཉིས་ཀྱང་ཚོར་བ་བདེ་བའི་གནས་སུ་འགྱུར་བ ་དང། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་གནས་སུ་གྱུར་པའོ། །ཚོར་བ་བདེ་བའི་གནས་སུ་འགྱུར་བའི་དུས་ན་ནི། འདོད་ཆགས་སྐྱེས་པའི་རྟེན་དུ་འགྱུར་ཞིང་མི་བདེ་བ་ལས་བདེ་སྙམ་དུ་འདུ་ཤེས་ཕྱིན་ཅི་ལོག་ཏུ་འཛིན་པ་འབྱུང་བའི ་རྟེན་ཏུ་འགྱུར་རོ། །ཚོར་བ་སྡུག་བསྔལ་གྱི་གནས་སུ་གྱུར་པའི་དུས་ན་ནི་ཞེ་སྡང་སྐྱེ་པའི་གནས་སུ་གྱུར་པ་དང། ཁྲོ་བ་དང་འཁྲུགས་པ་འབྱུང་བའི་གནས་སུ་འགྱུར་རོ། །ཚོར་བ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་སྐྱེ་བའི་རྟེན་དུ་འགྱུར ་ན་ནི། རྨོངས་པ་གཡོ་དང་སྒྱུ་དང། ངོ་ཚ་མི་ཤེས་པ་དང། ཁྲེལ་མེད་པ་སྐྱེ་བའི་གནས་སུ་གྱུར་པ་སྟེ། འདོད་པ་འདི་དག་ལས་རྟག་ཏུ་ཉོན་མོངས་པ་རྗེས་སུ་འབྲང་ངོ་ཞེས་ཚོལ་བ་ནི་རང་གི་མཚན་ཉིད་ཚོལ་བའོ། ཇི་ལྟར་སྤྱིའི་མཚན་ཉིད་ཚོལ་ཞེ་ན། ་འདོད་པ་འདི་དག་ཐམས་ཅད་ཀྱང་སྐྱེ་བའི་སྡུག་བསྔལ་དང། རྒ་བའི་སྡུག་བསྔལ་དང། ན་བའི་སྡུག་བསྔལ་ནས། འདོད་པ་མི་རྙེད་པའི་བར་གྱི་སྡུག་བསྔལ་དག་དང་རྟག་ཏུ་འགྲོགས་ཤིང་འབྲལ་བ་ཡིན་ལ། གང་དག་འདོད་པའི་ལོངས་སྤྱོད་ལ ་གནས་ཤིང་འདོད་པ་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་དག་ཀྱང་སྐྱེ་བ་ལ་སོགས་པའི་ཆོས་ཉིད་དང་མི་འབྲལ་ལ། ཐར་ཅིག་འགྲོགས་པ་ཙམ་དུ་ཟད་དོ་ཞེས་ཚོལ་བ་ནི་སྤྱིའི་མཚན་ཉིད་ཚོལ་བའོ། །ཇི་ལྟར་ཕྱོགས་ཚོལ་ཞེ་ན། ་ཕྱོགས་རྣམ་པ་གཉིས་ཏེ། དཀར་པོའི་ཕྱོགས་དང་ནག་པོའི་ཕྱོགས་ལས་འདོད་པའི་ཚོགས་འདི་དག་ནི་ནག་པོའི་ཕྱོགས་སུ་གཏོགས་པ་མེ་མདག་དང་འདྲ་བ་དུག་རབ་ཏུ་གདུག་པ་དང་མཚུངས་པ་རྨི་ལམ་ལྟ་བུ་ཐད་ཅིག་བརྙེས་པའི་རྒྱན་དང ་འདྲ་བ་ཤིང་གི་འབྲས་བུ་སྨིན་པ་དང་མཚུངས་པ་སྟེ། འདོད་པ་དེ་དག་ཚོལ་བའི་དུས་ན་ཡང་སེམས་ཅན་རྣམས་ཚོར་བའི་སྡུག་བསྔལ་སོ་སོར་མྱོང་ཞིང། རྙེད་ན་ཡང་སྲུང་བའི་སྡུག་བསྔལ་དང། བྲལ་བའི་སྡུག་བསྔལ་དང། དབང་མེད་པའི་སྡུག ་བསྔལ་ལ་སོགས་པ་སོ་སོར་མྱོང་བར་འགྱུར་རོ། །དེ་བཞིན་དུ་འདོད་པ་འདི་དག་བརྟེན་ན་ཉེས་པའི་དམིགས་རྣམ་པ་ལྔ་ཡོད་པར། བཅོམ་ལྡན་འདས་ཀྱིས་གསུངས་ཏེ། འདོད་པ་འདི་དག་བདེ་བའི་རོ?་ཆུང་བ་སྡུག་བསྔལ་མང་བ། ཉེས་པའི ་དམིགས་པ་མང་པོ་དང་ལྡན་པ་སྟེ། དེ་བསྟེན་ནའང་ཚིམ་པ་འམ་ཆོག་པའི་མཛའ་མེད་དོ་ཞེས་གསུངས་སྟེ། རྣམ་གྲངས་དེས་ན་སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་ཡང་དག་པར་ཞུགས་པ་སྐྱེས་བུ་དམ་པ་རྣམས་ཀྱིས་རྣམ་པ་དུ་མས་སྨད ་པའོ། །ཇི་ལྟར་དུས་ཚོལ་ཞེ་ན། འདོད་པའི་འདོད་ཆགས་འདི་དག་ནི་འདས་པ་དང། མ་འོངས་པ་དང་ད་ལྟར་གྱི་དུས་སུ་རྟག་པ་རྟག་པར་ཐེར་ཟུག་ཐེར་ཟུག་ཏུ་ཡང་འདོད་པ་འདི་དག་ནི་འཚེ་བ་མང་པ་སྡུག་བསྔལ་མང་བ། གནོད་པ་མང་ངོ་ཞེས ་དེ་ལྟར་ཚོལ་བ་ནི་དུས་ཚོལ་བའོ། །ཇི་ལྟར་རིགས་པས་ཚོལ་ཞེ་ན། འདོད་པ་འདི་དག་བཙལ་བ་ཆེན་པོ་དང། འབད་པ་ཆེན་པོ་དང་ངལ་བ་དང་ཆད་པ་རྣམ་པ་དུ་མ་དང་བཟོའི་གནས་རྣམ་པ་སྣ་ཚོགས་ཀྱིས་བསྒྲུབ་དགོས་ཏེ། དེ་ལྟ ་བསགས་ཤིང་བཙལ་བ་ཡང་བདག་གི་ལུས། གཟུགས་ཅན་འབྱུང་བ་ཆེན་པོ་བཞི་ལས་གྱུར་པ་རིགས་པ་རྟག་ཏུ་མཉེ་བ་དང་བཀྲུ་བ་དང་གསོ་དགོས་ཤིང་འཇིག་པ་དང་བཅས་པ་དང་རྣམ་པར་འཐོར་བའི་ཆོས་ཅན་ལས་སྡུག་བསྔལ་ཙམ་བསལ་བའི ་གཉེན་པོར་འགྱུར་ཏེ། བཀྲས་པའི་སྡུག་བསྔལ་བསལ་བའི་ཕྱིར?་ནི་ཁ་ཟས་སོ། །གྲང་བ་དང་དྲོ་བའི་སྡུག་བསྔལ་དང། འཇོམ་པ་དང། ངོ་ཚ་བའི་སྡུག་བསྔལ་བསལ་བའི་ཕྱིར་ནི་བགོ་བའོ། །གཉིད་དང་ཆད་པའི་སྡུག་བསྔལ་བསལ་བའི་ཕྱིར་ནི་མལ ་སྟོན་ཏེ། །འཆགས་པ་དང་འགྲོ་བའི་སྡུག་བསྔལ་བསལ་བའི་ཕྱིར་ནི་བཞོན་པའོ། །ན་བའི་སྡུག་བསྔལ་བསལ་བའི་ཕྱིར་ནི་ན་བའི་རྐྱེན་གྱི་སྨན་ཏེ། འདོད་པའི་ཆོས་འདི་དག་ཀྱང་སྡུག་བསྔལ་གྱི་གཉེན་པོ་བྱེད་པ་ཙམ་དུ་ཟད་པས་དེ་དག་ལ་ཆགས་པ་དང ་ཞེན་པར་མི་བྱའོ། །གཞན་དུ་ན་ནད་ཀྱིས་ཉེན་པའི་ནད་པ་རྣམས་ནད་ཞི་བར་བྱ་བའི་ཕྱིར་སྨན་ལ་བརྟེན་པ་འདྲ་བའི་ཚུལ་དུ་བྱའོ་ཞེས་ཚལ་བ་ནི་རགས་པས་ཚོལ་བ་སྟེ། དེ་ལྟར་ན་འདོད་པའི་ཆོས་དེ་དག་ལ་དངོས་པོ་རྣམ་པ་དྲུག་ཚོལ་བས་རགས་པའི ་མཚན་ཉིད་དུ་རིགས་པར་བྱེད་ལ། བསམ་གཏན་དང་པོ་ལ་ནི་ཞི་བའི་མཚན་ཉིད་དུ་རྣམ་པར་རིག་པར་བྱེད་དོ། །ཡིད་ལ་བྱེད་པ་དེ་ནི་མཉན་པ་དང་བསམ་པའི་ཤེས་རབ་དང་འདྲེས་པའི་ཡིན་པར་ཤེས་པར་བྱའོ། །དེའི་འོག་ཏུ་མཉན་པ་དང་བསམ་པའི་ཤེས ་རབ་ལས་འདས་ནས། གཅིག་ཏུ་བསྒོམ་པའི་རྣམ་པར་འདོད་པའི་ཁམས་ཀྱི་འདོད་པ་ལ་རག་པ་དང། བསམ་གཏན་དང་པོ་ལ་ཞི་བའི་མཚན་ཉིད་དུ་དམིགས་པའི་ཞི་གནས་དང། ལྷག་མཐོང་བསྒོམ་པ་ན་ཡང་ནས་ཡང་དུ་ཇི་ལྟར་བཙལ་བའི་རགས ་པ་དང་ཞི་བ་ལ་མོས་པར་བྱེད་དོ། །དེ་ནི་མངོན་པར་མོས་པ་ཅན་ཡིད་ལ་བྱེད་པ་ཞེས་བྱའོ། །དེ་ལ་རྒྱུན་ཏུ་གོམས་པས་དང་པོ་ཉིད་དུ་སྤོང་བའི་ལམ་དང་ལྡན་པའི་ཡིད་ལ་བྱེད་པ་སྐྱེ་སྟེ། དེས་ཉོན་མོངས་པ་ཆེན་པོའི་རྣམ་པ་སྤོང་བར་བྱེད་པས་རབ་ཏུ ་དབེན་པ་ཡིད་ལ་བྱེད་པ་ཞེས་བྱའོ། །དེའི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཕྱོགས་སུ་གྱུར་པའི་ཉོན་མོངས་པ་དང་བྲལ་ནས་རྣལ་འབྱོར་བ་དེ་དེའི་འོག་ཏུ་སྤོང་བ་ལ་དགའ་བ་དང། སྤོང་བ་ལ་རྗེས་སུ་བསྔགས་པའི་བསམ་པ་སྐྱེ་ཞིང་དབེན་པ་ལས ་སྐྱེས་པའི་དགའ་བ་དང་བདེ་བ་ཤས་ཆུང་ངུ་དང་ལྡན་ལ་དུས་དུས་སུ་བསམ་གཏན་གྱི་འབྲས་བུ་འམ་དེ་བཞིན་གཤེགས་པའི་ཡོན་ཏན་ལ་སོགས་པ་གང་ཡང་རུང་བ་སེམས་དང་བར་འགྱུར་བའི་ཡིད་ལ་བྱེད་པས་གཟེངས་བསྟོད་ཅིང་སེམས་སྤྲོ ་བསྐྱེད་པར་བྱེད་དེ། དེ་ཡང་རྨུགས་པ་དང་རྒོད་པའི་སྒྲིབ་པ་བསལ་བའི་ཕྱིར་རོ། །འདི་ནི་དགའ་བ་ཡང་དག་པར་སྡུད་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །དེས་དེ་ལྟར་ཡང་དག་པར་ཞུགས་པ་ན་དགེ་བའི་རྩ་བས་ཡང་དག་པར་བརྟན་པས་འདོད་པའི ་ཁམས་ཀྱི་ཉོན་མོངས་པ་ཀུན་ནས་དཀྲིས་པ་རྣམས་འགྲོ་བ་འམ་གནས་པ་ན་ཡང་དག་པར་མི་འབྱུང་སྟེ། དེ་དེའི་ཚེ་འདི་སྙམ་དུ་ཅི་བདག་འདོད་པའི་འདོད་ཆགས་ལ་ཆགས་པ་ཡོད་པ་འམ་མི་འབྱུང་ཞིང་འབྱུང་བར་ཚོར་རམ་འོན་ཏེ་མེད་པ་ལས ་མི་འབྱུང་ཞིང་འབྱུང་བར་མཚོར་ཞེས་རྟོག་ཅིང་གཞན་ཡང་རབ་ཏུ་དད་པར་འགྱུར་པ། དགེ་བའི་མཚན་མ་དག་པ་ཡིད་ལ་བྱེད་པ་ཞེས་བྱའོ། །དེ་ནི་འཇིག་པ་ཡིད་ལ་བྱེད་པ་ཞེས་བྱའོ། །དེས་དེ་ལྟར་གཉེན་པོའི་ཕྱོགས་སོ་སོར་འཇིག་ཅིང་བཙལ ་ནས་བསྒོམ་པ་ན་དུས་ཇི་སྲིད་ཅིག་གི་བར་དུ་འདོད་པའི་ཁམས་ཀྱི་ཉོན་མོངས་པ་ཐམས་ཅད་དང་བྲལ་བ་དང། བསམ་གཏན་དང་པོའི་སྦྱོར་བ་མཐར་ཐུག་པའི་གཉེན་པོ་ཡིད་ལ་བྱེད་པ་འབྱུང་སྟེ། དེ་ནི་སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པ་ཞེས ་བྱའོ། །དེའི་འོག་ཏུ་རྩ་བའི་བསམ་གཏན་དང་པོ་ཐོབ་པར་འགྱུར་ཏེ། དེའི་སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིད་ལ་བྱེད་པའོ། །དེ་ལ་མཚན་ཉིད་ཡང་དག་པར་རིག་པ་ཡིད་ལ་བྱེད་པས་ནི། གང་སྤང་བར་བྱ་བ་དང་ཐོབ་པར་བྱ་བ་དེ་དག་ཡང ་དག་པར་ཤེས་ནས། སྤང་བར་བྱ་བ་དང། ཐོབ་པར་བྱ་བའི་ཕྱིར་སེམས་རབ་ཏུ་འཛིན་ཏོ། །ལྷག་པར་མོས་པ་ཡིད་ལ་བྱེད་པས་ནི་དེའི་འོག་ཏུ་ཡང་དག་པའི་སྦྱོར་བ་ལ་རྩོན་པར་བྱེད་དོ། །རབ་ཏུ་དབེན་པ་ཡིད་ལ་བྱེད་པས་ནི་ཉོན་མོངས་པ་ཆེན་པོའི་རྣམ་པ་སྤོང ་བར་བྱེད་དོ། །དགའ་བ་ཡང་དག་པར་སྡུད་པའི་ཡིད་ལ་བྱེད་པས་ནི་ཉོན་མོངས་པ་འབྲིང་གི་རྣམ་པར་སྤོང་བར་བྱེད་དོ། །འཇིག་པ་ཡིད་ལ་བྱེད་པས་ནི། ཐོབས་ཡིད་ལ་བྱེད་པ་ཡང་སེམས་ང་རྒྱལ་མེད་པར་འཇོག་པར་བྱེད་དོ། །སྦྱོར་བ་མཐར་ཐུག་པ ་ཡིད་ལ་བྱེད་པས་ནི། ཉོན་མོངས་པ་ཆུང་ངུའི་རྣམ་པ་སྤོང་བར་བྱེད་དོ། །སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིད་ལ་བྱེད་པས་ནི་ལེགས་པར་བསྒོམ་པའི་འབྲས་བུ་སོ་སོར་མྱོང་བར་བྱེད་དོ། །ཇི་ལྟར་བསམ་གཏན་དང་པོ་ལ་ཡིད་ལ་བྱེད་པ་བདུན་ཡོད ་པ་བཞིན་དུ་ཅུང་ཟད་མེད་མིན་སྐྱེ་མཆེད་ཀྱི་བར་དུ་ཡང་ཡིད་ལ་བྱེད་པ་བདུན་དང་ལྡན་པར་ཅི་རིགས་པར་སྦྱར་ཏེ། རྒྱས་པར་བཤད་ན་ཡི་གེ་བཞུང་མངས་པས་ཞིབ་ཏུ་ནི་མ་བཤད་དོ། །དེ་ལ་རྣམ་པ་གཉིས་ཀྱིས་ས་འོག་མ་ཐམས་ཅད་རགས་པ་ཡིན ་ཏེ། རྣམ་པ་གཉིས་ནི་མ་ཞི་བའི་མཚན་ཉིད་དུ་གནས་པ་དང་ཚེའི་འདུ་བྱེད་ཐུང་བའོ།། །།བསམ་གཏན་གྱི་འོག་ཏུ་ཆད་པའི་གནས་བཞི་བསྟན་པས་ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་བཞེད་ནས། ཚངས་པའི་གནས་པ་ནི ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལ་ཞེས་བྱ་བ་ནི་འདོད་པའི་ཁམས་འདིར་ཞེས་བྱ་བའི་དོན་ཏོ། །དགེ་སློང་དག་ཅེས་བྱ་བ་ནི་བོས་ནས་བཀའ་སྩལ་ཏེ་སྔ་མ་བཞིན་ནོ། །དགེ་སློང་ཞེས་བྱ་བ་ནི་ཚད་མེད་པ་བཞི་བསྒོམ་པའི་རྣལ་འབྱོར ་པའི་དགེ་སློང་ངོ། །དེ་ལ་ཚངས་པ་ནི་མྱ་ངན་ལས་འདས་པ་སྟེ། དེ་ཐོབ་པར་བྱེད་པ་ནི་ཚངས་པའི་གནས་སོ། །ཡང་ན་ཚངས་པ་ནི་སྡིག་པ་ཐམས་ཅད་ལ་མི་འཇུག་ཅིང་སྤོང་བར་བྱེད་པ་སྟེ། སྡིག་པ་མི་འཇུག་པའི་ཆོས་བཞི་ནི་ཚངས་པའི ་གནས་བཞིའོ། །བྱམས་པ་དང་ལྡན་པའི་སེམས་ཞེས་བྱ་བ་ལ་ཏིང་ངེ་འཛིན་མ་སྨོས་ཀྱང་བྱམས་པའི་ཏིང་ངེ་འཛིན་ཅེས་བྱ་བའི་དོན་ཏེ། བྱམས་པའི་ཏིང་ངེ་འཛིན་དང་ལྡན་པའི་སེམས་ཞེས་བྱ་བའི་ཐ་ཚིག་གོ་།དེ་ཡང་ཅི་འདྲ་བ ་ཞིག་ཅེ་ན། དེའི་ཁྱད་པར་བསྟན་པ་ནི། དགྲ་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཛའ་བ་དང་དགྲར་དབྱེར་མེད་པར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་སེམས་པའི་སེམས་དང་ལྡན་པས་ན་དགྲ་མེད་པའོ། །སེམས་ཅན་རྣམས ་དགེ་བའི་ཕྱོགས་ལ་དགོད་ཅིང་འཕགས་པའི་ལམ་བསྒོམ་དུ་བཅུག་པ་ནི་ཕན་པའི་སེམས་ཏེ། དེ་ལྟ་བུའི་བསམ་པ་དང་ལྡན་པས་ན་མི་མཐུན་པ་མེད་པའོ། །དོན་དུ་ན་སེམས་ཅན་ཀུན་ལ་ཕན་པར་སེམས་ཀྱི། བུད་མེད་ཆེ་ཆུང་བཞིན་གཅིག་ལ ་གཅིག་འགྲན་ཟླ་མེད་ཅེས་བྱ་བའི་ཐ་ཚིག་གོ་།སེམས་ཅན་རྣམས་ལྷ་དང་མིའི་བདེ་འགྲོ་དང་མྱ་ངན་ལས་འདས་པར་དགོད་པར་སེམས་པ་ནི་བདེ་བའི་བསམ་པ་སྟེ་བསམ་པ་དེ་དང་ལྡན་པས་ན་གནོད་པ་མེད་པའོ། ཡང་ན་དགྲ་ལ་ཡང་གནོད ་པར་བྱ་བའི་སེམས་མེད་པས་ན་གནོད་པ་མེད་པའོ། །ལས་དང་པོ་པའི་དུས་ན་ཕྱོགས་གཅིག་ཏུ་ཛ་བྱམས་པ་ཁྱབ་པར་བྱེད་པས་ན་ཡངས་པའོ། །བྱམས་པ་གྲུབ་པའི་དུས་ན་ནི་ཕྱོགས་བཅུ་ཀུན་ཏུ་ཁྱབ་པར་བྱེད་པས་ན་ཆེར་གྱུར་པའོ། །ཀུན ་ལ་སེམས་མཉམ་སྟེ་གྲོགས་ལ་བྱམས་པ་དང། དགྲ་ལ་ཞེ་སྡང་མེད་པས་ན་གཉིས་སུ་མེད་པའོ། །འདོད་པའི་ཁམས་ཀྱི་སེམས་ཅན་ཚད་མེད་པ་ལ་དམིགས་པས་ན་ཚད་མེད་པའོ། །བྱམས་པའི་མི་མཐུན་པའི་ཕྱོགས་ཞེ་སྡང་སྤངས་ཏེ ་བྱམས་པ་དེ་ཞེ་སྡང་དང་མ་འདྲེས་པར་བསྒོམ་པས་ན། ཤིན་ཏུ་སྒོམ་པའོ། །ཕྱོགས་གཅིག་ཏུ་མོས་ཤིང་ཁྱབ་པར་བྱས་པ་ལ་ཕྱོགས་གཅིག་ནི་དང་པོ་ཉིད་དུ་ཤར་རམ་ནུབ་བམ་ཕྱོགས་གང་ཡང་རུང་གཅིག་ཏུ་དམིགས་པ་སྟེ་འདིར་རི ་ཚིག་པ་བཞིན་དུ་སྣོད་ཀྱི་སྒོ་ནས་སྣོད་ལ་ཆགས་པའི་སེམས་ཅན་ལ་དམིགས་པར་བྱེད་པ་བསྟན་ཏོ། །མོས་ཞེས་བྱ་བ་མོས་པ་ཡིད་ལ་བྱེད་པ་སྟེ། འདོད་པའི་ཁམས་ཀྱི་སེམས་ཅན་ལ་དམིགས་པའི་ཕྱིར་ཁམས་གསུམ་སེམས་ཅན་ཐམས་ཅད་སྡུག་བསྔལ ་གྱིས་ཁྱབ་པའོ་ཞེས་དམིགས་པ་མེད་པས་ན་དེ་ཁ་ན་ཡིད་ལ་བྱེད་པ་ནི་མ་ཡིན་ནོ། །ཁྱབ་པར་བྱས་ཞེས་བྱ་བ་ནི་ཕྱོགས་གཅིག་ཏུ་བྱམས་པས་རྒྱས་པར་བྱས་ཞེས་བྱ་བའི་དོན་ཏོ། །བསྒྲུབས་ནས་གནས་ཞེས་བྱ་བ་ནི་བྱམས་པའི་སེམས་འགྲུབ་པར་བྱས ་ནས་གནས་པའོ། །ཇི་ལྟར་ཕྱོགས་གཅིག་ལ་གནས་པ་བཞིན་ཕྱོགས་གཉིས་པོ་ལ་སོགས་པ་ལ་ཡང་དམིགས་པར་བསྟན་པའི་ཕྱིར། དེ་བཞིན་དུ་གཉིས་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྟེང་ནི་འདོད་པའི་ཁམས་ཀྱི་ལྷ་ལ་སོགས་པའི་གནས་སོ།། ་འོག་ནི་སེམས་ཅན་དམྱལ་ལ་སོགས་པའོ། །མཚམས་ནི་ཕྱོགས་བཞིའི་མཚམས་ནས་གནས་པའི་སེམས་ཅན་ནོ། །ཇི་ལྟར་བྱམས་པའི་ངོ་བོ་དང་བསྒོམ་པའི་མཚན་ཉིད་བསྟན་པ་བཞིན་དུ་སྙིང་རྗེ་ལ་སོགས་པ་ལ་ཡང་ཚུལ་དེ་དང་འདྲ་བར་བསྟན་པའི ་ཕྱིར་རོ། །དེ་བཞིན་དུ་སྙིང་རྗེ་དང་ལྡན་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་གི་དོན་ཀྱང་སྔར་བཤད་པ་བཞིན་དུ་བལྟའོ། །མདོ་ཁ་གཅིག་ལས་ཚད་མེད་པ་བཞི་ཞེས་འབྱུང་སྟེ། དེའི་དོན་ཀྱང་ཚད་མེད་པའི་སེམས་ཅན་ལ་དམིགས་པས ་ན་ཚད་མེད་པ་ཞེས་བྱའོ། །འོ་ན་ཅིའི་ཕྱིར་ཚངས་པའི་གནས་ལྔ་དང་གསུམ་ལ་སོགས་པར་མ་བཤད་ལ། བཞི་ཁོ་ནར་བཤད་སྨྲས་པ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམ་པ་བཞིའི་གཉེན་པོར་གྱུར་པས་བཞི་ཁོ་ནར་བཤད་དེ། ཉོན་མོངས ་པ་དང། ཉེ་བའི་ཉོན་མོངས་པ་རྣམ་པ་བཞི་ནི། གནོད་པ་དང་འཚོ་བ་དང་འདོད་ཆགས་དང། གནོད་སེམས་སོ། །དེ་ལ་གནོད་སེམས་མེད་པའི་སེམས་ཅན་རྣམས་དེ་སྤངས་པའི་ཕྱིར་བྱམས་པ་གཉེན་པོར་འགྱུར་རོ། །བརྡེག ་འཚོགས་པ་ལ་སོགས་པའི་འཚོ་བ་མང་བ་རྣམས་སྤངས་པའི་ཕྱིད་སྙིང་རྗེ་གཉེན་པོར་འགྱུར་རོ། །མི་དགའ་བ་མང་བ་རྣམས་དེ་སྤངས་པའི་ཕྱིར་དགའ་བ་གཉེན་པོར་འགྱུར་རོ། །འདོད་ཆགས་དང་གནོད་སེམས་མང་བ་རྣམས ་དེ་སྤང་བར་བྱ་བའི་ཕྱིར་བཏང་སྙོམས་གཉེན་པོར་འགྱུར་རོ། །འོ་ན་མི་གཙང་བ་བསྒོམས་པ་ཡང་འདོད་ཆགས་ཀྱི་གཉེན་པོ་ཡིན་ན་མི་གཙང་བ་དང་བཏང་སྙོམས་གཉིས་གཉེན་པོར་གྱུར་པ་ལ་ཁྱད་པར་ཅི་ཡོད། སྨྲས་པ། མི་ཚངས་པར་སྤྱོད ་པའི་འདོད་ཆགས་ཀྱི་གཉེན་པོར་མི་གཙང་བ་བསྒོམས་པའོ། །ཕ་དང་མ་དང་གཉེན་པོ་ཆགས་པའི་འདོད་ཆགས་ཀྱི་གཉེན་པོ་ནི་བཏང་སྙོམས་དེ་ཁྱད་པར་དེ་ཡོད་དོ། །དེ་བྱམས་པ་ལ་སོགས་པའི་མཚན་ཉིད་བསྟན་ཏེ། ཀྱི་ཧུད ་སེམས་ཅན་འདི་དག་བདེ་བ་དང་ལྡན་པར་གྱུར་ཅིག་ཅེས་ཡིད་ལ་བྱེད་པ་ནི་བྱམས་པའོ།། །།ེ་མའོ་སེམས་ཅན་འདི་དག་སྡུག་བསྔལ་བ་སྟེ། སྡུག་བསྔལ་དང་བྲལ་བར་གྱུར་ཅེས་ཡིད་ལ་བྱེད་པ་ནི་སྙིང་རྗེའོ། །སེམས་ཅན ་བདེ་བ་དང་ལྡན་པ་རྣམས་རྟག་ཏུ་བདེ་བ་དང་དགའ་བར་གྱུར་ཅིག་ཅེས་ཡིད་ལ་བྱེད་པ་ནི་དགའ་བའོ། །གྲོགས་ལ་བྱམས་པ་ཡང་མི་སྐྱེད་དགྲ་ལ་ཞེ་སྡང་ཡང་མི་སྐྱེད་ཏེ། སེམས་མཉམ་བ་ཙམ་དུ་འཛིན་པ་ནི་བཏང་སྙོམས་སོ། །འོ་ན་ལས ་དང་པོ་བ་རྣམས་ཐོགས་མ་ཉིད་དུ་བྱམས་པ་ལ་སོགས་པ་ལ་ཇི་ལྟར་བསྒོམས། དེ་ལྟར་བདག་ཉིད་བདེ་བ་དང། ལྡན་པའམ་བདག་བདེ་བ་མེད་ཀྱང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་རྣམས་བདེ་བ་ཐོབ་པར ་མཐོ་དང་མ་ཐོས་ན་སེམས་ཅན་རྣམས་ཀྱང་བདེ་བ་དང་ལྡན་པར་གྱུར་ཅིག་ཅེས་མོས་པར་བྱེད་དོ། །གལ་ཏེ་གང་ཟག་དེ་ཉོན་མོངས་པའི་མཐུ་ཆེ་བས། སེམས་ཅན་ཀུན་ལ་བདག་དང་སངས་རྒྱས་ཀྱི་བདེ་བ་དང་ལྡན་པར་མོས་པར ་མི་ནུས་ཏེ། དགྲ་ལ་ལྷག་པར་ཞེ་སྡང་ཡོད་ལ། གྲོགས་ལ་ལྷག་པར་བྱམས་པ་ཡོད་ན། དེས་གྲོགས་ཀྱི་ཕྱོགས་ལ་ཡང་རབ་དང་འབྲིང་དང་ཐ་མ་སྟེ་རྣམ་པ་གསུམ་དུ་དབྱེའོ། །དེ་ལྟར་ཕྱེ་བ་ལས་ཇེ་གྲོགས་པོ་རབ་ལ་བདེ་བ་དེ་དག་དང་ལྡན་པ ་གྱུར་ཅིག་ཅེས་མོས་པར་བྱའོ། །དེ་ནས་དེ་གྲུབ་ན་གྲོགས་པོ་འབྲིང་ལའོ། །དེ་ནས་དེ་གྲུབ་ན་གྲོགས་པོ་ཐ་མ་ལའོ། །དེ་ནས་གྲོགས་པོའི་ཕྱོགས་གསུམ་མཉམ་པ་ཁོ་ནར་དམིགས་པ་ཕྲབ་མ་ཐ་མལ་པའི་མི་རྣམས་སྤྱིར་དམིགས་པར་བྱའོ།། ་དེ་ནས་དེ་གྲུབ་པ་དང་དགྲ་ཐ་མ་དང་འབྲིང་དང་རབ་རྣམ་པ་གསུམ་དུ་ཕྱེ་སྟེ། དང་པོར་ཐ་མལ་བདེ་བ་དང་ལྡན་པར་གྱུར་ཅིག་ཅེས་མོས་པར་བྱའོ། །དེ་ནས་དགྲ་འབྲིང་ལའོ། །དེ་ནས་དགྲ་རབ་ལའོ། །དེ་ནས་གང་གྲོགས་ཀྱི་མཆོག་དང། །དག་རབ ་གཉིས་ཀྱིས་ཕྱོགས་གཉིས་ལ་བདེ་བར་གྱུར་ཅིག་ཅེས་བྱམས་པས་མཉམ་པར་གྱུར་ན། དེ་ནས་རིམ་གྱིས་བདག་ཡ་རིགས་ཙམ་གྱི་འཁོར་ལ་དམིགས་སོ། །དེ་ནས་གྲོང་ཁྱེར་ལའོ། །དེ་ནས་རྒྱལ་པོའི་ཕོ་བྲང་འཁོར་དུའོ། །དེ་ནས་ཁང་ཀྱི་ཇེ་ཆེ་ཇེ་ཆེ ་ནས་ཕྱོགས་བཅུ་ཀུན་ཏུ་བྱམས་པས་ཁྱབ་པར་བྱའོ། །གང་ཀུན་ཏུ་ཡོན་ཏན་དང་བཅས་པའི་གང་ཟག་གཞན་དག་ལ་ཡོན་ཏན་ཅུང་ཟད་ཡོད་པ་ཡང་ཁྱད་དུ་མི་གསོད་ཅིང། ཡོན་ཏན་དང་ལྡན་པར་འཛིན་པ་དེས་ནི་མྱུར་བར་བྱམས་པའི་ཏིང་ངེ་འཛིན ་ཐོབ་པར་འགྱུར་རོ། །བཟློག་ཏེ་སྨས་པ། ཡོན་ཏན་གཟུང་བར་བྱ་བ་ན་ནི། །དགེ་བའི་རྩ་བ་ཆད་པ་ལ་ཡང་ཡོན་ཏན་གཟུང་བར་ནུས་ཏེ། ད་ལྟར་དགེ་བའི་རྩ་བ་ཆད་པ་ལ་གནས་ཀྱང་སྔོན་གྱི་བསོད་ནམས་ཀྱི་འབྲས་བུ་མཐོང་ནས། ཁྱོད་ཀྱིས་བསོད ་ནམས་ཀྱིས་ལས་བྱས་པར་གྱུར་པས་གང་གི་ཕྱིར་ཁྱོད་ད་ལྟར་གཟུགས་བཟང་པོར་གྱུར་ཏེ་ཞེས་གཟུང་བ་ལྟ་བུའོ། །ཡོན་ཏན་ཕན་ལ་ཡང་ཉེས་པ་གཟུང་བར་ནུས་ཏེ། དཔེར་ན་རང་སངས་རྒྱས་ལྟ་བུ་སྒོ་གསུམ་ནས་ཉེས་བ་ཅུང་ཟད་ཀྱང ་མི་འབྱུང་མོད་ཀྱི། སྔོན་གྱི་བསོད་ནམས་མ་ཡིན་པའི་འབྲས་བུ་མཐོང་ནས། སྔོན་ཆད་གང་གི་ཕྱིར་བསོད་ནམས་མ་ཡིན་པའི་ལས་ཅུང་ཟད་བྱས་པར་གྱུར་པས། ད་ལྟར་གཟུགས་མི་མཛེས་པ་དང་ལྡན་པར་གྱུར ་ཅེས་གསུངས་པ་ལྟ་བུའོ། །སྙིང་རྗེ་ལ་སོགས་པ་ལ་ཡང་དེ་བཞིན་དུ་སྦྱར་ཏེ། སེམས་ཅན་འདི་དག་ནི་ཆགས་པ་མང་པོའི་འདམ་དུ་ནུབ་པ་སྡུག་བསྔལ་རྣམ་པ་སྣ་ཚོགས་དང་ལྡན་པ་ཡིན་ཏེ། སྡུག་བསྔལ་དང་བྲལ་བར་གྱུར་ཅིག་ཅེས ་མོས་པར་བྱེད་པའོ། །ཁ་ཅིག་ན་རོ་བསོད་ནམས་ཀྱི་ཚོགས་ཆེན་པོ་དང་ལྡན་པར་བྱེད་པའི་གནས་ཡིན་པས་ཚངས་པའི་གནས་ཏེ། དེ་ལྟར་བྱས་ན་བསོད་ནམས་འཕེལ་བར་འགྱུར་བའི་ཕྱིར་རོ། །ཡང་ན་སེམས་ཅན་རྣམས་ལ་ཕན ་བའི་སེམས་དང་བདེ་བའི་སེམས་ཡོད་པས་ན། བྱམས་པ་དང་ལྡན་པའི་སེམས་ཞེས་བྱའོ། །བྱམས་པ་དེ་ཡང་ཉོན་མོངས་པ་རྣམ་པ་གསུམ་གྱི་གཉེན་པོ་ཡིན་པའི་ཕྱིར་དགྲ་མེད་པས་ན་མི་མཐུན་པ་མེད་པ་ཞེས་བྱའོ། །ཉོན་མོངས་པ ་གསུམ་ནི་སེམས་ཅན་བདག་དང་རིགས་དང་ཡོན་ཏན་ལ་སོགས་པ་མཉམ་པ་འམ། ཁྱད་ཞུགས་པ་གནོད་པ་བྱེད་པ་ལ་ཞེ་སྡང་བ་དང་གནོད་པར་མི་བྱེད་པ་ལ་ཕྲག་དོག་པ་དང། དམན་པ་དེ་གཉི་ག་ལ་ཞེ་སྡང་བའོ། །དེ་ལ་སེམས ་ཅན་བདག་པས་རིགས་དང་ཡོན་ཏན་ལ་སོགས་པ་མཉམ་པའམ་ཁྱད་པར་ཅན་གནོད་པར་བྱེད་པ་ཞེ་སྡང་གི་གཉེན་པོར་གྱུར་པས་ན་དགྲ་མང་པ་ཞེས་བྱའོ། །སེམས་ཅན་རིགས་དང་ཡོན་ཏན་ལ་སོགས་པས་མཉམ་པ་འམ་ཁྱད ་པར་མི་བྱེད་པ་ལ་ཕྲག་དོག་པའི་གཉེན་པོར་གྱུར་པས་ན་མི་མཐུན་པ་མེད་པའོ། །སེམས་ཅན་རིགས་དང་ཡོན་ཏན་ལ་སོགས་པ་བདག་པས་དམན་པ་ལ་གནོད་པར་བྱེད་པ་དང། གནོད་པར་མི་བྱེད་པ་གཉི་ག་ལ་ཞེ་སྡང་བའི ་གཉེན་པོར་གྱུར་པས་ན། གནོད་པ་མེད་པའོ། །བྱམས་པ་དེ་བསྒོམས་ན་དེའི་འབྲས་བུ་ཆེན་པོ་འཐོབ་པར་འགྱུར་བའི་ཕྱིར་ཡངས་པའོ། །བྱམས་པའི་སེམས་དེ་ཡང་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་ཐོབ་པའི་སར་གཏོགས་ལ། གཟུགས ་ཀྱིས་ཁམས་ཐོབ་པའི་སེམས་ཀྱི་རྒྱུད་ལ་འབྱུང་བས་ན་ཚོར་གྱུར་པའོ། །ཁ་ཅིག་ནི་གཟུགས་མེད་པའི་ཁམས་ཀྱི་སར་གཏོགས་པས་ན་ཆེར་གྱུར་པ་ཞེས་འཆད་དོ། །དགྲ་དང་མཛའ་བར་དབྱེར་མེད་པས་ན་གཉིས་སུ་མེད་པའོ། །འདོད་པའི ་ཁམས་ཀྱི་སེམས་ཅན་ཚད་མེད་པ་ལ་དམིགས་པས་ན་ཚད་མེད་པའོ། །མི་མཐུན་པའི་ཕྱོགས་ལས་ཤིན་ཏུ་རྒྱལ་བའི་ཕྱིར། ཤིན་ཏུ་བསྒོམས་པ་སྟེ། བྱམས་པའི་མི་མཐུན་པའི་ཕྱོགས་ནི་ཞེ་སྡང་བའོ། །དེ་ལྟར་ན་ཚིག་དེ་དག་གི་གཉེན ་པོ་དང་འབྲས་བུ་དང་ས་དང་དམིགས་པ་དང། རྣ་བ་ཡང་དག་པའི་སེམས་ཡོངས་སུ་བསྟན་པ་ཡིན་ཏེ། དགྲ་མེད་དང་མི་མཐུན་པ་མེད་པ་དང། གནོད་པ་མེད་པའི་ཚིག་གསུམ་གྱིས་ནི་གཉེན་པོ་དང་བཅས་པར་བསྟན་པ་ཡིན་ནོ། །ཡེངས་པ་ཞེས ་བྱ་བས་འབྲས་བུ་བསྟན་པ་ཡིན་ནོ། །ཆེར་གྱུར་པ་ཞེས་བྱ་བས་ས་བསྟན་པ་ཡིན་ནོ། །གཉིས་སུ་མེད་པ་དང་ཚད་མེད་པ་ཞེས་བྱ་བས་དམིགས་པ་བསྟན་པ་ཡིན་ནོ། །ཤིན་ཏུ་བསྒོམ་པ་ཞེས་བྱ་བས་རྣམ་པར་དག་པ་བསྟན་པ་ཡིན་ནོ། །ཕྱོགས་གཅིག ་ཏུ་མོས་ཤིང་ཁྱབ་པར་བྱས་ཏེ་བསྒྲུབས་ནས་གནས་སོ་ཞེས་བྱ་བ་ལ་སོགས་པ་ལ། དཔེར་ན་རི་ལ་གནས་པའི་རྩ་དང་ཤིང་ཚིག་ན་རི་ཚིག་ཅེས་གནས་ཀྱིས་གནས་པ་སྟོན་པ་བཞིན་དུ། འདི་ལ་ཕྱོགས་གཅིག་གི་གནས་པའི་སེམས་ཅན ་དམིགས་པར་བྱེད་པ་སྟོན་ཏོ། །མོས་ཞེས་བྱ་བས་མོས་པ་ཡིད་ལ་བྱེད་པ་བསྟན་གྱི། དེ་ཁོ་ན་ཡིད་ལ་བྱད་པ་མ་ཡིན་པ་ནི་སྔ་མ་བཞིན་ནོ། །ཁྱབ་པར་བྱ་སྟེ་ཞེས་བྱ་བས་དུས་གཅིག་ཏུ་དམིགས་པར་བྱ་བའི་སེམས་ཅན་ཐམས་ཅད་ལ ་ཁྱབ་པར་དམིགས་ཞེས་བྱ་བའི་དོན་ཏོ། །བསྒྲུབས་ནས་ཞེས་བྱ་བས་རྩ་བའི་ཏིང་ངེ་འཛིན་བཞི་མངོན་དུ་བྱས་པའམ། བྱམས་པ་ལ་སོགས་པའི་ཏིང་ངེ་འཛིན་ཉམ་ད་མངོན་དུ་བྱས་ནས་ཞེས་བྱ་བའི་དོན་ཏོ། ། ་གནས་སོ་ཞེས་བྱ་བའི་ཚིག་གིས་སྐད་གཅིག་མ་གཅིག་ལ་གནས་པ་མ་ཡིན་གྱི། དེའི་རྗེས་སུ་རྒྱུན་ཏུ་འབྲང་ཞེས་བྱ་བའི་དོན་ཏོ། །ཡང་ན་ཚངས་པའི་གནས་བཞི་ནི་རིམ་བཞིན་དུ་བདེ་བ་ཡང་དག་པར་སྒྲུབ་པར་བྱེད་པའི་མཚན་ཉིད་དང ་སྡུག་བསྔལ་སེལ་བར་བྱེད་པ་ལ་འཇུག་པའི་མཚན་ཉིད་དང། བདེ་བ་དང་མི་འབྲལ་བར་རྗེས་སུ་མོས་པའི་མཚན་ཉིད་དང་གསུམ་ཆར་ལ་བཏང་སྙོམས་པའོ། །དེ་ལ་བདེ་བ་ཡང་དག་པར་བསྒྲུབ་པའི་མཚན་ཉིད་ནི་བྱམས་པའོ། ་སྡུག་བསྔལ་སེལ་བ་ལ་འཇུག་པར་བྱེད་པའི་མཚན་ཉིད་ནི་སྙིང་རྗེའོ། །བདེ་བ་དང་མི་འབྲལ་བར་རྗེས་སུ་མྱོང་བའི་མཚན་ཉིད་ནི་དགའ་བའོ། །རྣམ་པ་གསུམ་ཆར་ལྟར་མི་འཇུག་པའི་མཚན་ཉིད་ནི་བཏང་སྙོམས་སོ། །ཚད་མེད ་བཞི་ལས་ཀྱང་ཇེ་བྱམས་པ་བསྟན་པའི་ཕྱིར། འདི་ལ་དགེ་སློང་དག། དགེ་སློང་བྱམས་པ་དང་ལྡན་པའི་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་བྱམས་པ་དེ་སེམས་ཅན་ལ་ཕན་འདོགས་པའི་རྣམ་པར་གནས་པ་ཡིན ་པས་ན་བྱམས་པ་དང་ལྡན་པའི་སེམས་ཞེས་བྱའོ། །ཕན་འདོགས་པའི་མཚན་ཉིད་ཀྱང་རྣམ་པ་གཉིས་ཏེ། ཕན་བ་སྒྲུབ་པ་དང་བདེ་བ་སྒྲུབ་པ་སྟེ། །དེའི་དོན་ཀྱང་སྔར་བཤད་པ་བཞིན་ནོ། །སེམས་ཀྱི་ཉེས་པ་དང་བྲལ་བའི་ཕྱིར་ན་དགྲ ་མེད་པའོ། །སུས་ཀྱང་གནོད་པར་མི་བྱེད་ལ་བདག་ཀྱང་སུ་ལ་ཡང་གནོད་པར་མི་གནས་པས་ན་མི་མཐུན་པ་མེད་པའོ། །གནོད་པར་བྱ་བའི་ལས་མི་བྱེད་པས་ན་གནོད་བ་མེད་པའོ། །དམིགས་པར་བྱ་བའི་ཡུལ་རྒྱ་ཆེ་བས་ཡངས ་བའོ། །ཕན་པ་དང་བདེ་བ་གཙོར་བསྒྲུབས་པས་ན་རྒྱ་ཆེ་བར་གྱུར་བ་སྟེ། ཆེར་གྱུར་བའི་དོན་ནི་གཙོར་སྒྲུབ་པའི་དོན་ཏོ། །ཆགས་བ་དང་ཞེ་སྡང་མེད་པས་ན་གཉིས་སུ་མེད་པའོ། །དེའི་འབྲས་བུ་དཔག་ཏུ་མེད་པ་འབྱུང་བས་ཚད་མེད་པའོ། །མི་མཐུན ་པའི་ཕྱོགས་ལས་རབ་ཏུ་རྒྱལ་བས་ན་ཤིན་ཏུ་བསྒོམས་པའོ། །ཕྱོགས་གཅིག་ཏུ་མོས་ཤིང་ཁྱབ་པར་བྱས་ཏེ་ཞེས་བྱ་བ་ལ་ཞེ་སྡང་མེད་ལ་སེམས་ཅན་ལ་ཕན་པ་དང། བདེ་བའི་བསམ་པའི་མོས་པས་ཕྱོགས་གཅིག་ཏུ་ཁྱབ་པར་བྱ་ཞེས་བྱ་བའི ་དོན་ཏེ། །བསྒྲུབས་ནས་གནས་ཞེས་བྱ་བས་ནི་བྱམས་པ་དག་པར་བྱས་བ་འམ། རྫོགས་བར་བྱས་ནས་གནས་ཞེས་བྱ་བའི་དོན་ཏོ། །ལྷག་མ་རྣམས་སྔར་བཤད་པ་བཞིན་དུ་བལྟའོ།། །།ཚངས་པའི་གནས་ཀྱིས་འོག་ཏུ་ལམ ་བཞི་བསྟན་པས། ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་བཞེད་ནས་འདྲི་བའི་ཚུལ་དུ་འགོ་དྲངས་ཏེ་བཀའ་སྩལ་པ། ལམ་བཞི་གང་ཞེ་ན་ཞེས་བྱ་བ་ལ་སོགས་པའོ། །མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་ཕྱིར་ལམ་སྟེ་།མྱ་ངན་ལས ་འདས་པའི་གནས་བསྒྲུབས་པའི་དོན་ཏོ། །དེ་ལ་སྡུག་བསྔལ་གྱི་ལམ་རྨོངས་པ་མངོན་པར་ཤེས་པ་ཡང་ཡོད་ཅེས་བྱ་བ་ནི་ལམ་དང་པོའོ། །སྡུག་བསྔལ་གྱི་ལམ་མྱུར་དུ་ཤེས་པ་ཡང་ཡོད་ཅེས་བྱ་བ་ནི་ལམ་གཉིས་བའོ། །བདེ་བའི་ལམ ་རྨོངས་པ་མངོན་པར་ཤེས་པ་ཡང་ཡོད་ཅེས་བྱ་བ་ནི་ལམ་གསུམ་པའོ། །བདེ་བའི་ལམ་མྱུར་དུ་མངོན་པར་ཤེས་པ་ཡང་ཡོད་ཅེས་བྱ་བ་ནི་ལམ་བཞི་པའོ། །དེ་ལ་ཐོབ་ཏུ་མི་རུང་བ་དང་བསམ་གཏན་གྱི་བར་དང། གཟུགས་མེད་པ་དག་ནི་རིམ ་བཞིན་དུ་ཞི་གནས་དང་ལྷག་མཐོང་ཤེས་ཆུང་བས་སྡུག་བསྔལ་གྱི་ལམ་མངོན་པར་ཤེས་པ་དང་སྡུག་བསྔལ་གྱི་ལམ་མྱུར་དུ་ཤེས་པ་རྣམ་པར་བཞག་སྟེ། ན་མ་དབང་པོ་རྟུལ་པོ་རྣམས་མི་ཐོབ་ཏུ་མ་རུང་བ་དང། བསམ་གཏན ་གྱི་བར་དང། གཟུགས་མེད་པ་ལ་སྙོམས་པར་འཇུག་པ་ན་སྡུག་བསྔལ་གྱི་ལམ་རྨོངས་པ་མངོན་པར་ཤེས་པ་ཞེས་བྱའོ། །ན་མ་དབང་པོ་རྣོན་པོ་རྣམས་མི་ཐོབ་ཏུ་མི་རུང་པ་དང། བསམ་གཏན་གྱི་བར་དང། གཟུགས ་མེད་པའི་སྙོམས་པར་འཇུག་པ་ན་ནི། སྡུག་བསྔལ་གྱི་ལམ་མྱུར་དུ་མི་མངོན་པར་ཤེས་པ་ཞེས་བྱའོ། །གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་ལ་སྙོམས་པར་འཇུག་པ་རྣམས་ནི་བདེ་བའི་ལམ་རྨོངས་བ་མངོན་པར་ཤེས་བ་དང། བདེ ་བའི་ལམ་མྱུར་དུ་མངོན་པར་ཤེས་པར་རྣམ་པར་བཞག་སྟེ། ན་མ་གང་ཟག་དབང་པོ་རྟུལ་པོ་རྣམས་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་ལ་སྙོམས་པར་འཇུག་པ་ན་ནི་བདེ་བའི་ལམ་རྨོངས་པ་མངོན་པར་ཤེས་པ་ཞེས་བྱའོ། །ནམ ་དབང་པོ་རྣོན་པོའི་གང་ཟག་རྣམས་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་ལ་སྙོམས་པར་འཇུག་པ་ནི་བདེ་བའི་ལམ་མྱུར་དུ་མངོན་པར་ཤེས་པ་ཞེས་བྱའོ། །ལམ་དང་པོ་རྒྱས་པར་བསྟན་པའི་ཕྱིར། དེ་ལ་སྡུག་བསྔལ་གྱི་ལམ་རྨོངས ་པ་མངོན་པར་ཤེས་པ་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལ་ཞེས་བྱ་བ་ནི་འདོད་པའི་ཁམས་འདིར་ཞེས་བྱ་བའི་ཐ་ཚིག་གོ། འགའ་ཞིག་ཅེས་བྱ་བ་ནི་སྐྱེས་བུ་ལ་ལ་ཞིག་གམ། གང་ཟག་ལ་ལ་ཞེས་བྱ་བའི་དོན་ཏོ། ། ་རང་བཞིན་གྱིས་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་ཞེས་བའི་དོན་ཏོ། འདོད་ཆགས་བདོ་བ་དང་ཞེས་བྱ་བ་ལས། བདོ་བའི་སྒྲ་ནི་འདོད་ཆགས་ཤས་ཆེ་བ་ལ་བྱ་སྟེ། འདོད་པའི་དངོས་པོ་ཆུང་ངུ་ལ་ཡང་ལྷག་པར་ཆགས་པ་དང། ཡང་ནས ་ཡང་དུ་འདོད་ཆགས་ཀྱི་སེམས་མངོན་དུ་བྱེད་པ་ནི་འདོད་ཆགས་བདོ་བའོ། །ཞེ་སྡང་བདོ་བ་ཡང་ཞེ་སྡང་ཤས་ཆེ་བ་སྟེ། གནོད་བ་དང་ཉེས་པར་བྱས་པའི་དམིགས་ཆུང་ཡང་འཁྲུགས་པ་དང། གནོད་སེམས་ཆེར་ལྡང་ཞིང་ཞེ་སྡང ་གི་སེམས་ཡང་ནས་ཡང་དུ་རྒྱུན་ཏུ་སེམས་ལ་འབྱུང་བ་ནི་ཞེ་སྡང་བདོ་པའོ། །གཏི་མུག་བདོ་བ་ཡང་གཏི་མུག་གི་ཤས་ཆེ་བ་སྟེ། གང་གི་ཕྱིར་གཏི་མུག་ཤས་ཆེ་བས་དོན་བསྟན་པས་ཆུང་སྟེ། མི་རྟོགས་པའི་གནས་མ་ཡིན་ཡང་རྟོགས་པར་མི་ནུས ་པ་ནི་གཏི་མུག་བདོ་བའོ། །དེ་ཞེས་བྱ་བ་ནི་ཉོན་མོངས་པ་གསུམ་གྱི་ཤས་ཆེ་བའི་གང་ཟག་དེའོ། །ཕྱིར་ཞིང་འདོད་ཆགས་བདོ་བས་ཞེས་བྱ་བ་ནི་འདོད་ཆགས་ཀྱི་ཤས་ཆེ་བའི་ཆགས་པ་ཡང་ནས་ཡང་ན་འབྱུང་བས་ཞེས་བྱ་བའི་དོན་ཏོ། །འདོད་ཆགས ་སྐྱེས་བའི་སྡུག་བསྔལ་བ་དང་ཡིད་མི་བདེ་བ་སོ་སོར་མྱོང་བ་ཞེས་བྱ་བ་ནི་འདོད་ཆགས་ཤེས་ཆེ་བའི་རྒྱུ་ལས་སྐྱེས་བའི་ལུས་སྡུག་བསྔལ་བ་སོ་སོར་མྱོང་བ་དང། སེམས་མི་བདེ་བ་སོ་སོར་མྱོང་བར་འགྱུར་རོ། །ཞེ་སྡང་དང་གཏི་མུག་ལ་ཡང་དེ་བཞིན ་དུ་སྦྱར་རོ། །དེ་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་ལ་རྨོངས་པ་ཡིན་ཏེ་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཤས་ཆེ་བས་ཤས་ཆེ་བའི་གང་ཟག་དེ་འཕགས་པའི་དབང་པོ་ཟག་པ་མེད་པ་དད་པ་ལ་སོགས་པ་ལྔ་ལ ་རྨོངས་པ་ཡིན་ཏེ། དབང་པོ་དེ་ལྔ་སྟེ་མཐུ་ཆུང་བ་དང་སྟོབས་ཆུང་བ་དང་ཉམས་ཆུང་བ་ཡིན་ཞེས་བྱ་བའི་དོན་ཏོ།། །།འཇིག་རྟེན་ལས་འདས་པའི་དབང་པོ་ཞེས་བྱ་བ་ནི་ཟག་པ་མེད་པའི་དབང་པོ་ཞེས་བྱ་བའི་ཐ་ཚིག་གོ། གང་ཐོབ ་པར་བྱ་བ་ལ་མཐུ་ཆུང་ཞེ་ན། དེའི་ཕྱིར་ཟག་པ་ཟད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གང་ཟག་པ་ཟད་པ་ཐོབ་པར་བྱ་བའི་ཕྱིར། དེ་དག་མཐུ་ཆུང་བ་ཞེས་བྱ་བའི་དོན་ཏོ། །མཐུ་ཆུང་བའི་དོན་བསྟན་བར་བྱ་བའི་ཕྱིར་གཞན་པ་དང་མྱུར་དུ་མི་ཐོབ་བོ ་ཞེས་བྱ་བ་གསུངས་ཏེ། དང་པོ་ཉིད་དུ་འཇུག་པའི་དུས་ན་ཡང་མྱུར་དུ་འཇུག་པར་མ་ནུས་པས་ན་ཞེན་པའོ། །བསྒོམ་པའི་དུས་ན་ཡང་འབྲས་བུ་འཐོབ་པར་མི་ནུས་པས་ན་མྱུར་དུ་མི་འཐོབ་པའོ། །འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་གང ་ཡིན་པ་བསྟན་པའི་ཕྱིར་འདི་ལྟར་དད་པའི་དབང་པོ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་པོ་ལྔའི་མཚན་ཉིད་ནི། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་སྐབས་སུ་ཞིབ་ཏུ་བསྟན་ཏོ། དེ་འཇིག་རྟེན་ལས་འདས ་པའི་དབང་པོ་དེ་ལ་ཞན་པ་དང་ཞེས་བྱ་བ་ནི་ཉོན་མོངས་པ་གསུམ་ཤས་ཆེ་བའི་གང་ཟག་དེ་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་མཐུ་ཆུང་བས་ཉོན་མོངས་པ་ཟག་པ་དང་བཅས་པའི་ཆོས་རྣམས་ཟད་པར་བྱ་བའི་ཕྱིར། ཉོན་མོངས་པ་སྤོང ་བའི་ལམ་དེ་མ་ཐག་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་སྟེ། ཏིང་ངེ་འཛིན་ལ་མྱུར་དུ་འཇུག་པར་མི་ནུས་བ་ནི་སྡུག་བསྔལ་གྱི་ལམ་རྨོངས་བ་མངོན་པར་ཤེས་པ་ཞེས་བྱའོ། །དོན་དུ་ན་ཉོན་མོངས་པ་གསུམ་གྱི་ཤས་ཆེ་བ་འཇིག་རྟེན ་ལ་འདས་པའི་དབང་པོ་ལྔ་མཐུ་ཆུང་ཞིང་དབང་པོ་རྟུལ་ལོ། །དབང་པོ་དེ་དག་གིས་མི་ཐོབ་ཏུ་མི་རུང་བ་དང། བསམ་གཏན་གྱི་བར་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་ན། མཉམ་པར་འཇོག་པ་ན་སྡུག་བསྔལ་གྱི་ལམ ་རྨོངས་པ་མངོན་པར་ཤེས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། མི་ཐོབ་ཏུ་མི་རུང་བ་དང་བསམ་གཏན་གྱི་བར་ན་ནི་ཡན་ལག་བསྡུ་བ་མེད་པ་དང། ཞི་གནས་དང་ལྷག་མཐོང་ཤས་ཆུང་བས་བསྒྲིམས་ཏེ། བསྒྲུབ་དགོས་པ་དང་གཟུགས ་མེད་པའི་ཁམས་ན་ཡང་ཡན་ལག་ཏུ་བསྡུ་བ་མེད་པ་དང། ལྷག་མཐོང་ཤས་ཆུང་བས་ན་བསྒྲིམས་ཏེ་བསྒྲུབ་དགོས་པའི་ཕྱིར་སྡུག་བསྔལ་བའོ། །གང་ཟག་དབང་པོ་རྟུལ་བས་འབྲས་བུ་མྱུར་དུ་ཐོབ་པར་མི་ནུས་པའི་ཕྱིར ་རྨོངས་པའོ། །དོན་དུ་ན་དེའི་ལམ་མངོན་པར་ཤེས་པ་རྨོངས་པ་ཆུང་བས་ན་རྨོངས་པའི་ལམ་སྟེ། ཤེས་རབ་ཆུང་ཞེས་བྱ་བའི་དོན་ཏེ། འདོད་ཆགས་དང་ཞེ་སྡང་ནི་ཕན་ཚུན་མི་མཐུན་པའི་ཆོས་ཡིན་བས་ལྷན་ཅིག་འབྱུང ་བ་མེད་པའི་ཕྱིར་གྱུད་ཀྱི་དབྱེ་བས་དེ་གཉིས་འགྱུད་བར་རིག་བར་བྱ་སྟེ། བར་དགའ་འདོད་ཆགས་འབྱུང། བར་འགའ་ཞེ་སྡང་འབྱུང། བར་འགའ་གཏི་མུག་འབྱུང། དེ་ལ་སྡུག་བསྔལ་གྱི་ལམ་མྱུར་དུ་མངོན་བར་ཤེས་པ་གང་ཞེ་ན་ཞེས་བྱ་ལ ་སོགས་པ་གསུངས་ཏེ། དོན་གཞན་ནི་སྔར་བཤད་པ་དང་འདྲའོ། །མྱུར་དུ་མངོན་པར་ཤེས་པ་ཞེས་བྱ་བ་ནི་གང་གི་དེ་མ་ཐག་པའི་ཏིང་ངེ་འཛིན་མྱུར་དུ་ཤེས་པར་བྱེད་པ་ནི། །མྱུར་དུ་མངོན་པར་ཤེས་པར་བྱེད་པ་སྟེ། ཤེས་རབ་རྣོ་ཞེས་བྱ་བའི་དོན ་ཏོ། །ཤེས་རབ་རྣོ་བའི་དོན་ཉིད་བསྟན་པའི་ཕྱིར། ཤས་ཆེ་བ་དང་རྣོ་བ་དང་མྱུར་དུ་ཐོབ་པ་ཡིན་ནོ་ཞེས་གསུངས། །རྣོ་བའི་ཕྱིར་ན་ཤས་ཆེ་བའི། །མྱུར་དུ་ཐོབ་པའི་ཕྱིར་ན་རྣོ་བ་སྟེ། ཕྱི་མོས་སྔ་མ་བཤད་བར་བལྟའོ། །ཡང་ན་ལམ་རྣམ་པ ་གསུམ་སྟེ། དེས་པར་འབྱེད་པའི་ལམ་དང། མཐོང་བའི་ལམ་དང། བསྒོམས་པའི་ལམ་མོ། །ངེས་པར་བྱེད་པའི་ལམ་ལ་དབང་པོ་ལྔ་མྱུར་དུ་འཇུག་པར་བྱེད་པས་ན་ཤེས་ཆེ་བའོ། །མཐོང་བའི་ལམ་ལ་མྱུར་དུ་འཇུག་པར་བྱེད་པའི་ན་རྣོ་བའོ།། ་བསྒོམ་པའི་ལམ་ལ་མྱུར་དུ་འཇུག་པར་བྱེད་བས་ན་མྱུར་དུ་འཐོབ་པའོ། །དོན་དུ་ན་ཉོན་མོངས་པ་གསུམ་ཤས་ཆེ་བའི་གང་ཟག་དབང་པོ་རྣོན་པོ་མི་ཐོབ་ཏུ་མི་རུང་བ་དང། བསམ་གཏན་གྱི་བར་དང། གཟུགས་མེད་པའི་སྙོམས་པར་འཇུག ་པ་ལ་མཉམ་པར་འཇོག་པ་ན། སྡུག་བསྔལ་གྱི་ལམ་མྱུར་དུ་མངོན་པར་ཞེས་བ་ཞེས་བྱ་སྟེ། ས་དེ་དག་ན་ཡང་ལག་ཏུ་བསྡུ་བ་མེད་པ་དང། ཞི་གནས་དང་ལྷག་མཐོང་ཤས་ཆུང་བའི་ཕྱིར་བསྒྲིམས་ཏེ། བསྒྲུབ་དགོས་པས་ན་སྡུག་བསྔལ ་བསྔལ་གྱི་ལམ་མོ། །གང་ཟག་ཤེས་རབ་རྣོ་བས་དེ་མ། ཐག་བའི་ཏིང་ངེ་འཛིན་མྱུར་དུ་ཐོབ་པར་བྱེད་པའི་ཕྱིར་མྱུར་དུ་མངོན་པར་ཤེས་པའོ། །ལམ་གསུམ་པ་བསྟེན་པར་བྱ་བའི་ཕྱིར། དེ་ལ་བདེ་བའི་ལམ་རྨོངས་པ་མངོན་པར་ཤེས ་པ་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་ཆགས་ཆུང་བ་ལ་སོགས་པ་ཡང་འདོད་ཆགས་ཚེ་ལ་སོགས་པ་ལས་བཟློག་པའི་དོན་དུ་རིག་པར་བྱའོ། །དོན་དུ་ཉོན་མོངས་པ་གསུམ་ཆས་ཆུང ་པའི་གང་ཟག་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་རྟུལ་ཞིང་མཐུ་ཆུང་བས། གཟུགས་ཀྱི་ཁམས་ཀྱི་བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པ་དང་བཞི་བ་ལ་སྒོམ་པ་ནི། བདེ་བའི་ལམ་རྨོངས་པ་མངོན་པར་ཤེས་པ ་ཞེས་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་ཁམས་ཀྱི་བསམ་གཏན་དེ་དག་ན་ཡན་ལག་བསྡུ་བ་ཡོད་པ་དང། ཞི་གནས་དང་ལྷག་མཐོང་མགོ་མཉམ་དུ་འཇུག་པས། བསྒྲིམས་ཏེ་བསྒྲུབས་མི་དགོས་པས་ན་བདེ་བའི་ལམ་མོ།། ་གང་ཟག་དབང་པོ་རྟུལ་པོས་དེ་མ་ཐག་པའི་ཏིང་ངེ་འཛིན་ལ་མྱུར་དུ་འཇུག་མི་ནུས་པའི་ཕྱིར་རྨོངས་པ་མངོན་པར་ཤེས་པ་ཞེས་བྱའོ། །ལམ་བཞི་པ་བསྟན་པའི་ཕྱིར། དེ་ལ་བདེ་བའི་ལམ་མྱུར་དུ་མངོན་པར་ཤེས་པ་གང ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིག་གི་དོན་གཞན་ཡང་སྔར་བཤད་པ་བཞིན་དུ་བལྟའོ། །དེ་ཡང་དོན་དུ་ན་འདི་སྐད་སྟོན་ཏེ། གང་ཟག་ཉོན་མོངས་པ་གསུམ་གྱི་ཤས་ཆུང་ཞིང་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ ་མཐུ་ཆེ་ལ། རྣོ་བས་དེས་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་བསྒོམས་པ་ན་བདེ་བའི་ལམ་མྱུར་དུ་མངོན་པར་ཤེས་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན་དེ་དག་ན་ཡན་ལག་བསྡུ་བ་ཡོད་པ་དང། ཞི་གནས་དང་ལྷག་མཐོང་མགོ ་མཉམ་དུ་འཇུག་པས་སྒྲིམས་ཏེ་བསྒྲུབ་མི་དགོས་པའི་ཕྱིར་བདེ་བའི་ལམ་མོ། །གང་ཟག་དབང་པོ་སྣོ་བས་དེ་མ་ཐག་པའི་ཏིང་ངེ་འཛིན་མྱུར་དུ་མངོན་དུ་བྱེད་པའི་ཕྱིར་མྱུར་དུ་མངོན་པར་ཤེས་པའོ།། །། ་ལམ་གྱི་འོག་ཏུ་ཏིང་ངེ་འཛིན་བསྒོམ་པ་བཞི་བསྟན་བས། ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་བཞེད་ནས། དེ་ལ་དགེ་སློང་དག་ཏིང་ངེ་འཛིན་བསྒོམ་པ་བཞི་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སེམས་རྩེ་གཅིག་པ་ནི་ཏིང་ངེ་འཛིན་ཏེ། ་དེ་ལ་ཡང་ནས་ཡང་དུ་གོམས་པར་བྱེད་པ་ནི་ཏིང་ངེ་འཛིན་བསྒོམ་པའོ། །དེ་ཡང་རྣམ་པ་གསུམ་སྟེ། བསྟན་པ་བསྒོམ་པ་དང། བསྙེན་པ་བསྒོམ་པ་དང། མང་དུ་བྱས་པའོ། །འཐོབ་པའི་བསྒོམ་པ་ནི་བསྟེན་པ་ཞེས་བྱ་སྟེ། ཏིང་ངེ་འཛིན་མངོན་དུ ་མ་གྱུར་གྱི། དེ་མངོན་དུ་འགྱུར་བའི་རྙེད་པ་ཙམ་སྐྱེ་བའམ་རྒྱུ་ཙམ་སྐྱེས་པའོ། །མངོན་དུ་གྱུར་པར་བསྒོམ་པ་ནི་གཉེན་པོ་བསྒོམ་པ་སྟེ་ཏིང་ངེ་འཛིན་ཉིད་མངོན་སུམ་དུ་བྱས་བའོ། །མི་མཐུན་པའི་ཆོས་རིང་དུ་སྤངས་ནི་མང་དུ་བྱས་པའི ་ཡང་ན་སྦྱོར་བའི་ལམ་སྟེ། མོས་པ་སྤྱོད་བའི་དུས་ན་ནི་བསྟེན་པ་བསྒོམ་པའོ། །དེ་མ་ཐག་པའི་ལམ་མམ། སྤོང་བའི་ལམ་གྱི་དུས་ན་ནི་བསྙེན་པ་བསྒོམ་པའོ། །རྣམ་པར་གྲོལ་བའི་ལམ་གྱི་དུས་ན་ནི་མང་དུ་བྱས་པའོ། །ཡང་ན་བསྟན་པ་དང། བསྙེན ་བ་དང། བསྒོམས་པ་དང། མང་དུ་བྱས་པ་ཞེས་ཚིག་བཞིར་བཞག་གོ། དེ་ཉོན་མོངས་པ་སྤོང་བའི་གཉེན་པོ་ཡང་བཞི་སྟེ། སུན་འབྱིན་པའི་གཉེན་པོ་དང། རབ་ཏུ་སྤོང་བའི་གཉེན་པོ་དང། རྟེན་གྱི་གཉེན་པོ་དང། རིང་དུ་བྱས་པའི་གཉེན་པོའོ། ། ་དེ་སུན་འབྱིན་བའི་གཉེན་པོ་ནི། འདོད་པའམ་འདུ་བྱེད་རྣམས་ལ་ནང་དང་འབྲལ་ལ་སོགས་པའི་རྣམ་པར་སུན་འབྱིན་པ་སྟེ། དང་པོར་འདུ་བྱེད་ལ་སུན་འབྱིན་པ་ནི་བསྟེན་པའོ། །རབ་ཏུ་སྤོང་བའི་གཉེན་པོ་ནི་སྦྱོར་བ་དང་དེ་མ་ཐག་པའི་ལམ་སྟེ། ་དེས་ཉོན་མོངས་པ་རབ་ཏུ་སྤོང་བར་བྱེད་པའི་ཕྱིར་རོ། །ལམ་དེ་གཉིས་ཀྱི་ཆེ་ན་ནི་བསྙེན་པ་ཞེས་བྱའོ། །རྟེན་གྱི་གཉེན་པོ་ནི་རྣམ་པར་གྲོལ་བའི་ལམ་སྟེ། དེའི་ཚེ་ན་ནི་བསྒོམས་པ་ལས་བྱའོ། རིང་དུ་བྱས་པའི་གཉེན་པོ་ནི་དེ་ཕན་ཆད་ཀྱི ་ལམ་ཉོན་མོངས་པ་སྔ་མ་ནི་སྤངས། ཕྱི་མ་ནི་ནམས་ཀྱང་རྒྱུད་ལ་མི་སྐྱེ་བ་སྟེ། དེའི་ཚེ་ན་ནི་མང་དུ་བྱས་པའོ། །ཡང་ན་སོ་སོ་སྐྱེ་བོའི་ཚེ་ན་ནི་བསྟེན་པའོ། །མོས་པས་སྤྱོད་པའི་ལམ་ནི་བསྙེན་པའོ། །མཐོང་བའི་ལམ་ནི ་བསྒོམས་པའོ། །བསྒོམ་པའི་ལམ་ནི་མངོན་དུ་བྱས་པའོ། །ཅིའི་ཕྱིར་བསྒོམས་ཤེ་ན། འདོད་པའི་འདོད་ཆགས་སྤོང་བར་འགྱུར་བ་ཞེས་བྱ་བ་གསུངས་ཏེ། འདོད་པའི་ཁམས་ཀྱི་འདོད་ཆགས་སྤང་པར་བྱ་བའི་དོན་དུ་བསྒོམ་པ་ཡང་ཡོད ་ཅེས་བྱ་བའི་ཐ་ཚིག་སྟེ། དེ་ནི་ཏིང་ངེ་འཛིན་བསྒོམ་པ་དང་པོའོ། །ལྟ་བའི་ཆོས་ལ་བདེ་བར་གནས་པར་འགྱུར་བ་ཡང་ཡོད་ཅེས་པ་ལ་ལྟ་བའི་སྒྲ་མངོན་སུམ་ལ་བྱ་ལ། ཆོས་ཀྱི་སྒྲ་ནི་ཚེ་ལ་བྱ་སྟེ། དོན་དུ་ན་མངོན་སུམ་གྱི་ཚེ ་ནའམ་ཚེ་འདི་ལ་ཞེས་བྱ་བའི་དོན་ཏོ། །བདེ་བར་གནས་པ་ནི་ཚེ་འདི་ལ་འཁྲུག་པ་མེད་པ་དང། ཞི་བར་གནས་པ་སྟེ་ལྟ་བའི་ཆོས་ལ་བདེ་བར་གནས་པའི་ཕྱིར་སྒོམ་གྱི། འདོད་པའི་འདོད་ཆགས་སྤང་པའི་ཕྱིར་སྒོམ་པ་ནི་མ ་ཡིན་པ་སྟེ། དེ་ནི་ཏིང་ངེ་འཛིན་སྒོམ་པ་གཉིས་པའོ། །ཡེ་ཤེས་མཐོང་བ་རབ་ཏུ་ཐོབ་པར་འགྱུར་བ་ཡོད་ཅེས་བྱ་བ་ལ། ཡེ་ཤེས་མཐོང་བ་རབ་ཏུ་ཐོབ་པར་འགྱུར་པ་དང། མཐོང་བ་རབ་ཏུ་འཐོབ་པར་འགྱུར་བའོ། །དེ་ལ་ཡེ་ཤེས་ནི ་ཡིད་ཀྱི་རྣམ་པར་ཤེས་པ་དང་འབྲེལ་པའི་ཤེས་རབ་ལ་བྱ་སྟེ། དེ་ཡང་སེམས་ཅན་འདི་ནི་ལུས་ཀྱི་ཉེས་པར་སྤྱོད་པ་དང་ལྡན། སེམས་ཅན་འདི་ནི་ངག་གི་ཉེས་པར་སྤྱོད་པ་དང་ལྡན་ཞེས་བྱ་བ་ལ་སོགས་པ་དང། སེམས་ཅན ་འདི་ནི་ལུས་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་ཞེས་བྱ་བ་ལ་སོགས་པ་རྟོག་པ་ཅན་གྱི་ཤེས་རབ་བོ། །མཐོང་བ་ནི་མིག་གི་རྣམ་པར་ཤེས་པ་དང་ལྡན་པའི་ཤེས་རབ་མི་རྟོག་པ་ལ་བྱ་སྟེ། གང་གིས་གཟུགས་རྣམ་པ་སྣ ་ཚོགས་དང་སེམས་ཅན་གྱི་སྤྱོད་པ་རྣམ་པ་མང་པོ་མཐོང་བ་དང་ལྡན་པ་འཕྲུལ་གྱི་མིག་ལ་བྱའོ། །དེ་ཐོབ་པར་བྱ་བའི་ཕྱིར་སྒོམ་བ་ནི་ཏིང་ངེ་འཛིན་སྒོམ་པ་གསུམ་པའོ། །ཤེས་རབ་རབ་ཏུ་ཐོབ་པར་འགྱུར་བ་ཡང་ཡོད་ཅེས་བྱ་བ་ལ། ཤེས་རབ་ཀྱི ་ཁྱད་པར་ཐོབ་པར་བྱ་བ་ནི། ཤེས་རབ་རབ་ཏུ་ཐོབ་པར་འགྱུར་བ་སྟེ། འཕགས་པའི་བདེན་པ་བཞི་ཤེས་པའི་ཤེས་རབ་བམ། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཤེས་པའི་ཤེས་རབ་ཐོབ་པར་འགྱུར་བའོ། །དེ་ཐོབ་པར་བྱ་བའི་སྒོམ་པ་ནི ་ཏིང་ངེ་འཛིན་གྱི་སྒོམ་པ་བཞི་པའོ། །ཏིང་ངེ་འཛིན་སྒོམ་པ་དང་པོའི་དབང་དུ་བྱས་ནས། འདི་ལ་དགེ་སློང་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་པའི་འདོད་ཆགས་ཇི་ལྟར་སྤོང་བ་སྒོམ་ཞེ་ན། དེའི་ཕྱིར་ལུས་འདི་ལ་རྐང་པའི ་མཐིལ་ནས་གྱེན་དུ་སྐྲ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་འདི་ལ་ནི་བདག་གམ་གཞན་གྱི་ལུས་ལ་སྟེ། ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་གོ་ཞེས་སྦྱར་རོ། །ཇི་ལྟར་རྟོག་ཅེ་ན། རྐང་པའི་མཐིལ་ནས་བརྩམས ་ཏེ། གྱེན་དུ་སྐྲ་དང་མགོའི་བར་དུ་རྟོག་པ་འམ་སྐྲ་དང་མགོ་ནས་བརྩམས་ཏེ། ཐུར་དུ་རྐང་པའི་མཐིལ་གྱི་བར་དུ་རྟོག་པའོ། །པགས་པ་ཡན་ཆད་ཅེས་བྱ་བ་ནི་ཕྱིའི་སྐྲ་དང་པགས་པ་ནས་བརྩམས་ཏེ། ནང་གི་ཁྲག་དང་ཤ་དང་རུས ་བའི་བར་དུ་རྟོག་གོ་།ཇི་ལྟར་གནས་པ་དང་ཞེས་བྱ་བ་ནི་ལུས་འདིར་ལྟར་གྱི་དུས་ན་ཡང་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བའི་མཚན་ཉིད་དུ་གནས་པར་རྟོག་པའོ། །ཇི་ལྟར་སྨོན་པ་ཞེས་བྱ་བ་ནི་ལུས་འདི་སྔོན་ཡང ་ལས་དགེ་བ་དང། མི་དགེ་བས་ཇི་ལྟར་འཕངས་པ་དང་མངལ་དུ་ཞུགས་ནས་ཀྱང་ཕ་མའི་མི་གཙང་བ་ལས་ཇི་ལྟར་གྱུར་པ་རྟོག་པའོ། །དོན་དེ་ཉིད་གསལ་བར་བསྟན་པའི་ཕྱིར། མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བར ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་འདི་ད་ལྟར་ཡང་མགོ་ནས་རྐང་པའི་མཐིལ་གྱི་བར་དུ་ཁྲག་དང་ཆུ་སེར་ལ་སོགས་པའི་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་གནས་པ་དང། སྔོན་ཡང་ཕ་མའི ་ཁྲག་དང་ཁུ་བ་ལས་བྱུང་བར་རྟོག་པའོ། །ཡང་དག་པའི་ཤེས་རབ་ཀྱིས་ཞེས་བྱ་བ་ནི། ཟག་པ་མེད་པ་རྟོག་པ་དང་རྗེས་སུ་མཐུན་པའི་ཤེས་རབ་ཀྱིས་ཞེས་བྱ་བའི་དོན་ཏེ། དེ་ལྟར་རྟོགས་པ་ཅན་ཉིད་ནི་ཟག་པ་ཅན་ནོ། །ཡང་དག་པ་ཇི་ལྟ་བ ་བཞིན་དུ་རབ་ཏུ་རྟོག་གོ་ཞེས་བྱ་བ་ནི་མི་གཙང་བ་ཡིན་པར་ཕྱིན་ཅི་མ་ལོག་ཅིང་མ་ནོར་བ་ཁོ་ནར་རྟོག་གོ་ཞེས་བྱ་བའི་ཐ་ཚིག་གོ་།ལུས་མི་གཙང་བ་དང་རྣམ་པར་འཇིག་པ་བསྒོམ་པ་མདོ་ཙམ་དུ་བསྟན་པ་ཉིད་རྒྱས་པར་བཤད་པའི་ཕྱིར་འདི་ལྟར་ལུས ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཐར་གྱིས་ཀུན་འབྱུང་བ་ཞེས་བྱ་བ་ནི་ལུས་འདི་དང་པོ་ནུར་ནུར་པོ་འབྱུང་ངོ། །དེ་ནས་མེར་མེར་པོ་འབྱུང་ངོ། །དེ་ནས་ལྟར་ལྟར་པོ་འབྱུང་བས་ན་གཞོན་ནུ་དང་དར་ལ་བབ་པ་དང་རས?་པ་ལ་སོགས་པ ་འབྱུང་ངོ། །མཐར་གྱིས་འཇིག་ཅེས་བྱ་བ་ནི་ནུར་ནུར་པོ་ལ་སོགས་པ་རིམ་གྱིས་འཇིག་པ་སྟེ། ནུར་ནུར་པོ་ཞིག་ནས་མེར་མེར་པོ་འཇིག་གོ་།མེར་མེར་པོ་ཞིག་ནས་དར་ལ་བབ་པ་འཇིག་པ་དང། རྐ་པ་འཇིག་པའི་བར་དུའོ། རྡུལ་ཤིན་ཏུ ་ཕྲག་མོ་བསགས་པ་ཞེས་བྱ་བ་ནི། ས་དང་ཆུ་དང་མེ་དང་རླུང་གི་རྡུལ་ཕྲན་འདུས་པ་ལས་གྱུར་པའོ། །ཡ་མ་བརླ་ཞེས་བྱ་བ་ནི་ཁ་ཟས་ཀྱི་གསོ་དགོས་ཤིང་སྒྱུ་མའི་གཟུགས་དང་འདྲ་བར་གྱི་ན་སྣང་བ་ཙམ་དུ་ཟད་པའོ། །མཐོན་དམན ་ཅན་ཞེས་བྱ་བ་ནི་དབུགས་ཕྱིར་འབྱིན་པ་ན་ལུས་དེ་མཐོ་བའོ། །དབུགས་རྡུབས་པ་ན་ལུས་ཞུམས་པས་དམའ་བའ་ཨོ། །ཡང་ན་ཁ་ཟས་ཀྱི་གསོ་དགོས་པས་མཐོ་དམན་ཅན་ཏེ་ཁ་ཟས་དང་ལྡན་ན་ནི་བརྟས་པར་གྱུར་པས་མཐོ་བ། ་ཁ་ཟས་དང་བྲལ་ན་ཉམ་ཆུང་པར་འགྱུར་བས་དམའ་བའ་ཨོ། །རྨའི་སྤོ་དགུ་དང་སྤུའི་ཁོང་བུ་འཛག་པ་ཞེས་བྱ་བ་རྨའི་སྒོ་དགུ་ནི་མིག་དང་སྣའི་བུག་གཉིས་ཏེ་དྲུག་དང། ཁ་དང་བཤད་ཁུང་དང་གཅིན་ཁུང་གིས་བསྣན་ནས་དགུའོ། །དེ་དག་ནས་རྟག་ཏུ ་སྣབས་དང་མཆིལ་མ་དང་དར་སྣབས་ལ་སོགས་པ་འཛག་ཅིང་བ་སྤུའི་བུ་ག་རེ་རེ་ནས་རྟག་ཏུ་རྡུལ་འཛག་པའི་ཕྱིར་རོ། །ས་བྲུན་ལྟར་སྤྲུལ་གདུག་པའི་གནས་ཞེས་པ་ནི་ཇི་ལྟར་གྲོག་མཁར་ས་བྲུན་གྱི་གནས་ན་སྤྲུལ་གདུག་པ་གནས་པ་བཞིན་དུ་ལྔ ་ཕུང་གི་ས་བྲུན་གྱི་གནས་ན་སྤྲུལ་གདུག་པ་གནས་པའི་ཕྱིར་རོ། །སྤྲུལ་གདུག་པ་ལྟར་དྲིན་མི་ཤེས་པ་ཞེས་བྱ་བ་ནི། ཇི་ལྟར་སྤྲུལ་གདུག་པ་ཅུང་དུ་ན་ཁ་ཟས་ཀྱི་གསོས་ནས་བསྐྱེད་པ་ཅུང་ཟད་ཙམ་ཞིག་ཉེས་པ་འམ། མ་ཉེས་ཀྱང་སླར་གསོད་པ ་བཞིན་དུ། ཕུང་པོ་འདི་ཡང་བཀྲུ་བ་དང་མཉེ་བ་ལ་སོགས་པ་ལེགས་པར་བྱས་ནས་འགའ་བཀྲུ་བ་དང་མཉེ་བ་ལ་སོགས་པ་མ་བྱས་ན། སླར་གནོད་པ་བྱེད་པས་ན་དྲིན་མི་ཤེས་པའོ། །མ་སྐྱེས་དགྲ་དང་སྤྲེའུ་གྲོགས་ལ་འཁུ་བ་ཞེས་བྱ་བ་ལ། ་དཔེར་ན་རྒྱལ་པོ་མ་སྐྱེས་དགྲ་དྲིན་བཏགས་པའི་མཆོག་པ་གསོད་པར་བྱེད་པ་དང། ཇི་ལྟར་སྤྲེའུ་བསྟེན་ཅིང་རིམ་གྲོ་བྱས་པ་དེ་ལྟར་རྒྱགས་ཤིང་གནོད་པ་བྱེད་པ་དེ་བཞིན་དུ། ཕུང་པོ་འདི་ཡང་ཕ་མས་བསྐྱེད་ན་ཕ་མ་ལ་སྙིང་རིང་བ་དང། ལེགས ་པས་རིམ་གྲོ་བྱས་ན། ཉོན་མོངས་པ་བདོ་སྟེ་སླར་གནོད་པ་བྱེད་པས་ན་འཁུ་བའོ། །གྲོགས་པོ་ངན་པ་ལྟ་བུར་སླུ་བར་བྱེད་པ་ཞེས་བྱ་བ་ནི། གྲོགས་པོ་ངན་པའི་ཕྱིའི་ཚུལ་དང་ཚིག་ཏུ་འཇང་བ་དང་འཇམ་པ་སྐང་སྨྲ་བ་ཡང་ཁོང་དུ་གནོད་པར ་སེམས་པ་དེ་བཞིན་དུ། ཕུང་པོ་འདི་ཡང་ཐང་ཅིག་འགྲོགས་པ་ན་ཕན་པ་དང་འདྲ་ཡང། འདི་བསྟེན་པ་ལ་ཡུན་རིངས་ན། ཕྱིར་གནོད་པ་འབྱུང་བའི་སླུ་བར་བྱེད་པའོ། །དབུ་བའི་ཕུང་པོ་ལྟར་རང་བཞིན་གྱིས་མཐུ་ཆུང་བ་ཞེས་བྱ་བ་ནི་ཇི་ལྟར་དབུ་བའི ་གོང་བུ་རང་བཞིན་གྱིས་མཐུ་ཆུད་སྟེ། གཟུ་དང་ཞིང་བཅང་དུ་མི་བཟོད་པ་བཞིན་དུ། གཟུགས་ཀྱི་ཕུང་པོ་འདི་ཡང་ཤེས་རབ་ཀྱིས་བརྟགས་ན་སྙིང་པོར་གཟུང་ཞིང་བཅང་དུ་མི་བཟོད་པས། རང་བཞིན་གྱིས་མཐུ་ཆུང་བའོ།། ་ཆུའི་ཆུ་བུར་ལྟ་བུར་སྐྱེ་ཞིང་འཇིག་པ་ཞེས་བྱ་བ་ནི། དཔེར་ན་ཆུའི་ཆུ་བུར་སྐད་ཅིག་མ་གཅིག་ལ་སྐྱེས་ནས་དེ་པ་ཐག་དུ་འཇིག་པར་འགྱུར་བ་དེ་བཞིན་དུ། ཕུང་པོ་འདི་དག་ཀྱང་སྐྱེས་མ་ཐག་ཏུ་འཇིག་པས་ན་སྐྱེ་ཞིང་འཇིག་པ་ཅན་ནོ།། ་སྨིག་རྒྱུ་བ་ལྟ་བུར་རྗོད་པར་བྱེད་པ་ཞེས་བྱ་བ་ནི། དཔེར་ན་སྨིག་གི་རྒྱུ་བ་ཆུ་མ་ཡིན་ཡང་ཆུ་འདྲ་བར་སྣང་བས་ཆུ་འདོད་པའི་མི་དག་དེའི་དྲུང་དུ་འོངས་ན་ཆུ་མེད་པར་གྱུར་པས་གཞན་སླུ་བར་བྱེད་པ་བཞིན་དུ། ཕུང་པོ་འདི་དག་ཀྱང་བདེ་བ་དང ་གཙང་བ་མ་ཡིན་ཡང་བདེ་བ་དང། གཙང་བ་ལྟ་བུར་སྣང་བས་སེམས་ཅན་སླུ་བར་བྱེད་པའི་ཕྱིར་བརྟོད་པར་བྱེད་པ་ཞེས་བྱའོ། །ཆུ་སྐྱེས་ཀྱི་ཤིང་ལྟར་བཤིག་ན་སྙིང་པོ་མེད་པ་ཞེས་བྱ་བ་ནི། དཔེར་ན་ཆུ་ཤིང་གི་ལྡུམ་བུ་པགས་པ་ཕྱི ་ཤུན་རེ་རེ་ནས་བཤིག་ན་ཤུན་ཙམ་ལས་གཞན་སྙིང་པོ་མེད་པ་དེ་བཞིན་དུ། ཕུང་པོ་འདི་དག་ཀྱང་རེ་རེ་ནས་བཤིག་སྟེ་བསལ་ན། དམ་པའམ་སྙིང་པོ་གང་ཡང་མེད་པའི་ཕྱིར་རོ། །སྒྱུ་མ་ལྟ་བུར་སླུ་བར་བྱེད་པ་ཞེས་བྱ་བ་ནི། དཔེར ་ན་སྒྱུ་མའི་གླང་པོ་དང་ལིའི་བླང་པོ་དང་མི་མ་ཡིན་པའི་གླང་པོ་དང་མི་འདྲ་བར་སྣད་བས་སེམས་ཅན་སླུ་བར་བྱེད་པ་དེ་བཞིན་དུ། ཕུང་པོ་ལྔ་པོ་དག་ལ་ཡང་བདག་གམ་སེམས་ཅན་ཞེས་བྱ་བ་མེད་ན། བདག་དང་སེམས་ཅན་ལྟ་བུར་སྣང་བས་སེམས ་ཅན་སླུ་བར་བྱེད་དོ། །རྒྱལ་པོ་ལྟར་བཀའ་མང་བ་ཞེས་བྱ་བ་ནི། དཔེར་ན་རྒྱལ་པོ་བཀའ་མང་བས་དེའི་བྱ་བ་མང་དུ་བསྒྲུབ་དགོས་པ་དེ་བཞིན་དུ། ལུས་འདི་ཡང་དེའི་ཕྱིར་བྱ་བ་མང་པོ་བསྒྲུབ་དགོས་ན། རྒྱལ་པོ་བཀའ་མང་པོ ་བཞིན་ནོ། །དགྲ་ལྟར་གླགས་ལྟ་བ་ཞེས་བྱ་བ་ནི། དཔེར་ན་དགྲ་བདག་གསད་པ་དང། མ་རུང་པར་བྱ་བའི་ཕྱིར། གླགས་ཚོལ་བ་བཞིན་དུ་ལུས་འདི་ཡང་དུས་ཐམས་ཅད་དུ། དགེ་བའི་རྩ་བ་མེད་པར་བྱ་བའི་ཕྱིར་གླགས་ཚོལ་བའི་ཕྱིར་རོ། །རྐུན?་པོ ་ལྟར་ཡིད་མི་བརྟན་པ་ཞེས་པ་ནི་དཔེར་ན་ཀུན་པོ་འདི་མི་རྐུ་ཞེས་དེ་ལ་ཡིད་བརྟན་དུ་མི་རུང་བ་བཞིན་དུ། ལུས་འདི་ཡང་འདི་དང་རྟག་པར་འགྲོགས་སོ་ཞེས་ཡིད་བརྟན་དུ་མི་རུང་སྟེ། གདོན་མི་ཟ་བར་སྐབས་སུ་འཇིགས་པར་བྱེད་པའི་ཕྱིར་རོ། །མི ་འཛའ་བ་ལྟར་གནོད་པར་སེམས་པ་ཞེས་བྱ་བ་ནི། མི་མཛའ་བ་ནི་གྲོགས་པོ་མ་ཡིན་པ་སྟེ། གང་ཡིད་ཀྱིས་སེམས་མི་མཐུན་པར་གྱུར་པའོ། །ཇི་ལྟར་མི་མཛའ་བར་བདག་ལ་ཕན་པར་བྱ་བར་མི་སེམས་པ་དེ་བཞིན་དུ། ལུས་འདི་ཡང་བདག་ལ ་ཕན་པར་བྱ་བར་མི་སེམས་པའི་ཕྱིར་རོ། །གཤེད་མ་ལྟར་ཤེས་རབ་ཀྱིས་འཚོ་བའི་བར་ཆད་བྱེད་པ་ཞེས་བྱ་བ་ནི་ཇི་ལྟར་སེམས་ཅན་གསོད་པའི་གཤེད་པོ་དག་སེམས་ཅན་གྱི་སྲོག་གི་བར་ཆད་བྱེད་པ་བཞིན་དུ། ལུས་འདིས་ཀྱང་མཉན ་པ་དང་བསམ་པ་དང། བསྒོམ་པའི་ཤེས་རབ་ཀྱི་སྲོག་གི་བར་ཆད་བྱེད་པའི་ཕྱིར་རོ། །གྲོང་སྟོང་པ་ལྟར་བཅུད་མེད་པ་ཞེས་བྱ་བ་ནི། དཔེར་ན་གྲོང་སྟོང་པ་ན་མི་དང་ཕྱུག་དང་རྫས་ཀྱི་བཅུད་མེད་པ་བཞིན་དུ། ཕུང་པོ་ལྔའི་ནང་ན་ཡང་བསོད ་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་མཚན་ཉིད་ཀྱི་བཅུང་ཕུང་པོ་གང་ལ་ཡང་མེད་པའི་ཕྱིར་རོ། །རྫ་མཁན་གྱི་སྣོད་ལྟར་འཇིག་པ་ལ་ཐུག་པ་ཞེས་བྱ་བ་ནི། དཔེར་ན་རྫ་མཁན་གྱི་སྣོད་ཁམ་ཕོར་དང་བུམ་པ་མཐར་ཆགས་པ་དང། འཇིག ་པ་འབྱུང་བ་བཞིན་དུ། ཕུང་པོ་སྐྱེ་བ་འདི་མཛའ་ཡང་མཇུག་ཏུ་གནས་པ་མེད་ཀྱི། འཇིག་པ་འབྱུང་བའི་ཕྱིར་རོ། །བང་བ་ལྟར་མི་གཙང་པ་སྣ་ཚོགས་ཀྱིས་གང་བ་ཞེས་པ་ནི། དཔེར་ན་མི་གཙང་བའི་སྣོད་དང་གནས་གཅིག་སྐྱུག་ལ ་སོགས་པ་མི་གཙང་བ་མང་པོས་གང་བ་བཞིན་དུ་ལུས་འདི་ལ་ཡང་མི་གཙང་བ་ལ་སོགས་པ་སྣ་ཚོགས་ཀྱིས་གང་བའི་ཕྱིར་རོ། །གླུམ་སྣོད་ལྟར་མི་གཙང་བ་འཛག་པ་དང་ཞེས་པ་ནི། ཇི་ལྟར་གླུམ་སྣོད་ལ་གླུམ ་གྱི་ཁུ་བ་འཛག་པ་བཞིན་དུ། ལུས་འདི་ལས་ཀྱང་སྣབས་དང་མཆིལ་མ་ལ་སོགས་པའི་མི་གཙང་བ་འཛག་པའི་ཕྱིར་རོ། །སྤྲུལ་དང་མི་དང་ཁྱི་དང་རོ་ལྟར་དྲི་མི་ཞིམ་པ་ཞེས་བྱ་བ་ནི། དཔེར་ན་སྦྲུལ་གྱི་རོ་དང་མི་རོ་དང་ཁྱི་རོ ་རུལ་བ་དྲི་མི་ཞིམ་པ་བཞིན་དུ་ལུས་འདི་ལས་ཀྱང་དྲི་མི་ཞིམ་པ་རྒྱུན་དུ་ལྡང་བའི་ཕྱིར་རོ། །ཕྱི་ས་ཁུང་ལྟར་མི་གཙང་བའི་འབྱུང་ཁུངས་ཞེས་པ་ནི། དཔེར་ན་སྣབས་ཀྱི་ས་ལ་སོགས་པ་མི་གཙང་བ་རྣམ་པ་སྣ་ཚོགས་འབྱུང་བ ་བཞིན་དུ། ལུས་འདི་ལས་ཀྱང་མི་གཙང་བ་རྣམ་པ་སྣ་ཚོགས་འབྱུང་བའི་འབྱུང་ཁུང་བྱེད་པའི་ཕྱིར་རོ། །རྨ་ལྟར་མི་བསྐྱོད་པ་མི་བཟོད་པ་ཞེས་བྱ་བ་ནི། དཔེར་ན་རྨ་ཁ་འབྱེ་བ་ཡང་གཟུང་བ་དང་མཉེ་བ་ལ་སོགས་པས་བསྐྱོད་ན ་ན་བ་བཞིན་དུ། ལུས་འདི་ཡང་དབྱུག་པ་ལ་སོགས་པ་ཅུང་ཟད་ཀྱིས་ཕོག་ན་ཡང་གནོད་པར་འགྱུར་རོ། །ཟུག་རྔུ་ལྟར་གནོད་པར་བྱེད་པ་ཞེས་བྱ་བ་ནི། དཔེར་ན་ཟུག་རྔུས་ཟུག་ན་ཇི་སྲིད་དུ་ཟུག་རྔུ་དེ་མ་ཕྱུང་སྟེ། འགྲོགས་ཀྱི ་བར་དུ་རྟག་ཏུ་གནོད་པ་བཞིན་དུ། ལུས་འདི་ཡང་ཇི་སྲིད་འགྲོགས་ཀྱི་བར་དུ་ཡང་གནོད་པར་བྱེད་པའི་ཕྱིར་རོ། །རྗེ་བོ་མི་སྲུན་པ་ལྟར་རིམ་གྲོ་བྱ་དཀའ་བ་ཞེས་བྱ་བ་ནི། དཔེར་ན་རྗེ་བོ་མི་བགྲུང་བ་ཇི་ལྟར་རིམ་གྲོ་བྱས་ཀྱང་མགུ ་བར་དཀའ་བ་བཞིན་དུ། ཕུང་པོ་འདི་ཡང་དངོས་པོ་གང་གིས་བསྟེན་ཅིང་རིམ་གྲོ་བྱས་ཀྱང་མགུ་ཞིང་ཆོག་པ་མེད་པའི་ཕྱིར་རོ། །ཁྱིམ་ཞིག་པ་ལྟར་བཅོས་དཀའ་བ་དང་ཞེས་པ་ནི། དཔེར་ན་ཁྱིམ་རྙིང་པ་ཞིག་ན་སླར་གསོ་ཞིང ་བཅོས་དཀའ་ལ་ཕྱོགས་གར་བཅོས་ཀྱང། ཕྱོགས་གཞན་དུ་འཇིགས་པ་བཞིན་དུ། ལུས་འདི་ཡང་རྟག་ཏུ་ཁ་ཟས་དང་སྐོམ་གྱིས་གསོ་དཀའ་ཞིང་བར་འགའ་གསོས་ཀྱང་མི་མཐུན་པའི་ཁ་ཟས་དང་ཕྲད་ན་དུས་གཞན་དུ་འཇིག་པར་འགྱུར་པའི ་ཕྱིར་རོ། །རྫ་མ་བཅོས་པ་ལྟར་དཀའ་བ་ཞེས་པ་ནི། ཇི་ལྟར་རྫ་མཁན་གྱི་སྣོད་སོ་མ་བཏང་བ་བསྲུང་དཀའ་སྟེ་ཅུང་ཟད་ཅིག་སྐྱོད་ན་འཆག་པ་དེ་བཞིན་དུ། ལུས་འདི་ཡང་ཅུང་ཟད་ཅིག་གིས་རྐྱེན་གྱིས་འཇིག་པས་ན་བསྲུང་དཀའ་བའོ། །གྲོགས ་མི་སྲུན་པ་ལྟར་རྟག་པར་བསྲུང་དགོས་པ་ཞེས་པ་ནི། གྲོགས་པོ་མི་བགྲུང་བ་རྟག་ཏུ་བསྲུང་དགོས་ཏེ། རྟག་ཏུ་ཡིད་མ་བསྲུང་ན། ཅུང་ཟད་ཅིག་གིས་ཀྱང་མི་དགའ་བར་འགྱུར་ཞིང་རིང་དུ་འཕང་བ་དེ་བཞིན་དུ། ཕུང་པོ་འདི་ཡང་རྟག་ཏུ་མ་བསྲུང་ན ་འཚོ་བའི་བར་ཆད་དུ་འགྱུར་བ་འམ། ལུས་དང་བྲལ་བར་འགྱུར་བའི་ཕྱིར་རོ། །ཆུ་འགྲམ་གྱི་ཤིང་ལྟར་གཡོ་ཞིང་འགུལ་བ་ཞེས་པ་ནི། དཔེར་ན་ཆུ་འགྲམ་གྱི་ཤིང་གཡོ་ཞིང་མི་བསྟན་པ་སྟེ། ནམ་ཞིག་ལྟུང་བར་འགྱུར་ཞིང། ཆུས་ཁྱེར་བར ་འགྱུར་བ་བཞིན་དུ། ཕུང་པོ་འདི་ཡང་འཇིག་པ་ལ་གནས་པས་མི་བརྟན་པ་སྟེ། མཐར་མི་རྟག་པའི་ཆུ་བོས་ཁྱེར་བར་འགྱུར་བའི་ཕྱིར་རོ། །འབབ་ཆུ་ཆེན་པོའི་རྒྱུན་ལྟར་འཆི་བའི་རྒྱ་མཚོ་ལ་ཐུག་པ་ཞེས་པ་ནི། དཔའ་ན་འབབ་ཆུའི་རྒྱུན་མཇུག ་ཏུ་རྒྱ་མཚོ་ཆེན་པོར་ཐུག་པ་བཞིན་དུ། ཕུང་པོའི་སྐད་ཅིག་མིའི་ཆུ་བོའི་རྒྱུན་འདི་ལ་ཡང་མཐར་འཆི་བའི་རྒྱ་མཚོ་ལ་ཐུག་པའི་ཕྱིར་རོ། །བླ་ཐབས་སུ་འོངས་པའི་ཁྱིམ་ལྟར་སྡུག་བསྔལ་ཐམས་ཅད་ཀྱི་གནས་ཞེས་པ་ནི། དཔེར་ན་བློ་བུར་ཁྱིམ ་དུ་བྱས་པ་དེ་ན་མལ་སྟེན་དང་ཁ་ཟས་མེད་པས། སྡུག་བསྔལ་གྱི་གནས་ཡིན་པ་བཞིན་དུ། ཕུང་པོ་འདི་ལ་ཡང་བདེ་བ་མེད་ཀྱི། སྐྱེ་རྒ་ན་འཆི་དང་ལྡན་པས་སྡུག་བསྔལ་ཀུན་གྱི་གནས་སོ། །སྐྱབས་མེད་པའི་གནས་ལྟར་ཀུན་མ་བཟུང་བ ་ཞེས་པ་ནི། དཔེར་ན་བདག་པོས་མ་གཟུང་བའི་ལམ་སྲང་ངམ་བཞི་མདོ་དག་ཏུ་འདྲོན་པོའི་དོན་ཏུ་བརྩིག་པའི་ཁང་ཁྱིམ་མཆོས་པའི་བདག་པོ་མེད་པ་དེ་བཞིན་དུ། ལུས་འདི་ལ་ཡང་ཕན་པར་བྱེད་པའི་གྲོགས་པོ་དང་སྐྱབས ་བྱེད་པའི་བདག་པོ་མེད་པའི་ཕྱིར་རོ། །བཙོན་སྲུངས་ལྟར་གསུག་ཆུད་པ་ཞེས་པ་ནི། དཔེར་ན་བཙོན་སྲུངས་གསུག་གི་མགུ་ན་བཙོན་གཏོང་བར་བྱེད་པ་དེ་བཞིན་དུ། ལུས་འདི་ཡང་འདོད་པར་ཡོན་ཏན་ལྔ་ལ་བསྟེན་པ་སྟེ། མགུ་ན་དགེ་བའི ་རྩ་བ་གཏོང་བར་བྱེད་པའི་ཕྱིར་རོ། །ཡང་ན་བཙོན་སྲུང་གསུག་ཅུང་ཟད་ཀྱིས་མགུ་བར་དཀའ་བ་བཞིན་དུ། ལུས་འདི་ཡང་བདེ་བ་ཅུང་ཟད་ཙམ་གྱིས་མགུ་བར་དཀའ་བའི་ཕྱིར་རོ། །མཛའ་འཁོབ་ཀྱི་གྲོང་ལྟར་རྟག་པར་གཙེས་པ་ཞེས་པ་ནི། དཔེར ་ན་ཡུལ་མཛའ་འཁོབ་ཀྱི་གྲོང་འཇོམ་པ་དང། འཕྲོག་པའི་དགྲ་མང་བ་བཞིན་དུ། ལུས་འདི་ཡང་ནང་གི་གནོད་པ་ནད་ལ་སོགས་པ་དང། ཕྱིའི་གནོད་པ་གྲང་བ་དང་ཚ་བ་ལ་སོགས་པའི་འཚོ་བ་མང་བའི་ཕྱིར་རོ། །ཕྱེ་མའི་གྲོང་ཁྱེར་འཇིག ་པ་ཞེས་བྱ་བ་ནི། དཔེར་ན་བྱེ་མའི་ཁྱིམ་མི་བརྟན་ཞིང་འཇིགས་པའི་རང་བཞིན་ཡིན་པ་བཞིན་དུ་ཕུང་པོ་འདི་ཡང་སྐད་ཅིག་མས་འཇིག་ཅིང་མི་བརྟན་པའི་རང་བཞིན་ཡིན་པའི་ཕྱིར་རོ། །མེ་ལྟར་ཆོ་གེ་མི་ཤེས་པ་ཞེས་པ་ནི། དཔེར་ན ་མེ་བསྲེག་པའི་དངོས་པོ་ཅི་བཅུག་ཀྱང་ཆོག་པ་མེད་དེ་ཀུན་སྲེག་པར་བྱེད་པ་དེ་བཞིན་དུ། ལུས་འདི་ལ་ཡང་ཚྭ་ཆུ་འཐུངས་པ་བཞིན་དུ། འདོད་པའི་ཡོན་ཏན་ལྔ་སྤྱད་པ་ལ་ཆོག་པ་མེད་པའི་ཕྱིར་རོ། །རྒྱ་མཚོ་ལྟར་རྒལ་དཀའ་བ་ཞེས་པ ་ནི། དཔེར་ན་རྒྱ་མཚོ་ཆེན་པོ་ཆུ་སྲིན་ལ་སོགས་པའི་གནོད་པ་མང་བས་མཐར་ཕྱིན་པར་དཀའ་པ་བཞིན་དུ། ལུས་འདི་ལ་ཡང་ཉོན་མོང་བའི་གདུག་པ་མང་པོ་དང་ལྡན་པས་སྤང་བ་དཀའ་བའི་ཕྱིར་རོ། །སྤྲུལ་གྱི་སྣོད་ལྟར་ནན་ཏན ་དུ་སྤང་པར་བྱ་བ་ཞེས་པ་ནི། དཔེར་ན་སྤྲུལ་གདུག་པའི་འཇིག་པ་ལ་འཛེམ་པ་རྣམས་ཀྱིས། དེའི་གནོད་པ་དང་མི་ཕྲད་པར་བྱ་བའི་ཕྱིར་སྤྲུལ་གདུག་པའི་སྣོད་རིང་དུ་སྤང་པར་བྱ་བ་བཞིན་དུ། སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱིས་འཇིག་པ་རྣམས་ཀྱིས ་ཕུང་པོ་འདི་རིང་དུ་སྤང་བ་བྱ་བ་ཡིན་པའི་ཕྱིར། །བྱིས་པ་གཞོན་ནུ་ལྟར་རྟག་པར་བསྲུང་དགོས་པ་ཞེས་པ་ནི། དཔེར་ན་བྱིས་པ་ཆུང་ངུ་རྟག་པར་མ་བསྲུང་ན་མར་འཇུག་པ་འམ། གཡང་དུ་ལྟུང་བའམ། མཚོན་གྱིས་ཟུག?་པར་འགྱུར་པས ་རྟག་ཏུ་སྲུང་དགོས་པ་བཞིན་དུ། ལུས་འདི་ཡང་དབང་པོའི་སྒོ་རྣམས་ཡུལ་ལ་མི་འཇུག་པའི་ཚུལ་དུ་མ་བསྲུང་ན་ཉོན་མོངས་པའི་མཚོན་ལ་སོགས་པ་ཟུག?་པར་འགྱུར་པའི་ཕྱིར་རོ། །སྣོད་ཆག་པ་ལྟར་རྟག་པར་སྤངས་པ་ཞེས་པ་ནི། དཔེར་ན ་སྣོད་ཆག་པའི་ནང་དུ་རྟག་ཏུ་ཆུ་མི་གནས་པ་དེ་བཞིན་དུ། ལྔ་ཕུང་འདིར་ཡང་རྟག་དུ་དགེ་བ་མི་གནས་ཤིང་འཇིག་པར་བྱེད་པའི་ཕྱིར་རོ། །ཡང་ན་དཔེར་ན་སྣོད་ཆག་པ་རྟག་ཏུ་ཡང་ཕྱིར་འདོར་པ་བཞིན་དུ། ཕུང་པོ་ལྔ་དག་ཀྱང་འཕགས ་པ་མཁས་པ་རྣམས་ཀྱིས་རྟག་ཏུ་འདོར་པར་བྱེད་པའི་ཕྱིར་རོ། །ཡུལ་ངན་པ་ལྟར་རྟག་པར་གཙེས་པ་ཞེས་པ་ནི། དཔེར་ན་ཡུལ་ངན་པ་དཔོན་པོ་དང་བདག་པོ་མེད་པ་ལ་འཚོ་བ་བྱེད་པ་བཞིན་དུ། ལུས་འདི་ལ་ནད་ཀྱི་དགྲས་འཚོ་བ ་མང་བའི་ཕྱིར་རོ། །ཡང་ན་ཡུལ་ངན་པ་བཟའ་བ་དང་བགོ་བ་ལ་སོགས་པའི་ཡོ་བྱད་དུ་མི་ལྡན་པས་རྟག་ཏུ་ཡང་གནོད་པ་དང། ཕོངས་པས་གཙེས་པ་བཞིན་དུ་ལུས་འདི་ལ་ཡང་འདོད་པ་མི་རྙེད་པ་དང། མི་མཛའ་བ་དང?་སྤང?་པ་དང ་མཛའ་བ་དང་བྲལ་བ་ལ་སོགས་པའི་སྡུག་བསྔལ་གྱིས་རྟག་ཏུ་གཙེས་པའི་ཕྱིར་རོ། །ཁ་ཟས་དུག་ཅན་ལྟར་སྤང་པར་བྱ་བ་ཞེས་པ་ནི། དཔེར་ན་དུག་དང་བཅས་པའི་ཁ་ཟས་ཟོས་ན་ལུས་ལ་གནོད་པ་སྣ་ཚོགས་འབྱུང་བས་སྤང ་བར་བྱ་བ་བཞིན་དུ། ལུས་འདི་ཡང་མཁས་པ་རྣམས་ཀྱིས་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །སྣོད་བརྙན་པོ་ལྟར་སྐད་ཅིག་གཅིག་ལ་དགོས་པའི་ཕྱིར་ཞེས་བྱ་བ་ནི། དཔེར་ན་སྣོད་བཞན་ལས་བརྙན་པ་སྐད་ཅིག ་ཡོད་པར་ཟད་ཀྱི། དུས་ཐམས་ཅད་དུ་ཕན་པ་མེད་པ་བཞིན་དུ། ལུས་འདི་ཆོས་བྱེད་པ་ན་དགོས་པ་ཙམ་དུ་ཟད་ཀྱི། དེ་ལ་མ་གཏོགས་པའི་དུས་ཐམས་ཅད་དུ་དགོས་པ་མེད་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་ལུས་འདི་ཐམས་ཅད་ཀྱི་ཐམས་ཅད་དུ་སྤང་བ ་མ་ཡིན་ཏེ། དཔེར་ན་ཤིང་ལས་ཤིང་རྟ་བྱས་ཤིང་སོ་སོར་དགོས་པ་མེད་ཀྱང་ཤིང་ལྟར་བྱས་ན། ཁལ་དགལ་བར་དགོས་པ་བཞིན་དུ་ལུས་འདི་ལ་གོང་དུ་བརྟག་པའི་ཚུལ་དུ་སོ་སོར་བཤིག་ན། དགོས་པ་མེད་ཀྱང། ཆོས་སྤྱད་པའི་ཁལ་དགལ ་བའི་ཕྱིར། དེའི་དོན་དུ་བཏང་བར་བྱ་བ་ཡང་མ་ཡིན་ནོ། །དེ་བས་ན་ཆོས་ཀྱི་སེམས་འབའ་ཞིག་ཏུ་གཟུང་བར་བྱ་ཞེས་གསུངས་ཏེ། དེ་བས་ན་ལུས་འདི་ཆོས་སྤྱད་པར་དགོས་པའི་སེམས་ཀྱིས་དེ་ཙམ་གྱི་དོན་འབའ་ཞིག་ཏུ་གཟུང་བར་ཟད་དོ ་ཞེས་བྱ་བའི་དོན་ཏོ། །འདོད་པའི་འདོད་ཆགས་སྤང་བར་བསྒོམ་པ་རྣམ་གྲངས་གཞན་ཡང་བསྟན་པར་བཞེས་ནས། གཞན་ཡང་དགེ་སློང་དག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེའི་དོན་ནི་ལུས་དང་པོའི་རྒྱུ་དང་ཐ་མའི་རྒྱུ་བརྟག་པའི་སྒོ་ནས ་ནན་ཏན་གྱིས་ཤིག་ནས། འདོད་པའི་འདོད་ཆགས་སྤོང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་ལུས་ཙམ་དུ་ཞེས་བྱ་བ་ནི། ལུས་འདི་སྔ་ཕྱི་གཉིས་ཀྱང་མི་གཙང་བ་ལས་གྱུར་པ་ཙམ་མམ། །མི་གཙང་བའི་རང་བཞིན་ཙམ་དུ་རྟག་པར་བྱ་བའི ་ཐ་ཚིག་གོ་།ཇི་ལྟར་རྟག་ཅེ་ན། དེའི་ཕྱིར་སྔ་མ་དང་ཕྱི་མའི་རྒྱུ་རྟག་སྟེ་ཞེས་བྱ་བ་གསུངས་ཏེ། ལུས་འདི་རྒྱུ་སྔ་མ་གང་ཡིན་པ་དང། ཕྱི་མའི་རྒྱུ་གང་ཡིན་བདག་ཀྱང་མི་གཙང་བ་ཉིད་ལས་གྱུར་པས་བརྟག་པའི་དོན་ཏོ། །ལུས་ཀྱི་སྔ་མའི་རྒྱུ་བསྟན ་པའི་ཕྱིར། ཕ་མའི་ཁུ་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་འདི་སྔ་མའི་རྒྱུ་ནི་ཕའི་ཁུ་བ་དང་མའི་ཁྲག་ཡིན་ཏེ། དང་པོར་ཡང་མི་གཙང་བའི་རྒྱུ་ལས་གྱུར་པར་བརྟག་པའོ། །ཕྱི་མའི་རྒྱུ་བསྟན་པའི་ཕྱིར་ཁ་ཟས་འཇུ་བ་ལ་སོགས་པ་ནི་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། ལུས་འདི་སྐྱེད་པའི་རྒྱུ་ཕྱི་མའི་ཁ་ཟས་ཟོས་པ་ཞུ་བ་སྟེ། སོགས་པའི་སྒྲས་ནི་ཁ་ཟས་རྣམས་ཞུ་ནས་གནས་གཅིག་ནས་གཅིག་ཏུ་ཇི་ལྟར་རྒྱུ་བ། མདོ་ལས་ཇི་སྐད་དུ་གསུངས་པ་རྣམས་བསྡུའོ། །བསྡུ་བའི་དོན་བཤད་པའི་ཕྱིར་ཟས ་ཁམ་གྱིས་ཟ་བ་ཟོས་མ་ཐག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁ་ཟས་ཁམ་གྱིས་ཟོས་པ་དེ། ཟོས་མ་ཐག་ཏུ་དེ་དང་པོར་ཇེ་བད་ཀན་གྱི་གནས་སུ་འགྲོའོ། །བད་ཀན་གྱི་གནས་སུ་སོང་བ་དང་བད་ཀན་གྱིས་སླར་བྱས་ནས། གཞན་དུ་ན་བད་ཀན་དང ་འདྲེས་པའི་མཚན་ཉིད་ཀྱིས་ཞུ་བར་གྱུར་པ་མི་གཙང་བའི་རང་བཞིན་དུ་འགྱུར་རོ། །བད་ཀན་གྱི་གནས་སུ་ཞུ་བ་དང་དེ་ནས་མཁྲིས་པའི་གནས་སུ་འགྲོའོ། །དེ་ནས་མཁྲིས་པའི་གནས་སུ་ཕྱིན་པ་དང། དེ་དག་སྨིན་ཅིང་ཆོས་ནས་འཇུ་ཞིང་སྐྱུར་པོར་འགྱུར་རོ།། ་སྐྱུར་པོར་གྱུར་པ་དང། རླུང་གི་གནས་སུ་འགྲོའོ། །བད་ཀན་གྱི་གནས་ནས་ཞུ་ནས་རླུང་གི་གནས་སུ་ཕྱིན་པ་དང། རླུང་གིས་དེ་རྣམས་ཐ་དད་པར་འབྱེད་དེ། སྙིགས་མ་ལོགས་ཤིག་ཏུ། །བུ་བ་ལོགས་ཤིག་ཏུ་འབྱེད་དོ། །དེ་ལ་སྙིགས་མ་ལོགས་ཏུ་ཕྱེ་བ ་ལས་ནི་གཅིན་སྐྱག་ལ་སོགས་དྲི་མར་འགྱུར། །བུ་བ་དང་སྙིང་པོ་ལས་ནི་ཁྲག་ཏུ་འགྱུར་རོ། །ཁྲག་ལས་ཤར་འགྱུར་རོ། །ཤ་ལས་ཚིལ་དུ་འགྱུར། ཚིལ་ལས་རུས་པར་འགྱུར། །རུས་པ་ལས་རྐང་དུ་འགྱུར། རྐང་ལས་སླར་ཁུ་ཆུ་ལ་སོགས་པའི ་མི་གཙང་བར་འགྱུར་ཏེ། དེ་ལྟར་ལུས་འདི་དང་པོ་དང་མཇུག་ཏུ་ཡང་རྒྱུ་མི་གཙང་བ་ལས་གྱུར་པ་ཡིན་པས་ནས། ལུས་འདི་མི་གཙང་བར་ལྟ་ཞིང་བསམ་མོ་ཞེས་དགེ་སློང་དག་ལ་བཀའ་སྩལ་ཏོ། །གཞན་ཡང་མི་གཙང་བའི་ཚོགས་ཀྱིས་བརྟན་པ ་ཙམ་དུ་བསྟན་པའི་ཕྱིར། ལུས་འདི་ནི་རུས་པ་དགུ་བརྒྱ་རྩ་དྲུག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ཁང་པ་ཀ་བས་བརྟན་ཞིང་བཏེག་པ་དེ་བཞིན་དུ། ལུས་འདི་ཡང་རུས་པ་དགུ་བརྒྱ་རྩ་དྲུག་གིས་བརྟན་ཞིང ་བསྟེན་པའོ། །ཤིང་ངན་པའི་ཁྱིམ་ལྟར་ཞེས་བྱ་བའི་དོན་ནི། དཔེར་ན་ཤིང་ངན་པ་ལས་བྱས་པའི་ཁང་པ་མཐུང་མ་སྤྲེལ་བའི་མཚམས་མང་བ་བཞིན་དུ། ལུས་འདི་ཡང་རུས་པ་མང་པོ་སྤྲེལ་བའི་མཚམས་མང་བའི་ཕྱིར་རོ། །རྩ་མང་པོས་ཞེས་བྱ ་བའི་དོན་ནི། །དཔེར་ན་ཁང་པ་ལ་དྲལ་བུ་མང་པ་བྲེས་པ་དང་ལྡན་པ་བཞིན་དུ། ལུས་འདི་ཡང་རྩ་མང་པོ་བཞི་བརྒྱས་སོ་སོར་དྲལ་བུ་བཞིན་དུ་བྲེས་པའི་དོན་ཏོ། །ཤའི་ཉ་ལྔ་བརྒྱས་རབ་ཏུ་གཡོགས་ཞེས་བྱ་བའི་དོན་ནི། དཔེར་ན་ཁང་པ ་འཇིམ་པས་གཡོགས་པ་བཞིན་དུ། ཤའི་ཉ་ལྔ་བརྒྱའི་གོང་བུས་ཐོག་ཐག་ཏུ་བསྐུས་ཤིང་གཡོགས་པའོ། །སྡོམ་རྩ་དྲུག་གིས་དཀྲིས་པ་ཞེས་བྱ་བ་ནི་དཔེར་ན་ཁང་པའི་དྲལ་བུ་ལ་སོགས་པ་གདུང་མ་ལ་བརྟེན་པ་བཞིན་དུ། རྩ་ཆེན་པོ་དྲུག ་ལ་རྩ་བྲན་གཞན་རྣམས་བརྟེན་པའོ། །རྩ་བྲན་བདུན་བརྒྱས་བྲེས་པ་ཞེས་བྱ་བ་ནི། གོང་དུ་བརྟན་པ་དང་དོན་གཅིག་སྟེ། རྩ་བྲན་བདུན་བ་རྒྱས་དྲལ་བུ་ལྟར་བྲེས་པའོ། །ཆུ་བ་དགུ་བ་རྒྱས་སྤྲེལ་བ་ཞེས་བྱ་བ་ནི། ཆུ་བ་དགུ་བརྒྱས་ཚིགས་དང་ ་རུས་པ་ལ་སོགས་པ་མི་འགྱེས་པའི་གཟུངས་བྱས་ཞེས་བྱ་བའི་དོན་ཏོ། །རྩས་སྐར་ཁུང་བྱས་པ་ཞེས་བྱ་བ་ནི། །ཁང་པའི་སྐར་ཁུང་བཞིན་དུ། །རྩའི་སུལ་རྣམས་ལུས་ལ་སྐར་ཁུང་ལྟར་གནས་ཞེས་བྱ་བའི་དོན་ཏོ། །སྣོད་རྡོལ་བ་ལྟར་གནས ་ཞེས་བྱ་བའི་དོན་ནི། དཔེར་ན་སྣོད་རྡོལ་བ་བུ་ག་སང་སེང་གི་གསེངས་པ་བཞིན་དུ། ལུས་འདི་ལ་ཡང་གནང་བདུན་བརྒྱས། གནོད་པར་གྱུར་པའི་མཚན་ཉིད་དུ་རྟག་ཏུ་གསེངས་པའོ། །སྤུ་བྱེ་བ་ཞེས་པ་ལ་སོགས་པའི་དོན་ནི། ཁྱིམ་ངན་པའི ་ཕྱི་རོལ་རྩས་གཡོགས་པ་བཞིན་དུ་ལུས་འདི་ལ་ཡང་སྤུ་བྱེ་བ་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིས་ཕྱི་རོལ་ནས་གཡོགས་པའི་དོན་ཏོ། །དབང་པོ་ལྔའི་བུ་ག་དང་རྩོག་པ་མི་གཙང་བས་གང་བ་ཞེས་བྱ་བ་ནི། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་དབང་པོ ་ནས་མི་གཙང་བ་འཛག་ལ་ལུས་ཀྱི་གནས་ཐོག་ཐག་ཀྱང་མི་གཙང་བས་གང་བའི་ཕྱིར། བླང་པ་སྙིམ་པ་གང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ངང?་བ་ལྟར་དེ་རྣམས་ཀྱིས་མཉམ་པ་སོ་སོར་བཀང་བ་ཞེས་བྱ་བ་ནི། དཔེར་ན་བང་བ་རྣམས་སོ་སོར་འབྲུས ་བཀང་བ་བཞིན་དུ། མི་གཙང་བའི་སྣོད་རྣམས་ཀྱང་སོ་སོར་མི་གཙང་བས་བགང་བའོ། །རོ་དྲུག་གིས་གསོས་པ་ནི། མངར་བ་དང། སྐྱུར་བ་བང་ཁ་བ་དང་ཚ་བ་དང་ལན་ཚྭ་དང། བསྐ་བ་རྣམས་ཀྱིས་རྟག་ཏུ་གསོས་ཤིང་བརྟས་པའོ། །ལུས་ཀྱི ་མེས་མི་གཙང་བ་ཞེས་བྱ་བ་ལ་སོགས་པའི་དོན་ནི། དཔེར་ན་སྦྱིན་སྲེག་གི་མེས་སྦྱིན་སྲེག་གི་རྫས་སྲེག་པར་བྱེད་པ་བཞིན་དུ། འབྱུང་བ་ཆེན་པོ་ལ་ཡོད་པའི་མེའི་ཁམས་ཀྱིས་ཀྱང་མི་གཙང་བ་རྣམས་རྟག་ཏུ་སྦྱིན་སྲེག་བཞིན་དུ་སྲེག་པར ་བྱེད་པའོ། །རིང་པ་དང་ཉམ་ཆུང་བ་དང་རྒ་བ་དང་འཁོགས་པར་གྱུར་པས། རྟག་ཏུ་མྱགས་པ་ལ་ཐུག་པའོ། །ལུས་ཀྱིས་ཡན་ལག་སོ་སོར་གཏགས་ན་ཐམས་ཅད་ཀྱང་བརྟག་མི་བཟོད་པས། ལུས་ཀྱི་ཡན་ལག་ཐམས་ཅད་བལྟ་མི་སྡུག ་པའོ། །ཁ་སྣ་དང་མི་གཙང་བའི་ཁུང་ནས་དྲི་ང་བ་རྟག་ཏུ་ལྡང་ལ། ལུས་ཀྱི་ནང་ན་ཡང་མི་གཙང་བ་གནས་པས་དྲི་མི་ཞིམ་པ་རུལ་བའི་རང་བཞིན་ཞེས་བྱ་སྟེ། དེ་བས་ན་ལུས་ངན་པ་འདི་ལ་གྱ་ནོམ་པ་དང་བཟང་བར་ང་རྒྱལ་བྱ་བའི་གནས ་མེད་པའི་ཕྱིར། ང་རྒྱལ་མི་བསྐྱོད་དོ་ཞེས་བྱ་བའི་དོན་ཏོ། །གོང་དུ་བཤད་པའི་དོན་བསྡུས་ཏེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། དེ་ལྟར་ལུས་ལ་མི་གཙང་ཕུང་པོར་བརྟག་།ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་ཞེས་བྱ་བ་ནི་གོང་དུ ་བཤད་པ་ལྟར་ཏེ། གོང་དུ་བཤད་པ་ལྟར་ན། ལུས་འདི་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བའི་ཕུང་པོར་བརྟག་སྟེ། དེ་ལྟར་མི་གཙང་བའི་ཕུང་པོ་ཡིན་པས་ན། འདི་ལ་རུང་བ་དང། བཟང་པོར་ང་རྒྱལ་བ་མི་རིགས་སོ་ཞེས་བྱ ་བའི་དོན་ཏོ། །གང་གི་གཟུགས་ལ་ང་རྒྱལ་རློམ་སེམས་པ་ཞེས་བྱ་བ་ལ་སོགས་པའི་དོན་ཏེ། དེ་ལྟར་མི་གཙང་བ་ཡིན་པར་ཤེས་བཞིན་དུ། མི་གཙང་བའི་ལུས་འདི་ལ་བཟང་ངོ་སྙམ་པའི་ང་རྒྱལ་བྱེད་ཅིང་ལུས་འདི་ལ་ཆགས་ཤིང་མི་གཏོང ་བའི་བྱིས་པ་རྣམས་ནི། དཔེར་ན་བླུན་པོ་མི་གཙང་བའི་སྣོད་ཁུར་དུ་ཁྱེར་ལ། དེ་ལ་བཟང་པོར་འཛིན་ཅིང་ཆགས་པར་བྱེད་པ་དང་འདྲའོ། །སྣ་ནས་རྣག་ལྟ་བུ་དག་ཟག་པ་དང་ཞེས་བྱ་བའི་དོན་ནི། ལུས་འདི་ལ་རྟག་ཏུ་སྣ་ནས་སྣབས་རྣག་ལྟ ་བུ་འཛག་པ་དང། རྟག་པར་ཁ་ནས་མི་རོ་རུལ་པའི་དྲི་དང་འདྲ་བའི་དྲི་མི་ཞིམ་པ་འབྱུང་བ་དང། མིག་ནས་ཀྱང་མིག་གི་རྡུལ་རྣག་སྲིན་བུ་ལྟ་བུ་འབྱུང་བས་ན། དེ་ལ་འདོད་ཆགས་བྱ་ཞིང་ང་རྒྱལ་བྱ་བ་ག་ལ་རིགས་ཏེ། མི་རིགས་སོ་ཞེས ་བྱ་བའི་དོན་ཏོ། །མཁས་པ་རྣམས་ཀྱིས་མི་གཙང་བའི་ཚུལ་དུ་གོང་དུ་བཤད་པར་བརྟག་པ་ཙམ་དུ་ཡང་མ་ཟད་ཀྱི། རང་གི་ཤེས་རབ་ཀྱིས་གཞན་ཡང་མི་གཙང་བ་ཅི་ཡོད་པ་བརྟག་པར་གྱིས་ཤིག་ཅེས་དགོངས་ནས་བཀའ་སྩལ་པ། ་དེ་ལ་སོགས་པར་བརྟག་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སོགས་པའི་སྒྲས་ནི་རང་གི་ཤེས་རབ་ཀྱིས་གཞན་ཡང་བརྟག་པར་གྱིས་ཤིག་ཅེས་བཀའ་སྩལ་པའོ། །དེའི་དཔེ་བསྟན་པའི་ཕྱིར་གསུངས་པ། འདི་ལྟར་དགེ་སློང་དག ་བང་བ་སྒོ་གཉིས་གཏོང་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བོང་བ་སྒོ་གཉིས་པ་ནི་འབྲུ་ཡོད་པའི་སྒོ་གཏོང་པ་དང། རིན་པོ་ཆེ་ཡོད་པའི་སྒོ་གཏོང་པ་སྟེ། སྒོ་གཉིས་སོ་སོར་གཏོང་པའོ། །ཡང་ན་སྒོ་གཉིས་གཏོང་བ་ནི་མཚོན ་པ་ཙམ་དུ་ཟད་ཀྱི། བང?་བ་སོ་སོར་སྒོ་མང་པོར་གཏོང་བར་བལྟ་སྟེ། སྐྱེས་བུ་མིག་དང་ལྡན་པ་ལ་ལ་ཞིག་བང?་བ་སོ་སོར་སྒོ་མང་པོར་གཏོད་པའི་ནང་དུ་ཕྱིན་ན། བང་བ་འདི་ནི་འབྲུ་གྲ་མ་ཅན་གྱིས་གང་བ། བང་བ་འདི་ནི་འབྲས་བུའི་འབྲུས་གང་བའོ ་ཞེས་ཤེས་པ་བཞིན་དུ་མཁས་པ་ཤེས་རབ་ཅན་གྱིས་ཀྱང་ལུས་འདི་ཉིད་ལ་ད་ལྟར་ཡང་ལུས་འདི་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བར་གནས། སྔོན་ཡང་མི་གཙང་བའི་རྒྱུ་ལས་བྱུང་ངོ་ཞེས་སོ་སོར་རྟོག་པར་བྱེད་དོ། །ཏིང་ངེ་འཛིན་དང་པོ་བསྟན ་ནས་འཇུག་བསྡུ་བའི་ཕྱིར། འདིར་ནི་དགེ་སློང་དག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །བརྒལ་བ་འདི་ལྟར་མདོ་གཞན་དག་ལ་ནི་བསམ་གཏན་བཞི་པས་བསྡུས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཟག་པ་ཐམས་ཅད་སྤོང་བར་བྱེད་པས་ཞེས་བཤད ་ལ། འདིར་ནི་མི་གཙང་བ་བསྒོམ་ཞིང་ལུས་སུན་འབྱིན་པས། འདོད་པའི་འདོད་ཆགས་སྤོང་བར་བཤད་ན། གཞན་དང་མི་འགལ། སྨྲས་པ་མདོག་གཞན་ལས་ཟག་པ་ཐམས་ཅད་སྤོང་བར་བཤད་པ་ཡང་ལུས་སུན་བ་བྱིན་པས་བརྩམས་ཏེ། བསམ ་གཏན་བཞི་པས་བསྡུས་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྤོང་བར་བྱ་བ་ལ་དགོངས་ནས་གསུངས། འདི་ནི་འདོད་ཆགས་བདེ་བ་རྣམས་འདོད་ཆགས་སྤང་བར་བྱ་བའི་ཕྱིར་མི་གཙང་བ་བསྒོམ་ཞིང་སུན་འབྱིན་པ་འདོད་པའི་འདོད་ཆགས ་སྤོང་པའི་གཉེན་པོར་འགྱུར་བ་གསུངས་ཏེ། བདག་དང་གཞན་གྱི་ལུས་ལ་བཟང་བར་འཛིན་པའི་འགྲོ་བའི་དོན་དུ་བཤད་པས་ན་འགལ་བ་མེད་དོ།། །།ཏིང་ངེ་འཛིན་གཉིས་པ་བསྟན་པའི་ཕྱིར། དེ་ལ་དགེ་སློང་དག་ཏིང་ངེ ་འཛིན་པ་སྒོམ་པ་དང། བསྟེན་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཡང་ཏིང་ངེ་འཛིན་ཀྱང་དབེན་པ་རྣམ་པ་གཉིས་ལས་འགྲུབ་སྟེ། ལུས་དབེན་པ་དང། སེམས་དབེན་པའོ། །དེ་བས་ན་ལུས་དབེན་པར་བྱ་དགོས་པའི་ཕྱིར། འདི་ལ་དགེ་སློང? ་དག་དགེ་སློང་དགོན་པ་པའམ། ཤིང་དྲུང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགོན་པ་དང་ཤིང་དྲུང་ལ་སོགས་པའི་གནས་ན་ནི་བྱིས་པ་དང་བུད་མེད་ལ་སོགས་པ་འདུ་འཛི་མེད་པ་ཡིན་པས་ལུས་དབེན་པར་གནས་སོ། །སེམས་དབེན་པ ་བསྟན་པའི་ཕྱིར། རང་གིས་ལུས་འདི་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་ནང་གི་ལུས་ནི་ཡིད་ཀྱི་ལུས་ལ་བྱའོ། །དབེན་པ་ལས་སྐྱེས་པ་ཞེས་བྱ་བ་ནི། ཏིང་ངེ་འཛིན་ལས་སྐྱེས་པའི་དོན་ཏེ། འདོད་པ་དང་སྡིག་པ་མི་དགེ་བའི་ཆོས་ལ ་རྣམ་པར་རྟོག་པ་སྤངས་པ་ལས་སྐྱེས་པའོ། །ཅི་ཞིག་སྐྱེས་ཞེ་ན། དེ་ཅིའི་ཕྱིར་དགའ་བ་དང་བདེ་བ་ཞེས་གསུངས་ཏེ། དགའ་བ་ནི་ཡིད་བདེ་བའོ། །བདེ་བ་ནི་བག་ཡངས་ཀྱི་བདེ་བ་སྟེ། རིམ་བཞིན་དུ་སྦྱར་རོ། །བརླན་པ་ནི། ཏིང་ངེ་འཛིན་ལས་སྐྱེས ་པའི་ཡིད་བདེ་བ་དང། བག་ཡངས་ཀྱི་བདེ་བ་གཉིས་ཀྱིས་ལུས་དང་སེམས་ལ་འཁྲུག་པ་མེད་ཅིང་ཞི་བར་བྱས་པའོ། །བདེ་བ་དེས་ཕྱོགས་གཅིག་ཏུ་ཞི་བར་བྱས་པ་མ་ཡིན་གྱི། དེས་ལུས་དང་སེམས་ཀྱི་ཕྱོགས་ཀུན་ཏུ་ཞི་བར་བྱས་སོ། །ཞེས་བསྟན ་པའི་ཕྱིར། ཀུན་རྫོགས་པ་དང་ཀུན་ཚིམ་པ་དང། ཀུན་ཁྱབ་པར་བྱེད་ཅེས་གསུངས་སོ། །ཚིག་དེ་དག་ནི་དོན་གཅིག་གོ། དེ་ལ་རང་གི་ནང་གི་ལུས་འདི་ལ་དབེན་པ་ལས་སྐྱེས་པའི་དགའ་བ་དང། བདེ་བས་བསླན་ཅེས་བྱ་བས། བསམ་གཏན་དང་པོ ་དང། བསམ་གཏན་གཉིས་པ་དང། བསམ་གཏན་གསུམ་པ་ལ་སོགས་པ་ལས་སྐྱེས་པའི་དགའ་བ་དང། བདེ་བས་ཁྱབ་པར་སྟོན་པའོ། །ཡང་ན་དགའ་བས་ནི་བརླན་པར་བྱེད་པའོ། །བདེ་བས་ནི་ཀུན་རྫོགས་པར་བྱེད་པའོ། །སྦྱོར་བ་མཐར ་ཐུག་པའི་ཡིད་ལ་བྱེད་པས་ནི། ཀུན་ཚིམ་པར་བྱེད་པའོ། །སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིད་ལ་བྱེད་པས་ནི། ཀུན་ཏུ་ཁྱབ་པར་བྱེད་པས་ནའོ། །དེ་ལྟར་སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པ་དང། སྦྱོར་བ་མཐར་ཐུག་པའི་འབྲས་བུ ་ཡིད་ལ་བྱེད་པའི་ཚེ། བསམ་གཏན་གྱི་དགའ་བ་དང་བདེ་བ་ཡོངས་སུ་རྫོགས་ཏེ། དེ་བས་ན་སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པས་ནི། མ་ཁྱབ་པ་མེད་དོ། །སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིད་ལ་བྱེད་པས་ནི། ཀུན་ཏུ་མ་ཁྱབ་པར་གྱུར་པ་མེད་པ་ཞེས ་བྱའོ། །དོན་དེ་ཉིད་བསྒྲུབ་པའི་ཕྱིར་དཔེ་བཀའ་སྩལ་པ། འདི་ལྟ་སྟེ། དཔེར་ན་དགེ་སློང་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ཆུ་ལས་སྐྱེས་པའི་མེ་ཏོག་རྣམས་ཆུའི་བསིལ་ཀུན་ཏུ་ཁྱབ་པ་བཞིན་དུ། དེ་དག་ཀྱང་བསམ་གཏན་གྱི་བདེ ་བས་ལུས་དང་སེམས་ཀུན་ཏུ་ཁྱབ་པ་ཞེས་བྱ་བའི་དོན་ཏོ། །བརྒལ་བ། བསམ་གཏན་དང་པོ་དང། གཉིས་པ་དང། གསུམ་པ་ལ་སོགས་པ་ལས་སྐྱེས་པའི་བདེ་བ་ལ། མ་འོངས་པ་ན་བདེ་བ་ལ་གནས་ཤེས་ཅིའི་ཕྱིར་མི་བྱ། སྨྲས་པ་ཏིང་ངེ་འཛིན ་དེ་དག་ལས་ཉམས་ན་ནི། འདོད་པའི་ཁམས་སུ་སྐྱེས་པ་དང། དེའི་བདེ་བ་མྱོང་བ་མེད་ལ། ས་གོང་མ་གོང་མར་འཕར་ན་ནི་ཏིང་ངེ་འཛིན་གཞན་གྱི་བདེ་བ་ཐོབ་པས་དེའི་བདེ་བ་མེད་པ་དང། མྱ་ངན་ལས་འདས་ན་ཡང་ཏིང་ངེ་འཛིན་གྱི་བདེ་བ ་མྱོང་བ་མེད་པས། ཚེ་ཕྱི་མ་ལ་བདེ་བ་ཞེས་མི་བྱའི། ལྟ་བའི་ཆོས་ལ་བདེ་བར་གནས་པར་འགྱུར་བ་ཞེས་བྱའོ། །བསྒོམ་པ་གཉིས་པ་བསྟན་པའི་མཇུག་བསྡུ་བའི་ཕྱིར། འདི་ནི་ཏིང་ངེ་འཛིན་བསྒོམ་པ་བསྟན་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ ་ཏིང་ངེ་འཛིན་བསྒོམ་པ་གསུམ་པ་བསྟན་པའི་དབང་དུ་མཛད་ནས་དེ་ལ་དགེ་སློང་དག་ཏིང་ངེ་འཛིན་བསྒོམ་པ་དང་བསྟེན་པ་དང་བསྙེན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྣང་བའི་འདུ་ཤེས་ཞེས་བྱ་བ་ལ། འདུ་ཤེས་བསྒོམ་པ་ནི། ་འཕྲུལ་གྱི་མིག་གིས་འཐོབ་པའི་རྒྱུ་ཡིན་ནོ། །དེ་ལ་སྣང་བའི་འདུ་ཤེས་བསྒོམ་པ་ཡང་རྣམ་པ་གསུམ་སྟེ། མུན་པའི་གཉེན་པོར་གྱུར་པ་དང། ཆོས་ཀྱི་སྣང་བ་དང། ལུས་ཀྱི་སྣང་བའོ། །དེ་ལ་མུན་པའི་གཉེན་པོར་གྱུར་པ་ནི། མཚན་པོའི ་དུས་ན་ཟླ་བ་དང་སྐར་མ་ལ་སོགས་པའི་འོང་ངོ། །ཉིན་པར་གྱི་དུས་ན་ནི་ཉི་མའི་འོད་དོ། །དེ་གཉི་གའི་དུས་ནི་མེ་དང། ནོར་བུ་ལ་སོགས་པའི་འོད་དོ། །ཆོས་ཀྱི་སྣང་བ་ཡར་གང་ཟག་གང་གིས་སངས་རྒྱས་རྗེས་སུ་དྲན་པ་ལ ་སོགས་པའི་ཆོས་ཀྱི་སྣང་གྲངས་ཡིད་ལ་གསལ་བར་དྲན་པའོ། །ལུས་ཀྱི་སྣང་བ་ནི་གར་ལྷག་ལ་སོགས་པ་རང་གི་ལུས་ཀྱི་འོད་དང་ལྡན་པའོ། །སྣང་བ་དང་པོའི་མི་མཐུན་པའི་ཕྱོགས་ཀྱི་མུན་པ་ཡང་རྣམ་པ་གསུམ་སྟེ། ཕྱོགས་ཀྱི་མུན ་པ་དང། སྤྲིན་གྱི་མུན་པ་དང། གཡོགས་པའི་མུན་པའོ། །ཕྱོགས་ཀྱི་མུན་པ་ནི་ཐམས་ཅད་དུ་ཁྱབ་པ་སྟེ་མཚན་མའོ། །སྤྲིན་གྱི་མུན་པ་ནི་ཉིན་ཕར་ལ་སོགས་པ་ན་ཡང་སྤྲིན་སྟུག་པོས་ཁྱབ་པས་ཕྱོགས་གནག་པར་གྱུར་པའོ། །གཡོག་པའི ་མུན་པ་ནི་ཁང་པ་ལ་སོགས་པ་ཐོག་གཡོགས་ཤིང་སྐར་ཁུང་ལ་སོགས་པ་མེད་པས་མི་གསལ་བར་གྱུར་པའོ། །སྣང་བ་རྣམ་པ་གསུམ་ལས། འདིར་མུན་པའི་གཉེན་པོར་གྱུར་པའི་སྣང་བ་ཡིད་ལ་བྱས་ན། འཕྲུལ་གྱི་མིག་ཐོབ་པར་དགོངས ་པའོ། །དེ་ཡང་ཇི་སྲིད་དུ་གཞན་ལས་བསྒོམ་པའི་མན་ངག་མ་མནོས་པ་དེ་སྲིད་དུ་བསྒོམ་པ་འགྲུབ་པ་མེད་དེ། དེའི་ཕྱིར་མངོན་པར་ཤེས་པ་བསྒོམ་པ་ནི་མན་ངག་མནོས་ཤིང་བཟུངས་རྣམས་ཇི་ལྟར་མི་བརྗོད་པར་འགྱུར་པ་དེ། བཅོམ་ལྡན་འདས ་ཀྱིས་བསྟན་པའི་ཕྱིར། སྣང་བའི་འདུ་ཤེས་ཤིན་ཏུ་ལེགས་པར་རབ་ཏུ་གཟུང་བ་ཞེས་བྱ་བ་ལ་སོགས་པའོ། །སྣང་བའི་འདུ་ཤེས་ནི་ཕྱོགས་ཐམས་ཅད་དུ་མུན་པ་མེད་ཅིང་སྣང་བས་ཁྱབ་པར་བསམས་ཏེ། དེ་བསྒོམ་པའི་མན་ངག་གཟུང་བ ་དེ་མ་ཉམས་མ་བརྗེད་པ་ནི། ཤིན་ཏུ་ལེགས་པར་རབ་ཏུ་བཟུང་བ་ཞེས་བྱའོ། །དེའི་ཁྱད་པར་བསྟན་པ་ནི། །ཤིན་ཏུ་ཡིད་ལ་བྱས་པ་དང། ཞེས་བྱ་བ་ལ་སོགས་པ་སྟེ། སྣང་བའི་འདུ་ཤེས་སྔར་བསྒོམས་པ་ལས་བསམ་པའི་ཁྱད་པར ་སྐྱེས་པར་གྱུར་པ་དང་ལྡན་པས་ན། ཤིན་ཏུ་ཡིད་ལ་བྱས་པ་དང་ཤིན་ཏུ་བསྙེན་པ་ཞེས་བྱའོ། །ཏིང་ངེ་འཛིན་གྲུབ་པ་དང་ལྡན་པ་ན་རབ་ཏུ་ཁོང་དུ་ཆུད་པ་ཞེས་བྱ་བ་སྟེ། འཕྲུལ་གྱི་མིག་མངོན་དུ་གྱུར་ཅེས་བྱ་བའི་དོན་ཏོ། །ཡང་ན་ཤིན་ཏུ་ལེགས་པར་རབ་ཏུ ་གཟུང་བ་ནི་མན་ངག་མཉན་པའི་དུས་ན་གཟུང་བའོ། །ཤིན་ཏུ་ཡིད་ལ་བྱས་པ་ནི་བསམ་པའི་དུས་ན་ལེགས་པར་བསམ་པའོ། །ཤིན་ཏུ་བརྙེན་པ་ནི་བསྒོམ་པའི་དུས་ན་ཡང་ནས་ཡང་དུ་གོམས་པར་བྱས་པའོ། །རབ་ཏུ་ཁོང་དུ་ཆུད་པ་ནི་ཏིང་ངེ་འཛིན་གྱི ་འབྲས་བུ་མངོན་དུ་བྱས་པའོ། །ཡང་ན་ཤིན་ཏུ་བསྙེན་པ་ནི་འཇིག་རྟེན་པའི་ལམ་གྱིས་འཕྲུལ་གྱི་མིག་གྲུབ་པ་རྣམས་ཏེ། དེ་དག་ལ་ཕྱིས་ཉམས་པ་ཡོད་པས་སོ། །རབ་ཏུ་ཁོང་དུ་ཆུད་པ་ནི། འཇིག་རྟེན་ལས་འདས་པའི་ལམ་གྱིས་འཕྲུལ་གྱི་མིག་ཐོབ་པ་སྟེ། ་དེའི་ཕྱིས་ཉམས་པ་མེད་པའི་ཕྱིར་རོ། །དེ་ཅི་ཞིག་མངོན་དུ་བྱ་ཞེ་ན། དེའི་ཕྱིར་ཉིན་བར་དུ་འདུ་ཤེས་བཞག་པ་ཡིན་ཏེ་ཞེས་བྱ་བ་གསུངས་ཏེ། ཉིན་བར་གྱི་འདུ་ཤེས་ཞེས་བྱ་བ་ནི། སྣང་བ་དང་བཅས་པའི་འདུ་ཤེས་ཡིད་ལ་བྱ་བ་ཡིན་ཏེ་ཞེས་བྱ་བའི་དོན་ཏོ།། ་དེའི་དོན་དེ་ཉིད་བསྟན་པའི་ཕྱིར། དེའི་འོད་དང་བཅས་པའི་སེམས་སུ་བསྒོམ་མོ་ཞེས་གསུངས་ཏེ། དེ་ནི་འཕྲུལ་གྱི་མིག་ཐོབ་པར་འདོད་པའི་རྣལ་འབྱོར་བ་དེའི་འོ། །རྣལ་འབྱོར་པ་དེས་ཉིན་པར་གྱི་དུས་ན་ཡང་ཀུན་ཏུ་འོད་ཀྱིས་གང་ཞིག་མུན་པ་མེད་པར་བསྒོམ་མོ ་སྣང་བའི་འདུ་ཤེས་དེ་ཉིན་མཚན་མཚུངས་པར་བསྒོམ་པར་བྱ་བར་བསྟན་པའི་ཕྱིར། ཇི་ལྟར་ཉིན་བར་དེ་བཞིན་མཚན་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ཉིན་པར་སྣང་བས་ཁྱབ་པར་བསྒོམ་པ་དེ་བཞིན་དུ་མཚན་མོ་ཡང་སྣང་བས་ཀུན་ཏུ ་ཁྱབ་པར་བསྒོམས་ཏེ། སྣང་པས་ཁྱབ་པའི་མཚན་ཉིད་དུ་ཉིན་མཚན་འདྲ་བར་བསྒོམ་པར་སྟོན་ཏེ། ཚིག་དེས་ནི་དུས་ཐམས་ཅད་དུ་སྣང་བའི་ཏིང་ངེ་འཛིན་བསྒོམ་པར་བསྟན་ཏོ། །ཇི་ལྟར་དུས་ཐམས་ཅད་དུ་བསྒོམ་པ་དེ་བཞིན་དུ། སྣང་བའི་འདུ་ཤེས ་ཕྱོགས་ཐམས་ཅད་དུ་ཡང་ཁྱབ་པར་བསྒོམ་པར་བསྟན་པའི་ཕྱིར། ཇི་ལྟར་སྡུན་པ་དེ་བཞིན་རྒྱབ་ཅེས་བྱ་བ་ལ་སོགས་ཏེ། ཇི་ལྟར་མདུན་ན་སྣང་བས་ཁྱབ་པར་མངོན་པར་མཐོང་བ་དེ་བཞིན་དུ་རྒྱབ་ཀྱི་ཕྱོགས་སུ་ཡང་སྣང་བས་ཁྱབ་པར ་བསྒོམ་སྟེ། མདུན་གྱི་ཕྱོགས་དང་སྣང་བས་ཁྱབ་པའི་མཚན་ཉིད་དུ་མཉམ་པར་བསྒོམ་པ་བསྟན་ཏོ། །ཡང་ན་སྡུན་ཞེས་བྱ་བ་ནི་རིལ་སོགས་པས་མཆོད་པ་མངོན་སུམ་དུ་གྱུར་པ་ཀུན་སྣང་བས་ཁྱབ་པར་བསྒོམ་པའོ། །དེ་བཞིན་རྒྱབ་ཅེས་བྱ་བ་ནི་རི་ལ་སོགས ་པས་ཚོད་པའི་གནས་སུ་ཡང་རི་དང་རྩིག་པ་ལ་སོགས་པས་ཆོད་པ་མེད་པར་ཐོག་ཐག་དུ་སྣང་བས་གསལ་བར་བསྒོམ་པའོ། །སྟེང་ནི་ནམ་མཁའ་ཨི་ཉི་མ་འཆར་བའི་ཕྱོགས་སོ། །འོག་ནི་ས་ཆེན་པོའི་འོག་ཐོག་ཐག་སྟེ། ཇི་ལྟར་སྟེང་གི་ཕྱོགས་ཉི་མས ་གསལ་བའི་འདུ་ཤེས་ཀྱི་རྒྱས་པར་བྱས་པ་བཞིན་དུ། འོག་གི་ཕྱོགས་ཐམས་ཅད་ཀྱང་སྣང་བའི་འདུ་ཤེས་ཀྱིས་ཁྱབ་པར་བསྒོམ་པར་སྟོན་ཏོ། །སྣང་བའི་འདུ་ཤེས་སྒོམ་པའི་དོན་བསྡུས་ཏེ་བསྟན་པའི་ཕྱིར། དེ་ལྟར་སེམས་གསལ་བ་ཀུན་ཏུ ་ཐོགས་པ་མེད་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ནི་གོང་དུ་བཤད་པ་ལྟར་རོ། །སྣང་བའི་འདུ་ཤེས་གྲུབ་པའི་ཏིང་ངེ་འཛིན་ནི་སེམས་གསལ་བ་སྟེ། སྣང་བའི་འདུ་ཤེས་གྲུབ་པའི་སེམས་གསལ་བ་དེ་ཕྱོགས་དང་དུས་ཐམས ་ཅད་དུ་ཐོགས་པ་མེད་པར་ཉིན་པར་ཉི་མ་ཤར་བ་དང། འདྲ་བའི་འདུ་ཤེས་བཞག་ནས་འོད་དང་བཅས་པའི་འདུ་ཤེས་ཀྱི་ཐོག་ཐག་ཏུ་སྣང་བས་ཁྱབ་པར་བསྒོམ་པར་བྱའོ་ཞེས་སྟོན་ཏོ། །སྣང་བའི་འདུ་ཤེས་ཀྱིས་ཁྱབ་པར་བསྒོམ་པར་བྱ་བའི ་དོན་དཔེས་གསལ་བར་བསྟན་པའི་ཕྱིར། །འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྤྱིད་ཀྱི་ཟླ་བ་ཐ་མ་ཞེས་བྱ་བ་ལ། དུས་རྣམ་པ་གསུམ་དུ་བཞག་སྟེ། དཔྱིད་དང་དབྱར་དང་དགུན་ནོ། །དེ་ལ་དཔྱིད་ཀྱང་ཟླ་བ་བཞི། དབྱར་ཀྱང་ཟླ་བ ་བཞི། དགུན་ཀྱང་ཟླ་བ་བཞིའོ། །དེ་ལ་དབྱར་ཟླ་ར་བ་ཉ་ནས་འབྲིང་པོ་ཉའི་བར་དུ་ནི་དཔྱིད་ཀྱི་ཟླ་བ་ཐ་མ་ཞེས་བྱ་སྟེ། དུས་དེ་དག་གི་ཚེ་ཉི་མའི་འོད་ལྷག་པར་གསལ་བའོ། །དཔེ་བསྟན་པ་ཡང་དོན་དུ་སྦྱར་ཏེ། བཤད་པའི་ཕྱིར་དེ་བཞིན་དུ་དགེ་སློང་དག ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་དེ་དག་ནི་གོང་དུ་བཤད་པར་ཟད་དོ། །ཏིང་ངེ་འཛིན་བསྒོམ་པ་གསུམ་པོ་བསྟན་པའི་མཇུག་བསྡུ་བའི་ཕྱིར། འདི་ནི་ཏིང་ངེ་འཛིན་བསྒོམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། །། ་འདོར་ན་མོད་འདིར་འཕྲུལ་གྱི་མིག་གི་མངོན་པར་ཤེས་པ་ཐོབ་པར་བྱ་བའི་ཕྱིར། སྣང་བའི་འདུ་ཤེས་ཡིད་ལ་བྱེད་པ་བསྒོམ་སྟེ། གང་གི་ཕྱིར་སྣང་བའི་འདུ་ཤེས་ཡིད་ལ་བྱེད་པ་བསྒོམས་ན། འཕྲུལ་གྱི་མིག་མངོན་པར་ཤེས་པ་ཐོབ་པར་འགྱུར ་བའོ།། །།ཏིང་ངེ་འཛིན་བཞི་པ་བསྟན་པའི་དཔང་དུ་མཛད་ནས། དེ་ལ་དགེ་སློང་དག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། ཤེས་རབ་ཀྱང་བསམ་གཏན་བཞི་བསྒོམས་པ་ལས་བྱུང་བ། བསམ་གཏན་བཞི་ཡང་ལུས་དབེན་པ་དང ་སེམས་དབེན་པ་ལ་ཐོབ་པར་འགྱུར་ཏེ། དེ་བས་ན་ལུས་དབེན་པར་བྱ་དགོས་པའི་ཕྱིར། དགོན་པ་འམ་ཤིང་དྲུང་ངམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སེམས་དབེན་བར་བྱ་དགོས་པས། བདེ་བ་ཡང་སྤངས་སྡུག་བསྔལ་ཡང་སྤངས་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། དེ་དག་གི་དོན་ནི་གོང་དུ་བཤད་པར་ཟད་དོ། །མདོར་ན་དྲི་མ་རྣམས་བརྒྱད་པ་དང་བྲལ་བའི་བསམ་གཏན་བཞི་པ་བསྒོམས་པ་ལས་ནི་དགེ་བ་ཟག་པ་ཅན་དང་ཟག་པ་མེད་པ་ལ་སོགས་པ་ཡོན་ཏན་ཕུན་སུམ་ཚོགས ་པ་སྐྱེ་བའི་རྒྱུ་བྱེད་དེ། དེ་བས་ན་དེ་བསྒོམས་པ་ལས་ཤེས་རབ་ཀྱང་རབ་ཏུ་རྙེད་པར་འགྱུར་པའི་ཕྱིར་བསམ་གཏན་བཞི་བསྒོམ་པ་ནི། ཤེས་རབ་སོ་སོར་རབ་ཏུ་རྙེད་པར་འགྱུར་བ་ཞེས་བྱའོ། །དེ་དྲན་པ་ཉེ་བར་གཞག་པ་བཞི་ལས་བརྩམས་ཏེ ་ལམ་གྱི་ཡན་ལག་བརྒྱད་ཀྱི་བར་དུ་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་རིམ་གྱིས་བསྟན་པའི་ཕྱིར། དགེ་སློང་དག་དྲན་པ་ཉེ་བར་བཞག་པ་བཞི་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་བྱང་ཆུབ་ཀྱི་ཕྱོགས ་སུམ་ཅུ་རྩ་བདུན་བསྟན་པ་ཡིན་ཏེ། དངོས་པོ་ཡོངས་སུ་བརྟག་པའི་ལམ་དང། འབད་པ་དང་བཅས་པའི་ལམ་དང། ཏིང་ངེ་འཛིན་ལས་སུ་རུང་བར་བྱས་པའི་ལམ་དང། མངོན་པར་རྟོགས་པ་ལ་རབ་ཏུ་སྦྱོར་བའི་ལམ་དང། མངོན་པར་རྟོགས་པ་དང ་འདྲེས་པའི་ལམ་དང། མངོན་པར་རྟོགས་པའི་ལམ་དང། རྣམ་པར་དག་པ་ངེས་པར་འབྱུང་བའི་ལམ་མོ། །དེ་ལ་དངོས་པོ་ཡོངས་སུ་བརྟགས་པའི་ལམ་ནི་དྲན་པ་ཉེ་བར་བཞག་པ་བཞི་རྣམས་ཏེ། དང་པོ་ཉིད་དུ་དེ་དག་གི་ལུས་དང་ཚོར་བ་དང་ཆོས ་དང། སེམས་ལ་མི་གཙང་བ་དང། སྡུག་བསྔལ་བ་དང། མི་རྟག་པ་དང། བདག་མེད་པའི་དངོས་པོར་རྟོག་པའི་ཕྱིར་རོ། །འབད་པ་དང་བཅས་པའི་ལམ་ནི། ཡང་དག་པར་སྤོང་བ་བཞི་རྣམས་ཏེ། དེས་དེ་ལྟར་དངོས་པོ་ཐམས་ཅད་བརྟགས་ནས ་དེའི་འོག་ཏུ་སྒྲིབ་པ་སྤང་བར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་མོ། །ཏིང་ངེ་འཛིན་ལས་སུ་རུང་བར་བྱེད་པའི་ལམ་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་རྣམས་ཏེ། དེས་སྒྲིབ་པ་ཡོངས་སུ་སྦྱངས་ནས། མོས་པ་དང་བརྩོན་འགྲུས་དང་སེམས་དང། དཔྱོད་པའི ་སྒོ་ནས་སེམས་དང་ཏིང་ངེ་འཛིན་ལས་སུ་རུང་བར་བྱ་བའི་ཕྱིར་རོ། །མངོན་པར་རྟོགས་པ་ལ་རབ་ཏུ་སྦྱོར་བའི་ལམ་ནི། དབང་པོ་ལྔ་རྣམས་ཏེ། དེས་ཏིང་ངེ་འཛིན་ལས་སུ་རུང་བར་བྱས་ནས་ངེས་འཕགས་པའི་བདེན་པ་བཞི་མཐོང་བར་གྱུར་པའི ་རྟེན་དུ་གྱུར་ལ། བྲོ་དང་སྤྱིའི་ལ་རབ་ཏུ་སྦྱོར་བར་བྱེད་པའི་ཕྱིར་རོ། །མངོན་པར་རྟོགས་པ་དང་འདྲེས་པའི་ལམ་ནི། སྟོབས་ལྔ་རྣམས་ཏེ། དེ་ལྟར་དབང་པོའི་དུས་ན། བདེན་པ་མཐོང་བའི་དབང་པོ་ཐོབ་ནས། དེའི་འོག་ཏུ་བདེན་པ་རྟོགས་པར་བྱ་བའི ་མི་མཐུན་པའི་ཕྱོགས་སུ་གྱུར་པ། མ་དད་པ་དང་ལེ་ལོ་དང། དྲན་པ་ཉམས་པ་དང། ཡེངས་པ་དང། ཤེས་རབ་འཆལ་བ་རྣམས་ཟིལ་གྱི་གནོན་ཏེ། བཟོད་པ་དང། འཇིག་རྟེན་གྱི་ཆོས་མཆོག་ལ་སྦྱོར་བར་བྱེད་པའི་ཕྱིར་རོ། །མངོན་པར་རྟོགས་པའི་ལམ་ནི། ་བྱང་ཆུབ་ཀྱི་ཡན་ལག་རྣམས་ཏེ། དེའི་དུས་ན་དང་པོ་ཉིད་དུ་འཕགས་པའི་བདེན་པ་མངོན་སུམ་དུ་བྱས་པའི་ཕྱིར་རོ། །རྣམ་པ་དག་པ་ངེས་པར་འབྱུང་བའི་ལམ་ནི། འཕགས་པའི་ལམ་གྱི་ཡན་ལག་བརྒྱད་རྣམས་ཏེ། དེའི་འོག་ཏུ་འཕགས་པའི་ལམ་ཡན ་ལག་བརྒྱད་ཀྱིས་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་ཏེ་དག་པར་བྱས་ནས། འཁོར་བ་ལས་འབྱུང་བའི་ཕྱིར་ཏེ། དོན་དེ་དག་གི་ཕྱིར་ན་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་རིམ་པ་ཡང་དེ་ལྟར་བཀོད་དོ། །ཡང་ན་སོ་སོའི་སྐྱེ་བོའི ་དུས་ན་ནི་དྲན་པ་ཉེ་བར་གཞག་པ་བཞི་ལ་བསྒོམ་མོ། །དྲོད་ཀྱི་དུས་ན་ནི་ཡང་དག་པར་སྤོང་བ་བཞི་ལ་སྒོམ་མོ། །སྤྱི་བོའི་དུས་ན་ནི། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སྒོམ་མོ། །བཟོད་པའི་དུས་ན་ནི་དབང་པོ་ལྔ་ལ་སྒོམ་མོ། །འཇིག་རྟེན་གྱི་ཆོས་ཀྱི་མཆོག ་གི་དུས་ན་ནི་སྟོབས་ལྔ་ལ་བསྒོམ་མོ། །མཐོང་བའི་ལམ་གྱི་དུས་ན་ནི། བྱང་ཆུབ་གྱི་ཡན་ལག་བདུན་ལ་བསྒོམ་མོ། །བསྒོམ་པའི་ལམ་གྱི་དུས་ན་ནི། འཕགས་པའི་ལམ་ཡན་ལག་བརྒྱད་ལ་སྒོམ་སྟེ། དེའི་ཕྱིར་ན་ཡང་རིམ་པ་དེ་ལྟར་བཀོད་དོ། །དགེ་སློང་དག ་དྲན་པ་ཉེ་བར་བཞག་པ་བཞི་གང་ཞེ་ན་ཞེས་བྱ་བ་ནི་དྲིས་པའོ། །འདི་ལ་ཞེས་བྱ་བ་ནི། འདོད་པའི་ཁམས་འདིར་ཞེས་པའི་དོན་ཏོ། །དགེ་སློང་ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པའི་རྣལ་འབྱོར་པའི་དགེ་སློང་ངོ། །དེ་ཡང་ལུས ་དྲན་པ་ཉེ་བ་ཞག་པ་དང་པོར་བཤད་དེ། དེ་ལ་ལུས་ནི་གང། ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ནི་ཅི་ཞིག། དྲན་པ་ནི་གང། དྲན་པ་ཉེ་བར་གཞག་པའི་དོན་ཡང་ཅི་ཞིག་ཅེ་ན། ལུས་གང་ཡིན་པ་ཇེ་སྨྲ་བར་བྱའོ། །དེ་ལ་ལུས་ནི་སུམ་སུ་རྩ་ལྔ་སྟེ། ་གང་ཞེ་ན། ནང་གི་དང། ཕྱིའི་དང། དབང་པོས་ཡོངས་སུ་བཟུང་བ་དང། དབང་པོས་ཡོངས་སུ་མ་བཟུང་བ་དང། སེམས་ཅན་གྱི་གྲངས་སུ་གཏོགས་པ་དང། སེམས་ཅན་གྱི་གྲངས་སུ་མ་གཏོགས་པ་དང། གནས་ངན་ལེན་དང་བཅས ་པ་དང། བག་ཡངས་དང་བཅས་པ་དང། འབྱུང་བའི་ལུས་དང། འབྱུང་བ་ལས་གྱུར་པའི་ལུས་དང། མིང་གི་ལུས་དང། གཟུགས་ཀྱི་ལུས་དང། དམྱལ་བ་པའི་དང། བྱོལ་སོང་གི་དང། ཡི་དགས་ཀྱི་དང། མིའི་དང། ལྷ་དང། རྣམ་པར་ཤེས་པ་དང ་བཅས་པ་དང། རྣམ་པར་ཤེས་པ་མེད་པ་དང། ནང་གི་ལུས་དང། ཕྱིའི་ལུས་དང། རྣམ་པར་ཤེས་པ་གྱུར་པ་དང། རྣམ་པར་ཤེས་པ་མ་གྱུར་པ་དང། བུད་མེད་ཀྱི་ལུས་དང། སྐྱེས་པའི་ལུས་དང། མ་ནིང་གི་ལུས་དང། གྲོགས་ཀྱི་ལུས་དང། གྲོགས ་མ་ཡིན་པའི་ལུས་དང། ཐ་མལ་པའི་ལུས་དང། ལུས་ངན་པ་དང། ལུས་འབྲིང་དང། ལུས་དམ་པ་དང། གྲོགས་པོའི་ལུས་དང། ལང་ཚོའི་ལུས་དང། དགའ་བའི་ལུས་ཏེ། འདི་དག་ནི་ཐང་ཅིག་ལུས་ཀྱི་རབ་ཏུ་དབྱེ་བའོ། །དེ་ལ་ནང་གི་ནི་བདག་ཉིད ་ཀྱི་ལུས་སོ། །ཕྱི་ནི་གཞན་གྱི་ལུས་སོ། །དབང་པོས་ཡོངས་སུ་གཟུང་བ་ནི་མིག་ལ་སོགས་པའི་དབང་པོ་དང། བཅས་པའི་ལུས་སོ། །དབང་པོས་ཡོངས་སུ་མ་གཟུང་བ་ནི། གང་མིག་ལ་སོགས་པའི་དབང་པོ་མེད་པ་སྟེ། ཀ་བ་དང་རྩིག་པ་ལ་སོགས ་པའོ། །སེམས་ཅན་གྱི་གྲངས་སུ་གཏོགས་པ་ནི། གང་སེམས་དང་སེམས་ལས་བྱུང་བས་ཡོངས་སུ་གཟུང་པའོ། །སེམས་ཅན་གྱི་གྲངས་སུ་གཏོགས་པ་ནི། གང་སེམས་དང་སེམས་ལས་བྱུང་བས་ཡོངས་སུ་མ་ཟིན་པའོ། །གནས་ངན་ལེན ་དང་བཅས་པ་ནི། གང་ཉོན་མོངས་པ་མ་སྤངས་པའི་སེམས་ཅན་རྣམས་ཀྱིའོ། །བག་ཡངས་དང་བཅས་པ་ནི། གང་ཉོན་མོངས་པ་འཕགས་པ་རྣམས་ཀྱིའོ། །འབྱུང་བའི་ལུས་ནི་གང་ས་དང་ཆུ་དང། མེ་དང་རླུང་རྣམས་སོ། །འབྱུང་བ་ལས ་གྱུར་བའི་ལུས་ནི་གང་དབང་པོ་ལྔ་དང་ཡུལ་ལྔ་སྟེ་བཅུའོ།། །།མིང་གི་ལུས་ནི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སམ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང། རྣམ་པར་ཤེས་པའི་གཟུགས་རྣམས་སོ། །གཟུགས་ཀྱི་ལུས་ནི་གང་གཟུགས ་ཀྱི་ཕུང་པོ་ཉིད་དེ། དམྱལ་བའི་ལུས་ནི་གང་སེམས་ཅན་དམྱལ་བ་པ་རྣམས་ཀྱི་གཟུགས་སོ། །བྱོལ་སོང་གི་གང་རྟ་དང་བ་ལང་ལ་སོགས་པ་ཡིའོ། །ཡི་དགས་ཀྱི་ཡུལ་ནི་གང་ཡིད་དགས་རྣམས་ཀྱི་གཟུགས་སོ། །མིའི་ནི་གང་གླིང་བཞིན་གནས་པའི ་མི་རྣམས་ཀྱི་གཟུགས་སོ། །ལྷའི་ནི་གང་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ལྷ་རྣམས་ཀྱི་གཟུགས་སོ། །རྣམ་པར་ཤེས་པ་དང་བཅས་པ་ནི། གང་མིག་ལ་སོགས་པའི་རྣམ་པར་ཤེས་པ་དང་ལྡན་པའི་གཟུགས་དག་གོ་།རྣམ་པར་ཤེས་པ ་མེད་པ་ནི་གང་མིག་ལ་སོགས་པའི་རྣམ་པར་ཤེས་པ་དང་མི་ལྡན་པ་སྟེ། འདུ་ཤེས་མེད་པ་དང་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པའི་གཟུགས་སོ། །ནང་གི་ནི་གང་ཤ་དང་ཁྲག་ལ་སོགས་པས་ཟིན་པའི་གཟུགས་སོ། །ཕྱིའི་ནི་གང་ཤ ་དང་ཁྲག་ལ་སོགས་པས་ཡོངས་སུ་མ་ཟིན་པའི་གཟུགས་སོ། །རྣམ་པར་གྱུར་པ་ནི་གང་ཤི་ནས་སྔོས་པ་དང། བམ་བར་གྱུར་པའི་གཟུགས་སོ། །རྣམ་པར་མ་གྱུར་པ་ནི་གང་མ་ཤི་ལ། སྔོས་པ་དང་བམ་པར་མ་གྱུར་པའི་གཟུགས་སོ། །བུད་མེད་ཀྱི ་ལུས་ནི་གང་བུད་མེད་ཀྱི་དབང་པོ་དང་ལྡན་པའི་གཟུགས་སོ། །སྐྱེས་པའི་ལུས་ནི་གང་སྐྱེས་པའི་དབང་པོ་དང་ལྡན་པའི་གཟུགས་སོ། །མ་ནིང་གི་ལུས་ནི་གང་མ་མིང་གི་མཚན་མ་ལྡན་པའི་གཟུགས་སོ། །གྲོགས་ཀྱི་ལུས་ནི། གང་བདག་དང ་མཛའ་ཞིང་བཤེས་པར་གྱུར་པའི་སྐྱེ་བོ་རྣམས་ཀྱི་གཟུགས་སོ། །དེ་ལས་བཟློག་ན་གྲོགས་མ་ཡིན་པའི་ལུས་ཏེ། དགྲ་རྣམས་ཀྱི་གཟུགས་སོ། །ཐ་མལ་པའི་ལུས་ནི། གང་བདག་དང་བཤེས་པ་ཡང་མ་ཡིན་དགྲ་ཡང་མ་ཡིན་པའི་སྐྱེ་བོ་རྣམས ་ཀྱི་གཟུགས་སོ། །ལུས་ངན་པ་ནི་གང་ཁ་དོག་དང་དབྱིབས་མི་མཛེས་པའི་ལུས་སོ། །ལུས་པར་མ་ནི་གང་ཁ་དོག་དང་དབྱིབས་མཛེས་པ་ཡང་མ་ཡིན། མི་མཛེས་པ་ཡང་མ་ཡིན་པའི་གཟུགས་སོ། །ལུས་དམ་པ་ནི་གང་ཁ་དོག་དང ་དབྱིབས་མཛེས་པའོ། །རོགས་པའི་ལུས་ནི་གང་བྱིས་བའི་དུས་ཀྱི་ལུས་སོ། ལང་ཚོའི་ལུས་ནི་དར་ལ་བབ་པའི་གཟུགས་སོ། །རྒས་པའི་གཟུགས་ནི། གང་དབང་པོ་དང་འབྱུང་བ་ཆེན་པོ་རྣམས་ལུས་ཞུམ་ཞིང་རྙིས་པར་གྱུར་པའི་ལུས་སོ། །ལུས ་དེ་དག་ཀྱང་བསྡུས་ན་རྣམ་པ་གསུམ་དུ་འགྱུར་ཏེ། ནང་གི་ལུས་དང་ཕྱིའི་ལུས་དང་ཕྱི་ནང་གཉི་གའི་ལུས་སོ། །དེ་ལ་ནང་གི་ལུས་ནི་བདག་རང་ཉིད་ཀྱིས་ལུས་ཏེ། སེམས་ཅན་གྱི་གྲངས་སུ་གཏོགས་པའོ། །ཕྱིའི་ལུས་ནི་གཟུགས་ལ་སོགས ་པ་སྟེ། སེམས་ཅན་གྱི་གྲངས་སུ་མ་གཏོགས་པའོ། །ཕྱི་ནང་གཉི་གའི་ལུས་ནི་སེམས་ཅན་གཞན་དག་གི་ལུས་སེམས་ཅན་གྱི་གྲངས་སུ་གཏོགས་པ་སྟེ། བདག་ལ་བལྟོས་ནས་གཞན་དུ་གྱུར་པས་ཕྱི་ཞེས་བྱའོ། །སེམས་ཅན་གྱི་གྲངས་སུ ་གཏོགས་པས་ན་ནང་ཞེས་བྱའོ། །ཡང་ན་དབང་པོས་ཡོངས་སུ་ཟིན་པའི་གཟུགས་ནི་ནང་གི་ལུས་སོ། །དབང་པོས་ཡོངས་སུ་མ་ཟིན་པའི་གཟུགས་ནི་ཕྱིའི་ལུས་སོ། །གཞན་དག་གི་རྒྱུད་དུ་གཏོགས་པ་དབང་པོས་ཡོངས་སུ་ཟིན་པའི་གཟུགས་ནི ་ཕྱི་ནང་གཉིས་ཀྱི་ལུས་སོ། །ཡང་ན་གང་མཉམ་པར་བཞག་པའི་ས་པ་བག་ཡངས་དང་བཅས་པའི་གཟུགས་ནི་ནང་གི་ལུས་སོ། །གང་བདག་གི་ལུས་མཉམ་པར་མ་བཞག་པའི་ས་པ་གནས་ངན་ལེན་པ་དང་བཅས་པ་ནི་ཕྱིའི་ལུས་སོ།། ་གཞན་གྱི་ལུས་གནས་ངན་ལེན་དང་བཅས་པ་འམ། བག་ཡངས་དང་བཅས་པའི་གཟུགས་ནི་ཕྱི་ནང་གཉི་གའི་ལུས་སོ། །ཡང་ན་རྣམ་པར་ཤེས་པ་དང་བཅས་པའི་ལུས་ནི་ནང་གི་ལུས་སོ། །རྣམ་པར་ཤེས་པ་མེད་པའི་གཟུགས ་སེམས་ཅན་གྱི་གྲངས་སུ་གཏོགས་པ་རྣམ་པར་སྔོས་པ་དང། རྣམ་པར་བམ་པ་ལ་སོགས་པའི་དུས་ན་ནི་ཕྱིའི་ལུས་སོ། །རྣམ་པར་ཤེས་པ་མེད་པའི་གཟུགས་ཀྱང། འདས་པའི་དུས་ན་རྣམ་པར་ཤེས་པ་དང་བཅས་པ་དང། རྣམ་པར་ཤེས་པ་དང་བཅས ་པའི་གཟུགས་ཀྱང་མ་འོང་བའི་དུས་ན། རྣམ་པར་ཤེས་པ་མེད་པར་གྱུར་པ་ནི། ནང་དང་ཕྱིའི་ལུས་སོ། །ཡང་ན་སྐྲ་དང་སྤུ་དང་སེན་མོ་དང། ཁྲག་ལ་སོགས་པར་ལྡན་པ་ནི་ནང་གི་ལུས་སོ། །གཞན་གྱི་སྐྲ་དང་སྤུ་དང། །སེན་མོ་དང་ཁྲག་ལ་སོགས་པ་དང ་བཅས་པའི་ནི་ཕྱིའི་ལུས་སོ། །བདག་ཉིད་ཀྱི་ལུས་རྣམ་པར་བམ་པ་དང། རྣམ་པར་སྔོས་པ་ལ་སོགས་པའི་དུས་ན་ནི། ཕྱིའི་ལུས་ཏེ། འདི་ནི་ལུས་ཀྱི་རབ་ཏུ་དབྱེ་བའི་དོན་བསྡུས་པའོ། །དེ་ལ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ཇི་ལྟ་བུ་ཞེ་ན། དེ་ནི་ཤེས ་རང་རྣམ་པ་གསུམ་སྟེ། མཉན་པ་ལས་བྱུང་བའི་ཤེས་རབ་དང། བསམ་པ་ལས་བྱུང་བའི་ཤེས་རབ་དང། བསྒོམ་པ་ལས་བྱུང་བའི་ཤེས་རབ་སྟེ། ཤེས་རབ་གང་གིས་ལུས་ཀྱི་རང་བཞིན་རྣམ་པ་ཐམས་ཅད་དུ་ཁོང་དུ་ཆུད་ཅིང་རྟོགས ་པར་བྱེད་པའོ། །དེ་ལ་དྲན་པ་གང་ཞེ་ན། གང་གི་ལུས་ཀྱི་དབང་དུ་བྱས་ནས་བསྟན་པའི་ཆོས་དེ་དག་ཉེ་བར་གཟུང་ཞིང་ཆོས་གང་ཉེ་བར་བཟུང་བའི་དོན་རྣམས་ཀྱིས་བསམ་པ་དང། བསྒོམ་པས་མངོན་སུམ་དུ་བྱས་པའི་ཡི་གེ་དང ་དོན་རྣམས་ལ་མ་བརྗོད་པའོ། །དྲན་པ་ཉེ་བར་བཞག་པའི་དོན་ཅི་ཞེ་ན། དེ་ཡང་རྣམ་པ་གསུམ་སྟེ། དྲན་པ་སྲུང་བར་བྱེད་པ་དང། ཡུལ་ལས་ཀུན་ནས་ཉོན་མོངས་པ་མེད་པར་བྱེད་པ་དང། དམིགས་པ་ལ་ཉེ་བར་འདོགས་པར ་བྱེད་པའོ། །དེ་ལ་དྲན་པ་སྲུང་བར་བྱེད་པ་ནི། དང་པོ་ནས་དབང་པོ་དང་སེམས་རྣམས་ཡུལ་ལ་མི་འཇུག་པར་སྡོམ་པ་དང། ཡུལ་ལས་ཀུན་ནས་ཉོན་མོངས་པ་མེད་པར་བྱེད་པ་ནི་ཡུལ་ལ་ཞུགས་ན་ཡང། གཟུགས་ལ་སོགས ་བ་མཚན་མར་མི་འཛིན་བཟང་པོར་མི་འཛིན་པའོ། །དམིགས་པ་ལ་སེམས་ཉེ་བར་འདོགས་པར་བྱེད་པ་ནི། བསྒོམ་པར་བྱ་བའི་ཡུལ་ལ་སེམས་རྩེ་གཅིག་དུ་འཇོག་པའོ། །ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་ཞེས་བྱ་བ་ལ་ནམ ་བདག་ཉིད་ཀྱི་ལུས་སེམས་ཅན་གྱི་གྲངས་སུ་གཏོགས་པའི་གཟུགས་ལ་རང་དང་སྤྱིའི་མཚན་ཉིད་དུ་ཤེས་རབ་ཀྱི་མཐོང་བར་བྱེད་པ་ནི། ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ཞེས་བྱ་བ་སྟེ། ལུས་ཀྱི་རང་གི་མཚན་ཉིད་ནི། རྡུལ་ཕྲ་མོ་དུ་མ་གསགས་པ་ལས་གྱུར ་པ་སྣབས་དང། མཆིལ་མ་དང་ཁྲག་དང་ཆུ་སེར་ལ་སོགས་པ་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བའོ། །དེ་ལྟར་བསྒོམ་པ་ན་ཡང་གཉེན་པོས་གསལ་བར་མཐོང་བར་བྱ་བ་དང། མི་མཐུན་པའི་ཕྱོགས་སྤངས་ནས་གནས་པར་བྱ་སྟེ། རྣམ་པ་གཉིས་སོ།། ་དེ་ལ་གཉེན་པོ་ཡང་ཤེས་རབ་ཀྱི་ལུས་ཀྱི་རང་གི་མཚན་ཉིད་མཐོང་བ་དང། ཤེས་རབ་ཀྱི་ལུས་ཀྱི་སྤྱིའི་མཚན་ཉིད་མཐོང་བ་དང། དེ་ལྟར་ཤེས་རབ་ཀྱི་མཐོང་བའི་ཆོས་དེ་ལ་ཞི་གནས་རྩེ་གཅིག་ཏུ་འཇོག་པའོ། །མི་མཐུན་པའི་ཕྱོགས་ཀྱང་གཉིས་ཏེ ་ལུས་དང་གཟུགས་ལ་སོགས་པའི་ཡུལ་ལ་ཆགས་པ་དང། དེ་དག་ཉིད་ལ་ཁོང་ཁྲོ་བའི་ལུས་ཀྱི་རང་གི་མཚན་ཉིད་ཤེས་རབ་ཀྱིས་མི་གཙང་བ་ལ་སོགས་པར་ཕྱིན་ཅི་ལོག་པར་མཐོང་བ་ནི་གསལ་བའོ། །ལུས་ཀྱི་སྤྱིའི་མཚན་ཉིད་ཤེས་རབ་ཀྱིས ་ཕྱིན་ཅི་མ་ལོག་པར་མཐོང་བ་ནི། ཡང་དག་པར་རབ་ཏུ་ཤེས་པའོ། །ཤེས་རབ་ཀྱི་ལུས་ཀྱི་རང་དང་སྤྱིའི་མཚན་ཉིད་མཐོང་བ་དེ་ཉིད་ཀྱི་དོན་མ་བརྗེད་ཅིང་དེ་ལ་རྟག་ཏུ་ཞི་གནས་ཀྱི་སེམས་རྩེ་གཅིག་ཏུ་འཇོག་པ་ནི་དྲན་པ་དང་ལྡན་པའོ། །ལུས ་དྲན་པ་ཉེ་བར་གཞག་པའི་བར་དུ་གཅོད་པའི་པར་མི་མཐུན་པའི་ཕྱོགས་སུ་གྱུར་པ་ལུས་དང་གཟུགས་ལ་སོགས་པ་ལ་ཆགས་པ་སྤངས་པ་ནི། འཇིག་རྟེན་གྱི་ཆགས་པ་དང་བྲལ་བའོ། །དེའི་བར་དུ་གཅོད་པ་ཞེ་སྡང་སྤངས་པ་ནི། ཡིད་མི་བདེ་བ ་སྤངས་པ་ཞེས་བྱའོ། །གནས་པའི་གོང་དུ་བཤད་པ་ལྟར་བསྒོམ་པའོ། །ནམ་ཕྱིའི་ལུས་གཟུགས་ལ་སོགས་པ་སེམས་ཅན་གྱི་གྲངས་སུ་མ་གཏོགས་པ་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་རྟོགས་པར་བྱེད་པ་ནི། ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཞེས་བྱ ་སྟེ། རང་གི་མཚན་ཉིད་ན་རྡུལ་ཕྲ་རབ་བསགས་པའི་ངོ་བོའོ། །སྤྱིའི་མཚན་ཉིད་ནི་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པ་སྟེ། གསལ་བ་ཡང་དག་པ་རབ་ཏུ་ཤེས་པ་ཡང་དེའི་སླད་དུ་སྦྱར་ཞིང། དེ་དག་གི་དོན་ཡང་སྔར་བསྟན་པ་བཞིན་དུ ་བལྟའོ། །སེམས་ཅན་གཞན་དག་གི་ལུས་སེམས་ཅན་གྱི་གྲངས་སུ་གཏོགས་པའི་རང་དང་སྤྱིའི་མཚན་ཉིད་རྟོག་པར་བྱེད་པ་ནི། ནང་དང་ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ཞེས་བྱ་སྟེ། རང་དང་སྤྱིའི་མཚན་ཉིད་ཀྱང་གོང་དུ་བཤད་པ་བཞིན་དུ་བལྟའོ། །ནང་གི་ཚོར ་བ་དང་ཕྱིའི་ཚོར་བ་དང་ཞེས་བྱ་བ་ལ་སོགས་པ་དེ་ལ་ཚོར་བ་གང་ཞེ་ན། འདི་ལྟ་སྟེ་བདེ་བ་དང། སྡུག་བསྔལ་དང། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བའོ། །བདེ་པ་དང་སྡུག་བསྔལ་དང། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི ་ཚོར་བ་ལ་ཡང་ལུས་དང་ལྡན་པ་དང། དེ་བཞིན་དུ་སེམས་དང་ལྡན་པའོ། །ཚོར་བ་ལ་སོགས་པ་བདེ་བ་ཡང་ཟང་ཟིང་དང་བཅས་པ་དང། ཟང་ཟིང་མེད་པ་དང། ཆགས་པ་ལ་བསྟེན་པ་དང། འབྱུང་བ་ལ་སྟེན་པ་སྟེ་འདི་དག་ནི་ཚོར་བའི་རབ་ཏུ་དབྱེ་བའོ། །དེ་ལ ་ལུས་དང་སེམས་ལ་སིམ་པ་ཕན་པར་བྱེད་པ་ནི་བདེ་བའི་ཚོར་བའོ། །ལུས་དང་སེམས་ལ་གནད་པ་དང་གདུང་བར་བྱེད་པ་ནི་སྡུག་བསྔལ་གྱི་ཚོར་བའོ། །ལུས་དང་སེམས་ལ་ཕན་པ་ཡང་མི་བྱེད་གདུང་བར་ཡང་མི་བྱེད་པ་ནི། བདེ་བ་ཡང་མ་ཡིན། སྡུག་བསྔལ ་ཡང་མ་ཡིན་པའི་ཚོར་བའོ། །ཚོར་བ་དེ་གསུམ་ཡང། ནམ་མིག་གི་རྣམ་པར་ཤེས་པ་ནས་ལུས་ཀྱི་རྣམ་པར་ཤེས་པ་ལྔ་དང་འབྲེལ་པའི་དུས་ན་ནི་ལུས་དང་ལྡན་པའོ། །ཚོར་བ་དེ་གསུམ་ཡིད་ཀྱི་རྣམ་པར་ཤེས་པ་དང་འབྲེལ་བའི་དུས་ན་ནི། སེམས་དང ་ལྡན་པའོ། །ཚོར་བ་གསུམ་མྱ་ངན་ལས་འདས་པ་དང། རྗེས་སུ་མཐུན་པར་གྱུར་ན་ནི། ཟང་ཟིང་མེད་པའོ། །ཁམས་གསུམ་དུ་གཏོགས་པའི་ཚོར་བ་ཐམས་ཅད་ནི་ཟང་ཟིང་དང་བཅས་པའོ། །ནམ་འཕགས་པའི་ལམ་དང ་རྗེས་སུ་མཐུན་པར་གྱུར་པ་ནི། འབྱུང་བ་ལ་བརྟེན་པའོ། །འདོད་པའི་ཡོན་ཏན་ལྔ་ལ་ཞེན་པ་ནི་ཞེན་པ་ལ་བརྟན་པ་ཞེས་བྱའོ། །དེ་ལ་རྗེས་སུ་ལྟ་བ་དང་དྲན་པ་དང་དྲན་པ་ཉེ་བར་གཞག་པ་གང་ཡིན་པའི་དོན་རྣམས་ནི། ལུས་དྲན་པ་ཉེ་བར ་གཞག་པའི་སྐབས་སུ་བཤད་པ་བཞིན་དུ་བལྟའོ། །དེ་ལ་བདག་ཉིད་ཀྱི་ལུས་སེམས་ཅན་གྱི་གྲངས་སུ་གཏོགས་པ་ལ་དམིགས་པ་ལས། ཚོར་བ་བདེ་བ་ལ་སོགས་པ་སྐྱེས་པ་ནི། ནང་དང་ཕྱིའི་ཚོར་བ་ཞེས་བྱ་སྟེ། ཚོར་བ་རྣམ་པ་གསུམ ་ཡང་སྡུག་བསྔལ་དང་འབྲལ་བར་མཐོང་བ་ནི། ཚོར་བ་ལ་ཚོར་བའི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པའོ། །སྡུག་བསྔལ་གསུམ་ལ། སྡུག་བསྔལ་གྱི་སྡུག་བསྔལ་དང། འགྱུར་བའི་སྡུག་བསྔལ་དང། འདུ་བྱེད་ཀྱི་སྡུག་བསྔལ་ལོ། །དེ་ལ ་སྡུག་བསྔལ་གྱི་ཚོར་བ་ནི། སྡུག་བསྔལ་གྱི་སྡུག་བསྔལ་དང་འབྲེལ་བའི་ཚོར་བ་ནི་ཐོང་ཅིག་བདེར་ཟིན་ཀྱང། ཕྱིས་སྡུག་བསྔལ་གྱི་རྒྱུར་འགྱུར་པས་ན་འགྱུར་བའི་སྡུག་བསྔལ་དང་འབྲེལ། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན ་བའི་ཚོར་བ་ནི་མི་རྟག་པའི་ཆོས་དང་ལྡན་པས་ན་འདུ་བྱེད་ཀྱི་སྡུག་བསྔལ་དང་འབྲེལ་ཏེ། གསལ་བ་ལ་སོགས་པའི་དོན་ནི་གོང་དུ་བཤད་པ་བཞིན་དུ་བལྟའོ། །ནང་གི་སེམས་དང་ཞེས་བྱ་བ་ལ་སོགས་པ་ལ་སེམས་ཕྱེ་ན་རྣམ་པ་ཉི་ཤུ་སྟེ། ་འདོད་ཆགས་དང་བཅས་པའི་སེམས་དང། འདོད་ཆགས་དང་བྲལ་བའི་སེམས་དང། ཞེ་སྡང་དང་བཅས་པའི་སེམས་དང། ཞེ་སྡང་དང་བྲལ་བའི་སེམས་དང། གཏི་མུག་དང་བཅས་པའི་སེམས་དང། གཏི་མུག་དང་བྲལ་བའི་སེམས་དང། ་འདུས་པའི་སེམས་དང། རྣམ་པར་གཡེངས་པའི་སེམས་དང། ཞུམ་པའི་སེམས་དང། གཟེགས་མཐོ་བའི་སེམས་དང། རྒོད་པའི་སེམས་དང། རྒོད་པ་མེད་པའི་སེམས་དང། ཞི་བའི་སེམས་དང། མ་ཞི་བའི་སེམས་དང། ཤིན་ཏུ་མཉམ་པར་བཞག་པའི ་སེམས་དང། ཤིན་ཏུ་མཉམ་པར་མ་གཞག་པའི་སེམས་དང། ཤིན་ཏུ་མཉམ་པར་བཞག་པ་མ་ཡིན་པའི་སེམས་དང། ལམ་ཤིན་ཏུ་བསྒོམས་པའི་སེམས་དང། ལམ་ཤིན་ཏུ་བསྒོམས་པ་མ་ཡིན་པའི་སེམས་དང། ཤིན་ཏུ་བསྒོམས་པ་ལས་གྲོལ ་པའི་སེམས་དང། ཤིན་ཏུ་བསྒོམས་པ་ལས་གྲལ་བ་མ་ཡིན་པའི་སེམས་སོ། །དེ་ལ་གང་ཆགས་པར་བྱ་བའི་དངོས་པོ་ལ་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་མངོན་སུམ་སྤྱོད་པ་ནི། འདོད་ཆགས་དང་བཅས་པའི་སེམས་ཞེས་བྱའོ། །འདོད་ཆགས ་ཀྱིས་ཀུན་ནས་དཀྲིས་པ་བག་ལ་ཉལ་ཙམ་དུ་ཟད་ཀྱི། །དངོས་སུ་སྤྱོད་པ་མེད་པ་ནི། འདོད་ཆགས་དང་བྲལ་བའི་སེམས་ཞེས་བྱའོ། །ཞེ་སྡང་བའི་དངོས་པོ་ལ་ཞེ་སྡང་གི་ཀུན་ནས་དཀྲིས་པ་མངོན་སུམ་དུ་སྤྱོད་པ་ནི་ཞེ་སྡང་དང་བཅས་པའི་སེམས་ཞེས ་བྱའོ། །ཞེ་སྡང་བག་ལ་ཉལ་ཙམ་དུ་ཟད་ཀྱི། དངོས་སུ་བྱུང་བ་མེད་པ་ནི། ཞེ་སྡང་དང་བྲལ་བའི་སེམས་ཞེས་བྱའོ། །ཀུན་ཏུ་གཏི་མུག་པར་གྱུར་པའི་དངོས་པོ་ལ་རྨོངས་པ་ཀུན་ཏུ་འབྱུང་བ་ནི། གཏི་མུག་དང་བཅས་པའི་སེམས་ཞེས་བྱའོ། །གཏི་མུག ་བག་ལ་ཉལ་ཙམ་དུ་གནས་པ་ནི། གཏི་མུག་དང་བྲལ་བའི་སེམས་ཞེས་བྱའོ། །སེམས་དྲུག་པོ་དེ་དག་ནི་ཀུན་ཏུ་སྤྱོད་པའི་དུས་ན་འབྱུང་བ་ལས་གཞག་པར་མི་རིགས་པར་བྱའོ། །དེ་ལ་གསུམ་ནི། ཀུན་ནས་ཉོན་མོངས་པའི་ཕྱོགས་སོ། །གསུམ་ནི ་དེ་དག་གི་གཉེན་པོའི་ཕྱོགས་སོ། །དེ་ལ་ཞི་གནས་ཀྱི་རྣམ་པར་སེམས་ནང་དུ་གནས་པར་གྱུར་པ་འདུས་པའི་སེམས་སོ། །འདོད་པའི་ཡོན་ཏན་ལྔའི་རྗེས་སུ་འབྲངས་པ་གཡེངས་པའི་སེམས་སོ། །གཉེད་དང་རྨུགས་པ་དང་ལྡན་པ་ནི་ཞུམ་པའི ་སེམས་སོ། །གཉིད་དང་རྨུགས་བ་སེལ་བར་བྱེད་པའི་ཆོས་རབ་ཏུ་དང་བར་བྱེད་པ་འགའ་ཞིག་ལ་དམིགས་ནས་སེམས་དགའ་བར་བྱས་པ་ནི་གཟངས་མཐོས་པའི་སེམས་སོ། །སེམས་གཟངས་བསྟོད་པ་ལས ་སླར་གཡེངས་པར་གྱུར་བ་ནི། རྒོད་པའི་སེམས་སོ། །ཞུམ་རྒོད་སྤངས་ནས་སེམས་བཏང་སྙོམས་སུ་གྱུར་པ་ནི། རྒོད་པ་མེད་པའི་སེམས་སོ། །གཉིད་དར་རྨུགས་པ་དང་འགྱོད་པ་དང་ཐེ་ཚོམ་ལ་སོགས་པ་སྒྲིབ་པ་དད་ཁྲལ་བ་ནི་ཞི་བའི་སེམས ་སོ། །སྒྲིབ་པ་དེ་དག་དང་མ་བྲལ་བ་ནི་མ་ཞི་བའི་སེམས་སོ། །རྩ་བའི་བསམ་གཏན་བཞི་ལ་ཞུགས་པ་ནི་ཤིན་ཏུ་མཉམ་བར་བཞག་པའི་སེམས་སོ། རྩ་བའི་བསམ་གཏན་བཞི་ལ་མ་ཞུགས་པ་ནི་ཤིན་ཏུ་མཉམ་པར་མ་བཞག་པའི་སེམས་སོ། ། ་རྩ་བའི་བསམ་གཏན་དེ་དག་ཉིད་ལ་ཤིན་ཏུ་བསྒོམས་པ་དང། དུས་རིང་དུ་བསྒོམས་པས་ཅི་དགར་དབང་དུ་གྱུར་པ་ནི་ལམ་ཤིན་ཏུ་བསྒོམས་པའི་སེམས་སོ། །རྩ་བའི་བསམ་གཏན་ཐོབ་ཀྱང་ཤིན་ཏུ་མ་བསྒོམས་ལ། དུས་རིང་དུ་མ ་བསྒོམས་པས་ཅི་དགར་དབང་ཐོབ་པར་མ་གྱུར་པ་ནི། ལམ་ཤིན་ཏུ་བསྒོམས་པ་མ་ཡིན་པའི་སེམས་སོ། །ལམ་ཤིན་ཏུ་བསྒོམས་པ་ལས་ཉོན་མོངས་པ་ཐམས་ཅད་བྱད?་བ་དང། ཤིན་ཏུ་བྱད?་པ་ནི་ཤིན་ཏུ་བསྒོམས་པས་གྲོལ་བའི ་སེམས་སོ། །ཉོན་མོངས་པ་ཐམས་ཅད་ཤིན་ཏུ་བྱང་བ་མ་ཡིན་པའི་ཉོན་མོངས་པ་ཁ་ཅིག་བྱད?་བ་ནི་ཤིན་ཏུ་བསྒོམས་པས་གྲོ་བ་མ་ཡིན་པའི་གོམས་ཏེ། སེམས་པ་བཅུ་དྲུག་བོ་དེ་དག་ནི་གནས་པའི་དུས་ཀྱི་དབང་དུ་བྱས་ནས ་བཤད་པར་རིག་པར་བྱའོ། །སེམས་ཉི་ཤུ་བོ་དེ་དག་ཀྱང་མདོར་བསྡུས་ན་རྣམ་པ་གསུམ་སྟེ། ནང་གི་སེམས་དང། ཕྱིའི་སེམས་དང། ཕྱི་ནང་གི་སེམས་སོ། །དེ་ལ་བདག་གི་གི་ལུས་སེམས་ཅན་གྱི་གྲངས་སུ་གཏོགས་པ་ལ་དམིགས་པ་ལ། ་སེམས་ཉི་ཤུ་པོ་བྱུང་བ་ནི་ནང་གི་སེམས་ཞེས་བྱའོ། །གཟུགས་ལ་སོགས་པ་སེམས་ཅན་གྱི་གྲངས་སུ་མ་གཏོགས་པ་ལ། དམིགས་པ་ལས་སེམས་ཉི་ཤུ་པོ་དེ་དག་བྱུང་བ་ནི་ཕྱིའི་སེམས་ཞེས་བྱའོ། །སེམས་ཅན་གཞན་གྱི་གཟུགས་སེམས ་ཅན་གཞན་གྱི་གྲངས་སུ་གཏོགས་པ་ལ་སེམས་དམིགས་པ་ལ་སེམས་ནི་ཤུ་པོ་དེ་དག་བྱུང་བ་ནི་ནང་དང་ཕྱིའི་སེམས་ཞེས་བྱ་སྟེ། སེམས་ལ་ཡང་སྐད་ཅིག་ཏུ་འདོད་ཆགས་དང་བཅས་པ་དང། སྐད་ཅིག་ཏུ་འདོད་ཆགས་དང་བྲལ་བ་ལ་སོགས ་པར་འགྱུར་ཏེ། སྐད་ཅིག་ཀྱང་མི་གནས་པ་རང་བཞིན་གཞན་དང་གཞན་དུ་འགྱུར་བར་རྟོགས་པར་བྱེད་པ་ནི། སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བ་ཞེས་བྱ་སྟེ། གསལ་བ་ལ་སོགས་པའི་དོན་གཞན་ནི་གོང་དུ་བཤད་པར་ཟད་དོ། །ནང་གི་ཆོས་དང་ཞེ ་བྱ་བ་ལ་སོགས་པ་ལ་ཆོས་ནི་ནག་པོའི་ཕྱོགས་དང། དཀར་པོའི་ཕྱོགས་རྣམ་པ་གཉིས་ལས་ཕྱེ་ན། རྣམ་པ་ཉི་ཤུར་རིག་པར་བྱའོ། །ཉི་ཤུ་པོ་དེ་དག་གང་ཞེ་ན། འདོད་ཆགས་དང་འདོད་ཆགས་འདུལ་བ་དང། ཞེ་སྡང་དང་ཞེ་སྡང་འདུལ་བ་དང ་གཏི་མུག་དང་གཏི་མུག་འདུལ་བ་དང། འདུས་བ་དང། རྣམ་པར་གཡེངས་པ་དང། ཞུམ་པ་དང། གཟེངས་མཐོ་བ་དང། རྒོད་པ་དང། རྒོད་པ་མེད་པ་དང། ཞི་བ་དང། མ་ཞི་བ་དང། ཤིན་ཏུ་མཉམ་པར་བཞག་པ་དང། ཤིན་ཏུ་མཉམ་བར། ་བཞག་པ་མ་ཡིན་བ་དང། ལམ་ཤིན་ཏུ་བསྒོམས་པ་དང། ལམ་ཤིན་ཏུ་བསྒོམས་པ་མ་ཡིན་པ་དང། ཤིན་ཏུ་བསྒོམས་པས་གྲོལ་བ་དང། ཤིན་ཏུ་བསྒོམས་པས་གྲོལ་བ་མ་ཡིན་བ་སྟེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང ་གཡངས་པ་དང། ཞུམ་པ་དང། རྒོད་པ་དང་མ་ཞི་བ་དང། མཉམ་པར་མ་བཞག་པ་དང། ལམ་ལེགས་པར་མ་བསྒོམ་པ་དང། ལེགས་པར་བསྒོམས་པས་གྲོལ་བ་མེད་པ་སྟེ། བཅུ་ནི་ནག་པོའི་ཕྱོགས་སོ། །འདོད་ཆགས་འདུལ་བ་དང་ཞེ་སྡང ་འདུལ་བ་དང། གཏི་མུག་འདུལ་བ་དང། འདུས་པ་དང། གཟེངས་མི་མཐོ་པ་དང། མི་རྒོད་པ་དང། བཞི་པ་དང། མཉམ་པར་བཞག་པ་དང། ལམ་ལེགས་པར་བསྒོམས་བ་དང། ལེགས་པར་བསྒོམས་པས་གྲོལ་པ་སྟེ། བཅུ?་ནི ་དཀར་པོའི་ཕྱོགས་སོ། །དེ་ལ་གཟུགས་དང་འདོད་པའི་ཡོན་ཏན་ལ་ཆགས་པ་ནི་འདོད་ཆགས། མི་གཙང་བ་བསྒོམ་པ་ནི་འདོད་ཆགས་འདུལ་བའོ། །དགྲ་ལ་སོགས་པ་ལ་ཁོང་ཁྲོ་བ་ནི་ཞེ་སྡང་ངོ། །བྱམས་པ་ནི་ཞེ་སྡང་འདུལ་བའི?།། ་ལས་དང་ལས་ཀྱི་འབྲས་བུ་མི་ཤེས་པ་ནི་གཏི་མུག་གོ། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཤེས་པའི་ཤེས་རབ་ནི་གཏི་མུག་འདུལ་བའོ། །སེམས་ནང་དུ་རྩེ་གཅིག་ཏུ་གནས་པ་ནི་འདུས་པའོ། །སེམས་འདོད་པའི་ཡོན་ཏན་ལ་ཞུགས ་པ་ནི་གཡེངས་པའོ། །སེམས་གཉིད་དང་རྨུགས་པས་ནོན་པ་ནི་ཞུམ་པའོ། །བསམ་གཏན་གྱི་འབྲས་བུ་འམ། དེ་བཞིན་གཤེགས་པའི་ཡོན་ཏན་བསམས་ནས་གཉིད་དང་རྨུགས་པ་བསལ་བ་ནི་གཟེངས་མཐོ་བའོ། །སེམས་གཟེངས ་བསྟོད་པ་ལས་སླར་སེམས་འཕྲོས་པར་གྱུར་པ་ནི་རྒོད་པའོ། །ཞུམ་རྒོད་གཉིས་སྤངས་ཏེ་སེམས་མཉམ་པར་གྱུར་པ་ནི་རྒོད་པ་མེད་པའོ། །གཉིད་དང་རྨུགས་པ་ལ་སོགས་པའི་སྒྲིབ་པ་དང་བྲལ་བ་ནི་ཞི་པའོ། །སྒྲིབས་པ་དང་མ་བྲལ ་བ་ནི་མ་ཞི་བའོ། །བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པ་དང་བཞི་པ་སྟེ། རྩ་བའི་བསམ་གཏན་ལ་ཞུག་པ་ནི། ཤིན་ཏུ་མཉམ་པར་བཞག་པའོ། །རྩ་བའི་བསམ་གཏན་ལ་མ་ཞུགས་པ་ནི་མཉམ་པར་བཞག་པ་མ ་ཡིན་པའོ། །དེ་ལ་འཕགས་པའི་ལམ་བསྒོམ་པ་ཐོབ་པ་ནི། ལམ་ཤིན་ཏུ་བསྒོམས་པའོ། །འཕགས་པའི་ལམ་བསྒོམ་པ་མ་ཐོབ་པ་ནི། ལམ་ཤིན་ཏུ་བསྒོམས་པ་མ་ཡིན་བའོ། །ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད ་སྤངས་ནས་ཕྱིས་མི་སྐྱེ་བ་ནི་ཤིན་ཏུ་བསྒོམས་པས་གྲོལ་བའོ། །ཉོན་མོངས་པ་མ་ལུས་པར་སྤངས་པ་བ་ཡིན་བ་ནི་ཤིན་ཏུ་བསྒོམས་པས་གྲོལ་བ་མ་ཡིན་པའོ། །ཆོས་དེ་དག་ཀྱང་རྣམ་པ་གསུམ་དུ་བཞག་སྟེ། ནང་གི་ཆོས་དང། ཕྱིའི་ཆོས་དང ་ནང་དང་ཕྱིའི་ཆོས་སོ། །དེ་ལ་བདག་རང་ཉིད་ཀྱི་ལུས་སེམས་ཅན་གྱི་གྲངས་སུ་གཏོགས་བ་ལས་ནག་པོའམ་དཀར་པོའི་ཆོས་བྱུང་བ་ནི་ནང་གི་ཆོས། །གཟུགས་ལ་སོགས་པ་སེམས་ཅན་གྲངས་སུ་གཏོགས་པ་ལ་དམིགས་པ་ལས། དཀར་པོ་འམ ་ནག་པོའི་ཆོས་བྱུང་བ་ནི། ཕྱིའི་ཆོས་སོ། །སེམས་ཅན་གཞན་གྱི་ལུས་སེམས་ཅན་གྱི་གྲངས་སུ་གྲོགས་པ་ལ་དམིགས་པ་ལས་དཀར་པོའམ་ནག་པོའི་ཆོས་བྱུང་བ་ནི། ནང་དང་ཕྱིའི་ཆོས་ཞེས་བྱ་སྟེ། ནག་པོའི་ཆོས་ཀྱིས་ནི་ཀུན་ནས་ཉོན་མོངས ་པར་འགྱུར། དཀར་པོའི་ཆོས་ཀྱིས་ནི་རྣམ་པར་བྱང་བར་འགྱུར་བ་ཙམ་དུ་ཟད་ཀྱི། འདི་ན་ཀུན་ནས་ཉོན་མོངས་པར་བྱེད་པའི་བདག་གམ། རྣམ་པར་བྱང་བར་བྱེད་པའི་བདག་མེད་དོ་ཞེས་ལྟ་བ་ནི། ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་བ་ཞེས་བྱ་བ་སྟེ། ་གསལ་བ་ལ་སོགས་པའི་དོན་ནི་གོང་དུ་བཤད་པ་བཞིན་ནོ། །དེ་ལ་དྲན་པ་ཉེ་བར་གཞག་བ་བཞི་ཡང་རྣམ་པ་ལྡང་རྣམ་པར་བཞག་སྟེ། རྣམ་པ་ལྔ་ནི་དམིགས་པ་དག་རང་བཞིན་དང། གྲོགས་དང། སྒོམ་པ་དང། བསྒོམས་པའི་འབྲས་བུའོ། །ཇི ་ལྟར་ན་དྲན?་པ་ཉེ?་བར་གཞག་པ་བཞི་ལ་རྣམ་པ་ལྔར་རྣམ་པར་བཞག་པ་བཞིན་དུ། བྱང་ཆུབ་ཀྱི་ཕྱོགས་ལྷག་མ་རྣམས་ལ་ཡང། རྣམ་པ་ལྔ་ལྡར?་བཞག་གོ། དྲན་པ་ཉེ་བར་བཞག་པའི་དམིགས་པ་གང་ཞེ་ན། དེ་ཡང་བཞི་སྟེ། ལུས་དང་སེམས་དང ་ཚོར་བ་དང་ཆོས་སོ། །ཡང་ན་བདག་གི་རྟེན་གྱི་དངོས་པོ་དང། བདག་ཀུན་ནས་ལོངས་སྤྱོད་པའི་དངོས་པོ་དང། བདག་ཉིད་ཀྱི་དངོས་པོ་དང། བདག་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བར་བྱེད་པའི་དངོས་པོ་སྟེ། དེ་བཞི་ནི་དྲན་པ?་ཉེ ་བར་གཞག་པའི་དམིགས་པར་བྱའོ། །དེ་ལ་བདག་གི་དངོས་པོ་ནི་ལུས་སོ། །བདག་ཀུན་ནས་ལོངས་སྤྱོད་པར་བྱེད་པའི་དངོས་པོ་ནི་ཚོར་བའོ། །བདག་ཉིད་ཀྱི་དངོས་པོ་ནི་སེམས་སོ། །བདག་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱད?་དང? ་བྱེད་པའི་དངོས་པོ་ནི་ཆོས་སོ། །དེ་ལ་ཡང་ཇི་ལྟར་དམིགས་པ་ཞེ་ན། བློ་ཕྱིན་ཅི་ལོག་ཏུ་གྱུར་པའི་བྱིས་པ་དག་ཕལ་ཆེར་དབང་པོ་དང་བཅས་པའི་ལུས་ལ་དག་རྟེན་ཅིང་བདེ་བ་ལ་སོགས་པ་ཀུན་དུ་ལོངས་སྤྱོད་པར་བྱེད་ལ། དེ་ལྟར་ཀུན་ཏུ་ལོངས་སྤྱོད་བར ་བྱེད་བའི་བདག་དེ་ཡང་སེམས་ཉིད་ཡིན་ཏེ། བདག་དེ་འདོད་ཆགས་ལ་སོགས་པས་ནི། ཀུན་ནས་ཉོན་མོངས་བར་འགྱུར་ལ། དད་པ་ལ་སོགས་པས་ནི་རྣམ་པར་བྱང་བར་འགྱུར་ཏེ་ཞེས་རྟོགས་པར་བྱ་བའི་ཕྱིར་ལུས་ལ་སོགས་པ་བསྒོམས་པ་བཞི ་རྣམ་པར་བཞག་གོ་།རང་བཞིན་གང་ཞེ་ན། ཤེས་རབ་དང་ཞི་གནས་ཏེ། ལུས་ལ་རྫས་སུ་ལྟ་ཞེས་སྨྲས་པས། ཤེས་རབ་སྨྲས་པ་ཡིན། དྲན་བ་དང་ལྡན་བ་དང། གནས་པ་ཞེས་སྨྲས་པས་ཞི་གནས་བསྟན་པ་ཡིན་ནོ། །གྲོགས་པོ་ནི་དེ་དང་ལྡན་པའི ་སེམས་དང་སེམས་ལས་བྱུང་བ་རྣམས་ཏེ། ཤེས་རབ་དང་ཞི་གནས་གཉིས་ཀྱང་བརྩོན་འགྲུས་ལ་སོགས་པའི་སེམས་ལས་བྱུང་བ་གཞན་དང་མི་ལྡན་བ་འབའ་ཞིག་འབྱུང་མི་སྲིད་པའི་ཕྱིར་རོ། །བསྒོམ་པ་ནི་ཕྱི་དང་ནང་དང་ཕྱི་ནང་གཉིས་དུས ་ཀྱིས་ལུས་ཀྱི་རང་དང་སྤྱིའི་མཚན་ཉིད་གོམས་བར་བྱའོ། །བསྒོམས་པའི་འབྲས་བུ་ནི་ཕྱིན་ཅི་ལོག་བཞི་སྤང་བ་དང། བདེན་བ་བཞི་ལ་འཇུག་པ་དང། ལུས་ལ་སོགས་པ་དང་བྲལ་བར་འགྱུར་བའོ། དེ་ལ་ཕྱིན་ཅི་ལོག་བཞི་ནི་གཙང་བར་བྱའོ། ་རྟག་ལ་དང་བདག་ཏུ་འཛིན་པའོ། །མི་གཙང་བ་ལ་གཙང་བར་ཕྱིན་ཅི་ལོག་ཏུ་འཛིན་པ་སྤོང་བའི་ཕྱིར་ལུས་དྲན་པ་ཉེ་བར་གཞག་པ་བསྒོམས་ཏེ། ལུས་ལ་ནི་གཙོ་བོར་མི་གཙང་བའི་མཚན་ཉིད་དུ་སྒོམ་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ ་སྡུག་བསྔལ་ལ་བདེ་བར་འཛིན་པའི་ཕྱིན་ཅི་ལོག་ཏུ་འཛིན་པ་སྤང་པའི་ཕྱིར། ཚོར་བ་དྲན་པ་ཉེ་བར་གཞག་པ་སྒོམས་ཏེ། ཇི་སྲིད་དུ་ཚོར་བ་ཐམས་ཅད་ཀྱང་སྡུག་བསྔལ་རྣམ་པ་གསུམ་དང་འབྲེལ་ཏོ་ཞེས། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ།། ་མི་རྟག་པ་ལ་རྟག་པར་ཕྱིན་ཅི་ལོག་ཏུ་འཛིན་པའི་གཉེན་བོར། །སེམས་དྲན་བ་ཉེ་བ་གཞག་པ་བསྒོམས་ཏེ། སེམས་འདི་ཡང་སྐད་ཅིག་མ་དེ་དེ་ལ་འདོད་ཆགས་དང་བཅས་པ་དང། འདོད་ཆགས་མེད་པ་ལ་སོགས་པ་རྣམ་པ་གཞན་དང་གཞན ་དུ་འགྱུར་བའི་ཕྱིར་རོ། །བདག་མེད་པ་ལ་བདག་ཏུ་འཛིན་པའི་ཕྱིན་ཅི་ལོག་སྤང་བའི་ཕྱིར། ཆོས་དྲན་བ་ཉེ་བར་གཞག་པ་བསྒོམ་སྟེ། འདོད་ཆགས་ལ་སོགས་པས་ནི་ཀུན་ནས་ཉོན་མོངས་པར་འགྱུར། དང་པ་ལ་སོགས་པས་ནི་རྣམ་པར་བྱད་བར་གྱུར ་བར་ཟད་ཀྱི། འདི་ནི་ཀུན་ནས་ཉོན་མོངས་པར་བྱེད་པ་དང། རྣམ་པར་བྱང་བར་བྱེད་པའི་བྱེད་པ་པོ་དང། བདག་མེད་པ་ཁོང་དུ་ཆུད་ན། བདག་ཏུ་འཛིན་པའི་ཕྱིན་ཅི་ལོག་དང་བྲལ་བར་འགྱུར་རོ། །བདེན་བ་བཞི་ལ་འཇུག་པ་ནི་ལུས་དྲན་པ་ཉེ་བར་བཞག ་པ་བསྒོམས་པས་སྡུག་བསྔལ་གྱི་བདེན་བ་ལ་འཇུག་སྟེ། ལུས་ཀྱི་རང་བཞིན་མཐོང་ན། སྐྱེ་རྒ་ན་འཆི་པ་ལ་སོགས་པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་དང་ལྡན་པར་རྟོག་པར་འགྱུར་བའི་ཕྱིར་རོ། །ཚོར་བ་དྲན་པ་ཉེ་བར་གཞག་པ་བསྒོམས་པས་ཀུན ་ཏུ་འབྱུང་གི་བདེན་པ་ལ་འཇུག་སྟེ། ཚོར་བ་བདེ་བ་ལ་བརྟེན་ནས་ནི་སྲིད་པ་སྐྱེ། ཚོང་བ་སྡུག་བསྔལ་བའི་རྒྱུས་ནི་ཞེ་སྡང་སྐྱེ་བ། ཚོང་བ་བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པའི་རྒྱུས་ནི་གཏི་མུག་སྐྱེ་ལ། འདོད་ཆགས་དང་ཞེ་སྡང ་དང། གཏི་མུག་གི་རྒྱུས་ཚོ་རབས་གཞན་གྱི་ཕུང་པོ་འབྱུང་བར་འགྱུར་རོ་ཞེས་རྟོག་པའི་ཕྱིར་རོ། །སེམས་དྲན་པ་ཉེ་བར་གཞག་པ་བསྒོམས་པས་ནི་འགོག་པའི་བདེན་པ་ལ་འཇུག་སྟེ། སེམས་སྐད་ཅིག་མ་རེ་རེ་ལ་འཇིག་པའི་རང་བཞིན ་བདག་མེད་བའི་མཚན་ཉིད་མཐོང་ན་མྱ་ངན་ལས་འདས་པ་ལ་བདག་ཆད་པར་འགྱུར་རོ་ཞེས་འཇིགས་པ་མི་འགྱུར་བའི་ཕྱིར་རོ། །ཆོས་དྲན་པ་ཉེ་བར་བཞག་པ་བསྒོམས་པས་ལམ་གྱི་བདེན་པ་ལ་འཇུག་སྟེ། ཀུན་ནས་ཉོན ་མོངས་པ་དང། རྣམ་པར་བྱང་བའི་ཕྱོགས་གཉིས་མཐོང་ནས་ཀུན་ནས་ཉོན་མོངས་པ་སྤང་བའི་ཕྱིར། རྣམ་པར་བྱད?་བའི་ཆོས་ལ་བརྟེན་པར་བྱེད་པས་སོ། །བྲལ་བ་ནི་ལུས་ལ་སོགས་པ་བསྒོམས་པས། གནས་ངན་ལེན་ཐམས་ཅད་དང་བྲལ ་བར་འགྱུར་བའི་ཕྱིར་རོ། །རྣམ་གྲངས་གཞན་དུ་འཇིག་རྟེན་བདག་ནི་ཕལ་ཆེར་ཕུང་པོ་ལྔ་ལ་ཕུང་པོ་ཙམ་མམ་ཆོས་ཙམ་དུ་ཡང་དག་བ་ཇི་ལྟ་བ་བཞིན་དུ་ཁོང་དུ་མ་ཆུད་པས་འདི་ལྟ་སྟེ། བདག་དེ་ལུས་ལ་གནས་ཤིང་ཚོར་བ་བདེ་བ་དང་སྡུག ་བསྔལ་བ་ཀུན་མྱོང་བར་བྱེད་པ་དང། ཆོས་དང་ཆོས་མ་ཡིན་བས་རྣམ་པར་བྱང་བ་དང། ཀུན་ནས་ཉོན་མོངས་པར་འགྱུར་རོ་ཞེས་འཛིན་པ་བཟློག་པའི་ཕྱིར། དྲན་པ་ཉེ་བར་གཞག་པ་བཞི་གསུངས་ཏེ། དེ་ལ་ལུས་ནི་བདག་གི་རྟེན་གྱི་དངོས ་པོའི་ཞེས་རྨོངས་པ་བསལ་བའི་ཕྱིར་ལུས་དྲན་པ་ཉེ་བར་གཞག་པ་བསྟན་ཏེ། ལུས་འདི་མི་གཙང་བ་དང་སྡུག་བསྔལ་བའི་གནས་ཀྱི་དངོས་པོ་ཡིན་གྱི། བདག་གི་དངོས་པོ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཚོར་བ་ནི་བདག་ངེས་ཀུན་ཏུ་མྱོང་བར ་བྱ་བའི་དངོས་པོ་ཡིན་ནོ་ཞེས་རྨོངས་པ་བསལ་བའི་ཕྱིར་ཚར་བ་དྲན་པ་ཉེ་བར་གཞག་པ་བཤད། ཚར་བ་ཐམས་ཅད་ནི་སྡུག་བསྔལ་བ་ཡིན་གྱི་བདག་ངེས་ཀུན་ཏུ་མྱོང་བར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སེམས་དང་ཡིད་དང་རྣམ་པར ་ཤེས་པ་ལ་བདག་གི་དངོས་པོར་འཛིན་པ་གསལ་བའི་ཕྱིར། །སེམས་དྲན་པ་ཉེ་བར་བཞག་པ་བསྒོམ་པ་བསྟན་ཏེ། སེམས་ནི་སྐད་ཅིག་མའི་རང་བཞིན་ཡིན་གྱི། བདག་གི་རང་བཞིན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱིས་ནི་བདག ་དེ་ཉིད་ཀུན་ནས་ཉོན་མོངས་པ་དང། རྣམ་བར་བྱད་བ་བྱེད་དོ་ཞེས་རྨོངས་པའི་ཕྱིར་ཆོས་དྲན་པ་ཉེ་བར་གཞག་པ་བསྒོམས་པ་བཤད་དེ། འདོད་ཆགས་ལ་སོགས་པས་ཀུན་ནས་ཉོན་མོངས་པར་བྱེད་ཅིང། དད་པ་ལ་སོགས་པས་སེམས་རྣམ་པར་བྱང་བར་བྱད་བར ་ཟད་ཀྱི། བདག་གི་མེད་པའི་རང་བཞིན་ཡིན་པས། དེ་ལ་ནི་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱད?་བར་འགྱུར་བ་མི་སྲིད་དོ། །ཞེས་བྱ་བའི་ཐ་ཚིག་གོ་།དྲན་པ་ཉེ་བར་གཞག་པ་བསྟན་པའི་འོག་ཏུ། ཡང་དག་པར་སྤོང་བ་བཞི་བསྟན་པས། ཇི་ལྟར་བསྟན་པ ་བཞིན་དུ་བཤད་པར་བཞེད་ནས་བཀའ་སྩལ་པ། དེ་ལ་དགེ་སློང་གི་ཡང་དག་པར་སྤོང་བ་བཞི་གང་ཞེ་ན་ཞེས་བྱ་བ་ལ་སོགས་པའོ། །ཡང་དག་པར་སྤོང་བ་བཞི་ནི་སྡིག་པའི་ཆོས་མ་སྐྱེས་པ་མི་བསྐྱེད་པ་དང། སྡིག་པའི་ཆོས་སྐྱེས་པ་སྤོང་བ་དང། ་དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ་དང། དགེ་བའི་ཆོས་སྐྱེས་པ་གནས་པར་བྱའོ། །བརྒལ་བ། སྡིག་བ་མི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད་པ་དང། སྐྱས་བ་སྤོང་བ་ནི་དེ་གཉིས་དོར་བར་བྱ་བའི་ཆོས་ཡིན་པས། ཡང་དག་པར་སྤོང་བ་ཞེས ་བྱ་བར་འོས་ན། དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ་དང། སྐྱེས་པ་གནས་པར་བྱ་བ་ནི་བསྒྲུབ་པར་བྱ་བའི་ཆོས་ཡིན་ནོ། །དེ་ལ་ཇི་ལྟར་ཡང་དག་པར་སྤོང་བ་ཞེས་གདགས། ལན་དུ་གཉིས་ལ་གདགས་པ་མི་རིགས་པ་འདྲ་མོད་ཀྱི། དགེ་བ་བསྐྱེད ་པ་དང་གནས་པར་བྱ་བ་མི་མཐུན་པའི་ཕྱོགས་སྤོང་བ་དང། དགེ་བའི་ཆོས་སྐྱེ་ཞིང་གནས་པར་འགྱུར་བའི་ཕྱིར་མི་མཐུན་པའི་ཕྱོགས་སྤོང་བ་ལ་ཡང་དག་པའི་སྤོང་བ་ཞེས་བྱ་བས་ཉེས་པ་མེད་དོ། །ཡང་དག་པར་སློང་བ་དང་པོ་བསྟན་པའི ་ཕྱིར་།དེ་ལ་དགེ་སློང་དག་དགེ་སློང་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་སྡིག་པ་མི་དགེ་བའི་ཆོས་ནི། འདོད་པའི་ཁམས་ཀྱི་ལུས་དང་ངག་དང་ཡིད་ཀྱི་ལས་ངན་པ ་སྤྱོར་པ། ལུས་ཀྱི་སྒོ་ནས་སྲོག་གཅོད་པ་དང། མ་བྱིན་པར་ལེན་པ་དང། མི་ཚངས་པར་སྤྱོད་པ་དང། ངག་གི་སྒོ་ནས་རྫུན་དང་ཚིག་རྩུབ་མོ་དང་ཕྲ་མ་དང། ཚིག་བཀྱལ་བར་སྨྲ་བ་དང། ཡིད་ཀྱི་སྒོ་ནས་ཆགས་སེམས་དང། གནོད ་སེམས་དང། ལོག་པར་ལྟ་བ་སྟེ། མི་དགེ་བ་བཅུ་དང། དེ་སྐྱེད་པར་བྱེད་པའི་རྒྱུ་འདོད་ཆགས་དང་ཞེ་སྡང་དང། གཏི་མུག་ལ་སོགས་པ་ཉོན་མོངས་པ་ནི་སྡིག་པ་མི་དགེ་བའི་ཆོས་ཏེ། འཕགས་པ་རྣམས་ཀྱིས་སྨད་པར་ཡིན་པས་སྡིག་པའོ། ། ་རྣམ་པར་སྨིན་པ་མི་བདེ་བར་མྱོང་བར་འགྱུར་བས་ནི་མི་དགེ་བའོ། །ཡང་ན་བདག་དང་གཞན་ལ་གནོད་པའི་རྒྱུ་བྱེད་པས་ན་སྡིག་པའོ། །དགེ་བའི་ཆོས་དང་འགལ་བ་ཡིན་པས་ན་མི་དགེ་བ་སྟེ། མི་དགེ་བའི་ཆོས་དེ་དག་མངོན་དུ་མ་གྱུར་ཅིང། དེ་དག ་དང་ཕྲད་ཅིང་སྤྱོད་པར་མ་གྱུར་པ་ནི་མ་སྐྱེས་པ་ཞེས་བྱ་བ་སྟེ། བག་ཆགས་སུ་གནས་པའོ། །ཡང་ན་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང། ལྷག་པའི་སེམས་ཀྱི་བསླབ་པ་དང། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཉམས་ཤིང། བསླབ་པ ་གསུམ་ཉམས་པར་བྱེད་པའི་རྒྱུའི་ཆོས་ལ་ནི། སྡིག་པ་མི་དགེ་བའི་ཆོས་ཞེས་བྱའོ། །དེ་ལ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཉམས་པ་ནི་ཡན་ལག་དྲུག་གི་ཚུལ་ཁྲིམས་ཉམས་པའོ། །ཚུལ་ཁྲིམས་ཉམས་པར་བྱེད་པའི་རྒྱུ་ཡང ་བཅུ་སྟེ། དང་པོ་ནས་ལེན་པར་མ་བླངས་པ་དང། ལྷོང་པར་བྱེད་པ་དང། ལོག་པ་འཛིན་པ་དང། བག་མེད་པ་དང། ལེ་ལོས་ཡོངས་སུ་ཟིན་པ་དང། ལོག་པར་སྨོན་པ་དང། སྤྱོད་ལམ་ཉམས་པར་གྱུར་པ་དང། འཚོ་བ་ཉམས་པར་གྱུར་པ་དང། ་མཛའ་གཉིས་སུ་ལྟུང་བ་དང། འབྱུང་བར་མི་བྱེད་པ་དང། ཡི་དམ་བླངས་པ་ཉམས་པའོ། །དེ་ལ་ཇི་ལྟར་ན་དང་པོ་ནས་ལེགས་པར་མ་བླངས་ཤེ་ན། འདི་ལྟར་རྒྱལ་པོས་འཇིག་པས་སམ། རྐུན་པོས་འཇིག་པས་སམ། འཚོ་བ་མེད་པས་སམ། ་དེ་ལ་སོགས་པའི་རྐྱེན་གཞན་གྱི་ཕྱིར་བླངས་པ་སྟེ། དེ་ལྟར་ཡང་ཕྱིས་ཉམས་པར་འགྱུར་རོ། །ཇི་ལྟར་ལྟོང་པར་བྱེད་ཅེ་ན། འདི་ལྟར་ཁ་ཅིག་ཚུལ་ཁྲིམས་བླངས་ནས་ངོ་ཚ་མེད་པ་དང། ཁྲེལ་མེད་པ་དང། འགྱོད་པ་ཆུང་བས་བསླབ་པའི་གནས་རྣམས་པ ་དམ་དུ་མི་སྲུང་གི་ཉམས་བཞིན་དུ་སྤྱོད་པ་སྟེ། ལྷོང་པར་བྱེད་པས་དེས?་ཀྱང?་ཚུལ་ཁྲིམས་ཉམས་པར་འགྱུར་པས་སོ། །ཇི་ལྟར་ལོག་པར་འཛིན་ཅེ་ན། ཁ་ཅིག་ལོག་པར་འཛིན་པ་དང་ལྡན་པ་ཡིན་ཏེ། གནས་མ་ཡིན་པ་ལ་འགྱོད་པར་འགྱུར་ཅིང། ་འགྱོད་པ་དེས་དགེ་བའི་བར་དུ་གཅོད་པར་བྱེད་པའི་ཕྱིར་ཡང་ཚུལ་ཁྲིམས་ཉམས་པར་འགྱུར་བས་སོ། །ཇི་ལྟར་བག་མེད་པ་དང་ལེ་ལོས་ཡོངས་སུ་ཟིན་པ་ཡིན་ཞེ་ན། ལ་ལ་དག་དང་པོ་ནས་ཉེས་པ་མི་འབྱུང་བར་དམ་བཅའ་བ་སེར?་ཅིང་ཉེས་པ་བྱུང་ན་ཡང་སླར ་ཆོས་བཞིན་དུ་གསོ་བར་མི་བྱེད་ལ། ཉལ་བ་དང་འཕྲོས་པ་དང་གཉིད་ཀྱི་བདེ་བ་རྣམས་ལྷུར་ལེན?་པའི་སྒོ་ནས་ཀྱང་ཚུལ་ཁྲིམས་ཉམས་པར་འགྱུར་རོ། །ཇི་ལྟར་ལོག་པར་སྨོན་པ་ཡིན་ཞེ་ན། ཁ་ཅིག་ཚུལ་ཁྲིམས་སམ། བརྟུལ་ཞུགས་སམ། དཀའ་ ་ཐུབ་འདིས་ལྷ་འམ་ལྷ་ལས་གཞན་བ་འམ་རྙེད་པ་འམ། བཀུར་སྟིར་ལྷོག་པར་གྱུར་ཅིག་ཅེས་ལོག་པར་སྨོན་པས་རྣམ་པར་གྲོལ་བའི་རྒྱུར་མ་གྱུར་པས་ཀྱང་ཚུལ་ཁྲིམས་ཉམས་པའོ། །ཇི་ལྟར་ན་སྤྱོད་ལམ་ཉམས་པར་གྱུར་པ་ཡིན་ཞེ་ན། དེ་ལ་ཁ ་ཅིག་འཆག་པ་དང་འདུག་པ་ལ་སོགས་པའི་སྤྱོད་ལམ་དང། གྲོང་ལ་སོགས་པའི་སྤྱོད་ཡུལ་ལ་བབ?་བག་ཏུ་འདུག་ཅིང། འཕྲལ་གྱི་བྱ་བ་དང། དགེ་བ་ལ་སྦྱོར་བ་རྣམས་འཇིག་རྟེན་དང་མི་མཐུན་ཞིང་འཇིག་རྟེན་དང་འགལ་བ་དང། འདུལ་བ ་དང་མི་མཐུན་ཞིང་འདུལ་བ་དང་འགལ་བས་ཀྱང་ཚུལ་ཁྲིམས་ཉམས་པར་འགྱུར་རོ། །ཇི་ལྟར་ན་འཚོ་བ་ཉམས་པར་འགྱུར་ཞེ་ན། འདི་ལ་ཁ་ཅིག་ཆོག་མི་ཤེས་པ་འདོད་པ་མང་པོ་གསོ་དཀའ་བ་དག?་དང?་དཀའ་བ་སྟེ། ཆོས་མ་ཡིན་པས་ལྷུང ་བཟེད་དང་ཆོས་གོས་ལ་སོགས་པ་ཚོལ་བས་ཀྱང་ཚུལ་ཁྲིམས་ཉམས་པར་འགྱུར་རོ། །ཇི་ལྟར་ན་མཛའ་གཉིས་སུ་ལྷུང་ཞེ་ན། འདི་ལྟར་ཁ་ཅིག་འདོད་པའི་བདེ་བ་ལ་ལྷག་པར་ཞེན་ན། འདོད་པའི་ཆོས་རྣམས་ལ་བག་མེད་པར ་སྤྱོད་པ་དང། ལ་ལ་ཚེར་མ་ལ་གནས་འཆའ་བ་འམ། ཐལ་བའི་ནང་ན་གནས་འཆའ་བ་ལ་སོགས་པ་དཀའ་ཐུབ་མི་བཟང་བ། ཆོས་འདུལ་བ་ལས་བྱེད་དུ་མ་གནང་བ་རྣམས་སྤྱོད་པས་ཀྱང་ཚུལ་ཁྲིམས་ཉམས་པར་འགྱུར་རོ། །ཇི་ལྟར་འབྱུང་བར ་མི་བྱད?་བ་ཞེ་ན། ལ་ལ་དག་ཚུལ་ཁྲིམས་སམ། བརྟུལ་ཞུགས་སམ། ལྟ་བ་བསྙེམས་ཏེ་ཚུལ་ཁྲིམས་དེ་ཉིད་དམ། བརྟུལ་ཞུགས་དེ་ཉིད་ཀྱིས་ཐར་པ་དང། གྲོལ་བར་འགྱུར་རོ་ཞེས་ལོག་པར་གཟུང་བས་ཐར་པ་དང། གྲོལ་བའི་རྒྱུར་མ་གྱུར ་པའི་ཕྱིར་ཡང་ཚུལ་ཁྲིམས་ཉམས་པའོ། །ཇི་ལྟར་ཡིར་མ་བླངས་པ་ཉམས་པར་འགྱུར་ཞེ་ན། ལ་ལ་དག་ཐམས་ཅད་དུ་ངོ་ཚ་མེད་ཅིང་སྡིག་པ་མི་དགེ་བའི་ཆོས་བྱེད་པ་ལ་མི་འཛེམ་པ། ཚུལ་ཁྲིམས་ཉམས་པ་སྡིག་པའི་ཆོས་ཅན་ཁོང ་རུལ་བ་བོང་བུའི་རྗེས་སུ་འཇུག་པ། དགེ་སྦྱོང་མ་ཡིན་པ་ལ་དགེ་སྦྱོང་དུ་དམ་འཆའ་པའོ། །དེ་ལ་ལྷག་པའི་སེམས་ཉམས་པ་ནི་བསམ་གཏན་དང་པོ་དང། གཉིས་པ་ལ་སོགས་པ་ཉམས་པའོ། །དེ་ཉམས་པའི་རྒྱུ་ནི་ཆོས་གོས་དང་ལྷུང ་བཟེད་ལ་སོགས་པ་ཡོ་བྱད་ལ་ཚིགས་པ་མང་བ་དང། ལུས་ལ་ནད་མང་བ་དང། ཁ་ཟས་ལ་བརྒམ་པ་དང། འདུ་འཛ་མང་པོའི་ནང་ན་གནས་པར་དགའ་བ་དང། འཇིག་རྟེན་གྱི་ལས་ཀྱི་བྱ་བ་མང་པོ་ལ་དགའ་བ་དང། སྨྲ་བ་མང་པོ་ལ་མོ ་བ་དང། ཉལ་བ་དང་འཕྲེས་པ་ལ་སོགས་པ་ལ་དགའ་བའོ། །ལྷག་པའི་ཤེས་རབ་ཉམས་པ་ནི་ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་སྟེ། མི་རྟག་པ་ལ་རྟག་པར་འཛིན་པ་ལ་སོགས་པའོ། །དེ་ཉམས་པའི་རྒྱུ་ནི། མི་དགེ་བའི་བཤེས་གཉེན་ལ ་བརྟེན་པ་དང། དམ་པ་མ་ཡིན་པའི་ཆོས་ཉམ་པ་དང། བདག་དང་བྱེད་པ་པོ་ལ་སོགས་པ་ཡོད་པར་ཚུལ་བཞིན་དུ་མ་ཡིན་པ་ཡིད་ལ་བྱེད་པ་སྟེ། ཆོས་དེ་དག་མངོན་དུ་མ་སྤྱད་པ་ནི་མ་སྐྱེས་པའོ། །མི་དགེ་བའི་ཆོས་མ་སྐྱེས་པ་ཐམས་ཅད་ནས་ཐམས་ཅད་དུ ་སེམས་ལ་སྐྱེ་བར་མི་བྱའོ་ཞེས་དམ་འཆའ་ཞིང་ཐོག་མ་ནས་བསྒྲིམ་པ་ནི་མོས་པ་སྐྱེད་པ་ཞེས་བྱའོ། །འབད་ཅིང་བརྩོན་འགྲུས་རྩོམ་པ་ལ་སོགས་པ་ནི། ཡང་དག་པའི་སྤོང་བ་གཉིས་པོ་དོན་སྦྱར་དགོས་པས་ཕྱིས་བཤད་པར་བྱའོ། །ཡང་དག་པའི་སྤོང ་བ་གཉིས་པ་བསྟན་པའི་ཕྱིར། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡིག་པ་མི་དགེ་བའི་ཆོས་ནི་གང་གོང་དུ་བཤད་པའི་ཁམས་ཀྱི་ལུས་དང་ངག་དང་ཡིད་ཀྱི་མི་དགེ་བ་བཅུ་འམ། བསླབ་པ ་གསུམ་ཉམས་པར་བྱེད་པའི་ཆོས། །ཆོས་དེ་དག་སེམས་ལ་མངོན་དུ་གྱུར་ཅིང། སེམས་ལ་ཀུན་དུ་སྤྱོད་པར་གྱུར་པ་ནི་མི་དགེ་བའི་ཆོས་སྐྱེས་པའོ། །གང་སྡིག་པ་མི་དགེ་བའི་ཆོས་སེམས་ལ་སྐྱེས་པ་དེ་དག་ཀྱང་ཐམས་ཅད་ནས་ཐམས་ཅད་དུ་སེམས་ལ ་གནས་པར་མི་བྱ་སེམས་ལ་གཞན་པར་མི་བྱ་ཞིང། རྣམ་པ་ཐམས་ཅད་དུ་དོར་བར་བྱའོ། །ཞེས་འདོད་པ་སྐྱེད་པ་ནི་མོས་པ་སྐྱེད་པ་ཞེས་བྱའོ། །སྡིག་པ་མི་དགེ་བའི་ཆོས་དེ་དག་ཀྱང། འདས་པའི་དངོས་པོ་ལ་དམིགས་པ་དང། མ་འོངས་པའི་དངོས་པོ་ལ ་དམིགས་པ་དང། ད་ལྟར་གྱི་ཡུལ་ལ་དམིགས་ནས་སྐྱེ། དེ་བས་ན་དེ་དག་མདོར་ན་ལྐོག་ཏུ་གྱུར་པའི་ཡུལ་ལ་དམིགས་ནས་སྐྱེ་བ་དང། མངོན་དུ་གྱུར་པའི་ཡུལ་ལ་དམིགས་ནས་སྐྱེ་བ་སྟེ། རྣམ་པ་གཉིས་གསུ་བཞག་གོ་།དེ་ལ་གང་འདས་པའི་དངོས་པོ་ལ་དམིགས ་པ་དང་མ་འོངས་པའི་དངོས་པོ་ལ་དམིགས་ནས་སྐྱེ་བ་ནི། ལྐོག་ཏུ་གྱུར་པའི་ཡུལ་ལ་དམིགས་ནས་སྐྱེ་བའོ། །གང་དེ་ལྟར་གྱི་ཡུལ་ལ་དམིགས་ནས་སྐྱེ་བ་ནི་མངོན་དུ་གྱུར་པའི་ཡུལ་ལ་དམིགས་པའོ། །དེ་ལ་ཡང་དག་པའི་སྤོང་བ་གཉིས ་བསྡོམས་ནས་དོན་བསྡུས་ཏེ་བསྟན་པ། གང་ལྐོག་ཏུ་གྱུར་པའི་ཡུལ་ལ་དམིགས་པའི་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མ་སྐྱེད་པ་དང། སྐྱེས་པ་རྣམས་སྤང་པའི་ཕྱིར་བརྩོན་འགྲུས་རྩོམ་པ་ནི་འབད་པ་ཞེས་བྱའོ།། ་གང་མངོན་དུ་གྱུར་པའི་ཡུལ་ལ་དམིགས་ནས་སྐྱེ་བའི་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་དང། སྐྱེས་པ་རྣམས་སྤང་བའི་ཕྱིར་འབད་པ་ནི་བརྩོན་འགྲུས་རྩོམ་པ་ཞེས་བྱའོ། །ཡང་ན་སྡིག་པ་མི་དགེ་བའི་ཆོས་ཁ་ཅིག་རྣམ་པར་རྟོག་པའི ་སྐབས་ཀྱིས་སྐྱེ་བ་ཡིན་ལ། ཡུལ་གྱི་སྟོབས་ཀྱི་སྐྱེ་བ་ཡང་ཡོད། །སྡིག་པ་མི་དགེ་བའི་ཆོས་ཁ་ཅིག་རྣམ་པར་རྟོག་པའི་སྟོབས་ཀྱིས་སྐྱེད་པ་ཡང་ཡོད་དོ། །དེ་ལ་རྣམ་པར་རྟོག་པའི་སྟོབས་ཀྱིས་སྐྱེ་བ་ནི་གནས་པའི་ཚེ་ན་སྟེ། ཡུལ་དང་མ་ཕྲད་ཀྱང ་འདས་པ་དང་མ་འདས་པ་ལ་དམིགས་ནས་སྐྱེ་བའོ། །དེ་ལ་རྣམ་པར་རྟོག་པའི་སྟོབས་དང། ཡུལ་གྱི་སྟོབས་ཀྱིས་སྐྱེ་བ་ཡང་ཡོད། གནས་པའི་ཚེ་ན་སྟེ། ཡུལ་དང་མ་ཕྲད་ཀྱང། འདས་པ་དང་མ་འོངས་པའི་དངོས་པོ་ལ་དམིགས་ནས་སྐྱེ་བའོ།། ་དེ་ལ་རྣམ་པར་རྟོག་པའི་སྟོབས་དང་ཡུལ་གྱི་སྟོབས་ལས་སྐྱེ་བ་ནི། ཀུན་ཏུ་སྤྱོད་པའི་དུས་ན་སྟེ། ད་ལྟར་བྱུང་བའི་དངོས་པོ་ལ་དམིགས་ཤིང་དེ་ན་ཡང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འབྱུང་བའི་སྟོབས་ཀྱིས་སྐྱེ་བའོ། །དེ་ལ་རྣམ་པར ་རྟོག་པའི་སྟོབས་ཀྱིས་སྐྱེ་བ་ནི། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་ནི་མི་བསྐྱེད་པ་དང། སྐྱེས་པ་རྣམས་ནི་སྤང་བར་བྱ་བའི་ཕྱིར་སྒྲིམས་པ་ནི་འབད་པ་ཞེས་བྱའོ། །གང་རྣམ་པར་རྟོག་པའི་སྟོབས་དང། ཡུལ་གྱི་སྟོབས་ཀྱིས་སྐྱེ་བ ་ནི་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་དང། སྐྱེས་པ་རྣམས་སྤང་པའི་ཕྱིར་འབད་པ་ནི་བརྩོན་འགྲུས་རྩོམ་པ་ཞེས་བྱའོ། །ཡང་ན་ཉོན་མོངས་པ་རྣམ་པ་གསུམ་སྟེ། ཆུང་ངུ་དང་ཆེན་པོ་དང་འབྲིང་པོའོ་དེ་ལ་ཉོན་མོངས་པ་ཆུང་ངུ ་དང་འབྲིང་པོ་མ་སྐྱེས་པ་རྣམས་མི་བསྐྱེད་པ་དང། སྐྱེས་པ་རྣམས་སྤོང་བ་ནི་འབད་པ་ཞེས་བྱའོ། །ཉོན་མོངས་པ་ཆེན་པོ་མ་སྐྱེས་པ་རྣམས་མི་བསྐྱེད་པ་དང། སྐྱེས་པ་རྣམས་སྤོང་བ་ནི། བརྩོན་འགྲུས་རྩོམ་པ་ཞེས་བྱའོ། །དེ་ལ་སྡིག་པ་མི་དགེ་བའི་ཆོས་མ ་སྐྱེས་པ་མི་བསྐྱེད་པ་དང། སྐྱེས་པ་རྣམས་སྤོང་བར་བྱ་བར་ཞུགས་པ་ནི་སེམས་གཡངས་པར་གྱུར་པ་མཐོང་སྟེ། དེའི་ཚེ་ཞི་གནས་བསྒོམ་ཞིང་སེམས་རྩེ་གཅིག་ཏུ་སྦྱར་བར་བྱེད་པ་ནི། སེམས་རབ་ཏུ་འཛིན་པ་ཞེས་བྱའོ། །སྡིག་པ་མི་དགེ་བའི་ཆོས་མ་སྐྱེས ་པ་མ་བསྐྱེད་པ་དང། སྐྱེས་པ་སྤང་བར་བྱ་བའི་ཕྱིར་ཞུགས་པའི་ཚེ། སེམས་གཉིད་དང་རྨུགས་པས་ནོན་ཅིང་ནང་དུ་འདུས་པར་མཐོང་བ་འམ། ཞུམ་པ་སྐྱེ་བར་དོགས་པ་སྐྱེ་བའི་ཚེ། སེམས་བཟངས་མཐོ་བར་གྱུར་པའི་ཆོས་དེ་བཞིན་གཤེགས་པའི་ཡོན ་ཏན་ནམ། བསམ་གཏན་གྱི་འབྲས་བུ་ཡིད་ལ་བྱེད་པའམ་ལྷག་མཐོང་བསྒོམ་ཞིང་གཉིད་དང་རྨུགས་པ་སེལ་བར་བྱེད་པ་ནི་ཡང་དག་པར་སྨོན་པ་ཞེས་བྱའོ། །ཡང་དག་པའི་སྤོང་བ་གསུམ་པ་བསྟན་པའི་ཕྱིར་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་དགེ་བའི་ཆོས་ནི་སྲོག་གཅོད་པ་ལས་ཕྱིར་ལོག་པ་ལ་སོགས་པ་དགེ་བ་བཅུ་འམ། ཚུལ་ཁྲིམས་ལ་སོགས་པའི་བསླབ་པ་གསུམ་མམ། བསླབ་པ་གསུམ་སྐྱེ་བར་བྱེད་པའི་རྒྱུའི་ཆོས་རྣམས་སོ། །བསླབ ་པ་གསུམ་གྱི་རྒྱུ་ནི་བསླབ་པ་གསུམ་ཉམས་པར་འགྱུར་བའི་རྒྱུ་ལས་སླར་བཟློག་ན། དེ་དག་སྐྱེ་བར་འགྱུར་བའི་རྒྱུར་རིག་པར་བྱའོ། །མ་སྐྱེས་པ་ནི་ཆོས་དེ་དང། མངོན་དུ་མ་གྱུར་པ་འམ། སེམས་མ་བྱུང་བའོ། །བསྐྱེད་པ་ནི་ཆོས་དེ་དག་མངོན་དུ ་སེམས་ལ་བྱུང་བར་བྱའོ། །དེ་ལ་གང་དགེ་བའི་ཆོས་མ་ཐོབ་པ་དང་མངོན་དུ་མ་གྱུར་པ་དེ་དག་མྱུར་དུ་བདག་གིས་ཐོབ་པ་དང། མངོན་དུ་གྱུར་པར་བྱའོ་ཞེས་འདོད་པ་ཆེར་སྐྱེས་པ་ནི་མོས་པ་སྐྱེད་ཅེས་བྱའོ། །འབད་ཅིང་བརྩོན་འགྲུས་རྩོམ་པ ་ལ་སོགས་པ་ནི་ཡང་དག་པའི་སྤོང་བ་བཞི་པོའི་དོན་དང་སྦྱར་ཞིང་བསྟན་དགོས་པས་ཕྱིས་བཤད་པར་བྱའོ།། །།ཡང་དགེ་བའི་སྤོང་བ་བཞི་པ་བསྟན་པའི་ཕྱིར། དགེ་བའི་ཆོས?་མ་སྐྱེས་པ་རྣམས་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་བའི་ཆོས་ནི་གང་ཡང་དག་པའི་སྤོང་བ་གསུམ་པའི་སྐབས་སུ་བཤད་པ་རྣམས་སོ། །དགེ་བའི་ཆོས་ཐོབ་པ་རྣམས་མངོན་དུ་བྱེད་པ་ནི་གནས་པ་ཞེས་བྱའོ། །མངོན་དུ་བྱ་བ་རྨོངས་པར་མ་གྱུར་ཅིང་སེམས ་ལ་གསལ་བར་བྱེད་པ་ནི་མི་རྗེད་པ་དང་ཞེས་བྱའོ། །མི་བརྗེད་པ་རྣམས་མི་མཐུན་པའི་ཕྱོགས་ཀྱིས་མ་ཕྲོགས་པ་ནི་མི་ཉམས་པ་ཞེས་བྱའོ། །དེ་ལྟར་དགེ་བའི་ཆོས་ཐོབ་པ་དང་མངོན་དུ་གྱུར་པ་རྣམས་བསྒོམ་པ་དང། བསྟེན་པ་དང་མང་དུ་བྱས ་པ་ཡོངས་སུ་རྫོགས་ཤིང། མཐར་ཕྱིན་པར་བྱེད་པ་ནི། བསྒོམ་པ་དང་རྒྱ་ཆེ་བ་དང། ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱའོ། །དགེ་བའི་ཆོས་སྐྱེས་པ་འདི་དག་གནས་པ་ནས་ཡོངས་སུ་རྫོགས་པར་བྱ་བའི་འདོད་པ་ཆེར་སྐྱེས་པ་མོས་པ་སྐྱེད ་པའོ། །དེ་ལ་དགེ་བའི་ཆོས་རྙེད་པ་རྣམས་མངོན་དུ་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་པ་ནི་འབད་པ་ཞེས་བྱའོ། །དགེ་བའི་ཆོས་མ་རྙེད་པ་རྣམས་རྙེད་པར་བྱ་བའི་ཕྱིར་འདོད་པ་ནི་བརྩོན་འགྲུས་རྩོམ་པ་ཞེས་བྱའོ། །དགེ་བའི་ཆོས་སྐྱེས་པ་རྣམས ་གནས་པ་དང། མི་བརྗེད་པ་དང། མི་ཉམས་པར་བྱེད་པ་ནི་འབད་པའོ། །དགེ་བའི་ཆོས་དེ་ཉིད་སྒོམ་པ་དང། རྒྱ་ཆེར་བྱེད་པ་དང། ཡོངས་སུ་རྫོགས་པར་བྱེད་པ་ནི་བརྩོན་འགྲུས་རྩོམ་པའོ། །ཡང་ན་དགེ་བ་རྣམ་པ་གསུམ་སྟེ། ཆུང་ངུ་དང ་འབྲིང་པོ་དང་ཆེན་པོའོ། །དེ་ལ་དགེ་བའི་ཆོས་ཆུང་ངུ་དང་འབྲིང་པོ་མ་སྐྱེས་པ་རྣམས་སྐྱེད་པ་དང། སྐྱེས་པ་རྣམས་གནས་པ་དང། མི་བརྗེད་པ་དང་མི་ཉམས་པར་བྱེད་པ་ནི་འབད་བ་ཞེས་བྱའོ། །དགེ་བའི་ཆོས་ཆེན་པོ་རྣམས་མ་སྐྱེས་པ ་རྣམས་སྐྱེད་པར་བྱེད་ལ། སྐྱེས་པ་རྣམས་སྒོམ་པ་དང་རྒྱས་པ་དང། ཡོངས་སུ་རྫོགས་པར་བྱེད་པ་ནི་བརྩོན་འགྲུས་རྩོམ་པ་ཞེས་བྱའོ། །དགེ་བའི་ཆོས་དེ་དག་སྒོམ་པའི་ཚེ་སེམས་གཡེངས་པར་གྱུར་པ་ན་ཞི་གནས་སྒོམ་ཞིང་སེམས་རྩེ་གཅིག་ཏུ་འཇོག་པར ་བྱེད་པ་ནི། སེམས་རབ་ཏུ་འཛིན་པ་ཞེས་བྱའོ། །དེའི་ཚེ་རྨུགས་པ་དང་གཉིད་ཀྱིས་ནོན་ཏེ། སེམས་ཞུམ་པར་གྱུར་པ་དེ་ན་དེ་བཞིན་གཤེགས་པའི་ཡོན་ཏན་ནམ་བསམ་གཏན་གྱི་འབྲས་བུ་ཡིད་ལ་བྱས་ནས་སེམས་གཟེངས་བསྟོད་པ་འམ། ལྷག་མཐོང ་བསྒོམས་པ་ལ་རྨུགས་པ་དང་གཉིད་སེལ་བར་བྱེད་པ་ནི། ཡང་དག་པར་སྤོང་བ་ཞེས་བྱའོ། །དེ་ལ་ཡང་དག་པར་སྤོང་བ་བཞིས་མདོར་ན་ཆོས་ཉིད་བསྟན་ཏེ། ནག་པོའི་ཕྱོགས་དང་དཀར་པོའི་ཕྱོགས་སོ། །དེ་ལ་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་མི ་བསྐྱེད་པ་དང། སྐྱེས་པ་རྣམས་སྤོང་བ་ནི་ནག་པོའི་ཕྱོགས་སོ། །དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ་དང། སྐྱེས་པ་རྣམས་གནས་པར་བྱེད་པ་ནི་དཀར་པོའི་ཕྱོགས་སོ། །དེ་ལྟ་ཡིན་པ་ལས་སྤོང་པ་རྣམ་པ་བཞིའི་ཚུལ་གྱིས་ན། བཞི་ཚར་ཡང་དག་པར ་སྤོང་བར་འགྱུར་ཏེ། སྤོང་བ་རྣམ་པ་བཞི་ནི། ཡང་དག་པར་བསྡམས་པས་རབ་ཏུ་སྤང་བ་དང། སྤང་བ་རབ་ཏུ་སྤང་བ་དང། སྒོམ་པ་རབ་ཏུ་སྤོང་བ་དང། རྗེས་སུ་བསྲུངས་པས་རབ་ཏུ་སྤང་བའོ། །དེ་ལ་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད ་པ་ཞེས་བྱ་བ་ལ་སོགས་པ་ནི་སྤོངས་པས་རབ་ཏུ་སྤངས་པ་བསྟན་ཏེ། སྡིག་པ་མི་དགེ་བའི་ཆོས་སེམས་ལ་མངོན་དུ་བྱུང་བ་དེ་མེད་པ་ཡིན་པ་སྤངས་པ་སྟེ། དེ་མངོན་དུ་མི་འགྱུར་བར་བྱ་བའི་ཕྱིར། འབད་པ་བྱེད་པ་ནི་ཕྱིས་མི་སྐྱེ་བར་སྤངས་པ ་རབ་ཏུ་སྤངས་པའོ། །སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤངས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི། ཡང་དག་པར་བསྡམས་པས་རབ་ཏུ་སྤངས་པ་སྟེ། གང་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་དེ་དག་ཕྱིས་ཅི་ནས་ཀྱང་རྒྱུད་ལ་མི་ ་འབྱུང་པར་བསྡམས་པའི་སྒོ་ནས་སྤང་བར་བྱ་བའི་ཕྱིར་རོ། །དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ་ཅེས་བྱ་བ་ལ་སོགས་པས་ནི། ཡང་དག་པར་བསྡམས་པས་རབ་ཏུ་སྤང་བར་བསྟན་ཏེ། གང་སྡིག་པ་མི་དགེ་བའི་ཆོས་སྐྱེས ་པ་དེ་དག་ཕྱིས་ཅི་ནས་ཀྱང་རྒྱུད་ལ་མི་འབྱུང་བར་བསྡམས་པའི་སྒོ་ནས་སྤང་བའི་ཕྱིར་རོ། །དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་ཅེས་བྱ་བ་ལ་སོགས་པ་བསྒོམ་པས་རབ་ཏུ་སྤང་བ་བསྟན་ཏེ། འདི་ལྟར་དགེ་བའི་ཆོས་སྐྱེས་པ་རྣམས་བརྟེན ་པའི་སྒོ་ནས་སྐྱེས་པར་བྱ་བ་དང། སྐྱེས་པ་རྣམས་སྒོམ་པའི་སྒོ་ནས་ཐོབ་པར་བྱ་བ་དང། ཐོབ་པ་རྣམས་མངོན་དུ་བྱས་ན། དེའི་མི་མཐུན་པའི་ཕྱོགས་མེད་པར་འགྱུར་པའི་ཕྱིར་རོ། །དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་ཞེས་བྱ་བ ་ལ་སོགས་པས་རྗེས་སུ་བསྲུང་པས་སྤང་བ་བསྟན་ཏེ། གང་དགེ་བའི་ཆོས་སྐྱེས་པ་རྣམས་ནི་དེའི་མི་མཐུན་པའི་ཕྱོགས་ལ་བག་མེད་པ་སྤང་བ་དང། དེའི་གྲོགས་སུ་གྱུར་པ་བག་ཡོད་པ་ལ་བརྟེན་ནས་གནས་པ་དང། རྫོགས་པ ་ལ་སོགས་པར་བྱས་ན། དེ་ལ་སྒྲིབ་པ་རྣམས་མེད་པར་འགྱུར་བའི་ཕྱིར་རོ། །མདོར་ན་བཏང་བར་བྱ་བའི་དངོས་པོ་དང། བླང་བར་བྱ་བའི་དངོས་པོ་བཏང་བ་དང། བླང་བའི་བསམ་པ་ཕུན་སུམ་ཚོགས་པ་དང། སྦྱོར་བ་ཕུན་སུམ ་ཚོགས་པ་བསྟན་པ་ཡིན་ཏེ། དེ་ལ་ཡང་དག་པའི་སྤོང་བ་སྔ་མ་གཉིས་ནི་བཏང་བར་བྱ་བའི་དངོས་པོའོ། །ཡང་དག་པའི་སྤོང་བར་ཕྱི་མ་རྣམས་ནི་བླང་བར་བྱ་བའི་དངོས་པོའོ། །མོས་པ་བསྐྱེད་ཅེས་བྱ་བས་བསམ་པ་ཕུན་སུམ ་ཚོགས་པ་བསྟན་ཏེ། འབད་ཅིང་བརྩོན་འགྲུས་རྩོམ་ཏེ། སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་སྨོན་པར་བྱེད་ཅེས་པ་དང་ཞེས་བྱ་བ་ལ་སོགས་པ་ནི་སྦྱོར་བ་ཕུན་སུམ་ཚོགས་པ་བསྟན་ཏོ། །ཡང་དག་པའི་སྤོང་བ་བཞི་ལ ་ཡང་དམིགས་པ་དང། རང་བཞིན་དང། གྲོགས་དང། སྒོམ་པ་དང། བསྒོམས་པའི་འབྲས་བུའོ། །དེ་ལ་ཡང་དག་པའི་སྤོང་བ་རྣམས་ཀྱི་དམིགས་པ་གང་ཞེ་ན། མི་མཐུན་པའི་ཕྱོགས་དང་གཉེན་པོ་སྐྱེས་པ་དང། མ་སྐྱེས་པའོ། །དེ་ལ་ཡང་དག་པའི་སྤོང་བ་དང ་པོ་ནི་མི་མཐུན་པའི་ཕྱོགས་མ་སྐྱེས་པ་ལ་དམིགས་སོ། །ཡང་དག་པའི་སྤོང་བ་གཉིས་པ་ནི་མི་མཐུན་པའི་ཕྱོགས་སྐྱེས་པ་ལ་དམིགས་སོ། །ཡང་དག་པའི་སྤོང་བ་གསུམ་པ་ནི་གཉེན་པོ་མ་སྐྱེས་པ་ལ་དམིགས་སོ། །ཡང་དག་པའི་སྤོང་བ་བཞི་པ ་ནི་གཉེན་པོ་སྐྱེས་པ་ལ་དམིགས་སོ། །ཡང་དག་པའི་སྤོང་པའི་རང་བཞིན་ནི་བརྩོན་འགྲུས་ཀྱི་རང་བཞིན་ཡིན་པར་རིག་པར་བྱའོ། །གྲོགས་ནི་བརྩོན་འགྲུས་དང་ལྷན་ཅིག་ལྡན་པའི་སེམས་ལས་བྱུང་བའི་མོས་པ་དང་དད་པ་དང་ཤེས ་རབ་དང་ཏིང་ངེ་འཛིན་ལ་སོགས་པའོ། །དེ་ལ་བསྒོམ་པ་ནི་མོས་པ་བསྐྱེད་པ་འབད་ཅིང་བརྩོན་འགྲུས་རྩོམ་སྟེ། སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་སྨོན་པའོ། །ཞེས་གསུངས་པའོ། །ཚིག་དེ་དག་གིས་རྟེན་དང་བཅས་པར་བརྩོན་འགྲུས་ ་རྩོམ་སྟེ། བསྒོམ་པ་བསྟན་དེ་དེ་ལ་མོས་པ་ནི་མོས་པ་བརྩོན་འགྲུས་ཀྱི་རྟེན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདོད་པ་དང། མོས་པ་ཡོད་ན། དེའི་རྒྱུ་ལས་བརྩོན་འགྲུས་འབྱུང་བའི་ཕྱིར་རོ། །དེ་ལ་ཞི་གནས་དང་ལྷག་མཐོང་བའི་མཚན་མ་སེམས་རྒོད ་པར་གྱུར་ན་འཁོར་བའི་སྐྱོན་ཡིད་ལ་བྱས་ཤིང་སེམས་གདུལ་བ་དང། སེམས་རྨུགས་པར་གྱུར་ན་དེ་བཞིན་གཤེགས་པའི་ཡོན་ཏན་ཡིད་ལ་བྱ་སྟེ། སེམས་གཟེངས་བསྟོད་པར་བྱ་བའི་མཚན་མ་ཡིད་ལ་བྱ་བ་མེད་པར་ཞི་གནས་དང ་ལྷག་མཐོང་འབའ་ཞིག་བསྒོམ་པ་ནི་འབད་པའོ། །ནམ་སེམས་རྒོད་པ་དང་རྨུགས་པར་གྱུར་པ་ན་དེ་བསལ་བར་བྱ་བའི་ཕྱིར། རྒོད་པ་དང་ཞུམ་པའི་གཉེན་པོར་གྱུར་པ་ཞི་གནས་ཀྱི་མཚན་མ་དང། ལྷག་མཐོང་གི་མཚན་མ་ཡིད ་ལ་བྱེད་པ་ནི་བརྩོན་འགྲུས་རྩོམ་པ་ཞེས་བྱའོ། །དེ་ཡང་ཕྱེ་སྟེ་སེམས་གཡེངས་པར་གྱུར་པའི་ཚེ། ཞི་གནས་ཡིད་ལ་བྱས་ནས་འཇིལ་བར་བྱེད་པ་ནི་སེམས་རབ་ཏུ་འཛིན་པའོ། །སེམས་ཞུམ་པར་གྱུར་པའི་ལྷག? ་མཐོང་ཡོད་ལ་བྱས་ནས་སེམས་གཟེངས་བསྟོད་པར་བྱེད་པ་ནི་ཡང་དག་པར་སྨོན་པའོ། །བསྒོམ་པའི་འབྲས་བུ་མི་མཐུན་པའི་ཕྱོགས་ཐམས་ཅད་ཉམས་པར་བྱ་བ་དང། གཉེན་པོའི་ཆོས་ཐོབ་པར་བྱ་ཞིང་འཕེལ་བར་བྱའོ། །དེ་ལ་ཡང ་དག་པའི་སྤོང་བ་གོང་མ་གཉིས་ཀྱིས་ནི་མི་མཐུན་པའི་ཕྱོགས་ཉམས་པར་བྱེད་པ་བསྟན་ཏོ། །ཡང་དག་པའི་སྤོང་བ་གསུམ་པས་ནི་གཉེན་པོའི་ཕྱོགས་ཐོབ་པར་བྱེད་པ་བསྟན་ཏོ། །ཡང་དག་པའི་སྤོང་བ་བཞི་པས་ནི་གཉེན་པོའི ་ཕྱོགས་འཕེལ་བར་བྱེད་པ་བསྟན་ཏོ།། །།ཡང་དག་པར་སྤོང་བ་བཞི་བསྟན་པའི་འོག་ཏུ། རྫུ་འཕྲུལ་གྱི་རྐང་པ་བཞི་བསྟན་ཏེ། དེ་བས་ན་དེ་བཤད་པའི་སྐབས་ཡིན་པའི་ཕྱིར། རྫུ་འཕྲུལ་གྱི་རྐང་པ་བཞི་གང་ཞེ་ན་ཞེས ་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་རྫུ་འཕྲུལ་ཞེས་བྱ་བ་ནི་མིག་ལ་སོགས་པའི་མངོན་པར་ཤེས་པའི་འབྱོར་པ་རྣམས་ལ་བྱ་བ་སྟེ། མོས་པ་ལ་སོགས་པའི་ཏིང་ངེ་འཛིན་བཞི་ནི་མངོན་པར་ཤེས་པ་རྣམས་སྐྱེ་བའི་རྒྱུ་དང་རྐྱེན ་བྱེད་པའི་ཕྱིར། རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ། །ཡང་ན་སྐྱེས་བུ་གང་ལ་རྐང་པ་ཡོད་པ་དེ་ནི་འགྲོ་བ་དང་འོང་བ་ལ་སོགས་པ་ལ་མཐུ་ཡོད་པ་བཞིན་དུ་གང་ལ་ཏིང་ངེ་འཛིན་བཞི་ཡོད་པ་དེས་ཀྱང་འཇིག་རྟེན་ལས་འདས་པའི ་འབྱོར་བ་ཐོབ་པ་དང། མངོན་དུ་བྱ་བའི་མཐུ་ཡོད་པས་ན། རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ། །རྫུ་འཕྲུལ་གྱི་རྐང་པ་དང་པོ་བསྟན་པའི་ཕྱིར། དགེ་སློང་དག་མོས་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི ་རྐང་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གིས་སྡུག་བསྔལ་དང་སྟོང་པ་དང་བདག་མེད་པ་ལ་སོགས་པ་ལ་མོས་ཤིང་ཡིད་ཆེས་པ་གཙོར་བྱས་ནས་བརྩོན་འགྲུས་ལ་གུས་པ་སྐྱེད་དེ་བསྒྲིམས་ནས་ཞུགས་པ་ལས་སེམས་རྩེ་ཅིག་པ་ལ་རེས?་ ་པར་གྱུར་པ་ནི། མོས་པའི་ཏིང་ངེ་འཛིན་ཅེས་བྱའོ། །ཡང་ན་མི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད་པ་དང། མི་དགེ་བའི་ཆོས་སྐྱེས་པ་སྤང་བ་དང། དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པར་བྱ་བ་དང། དགེ་བའི་ཆོས་སྐྱེས་པ་གནས་པར་བྱ་བའི་ཕྱིར། །མོས ་པ་དང་དད་པ་ཆེར་སྐྱེས་པ་ལས་སེམས་རྩེ་གཅིག་ཏུ་གྱུར་པ་ནི་མོས་པའི་ཏིང་ངེ་འཛིན་ཅེས་བྱའོ། །མོས་པའི་ཏིང་ངེ་འཛིན་སྒོམ་པ་དེ་ལ་ཉེས་པ་རྣམ་པ་ལྔ་ཡོད་དེ། ཉེས་པ་ལྔ་སྤང་པའི་ཕྱིར་གཉེན་པོ་སྤོང་པའི་འདུ་བྱེད་བརྒྱད་བསྒོམ་པར་བྱའོ།། ་ཉེས་པ་རྣམ་པ་ལྔ་ནི། ལེ་ལོ་དང། གདམས་ངག་ཉམས་པ་དང། ཞུམ་རྒོད་དང། འདུ་མི་བྱེད་པ་དང་འདུ་བྱེད་པ་དང་ལྔའོ། །དེ་ལ་ཞུམ་རྒོད་གཉིས་ནི་ཉེས་པ་གཅིག་དུ་བསྡུའོ། །དེ་ལ་ལེ་ལོ་ནི་མི་དགེ་བ་སྤོང་བ་དང་དགེ་བ་བསྒྲུབ་པ་ལ་མི་འཇུག ་པ་ནི་ལེ་ལོ་སྟེ། དེས་དང་པོ་ཉིད་དུ་དགེ་བ་ལ་མི་སྦྱོར་བའི་དུས་ལ་བསྒྲིབ་པ་ནི་ཉེས་པའོ། །གདམས་ངག་མི་རྗེད་པ་ནི་ཇི་སྐད་དུ་བསྟན་པའི་བསམ་གཏན་གྱི་མན་ངག་ཚིག་དང་དོན་དུ་བརྗོད་པར་གྱུར་པ་སྟེ། དེའི་བསམ་གཏན་སྦྱོར་བ་ལ་ཞུགས ་པ་ན། བསམ་གཏན་གྱི་དོན་བརྗེད་པས་ནི་སྒྲིབས་པར་གྱུར་པའི་ཕྱིར་ཉེས་པའོ། །སེམས་ནི་བསམ་གཏན་གྱི་སྦྱོར་བ་ལ་ཞུགས་ནས་སེམས་རྩེ་གཅིག་ཏུ་གྱུར་པའི་ཚེ་ནི་ཞུམ་པ་དང། རྒོད་པ་བར་དུ་གཅོད་པ་ན་ཉེས་པ་སྟེ། དེ་གཉིས་བྱུང་ན ་སེམས་ལས་སུ་རུང་བ་མེད་པར་འགྱུར་རོ། །ཞུམ་པ་དང་རྒོད་པ་བྱུང་བའི་དུས་ན་དེ་སེལ་བར་འགྱུར་བའི་མཚན་མ་ཡིན་ལ་མི་བྱེད་པ་ནི་ཉེས་པ་སྟེ། དེ་གཉིས་མ་བསལ་ན་སེམས་མ་ཞི་བར་འགྱུར་བའི་ཕྱིར་རོ། །ནམ་ཞུམ་པ་དང་རྒོད་པ ་དང། བྲལ་ནས་སེམས་མཉམ་པ་ཉིད་དུ་གྱུར་པའི་ཚེ་མངོན་པར་འདུ་བྱེད་པ་ཉེས་པ་སྟེ། མཉམ་པ་ཉིད་ལས་བསྐྱོད་ན། སེམས་གཡེངས་པར་འགྱུར་བའི་ཕྱིར་རོ། །ཉེས་པ་རྣམ་པ་ལྔ་སྤང་བའི་ཕྱིར་རོ། །སྤོང་བའི་འདུ་བྱེད་བརྒྱད་ནི ་མོས་པ་དང། བརྩོན་འགྲུས་དང་དད་པ་དང་བག་ཡངས་དྲན་པ་དང། ཤེས་བཞིན་དང་སེམས་པ་དང་བཏང་སྙོམས་སོ། །དེ་ལ་མོས་པ་ནི་བདག་གི་ཏིང་ངེ་འཛིན་གང་གི་དུས་ན་ཡོངས་སུ་རྫོགས་པར་བྱ། བག་ལ་ཉལ་བ་རྣམས་ཀྱང་ཇི་ལྟར་སྤང་བར་བྱ། སྡིག་པ་མི་དགེ ་བའི་ཆོས་ཀྱང་ཇི་ལྟར་དོར་བར་བྱ་ཞེས་འདོད་པ་སྐྱེ་བའོ། །བརྩོན་འགྲུས་ནི་ཇི་སྲིད་དུ་གཉེན་པོ་བསྒོམ་པ་ལ་རྒྱུན་མི་འཆད་པར་འཇུག་པར་བྱེད་པའོ། །དད་པ་ནི་རྒྱུན་མི་འཆད་པར་ཞུགས་ཤིང་གནས་པ་ལས། ཡོན་ཏན་གོང་མ་རྣམས་ཐོབ་པར་བྱ་བར་དད་པ་སྐྱེ ་ཞིང་ཡིད་ཆས་པ་འབྱུང་བའོ། །དེ་ལ་བག་ཡངས་ནི་གང་དད་པ་སྔོན་དུ་བྱུང་བས་རྒྱུ་བྱས་ནས་སེམས་དགའ་བ་སྐྱེའོ། །སེམས་དགའ་བ་ལས་ལུས་བདེ་བར་འགྱུར་རོ། །ལུས་བདེ་བ་ལས་ཡིད་བདེ་བར་འགྱུར་རོ། །ཡིད་བདེ་བར་གྱུར་ན་སེམས་ལས་སུ ་རུང་བར་གྱུར་པ་དེས་སྡིག་པ་མི་དགེ་བའི་ཆོས་གནས་ངན་ལེན་གྱི་ཕྱོགས་བསལ་བ་ནི་བག་ཡངས་སོ། །དེ་ལ་དྲན་པ་ནི་ཞི་གནས་ཀྱི་ཕྱོགས་སུ་གཏོགས་པ་སེམས་གནས་པ་རྣམ་པ་དགུ་སྟེ། རྣམ་པ་དགུ་ནི་ནང་དུ་སེམས་འཇོག་པར་བྱེད་པ་དང ་ཡང་དག་པར་འཇོག་པ་དང། ཀུན་དུ་འཇོག་པ་དང། ཉེ་བར་འཇོག་པ་དང། དུལ་བར་བྱེད་པ་དང། ཞི་བར་བྱེད་པ་དང། ཉེ་བར་ཞི་བར་བྱེད་པ་དང། གཅིག་ཏུ་བྱེད་པ་དང། མཉམ་པར་འཇོག་པའོ། །དེ་ལ་ཕྱིའི་དམིགས་པ་ལས་སེམས་བསྡུས ་ནས་ནང་དུ་མི་གཡེངས་པའི་ཚུལ་དུ་སེམས་དང་པོ་ཉིད་དུ་བསྡུས་པ་ནི་འཇོག་པའོ། །སེམས་དང་པོ་ཉིད་བསྡུས་པ་ལས་ཕྱིའི་དམིགས་པ་རྣམས་ལ་སེམས་གཡོ་ལ། རགས་པ་འབྱུང་སྟེ། རགས་པའི་སེམས་དེ་ཕྲར་ནང་དུ་བསྡུད་པ་ནི་ཡང་དག ་པར་འཇོག་པའོ། །དེ་ལྟར་བཞག་པ་ལས་དྲན་པ་ཉམས་པའི་ཕྱིར། སེམས་གཡེངས་པར་གྱུར་པ་སླར་ཡང་སྡུད་པ་ནི་ཀུན་ཏུ་འཇོག་པའོ། །དེ་ནས་དང་པོ་ཉིད་དུ་སེམས་ཕྱི་རོལ་དུ་མི་གཡེངས་པའི་མཚན་ཉིད་ཐོབ་པ་ནི་ཉེ་བར་འཇོག་པའོ། །ཐོག་མ་ཉིད་ནས ་གཡེང་བར་འགྱུར་པའི་རྒྱུ་གཟུགས་ལ་སོགས་པའི་ཡུལ་ལ་སྐྱོན་དང་བཅས་པར་མཐོང་བའི་འདུ་ཤེས་ཀྱི་དབང་དུ་བྱས་ནས་སེམས་འཕྲོ་བའི་སྦྱིན་པར་མི་བྱེད་པ་ནི་དུལ་བར་བྱེད་པའོ། །སེམས་ཁྲུགས་པར་གྱུར་པའི་རྒྱུ་རྣམ་པར་རྟོགས་པའི ་ཉེ་བའི་ཉོན་མོངས་པ་ལ་སྐྱོན་དང་བཅས་པར་མཐོང་ནས། སེམས་འཕྲོར་མི་སྟེར་བ་ནི་ཞི་བར་བྱེད་པའོ། །དྲན་པ་ཉམས་པ་ལས་རྣམ་པར་སྨིན་པ་ཀུན་ཏུ་སྐྱེས་པར་གྱུར་ན་ཡང་དེ་གནས་པར་མི་བྱེད་པ་ནི་ཉེ་བར་ཞི་བར་བྱེད་པའོ། །འབད་པ་དང ་བཅས་པ་ནི་སྐབས་དང་བར་ཆད་མེད་པར་ཏིང་ངེ་འཛིན་གྱི་རྒྱུན་ལ་རྟག་ཏུ་གནས་པ་ནི་གཅིག་ཏུ་བྱེད་པའོ། །ཏིང་ངེ་འཛིན་ལེགས་པར་བསྒོམས་པས། མངོན་པར་འདུ་བྱ་བ་མེད་ཅིང་ལྷུན་གྱིས་གྲུབ་པ་ཉིད་དུ་ཏིང་ངེ་འཛིན་གྱི་རྒྱུན་ལ་རྒྱུན་ཏུ ་གནས་པ་ནི་སེམས་མཉམ་པར་བཞག་པའོ། །དེ་ལ་ཤེས་བཞིན་ནི་གང་ལྷག་མཐོང་གི་ཕྱོགས་སུ་གྱུར་པའི་ཤེས་རབ་སྟེ། དེ་ཡང་ཆོས་རྣམས་རྣམ་པར་འཇིག་པ་དང། རབ་ཏུ་འཇོག་པ་དང། ཀུན་ཏུ་རྟོག་པ་དང། ཀུན་ཏུ་ཚོལ་བ་སྟེ། རྣམ ་པ་བཞི་པའོ། །ཕུང་པོ་དང་ཁམས་ལ་སོགས་པའི་ཆོས་ཇི་སྙེད་པ་ཡོད་པ་ཤེས་པར་བྱེད་པ་ནི་རྣམ་པར་འཇིག་པའོ། །ཆོས་དེ་དག་ཀྱང་མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པ་ཇི་ལྟར་གནས་པ་བཞིན་དུ་ཤེས་པར་བྱེད་པ་ནི ་རབ་ཏུ་འཇོག་པའོ། །རྣམ་པར་རྟོག་པ་དང་བཅས་པའི་ཤེས་རབ་ཀྱི་དང་པོ་ཆོས་རྣམས་ཀྱི་མཚན་ཉིད་ཚོལ་བ་ནི་ཀུན་ཏུ་རྟོག་པའོ། །དེའི་འོག་ཏུ་ཞིབ་དུ་རྟོག་པ་ནི་ཀུན་ཏུ་ཚོལ་བ་ཞེས་བྱའོ། །སེམས་པ་ནི་སེམས་མངོན་པར་འདུ་བྱེད་པ ་སྟེ། སྒྲིབ་པ་སྐྱེས་སམ་མ་སྐྱེས་པ་དང། སྤངས་སམ་མ་སྤངས་པ་བརྟགས་ནས་དེ་སྤོང་བ་ལ་འཇུག་པ་སྟེ། ཞི་གནས་དང་ལྷག་མཐོང་དང་རྗེས་སུ་མཐུན་པའི་སེམས་ཀྱིས་ལས་སོ། །བཏང་སྙོམས་ནི་སེམས་མཉམ་པར ་གྱུར་པ་ལས་མི་གཡོ་བ་ཉིད་ཀྱི་མཚན་ཉིད་དུ་གནས་པའོ། །དེ་ལ་ལེ་ལོ་སྤང་བའི་ཕྱིར་སྤོང་བའི་འདུ་བྱེད་རྣམ་པ་བཞི་སྒོམ་སྟེ། མོས་པ་དང། བརྩོན་འགྲུས་དང། དད་པ་དང་བག་ཡངས་སོ། །དེ་ལ་མོས་པ་ནི་འདོད་པའི་མཚན་ཉིད་དོ། །བརྩོན ་འགྲུས་ནི་འབད་པའི་མཚན་ཉིད་དོ། །དད་པ་ནི་ཡིད་ཆེས་པའི་མཚན་ཉིད་དོ། །བག་ཡངས་ནི་ལས་སུ་རུང་བའི་མཚན་ཉིད་དོ། །བཞི་པོ་དེ་དག་ཇི་ལྟར་ན་ལེ་ལོའི་གཉེན་པོར་འགྱུར་ཞེ་ན། དེས་བརྩོན་འགྲུས་ཀྱི་གནས་དང། རྟེན་དང་མཚན་ ་མ་དང། འབྲས་བུ་བསྟན་པའི་སྒོ་ནས་འགྱུར་རོ། །དེ་ལ་བརྩོན་འགྲུས་ཀྱི་གནས་ནི་མོས་པའོ། །དེ་ལ་བརྟེན་པ་ནི་བརྩོན་འགྲུས་ཉིད་དེ། འདོད་པ་ཡོད་ན་བརྩོན་འགྲུས་རྩོམ་པར་བྱེད་པའི་ཕྱིར་རོ། །འདོད་པའི་མཚན་མ་དང་རྒྱུ་ནི་དད་པ་སྟེ། ཡིད་ཆེས་པ ་ཡོད་ན་འདོད་པ་དང་མོས་པ་སྐྱེ་བའི་ཕྱིར་རོ། །བརྩོན་འགྲུས་ཀྱི་འབྲས་བུ་ནི་བག་ཡངས་ཏེ། བརྩོན་འགྲུས་བརྩམས་ན་ལུས་ལས་སུ་རུང་བས་སེམས་ལས་སུ་རུང་བའི་མཚན་ཉིད་བག་ཡངས་སྐྱེ་བར་འགྱུར་རོ། །བག་ཡངས་སྐྱེས་ནས་ལེ་ལོ་མེད་པར་འགྱུར ་བའི་ཕྱིར་རོ། །ལྷག་མ་ཉེས་པ་བཞིའི་གཉེན་པོར་ནི་སྲོད་པའི་འདུ་བྱེད་བཞི་རྣམས་རིམ་བཞིན་དུ་སྦྱར་ཏེ། གདམས་ངག་བརྗེས་པའི་གཉེན་པོར་ནི་དྲན་པའོ། །ཞུམ་པ་དང་རྒོད་པའི་གཉེན་པོར་ནི་ཤེས་བཞིན་ཏེ། ནམ་སེམས་ཞུམ་པ་དང་རྒོད་པ་བྱུང་ན། ་ཤེས་བཞིན་གྱིས་དེ་རྟོག་པར་བྱེད་པའོ། །མངོན་པར་འདུ་བྱེད་པའི་གཉེན་པོ་ནི་སེམས་པ་སྟེ། གང་གིས་ཞུམ་པ་དང་རྒོད་པ་སེལ་བར་བྱེད་པའོ། །མངོན་པར་འདུ་བྱེད་པའི་གཉེན་པོ་ནི་བཏང་སྙོམས་ཏེ། ནམ་གཡོ་བར་འདོད་པ་ན་མི་གཡོ་བར? ་བཞག་པའོ། །དེ་ལྟར་ངེས་པ་ལྟ་སྤང་བའི་ཕྱིར་རྒོད་པའི་འདུ་བྱེད་བརྒྱད་དང་བཅས་པར་བསྒོམ་པ་མོས་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ། །མོས་པའི་ཏིང་ངེ་འཛིན་དེ་ཡང་འཕགས་པའི་བདེན་བཞི་དང་ལྡན་པར་བསྒོམ ་པ་ཡིན་པར་བསྟན་པའི་ཕྱིར་རོ། དབེན་པ་ལ་གནས་པ་དང། འདོད་ཆགས་དང་བྲལ་བ་ལ་གནས་པ་དང། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་སྡུག་བསྔལ་གྱི་བདེན་པ་ལ་སྡུག་བསྔལ་གྱི་ཡུལ་མཐོང་བ་ན་དེ་དང་འབྲལ་བར་འདོད་པས། སྡུག་བསྔལ་གྱི་བདེན་པ ་ལ་གནས་པའི་དུས་ན་ནི་དབེན་པ་ལ་གནས་པ་ཞེས་བྱའོ། །ཀུན་འབྱུང་གི་བདེན་པ་ནི་འདོད་ཆགས་སྲེད་པའི་མཚན་ཉིད་དེ། དེ་ནི་སྤང་བར་བྱ་བ་ཡིན་པས། དེ་ལ་དམིགས་པའི་ཆ་ནི་འདོད་ཆགས་དང་བྲལ་བ་ལ་གནས་པ་ཞེས་བྱའོ། །འགོག་པ་ནི་སྡུག་བསྔལ་ཐམས ་ཅད་སྤངས་པ་ཡིན་པས་བདེ་བ་སྟེ། དེ་ལ་དམིགས་པའི་དུས་ན་ནི་བགོག་པ་ལ་གནས་པ་ཞེས་བྱའོ། །ལམ་གྱི་བདེན་པ་ནི། འགོག་པའི་བདེན་པ་མངོན་སུམ་དུ་བྱེད་ལ། སྡུག་བསྔལ་ཐམས་ཅད་ཀྱང་སྤོང་བར་བྱེད་པ་ཡིན་ཏེ། དེ་ལ་དམིགས་ན་ནི་རྣམ་པར་སྤོང་པར་བསྔོས ་པ་ཞེས་བྱའོ། །བསྒོམ་པ་དེ་ཡང་མོས་པ་ལ་སོགས་པའི་མཐུན་པའི་ཕྱོགས་སུ་གྱུར་པ་སེམས་འདུས་མ་དང་གཡེངས་པའི་རྒྱུ་དང། བཅས་པ་ཡོངས་སུ་སྤང་བར་བྱ་བའི་རྣམ་པར་བསྒོམ་པར་བསྟན་པར་བྱ་བའི་ཕྱིར། བདག་གི་མོས་པ་རབ་ཏུ་ཞན་པ་དང། རབ་ཏུ་འཛིན ་པ་མ་གྱུར་ཅིག་ཅེས་སྒོམ་པར་བྱེད་པ་དང་ཞེས་བྱ་བ་གསུངས་སོ། །དེ་ལ་སེམས་ནང་དུ་འདུ་བའི་རྒྱུ་ནི་ལྷག་མཐོང་དང་བྲལ་བས་གཉིད་དང་རྨུགས་པ་དང་ལེ་ལོའི་དབང་དུ་སེམས་ནང་དུ་འདུས་ཤིང་ཞུམ་པར་འགྱུར་བའོ། །དེ་ཡང་སྤང་དགོས་པའི་ཕྱིར་བདག་གི་མོས་པ ་རབ་ཏུ་ཞེན་པར་མ་གྱུར་ཅིག་ཅེས་བྱ་བ་གསུངས་སོ། །སེམས་གཡངས?་པའི་རྒྱུན་མི་གཙང་བའི་འདུ་ཤེས་དང་བྲལ་བས་བཅད་བ་ལ་སོགས་པར་མཚན་མར་འཛིན་པའི་སྒོ་ནས་ཡུལ་ལ་སེམས་འཕྲོགས་པ་སྟེ། དེ་ཡང་སྤང་དགས་པའི་ཕྱིར་རབ་ཏུ་འཛིན་པར ་མ་གྱུར་ཅིག་ཅེས་བྱ་བ་གསུངས་སོ། །དེ་གཉིས་ཀྱི་གཉན་པོ་ཡང་སེམས་ཞུམ་པ་དང་ཞན་པ་སྤང་བའི་ཕྱིར་ལྷག་མཐོང་བསྒོམ་པའོ། །སེམས་གཡེངས་པ་དང་རབ་ཏུ་འཛིན་པ་སྤང་བའི་ཕྱིར་ནི་ཞི་གནས་སམ་ལུས་ལ་མི་གཙང་བར་བརྟགས་པ ་སྒོམ་མོ། །རྫུ་འཕྲུལ་གྱི་རྐང་པ་བསྟན་པའི་ཕྱིར། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ཞེས་བྱ་བ་གསུངས་ཏེ། གང་གི་ཚེ་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད་པ་དང། སྐྱེས་པ་སྤང་བ་དང་དགེ་བའི་ཆོས་མ་སྐྱེས་པ་བསྐྱེད ་པ་དང། སྐྱེས་པ་འཕེལ་བར་བྱ་བའི་ཕྱིར། བརྩོན་འགྲུས་རྒྱུན་དུ་མི་འཆད་པ་དང། རྟག་ཏུ་བརྩམས་པ་ལ་སེམས་རྩེ་གཅིག་པ་ལ་རེག་པར་གྱུར་བ་ནི། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་ཅེས་བྱ་སྟེ། སྤོང་བའི་འདུ་བྱེད་ལྡན་པ་ལ་སོགས་པ་ནི་སྔར་བཤད་བ ་བཞིན་ནོ།། རྫུ་འཕྲུལ་གྱི་རྐང་པ་གསུམ་པ་བསྟན་པའི་ཕྱིར། སེམས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཚོང་བས་གཞན་དུ་ཏིང་ངེ་འཛིན་བསྒོམ་པའི་ས་བོན་ལ་བརྟེན་ནས་ཚེ་འདིར ་ཏིང་ངེ་འཛིན་བསྒོམ་བ་དང། འདིར་བསྒོམས་པ་ལས་ཡང་སྔ་མ་སྔ་མའི་མཐུས་ཕྱི་མ་ཕྱི་མའི་མཐུ་ཆེ་ཞིང་ཏིང་ངེ་འཛིན་གྱི་ས་བོན་བརྟན་པ་ལ་བརྟེན་ནས་འབད་མི་དགོས་པ་སེམས་རྩེ་གཅིག་པ་ལ་རེག་པར་གྱུར་པ་ནི། སེམས་ཀྱི་ཏིང་ངེ་འཛིན་ཅེས་བྱ ་སྟེ། གཞན་གོང་དུ་བཤད་པ་བཞིན་དུ་བལྟའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་པ་བསྟན་པའི་ཕྱིར། དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གཞན་དག་གིས་ཆོས་བསྟན་པའི་ཆོས་རྣམས་ཀྱི་མཚན་ཉིད ་རབ་ཏུ་འབྱད?་པ་ལ་ཐེ་ཚོམ་དང་བྲལ་ནས་སེམས་རྩེ་གཅིག་ཏུ་གྱུར་པ་ནི། དཔྱད་པའི་ཏིང་ངེ་འཛིན་ཅེས་བྱའོ། །ཡང་ན་བསྒོམ་པར་བྱ་བའི་ཡུལ་གྱི་དོན་བཤིག་ཅིང་བཅལ་བ་ལས་རྙེད་པར་གྱུར་ནས་དེ་ཉིད་ལ་སེམས་རྩེ་གཅིག་ཏུ་གནས་པ་ནི་དཔྱོད་པའི་ཏིང་ངེ ་འཛིན་ཅེས་བྱའོ། །གཞན་ཡང་གོང་དུ་བཤད་པ་བཞིན་དུ་བལྟའོ། །འདིར་ཡང་རྣམ་པ་ལྔར་བཞག་སྟེ། དམིགས་པ་དང། རང་བཞིན་དང། གྲོགས་དང་བསྒོམ་པ་དང་བསྒོམས་པའི་འབྲས་བུའོ། །དེ་ལ་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་དམིགས་པ་ནི་ཏིང་ངེ་འཛིན་གྱི་ཡུལ ་ལམ། ཏིང་ངེ་འཛིན་ཡོངས་སུ་རྫོགས་པས་གང་ལས་སུ་བྱ་བའི་རྫུ་འཕྲུལ་གྱི་མིག་དང་རྣ་བ་ལ་སོགས་པའི་འཕྲུལ་ལོ། །རང་བཞིན་གང་ཞེ་ན་མོས་པ་དང། བརྩོན་འགྲུས་དང། སེམས་པ་དང། སྤྱོད་པའི་མཚན་ཉིད་དོ། །གྲོགས་གང་ཞེ་ན། ཏིང་ངེ་འཛིན་དེ་བཞི་དང ་ལྡན་པའི་སེམས་དང་སེམས་ལས་བྱུང་བ། འདོད་པ་དང་འདོད་མ་ཆགས་པ་དང། ཞོམ་སྡང་བ་ལ་སོགས་པའོ། །བསྒོམ་པ་གང་ཞེ་ན། སྤོང་པའི་འདུ་བྱེད་བརྒྱད་ལ་གོམས་པར་བྱེད་པའོ། །བསྒོམས་པའི་འབྲས་བུ་གང་ཞེ་ན། གང་འདོད་པ་དེ་ཐོབ་པའོ། ། ་རྫུ་འཕྲུལ་གྱི་རྐང་པ་བཞི་བསྟན་པའི་མཇུག་བསྡུ་བའི་ཕྱིར་རོ། །དགེ་སློང་དག་འདི་ནི་རྫུ་འཕྲུལ་གྱི་རྐང་པ་བཞིའོ་ཞེས་བྱ་བ་གསུངས་སོ། །རྫུ་འཕྲུལ་གྱི་རྐང་པ་བསྟན་པའི་འོག་ཏུ་དབང་པོ་ལྔ་བསྟན་ཏེ། ཇི་ལྟར་བསྟན་པ་བཞིན་བཤད་པར་བཞེད་ནས། དེ་ལ ་དགེ་སློང་དག་དབང་པོ་ལྔ་གང་ཞེན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དབང་པོ་ལྔ་ཞེས་གྲངས་མོས་པའི་མིང་སོ་སོར་ཕྱེ་སྟེ་བསྟན་པའི་ཕྱིར། དད་པའི་དབང་པོ་ཞེས་བྱ་བ་ནས། ཤེས་རབ་ཀྱི་དབང་པོ་ཞེས་བྱ་བའི་བར་དུ་གསུངས་སོ། །དེ་ལ་ཡོད་པ་དང་ཡོན་ཏན ་ཅན་དང་ནུས་པའི་དབང་པོ་ལ་རིམས་བཞིན་དུ་ཡིད་ཆེས་པ་དང། རབ་ཏུ་དང་བ་དང། མངོན་པར་འདོད་པ་ནི། དད་པའི་དབང་པོའོ། །མཚན་ཉིད་དེ་ཡོད་པ་ལ་ནི་ཡིད་ཆེས་སོ། །ཡོན་ཏན་ལ་ནི་སེམས་དང་བའོ། །ནུབ་པ་ལ་འདོད་པ་སྐྱེ་བ་སྟེ། དེ་བ་སྣ་འདོད ་པ་དང་མོས་པ་གཉིས་དོན་གཅིག་པས་དང་པའི་དབང་པོ་ནི་མོས་པའི་དབང་པོའི་ཏིང་ངེ་འཛིན་ལ་དབང་བྱེད་དོ། །དགེ་བ་བསྒྲུབ་པ་དང་མི་དགེ་བ་སྤོང་བ་ལ་བརྩོན་པ་ནི་བརྩོན་འགྲུས་ཀྱི་དབང་པོ་སྟེ། དེ་བས་ན་བརྩོན་འགྲུས་ཀྱི་དབང་པོས་ནི་བརྩོན ་འགྲུས་ཀྱི་ཏིང་ངེ་འཛིན་གྱི་དབང་པོ་ལ་དབང་བྱེད་དོ། །ཏིང་ངེ་འཛིན་བསྒོམ་བར་བྱ་བའི་ཡུལ་སེམས་ཀྱི་གསལ་བར་མཐོང་ཞིང་མ་བརྗོད་པ་ནི་དྲན་པའི་དབང་པོ་སྟེ། དེ་བས་ན་དྲན་པའི་དབང་པོས་ནི་སེམས་ཀྱི་ཏིང་ངེ་འཛིན་ལ་དབང་བྱེད་དོ། ་སེམས་རྩེ་གཅིག་ཏུ་གནས་ཤིང་ཕྱི་རོལ་ཏུ་མ་ཡེངས་པ་ནི་ཏིང་ངེ་འཛིན་གྱི་དབང་པོ་སྟེ། དེས་ཀྱང་སེམས་ཀྱི་ཏིང་ངེ་འཛིན་ཉིད་ལ་དབང་བྱེད་དོ། །ཆོས་ཀྱི་མཚན་ཉིད་རབ་ཏུ་འབྱེད་བ་ནི་ཤེས་རབ་ཀྱི་དབང་པོ་སྟེ། དེ་བས་ན་ཤེས་རབ་ཀྱི་དབང་བས་ནི་དཔྱོད ་བའི་ཏིང་ངེ་འཛིན་ལ་དབང་བྱེད་དོ། །ཡང་ན་འཁོར་བ་ཉེས་པ་དང་བཅས་པ་དང། མྱ་ངན་ལས་འདས་པ་ཡོན་ཏན་དང་བཅས་པར་དད་པར་ཡིད་ཆེས་ན། འཁོར་བ་ལས་འབྱུང་བར་བྱ་བའི་ཕྱིར། བརྩོན་འགྲུས་རྩོམ་སྟེ་གང་ཡིད་ཆེས་བ་ནི་དང་པའི་དབང ་པོའོ། །བརྩོན་འགྲུས་རྩོམ་པ་ནི་བརྩོན་འགྲུས་ཀྱི་དབང་པོའོ། །བརྩོན་འགྲུས་བརྩམས་ན་ལྷག་པའི་ཚུལ་ཁྲིམས་དང། ལྷག་པའི་ཤེས་རབ་རྣམས་འབྱུང་སྟེ། དེ་ལ་བྱ་བ་དང་མེ་བྱ་བ་མཚན་ཉིད་དྲན་པ་ནི་དྲན་པ་པའི་དབང་པོའོ། །ལྷག་པའི་སེམས་ཀྱི ་བསླབ་པ་ནི་ཏིང་ངེ་འཛིན་གྱི་དབང་པོའོ། །ལྷག་པའི་ཤེས་རབ་ཀྱི་བསླབ་པ་ནི་ཤེས་རབ་ཀྱི་དབང་པོའོ། །ཡང་ན་མདོ་འདི་ཉིད་ཀྱི་གནས་རྒྱུན་ཏུ་ཞུགས་པའི་ཡན་ལག་བཤད་དེ། ཀུན་ཏུ་རིག་པའི་དད་པ་བཞི་ལ་གནས་པ་ནི་དད་པའི་དབང་པོའོ། །ཡང་དག ་པར་སྤོང་བ་བཞི་ལ། གནས་བ་ནི་བརྩོན་འགྲུས་ཀྱི་དབང་པོའོ། །ལྷག་པའི་ཤེས་རབ་ཀྱི་བསླབ་པ་ནི་ཤེས་རབ་ཀྱི་དབང་པོའོ། །ཡང་ན་མདོ་འདི་ཉིད་ཀྱི་གནས་རྒྱུན་ཏུ་ཞུགས་པའི་ཡན་ལག་བཞི་བཤད་དེ། ཀུན་ཏུ་རིགས་པའི་དད་པ་བཞི ་ལ་གནས་པ་ཉིད་དད་པའི་དབང་པོའོ། །ཡང་དག་པའི་སྤོང་བ་བཞི་ལ་གནས་པ་ནི་བརྩོན་འགྲུས་ཀྱི་དབང་པོའོ། །དྲན་པ་ཉེ་བར་གཞག་པ་བཞི་ལ་གནས་པ་ནི་དྲིན་པའི་དབང་པོའོ། །བསམ་གཏན་བཞི་ལ་གནས་པ་ནི་ཏིང་ངེ་འཛིན་གྱི་དབང ་པོའོ། །འཕགས་པའི་བདེན་པ་བཞི་ཤེས་པ་ནི་ཤེས་རབ་ཀྱི་དབང་པོའོ། །དབང་པོའི་དོན་ནི་དབང་བྱེད་པའི་དོན་ཏེ། ཅི་ལ་དབང་བྱེད་ཅེ་ན། དད་པ་ནི་འཇིག་རྟེན་ལས་འདས་པའི་ཆོས་སྐྱེ་བའི་རྒྱུར་གྱུར་པ་དད་པ་དང། བརྩོན་འགྲུས་ཀྱང་དྲན་པ་དང་ཏིང་ངེ་འཛིན ་དང་ཤེས་རབ་གསུམ་ལ་དབང་བྱས་དེ། དྲན་པ་ཡང་ཤེས་རབ་དང་ཏིང་ངེ་འཛིན་གཉིས་ལ་དབང་བྱེད་དོ། །ཏིང་ངེ་འཛིན་ཀྱང་ཤེས་རབ་ལ་དབང་བྱེད་དོ། །ཤེས་རབ་ནི་འཇིག་རྟེན་ལས་འདས་པའི་ཆོས་མངོན་དུ་བྱ་བ་ལ་དབང་བྱེད་དེ། མིག་ལ་སོགས་པའི་དབང ་པོའི་མཐུས་རྣམ་པར་ཤེས་པ་སྐྱེ་བ་བཞིན་དུ། ཆོས་དེ་དག་ཀྱང་ཅིག་གི་རིག་སྐྱེད་པར་བྱེད་པས་ན། དབང་པོ་ཞེས་བྱའོ། །ཡང་ན་དང་པ་ཞེས་བྱ་བ་ནི་དཀོན་མཆོག་གསུམ་ལ་བློ་གཉིས་མེད་པར་མོས་ཤིང་དད་པའོ། །ཡང་ན་ཡོན་ཏན་དང་ཡོན་ཏན་གྱི ་གནས་ལ་དགའ་བ་སྔོན་དུ་བྱས་པ་ལས་སེམས་དང་བ་སྐྱེ་བ་ནི་དང་པའོ། །ཡང་ན་ལས་དགེ་བ་དང་མི་དགེ་བ་ལས་འབྲས་བུ་བདེ་བ་དང། སྡུག་བསྔལ་མྱོང་བར་ཡིད་ཆེས་པ་ནི་དད་པའོ། །ལུས་དང་སེམས་ལ་ཕངས་པ་མེད་པར་མི་དགེ་བའི་ཆོས ་སྤང་བ་དང། དགེ་བའི་ཆོས་མངོན་དུ་བྱ་བར་སེམས་སྤྲོ་བ་ནི་བརྩོན་འགྲུས་སོ། །ཡང་ན་ལས་ངམ་པ་ལ་བརྩོན་པའི་ལུས་དང་ངག་གི་ལས་ལ་བརྩོན་འགྲུས་ཞེས་བྱ་སྟེ། དེ་ལྟར་སྡིག་པ་མི་དགེ་བའི་ཆོས་བྱེད་བ་ལ་བརྩོན་པ་ནི་ལ་ལོ་ཉིད་ཀྱི ་བརྩོན་འགྲུས་ནི་མ་ཡིན་ནོ། །སྔོན་མྱོང་བའི་དངོས་པོ་མ་བརྗོད་པ་ནི་དྲན་པའོ། །ཡང་ན་དམིགས་པའི་དངོས་པོ་སེམས་ལ་གསལ་བ་ནི་དྲན་པའོ། །ཡང་ན་མཚན་མ་ཡིད་ལ་བཟུང་བ་མ་ཉམས་པར་བྱེད་བ་དང། ཉམས་ན་ཡང་སླར་མངོན་དུ་བྱེད ་པ་ནི་དྲན་པའོ། །ཡང་ན་དྲན་པ་རྣམ་པ་བཞི་སྟེ། ཡི་གེ་མི་བརྗེད་པའི་དྲན་པ་དང། ཡི་གེ་གཟུང་བ་ལས་དོན་མི་བརྗེད་པར་འཛིན་པའི་དྲན་པ་དང། དོན་གཟུང་བ་ལས་རྒྱུན་ཏུ་ཡིད་ལ་བྱེད་པ་མི་གཏོང་བའི་དྲན་པ་དང། རྒྱུན་ཏུ་ཡིད་ལ་བྱེད་པ ་ལས་དོན་མངོན་སུམ་དུ་གསལ་བར་བྱེད་པར་མཐོང་བར་བྱེད་པ་ནི་དྲན་པའོ། །སེམས་གནས་པའི་རྣམ་པ་དགུ་ནི་ཏིང་ངེ་འཛིན་ཏོ། །ཡང་ན་ཁང་པ་རླུང་མེད་པའི་མར་མེ་མི་གཡོ་བ་བཞིན་དུ་ཉོན་མོངས་པའི་རླུང་རྣམས་ཀྱིས ་མི་སྐྱོང་པར་སེམས་ཀྱི་ངང་རྒྱུད་གཅིག་ཏུ་འབྱུང་བ་ནི་ཏིང་ངེ་འཛིན་ཏེ། །བདེན་པ་བཞི་ཡང་དག་བ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་ནི་ཤེས་རབ་བོ། །ཡང་ན་ཤེས་རབ་ལ་རྒྱ་གར་སྐད་དུ་པྲཛྙ་ཞེས་འབྱུང་སྟེ། བྲོན?་རབ་ཀྱི་དོན་ལ། ཛྙཱ་ནི་ཤེས་པའི་དོན ་ཏེ། སྡུག་བསྔལ་རབ་ཏུ་ཤེས་པ་དང། ཀུན་འབྱུང་རབ་ཏུ་སྤངས་པ་དང། འགོག་བ་མངོན་དུ་བྱས་པ་དང། ལམ་རབ་ཏུ་བསྒོམས་པ་ནི་ཤེས་རབ་བོ། །དེ་ལ་ཤེས་རབ་ཀྱི་དབང་པོ་ནི། ལྷག་མཐོང་གི་ཕྱོགས་ཏེ། དྲན་པ་དང་ལྡན་པ་རྣམས་ལ་ཤེས ་རབ་འབྱུང་བས་དྲན་པའི་དབང་པོ་ནི་དེའི་རྒྱུའོ། །ཏིང་ངེ་འཛིན་གྱི་དབང་པོ་ནི་ཞི་གནས་ཀྱི་ཕྱོགས་སུ་ཏེ། བརྩོན་འགྲུས་རྒྱུན་ཏུ་བརྩམས་པ་རྣམས་ནི་སེམས་རྩེ་གཅིག་ཏུ་གྱུར་པས། བརྩོན་འགྲུས་ཀྱི་དབང་པོ་ནི་དེའི་རྒྱུའོ། །དད་པའི་རྒྱུ་ལས ་ཐམས་ཅད་སྐྱེ་བའི་ཕྱིར། །དད་པ་ནི་ཞི་གནས་དང་ལྷག་མཐོང་གཉི་གའི་རྒྱུའོ། །ཡང་ན་དད་པས་ཚུལ་ཁྲིམས་ཀྱི་ཕུང་པོ་སྨོས་པ་ཡིན་ཏེ། དད་པ་དང་ལྡན་པ་རྣམས་ནི་ཚུལ་ཁྲིམས་སྲུང་བར་བྱེད་པས་སོ། །བརྩོན་འགྲུས་དང་ཏིང་ངེ་འཛིན ་གྱི་དབང་པོ་གཉིས་ཀྱིས་ཏིང་ངེ་འཛིན་གྱི་ཕུང་པོ་རྒྱུ་དང་བཅས་པ་བསྟན་པ་ཡིན་ཏེ། བརྩོན་འགྲུས་ནི་ཏིང་ངེ་འཛིན་གྱི་རྒྱུ་ཡིན་པའི་ཕྱིར་རོ། །དྲན་པ་དང་ཤེས་རབ་ཀྱི་ཕུང་པོ་རྒྱུ་དང་བཅས་པ་བསྟན་པ་ཡིན་ཏེ། དྲན་པ་ནི་ཤེས་རབ་ཀྱི་ཕུང ་པོའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལ་དབང་པོ་ལྔ་རྣམས་ཀྱི་ཡུལ་ནི་ལྔ་སྟེ། བྱང་ཆུབ་དང་སྤྱོད་པ་དང་ཐོས་པའི་ཆོས་དང། ཞི་གནས་དང་ལྷག་མཐོང་དང། དད་པའི་དབང་པོའི་ཡུལ་ནི་བྱང་ཆུབ་སྟེ། དད་པས་ཟད་ལ་མི་སྐྱེ་བའི་ཡེ་ཤེས་ལ་གཙོ་ཆེར ་དང་བསྐྱེད་པའི་ཕྱིར་རོ། །བརྩོན་འགྲུས་ཀྱི་དབང་པོའི་ཡུལ་ནི་སྤྱོད་པ་སྟེ། བརྩོན་འགྲུས་ཀྱི་བསླབ་པ་གསུམ་བསྒྲུབ་པའི་ཕྱིར་རོ། །དྲན་པའི་དབང་པོས་ནི་ཐོས་པའི་ཆོས་རྣམས་ལ་དམིགས་ཏེ། དྲན་པས་ཆོས་ཀྱི་དོན་མི་བརྗོད་པའི་ཕྱིར་རོ། །ཏིང་ངེ་འཛིན་གྱི་དབང་པོ་ནི་ཞི་གནས་པ ་དམིགས་ཏེ། རྟག་ཏུ་སེམས་རྩེ་གཅིག་ཏུ་འགྱུར་བ་འབའ་ཞིག་ཏུ་སྦྱོར་བའི་ཕྱིར་རོ། །ཤེས་རབ་ཀྱི་དབང་པོས་ནི་ལྷག་མཐོང་ལ་དམིགས་ཏེ། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཤེས་པར་བྱ་བའི་དོན་ལ་གཙོ་ཚར་ལྷུར་ལེན་པའི་ཕྱིར་རོ། །ཅིའི་ཕྱིར་དབང་པོའི་རིམ ་པ་དེ་ལྟར་བཀོད་ཙ་ན། མྱ་ངན་ལས་འདས་པའི་འབྲས་བུ་ལ་དད་པ་སྐྱེས་ན་བརྩོན་འགྲུས་རྩོམ་པས་དད་པའི་འོག་ཏུ་བརྩོན་འགྲུས་སོ། །བརྩོན་འགྲུས་བརྩམས་པ་རྣམས་ནི་དྲན་པ་ཉམས་མི་སྲིད་པས། བརྩོན་འགྲུས་ཀྱི་འོག་ཏུ་དྲན་པའོ། །དྲན་པ་མ་ཉམས་ན་སེམས ་རྩེ་གཅིག་ཏུ་འགྱུར་བས། དྲན་པའི་འོག་ཏུ་ཏིང་ངེ་འཛིན་གྱི་དབང་པོའོ། །སེམས་རྩེ་གཅིག་ཏུ་གྱུར་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡེ་ཤེས་སྐྱེས་པའི་ཕྱིར། ཏིང་ངེ་འཛིན་གྱི་འོག་ཏུ་ཤེས་རབ་བཤད་དེ། །དབང་པོ་ལྔ་རྣམས་ཀྱི་དོན་ནི་རིམ་པ་ཉིད་མདོ་ལས་གསལ་བར ་བསྟན་བའི་ཕྱིར། དེ་ལ་དད་པའི་དབང་པོ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཆོས་བཞི་ལ་དད་ཅིང་ཡིད་ཆེས་པ་ནི་དད་པ་སྟེ། ཆོས་བཞི་པ་གང་ཞེ་ན། འཁོར་བ་ན་སྤྱོད་པའི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་དད་པ་ནི་དང་པོའོ། །དེ་ལས ་ཀྱི་རྣམ་པར་སྨིན་པ་ལ་བརྟེན་པས་ཞེས་བྱ་བ་ནི་གཉིས་པའོ། །ལས་གང་དག་བྱེད་པར་འགྱུར་བའི་ལས་དེ་དང་དེའི་རྣམ་པར་སྨིན་པ་སོ་སོར་མྱོང་བར་འགྱུར་བའི་ནི་གསུམ་པའོ། །དེ་སྲོག་གི་ཕྱིར་ཡང་སྡིག་པའི་ལས་མི་བྱེད་པ་ནི་གཞི་པའོ། །འཁོར་བ་ན་སྤྱོད་པའི ་འཁོར་བ་ན་ཡོད་པ་འམ། འཁོར་བར་གཏོགས་པའི་ཆོས་དེ་འཇིག་རྟེན་འདི་ཡོད་འཇིག་རྟེན་ཕ་རོལ་ཡོད་ཅེས་ལྟ་བ་ནི། འཁོར་བ་ནི་སྤྱོད་པའི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཞེས་བྱ་སྟེ། གང་གི་ཚེ་འདི་ཡོད་ཚེ་ཕྱི་མ་ཡོད་པར་ལྟ་བའི་འཁོར་བ་ན་སྤྱོད་པའི་འཇིག ་རྟེན་པའི་ལྟ་བ་དད་པ་ཞེས་བྱའོ། །དེ་ཞེས་བྱ་བ་ནི་དད་པ་དང་ལྡན་པའི་གང་ཟག་དེའི་འོ། །ལས་ཀྱི་རྣམ་པར་སྨིན་པ་ལ་བརྟེན་ཅེས་བྱ་བ་ནི། ལས་དགེ་བ་དང་མི་དགེ་བའི་རྔམ?་པར་སྨིན་པ་ཡོད་པར་འདོད་པའོ། །ལས་གང་དང་གང་བྱེད་པར་འགྱུར ་བའི་ཞེས་བྱ་བ་གང་ཟག་གང་དང་གང་གི་ལས་དགེ་བ་པ་དང་མི་དགེ་བ་ལ་སོགས་པ་གང་དང་གང་བྱས་པའོ། །ལས་དེ་དང་དེའི་རྣམ་པར་སྨིན་པ་སོ་སོར་མྱོང་བར་འགྱུར་ཞེས་བྱ་བ་ནི། གང་ཟག་གིས་ལས་དགེ་བ་བྱས་ན། དེའི་རྣམ་པར་སྨིན་པ?་བདེ? ་བ་མྱོང་བར་འགྱུར་བ་དང། གང་ཟག་གང་གིས་ལས་མི་དགེ་བ་བྱས་ན་དེའི་རྣམ་པར་སྨིན་པ་སྡུག་བསྔལ་མྱོང་བར་འགྱུར་བ་དང། ལས་གང་གིས་བྱས་པ་དེ་ཉིད་ཀྱི་མྱོང་བར་འགྱུར་གྱི་རྣམ་པར་སྨིན་པ་གཞན་གྱིས་མྱོང་བར་མི་འགྱུར་བར་ཡིད་ཆེས ་པའོ། །དེ་སྲོག་གི་ཕྱིར་ཡང་སྡིག་པའི་ལས་མི་བྱེད་ཅེས་བྱ་བ་ནི་ཚེ་འདི་དང་ཕྱི་མ་ཡོད་པར་མཐོང་པ་དང། ལས་དང་ལས་ཀྱི་རྣམ་པར་སྨིན་པ་ཡོད་པར་མཐོང་བ་དང་།ལས་གང་གི་རྣམ་པར་སྨིན་པ་ཡང་དེས་མྱོང་བར་འགྱུར་བའི་གང་ཟག ་དེ་ལ་བྱ་བའི་དོན་ཏོ། །སྡིག་པ་མི་དགེ་བའི་ཆོས་བྱས་ནས་འབྲས་བུ་སྡུག་བསྔལ་མྱོང་བར་འགྱུར་བར་ཡིད་ཆེས་པས་སྲོག་གི་ཕྱིར་ཡང་མ་བྱིན་པར་ལེན་པ་ལ་སོགས་པའི་སྡིག་པ་མི་བྱེད་པ་ནི། དད་པའི་དབང་པོ་ཞེས་བྱའོ། །བརྩོན་འགྲུས་ཀྱི ་དབང་པོ་བསྟན་པའི་ཕྱིར། དེ་ལ་བརྩོན་འགྲུས་ཀྱི་དབང་པོ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་གང་ལ་དད་པའི་དབང་པོར་གྱུར་པའི་ཆོས་དེ་ལ་ཞེས་བྱ་བ་ནི་དད་པའི་དབང་པོས་གང་དད་པར་གྱུར་པའི་ཆོས་བཞི་པོ་ལའོ ་ཞེས་བྱ་བའི་ཐ་ཚིག་གོ། བརྩོན་འགྲུས་ཀྱི་དབང་པོས་ཡང་དག་པར་འགྲུབ་པར་བྱེད་ཅེས་བྱ་བ་ནི། དད་བའི་དབང་པོས་དད་པར་གྱུར་པའི་ཆོས་དེ་ལ་བརྩོན་འགྲུས་ཀྱི་དབང་པོས་མི་དགེ་བའི་ཕྱོགས་ནི་སྤོང་བར་བྱེད། དགེ་བའི་ཕྱོགས་ནི་གྲུབ ་བར་བྱེད་དེ། དེ་ནི་བརྩོན་འགྲུས་ཀྱི་དབང་པོའོ། །དྲན་པའི་དབང་པོ་བསྟན་པའི་ཕྱིར། དེ་ལ་དྲན་པའི་དབང་པོ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་གང་ལ་བརྩོན་འགྲུས་ཀྱི་དབང་པོ་ཡང་དག་པར་གྲུབ་པར་བྱེད་པའི་ཆོས་དེ་ལ་ཞེས་བྱ་བ་ལ་བརྩོན་འགྲུས ་ཀྱི་དབང་བོས་ནི་མི་དགེ་བའི་ཆོས་སྤངས་ནས། དགེ་བའི་ཆོས་སྒྲུབ་སྟེ། བཞག་པའི་དགེ་བའི་ཆོས་དེ་ལ་དྲན་པའི་དབང་པོས་ནི། དགེ་བའི་ཆོས་དེ་སེམས་ལ་མི་གསལ་བ་དང། བརྗོད་བར་མ་གྱུར་པར་བྱེད་བ་ནི། དྲན་པའི་དབང་པོ་ཞེས་བྱའོ། །ཏིང་ངེ་འཛིན་གྱི་དབང ་པོ་བསྟན་པའི་ཕྱིར། དེ་ལ་ཏིང་ངེ་འཛིན་གྱི་དབང་པོ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་གང་དྲན་པའི་དབང་པོས་ཆུད་མི་གཟོན་པ་ཞེས་བྱ་བ་ནི་དགེ་བའི་ཆོས་གང་དྲན་པའི་དབང་བོས་མ་བརྗོད་པར་བྱས་པའོ། །ཆོས་དེ་ལ་ཏིང་ངེ་འཛིན་གྱི་དབང ་པོས་རྩེ་གཅིག་ཏུ་བྱེད་ཅེས་བྱ་བ་ནི་དྲན་པའི་དབང་པོས་མ་བརྗོད་པར་བྱས་པའི་ཆོས་ལ་ཏིང་ངེ་འཛིན་ཀྱི་དབང་པོས་གཡེང་བ་སྤངས་ནས་རྒྱུན་ཏུ་རྩེ་གཅིག་པར་དམིགས་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཤེས་རབ་ཀྱི་དབང་པོ་བསྟན་པའི་ཕྱིར། དེ་ལ་ཤེས ་རབ་ཀྱི་དབང་པོ་གང་ཞེན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་གང་ལ་ཏིང་ངེ་འཛིན་གྱི་དབང་པོ་རྩེ་གཅིག་ཏུ་བྱས་བ་ཞེས་བྱ་བ་ནི་དྲན་པའི་དབང་པོས་མ་བརྗེད་པར་དགེ་བའི་ཆོས་ལ་ཏིང་ངེ་འཛིན་གྱི་དབང་པོས་རྒྱུན་ཏུ་རྩེ་གཅིག་ཏུ་བཞག་པའོ།། ་ཤེས་རབ་ཀྱི་དབང་པོས་ཆོས་དེ་དག་གི་སོ་སོ་རང་གི་མཚན་ཉིད་མཐོང་བ་ནི། སོ་སོར་ཁོང་དུ་ཆུད་པའོ། །སྤྱིའི་མཚན་ཉིད་མཐོང་བ་ནི། ཆོས་དེ་དང་དེ་རྣམས་ལ་མངོན་སུམ་དུ་ཤེས་པ་ཞེས་བྱའོ། །དབང་པོ་ལྔ་ཡང་དམིགས་པ་དང། རང་བཞིན་དང། ་གྲོགས་དང། སྒོམ་པ་དང། བསྒོམ་པའི་འབྲས་བུ་སྟེ། རྣམ་པ་ལྔར་བཞག་གོ། དབང་པོ་ལྔ་རྣམས་ཀྱི་དམིགས་པ་ནི་འཕགས་པའི་གདེན?་པ་བཞི་སྟེ། དབང་པོའི་དུས་ན་ཡང་དེ་བཞི་ལ་དམིག་པའི་ཕྱིར་རོ། །རང་བཞིན་ནི་དད་པ་དང། བརྩོན་འགྲུས་དང། ་དྲན་པ་དང། ཏིང་ངེ་འཛིན་དང། ཤེས་རབ་ཀྱི་ངོ་བོའོ། །གྲོགས་ནི་ཆོས་དེ་དང་ལྡན་པའི་སེམས་དང་སེམས་ལས་བྱུང་བ་གཞན་རྣམས་སོ། །བསྒོམ་པ་ནི་དད་པའི་དབང་པོས་བདེན་པ་བཞི་ལ་མངོན་པར་ཡིད་ཆེས་པའི་རྣམ་པར ་བསྒོམ་མོ། །བརྩོན་འགྲུས་ཀྱི་དབང་པོས་ནི་བདེན་པ་ལ་ལྡོག་པའི་སྤོང་པའི་རྣམ་པར་བསྒོམ་མོ། །དྲན་པས་ནི་བདེན་པ་ལ་མི་རྗེད་པར་རྣམ་པར་བསྒོམ་མོ། །ཏིང་ངེ་འཛིན་གྱིས་ནི་བདེན་པ་ལ་མི་གཡེང་བའི་རྣམ་པར་བསྒོམ་མོ། །ཤེས་རབ་ཀྱིས ་ནི་རང་དང་སྤྱིའི་མཚན་ཉིད་རྟོགས་པ་རྣམ་པར་བསྒོམ་མོ། །འབྲས་བུ་ནི་བདེན་པ་བཞི་རྟོགས་པར་བྱེད་པའོ། །སྟོབས་ཀྱི་སྐབས་སུ་དམིགས་པ་ལ་སོགས་པས་གང་བདེན་པ་ཡང་གཅིག་སྟེ། མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པ་ཙམ་གྱི ་བྱེ་བྲག་ཏུ་དབྱེ་བར་ཟད་དོ། །དབང་པོ་ལྔ་བསྟན་པའི་མཇུག་བསྡུ་བའི་ཕྱིར་འདི་ནི་དགེ་སློང་ངག་དབང་པོ་རྣམས་སོ་ཞེས་གསུངས་སོ། །དབང་པོ་ལྔའི་འོག་ཏུ་སྟོབས་ལྔ་བསྟན་ཏེ། ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་བཞེང་ནས་དེ་ལ་དགེ་སློང་དག། ་སྟོབས་ལྔ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དབང་པོ་ལྔ་པོ་ཉིད་མི་རྗེད་པ་དང། མི་ཚུགས་པར་གྱུར་པས་ན་སྟོབས་ལྔར་བཞག་སྟེ། དད་བའི་སྟོབས་ཀྱང་དད་པ་མི་རྫི་པར་གྱུར་པ་རྣམས་ནི་འཇིག་རྟེན་འདིར་ལྷའི་བདུད་དམ། ཚངས ་པའམ་གཞན་ཡང་འཇིག་རྟེན་ན་ཆོས་དང་མཐུན་པར་གྱུར་པའམ། ཉོན་མོངས་པའི་ཀུན་ནས་བཀྲིས་པ་རྣམས་ཀྱིས་དད་པ་བཟློག་པར་མི་ནུས་པས་ན་དད་པའི་སྟོབས་སོ། །དད་པའི་སྟོབས་སྔོན་དུ་བྱས་པའི་རྒྱུ་ལས་འབྱུང་བའི་བརྩོན་འགྲུས ་ལ་སོགས་པའི་ཆོས་བཞི་ཡང་སྟོབས་ཞེས་བྱ་སྟེ། སྟོབས་དང་ལྡན་ཞིང་བདུད་ཀྱི་གྲོགས་སུ་གྱུར་པའི་བདུད་རྣམ་པ་བཞིའི་སྟོབས་བཅོམ་ནས། ཟག་པ་ཟད་པ་མངོན་དུ་བྱེད་པས་ན་སྟོབས་ཞེས་བྱའོ། །ཡང་ན་དབང་པོའི་དུས་ན་ནི་དབང་པོ ་ལྔའི་མི་མཐུན་པའི་ཕྱོགས་མ་དད་པ་དང། ལེ་ལོ་དང་དྲན་པ་ཉམས་པ་དང། གཡེངས་པ་དང། ཤེས་བཞིན་མེད་པ་རྣམས་སྐབས་སུ་འདྲེ་ཞིང་འབྱུང་བ་ལས། ནམ་མི་མཐུན་པའི་ཕྱོགས་རྣམས་སྐབས་སྐབས་སུ་འདྲེ་ཞིང་འབྱུང་བ་ལས། ནམ་མི་མཐུན་པའི་ཕྱོགས་རྣམས ་སྐབས་སྐབས་སུ་འབྱུང་བར་མི་བྱེད་དེ། གཉེན་པོ་འབའ་ཞིག་གི་ཕྱོགས་གཅིག་ཏུ་སྐྱེས་པའི་སྟོབས་ཞེས་བྱའོ། །དེ་ལ་དཀོན་མཆོག་གསུམ་ལ་བསམ་པ་མི་ཕྱེད་བར་གྱུར་པ་ནི་དད་པའི་སྟོབས་སོ། །བྱང་ཆུབ་ཀྱི་ཕྱོགས་རྣམས་རྒྱུན་ཏུ་བསྒོམ་པ་ནི། བརྩོན་འགྲུས ་ཀྱི་སྟོབས་སོ། །གང་མཉན་ཅིང་བསམས་པའི་ཆོས་ནམ་དུ་ཡང་མི་བརྗེད་པ་ནི་དྲན་པའི་སྟོབས་སོ། །ཞུམ་པ་དང་རྒོད་བའི་དབང་དུ་མི་འགྱུར་བ་ནི་ཏིང་ངེ་འཛིན་གྱི་སྟོབས་སོ། །ཆོས་གང་ལ་ཡང་ཐེ་ཚོམ་མེད་པར་ཤེས་པ་ནི་ཤེས་རབ་ཀྱི་སྟོབས་སོ། །དེ་ལ་དད་པའི ་སྟོབས་ཀྱིས་ནི་མཐོང་བའི་ལམ་ཐོབ་པར་བྱ་བ་ལ་བར་དུ་གཅོད་པའི་བདག་གི་ལུས་ལ་ཆགས་པ་སྤོང་བར་བྱེད་དོ། །བརྩོན་འགྲུས་ཀྱི་སྟོབས་ཀྱིས་ནི། བདག་གི་ཡོ་བྱད་ལ་ཆགས་པ་སྤོང་བར་བྱེད་དོ། །དྲན་པའི་སྟོབས་ཀྱིས་ནི་སྔོན་བྱས་པ་དང་སྨྲས་པའི ་ལམ་ལ་རྟོག་པའི་སེམས་སྤོང་བར་བྱེད་དོ། །ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ནི། ཞུམ་པ་དང་རྒོད་པ་ལ་སོགས་པ་ཉོན་མོངས་པ་ཆེ་ལོང་དུ་བྱུང་བ་ཟིལ་གྱིས་གནོན་ཏོ། །ཤེས་རབ་ཀྱི་སྟོབས་ཀྱིས་ནི་བག་ཆགས་ཐམས་ཅད་རྩད་ནས་འདོན་ཏོ། །སྟོབས་ལྔ་བསྟན ་པའི་འོག་ཏུ་བྱང་ཆུབ་ཀྱི་ཡན་ལག་བདུན་བསྟན་ཏེ། ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་བཞེད་ནས། དེ་ལ་དགེ་སློང་དག་བྱང་ཆུབ་ཀྱི་ཡན་ལག་བདུན་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་བྱང་ཆུབ་ནི་བདེན་པ་བཞི་ཁོང་དུ་ཆུད་ནས། ་ཟད་ལ་མི་སྐྱེ་བའི་ཡེ་ཤེས་ཐོབ་སྟེ། བྱང་ཆུབ་དེ་ཡང་གང་ཟག་གི་ཁྱད་པར་གྱིས་ན་ཉན་ཐོས་ཀྱི་བྱང་ཆུབ་དང། ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ་རྣམ་པ་གསུམ་དུ་བཞག་གོ་།བྱང་ཆུབ་ཐོབ་པར་བྱེད་པའི་གྲོགས་སུ་གྱུར་པ་འམ། དེའི་རྟེན་དུ་གྱུར ་པའི་ཆོས་ནི་བྱང་ཆུབ་ཀྱི་ཡན་ལག་སྟེ། དཔེར་ན་ལུས་ཀྱི་གྲོགས་སུ་གྱུར་པ་འམ། རྟེན་དུ་གྱུར་པ་དང་རྐང་པ་དང་ལག་པ་ལ་སོགས་པའི་ལུས་ཀྱིས་ཡན་ལག་ཅེས་བྱ་བ་བཞིན་ནོ། །འདིར་ཡན་ལག་གི་གཙོ་བོ་གང་ཡིན་ན་བདུན་པོ་འདི་དག ་བྱང་ཆུབ་ཀྱི་ཡན་ལག་ཏུ་བཞག་གོ་།སྨྲས་པ་ཆོས་རབ་ཏུ་འབྱེད་པ་ནི་དེ་ཁོ་ན་མངོན་པར་རྟོགས་པའི་བདག་ཉིད་ཡིན་པས་ཡན་ལག་གཙོ་བོ་དང་ཡན་ལག་གཉི་གར་བཞག་གོ་།དྲན་པ་ལ་སོགས་པ་དྲུག་ནི་དེ་དང་རྗེས་སུ་མཐུན་པར་བྱེད་པ་ནི་གྲོགས་ཡིན ་པས། ཡན་ལག་བདུན་དུ་བཞག་གོ་།དེ་ལ་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་ཆོས་སྒོམ་ཞིག་མངོན་སུམ་དུ་བྱས་པ་རྣམས་ཆུད་མི་གཟོན་ཅིང་མི་བརྗེད་པར་བྱེད་པ་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་སྟེ། དབེན་པ་ལ་གནས་པ་ལ་སོགས ་པའི་དོན་ནི་སྔར་བཤད་པ་བཞིན་དུ་བལྟའོ། །ཆོས་རྣམ་པར་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་ནི་ལྷག་མཐོང་གི་ཚོགས་དང་ཟུང་དུ་འབྲེལ་བ་སྟེ། དང་མཐོང་བའི་ལམ་གྱི་ཀུན་ནས་ཉོན་མོངས་པའི་ཕྱོགས་དང་རྣམ་པར་བྱང་བའི་ཕྱོགས་རྣམས་ཀྱི་མཚན་ཉིད ་མ་འདྲེས་པར་ཤེས་པའོ། །བརྩོན་འགྲུས་བྱང་ཆུབ་ཀྱི་ཡན་ལག་ནི། ཡོན་ཏན་གོང་མ་ཁྱད་པར་ཅན་རྣམས་ལེན་པར་བྱེད་ཅིང་ཡོན་ཏན་ལ་སྒྲིབ་པའི་ཉེས་པ་རྣམས་སྤོང་བར་བྱེད་པའི་མཚན་ཉིད་དོ། །དགའ་བ་བྱང་ཆུབ་ཀྱི་ཡན་ལག་ནི་དེ་ཁོ་ནའི ་མཚན་ཉིད་གང་ཟག་ལ་བདག་མེད་པ་དང་པོ་མཐོང་ནས་ལུས་དང་སེམས་ལ་སིམ་པ་ཐོབ་པའོ། །ཤིན་ཏུ་སྦྱངས་པ་བྱང་ཆུབ་ཀྱི་ཡན་ལག་ནི་ལུས་ལས་སུ་རུང་བ་དང། སེམས་ལས་སུ་རུང་བར་གྱུར་པ་སྟེ། གནས་ངན་ལེན་ཐམས་ཅད་དང་བྲལ་བའི ་ལུས་དང་སེམས་ལས་གཞན་དུ་གྱུར་པས་རང་གི་བྱ་བ་ལ་སྐྱེད་པ་སྤང་པ་དང། སེམས་གནས་གཞན་དུ་གྱུར་པའི་དམིགས་པའི་ཡུལ་ཐོགས་པ་མེད་པར་འཇུག་པའོ། །ཏིང་ངེ་འཛིན་བྱང་ཆུབ་ཀྱི་ཡན་ལག་ནི་དེ་བཞིན་ཉིད་ལ་དམིགས ་པའི་སེམས་རྩེ་གཅིག་པ་རྟག་ཏུ་མ་ཉམས་པར་གནས་པའོ། །བཏང་སྙོམས་བྱང་ཆུབ་ཀྱི་ཡན་ལག་ནི། ཞུམ་རྒོད་ལ་སོགས་པའི་ཉེས་པ་ཐམས་ཅད་སྤངས་པས་རྟག་ཏུ་བྱ་བ་མེད་པ་དང། ཉོན་མོངས་པ་མེད་པར་གནས་པའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་རྣམས་ཡན ་ལག་ལྔར་བཞག་སྟེ། རྟེན་གྱི་ཡན་ལག་དང། རང་བཞིན་གྱི་ཡན་ལག་དང། ངེས་པར་འབྱུང་བའི་ཡན་ལག་དང། རྗེས་སུ་བསྔགས་པའི་ཡན་ལག་དང། ཀུན་ནས་ཉོན་མོངས་པ་མེད་པའི་ཡན་ལག་གོ་།དེ་ལ་དྲན་པ་བྱང་ཆུབ་ཀྱི་ཡན་ལག་ནི། རྟེན་གྱི་ཡན་ལག ་སྟེ། དྲན་པའི་དབང་གིས་གང་ལ་དམིགས་པའི་དམིགས་པ་དེ་ནས་གཞན་དུ་མི་གཡེང་བར་བྱེད་པའི་ཕྱིར་རོ། །ཆོས་རྣམ་པར་བྱེད་པ་བྱང་ཆུབ་ཀྱི་ཡན་ལག་ནི། རང་བཞིན་གྱི་ཡན་ལག་སྟེ། བྱང་ཆུབ་ཀྱི་ཆོས་རྣམས་ཀྱི་རབ་དང་སྤྱིའི་མཚན་ཉིད་ཤེས་པའི ་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །བརྩོན་འགྲུས་བྱང་ཆུབ་ཀྱི་ཡན་ལག་ནི་ངེས་པར་འབྱུང་བར་བྱེད་པའི་ཡན་ལག་སྟེ། བརྩོན་འགྲུས་ཀྱི་མཐུས་སོ་སོའི་སྐྱེ་བོའི་ས་ལས་ཡང་དག་པར་འདའ་བར་བྱེད་པའི་ཕྱིར་རོ། །དགའ་བ་བྱང་ཆུབ་ཀྱི་ཡན ་ལག་ནི་རྗེས་སུ་བསྔགས་པའི་ཡན་ལག་སྟེ། དེས་ལུས་དང་སེམས་ལ་ཕན་འདོགས་པར་བྱེད་པའི་ཕྱིར་རོ། །དགྲ་ཡངས་དང་ཏིང་ངེ་འཛིན་དང། བཏང་སྙོམས་བྱང་ཆུབ་ཀྱི་ཡན་ལག་གསུམ་ནི། ཀུན་ནས་ཉོན་མོངས་པ་མེད་པའི་ཡན་ལག་སྟེ། ང་གསུམ ་གྱི་ཉོན་མོངས་པ་འཇོམས་པའི་གཉེན་པོ་བྱེད་པའི་ཕྱིར་རོ། །དེ་ཡང་ཀུན་ནས་ཉོན་མོངས་པ་མེད་པའི་གླེང་གཞི་དང་རྟེན་དང་རང་བཞིན་རྣམ་པ་གསུམ་དུ་བཞག་གོ་།དེ་ལ་ཀུན་ནས་ཉོན་མོངས་པ་མེད་པའི་གླེང་གཞི་ནི་ཤིན་ཏུ་བྱང་བ་བྱང་ཆུབ་ཀྱི་ཡན་ལག ་སྟེ། ཤིན་ཏུ་བྱང་བས་ནི་གནས་ངན་ལེན་པ་དང། དེའི་རྒྱུར་གྱུར་པའི་ཉོན་མོངས་པ་རྣམས་འཇོམས་པར་བྱེད་པའི་རྒྱུ་བྱེད་པའི་ཕྱིར་རོ། །དེ་ཡང་ཇི་ལྟ་ཞེ་ན། འདི་ལྟར་ལུས་དང་སེམས་ལས་སུ་མི་རུང་བ་ནི་གནས་ངན་ལེན་ཏེ། དེ་ཡོད་ན་སེམས་རྩེ ་གཅིག་པ་མི་འབྱུང་བས་སེམས་གཡེངས་བར་འགྱུར་རོ། །སེམས་གཡེངས་ན་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྐྱེ་སྟེ། དེ་བས་ན་གནས་ངན་ལེན་ནི། ཀུན་ནས་ཉོན་མོངས་པའི་རྒྱུའོ། །ཤིན་ཏུ་བྱང་བ་ནི་ལུས་དང་སེམས ་ལས་སུ་རུང་བ་ཡིན་པས། དེས་གནས་ངན་ལེན་སེལ་བར་བྱེད་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་མེད་པའི་གླེང་གཞིར་བཞག་གོ་།ཀུན་ནས་ཉོན་མོངས་པ་མེད་པའི་རྟེན་ནི་ཏིང་ངེ་འཛིན་བྱང་ཆུབ་ཀྱི་ཡན་ལག་སྟེ། དེ་ལྟར་ལུས་པར་དང་སེམས་ལས་སུ ་རུང་བ་ན་སེམས་མཉམ་པར་འཇོག་པར་འགྱུར་རོ། །སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་སྐྱེས་ན། ཀུན་ནས་ཉོན་མོངས་པ་སྤོང་སྟེ། དེ་བས་ན་ཏིང་ངེ་འཛིན་ནི་ཀུན་ནས་ཉོན་མོངས་པ་མེད་པའི་གཞིའོ། །ཀུན་ནས་ཉོན་མོངས ་པ་མེད་པའི་རང་བཞིན་བཏང་སྙོམས་བྱང་ཆུབ་ཀྱི་ཡན་ལག་སྟེ། བཏང་སྙོམས་ཀྱི་ཉོན་མོངས་པ་སྤོང་བར་བྱེད་ལ། རྟག་ཏཱུང་ཉོན་མོངས་པ་མེད་པ་དང། རྗེས་སུ་མཐུན་པར་གནས་པའི་ཕྱིར་རོ། །ཡན་ལག་བདུན་པ་འདི་ཡང་རྣམ་པ་གསུམ་དུ་ ་བསྡུ་སྟེ། ཞི་གནས་ཀྱི་ཕྱོགས་དང་ལྷག་མཐོང་གི་ཕྱོགས་དང་གཉིས་ཀའི་ཕྱོགས་སོ། །དེ་ལ་ཆོས་རྣམ་པར་འབྱེད་པ་དང། བརྩོན་འགྲུས་དང། དགའ་བ་གསུམ་ལྷག་མཐོང་གི་ཕྱོགས་སོ། །དེ་ལ་གང་ཤིན་ཏུ་བྱང་བ་དང། གང་ཏིང་ངེ་འཛིན་དང། བཏང ་སྙོམས་བྱང་ཆུབ་ཀྱི་ཡན་ལག་གསུམ་ནི་ཞི་གནས་ཀྱི་ཕྱོགས་སོ། །དྲན་པ་ནི་གཉི་གའི་ཕྱོགས་ཏེ། ཐམས་ཅད་དུ་འགྲོ་བ་ཞེས་བྱའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་དམིགས་པ་དང། རང་བཞིན་དང། གྲོགས་དང། སྒོམ་པ་དང། བསྒོམ ་པའི་འབྲས་བུ་སྟེ། རྣམ་པ་ལྔར་བཞག་གོ་།དེ་ལ་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་དམིགས་པ་ནི་འཕགས་པའི་བདེན་པ་བཞི་སྟེ། མཐོང་བའི་ལམ་ན་བདེན་པ་བཞི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་དམིགས་པའི་ཕྱིར་རོ། །རང་བཞིན་ནི ་དྲན་པ་དང། ཆོས་རབ་ཏུ་འབྱེད་པ་དང། བརྩོན་འགྲུས་དང། དགའ་བ་དང། ཤིན་ཏུ་སྦྱངས་པ་དང། བཏང་སྙོམས་སོ། །གྲོགས་ནི་བྱང་ཆུབ་ཀྱི་ཡན་ལག་དེ་དག་དང་ལྡན་པའི་སེམས་དང་སེམས་ལས་བྱུང་བ་དང་པ་ལ་སོགས་པ་གཞན་རྣམས་སོ། །བསྒོམ ་པ་ནི་དྲན་པ་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་སྟེ། དབེན་པ་ལ་གནས་པ་འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་བས?་རྣམ་པར་སྤོང་བར་བསྡོས་པ། སྒོམ་པར་བྱེད་དེ་ཞེས་བྱ་བ་ལ་སོགས་པ་བདེན་པ་བཞི་ཉིད་བསྒོམ་པར ་གསུངས་སོ། །བསྒོམ་པའི་འབྲས་བུ་ནི་མཐོང་བར་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བར་བྱེད་པའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་བསྟན་པའི་འོག་ཏུ། ལམ་གྱི་ཡན་ལག་བརྒྱད་པ་སྟན་ཏེ། དེ་བས་ན་ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་བཞེད་ནས། ་དེ་ལ་དགེ་སློང་དག་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་འཕགས་པ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་སློབ་པའི་གང་ཟག་རྣམས་ལ་བྱ་སྟེ། དེ་དག་བསྒོམ་པས་སྤང་བར་བྱ་བའི ་ཉོན་མོངས་པ་མ་ལུས་པར་སྤང་བ་དང། རྣམ་པར་གྲོལ་བ་མངོན་དུ་བྱ་བའི་ཕྱིར་ཡན་ལག་བརྒྱད་དང་ལྡན་ཞིང། ཡན་ལག་བརྒྱད་ཀྱིས་བསྡུས་པའི་ལམ་ཡིན་པའི་ཕྱིར། འཕགས་པའི་ལམ་གྱི་ཡན་ལག་བརྒྱད་པའི་ལམ་ཞེས་བྱའོ། །འདི་ལྟ་སྟེ ་ཡང་དག་པར་ལྟ་བ་ཞེས་བྱ་བ་ལ། གང་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་སྐབས་སུ་འཕགས་པའི་བདེན་པ་བཞི་ཁོང་དུ་ཆུད་པ་ཐོབ་སྟེ། དེ་ཉིད་ལ་དམིགས་པ་ནི། ཡང་དག་པའི་ལྟ་བའོ། །ཡང་དག་པའི་ལྟ་བ་དེ་ཉིད་གཙོར་བྱས་ནས། འབྱུང་བར ་འགྱུར་བའི་ཆོས་རྣམས་ལ་ཡང་དག་པར་རྟོགས་ཅིང་འདོད་པ་དང་གནོད་སེམས་དང་འཚོ་བའི་རྟོག་པ་སྤངས་ནས་འདོད་པ་མེད་པ་དང། གནོད་སེམས་མེད་པ་དང། འཚོ་བ་མེད་པ་ལ་རྟོག་པ་ནི། ཡང་དག་པའི་རྟོག་པ་ཞེས་བྱ་སྟེ། གལ་ཏེ་རྟོག་པ ་ནི་སེམས་འཇུག་པར་འདོད་ན་ཡང་རྣམ་པ་དེ་ལྟ་བུའི་ཆོས་ལ་རྟོག་གོ་།ང་རྒྱལ་སྨྲ་བ་ཞིག་ལ་སེམས་འཇུག་པར་འདོད་ནས་ཡང་དག་པའི་ལྟ་བ་ཉིད་མངོན་དུ་བྱས་ནས། དགེ་བའི་ཆོས་ལ་རྣམ་པར་རྟག་པའི་ཆོས་དེ་ཉིད་གཞན་ལ་གཏམ ་དུ་སྨྲ་སྟེ། དེ་ནི་ཡང་དག་པའི་ངག་ཅེས་བྱའོ། །གལ་ཏེ་ཆོས་གོས་དང་བསོད་སྙོམས་དང་མལ་ཆ་དང་སྟན་དང་ན་བའི་རྐྱེན་སྨན་ལ་སོགས་པ་ཡོ་བྱད་རྣམས་དགོས་པར་གྱུར་ན། དེ་ཡང་ཚོལ་བའི་དུས་ན་འགྲོ་བ་དང་སླར་འོང་བའི་ཚེ་ཤེས་བཞིན་དུ་སྤྱོད ་པ་དང། ལྟ་བ་དང། རྣམ་པར་ལྟ་བ་དང། སྨྱང་བ་དང། བསྐུམ་པ་དང། ཆོས་གོས་དང་ལྷུང་ཟེད་འཛིན་པ་དང། བཟའ་བ་དང། བཏུང་བ་ལ་སོགས་པ་དང། འཆག་པ་དང་འདུག་པ་དང། ཉལ་བ་ལ་སོགས་པའི་ཚེ་ཤེས་བཞིན་དུ་སྤྱོད་དེ། དེ་ནི་ཡང ་དག་པའི་ལས་ཀྱི་མཛའ་ཞེས་བྱའོ། །བར་ཆོས་གོས་དང་ན་བའི་རྐྱེན་སྨན་ལ་སོགས་པ་ཚོལ་བ་ཡང་གཡོ་དང་སྒྱུས་ཚོལ་བ་སྤངས་ནས་ཆོས་བཞིན་དུ་ཚོལ་བ་སྟེ། དེ་ནི་ཡང་དག་པའི་འཚོ་བ་ཞེས་བྱའོ། །ཡང་དག་པའི་ལྟ་བ་དང། ཡང་དག་པའི ་རྟོག་པ་དང། ཡང་དག་པའི་ངག་དང་ཡང་དག་པའི་ལས་ཀྱི་མཛའ་དང། ཡང་དག་པའི་འཚོ་བ་ལ་བརྟེན་ནས་བསྒོམ་པ་ལ་ཞུགས་ནས་དང་བས་མོས་པ་དང་བརྩོན་འགྲུས་དང་འབད་པ་ལ་སོགས་པའི་བརྩོན་འགྲུས་རྒྱུན་མི་གཙང་ཅིང། བསྒོམ ་པས་སྤང་བར་བྱ་བའི་ཉོན་མོངས་པ་ལ་འཇུག་པ་ནི། ཡང་དག་པའི་རྩོལ་བའོ། །དྲན་པ་ཉེ་བར་གཞག་པ་བཞི་ལ་བརྟེན་ནས་ཕྱིན་ཅི་མ་ལོག་པས་བསྡུ་བའི་དྲན་པ་གསལ་བའི་མཚན་ཉིད་ནི་ཡང་དག་པའི་དྲན་པ་ཞེས་བྱའོ། །སེམས ་གནས་པ་རྣམ་པ་དགུ་ནི་ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱའོ། །འཕགས་པའི་ལམ་གྱི་ཡན་ལག་བརྒྱད་པོ་དེ་དག་ཀྱང་མདོར་རྣམ་པ་གཉིས་སུ་བཞག་སྟེ། སྤྱོད་པའི་ཚེ་གང་བྱ་བ་དང། གནས་པའི་ཚེ་གང་བྱ་བའོ། །སྤྱོད་པའི་ཆེ་ཏིང་ངེ ་འཛིན་བསྒོམ་པ་ལ་མ་གཏོགས་པ་གཞན་འཆག?་པ་དང་འདུག་པ་ལ་སོགས་པ་སྤྱོད་ལམ་ན་གནས་པའི་དུས་ན་ཏེ། དེའི་ཚེ་ན་ནི་ཡང་དག་པའི་ངག་དང། ལས་ཀྱི་མཛའ་དང་འཚོ་བ་ལ་གནས་པར་བྱའོ། །གནས་པའི་ཚེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དུ ་སྙོམས་པར་ཞུགས་པའི་དུས་ན་ཏེ། དེ་ན་ཡང་ཞི་གནས་སྒོམ་པ་དང། ལྷག་མཐོང་སྒོམ་པ་རྣམ་པ་གཉིས་བྱའོ། །དེ་ལ་ཡང་དག་པའི་ལྟ་བ་དང། ཡང་དག་པའི་རྟོག་པ་དང། ཡང་དག་པའི་རྩོལ་བ་གསུམ་ནི་ལྷག་མཐོང་གི་ཕྱོགས་འཁོར་དང་བཅས ་པ་སྟེ། ཡང་དག་པའི་ལྟ་བ་ནི་ལྷག་མཐོང་ཉིད་དོ། །ཡང་དག་པའི་རྩོལ་བ་དང་རྟོག་པ་ཉིད་ནི་དེའི་ཕྱོགས་སོ། །ཡང་དག་པའི་དྲན་པ་དང། ཡང་དག་པའི་ཏིང་ངེ་འཛིན་ནི་ཞི་གནས་ཀྱི་ཕྱོགས་འཁོར་དང་བཅས་པ་སྟེ། ཡང་དག་པའི་ཏིང་ངེ་འཛིན་ནི་ཞི་གནས ་ཀྱི་སྒོ་ཉིད་དོ། །དྲན་པ་ནི་དེའི་ཕྱོགས་སུ་གཏོགས་པའོ། །དེ་ལྟར་བསྒོམ་པས་སྤང་པར་བྱ་བའི་བག་ལ་ཉལ་མ་ལུས་པར་སྤང་བར་བྱ་བ་དང། དགྲ་བཅོམ་པའི་འབྲས་བུ་དམ་པ་མངོན་སུམ་དུ་བྱ་བའི་ཕྱིར། ཡང་དག་པའི་ངག་དང་ལས་ཀྱི་མཛའ་དང ་འཚོ་བ་རྣམ་པར་དག་པ་ལ་བརྟེན་ནས་སློབ་པའི་གང་ཟག་དག་དུས་དུས་སུ་ཞི་གནས་དང་ལྡན་པ་མཐོང་ལ་སྒོམ་པར་བྱེད་དོ། །ཡང་ན་མ་ཤེས་པ་དང་ཐེ་ཚོམ་གྱི་ཤེས་པ་དང་ལོག་པའི་ཤེས་པ་མེད་པ་ནི་ཡང་དག་པར་ལྟ་བའོ། །དེ་ལ་མི་ཤེས་པ་ནི ་འཕགས་པའི་བདེན་པ་བཞིའི་མཚན་ཉིད་ཁོང་དུ་མ་ཆུད་པའོ། །ཐེ་ཚོམ་གྱི་ཤེས་པ་ནི་འཕགས་པའི་བདེན་པ་བཞི་ཡིན་ནམ་མ་ཡིན་སྙམ་དུ་ཐེ་ཚོམ་ཟ་བའོ། །ལོག་པའི་ཤེས་པ་ནི་མི་རྟག་པ་ལ་རྟག་པ་ལ་སོགས་པར་ཕྱིན་ཅི་ལོག་ཏུ ་འཛིན་པའོ། །ཡང་དག་པའི་རྟོག་པ་ཞེས་བྱ་བ་ལ། རྒྱ་གར་སྐད་ཡྡུ། ས་མྱ་ཀ་སང་ཀལ་པ་ཞེས་འབྱུང་སྟེ། ས་མྱ་ཀ་ནི་ཕྱིན་ཅི་མ་ལོག་པའི་དོན་ཏོ། །ས་མ་ནི་མཉམ་པའི་དོན་ཏོ། །ཀལ་པ་ནི་རྗེས་སུ་རྟོག་པའི་དོན་ཏོ། །ཡང་དག་པའི་ལྟ་བས ་མཐོང་བའི་ཆོས་ལ་ཕྱིན་ཅི་མ་ལོག་པར་ཆོས་རྣམས་ཀྱི་རང་བཞིན་སྟོང་པ་དང་མི་རྟག་པ་ལ་སོགས་པར་མཐུན་པར་རྗེས་སུ་རྟོག་པ་ནི་ཡང་དག་པའི་རྟོག་པའོ། །རྫུན་ལ་སོགས་པའི་ཉེས་པར་ཞི་སྤངས་པ་ནི་ཡང་དག་པའི་དག?་པོ།། ་སྲོག་གཅོད་པ་ལ་སོགས་པ་ལུས་ཀྱི་ལས་ངན་པ་གསུམ་ལས་ལེག་པ་ནི་ཡང་དག་པའི་ལས་ཀྱི་མཛའ་ཨོ། །སྡིག་པ་མི་དགེ་བས་འཚོ་བ་མེད་པ་ནི་ཡང་དག་པའི་འཚོ་བ་སྟེ། དགེ་བསྙེན་ལ་སོགས་པའི་ཁྱིམ་ན་གནས་པ་ཡང་དུག་དང ་མཚོན་ཆ་ལ་སོགས་པ་ལས་སླར་ལོག་པའོ། །རབ་ཏུ་བྱུང་བ་ལ་ཡང་ཁ་གསག་དང་ཚུལ་འཆོས་བལ་སོགས་པ་ལས་སླར་ལོག་པའོ། །སྡིག་པ་མ་དགེ་བའི་ཆོས་སྤང་བ་དང། དགེ་བའི་ཆོས་སྒྲུབ་པ་ལ་བརྩོན་འགྲུས་ཧ་ཅང་དྲག་པ་ཡང ་མ་ཡིན་ངལ་བ་ཡང་མ་ཡིན་ཏེ། མཉམ་དུ་རྩོལ་བ་ནི་ཡང་དག་པའི་རྩོལ་བའོ། །ཡིད་གསལ་བར་གྱུར་པས་དམིགས་པར་བྱ་བའི་ཡུལ་ལ་མ་རྨོངས་པ་ནི་ཡང་དག་པར་དྲན་པ་སྟེ། རྒྱུ་དྲུག་གིས་དྲན་པ་སྐྱེ་བའོ། །རྒྱུ་དྲུག་ནི་དྲན་པ ་མཐོང་པ་དང། མི་འདྲ་བ་གོམས་པ་དང། གཅིག་གིས་དོན་དུ་གཏོགས་པ་དང། ཞི་གནས་ཀྱི་སྟོབས་དང་རྒྱུའི་སྟོབས་སོ། །དེ་ལ་འདྲ་བ་མཐོང་བ་ལས་དྲན་པ་བསྐྱེད་དེ། བུ་དང་འདྲ་བ་ལ་ལ་མཐོང་བ་ན་བུ་དྲན་པ་ལྟ་བུའོ། །མི་མཐུན་པ ་ལས་ཀྱང་དྲན་པ་སྐྱེ་སྟེ། ཚ་བ་དང་གྲང་བ་དྲན་པ་ལྟ་བུའོ། །གོམས་པ་ལས་ཀྱང་དྲན་པ་སྐྱེ་སྟེ། ཀླག་པ་ལ་སོགས་པ་ལ་གོམས་པར་བྱས་པ་ལས་གོམས་པ་དེ་ཉིད་ཕྱིས་ཀྱང་དྲན་པ་སྐྱེ་སྟེ། གཅིག་གི་དོན་དུ་རྟོགས་པ་ལས་དྲན་པ ་འབྱུང་སྟེ། ཨ་མྲའི་འབྲས་བུ་མཐོང་བ་ལས་སྐྱུར་བར་དྲན་པའོ། །ཞི་གནས་ཀྱི་སྟོབས་ཀྱང་དྲན་པ་འབྱུང་སྟེ། མངོན་གྱི་གནས་རྗེས་སུ་དྲན་པ་དང། འཆི་འཕོ་ཤེས་པ་དང། ཟག་པ་ཟད་པ་ཤེས་པའི་རྣལ་འབྱོར་པ་རྣམས་ཚོར?་བས ་སྔ་མའི་གནས་རྣམས་རྗེས་སུ་དྲན་པ་སྐྱེ་པའོ། །རྒྱུའི་སྟོབས་ལས་ཀྱང་དྲན་པ་སྐྱེ་སྟེ། བསོད་ནམས་དང་ལྡན་པ་རྣམས་ཚོར་བས་གཞན་དྲན་པ་འབྱུང་བའི་ཕྱིར་རོ། །གཡེང་རྒོད་ཐམས་ཅད་སྤངས་ནས། སེམས་དྲང་པོ་འམ་མཉམ་པར་གནས་ན་ནི་ཡང་དག་པའི་ཏིང་ངེ་འཛིན ་ཏེ། །ཅིའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པོ་རིམ་པ་དེ་ལྟར་བཤད་ཅེ་ན། མྱ་ངན་ལས་འདས་པ་ཐོབ་པའི་རྣལ་འབྱོར་པ་རྣམས་ཐོག་མར་འཕགས་པའི་བདེན་པ་བཞི་ལ་བལྟོས་ཏེ། དེའི་ཕྱིར་དང་པོ་ཡང་དག་པའི་ལྟ་བ་བསྟན་ཏེ། ཇི་ལྟར་མཐོང་བ་བཞིན་དུ། ཕྱིས་དེ་ཉིད་ལན? ་ནམ་མ་ཡིན་རྟོག་པ་འབྱུང་སྟེ། དེ་བས་ན་དེའི་འོག་ཏུ་ཡང་དག་པའི་རྟོག་པའོ། །ཇི་ལྟར་བརྟོགས་པ་བཞིན་དུ་ཚིག་འབྱིན་ཏེ། དེ་བས་ན་དེའི་འོག་ཏུ་ཡང་དག་པའི་དག་གོ་།ཇི་ལྟར་སྨྲས་པ་དེ་བཞིན་དུ་ཕྱིས་ལས་བྱེད་དེ། དེ་བས་ན་ཡང་དག་པའི་དག་གི་འོག་ཏུ ་ཡང་དག་པའི་ལས་ཀྱི་མཛའ་ཨོ། །ཡང་དག་པའི་ལས་བྱས་པ་རྣམས་འཚོ་བ་རྣམ་པར་དག་པར་འགྱུར་ཏེ། དེའི་ཕྱིར་ཡང་དག་པའི་ལས་ཀྱི་མཛའ་འོག་ཏུ་ཡང་དག་པའི་འཚོ་བའོ། །ཚུལ་ཁྲིམས་དང་ལྡན་པ་རྣམས་ནི་དགེ་བའི་ཕྱོགས་ལ་བརྩོན་འགྲུས་རྩོམ ་ཞིང་བརྩོན་འགྲུས་འཕལ?་ཏེ། དེ་བས་ན་ཡང་དག་པའི་འཚོ་བའི་འོག་ཏུ་ཡང་དག་པའི་རྩོལ་བའོ། །བརྩོན་འགྲུས་དང་ལྡན་པ་རྣམས་པ་དྲན་པ་ཉམས་པ་འབྱུང་མི་སྲིད་པས། དེའི་འོག་ཏུ་ཡང་དག་པའི་དྲན་པའོ། །དྲན་པ་དང་ལྡན་པ་རྣམས་ནི་སེམས་རྩ ་གཅིག་ཏུ་འགྱུར་བས་ནི་མཇུག་དུ་ཡང་དག་པའི་ཏིང་ངེ་འཛིན་བཤད་དོ། །ཅིའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་དུ་བཤད། འཇིག་རྟེན་པའི་ལོག་པའི་ལྟ་བ་ནས་ལོག་པའི་ཏིང་ངེ་འཛིན་རྣམ་པ་བརྒྱད་ཡོད་དེ། དེའི་གཉེན་པའི་ཕྱིར་ཡང་དག་པའི ་ལྟ་བ་ནས། ཡང་དག་པའི་ཏིང་ངེ་འཛིན་གྱི་བར་དུ་བར་?་བཤད་དོ། །ཡང་ན་ཡང་དག་པའི་ལྟ་བ་དང་དྲན་པ་ནི་ལྷག་མཐོང་གི་ཕྱོགས་ཡིན་ཏེ། དེའི་འབྲས་བུ་ནི་མ་རིག་པ་དང་བྲལ་ན་ཤེས་རབ་རྣམ་པར་གྲོལ། །ཡན་ལག་ལྷག་མ་རྣམས་ནི་ཞི་གནས་ཀྱི ་ཕྱོགས་ཏེ། དེའི་འབྲས་བུ་ནི་འདོད་ཆགས་དང་བྲལ་ནས་སེམས་རྣམ་པར་གྲོལ་ལོ། །ཡང་ན་ཡང་དག་པའི་དག་དང་ལས་ཀྱི་མཛའ་དང། འཚོ་བ་གསུམ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་སྟེ། དེས་ནི་གཙོར་ཞེ་སྡང་མི་དགེ་བའི་རྩ་བ་གཅོད་པར་བྱེད་དོ།། ་ཡང་དག་པའི་དྲན་པ་ནི་ཏིང་ངེ་འཛིན་གྱི་ཕུང་པོ་སྟེ། དེས་ནི་གཙོར་འདོད་ཆགས་མི་དགེ་བའི་རྩ་བ་གཅད་དོ། །ཡང་དག་པའི་རྟོག་པ་དང་རྩོལ་བ་དང་ལྟ་བ་གསུམ་ནི་ཤེས་རབ་ཀྱི་ཕུང་པོ་སྟེ། དེ་པ་ནི་གཏི་མུག་མི་དགེ་བའི་རྩ་བ་གཅོད་དོ། །དེ་ལ་འཕགས་པའི་ལམ་ཡན ་ལག་བརྒྱད་པོ་འདི་དག་ཡན་ལག་དྲུག་ཏུ་བཞག་སྟེ། ཡན་ལག་དྲུག་ནི་ཡོངས་སུ་གཅོད་པའི་ཡན་ལག་དང། གཞན་ཐོབ་པར་བྱེད་པའི་ཡན་ལག་དང། གཞན་ཡིད་ཆོས་པར་བྱེད་པའི་ཡན་ལག་དང། ཉོན་མོངས་པའི་སྒྲིབ་པ་དང་རྣམ་པར་སྤྱོད་པའི་ཡན ་ལག་དང། ཉེ་བའི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྤྱོད་པའི་ཡན་ལག་དང། ཡོན་ཏན་ཁྱད་པར་ཅན་མཐོང་བ་ལ་སྒྲིབ་པ་ཡོངས་སུ་སྤྱོད་པའི་ཡན་ལག་གོ་།དེ་ལ་ཡང་དག་པའི་ལྟ་བ་ནི་ཡོངས་སུ་གཅོད་པའི་ཡན་ལག་སྟེ། མཐོང་བའི་ལམ་ན་བདག་དང་སེམས ་ཅན་དང་སྲོག་ལ་སོགས་པ་མེད་པར་ཁོང་དུ་ཆུད་པ་དེ་ཉིད་ལ་བདག་གིས་དེ་དག་རྣམ་པ་འདི་ལྟ་བུ་ཁོང་དུ་ཆུད་བ་ཞེས་མཐོང་བའི་ལམ་གྱི་ཆོས་ཉིད་ལ་གཅོད་པར་བྱེད་པའི་ཕྱིར་རོ། །ཡང་དག་པའི་རྟོག་པ་ནི་གཞན་ལ་ཐོབ་པར་བྱེད་པའི་ཡན་ལག་སྟེ། ་མ་བརྟགས་མ་དཔྱད་པས་ཚིག་མི་འབྱིན་པས་ཡང་དག་པའི་ལྟ་བས་ཇི་ལྟར་མཐོང་བའི་ཆོས་རྣམ་པར་བརྟགས་ནས་དེ་ཉིད་གཞན་ལ་འཆད་པར་བྱེད་པའི་ཕྱིར་རོ། །ཡང་དག་པའི་དག་དང། ཡང་དག་པའི་ལས་ཀྱི་མཛའ་དང། འཚོ་བ་གསུམ་ནི ་གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་སྟེ། རིམ་བཞིན་དུ་ལྟ་བ་དང། ཚུལ་ཁྲིམས་དང། འཚོ་བ་དག་པར་ཡིད་ཆེས་པའི་ཕྱིར་རོ། །དེ་ལ་ཡང་དག་པའི་དག་གིས་ནི་ལྟ་བ་རྣམ་པར་དག་པ་ཡིད་ཆེས་པ་འབྱུང་སྟེ། ཇི་ལྟ་ཞེ་ན་ཡང་དག་པའི་དག ་གི་ཇི་ལྟར་ཆུད་པའི་ཆོས་རྣམས་གཞན་ལ་ལུང་སྟོན་པ་ནི། གཞན་གྱི་བརྒལ་བའི་ལན་གདབ?་བ་དང། བཤད་པ་ལ་གསལ་ཞིང་ཕྱིན་ཅི་མ་ལོག་པར་བསྟན་པས་གཞན་དག་འདི་དག་ནི་ཆོས་ཀྱི་དོན་གཏན་ལ་བབ་པ་དང། འགལ་བ་མེད་པ་དང། གསལ་བར་སྟོན ་བ་དང། སྦྱར་ན་དེ་ཁོང་དུ་ཆུད་དོ་ཞེས་ཡིད་ཆེས་བར་འགྱུར་རོ། ཡང་དག་པའི་ལས་ཀྱི་མཛའ་ནི་ཚུལ་ཁྲིམས་རྣམ་པར་དག་པར་ཡིད་ཆེས་པར་འབྱུང་སྟེ། འདིར་སྲོག་གཅོད་པ་ལ་སོགས་པ་ངན་པར་སྤྱོད་པ་རྣམས་སྲོག་གི་ཕྱིར་ཡང་མི་བྱེད་པ་དང་སྦྱར་ན ་འཕགས་པར་གྱེས་པའི་ཚུལ་ཁྲིམས་དང་ལྟར་ན་ཞེས་ཡིད་ཆེས་པར་འགྱུར་རོ། །ཡང་དག་པའི་འཚོ་བ་རྣམས་པར་དག་པའི་ཡིད་ཆེས་པར་འགྱུར་ཏེ། ཇི་ལྟ་ཞེ་ན་ཆོས་གོས་ལ་སོགས་པ་ཡིད་ཆོས་བཞིན་དུ་ཚོལ་གྱི་གཡོ་དང་སྒྱུས་མི་ཚོལ་ལ། ཡོ་བྱད ་མང་པོ་འཇིམ་པ་སྤངས་པས་འཚོ་བ་རྣམ་པར་བཞག་གོ་ཞེས་གཞན་དག་ཡིད་ཆེས་པར་འགྱུར་རོ། །དེ་ལ་ཡང་དག་པར་ལྟ་བས་ནི་མངོན་པར་རྟོག་པ་དང་ལྡན་པ་ཡིན་ཏེ། མཐོང་བའི་ལམ་གྱི་ཆེ་རྟོགས་པའི་ཆོས་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པའི་ཕྱིར་རོ། ་ཡང་དག་པའི་རྟོགས་པས་ནི་སེང་གེའི་སྒྲ་སྒྲོགས་པ་ཡིན་ཏེ། ཇི་ལྟར་རྟོགས་པའི་ཆོས་ཐོགས་པ་མེད་པས་གཞན་ལ་འཆད་པའི་ཕྱིར་རོ། །ཡང་དག་པའི་ངག་དང་ལས་ཀྱི་མཛའ་དང་འཚོ་བ་གསུམ་ནི། རང་བཞིན་རྟོགས་པར་དང་དམ་བཅས་པ ་གསལ་བར་སྟོན་པར་བྱེད་པའི། །ཡང་དག་པའི་རྩོལ་བ་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྦྱངས་བར་ཡན་ལག་སྟེ། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཐམས་ཅད་དེས་སྤོང་བར་བྱེད་པའི་ཕྱིར་རོ། །ཡང་དག་པའི་དྲན་པ་ནི་ཉེ་བའི་ཉོན ་མོངས་པ་རྣམ་པར་སྤྱོད་པའི་ཡན་ལག་སྟེ། །ཞུམ་པ་དང་རྒོད་པ་རྣམས་སེམས་ལ་བྱུང་བར་ཚོར་ནས་ཕྱིས་དེ་དག་སྐྱེ་པའི་སྐབས་སྦྱིན་པར་བྱེད་པའི་ཕྱིར་རོ། །ཡང་དག་པའི་ཏིང་ངེ་འཛིན་ནི་ཡོན་ཏན་ཁྱད་པར་ཅན་ཐོབ་པ་ལ་སྒྲིབ་པ་ཡོངས་སུ ་སྦྱོང་བའི་ཡན་ལག་སྟེ། འཕྲུལ་གྱི་མིག་ལ་སོགས་པ་མངོན་པར་ཤེས་པ་ལྔ་ཐོབ་པར་བྱེད་པ་ལ་སྒྲིབ་པ་རྣམས་ཏིང་ངེ་འཛིན་གྱིས་སྦྱངས་ནས། ཡོན་ཏན་དེ་དག་ཐོབ་པར་བྱེད་པའི་ཕྱིར་རོ། །འཕགས་པའི་ལམ་གྱི་ཡན་ལག ་བརྒྱད་པོ་དེ་དག་ཀྱང་རྣམ་པ་ལྔར་བཞག་སྟེ། དམིགས་པ་དང། རང་བཞིན་དང། གྲོགས་དང། སྒོམ་པ་དང། སྒོམ་པའི་འབྲས་བུའོ། །དེ་ལ་ལམ་རྣམས་ཀྱི་དམིགས་པ་ནི་མཐོང་བའི་ལམ་སྐྱེས་པའི་འོག་ཏུ་མཐོང་བའི་ལམ་གྱི་ཚེ། བདེན?་པ་མཐོང་བ་དེ་འདི ་ཉིད་ཡང་དག་པའི་ཇི་ལྟ་བ་བཞིན་དུ་དམིགས་སོ། །རང་བཞིན་ནི་ཡན་ལག་བརྒྱད་དེ། ཡང་དག་པའི་ལྟ་བ་ནས་ཏིང་ངེ་འཛིན་གྱི་བར་དུ་བརྒྱད་དོ། །གྲོགས་ནི་གང་དེ་དག་དང་ལྡན་པའི་སེམས་དང་སེམས་ལས་བྱུང་བ་དད་པ་དང། འདོད་མ་ཆགས་པ་ལ ་སོགས་པའོ། །སྒོམས་པ་ནི་ཡང་དག་པའི་ལྟ་བ་བསྒོམ་སྟེ། དབེན་པ་ལ་གནས་པ་འདོད་ཆགས་དང་བྲལ་བ་ལ་གནས་པ་དང། འགོག་པ་ལ་གནས་པ། རྣམ་པར་སྤོང་བར་བསྔོས་པ་ཞེས་བྱ་བ་ལ་སོགས་པའོ། བསྒོམ་པའི་འབྲས་བུ་ནི་ཡོངས་སུ་བཅོད ་པ་དང། གཞན་ཐོབ་པར་བྱེད་པ་དང། གཞན་ཡིད་ཆེས་པ་དང། ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྦྱོང་བ་དང། ཉེ་བའི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྦྱོང་བ་དང། ཡོན་ཏན་ཁྱད་པར་ཅན་ཐོབ་པར་སྒྲིབ་པ་རྣམ་པར་སྦྱོང་བ་དང། འཕགས་པའི་ལམ ་ཡན་ལག་བརྒྱད་པོ་འདི་ཉན་ཐོས་རྣམ་པར་སྨྲ་བ་རྣམས་ཀྱིས་ནི། མཐོང་བའི་ལམ་དུ་བསྒོམ་པར་འདོད་དེ། དེ་ཉན་ཐོས་མདོ་སྡེ་བའི་ཚུལ་གྱིས་ན་བ་སྒོམ་པའི་ལམ་ཡིན་པར་འདོད་པས་བསྒོམ་པའི་ལམ་ཁོ་ན་ཡིན་པར་གཟུང་ངོ། །འཕགས ་པའི་ལམ་ཡན་ལག་བརྒྱད་བསྟན་པའི་འོག་ཏུ། དབུགས་འབྱུང་བ་དང་རྡུབ་པ་དྲན་པ་བཅུ་དྲུག་བསྟན་པས། ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་བཞེད་ནས། དེ་ལ་དབུགས་འབྱུང་བ་དང་རྡུབ་པ་དྲན་པ་བཅུ་དྲུག་གང་ཞེ་ན་ཞེས་བྱ་བ་ལ་སོགས ་པ་གསུངས་སོ། །དེ་ལ་རླུང་ཕྱིར་རྒྱུ་བ་ནི་དབུགས་འབྱུང་བའོ། །ནང་དུ་རྒྱུ་བ་ནི་རྡུབ་པ་སྟེ། དབུགས་ཕྱིར་འབྱུང་བ་དང། ནང་དུ་རྡུབ་པ་ལ་དམིགས་པའི་དྲན་པ་ནི་དབུགས་འབྱུང་བ་དང་རྡུབ་པ་དྲན་པ་ཞེས་བྱ་སྟེ། དེ་ཡང་དྲན་པས་ཡོངས་སུ་ཟིན་པའི་ཤེས་རབ་ཀྱི་རང་བཞིན་ནོ། ་དྲན་པ་ཡང་འདིར་དྲན་པ་མཐུ་ཅན་དུ་གྱུར་པ་དྲན་པའི་སྟོབས་ལ་བྱ་སྟེ། དྲན་པའི་སྟོབས་ཀྱིས་ཡོངས་སུ་ཟིན་པའི་ཤེས་རབ་ཀྱི་རླུང་ཕྱིར་འབྱུང་བ་དང་ནང་དུ་འཇུག་པ་ལ་དམིགས་པར་བྱེད་པའོ། །དེ་ལ་དབུགས་འབྱུང་བ་ཡང་རྣམ་པ་གཉིས་ཏེ། གཉིས་པོ་གང ་ཞེ་ན། དབུགས་འབྱུང་བ་དང་བར་གྱི་དབུགས་སོ། །དབུགས་རྡུབ་པ་ཡང་རྣམ་པ་གཉིས་ཏེ། དབུགས་རྡུབ་པ་དང། བར་གྱི་དབུགས་སོ། །རྡུབ་པ་ནི་གང་དབུགས་ཕྱིར་བྱུང་མ་ཐག་ཏུ། ལྟེ་བའི་བར་དུ་རླུང་ནང་དུ་འཇུག་གོ་།བར་གྱི་དབུགས་ནི་དབུགས་རྡུབ་པ་སྟེ། ལྟེ? ་བའི་བར་དུ་ཞུགས་ནས་ཆད་པ་ལས་དུས་ཅུང་ཞིག་གི་བར་དུ་དབུགས་མི་འབྱུང་ཞིང་ངལ་གསོ་བ་རིང་པོ་མི་ཐོགས་པར་དབུགས་ཤིན་ཏུ་ཡང་ཕྲ་བཞིག་སྐྱེ་བར་གྱུར་པའོ། །དབུགས་འབྱུང་བ་དང་བར་གྱི་དབུགས་འབྱུང་བ་ལ་ཡང་དེ་བཞིན་དུ་བརྗོད་པར ་བྱ་སྟེ། དེ་ལ་ཁྱད་པར་ནི་འདི་ཡོད་དེ། དབུགས་འབྱུང་བ་ནི་རླུང་ཕྱིར་འབྱུང་བ་སྟེ། ལྟེ་བའི་ཕྱོགས་གནས་བརྩོམས་ནས། ཁ་སྣའི་བར་དུ་འབྱུང་བ་དང། དེ་ལས་ཀྱང་ཕྱིར་མཐོ་གང་དང་ཁྲུ་གང་བ་སོགས་པར་འབྱུང་བའོ། །བར་གྱི་དབུགས་ནི་དབུགས་ཕྱིར་བྱུང ་བ་དེ་ཆད་པ་ནས། དུས་ཇི་སྲིད་གཅིག་ཏུ་དབུགས་དྲག་ཏུ་འབྱུང་བ་མེད་ཅིང། དེ་ལ་གསོ་བའི་ཚུལ་དུ་སྐད་གཅིག་གཅིག་རླུང་ཕྲེའུ་ཞིག་འབྱུང་པའོ། །དབུགས་འབྱུང་བ་དང་རྡུབ་པའོ་གླིང་གཞི་ཡང། རྣམ་པ་གཉིས་ཏེ། དེ་འཕེན་པར་བྱེད་པའི ་ལས་དང། ལྟེ་བའི་ཕྱོགས་ནས་སུལ་ལ་གནས་པའོ། །དེ་ལས་གོང་དུ་ཡང་ལུས་ཀྱི་སུལ་ལ་ཡོད་པའོ། དབུགས་འབྱུང་བ་དང་རྡུབ་པའི་རྟེན་ཡང་རྣམ་པ་གཉིས་ཏེ། ལུས་དང་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། དབུགས་འབྱུང་བ་དང། རྡུབ་པ་ནི ་ལུས་ལ་བརྟེན་པ་དང། སེམས་ལ་བརྟེན་ནས་འབྱུང་བའི་ཕྱིར་རོ། །གལ་ཏེ་ལུས་འབའ་ཞིག་ལ་བརྟེན་ཅིང་འབྱུང་ན་ནི། འདུ་ཤེས་མེད་པ་ལ་སྙོམས་པར་འཇུག་པ་དང། འགོག་པ་ལ་སྙོམས་པར་འཇུག་པ་དང། ་འདུ་ཤེས་མེད་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་པ་དག་ལ་ཡང་དབུགས་འབྱུང་བ་དང་རྡུབ་པ་ཡོད་པའི་སྐྱོན་དུ་འགྱུར་ཏེ། དེ་དག་ལ་མི་འབྱུང་བས་ན། ལུས་འབའ་ཞིག་ལ་བརྟེན་པ་མ་ཡིན་ནོ། །གལ་ཏེ་སེམས་འབའ་ཞིག་ལ་རྟེན་ཅིང་འབྱུང་ན་ནི། གཟུགས་མེད་པའི ་སྙོམས་པར་ཞུགས་པ་དང། གཟུགས་མེད་པར་སྐྱེས་པའི་སེམས་ཅན་རྣམས་ལ་ཡང། དབུགས་འབྱུང་བ་དང་རྡུབ་པ་འབྱུང་བའི་སྐྱོན་དུ་འགྱུར་ཏེ། དེ་དག་ལ་དབུགས་འབྱུང་བ་དང། རྡུབ་པ་མེད་པས་སེམས་འབའ་ཞིག་ལ་བརྟེན་པ་མ་ཡིན་ནོ། །སྐབས་ཁ?་ཅིག ་ཏུ་ལུས་ལ་བརྟེན་པ་དང། སེམས་ལ་བརྟེན་ནས་འཇུག་པར་ཡང་མི་རུང་སྟེ། ལུས་ལ་བརྟེན་པ་དང། སེམས་ལ་བརྟེན་ནས་འཇུག་པར་ངེས་ན་ནི། བསམ་གཏན་བཞི་ལ་སྙོམས་པར་ཞུགས་པའི་སེམས་ཅན་རྣམས་དང། ནུར་ནུར་པོའི་དུས་ན་མེར་མེར་པོ་དུས ་ཀྱི་ཚེ་སེམས་ཅན་རྣམས་ལ་ཡང་དབུགས་འབྱུང་བ་དང། རྡུབ་པ་ཡོད་པའི་སྐྱོན་དུ་འགྱུར་ཏེ། དེ་དག་ལ་ཡོད་པ་མ་ཡིན་པས་སོ། །དེ་བས་ན་དབུགས་འབྱུང་བ་དང། རྡུབ་པ་ནི་དུས་དེ་དག་ལ་མ་གཏོགས་པའི་ཚེ། ལུས་ལ་བརྟེན་པ་དང། སེམས་ལ་བརྟེན ་ནས་འཇུག་གོ་ཞེས་ཅི་རིགས་པར་བཞག་གོ་།དབུགས་འབྱུང་བ་དང་རྡུབ་པའི་འགྲོ་མ་ཡང་རྣམ་པ་གཉིས་གཉིས་ཏེ། གཉིས་པོ་གང་ཞེ་ན། འབྱུང་བ་ནི་གྱེན་དུ་འགྲོ་བའོ། །དབུགས་རྡུབ་པ་ནི་མཐུར་དུ་འགྲོ་བའོ། །འབྱུང་བ་དང། རྡུབ་པའི་ས་ཡང་རྣམ ་པ་གཉིས་ཏེ། སུལ་དང་བུ་ག་རགས་པ་དང། སུལ་དང་བུ་ག་ཕྲ་བའོ། །དེ་ལ་སུལ་དང་བུ་ག་རགས་པ་ནི་ལྟེ་བའི་ཕྱོགས་ནས་བརྩམས་ནས། གྱེན་དུ་ཁ་དང་སྣ་ལ་སོགས་པའི་སྒོར་འབྱུང་བ་དང། ཁ་སྣའི་སྒོ་ནས་བརྩམས་ནས། ཐུར་དུ་ལྟེ་བའི ་ཕྱོགས་ཀྱི་བར་དུ་སུལ་གྱི་ཕྱོགས་སུ་རྒྱུ་བའོ། །སུལ་དང་བུ་ག་ཕྲ་བ་ནི་ལུས་སུ་གཏོགས་པའི་བ་སྤུའི་བུ་ག་ཐམས་ཅད་དོ། །དབུགས་འབྱུང་བ་དང། རྡུབ་པའི་མིང་གི་རྣམ་གྲངས་ཀྱང་བཞི་སྟེ། རླུང་དང་ལུས་ཀྱི་འདུ་བྱེད་དང། དབུགས་འབྱུང་བ་དང་རྡུབ་པ་དང། དབུགས་ཕྱིར ་རྒྱུ་བ་དང་ནང་དུ་རྒྱུ་བའོ། །དེ་ལ་རླུང་ཞེས་བྱ་བའི་མིང་གི་རྣམ་གྲངས་ཀྱི་མུ་སྟགས་དང། འཇིག་རྟེན་པ་ལ་སོགས་པ་ཀུན་དང་ཐུན་མོང་ངོ། །ལྷག་མ་གསུམ་ནི་ཐུན་མོང་མ་ཡིན་པ་སྟེ། བསྟན་པ་འདི་འབའ་ཞིག་ལ་མིང་གི་རྣམ་གྲངས་དེ་དག་གྲགས་པའི་ཕྱིར་རོ། །དབུགས ་འབྱུང་བ་དང་རྡུབ་པ་ལ་ཞུགས་པའི་དྲི་མ་ཡང་རྣམ་པ་གཉིས་ཏེ། ཧ་ཅང་ལྷོད་པར་རབ་ཏུ་སྦྱོར་བ་དང། ཧ་ཅང་བསྒྲིམས་ཏེ་རབ་ཏུ་སྦྱོར་བའོ། །དེ་ལ་ཧ་ཅང་ལྷོད་པས་རབ་ཏུ་སྦྱོར་བ་ནི། ལེ་ལོ་སྐྱེས་པས་གཉིད་དང། རྨུགས་པས་སེམས་ནོན་པར་གྱུར་པའམ། སེམས ་ཕྱིས་གཡེངས་པར་འགྱུར་བའོ། །ཧ་ཅང་བསྒྲིམས་ཏེ་རབ་ཏུ་སྦྱོར་བས་ཀྱང། ལུས་མི་མཉམ་པ་དང། སེམས་མི་མཉམ་པ་སྐྱེ་བར་འགྱུར་རོ། །དེ་ལ་ཇི་ལྟར་ལུས་མི་མཉམ་པ་སྐྱེ་ཞེ་ན། སྟོབས་ཀྱིས་བསྒྲིམས་ནས་དབུགས་འབྱུང་བ་དང། རྡུབ་པ་ལ་དམ་དུ ་??་ཡིགས་པ་ན། ལུས་ལ་རླུང་མི་བཟང་བ་རྣམས་འབྱུང་བར་འགྱུར་ཏེ། རླུང་གིས་ཤས་ཆེར་གཡོ་བར་འགྱུར་རོ། །གང་གི་ཕྱིར་རླུང་གི་ཤས་ཆེ་བར་གཡོ་བར་གྱུར་པས། ཡན་ལག་དང་ཉིང་ལག་རྣམས་གཡེངས་པ་སྐྱེ་སྟེ། དེའི་ཕྱིར་ལུས་རྒད་པ་ཞེས་བྱའོ། ། ་འདི་ལྟར་ལུས་གཡེངས་པར་གྱུར་པའི་རླུང་དེ་འཕེལ་ན། ཡན་ལག་དང་ཉིང་ལག་དེ་དག་དུ་ལུས་ཀྱི་ནད་དུ་འགྱུར་ཏེ། འདི་ནི་ལུས་མི་མཉམ་པའོ། །ཇི་ལྟར་སེམས་མི་མཉམ་པ་སྐྱེ་ཞེན། བསྒྲིམས་ཏེ་དམིགས་པ་ལས་སེམས་གཡེངས་པར་འགྱུར་རོ། །སེམས་གཡེངས་པ ་འཕེལ་པ་ལས། ཡིད་མི་བདེ་བ་དང་འཁྲུག་པས་བེལ་གྱིས་གནོན་པར་འགྱུར་ཏེ། དེ་ནི་སེམས་མི་མཉམ་པ་སྐྱེ་བ་ཞེས་བྱའོ། །དེ་ལ་དབུགས་འབྱུང་བ་དང་རྡུབ་པ་འདི་ལ་འདྲིས་པར་བྱ་བ་རྣམ་པ་ལྔ་ཡོད་པར་རིག་པར་བྱ་སྟེ། བགྲང་པས་རབ་ཏུ་འདྲིས་པར་བྱ་བ་དང། ཕུང་པོ ་ལ་མཁས་པ་རབ་ཏུ་འདྲིས་པར་བྱ་བ་དང། རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལ་འཇུག་པ་རབ་ཏུ་འདྲིས་པར་བྱ་བ་དང། བདེན་པ་ལ་འཇུག་པ་རབ་ཏུ་འདྲིས་པར་བྱ་བ་དང། རྣམ་པ་བཅུ་དྲུག་ཏུ་རབ་ཏུ་འདྲིས་པར་བྱ་བ་དང། དེའི་གང་བསངས་ཏུ ་འདྲིས་བར་བྱ་བ་གང་ཞེ་ན། དེ་མངར་ན་རྣམ་པ་བཞི་སྟེ། རེ་རེ་ནས་བགྲང་བ་དང། གཉིས་གཅིག་ཏུ་བགྲང་བ་དང། ལུགས་བཞིན་དུ་བགྲང་བ་དང། ལུགས་ལས་བཟློག་སྟེ་བགྲང་བ་དང། དེ་ལ་རེ་རེ་ནས་བགྲང་བ་གང་ཞེ་ན། གང་གི་ཚེ་དབུགས་ནང་དུ་ཞུགས་པར་གྱུར ་པ་དེ་ན། དབུགས་འབྱུང་བ་དང་རྡུབ་པ་ལ་དམིགས་པའི་དྲན་པས་གཅིག་ཅེས་བགྲང་བར་བྱེད་དོ། །གང་གི་ཚེ་དབུགས་རྡུབ་པ་འགགས་ནས། དབུགས་འབྱུང་བ་སྐྱེ་སྟེ་མེད་པར་གྱུར་པ་ན། དེའི་ཚེ་གཉིས་ཞེས་བགྲང་བར་བྱེད་དོ། །བགྲང་བའི་ཚུལ་དེ་ལྟ་བུས་རྣམ་པ ་བཅུའི་བར་དུ་བགྲངས་ཏེ། འདི་ནི་གཉིས་གཅིག་ཏུ་བགྲང་བའོ། །ལུགས་བཞིན་དུ་བགྲང་བ་གང་ཞེ་ན། གང་གོང་དུ་བཤད་པའི་རེ་རེ་ནས་བགྲང་བ་དང། གཉིས་གཅིག་ཏུ་བགྲང་བར་ཡང་རུང། རྗེས་བཞིན་དུ་བགྲང་བའི་བར་དུ་བགྲང་བར་བྱེད་པ་སྟེ། འདི་ནི་ལུགས ་བཞིན་དུ་བགྲང་བའོ། །ལུགས་ལས་ཟློག་སྟེ། བགྲང་བ་གང་ཞེ་ན། བཅུར་ཕྱིན་པ་དང། གཅིག་ཅེས་བགྲང་ངོ། །དགུ་ལ་གཉིས་ཞེས་བགྲང་ངོ། །བརྒྱད་ལ་གསུམ་ཞེས་བགྲང་བ་ནས་གཅིག་ལ་བཅུ་ཞེས་བྱ་བའི་རབ་ཏུ་བགྲང་སྟེ། འདི་ནི་ལུགས་ལས་བཟློག་པ་སྟེ། བགྲང་བའོ། །གང་གི་ཚེ ་རྣལ་འབྱོར་བ་དེས་རེ་རེ་ནས་བགྲང་བའམ། གཉིས་གཅིག་ཏུ་བགྲང་བའམ། ལུགས་བཞིན་དུ་བགྲང་བ་འམ། ལུགས་ལས་བཟློག་སྟེ། བགྲང་བ་ལ་རབ་ཏུ་གོམས་པར་བྱས་པས། དེའི་བསྐ་སུ་སེམས་མ་གཡེང་ཞིང། མི་གཡང་བ་ཁོ་ནར་བགྲང་ནུས་ན་དེའི་གོང་དུ ་བགྲང་བའི་ཁྱད་པར་གཞན་བགྲང་བར་བྱ་སྟེ། བགྲང་བའི་ཁྱད་པར་གཞན་གང་ཞེ་ན། རེ་རེ་ནས་འབྲང་བ་འམ། གཉིས་གཅིག་ཏུ་བགྲང་བ་བསྡོམས་ནས་གཅིག་ག་ཞེས་བགྲང་བར་བྱེད་དེ། དེ་ཉིད་གཅིག་ཏུ་བགྲང་བས་ནི་དབུགས་འབྱུང་བ་དང་རྫུ་མ་གཉིས ་བཞི་ལས་གཅིག་ཏུ་འགྲོའོ། །རེ་རེ་དེས་བགྲང་བས་ནི་དབུགས་འབྱུང་བ་དང་རྡུབ་པ་རེ་རེ་ནས་བགྲང་བར་བྱེད་དེ། དེ་གཉིས་གཅིག་ཏུ་བསྡོམས་ཏེ། བགྲང་བའི་ཚུལ་བཅུའི་བར་དུ་བགྲང་བར་བྱེད་དོ། །དེ་ལ་ཡང་གོམས་པར་བྱེད་ན་བཅུ་ཡང་ཅིག་ཏུ་བྱས་ནས། བགྲང་བ ་ལ་སྤེལ་ཏེ། བཅུའི་བར་དུ་བགྲང་བ་ནས། བརྒྱད་གཅིག་ཏུ་བྱས་ཏེ། བཅུའི་བར་དུ་བགྲང་བར་བྱེད་དོ། །གང་གི་ཚེ་བགྲང་བ་ལ་ཞུགས་པའི་རྣལ་འབྱོར་པས་བཅུ་གཅིག་ཏུ་བྱས་ནས། བགྲང་བའི་ཚུལ་བཅུའི་བར་དུ་རྫོགས་པར་བྱེད་ནུས་ལ། བར་དུ་སེམས་མ་གཡེང་ན ་དེ་ཙམ་གྱིས་བགྲང་བའི་ཚུལ་ལ་གོམས་པས་བྱས་པ་ཡིན་ན། །དེ་ལྟར་བ་བྱང་བ་ལ་ཞུགས་པ་ལས་གལ་ཏེ་སེམས་འཁྲུགས་སམ་གཡེངས་པར་གྱུར་ན། སླར་མགོ་ནས་བཟློག་སྟེ། གྲང་བ་བརྩམ་པར་བྱའོ། །ཕུང་པོ་ལ་འཇུག་པའི་བར་དུ་གོམས་པར་བྱ་བ་གང ་ཞེ་ན། རྣལ་འབྱོར་བ་སྦྱོང་བ་དེ་ལ་རྟེན་པ་མང་བ་དང། སྒམ་པ་མང་བ་དང། མང་དུ་བྱ་བ་དང། ལྡན་པས་ལུས་ཤིན་ཏུ་བྱ་བ་དང། སེམས་ཤིན་ཏུ་བྱང་བ་སྐྱེ་བར་འགྱུར་རོ། །དེ་ལུས་ཤིན་ཏུ་བྱང་བ་དང། སེམས་ཤིན་ཏུ་བྱང་བ་སྐྱེས་པས། སེམས་རྩེ་གཅིག་པ?་ལ? ་རག་ཅིང་དམིགས་པ་ལ་རྟག་ཏུ་སེམས་གནས་པར་དགའ་བར་འགྱུར་རོ། །དེ་ལྟ་བ་ཤིན་ཏུ་གོམས་པར་བྱས་པ་དེ་ཡུལ་དང་དབང་བ་དང་ཡུལ་རྣམས་ཀྱི་དངོས་པོ་ཡིད་ལ་བྱེད་པའི་ཚུལ་གྱིས། ཕུང་པོ་ལ་འཇུག་སྟེ། ཇི་ལྟར་འཇུག་ཅེ་ན། འདི་ལྟར་དབུགས་འབྱུང ་བ་དང། རྡུབ་པ་འདིའི་རྟེན་ནི་ལུས་ཡིན་ཏེ། དེ་ལུས་ལ་རྟེན་ཏེ་ཞེས་ཡིད་ལ་བྱེད་པས་ན། །ཕུགས་ཀྱི་ཕུང་པོ་ལ་ཞུགས་ཤིང་རྟོགས་པ་ཡིན་ནོ། །གང་དབུགས་འབྱུང་བ་དང་རྡུབ་པ་དེ་དག་ལ་དམིགས་པའི་དྲན་པས། དེ་ཉིད་ཀྱིས་མཚན་ཉིད་མཛད་པར་གཟང ་ཤིང་མྱོང་བ་ནི། ཚོར་བའི་ཕུང་པོ་ལ་ཞུགས་པ་ཡིན་ནོ། །དེ་ན་གང་ཀུན་ཏུ་ཤེས་པ་ཡོད་པ་དེའི་འདུ་ཤེས་ཀྱི་ཕུང་པོ་སྟེ་ཞེས་འདུ་ཤེས་ཀྱི་ཕུང་པོ་ལ་འཇུག་གོ་།གང་དེའི་ཚེ་དྲན་པ་ཡོད་པ་དང། ཏིང་ངེ་འཛིན་ཡོད་པ་དང། སེམས་པ་ཡོད་པ་དང། ཤེས་རབ་ཡོད་པ་ན ་འདུ་བྱེད་ཀྱི་ཕུང་པོའོ་ཞེས་འདུ་བྱེད་ཀྱི་ཕུང་པོ་ལ་འཇུག་གོ་།གང་དེའི་ཚེ་སེམས་དང་ཡིད་དང་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་ཕུང་པོའོ་ཞེས་རྣམ་པར་ཤེས་པའི་ཕུང་ལ་འཇུག་སྟེ། དེ་ལྟ་བཞུགས་པ་ནི་ཕུང་པོ་ལ་རབ་ཏུ ་གོམས་པ་ཞེས་བྱའོ། །གང་གི་ཚེ་རྣལ་འབྱོར་བ་དེས་ཕུང་པོ་ཙམ་དུ་མཐོང་ཞིང་རབ་ཏུ་ཤེས་པ་དང། འདུ་བྱེད་ཙམ་དང། དངོས་པོ་ཙམ་དུ་མཐོང་ཞིང་རབ་ཏུ་ཤེས་པ་དེའི་ཚེ་ན། ཕུང་པོ་དེ་དག་ཉིད་ལ་རྟེན་ཅིང་འབྲེལ་ཏེ། འབྱུང་བའི་མཚན་ཉིད་རབ་ཏུ་འཇུག་སྟེ། ་ཇི་ལྟར་འཇུག་ཅེ་ན། རྣལ་འབྱོར་པ་དེ་འདི་ལྟར་ཡོངས་སུ་ཆོལ་བར་བྱེད་དོ། །འདི་ལྟར་དབུགས་འབྱུང་བ་དང། རྡུབ་པ་འདི་ཅི་ལ་རྟེན། ཅིའི་རྐྱེན་ལས་བྱུང་ཞེས་བརྟགས་ན། དེས་འདི་ལྟར་ཁོང་དུ་ཆུད་པར་འགྱུར་ཏེ། དབུགས་འབྱུང་བ་དང། རྡུབ་པ ་འདི་ནི་ལུས་ལ་བརྟེན་པ། ལུས་ཀྱི་རྐྱེན་ལས་བྱུང་བ། སེམས་ལ་བརྟེན་པ། སེམས་ཀྱི་རྐྱེན་ལས་བྱུང་བའོ་ཞེས་རྟོགས་སོ། །ལུས་དང་སེམས་ཀྱང་ཅིའི་རྐྱེན་གྱིས་གནས་ཞེས་བརྟགས་ན། དེ་ཡང་ད་ལྟར་འཚོ་བའི་དབང་པོའི་རྟེན་གྱིས་གནས ་ཞེས་རྟོགས་སོ། །འཚོ་བའི་དབང་པོ་དེ་ཡང་ཅིའི་རྐྱེན་གྱིས་འབྱུང་ཞེས་བརྟགས་ན། དེ་ཡང་ཚེ་རབས་གཞན་གྱི་ལས་དགེ་བ་དང། མི་དགེ་བའི་འདུ་བྱེད་ཀྱིས་རྐྱེན་གྱིས་བྱུང་བར་རྟོགས་སོ། །སྔོན་གྱི་འདུ་བྱེད་ཅིའི་རྐྱེན་གྱི་བྱུང་ཞེས་བརྟགས་ན། ་དེ་ཡང་མ་རིག་པའི་རྐྱེན་གྱིས་བྱུང་བར་རྟོགས་ཏེ། དེ་ལྟར་ན་མ་རིག་པའི་རྐྱེན་གྱིས་ནི། སྔོན་དུ་འདུ་བྱེད་རྣམས་སྤྱོད་དོ། །སྔོན་གྱིས་འདུ་བྱེད་ཀྱི་རྐྱེན་གྱིས་ནི། ཚེའི་དབང་པོ། །ཚེའི་དབང་པོའི་རྐྱེན་ལས་ནི་ལུས་དང་རྣམ་པར་ཤེས་པའོ། །ལུས་དང་ ་སེམས་ཀྱི་རྐྱེན་ལས་ནི་དབུགས་འབྱུང་བ་དང་རྡུབ་པ་སྐྱེའོ། །དེ་ལམ་རིག་པ་འགགས་ན་འདུ་བྱེད་འགག་གོ་།འདུ་བྱེད་འགགས་ནས་ཚེའི་དབང་པོ་འགག་གོ་།ཚེའི་དབང་པོ་འགགས་ན་ལུས་དང་སེམས་འགག་གོ། ལུས་དང་སེམས་འགགས ་ན་དབུགས་འབྱུང་བ་དང་རྡུབ་པ་འགགས་ཏེ། དེ་ལྟར་ན་རྟེན་ཅིང་འདྲེལ་བར་འབྱུང་བ་ལ་ཞུགས་པར་འགྱུར་རོ། །ཇི་ལྟར་ན་བདེན་པ་ལ་ཞུགས་པ་ཀུན་ཏུ་འདིས་པར་བྱེད་ཅེ་ན། དེས་དེ་ལྟར་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལ་འདྲིས་པ་མང་དུ་བྱས་པས། འདུས་བྱས ་ཀྱི་ཆོས་དེ་དག་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་སྟེ་མི་རྟག་པའོ་ཞེས་ཁོང་དུ་ཆུད་དོ། །འདི་དག་མི་རྟག་པ་ཡིན་པས་ན། མེད་པ་ལས་སྐྱེ་ལ་སྐྱེས་ནས་ཀྱང་མེད་པར་འགྱུར་ཏེ། དེ་ལྟར་གྱུར་པ་དེ་ནི། སྐྱེ་བའི་ཆོས་ཅན་དང། རྒ་བའི་ཆོས་ཅན་དང། ན་བའི་ཆོས་ཅན་ནོ།། ་གང་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བའི་ཆོས་ཅན་དེ་དག་ནི་སྡུག་བསྔལ་བའོ། །གང་སྡུག་བསྔལ་བ་དེ་ནི་བདག་མེད་པ། རང་དབང་མེད་པ་བདག་པོ་མེད་པ་སྟེ། དེ་ལྟར་དེས་མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་བ་དང་བདག་མེད་པའི་རྣམ་པར་སྡུག་བསྔལ ་གྱི་བདེན་པ་ལ་ཞུགས་པར་འགྱུར་རོ། །དེ་ཡང་འདིའི་སྙམ་དུ་སེམས་ཏེ། སྡུག་བསྔལ་གྱི་འདུ་བྱེད་སྡུག་བསྔལ་བར་གྱུར་པ་དང། ནང་དུ་གྱུར་པ་དང། འབྲས་བུར་གྱུར་པ་སྟེ་སྐྱེད་པར་བྱེད་པའི་རྐྱེན་ནི་སྲང་བའོ་ཞེས་ཀུན་འབྱུང་གི་བདེན་པ་ལ་འཇུག་གོ། ་བ་སྡུག་བསྔལ་སྐྱེད་པར་བྱེད་པའི་སྤང་པ་དེ་ནི་མ་ལུས་པར་སྤངས་པ་ནི། ཞི་བ་གྱ་ནོམ་པ་སྟེ་ཞེས་འགོག་པའི་བདེན་པ་ལ་འཇུག་གོ་།གང་དེ་ལྟར་ཤེས་དེ་ལྟར་མཐོང། ད་ལྟར་ཁོང་དུ་ཆུང་བ་ནི། ལམ་གྱི་གདན་པ་ཡིན་ཏེ་ཞེས་ལམ་གྱི་བདེན ་པ་ལ་ཡང་འཇུག་སྟེ། དེ་ལྟར་ན་དེས་བདེན་པ་བཞི་ལ་ཞུགས་པ་ཡིན་ནོ། །རྣལ་འབྱོར་པ་དེ་ལ་བདེན་པ་བཞི་ལ་འདྲིས་པར་བྱས་པས། མཐོང་བས་སྤང་པར་བྱ་བའི་ཉོན་མོངས་པ་མ་ལུས་པར་སྤངས་ནས། དེ་བསྒོམ་པས་སྤང་བར་བྱ་བའི ་ཉོན་མོངས་པ་སྤང་བར་བྱ་བའི་ཕྱིར། རྣམ་པ་བཅུ་དྲུག་པ་རབ་ཏུ་འདྲིས་པར་བྱེད་དེ། རྣམ་པ་བཅུ་དྲུག་གང་ཞེ་ན། དྲན་བཞིན་དུ་དབུགས་འབྱུང་བ་ལ་དྲན་བཞིན་དུ་དབུགས་འབྱུང་བའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས ་ཞེས་བྱ་བ་ནས་བརྩམས་ཏེ། སོ་སོར་སྤོང་བར་ལྟ་བ་བཞིན་དུ་དབུགས་རྡུབ་པ་ལ་ཡང། སོ་སོར་སྤོང་བར་ལྟ་བ་བཞིན་དུ། དབུགས་རྡུབ་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་འདི་ནི། དགེ་སློང་དག་དབུགས་འབྱུང་བ ་དང་རྡུབ་པ་དྲན་པ་བཅུ་དྲུག་གོ་ཞེས་གང་མདོ་ལས་གསུངས་པའོ། །ཚིག་བཅུ་དྲུག་པོ་དང་བ། ཇི་ལྟར་རབ་ཏུ་དབྱེ་ཞེ་ན། གོང་དུ་བདེན་པ་བཞི་ལ་གོམས་པར་བྱས་པའི་སྐབས་སུ་བདེན་པ་བཞི་མཐོང་བའི་སློབ་པའི་གང་ཟག་དྲན་པ་ཉེ་བར་གཞག་པ ་བ་ཨི་ལ་དམིགས་པ་ཐོབ་པ་དེས། བསྒོམ་པས་སྤང་བར་བྱ་བའི་ཀུན་ནས་སྦྱོར་བ་ལྟག་མ་སྤང་བའི་ཕྱིར་དབུགས་འབྱུང་བ་དང་རྡུབ་པ་ཡིད་ལ་བྱེད་པ་རྩོམ་པར་བྱེད་དེ། ནམ་དབུགས་འབྱུང་བའི་དུས་ན། སེམས་མ་རྨོངས་པས་ཇི་ལྟར་འབྱུང ་བའི་མཚན་ཉིད་དྲན་པ་བཞིན་དུ་འབྱུང་བར་ཤེས་པ་ནི། དྲན་བཞིན་དུ་དབུགས་འབྱུང་བ་ལ་དྲན་བཞིན་དུ་དབུགས་འབྱུང་བའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཞེས་བྱའོ།། །།དབུགས་ནང་དུ་རྡུབ་པའི་དུས་ལ་གཡེང ་བ་མེད་པར་དྲན་པས། དེ་ཉིད་ལ་དྲན་བཞིན་དུ་དམིགས་སོ་ཞེས་ཤེས་པ་ན་ནི། དྲན་བཞིན་དུ་དབུགས་རྡུབ་པ་ལ་ཡང། དྲན་བཞིན་དུ་དབུགས་རྡུབ་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཞེས་བྱ་སྟེ། བཅུ་དྲུག་ལས་འདི་ནི་དང་པོའོ ་གང་གི་ཚེ་དབུགས་འབྱུང་བ་དང་རྡུབ་པ་ལ་དམིགས་པར་བྱེད་པ་དེའི་ཚེ་ན་ནི། དབུགས་འབྱུང་བ་རིང་པོ་ལ་དབུགས་འབྱུང་བ་རིང་པོའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དང། དབུགས་རིང་དུ་ཤེས་པ་དང། དབུགས་རིང་དུ་རྡུབ ་པ་ལ་ཡང་དབུགས་རིང་དུ་རྡུབ་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱ་སྟེ། འདི་ནི་གཉིས་པའོ། །གང་གི་ཚེ་དབུགས་འབྱུང་བའི་བར་དང་རྡུབ་པའི་བར་ཡིད་ལ་བྱེད་པ་ནི། དབུགས་འབྱུང་བ་ཐུང་ངུ་ཞེས་བྱ་བ་ནས། ་དབུགས་རྡུབ་པ་ཐུང་ངུ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱ་སྟེ། འདི་ནི་གསུམ་པའོ། །ཡང་ན་རྣལ་འབྱོར་པ་དབུགས་འབྱུང་བ་ལ་དམིགས་པ་ན། ལྟེ་བའི་ཕྱོགས་ནས་བརྩམས་ཏེ་དབུགས་བྱུང་ནས་ཁ་སྣའི་སྒོ་ནས། ཕྱིར་མཐོ་གང་དང་ཁྲུ་གང་དང ་འདོམ་གང་ལ་སོགས་པ་ཇི་སྲིད་དུ་འབྱུང་བ་ལ་དམིགས་པ་ནི། དབུགས་འབྱུང་བ་རིང་པོ་ལ་དབུགས་འབྱུང་བ་རིང་པོའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཏུ་ཤེས་པ་ཞེས་བྱའོ། ནམ་རྣལ་འབྱོར་པས་དབུགས་རྡུབ་པ་ལ་དམིགས་པའི་ཚེ། ཁ་སྣའི་སྒོ་ནས ་བརྩམས་ཏེ། ལྟེ་བའི་བར་དུ་དབུགས་ཇི་ལྟར་ཐུང་ངུ་སོང་བ་དམིགས་པ་ན་ནི། དབུགས་རིང་དུ་རྡུབ་པ་ཡང་དབུགས་རིང་དུ་རྡུབ་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱའོ། །ནམ་རྣལ་འབྱོར་པས་དབུགས་ཕྱིར་འབྱུང་བ་ལྟེ་བ་ནས ་བརྩམས་ཏེ། བྲང་གི་བར་དུ་བྱུང་ནས་ཆད་པ་ལ་དམིགས་བ་ན་ནི། དབུགས་འབྱུང་བ་ཐུང་ངུ་ལ་དབུགས་འབྱུང་བ་ཐུང་ངུ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱའོ། །ནམ་རྣལ་འབྱོར་པས་དབུགས་རྡུབ་པ་ན་ཡང་ཁ་སྣའི་སྒོ་ནས་མགྲིན ་པ་ལ་སོགས་པའི་བར་དུ་ཆད་པ་ལ་དམིགས་པ་ན་ནི། དབུགས་འབྱུང་བ་ཐུང་ངུ་ལ་དམིགས་པ་ཞེས་བྱའོ། །རྣལ་འབྱོར་པས་སུལ་དང་བུ་ག་རགས་པའི་དབུགས་འབྱུང་བ་ལ་དམིགས་པའི་ཚེ་ན་ནི། ལུས་སོ་སོར་ཤེས་བཞིན་དུ་དབུགས་འབྱུང་བ་ལ། ་ལུས་སོ་སོར་ཤེས་བཞིན་དུ་དབུགས་འབྱུང་བའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱའོ། །ནམ་རྣལ་འབྱོར་པ་དབུགས་རྡུབ་པའི་སུལ་དང་བུ་ག་རགས་པ་ལས་དབུགས་རྡུབ་པ་ལ་དམིགས་པའི་ཚེ་ན་ནི། ལུས་སོ་སོར ་ཤེས་བཞིན་དུ་དབུགས་རྡུབ་པ་ལས་ལུས་སོ་སོར་ཤེས་བཞིན་དུ་དབུགས་རྡུབ་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་པ་ཞེས་བྲུའོ། །དོན་དུ་ན་ལྟེ་བ་ནས་བརྩམས་ཏེ། རྒྱུ་མ་དང་ལོང་ག་དང་ཕོ་བ་ལ་སོགས་པ་ནས་དབུགས་ཕྱིར ་ཇི་ལྟར་འབྱུང་བ་ལ་དམིགས་པ་ནི། ལུས་སོ་སོར་ཤེས་བཞིན་དུ་དབུགས་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱའོ། །ནམ་ཁ་སྣའི་སྒོ་ནས་གྲ་བ་ལ་སོགས་པར་ཐུང་ངུ་རྒྱུ་ཞིང་? ་མ་དང། ལོང་ག་ལ་སོགས་པར་ཇི་ལྟར་ཞུགས་པ་ལ་དམིགས་པ་ན་ནི། ལུས་སོ་སོར་ཤེས་བཞིན་དུ་དབུགས་རྡུབ་པ་ཡང་དག་པ་ཇི་ལྟ་བ་བཞིན་གྲུབ་ཏུ་ཤེས་པ་ཞེས་བྱའོ། །འདི་ནི་བཞི་པ་ཞེས་བྱའོ། །ནམ་རྣལ་འབྱོར་པས་དབུགས ་འབྱུང་བ་འདི་ཡང་ལུས་ཀྱི་འདུ་བྱེད་དེ། ལུས་ལ་བརྟེན་ལུས་ལ་གནས་པར་ཤེས་ནས། དབུགས་འབྱུང་བ་ལུས་ལ་བརྟེན། ཇི་ལྟར་འབྱུང་བ་ལ་དམིགས་པའི་དུས་ན་མ་ནི། ལུས་ཀྱི་འདུ་ཤེས་སོ་སོར་ཤེས་བཞིན་དབུགས་འབྱུང་བ ་ལ། ལུས་ཀྱི་འདུ་ཤེས་སོ་སོར་ཤེས་བཞིན་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་ཞེས་བྱའོ། །ནམ་རྣལ་འབྱོར་པས་དབུགས་རྡུབ་པ་འདི་ཡང། ལུས་ཀྱི་འདུ་བྱེད་ལུས་ལ་རྟེན། ལུས་ལ་བརྟེན་ནས་རྡུབ་པར་ཤེས་ཏེ། ལུས་ལ་རྟེན་ནས ་དབུགས་ཇི་ལྟར་དུབ་པ་ལ་དམིགས་པའི་དུས་ན་ནི། ལུས་ཀྱི་འདུ་བྱེད་སོ་སོར་ཤེས་བཞིན་དབུགས་རྡུབ་པ་ལས། ལུས་ཀྱི་འདུ་བྱེད་སོ་སོར་ཤེས་བཞིན་དབུགས་རྡུབ་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ ་ཞེས་བྱའོ། །འདི་ནི་ལྔ་པའོ།། །།ནམ་རྣལ་འབྱོར་པ་སྤུ་དང་བ་སྤུ་ཁུང་བུ་ལ་སོགས་པ་སུལ་དང་བུག་པྲ་མོ་ནས་དབུགས་ཇི་ལྟར་འབྱུང་བ་ལ་དམིགས་པའི་དུས་ནི། ལུས་ཐམས་ཅད་སོ་སོར་ཤེས ་བཞིན་དུ་དབུགས་འབྱུང་བ་ལ། ལུས་ཐམས་ཅད་ལ་སོ་སོར་ཤེས་བཞིན་དུ་དབུགས་འབྱུང་བའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའོ།། །།ནམ་རྣལ་འབྱོར་པས་བ་སྤུ་ལ་སོགས ་པའི་བུ་དང་སུལ་ཕྲ་མོ་ནས་དབུགས་ཇི་ལྟར་ནང་དུ་འཇུག་པ་ལ་དམིགས་པའི་དུས་ན་ནི། ལུས་ཐམས་ཅད་སོ་སོར་ཤེས་བཞིན་དུ་དབུགས་རྡུབ་པ་ལ། ལུས་ཐམས་ཅད་ལ་སོ་སོར་ཤེས་བཞིན་དུ་དབུགས་རྡུབ་པའོ་ཞེས་ཡང་དག་པ་ཇི་ལྟ་བུ་བཞིན་དུ་རབ་ཏུ་ཤེས ་པ་ཞེས་བྱའོ། །འདི་ནི་དྲུག་པའོ།། །།རྣལ་འབྱོར་དབུགས་འབྱུང་བ་ཡང་འགགས། བར་གྱི་དབུགས་ཀྱང་འགགས་ཏེ། དབུགས་འབྱུང་བ་དང་རྡུབ་པ་གཞན་མ་བསྐྱེད་པའི་གནས་སྟོང་པ་ལ་དམིགས་ཤིང། དེ་ཁོང་དུ་ཆུད ་པར་གྱུར་པའི་དུས་ན་ནི། བདག་གི་ལུས་ཀྱི་འདུ་བྱེད་ཤིན་ཏུ་བྱང་བར་དབུགས་འབྱུང་བའོ། བདག་གིས་ལུས་ཀྱི་འདུ་བྱེད་ཤིན་ཏུ་བྱང་བར་དབུགས་འབྱུང་བའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱ་སྟེ། ཤིན་ཏུ་བྱང་བར ་ནི་དབུགས་འབྱུང་བ་དང་བྲལ་བའི་གནས་དང་དུས་ལ་བྱའོ། །ནམ་རྣལ་འབྱོར་པ་དབུགས་རྡུབ་པ་ཡང་འགགས། བར་གྱི་དབུགས་ཀྱང་འགགས་ནས། དབུགས་འབྱུང་བ་དང་རྡུབ་པ་གཞན་མ་སྐྱེས་པའི་དུས་སྟོང་པར་གྱུར་པ་ལ་དམིགས་པ་ནི། བདག ་གི་ལུས་ཀྱི་འདུ་བྱེད་ཤིན་ཏུ་བྱང་པར་དབུགས་རྡུབ་ལ་བདག་གི་ལུས་ཀྱི་འདུ་བྱེད་ཤིན་ཏུ་བྱང་བའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱ་སྟེ། འདི་ནི་བདུན་པའོ། །ཡང་ན་ཤིན་ཏུ་བྱང་བའི་དོན་ནི། དབུགས་འབྱིན་པ་དང། ་རྡུབ་པ་ལ་དམིགས་པས་ལུས་དང་སེམས་ལས་སུ་རུང་བར་བྱས་པས་ཤེས་པའོ། །ཡང་ན་དེས་གོང་དུ་བཤད་པའི་དབུགས་འབྱུང་བ་དང་རྡུབ་པ་དེ་དག་ལ་དམིགས་པ་བརྟེན་པ་མང་བ་དང། སྒོམ་པ་མང་བ་དང། མང་དུ་བྱས་པ་དང་ལྡན་པས། ་སྔོན་འདྲིས་བར་མ་བྱས་པའི་ཚེ། དབུགས་འབྱུང་བ་དང། རྡུབ་པ་ལས་དམིགས་པའི་ཚེ། སེམས་ཤ་ཐང་བ་དང། སྡུག་བསྔལ་བཞིན་དུ་དམིགས་པ་དང། དབུགས་འབྱུང་བ་དང། རྡུབ་པ་ཡང་རགས་པ་དང། སྤོམ་པོར་བྱུང་བ་འགགས་ནས། དེ་དང ་བྲལ་ཏེ་དེ་གོམས་པར་བྱ་བའི་མཐུས། དབུགས་ཀྱང་ཕྲད་རྒྱུ་ཞིང། དེ་ལ་དམིགས་པའི་སེམས་ཀྱང་ཤ་ཐང་བ་མེད་པར་བདེ་བའི་རེག་པ་དང་ལྡན་བཞིན་དུ། དམིགས་པ་འབྱུང་བ་སྟེ། དེ་བས་ན་བདག་གི་ལུས་ཀྱི ་འདུ་བྱེད་ཤིན་ཏུ་བྱང་བར་དབུགས་འབྱུང་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣལ་འབྱོར་པ་དེས་དེ་ལྟར་དབུགས་འབྱུང་བ་དང། རྡུབ་པའི་དྲན་པའི་སྦྱོར་བ་རབ་ཏུ་སྦྱར་བའི་སྟོབས་ཀྱི། གལ་ཏེ་བསམ་གཏན་དང་པོ་འམ། བསམ་གཏན ་གཉིས་པ་ཐོབ་པར་གྱུར་པ་དེ་ན། དཔུགས་འབྱུང་བ་དང། རྡུབ་པ་ལ་དམིགས་པའི་རྒྱུས་ཇི་ལྟར་བསམ་གཏན་དང་པོ་དང་གཉིས་པ་འཐོབ་པར་ཤེས་པ་ནི། འགའ་བ་སོ་སོར་ཤེས་བཞིན་དུ་དབུགས་འབྱུང་བ་ལ་ཞེས་བྱ་བ་ནས། དགའ་བ ་སོ་སོར་ཤེས་བཞིན་དུ་དབུགས་རྡུབ་བའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱའོ། །འདི་ནི་བརྒྱད་པའོ།། །།གལ་ཏེ་དེས་དགའ་བ་དང་བྲལ་བ་བསམ་གཏན་གསུམ་པའི་བདེ་བ་མྱོང་བར་གྱུར་པ ་དེའི་ཚེ་ན་ནི། བདེ་བ་སོ་སོར་ཤེས་བཞིན་དབུགས་འབྱུང་བ་ལ་ཞེས་བྱ་བ་ནས་བདེ་བ་སོ་སོར་ཤེས་བཞིན་དུ་དབུགས་རྡུབ་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱ་སྟེ། འདི་ནི་དགུ་པའོ།། །། ་བསམ་གཏན་བཞི་ཡན་ཆད་ཉེས་པ་བརྒྱད་དང་བྲལ་བ་ཡིན་པས། བསམ་གཏན་བཞི་ཡན་ཆད་ནི་དབུགས་འབྱུང་བ་དང་རྡུབ་བ་དྲན་པ་ལ་སྦྱོར་བ་མེད་དོ། །གལ་ཏེ་རྣལ་འབྱོར་པ་དེས་རྩ་བའི་བསམ་གཏན་དང་པོ་འམ་གཉིས་པ་འམ ་གསུམ་པ་ཐོབ་པར་གྱུར་ན། དེས་གདོན་མི་ཟ་བར་མི་ཐོབ་ཏུ་མི་རུང་བ་དང། བསམ་གཏན་དང་པོའི་ཉེར་བསྡོགས་ཀྱི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །དེ་ལ་ཏིང་ངེ་འཛིན་དེ་དག་ལ་བརྟེན་ནས། རང་གིས་སེམས་ཅི་དང་ཅི་བྱུང་བ ་དང། ཇི་ལྟ་ཇི་ལྟར་སྐྱེས་པ་ལ་རབ་ཏུ་རྟོག་པར་བྱེད་དེ། འདོད་ཆགས་དང་བཅས་པ་འམ། འདོད་ཆགས་དང་བྲལ་བ་འམ། ཞེ་སྡང་དང་བཅས་པ་འམ། ཞེ་སྡང་དང་བྲལ་བ་འམ། གཏི་མུག་དང་བཅས་པ་འམ། གཏི་མུག་དང་བྲལ་པ་འམ། བསྡུས་པ་འམ། ་གཡངས་པ་འམ། ཞུམ་པ་འམ། གཟེངས་མཐོས་པ་འམ། རྒོད་པ་འམ། མི་རྒོད་པ་འམ། ཞི་བ་འམ། མ་ཞི་བ་འམ། མཉམ་པར་བཞག་པ་འམ། མཉམ་པར་མ་བཞག་པ་འམ། ལེགས་པར་བསྒོམ་པ་འམ། ལེགས་པར་མ་བསྒོམ་པ་འམ། རྣམ ་པར་གྲོལ་བ་འམ། རྣམ་པར་མ་གྲོལ་བ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཁོང་དུ་ཆུད་ཅིང་ཤེས་པ་བྱུང་སྟེ། དབུགས་འབྱུང་བ་དང་རྡུབ་པ་ལ་དམིགས་པའི་ཚེ། སེམས་ཀྱི་ངོ་བོ་ཅི་འདྲ་བ་འབྱུང་བར་ཤེས་པ་ནི། སེམས་སོ་སོར་ཤེས་བཞིན་དུ ་དབུགས་འབྱུང་བའོ་ཞེས་བྱ་བ་ནས། སེམས་སོ་སོར་ཤེས་བཞིན་དུ་དབུགས་རྡུབ་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའོ་ཞེས་བྱ་སྟེ། འདི་ནི་བཅུ་པའོ།། །།རྣལ་འབྱོར་པ་སེམས་ལ་བརྟེན་ནས་དབུགས་འབྱུང ་བར་འགྱུར་པ་ལས་སེམས་ལ་བརྟེན་ནས། དབུགས་ཇི་ལྟར་འབྱུང་བ་ལ་དམིགས་པའི་ཚེ་ན་ནི། སེམས་ཀྱི་འདུ་བྱེད་སོ་སོར་ཤེས་བཞིན་དབུགས་འབྱུང་བ་ལ། སེམས་ཀྱི་འདུ་བྱེད་སོ་སོར་ཤེས་བཞིན་དུ་དབུགས་འབྱུང་བའོ་ཞེས་ཡང་དག་པ་ཇི་ལྟ ་བ་བཞིན་རབ་ཏུ་ཤེས་པ་ཞེས་བྱའོ། །དབུགས་རྡུབ་བ་ཡང་སེམས་ལ་བརྟེན་ནས་དབུགས་རྡུབ་པ་སྟེ། སེམས་ལ་བརྟེན་ནས་དབུགས་ཇི་ལྟར་རྡུབ་པ་སྟེ། སེམས་ལ་བརྟེན་ནས་དབུགས་ཇི་ལྟར་རྡུབ་པ་ལ་དམིགས་པའི་དུས་ན་ནི། སེམས་ཀྱི་འདུ་བྱེད་སོ་སོར ་ཡང་དག་པར་ཤེས་བཞིན་དབུགས་རྡུབ་པ་ལ། །སེམས་ཀྱི་འདུ་བྱེད་སོ་སོར་ཡང་དག་པར་ཤེས་བཞིན་དབུགས་རྡུབ་པའོ། །ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ཞེས་བྱ་སྟེ། འདི་ནི་བཅུ་གཅིག་པའོ། །དེ་ལ་དེས་དགའ་བ་སོ་སོར་མྱོང ་བར་གྱུར་པའམ། བདེ་བ་སོ་སོར་མྱོང་བར་གྱུར་པས། གལ་ཏེ་བརྒྱ་ལ་ཞིག་དྲན་པ་རྨོངས་པའི་དུས་རྒྱུས་བདག་ཅེའམ། བདག་ནི་བདག་གི་ཞེ་འམ། བདག་གི་འབྱུང་བར་འགྱུར་ཞེའམ་འབྱུང་བར་མི་འགྱུར་ཞེའམ། གཟུགས་ཅན་དུ་འགྱུར་ཞེའམ། ་གཟུགས་མེད་པར་འགྱུར་ཞེའམ། འདུ་ཤེས་ཅན་ནམ། འདུ་ཤེས་མེད་པར་འམ། འདུ་ཤེས་མེད་མིན་དུ་འགྱུར་ཞེས་རྨོངས་པའི་འདུ་ཤེས་ཀྱིས་སེམས་གཡོ་བ་བྱུང་ན། མྱུར་དུ་མྱུར་བར་ཤེས་རབ་ཀྱིས་རྟོགས་པར་བྱས་ནས། དབུགས་འབྱུང་བ་དང་རྡུབ ་པ་གཉིས་ལ་དམིགས་ཏེ། རྟོགས་པ་ཐ་དད་གནས་པར་མི་བྱེད་ཅིང་རབ་ཏུ་སྤོང་བ་ལ་སེལ་བར་བྱེད་དེ་དེ་ནི་བདག་གི་སེམས་ཀྱི་འདུ་བྱེད་ཤིན་ཏུ་བྱང་བར་དབུགས་འབྱུང་བ་ཞེས་བྱ་བ་ནས། བདག་གི་སེམས་ཀྱི་འདུ་བྱེད་ཤིན་ཏུ་བྱེད་པར་དབུགས་རྡུབ་པ ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་ཞེས་བྱ་སྟེ། འདི་ནི་བཅུ་གཉིས་པའོ།། །།དེ་ལྟར་སྒོམས་པ་ལས། གལ་ཏེ་གཉིད་དང་རྨོངས་པའི་སྒྲིབ་པས་སེམས་ནོན་པར་གྱུར་ཏེ། སེམས་མི་གསལ་བར་གྱུར་པ་ན། སེམས་དག་པ་དང་། ་གསལ་བར་གྱུར་པའི་དམིགས་པ་འགའ་ཞིག་ལ་དམིགས་ནས། སེམས་གཟེངས་བསྟོད་པ་དང། དགའ་བར་བྱ་སྟེ། ཡང་དམིགས་པ་ཕྱི་ནང་དུ་རྒྱུ་བ་དམིགས་པའི་ཚེ་ན་ནི། བདག་གི་མངོན་པར་དགའ་སྟེ། དབུགས་རྡུབ་བའོ་ཞེས་ཡང་དག་པ་ཇི ་ལྟ་བ་བཞིན་རབ་ཏུ་ཤེས་པ་ཞེས་བྱ་སྟེ། འདི་ནི་བཅུ་གསུམ་པའོ།། །།དེ་ལྟར་དམིགས་པ་དེ་ལ་བསྟེན་པ་མང་བ་དང། སྒོམ་པ་དང། དབུགས་ཕྱི་ནང་དུ་རྒྱུ་བ་ལ་དམིགས་པ་ཉིད་ལ་མང་དུ་བྱ་བ་མང་བས། རྨུགས་དང་རྒོད་པ་ལ་སོགས ་པའི་སྒྲིབ་པ་མངོན་དུ་རྒྱུ་བ་རྣམས་རིང་དུ་བྱས་བར་གྱུར་ཏེ་བདག་གི་སྒྲིབ་པ་རྣམས་བསལ་ཅེས་པ་ནི། བདག་གི་སེམས་རྣམ་པར་གྲོལ་ཏེ་དབུགས་འབྱུང་བ་ཞེས་བྱ་བ་ནས། བདག་གི་སེམས་རྣམ་པར་གྲོལ་ཏེ་དབུགས་རྡུབ་པའོ་ཞེས ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཞེས་བྱ་སྟེ། འདི་ནི་བཅུ་བཞི་པའོ།། །།གལ་ཏེ་དེ་ལྟར་བསྒོམ་པའི་ཚེ་རྒོད་པའི་སྒྲིབ་པ་དང། ཐེ་ཚོམ་གྱི་སྒྲིབ་པས་བསྒྲིབས་པར་གྱུར་པ་མཐོང་ན་དབུགས་འབྱུང་བ་དང་རྡུབ་པ་གཉིས་ལས་དམིགས་ནག། སེམས ་མངོན་པར་བསྡུས་ཏེ་ནང་དུ་འཇོག་པར་བྱེད་ཅིང་ཞི་བར་བྱེད། སེམས་རྩེ་གཅིག་ཏུ་འཇོག་པའི་དུས་ན་ནི། བདག་གི་སེམས་མཉམ་པར་བཞག་སྟེ་དབུགས་འབྱུང་བ་ལ། ཞེས་བྱ་བ་ནས། བདག་གི་སེམས་མཉམ་པར་བཞག་སྟེ། དབུགས་རྡུབ་པའོ་ཞེས་ཡང ་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱ་སྟེ། འདི་ནི་བཅོ་ལྔ་པའོ།། །།དེ་སྒྲིབ་པ་རྣམས་ལ་སེམས་རྣམ་པར་གྲོལ་བར་གྱུར་པ་དང། ལྷག་མ་ལས་བསྒོམ་པའི་བར་དུ་གཅོད་པར་བྱེད་པའི་བག་ལ་ཉལ་ལྷག་མ་ལུས་པར་གྱུར་ཏེ། དེ་དག་སྤང ་བར་བྱ་བའི་ཕྱིར་བདེན་པ་བཞི་བསྒོམ་པའི་ལམ་མངོན་དུ་བྱེད་དོ། །དེ་ཡང་འདི་ལྟར་བྱེད་དེ། འདུ་བྱེད་རྣམས་མི་རྟག་པའི་ཆོས་སོ་ཞེས་སྡུག་བསྔལ་གྱི་དང་པོར་རྟོག་སྟེ། དེ་བས་ན། དེ་བཞིན་དུ་མི་རྟག་པར་ལྟ་བ་དང། ཞེས་གསུངས་སོ། །རྣལ་འབྱོར་པ་ངེས་སྔར ་བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པ་ལ་བརྟེན་པ་དང། མི་ཐོབ་ཏུ་མི་རུང་བ་ལ་བརྟེན་ནས། ཞི་གནས་ལ་གོམས་པར་བྱས་སོ། །དེ་ནི་མི་རྟག་པ་དང་རྗེས་སུ་མཐོང་བས་ན། ལྷག་མཐོང་གོམས་པར་བྱེད་པ་ཡིན་ནོ། །དེ་ལྟར་དེའི་སེམས་ནི། ཞི་གནས ་དང་ལྷག་མཐོང་ལ་གོམས་པར་བྱས་པས། དེའི་འོག་ཏུ་ཁམས་གསུམ་ལ་མོས་པར་བྱེད་དོ། །ཁམས་གསུམ་ནི་འདོད་ཆགས་དང་བྲལ་བའི་ཁམས་དང། འགོག་པའི་ཁམས་དང། སོ་སོར་སྤོང་བའི་ཁམས་སོ། །དེ་ལ་སྒོམ་པས་སྤོང་བར་བྱ་བའི་འདུ་བྱེད ་ཐམས་ཅད་སྤངས་པ་ལ་མོས་པ་ནི། འདོད་ཆགས་དང་བྲལ་བར་ལྟ་བའོ། །ཕུང་པོ་ཐམས་ཅད་སྤངས་པ་ལ་མོས་པ་ནི། འགོག་པ་ལ་ལྟ་བའོ། །མཐོང་བས་སྤང་བར་བྱ་བའི་འདུ་བྱེད་ཐམས་ཅད་སྤང་བ་ལ་མོས་པ་ནི། སོ་སོར་སྤོང་བར་ལྟ་བ་ཞེས ་བྱ་བ་སྟེ། དབུགས་འབྱུང་བ་དང་རྡུབ་བའི་ཚེ་དེ་ལྟར་རྨོངས་པ་སྐྱེས་པ་ནི། དབུགས་འབྱུང་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པར་བྱས་ནས། སོ་སོར་སྤོང་བར་ལྟ་བ་བཞིན་དུ་དབུགས་རྡུབ་པའོ་ཞེས་ཡང་དག ་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱའོ། །ཡང་ན་སྡུག་བསྔལ་གྱི་ཕུང་པོ་ལ་འཇིག་པའི་ཆོས་ཅན་དུ་ལྟ་བ་ནི་མི་རྟག་པར་ལྟ་བའོ། །ཀུན་འབྱུང་བ་ལ་སྤང་བར་བྱ་བའི་ཆོས་ཅན་དུ་ལྟ་བ་ནི། འདོད་ཆགས་དང་བྲལ་བར་ལྟ་བའོ། །འགོག་པ ་ལ་མངོན་དུ་བྱ་བའི་ཆོས་ཅན་དུ་ལྟ་བ་ནི། འགོག་པར་ལྟ་བའོ། །ལམ་གྱི་བདེན་པ་ནི་ཉོན་མོངས་པ་སྤོང་བར་བྱེད་པའོ་ཞེས་ལྟ་བ་ནི། སོ་སོར་སྤོང་བར་ལྟ་བ་ཞེས་བྱའོ། །དབུགས་ཕྱི་ནང་དུ་རྒྱུ་བ་བཅུ་དྲུག་བསྒོམ་པ་བསྟན་པའི་མཇུག་བསྡུ ་བའི་ཕྱིར། དགེ་སློང་དག་དབུགས་འབྱུང་བ་དང་རྡུབ་པ་དྲན་པ་བཅུ་དྲུག་གོ་ཞེས་བྱ་བ་གསུངས་སོ།། །།དབུགས་ཕྱི་ནང་དུ་རྒྱུ་བ་བཅུ་དྲུག་བསྟེན་པའི་འོག་ཏུ། རྒྱུན་ཏུ་ཞུགས་པའི་ཡན་ལག་བཞི་བསྟན་ཏེ། ཇི་ལྟར་བསྟན་པ་བཞིན ་དུ་བཤད་པར་བཞེད་ནས། དེ་ལ་རྒྱུན་ཏུ་ཞུགས་པའི་ཡན་ལག་བཞི་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་རྒྱུན་ཅེས་བྱ་བ་ནི་འཕགས་པའི་ལམ་ལ་བྱ་སྟེ། ཆུ་བོའི་རྒྱུན་རྒྱ་མཚོར་འཇུག་པ་བཞིན་དུ། ལམ་ངེས་ཀྱང་མྱ་ངན ་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པས་ན། ལམ་ནི་རྒྱུན་ཏོ། །ལམ་དེར་ཞུགས་པ་འམ། ལམ་དེ་ཐོབ་པ་ནི་རྒྱུན་ཏུ་ཞུགས་པ་སྟེ། ལམ་གྱི་གྲོགས་སུ་གྱུར་པའི་ཆོས་བཞི་ལ་ནི། རྒྱུན་ཏུ་ཞུགས་པའི་ཡན་ལག་བཞི་ཞེས་བྱ་སྟེ། འཕགས་པ ་རྣམས་ཀྱིས་ཀུན་ཏུ་རིག་པའི་དད་པ་བཞི་ཞེས་ཀྱང་བྱའོ། །དེ་ལ་འཕགས་པའི་ཉན་ཐོས་བཅོམ་ལྡན་འདས་དེ་ཡང་ཞེས་བྱ་བ་ནས། སངས་རྒྱས་ལ་རྗེས་སུ་ཤེས་ནས། དད་པ་དང་ལྡན་པ་ཡིན་ནོ། །ཞེས་བྱ་བའི་བར་དུ་ནི། རྒྱུན་ཏུ་ཞུགས་པའི ་ཡན་ལག་དང་པོའོ། །བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་ལེགས་པར་གསུངས་པ། ཞེས་བྱ་བ་ནས། དམ་པའི་ཆོས་ལ་དད་པ་དང་ལྡན་པ་ཡིན་ནོ། །ཞེས་བྱ་བ་ཡན་ཆད་ནི། རྒྱུན་ཏུ་ཞུགས་པའི་ཡན་ལག་གཉིས་པའོ། །བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཀྱི་དགེ ་འདུན་ཞེས་བྱ་བ་ནས། སྐྱེས་བུ་གང་ཟག་བརྒྱད་རྣམས་སོ་ཞེས་བྱ་བ་ཡན་ཆད་ཡན་ལག་གསུམ་པའོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་དང་དད་པ་ཕུན་སུམ་ཚོགས་པ་དང། ཞེས་བྱ་བ་ནས། མཁས་པས་མ་སྨད་པའི་འཕགས་པ་འདོད་པའི ་ཚུལ་ཁྲིམས་དང་ལྡན་པ་ཡིན་ཏེ། ཞེས་བྱ་བ་ཡན་ཆད་ཡན་ལག་བཞི་པའོ། །འཕགས་པ་ཉན་ཐོས་ཞེས་བྱ་བ་ལ་འདོད་ཆགས་སྤང་བ་དང། ཞེ་སྡང་སྤང་བ་དང། གཏི་མུག་སྤང་བ་ལ་ཞུགས་པའི་རྒྱུན་ཏུ་ཞུགས་པ་ལ་སོགས་པ་ལ། སློབ་པའི་གང་ཟག་རི་རྣམས ་དང། འདོད་ཆགས་དང། ཞེ་སྡང་དང། གཏི་མུག་སྤངས་པ་དང། དགྲ་བཅོམ་པ་མི་སློབ་པའི་འབྲས་བུ་ལ་གནས་པ་དེ་དག་ནི། འཕགས་པའི་ཉན་ཐོས་ཏེ། ཉན་ཐོས་ཀྱི་དོན་ནི་བདེན་པ་མཐོང་བར་བྱ་བ་གཞན་གྱི་ལུང་དང་མན་ངག་མཉམ་པ་ལ་ངག་ལུས་པས་ཉན་ཐོས་སོ ་དེ་དག་ཚོས་བཞི་ལ་དད་པ་མི་ཕྱེད་པ་སྐྱེའོ་ཞེས་བྱ་བར་སྦྱར་རོ། །རྒྱུན་ཏུ་ཞུགས་པའི་ཡན་ལག་དང་པོ་བསྟན་པའི་ཕྱིར། བཅོམ་ལྡན་འདས་དེ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡན་ལག་དང་པོས་མདོར་བསྡུས་ན། རྣམ་པ་དྲུག་བསྟན་ཏེ་བགེགས་བཅོམ ་པ་དང། སྟོན་པ་ཕུན་སུམ་ཚོགས་པ་དང། གང་གིས་དེ་ཐོབ་པ་དང། ཇི་ལྟར་གཤེགས་པ་དང། སྟོན་པའི་ལས་དང། གང་དག་གིས་ཡོངས་སུ་བཟུང་བ་བསྟན་ཏོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི། བགེགས་བཅོམ་པ་བསྟན་ཏེ། དེ་ལ་དགགས་ནི། བླ་ན་མེད ་པའི་བྱང་ཆུབ་ཐོབ་པར་བྱེད་པའི་བར་ཆད་བྱེད་པ་བདུད་སྡིག་ཅན་དང། མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ན། བདུད་སྡིག་ཅན་དང། དེའི་འཁོར་དུ་གཏོགས་པ་འདོད་པའི་ཁམས་ཀྱི་ལྷའི་བུ་འཁོར་དང་བཅས་པ་རྣམས་བཅོམ་པས་ན། བཅོམ ་ལྡན་འདས་སོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ནས། སྟོན་པ་ཕུན་སུམ་ཚོགས་པར་བསྟན་ཏེ། དེ་ཡང་ཇི་ལྟ་བ་བཞིན་དུ་སྨྲ་བ་དང། ཡང་དག་པར་སྒྲུབ་པར་བྱེད་པ་སྟེ། རྣམ་པ ་གཉིས་གྱིས་སྟོན་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ལ་དེ་བཞིན་གཤེགས་པ་ཞེས་བྱ་བས། ཇི་ལྟ་བ་བཞིན་དུ་སྨྲ་བ་བསྟན་ཏེ། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་མ་ནོར་པའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི། སྟོན་པ་འམ། སྨྲ་བ ་འམ། གསུང་པ་སྟེ། དངོས་པོ་རྣམས་ཀྱི་དོན་འཕགས་པའི་བདེན་པ་བཞི་ཇི་ལྟར་གནས་པ་དེ་བཞིན་དུ། གསུང་ཞིང་འཆད་པས་ན་དེ་བཞིན་གཤེགས་པའོ། །ཡང་དག་པར་སྒྲུབ་པར་བྱེད་པ་ཡང་རྣམ་པ་གཉིས་ཏེ། སྤངས་པ་ཕུན་སུམ་ཚོགས་པར ་བསྒྲུབ་པ་དང། ཡེ་ཤེས་ཕུན་སུམ་ཚོགས་པར་བསྒྲུབ་པའོ། །དེ་ལ་དགྲ་བཅོམ་པ་ཞེས་བྱ་བས་སྤངས་པ་ཕུན་སུམ་ཚོགས་པ་བསྒྲུབ་པ་བསྟན་ཏེ། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་མཐོང་བ་དང། བསྒོམ་པས་སྤང་བར་བྱ་བའི་ཆོས ་རྣམས་སྤངས་པས་ན་དགྲ་བཅོམ་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བས་ཡེ་ཤེས་ཕུན་སུམ་ཚོགས་པ་བསྒྲུབ་པ་བསྟན་ཏེ། ཡང་དག་པར་ནི་མ་ནོར་པར་རམ་ཕྱིན་ཅི་མ་ལོག་པར་རོ། །རྫོགས་པར་ནི་མ་ལུས་པར་རོ། །སངས ་རྒྱས་ནི་མཁྱེན་པ་སྟེ། ཡང་དག་པར་སངས་རྒྱས་པ་དང། རྫོགས་པར་སངས་རྒྱས་ཞེས་སྦྱར་རོ། །དོན་དུ་བསྡུས་ན་ཇི་སྙེད་མཁྱེན་པར་བྱ་བའི་ཡུལ་ཕུང་པོ་དང། ཁམས་ལ་སོགས་པ་མ་ལུས་པར་མཁྱེན་ཅིང། དེ་ཡང་མི་རྟག་པ་དང། སྡུག ་བསྔལ་བ་དང། སྟོང་པ་དང་བདག་མེད་པར་ཕྱིན་ཅི་མ་ལོག་པར་མཁྱེན་པའི་མེ་ཤེས་དང་ལྡན་པས་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། །ཡང་ན་རྣམ་པ་གསུམ་གྱིས་སྟོན་པ་ཕུན་སུམ་ཚོགས་པར་སྟོན་ཏེ། རྣམ་པ་གསུམ ་ནི་ཕྱིན་ཅི་མ་ལོག་པར་སྨྲ་བ་དང། ཉོན་མོངས་པ་མེད་པ་དང། ཤེས་བྱ་བརྗོད་པར་བྱ་བ་ཇི་སྙེད་ཡོད་པ་ཐུགས་སུ་ཆུད་པའོ། །དེ་ལ་དེ་བཞིན་གཤེགས་པ་ཞེས་བྱ་བས། ཕྱིན་ཅི་མ་ལོག་པར་སྨྲ་བ་བསྟན་ཏེ། ཤེས་བྱའི་དངོས་པོ་ཇི་ལྟར་གནས་པ་དེ་བཞིན་དུ་གསུང ་པའི་ཕྱིར་དེ་བཞིན་གཤེགས་པའོ། །དགྲ་བཅོམ་པ་ཞེས་བྱ་བས་ཉོན་མོངས་པ་མེད་པ་བསྟན་ཏེ། ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པ་དགྲ་ལྟ་བུར་གྱུར་པ་སྤངས་པའི་ཕྱིར། ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བས། ཤེས་བྱ་བརྗོད་པར་བྱ་བ་ཇི ་སྙེད་ཡོད་པ་ཐུགས་སུ་ཆུད་པ་བསྟན་ཏེ། ཇི་སྙེད་དུ་ཤེས་པར་བྱ་བ་ཡོད་པའི་དངོས་པོ་ཐམས་ཅད་མ་ལུས་པ་དང། ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པའི་ཕྱིར་རོ། །རིག་པ་དང་རྐང་པར་ལྡན་ཞེས་བྱ་བས། གང་གིས་གཤེགས་པ་བསྟན་ཏེ། དོན་དུ་ཡང་དག ་པའི་ལྟ་བ་ལ་སོགས་པ་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱིས་མྱ་ངན་ལས་འདས་པའི་གནས་སུ་གཤེགས་སོ་ཞེས་བྱ་བའི་དོན་ཏོ། །འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ལ། ཡང་དག་པའི་ལྟ་བ་ལ་རིག་པ་ཞེས་བྱ་སྟེ། ཡང་དག་པའི་ལྟ་བས ་འཕགས་པའི་བདེན་པ་བཞི་ཡང་དག་པ་ཇི་ལྟ་བ་བཞིན་དུ། ཤེས་པ་ཡིན་པའི་ཕྱིར་རོ། །ཡང་དག་པའི་རྟོག་པ་ལ་སོགས་པ་ཡན་ལག་ལྷག་མ་བདུན་རྣམས་ལ་ནི་རྐང་པ་ཞེས་བྱ་སྟེ། དོན་དུ་ན་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ཀྱིས་མྱ་ངན་ལས ་འདས་པའི་གནས་སུ་སོང་ངོ་ཞེས་བྱ་བའི་དོན་ཏོ། །འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ལས་ཡང་དག་པའི་ལྟ་བ་ནི་རིག་པར་བཤད་ལ། ཡན་ལག་ལྷག་མ་རྣམས་ཅིའི་ཕྱིར་རྐང་པར་བཤད་ཅེ་ན། དཔེར་ན་མིག་མེད་དེ་མ་མཐོང་བ་དང། རྐང་པ ་མེད་དེ་འགོ་མི་ནུས་པས་གང་ཡང་མི་ཕྱིན་གྱི་མིག་གིས་མཐོང་ལ་རྐང་པ་ཡོད་ན། གདོང་འགྲོ་ནུས་པ་བཞིན་དུ། ཡང་དག་པའི་ལྟ་བས་བདེན་པ་བཞི་མཐོང་ལ། ཇི་ལྟར་མཐོང་བ་བཞིན་དུ། ཡན་ལག་ལྷག་མ་རྣམས་ཀྱིས་བསྒྲུབས་ན། གདོང་མྱ ་ངན་ལས་འདས་པར་ཕྱིན་པར་བྱེད་པའི་ཕྱིར་རོ། །ཡང་ན་བསླབ་པ་གསུམ་སྟེ། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང། ལྷག་པའི་སེམས་ཀྱི་བསླབ་པ་དང། ལྷག་པའི་ཤེས་རབ་ཀྱི་བསླབ་པའོ། །དེ་ལ་ལྷག ་པའི་ཤེས་རབ་ཀྱིས་བསླབ་པ་ལ་ནི། རིག་པ་ཞེས་བྱའོ། །ལྷག་པའི་སེམས་ཀྱི་དང། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་ནི། རྐང་པ་ཞེས་བྱ་བ་དོ། དེ་ལྟར་བསླབ་པ་གསུམ་གྱིས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་སོང་ངོ་ཞེས ་བསྟན་པ་ཡིན་ནོ། །བརྒལ་བ་དང། གསུང་རབ་གཞན་ལས་ནི་ཚུལ་ཁྲིམས་ལ་བརྟེན་ནས། ཏིང་ངེ་འཛིན་འགྲུབ། ཏིང་ངེ་འཛིན་ལ་བརྟེན་ནས་ཤེས་རབ་འགྲུབ་སྟེ། དེ་བས་ན་ཚུལ་ཁྲིམས་དང་པོར་སྨོས། དེའི་འོག་ཏུ་ཏིང་ངེ་འཛིན། དེའི ་འོག་ཏུ་ཤེས་རབ་བསྟན་ན། འདིར་ཅིའི་ཕྱིར་ཤེས་རབ་དང་པོར་སྨོས། སྨྲས་པ། ཤེས་རབ་ཀྱིས་ཡོངས་སུ་ཟིན་ན་ནི། ཚུལ་ཁྲིམས་དང་ཏིང་ངེ་འཛིན་ཡོངས་སུ་དག་པར་འགྱུར་གྱི། ཤེས་རབ་མེད་པའི་ཚུལ་ཁྲིམས་དང། ཏིང་ངེ་འཛིན ་དག་པར་མི་འགྱུར་བས་ཤེས་རབ་སྔར་སྨོས་སོ། །དཔེར་ན་མིག་གིས་བལྟས་ནས་རྐང་པས་འགྲོ་བ་བཞིན་དུ། ཤེས་རབ་མིག་དང་འདྲ་བས་བརྟགས་ནས། ཚུལ་ཁྲིམས་དང་ཏིང་ངེ་འཛིན་རྐང་བ་ལྟ་བུར་གྱུར་པས། འགྲོ་བར་བྱེད ་པས་ན། བསླབ་པ་གསུམ་ལ་རིག་པ་དང་རྐང་པར་ལྡན་པ་ཞེས་བྱའོ། །ཡང་ན་མི་སློབ་པའི་རིག་པ་གསུམ་ལ་རིག་པ་ཞེས་བྱ་བ་སྟེ། རིག་པ་གསུམ་ནི་སྔོན་གྱི་གནས་ཤེས་བའི་རིག་པ་ཞེས་བྱ་བ་དང། འཆི་འཕོ་ཤེས་པའི་རིག ་པ་དང། ཟག་པ་ཟད་པ་ཤེས་པའི་རིག་པའོ། །ཞབས་ནི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང། མངོན་པར་ཤེས་པ་དང་ལྷག་མ་རྣམ་པ་གསུམ་སྟེ། སེམས་ཀྱི་རྣམ་གྲངས་ཤེས་པ་དང། འཕྲུལ་གྱི་མིག་དང། འཕྲུལ་གྱི་རྣམ་སྟེ། ་ཆོས་ལྔ་ལ་ཞབས་ཞེས་བྱའོ། །དེ་ལྟར་རིག་པ་གསུམ་ལ་སོགས་པ་སྟོན་པ་ཕུན་སུམ་ཚོགས་པ་བརྙེས་སོ། །ཞེས་བསྟན་པ་ཡིན་ནོ། །འདི་ཡན་ཆད་དུ་བཅོམ་ལྡན་འདས་བདག་གི་དོན་ཕུན་སུམ་ཚོགས་པ་དང་རྒྱུ་དང་བཅས་པ་བསྟན་པ་ཡིན་ཏེ། བཅོམ་ལྡན་འདས་ཞེས ་བྱ་བ་ནས། རྫོགས་པའི་སངས་རྒྱས་ཞེས་བྱ་བས་བདག་གི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །རིག་པ་དང་རྐང་པར་ལྡན་པས་དེའི་རྒྱུ་བསྟན་ཏོ། །བདེ་བར་གཤེགས་པ་ཞེས་བྱ་བས་ཇི་ལྟར་གཤེགས་པ་བསྟན་ཏོ། དེ་ལ་རིམས་ནད་ཤིན་ཏུ་བྱང་བ་སླར ་མི་ལྡོག་པ་བཞིན་དུ། སླར་འཁོར་བར་ལྡོག་པ་མེད་པར་ཤིན་ཏུ་གཤེགས་པས་ན་བདེ་བར་གཤེགས་པའོ། །ཡང་ན་མར་གྱིས་གང་བའི་བུམ་པ་བཞིན་དུ་ཤེས་བྱ་ཇི་སྙེད་ཐུགས་སུ་ཆུད་པར་བྱ་བ་མ་ལུས་པར་ཐུགས་སུ་ཆུད་ལ། སྒྲིབ་པ་ཇི ་སྙེད་སྤང་བར་བྱ་བ་ཀུན་མ་ལུས་པར་སྤངས་ཏེ། ཇི་སྲིད་དུ་ཕྱིན་པར་བྱ་བ་ལེགས་པར་གཤེགས་པས་ན། བདེ་བར་གཤེགས་པ་ཞེས་བྱའོ། །བཤད་པ་གཉིས་ཀྱིས་མདོར་ན། བཅོམ་ལྡན་འདས་ཕྱི་རོལ་པའི་དོན་དང་འདོད་ཆགས་དང ་བྲལ་བ་རྣམས་དང། དེ་ལས་གཞན་དགྲ་བཅོམ་པ་རྣམས་ལས་ཁྱད་པར་དུ་གྱུར་པར་སྟན་ཏོ། །དེ་ལ་རིམས་ནད་བྱང་བ་བཞིན་དུ་སླར་མི་ལྡོག་པར་གཤེགས་པས་ནི། ཕྱི་རོལ་པའི་འདོད་ཆགས་དང་བྲལ་བ་རྣམས་ལས་ཁྱད་ཞུགས་པར ་སྟོན་ཏེ། མུ་སྟེགས་ལ་སོགས་པའི་ཕྱི་རོལ་གྱི་འདོད་ཆགས་དང་བྲལ་བ་རྣམས་འདོད་ཆགས་དང་ཐང་ཅིག་བྲལ་ཡང་སླར་ཁམས་གསུམ་དུ་ལྡོག་པས་མི་ལྡོག་པ་མ་ཡིན་པའི་ཕྱིར་རོ། །བུམ་པ་གང་བ་བཞིན་དུ་ལེགས་པར་གཤེགས་པས ་དགྲ་བཅོམ་པ་ལས་ཁྱད་པར་དུ་གྱུར་པར་སྟོན་ཏེ། དགྲ་བཅོམ་པ་ལ་སོགས་པ་ཕྱིར་མི་ལྡོག་པ་ཡིན་ཡང། ཤེས་བྱ་ཐམས་ཅད་མ་རྟོགས་ཤིང། བག་ཆགས་ཀུན་ཀྱང་མ་ལུས་པར་མ་སྤངས་པས་ལེགས་པར་གཤེགས་པ་མ་ཡིན ་པའི་ཕྱིར་རོ། །འཇིག་རྟེན་རིག་པ་ཞེས་བྱ་བ་ལ་སོགས་པ་སྟོན་པའི་ལས་བསྟན་ཏེ། སྟོན་པའི་ལས་ཀྱང་རྣམ་པ་གཉིས་སོ། །རྣམ་པ་གཉིས་ནི་སྐལ་བ་ཡོད་པ་དང། སྐལ་བ་མེད་པའི་འཇིག་རྟེན་ལ་གཟིགས་པ་དང། ་འདུལ་བར་བྱ་བ་ལ་འདུལ་བར་བྱེད་པའོ། །འཇིག་རྟེན་རིག་པ་ཞེས་བྱ་བས། སྐལ་བ་ཡོད་པ་དང་སྐལ་བ་མེད་པའི་འཇིག་རྟེན་ལ་གཟིགས་པར་བསྟན་ཏེ། ཉིན?་ལན་གསུམ་མཚན་ལན་གསུམ་སྙིང་རྗེ་ཆེན་པོ་དང་ཡེ་ཤེས་ཀྱིས ་འཇིག་རྟེན་རྣམས་ལ་བརྟགས་ནས། །སེམས་ཅན་འདི་ནི་གྲོལ་བའི་སྐལ་པ་ཡོད་ལ། འདི་ནི་གྲོལ་བའི་སྐལ་བ་མེད་པའོ་ཞེས་མཁྱེན་པའི་ཕྱིར། འཇིག་རྟེན་རིག་པ་ཞེས་བྱའོ། །བླ་ན་མེད་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ ་ཞེས་བྱ་བས། སྐལ་བ་ཡོད་པར་འདུལ་བར་བྱེད་པ་སྟོན་ཏོ། །དེ་ལྟར་མཁྱེན་ནས་སེམས་ཅན་སྐལ་བ་ཡོད་པ་རྣམས་འཕགས་པའི་ལམ་ལ་བཀོད་དེ། འདུལ་བར་བྱེད་པས་ན། སྐྱེས་བུ་འདུལ་བའི། །དེ་ལ་གདུལ་བར ་འོས་པ་འམ། གདུལ་བར་ནུས་པ་ནི་འདུལ་བའོ། །ཁ་ལོ་སྒྱུར་བ་དང་འདྲ་བས་ཁ་ལོ་སྒྱུར་བ་སྟེ། དཔེར་ན་རྟ་འདུལ་བའི་ཁ་ལོ་སྒྱུར་བ། རྟའི་གཡོ་སྐྱོན་རྣམས་མེད་པར་བྱས་ནས། བཏུལ་ཏེ། ལམ་བདེ་བ་ལ་འཛུད་པར་བྱེད་པ ་བཞིན་དུ། འདིས་ཀྱང་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་བཏུལ་ནས། ཡང་དག་པའི་ལམ་ལ་བཀོད་པས། ཁ་ལོ་སྒྱུར་བའོ། །དེ་ལ་ཡང་གདུལ་དཀའ་པ་ལྟེང་རྒྱས་འོད་སྲུངས་ལ་སོགས་པ་དང། འགའ་བོ་དང་སོར་ཕྲང ་ལ་སོགས་པ་གཏི་མུག་དང་འདོད་ཆགས་དང་ཞེ་སྡང་གི་ཤས་ཆེ་སྟེ། གདུལ་བ་དཀའ་བ་རྣམས་བཏུལ་ནས་གནས་ཀྱི་མཆོག་མྱ་ངན་ལས་འདས་པར་འཇིག་པར་བྱེད་པས་ན། བླ་ན་མེད་པ་སྐྱེས་བུ་འདུལ་པ་ཞེས་བྱའི། །དེ་ལ ་ལྟེང་རྒྱས་འོང་སྲུངས་ལ་སོགས་པ་ནི་གཏི་མུག་གི་ཤས་ཆེ་བའོ། །དགའ་བོ་ནི་འདོད་ཆགས་ཀྱི་ཤས་ཆེ་བའོ། །སོར་ཕྲེང་ནི་ཞེ་སྡང་གི་ཤས་ཆེ་བའོ། །ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱ་བ་གང་གིས་ཡོངས་སུ་གཟུང་བ་བསྟན་ཏེ། དེ་བཞིན་གཤེགས ་པའི་བསྟན་པ་གང་གིས་ཡོངས་སུ་གཟུང་ཞེ་ན། ལྷ་དང་མིས་གཟུང་སྟེ། བྱོལ་སོང་ལ་སོགས་པ་ཡང་ཆོས་འཆད་པའི་སྒྲ་ཐོས་པས་མཐོ་རིས་ལ་སོགས་པར་འཇོག་མོད་ཀྱི། འཕགས་པའི་བདེན་པ་ཁོང་དུ་ཆུད་པ་དང། དགེ་སྦྱོང་གི་འབྲས་བུ ་ཐོབ་པའི་སྣོད་དུ་ནི་ལྷ་དང་མི་རྣམས་གྱུར་པས་ན། དེའི་ཕྱིར་གླཧ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱའོ། །གོང་དུ་བཤད་པའི་ཡོན་ཏན་དེ་དག་དང་ལྡན་པ་དེ། དངོས་སུ་སུ་ཞིག་ཡིན་ཞེ་ན། དེའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བར ་གསུངས་ཏེ། གོང་དུ་ང་ཡང་ཞེས་བྱ་བའི་སྒྲ་འདིར་སྦྱར་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ལ་སོགས་པའི་ཡོན་ཏན་སྨོས་པ་དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་མ་རིག་པའི ་གཉིད་ལས་སད་ཅིང། ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་པས་ན། སངས་རྒྱས་སོ། །ཡོན་ཏན་དྲུག་དང་ལྡན་པའི་ཕྱིར། བཅོམ་ལྡན་འདས་ཏེ། ཡོན་ཏན་དྲུག་ནི་ཇི་སྐད་དུ། ཕྱུག་པ་ཕུན་སུམ་ཚོགས་པ་དང། གཟུགས་བཟང་བ་དང། གྲགས ་པ་དང། དཔལ་དང་ཡེ་ཤེས་དང་ནི་འབད་པ་སྟེ། དྲུག་པོ་རྣམས་ལ་ལྡན་ཞེས་བཤད་ཅེས་གསུངས་སོ། །སངས་རྒྱས་སུ་ཤེས་ནས་དད་པ་དང་ལྡན་པ་ཡིན་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་གོང་དུ་བཤད་པའི་ཡོན་ཏན་དང་ལྡན་པར་ཤེས་ནས། དེ་བཞིན་དུ ་དེ་ལ་དད་བ་དང་ཡིད་ཆེད་པ་དང་ལྡན་པའོ་ཞེས་བྱ་བའི་དོན་ཏོ། །རྒྱུན་ཏུ་ཞུགས་པའི་ཡན་ལག་གཉིས་བ་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་ལེགས་པར་གསུངས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་པ ་རྣམས་ཀྱིས་གསུངས་པའི་ཆོས་ནི་དམ་པའི་ཆོས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བཤད་པའི་ཕྱིར། སྡུག་བསྔལ་བའི་མཛའ་དང་བདེ་བ་ལ་ཀུན་ཏུ་ཆགས་པའི་མཛའ་སྤངས་པ་མཛའ་གཉིས་དང་བྲལ་བ་སྟོན་པ་དང། ་མི་སླུ་བ་དང། མི་འཁྲུལ་བ་དང། ཐོག་མ་དང་བར་དང། ཐ་མར་དགེ་བའི་ཆོས་ཤ་སྟག་གསུང་བའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཆོས་ལེགས་པར་གསུངས་པ་ཞེས་བྱའོ། །ཡང་ན་རྣམ་པ་བཅུས་ན་བཅོམ་ལྡན་འདས་ཀྱིས་ཆོས་ལེགས་པར་གསུངས་པ ་ཞེས་བྱ་སྟེ། རྣམ་པ་བཞི་ནི་ཡང་དག་པས་སྐྱེད་པ་དང། དབང་དུ་བྱས་པ་དང། རབ་ཏུ་འཇུག་པ་དང། རབ་ཏུ་བསྒྲགས་པ་དང། རབ་ཏུ་ཕྱེ་བ་དང། བརྟེན་པ་དང། རྣམ་པར་རིག་པ་དང། རབ་ཏུ་བཏགས་པ་དང། དུས་དང་ཡོན་ཏན་ཡོངས་སུ་འཛིན་པའོ་དེ་ལ་ཡང ་དག་པས་བསྐྱེད་པ་ནི་ཉོན་མོངས་པ་ཐམས་ཅད་མ་ལུས་པར་སྤངས་ནས། ཤེས་བྱ་མཛའ་དག་ཐུས་སུ་ཆུད་དེ། མངོན་པར་བྱང་ཆུབ་ནས་བཤད་པའི་ཕྱིར་རོ། །དབང་དུ་བྱས་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མཛད་ནས་གསུངས་པའི་ཕྱིར་རོ། །རབ ་ཏུ་འཇུག་པ་ནི་པར་འགའ་བར་འགའ་ཙམ་བཤད་པ་མ་ཡིན་གྱི། རྒྱུན་མ་ཆད་པར་བཤད་པའི་ཕྱིར་རོ། །རབ་ཏུ་བསྒྲགས་པ་ནི་ཁ་ཅིག་མི་འཆད་པ་དང། ཁ་ཅིག་ལ་འཆད་ཁ་ཅིག་ལ་མི་འཆད་པ་ལྟ་བུ་མ་ཡིན་གྱི། སློབ་དཔོན་འཆབ་པར་མེད་པར ་ཀུན་ལ་འཆད་པའི་ཕྱིར་རོ། །རབ་ཏུ་ཕྱེ་བ་ནི་སེམས་ཅན་སོ་སོའི་བསམ་པ་དང་སྦྱར་ནས། དེ་དང་མཐུན་མཐུན་དུ་ཆོས་སྟོན་པའི་ཕྱིར་ཏེ། འདོད་ཆགས་ཅན་ལ་མི་གཙང་བ། ཞེ་སྡང་ཅན་ལ་བྱམས་པ་སྟོན་པ་ལ་སོགས་པའོ། །བརྟེན་པ་ནི་ཡན ་ལག་ལྷ་དང་ལྡན་པའི་གསུངས་ལ་ཡང་དག་པར་བརྟན་ནས། འཆད་པའི་ཕྱིར་རོ། །རྣམ་པར་རིག་པ་ནི་གསུང་གཅིག་གིས་འཇིག་རྟེན་གྱི་ཁམས་ཚད་མེད་པར་གོ་ཞིང་རིག་པར་མཛད་པ་དང། ཉེ་རིང་མེད་པར་འབར་གྱི་དཀྱིལ་འཁོར་ཇི་སྙེད ་རྣམས་ལ་ཤེས་ཤིང་རྣམ་པར་རིག་པར་མཛད་པའི་ཕྱིར་རོ། །བཏགས་པ་ནི་མཛའ་གཉིས་དང་བྲལ་བའི་ལམ་སྟན་པའི་ཕྱིར་ཏེ། མཛའ་གཉིས་ནི་མུ་སྟེགས་ཀྱི་དཀའ་ཐུབ་པ་ལ་སོགས་པ་སྡུག་བསྔལ་གྱི་མཛའ་དང། འདོད་པའི་འདོད་ཆགས་ལ་ཞེན་པ་ལ་སོགས་པ ་བདེ་བའི་མཛའ་ལ་ཞེན་པ་སྤངས་པའོ། །དུས་ནི་ཡོངས་སུ་སྨིན་པའི་འབུལ་བ་རྣམས་ཀྱིས་དུས་དང་སྦྱར་ནས་སྟོན་པར་མཛད་པའི་ཕྱིར་རོ། །ཡོན་ཏན་ཡོངས་སུ་འཛིན་པ་ནི་ཆོས་འཆད་པའི་གསུང་ཡན་ལག་དྲུག་ཅུ་དང་ལྡན་པའི་གསུང་གིས་འཆད་པར་མཛད་པའི་ཕྱིར ་རོ། །ལྟ་བའི་ཆོས་ལ་འབྱུང་བ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་གསུང་རབ་ཀྱི་ཆོས་འདི་མངོན་སུམ་དུ་བྱ་བའི་དོན་ཡིན་ཏེ། ཚད་མས་ཐོག་ཏུ་བབ་པ་ཡིན་གྱི། མུ་སྟེགས་ཀྱི་ཆོས་བཞིན་དུ་རུང་ཡང་རུང་མ་རུང་ཡང་མ་རུང་དད་པ་ཙམ་གྱིས་གཟུང་བར་བྱ་བ ་མ་ཡིན་པས་ལྟ་བའི་ཆོས་ལ་འབྱུང་བ་ཞེས་བྱའོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་བག་ཆགས་དེ་སྤོང་བའི་གཉེན་པོར་གྱུར་པས་ན་ནད་མེད་པའོ། སྤངས་ནས་ཉམས་པའི་དུས་མེད་པ་སྟེ། འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པ་སྤངས་པ་ནི། དུས་ཕྱིས་ཇི་སྲིད ་གཅིག་ལོན་ནས་ཉམས་པར་འགྱུར་གྱི། འཇིག་རྟེན་ལས་འདས་པའི་ལམ་གྱི་ཉོན་མོངས་པ་སྤངས་པ་ནི། ལན་ཅིག་སྤངས་ན་ཕྱིས་ནམས་ཀྱང་ཉམས་པའི་དུས་མེད་པའི་ཕྱིར་དུས་མེད་པའོ། །ཡང་ན་ཡང་དག་པའི་སྦྱོར་བ་ལ་ཞུགས་པ་རྣམས་དུས་རིང་པོ་མི་ཐོགས་པར ་ཁྱད་པར་མྱུར་དུ་ཐོབ་པར་འགྱུར་བའི་ཕྱིར་དུས་མེད་པ་སྟེ། དེའི་ཕྱིར་མདོ་གཞན་དག་ལས་དགེ་སློང་དག་ཚུལ་བཞིན་ཡིད་ལ་བྱེད་པ་ལ་སྦྱོར་བ་ནི། འདོད་པའི་ཟག་པ་སྐྱེས་པ་མི་སྐྱེ་སྐྱེས་པ་རྣམས་མྱུར་དུ་སྤོང་བར་འགྱུར་རོ་ཞེས་གསུངས་སོ། །ཉེ་བར་འདྲེན་པ་ཞེས་བྱ་བ ་ལ་འཁོར་བའི་སྡུག་བསྔལ་མ་ལུས་པ་ལས་འབྱུང་བ་འཐོབ་པ་འམ། མྱ་ངན་ལས་འདས་པ་འཐོབ་པར་བྱེད་ཅིང་གནས་དེར་འདྲེན་པར་བྱེད་པས་ནི། ཉེ་བར་འདྲེན་པ་སྟེ། དེ་ལ་གོམས་པར་བྱེད་ན་རིམ་གྱིས་འཁོར་བའི་སྡུག་བསྔལ་ལས་ཐར་ནས་མྱ་ངན ་ལས་འདས་པའི་གནས་སུ་ཕྱིན་པར་བྱེད་པའི་ཕྱིར་རོ། །འདི་ལ་མཐོང་ཞེས་བྱ་བ་ན། ཆོས་འདི་ལྟ་བུ་འདི་ལས་ཕྱི་རོལ་དུ་གྱུར་བ་མུ་སྟེགས་པ་ལ་སོགས་པ་ལ་མེད་དེ། གཞན་དང་ཐུན་མོང་མ་ཡིན་པས་ན། འདི་ལས་མཐོང་བ་ཞེས་བྱ ་སྟེ། ཆོས་དེ་ལྟ་བུ་ནི་སངས་རྒྱས་པའི་ཆོས་འདི་འབའ་ཞིག་ལ་ཡོད་པར་མཐོང་གིས། མུ་སྟེགས་ལ་སོགས་པའི་ལྟ་བ་གཞན་ལ་མེད་པའི་ཕྱིར་རོ། །མཁས་པ་རང་གིས་རིག་པ་ཞེས་བྱ་བ་ནི་ཆོས་དེ་རྟོགས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ཞིང། རྟག་པ ་རྣམས་ཀྱིས་རྟགས་པར་མི་འགྱུར་ཞིང། མཁས་པ་རྣམས་ནང་གི་རང་ཉིད་ཀྱི་ཡེ་ཤེས་ཀྱིས་མཐོང་ཞིང་ཤེས་པར་འགྱུར་བ་ཡིན་པས་ན་མཁས་པ་རང་གིས་རིག་པ་ཞེས་བྱའོ། །ཡོན་ཏན་གཞན་ཡང་བསྟན་པའི་ཕྱིར། རྒྱགས་པ་མེད་པར་བྱེད་པ་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། རིགས་མཐོ་བ་དང་གཟུགས་བཟང་བ་དང། ནད་མེད་པ་དང། ཚེ་རིང་བ་ལ་ཆགས་ཤིང་སྙམས་བསེལ་བར་བྱེད་པས་ན། རྒྱུགས་པ་མེད་པར་བྱེད་པའོ། །འདོད་པ་མེད་པར་བྱེད་པ་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལ་ཆགས ་པ་སྤོང་བར་བྱེད་པའི་ཕྱིར་རོ། །གནས་ཀུན་འཇམས་པ་ཞེས་བྱ་བ་ནི་སྡུག་བསྔལ་དང་ཉོན་མོངས་པའི་རྟེན་གྱི་ཕུང་པོ་ལྔ་འདོར་པའི་ཐབས་སུ་གྱུར་པའི་ཕྱིར་རོ། །ཡང་ན་ཉོན་མོངས་པའི་བག་ལ་ཉལ་བ་ཀུན་སྤོང་བར་བྱེད་བས་ན། གནས་ཀུན་འཇོམས ་པར་བྱེད་པའོ། །ལམ་རྒྱུད་ལྔར་སྐྱེ་བ་འམ། ཚེ་རབས་ཅིག་ནས་ཅིག་ཏུ་རྒྱུན་མི་འཆད་པར་སྐྱེ་བའི་ཆེའི་རྒྱུན་གཅད་པར་བྱེད་པས་ན། ལམ་གཅད་པའོ། །བདག་གི་དངོས་པོ་མེད་པར་སྟོང་པས་ན་སྟོང་པ་ཉིད་དོ། །བདག་ཅེས་བྱ་བ་ཡང་མི་འགྲུབ་པར ་སྟོན་པས་ན་མི་དམིགས་པའོ། །ཚེ་རབས་གཞན་གྱི་ལུས་དང་ལོངས་སྤྱོད་ལ་ཆགས་ལ་སྤོང་བའི་རྒྱུར་གྱུར་པས་ན་སྲེད་པ་ཟད་པའོ། །ཚེ་འདིའི་ལུས་དང་ལོངས་སྤྱོད་ལ་ཆགས་པ་ཡང་སྤོང་བར་བྱེད་པས་ན། འདོད་ཆགས་དང་བྲལ་བའོ། ། ་ཉོན་མོངས་པར་དང་སྡུག་བསྔལ་གྱི་ཕུང་པོ་ཐམས་ཅད་སྤངས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་ལམ་ཡིན་བས་ན། འགོག་པ་དང་མྱ་ངན་ལས་འདས་པ་ཞེས་བྱའོ། །ཡོད་ན་ཆོས་རྣམ་པ་གསུམ་སྟེ། བཤད་པའི་ཆོས་དང། བསྒྲུབ་པའི་ཆོས་དང། འབྲས་བུའི་ཆོས་སོ།། ་དེ་ཡང་དམ་པའི་ཆོས་ལེགས་པར་གསུངས་པ་ཞེས་བྱ་བ་ནས། མཁས་པ་རང་གི་རིག་པ་ཞེས་བྱ་བ་ཡན་ཆད་ཀྱིས་བཤད་པའི་ཆོས་ཀྱི་ཡོན་ཏན་བསྟན་ཏེ། །འདི་ལྟར་རྒྱགས་པ་མེད་པར་བྱེད་པ་ཞེས་བྱ་བ་ནས། འདོད་ཆགས་དང་བྲལ་བ་ཞེས་བྱ་བས་བསྒྲུབ་པའི་ཆོས་ཀྱི་ཡོན ་ཏན་བསྟན་ཏོ། །འགག་པ་མྱ་ངན་ལས་འདས་པ་ཞེས་བྱ་བས་འབྲས་བུའི་ཆོས་བསྟན་ཏོ། །ཆོས་རྣམས་ལ་ཡོན་ཏན་དེ་དག་དང་ལྡན་པར་དད་པ་བརྟན་ཞིང་ཡིད་ཅེས་པར་གྱུར་བ་ནི། དམ་པའི་ཆོས་ལ་དད་པ་དང་ལྡན་ཞེས་བྱ་བའོ། དེ་ན་སངས་རྒྱས་ཀྱི་ཆོས་འདི་མུ ་སྟེགས་ལ་སོགས་པའི་ཆོས་ལས་ཁྱད་པར་དུ་གྱུར་བ་སྟོན་ཏེ། ཇི་ལྟར་ཞེ་ན། དེ་དག་གི་ཆོས་ནི་ཕྱིན་ཅི་ལོག་ཏུ་བཤད་བས་ན། ལེགས་པར་བཤད་པ་མ་ཡིན་པའོ། །དད་པའི་རྗེས་སུ་འབྲང་བ་ཙམ་དུ་ཟད་ཀྱི། ཚད་མས་བརྟག་ཏུ་མི་བཟོད་པས་ན་ལྟ་བའི་ཆོས་ལ ་འབྱུང་བ་མ་ཡིན་པའོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་གཉན་པོ་མ་ཡིན་པས་ན་ནད་མང་བ་མ་ཡིན་པའོ། །ཕྱིས་ཉམས་པར་འགྱུར་བས་ན་དུས་མེད་བ་མ་ཡིན་པའོ། །མྱ་ངན་ལས་འདས་པའི་གནས་ཐོབ་པར་མི་བྱེད་པས་ན། ཉེ་བར་འདྲེན་པ་མ་ཡིན་ནོ། །མུ ་སྟེགས་པ་རྣམས་ཀྱི་ཆོས་ནི་ཕན་ཚུན་ཉོན་མོང་དུ་གྱུར་པས་ན་འདི་ལ་མཐོང་བ་མ་ཡིན་ནོ། །དེ་དག་གི་ཆོས་རྟོག་གེའི་སྤྱོད་ཡུལ་དུ་གྱུར་པ་ཡིན་པས། མཁས་པ་རང་གིས་རིག་པ་མ་ཡིན་པའོ། །རིགས་དང་གཟུགས་ལ་སོགས་པ་ལ་ཆགས་པ་མི་སེལ་བས་ན ་རྒྱགས་པ་མེད་པ་མ་ཡིན་ནོ། །འདོད་པར་ཡོན་ཏན་ལ་ཆགས་པ་སལ་བར་མི་བྱེད་པས་ན་འདོད་པ་མེད་པར་བྱེད་པ་མ་ཡིན་ནོ། །ཕུང་པོ་ལྔ་སྤོང་བར་མི་བྱེད་པས་ན་གནས་འཇོམས་པ་མ་ཡིན་ན། །ལམ་རྒྱུད་ལྔ་དང་ཚེའི་རྒྱུན་གཅོད་བར་མི་བྱེད་པས་ན། ་ལམ་གཅོད་པ་མ་ཡིན་ནོ། །བདག་གི་ཡོད་པར་སྟོན་པས་ན་སྟོང་པ་ཉིད་མ་ཡིན་ནོ། །བདག་ཡོད་པར་སྟོན་པས་ན་མི་དམིགས་པར་སྟོན་པ་མ་ཡིན་ནོ། །མ་འོངས་པའི་ལུས་དང་ལོངས་སྤྱོད་ལ་ཆགས་པའི་གཉེན་པོ་མི་བྱེད ་པས་ན། སྲེད་པ་ཟད་པ་མ་ཡིན་ནོ། །ད་ལྟར་གྱི་ཕུང་པོ་ཡོ་བྱད་ལ་ཆགས་པ་སྤོང་བར་མི་བྱེད་པས་འདོད་ཆགས་དང་བྲལ་བ་མ་ཡིན་ནོ། །མྱ་ངན་ལས་འདས་པ་ཐོབ་པའི་ལམ་མ་ཡིན་པས་འགོག་པ་མྱ་ངན་ལས་འདས་པ་ཞེས་མི་བྱའོ། །ཡང་ན་གཞན ་སྔར་བཤད་པར་ཟད་ཀྱི་སངས་རྒྱས་ཀྱི་ཆོས་འདི་དུས་གང་གི་བསྒྲུབས་ཀྱང་བསྒྲུབ་པར་རུང་སྟེ། བསྒྲུབ་པའི་དུས་མེད་པས་ན་དུས་མེད་པའོ། །བསྒྲུབ་སླ་ཞིང་བསྒྲུབ་ཏུ་རུང་བར་ཡང་ཇི་ལྟར་དགེ་བསྙེན་མགོན་མེད་ཟས་སྦྱིན་གྱི་བཤད་པ་སངས ་རྒྱས་ཀྱི་ཆོས་ནི་འགྲོ་བ་ན་ཡང་སླ། འདུག་པ་ན་ཡང་སླ། ཉལ་བ་ན་ཡང་སླ། འཆག་པ་ན་ཡང་བསྒྲུབ་སླ་བ་ཞེས་བྱ་བ་ལྟ་བུའོ། །དེ་ལ་མུ་སྟེགས་ཀྱིས་བཤད་པའི་ཆོས་ནི་རྒྱལ་རིགས་དང། བྲམ་ཟེ་ལ་བཤད་ཀྱི་དམངས་རིགས་ལ ་བཤད་པར་མི་བྱའོ་ཞེས་ཀུན་ལ་མི་འཆད་པའི་ཕྱིར་འཆབ་པ་ཡོད་ཀྱི། དམ་པའི་ཆོས་ནི་རིགས་བཞི་ཆར་ལ་ཡང་འཆབ་པ་མེད་པར་སྐབས་སུ་ཕྱེ་སྟེ་བསྟན་པས་འདི་ལ་མཐོང་ངོ་ཞེས་བྱ་སྟེ། བདེ་རེ་ལྟོས་ཤེས་སློབ་དཔོན་འཆབ་པ་མེད་པར ་བསྟེན?་པའི་ཕྱིར་རོ། །རྒྱུན་ཏུ་ཞུགས་པའི་ཡན་ལག་གསུམ་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ཤིན་ཏུ་རབ་ཏུ་ཞུགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་དག་ནི་བཅོམ་ལྡན་འདས་ཀྱི་དགེ་འདུན་གྱི ་ཡོན་ཏན་ཏེ། ཤིན་ཏུ་རབ་ཏུ་ཞུགས་པ་ཞེས་བྱ་བ་ནི། མདོ་ཙམ་དུ་དྲན་པའོ། །རིགས་པ་ལ་རབ་ཏུ་ཞུགས་པ་ལ་སོགས་པ་ནི་ཇི་ལྟར་ཤིན་ཏུ་རབ་ཏུ་ཞུགས་པའི་བཤད་པའོ། །དེ་ཡང་དོན་རྣམ་པ་བཞིར་བལྟ་སྟེ། དགེ་སྦྱོང་གི་ཕྱིར ་ཞུགས་པ་དང། དགེ་སྦྱོང་དུ་ཞུགས་པ་དང། དགེ་སྦྱོང་ལ་དགེ་སྦྱོང་གི་དངོས་པོར་ཞུགས་པ་དང། དགེ་སྦྱོང་གི་ཉེ་བར་བསྟན་པ་ལ་ཞུགས་པ་ལ་བརྩམས་ནས་བཤད་པར་རིག་པར་བྱའོ། །དེ་ལ་རིགས་པ་ལ་རབ་ཏུ་ཞུགས་པ་ཞེས་བྱ་བས་དགེ་སྦྱོང་གི་ཕྱིར་ཞུགས ་པ་བསྟན་ཏེ། དགེ་སྦྱོང་གི་ཕྱིར་ནི་དགེ་སྦྱོང་གི་དོན་དུ་བྱ་བ་སྟེ། དེ་ཡང་མྱ་ངན་ལས་འདས་པའོ། །མྱ་ངན་ལས་འདས་པ་ལ་ཞུགས་པས་ན་རིག་པ་ལ་ཞུགས་པ་ཞེས་བྱའོ། །མྱ་ངན་ལས་འདས་པ་ལ་རིགས་པ་ཞེས་བྱ་བར་ཅི་མངོན་ཞེ་ན། མདོ་གཞན ་དག་ལས་རིག་པའི་ཆོས་ནི་བླ་ན་མེད་ཀྱིས། ཀྱེ་དེས་མཉེས་པར་བྱ་བ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །དྲང་པོ་ལ་ཞུགས་པ་ཞེས་བྱ་བས་དགེ་སྦྱོང་ལ་ཞུགས་པ་བསྟན་ཏེ། དེ་ལ་དགེ་སྦྱོང་ནི་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་པ་བྱ་སྟེ། ་ཉོན་མོངས་པ་རབ་ཏུ་སྤོང་བ་དང་སྦྱོར་བའི་གཉེན་པོར་གྱུར་པའི་ཕྱིར་རོ། །དེ་ལ་ཞུགས་པ་ནི་དྲང་པོ་ལ་ཞུགས་པའོ། །འཕགས་པའི་ལམ་གྱི་ཡན་ལག་བརྒྱད་པ་ཡང་དྲང་པོ་ཞེས་པར་ཅི་མངོན་ཞེ་ན། མདོ་གཞན་ལས་བདུད་རྩིའི་སྒོ་ནི་རྣམ་པར ་ཕྱེ། དྲང་པོའི་ལམ་ནི་ཤིན་ཏུ་བསྒྲགས། ཞེས་གསུངས་པ་དང། ཡང་གཞན་དག་ལས། དྲང་པོ་གང་ཡིན་པ་འཕགས་པའི་ལམ་མོ། །ཡོན་པོ་གང་ཡིན་སྡིག་པ་ཅན་གྱི་ལྟ་བའོ་ཞེས་བྱའོ། །དེ་ལ་མཚུངས་པར་ཞུགས་པ་ཞེས་བྱ་བ་ནི་དགེ་སྦྱོང ་གི་དངོས་པོར་ཞུགས་པ་ཞེས་བྱ་བས་བསྟན་ཏེ། ཅི་ཞིག་མཚུངས་ཤེ་ན་བྱམས་པའི་ལུས་ཀྱི་ལས་དང་ལྡན་པ་དང། བྱམས་པའི་ངག་གི་ལས་དང་ལྡན་པ་དང། བྱམས་པའི་ཡིད་ཀྱི་ལས་དང་ལྡན་པས་མཚུངས་པ་དང། ལོངས་སྤྱོད་དང ་ཚུལ་ཁྲིམས་དང་དཔལ?་བ་མཐུན་པའི་ཕྱིར་མཚུངས་པར་ཞུགས་པའོ། །ཆོས་དང་གཉེར་བའི་ཆོས་ལ་རབ་ཏུ་ཞུགས་པ་གཉེར་བའི་ཆོས་ལ་སྤོང་བ་ཞེས་བྱ་བས་དགེ་སྦྱོང་གི་ཉེ་བར་བསྟན་པ་ལ་ཞུགས་པ་བསྟན་ཏེ། དགེ་སྦྱོང་གི་ཉེ་བར་བསྟན ་པ་ནི་དགེ་སྦྱོང་གི་དོན་དུ་བསྟན་པའི་ཆོས་དེ། དེ་ཡང་འདུལ་བ་དང། མདོ་སྡེ་དང། མངོན་པའི་ཆོས་རྣམས་སོ། །དེ་ལ་བཤད་པར་བྱ་བའི་གསུང་རབ་རྣམས་ནི་ཆོས་སོ། །བསྒྲུབ་པར་བྱ་བའི་གསུང་རབ་རྣམས ་གཉེར་བའི་ཆོས་ཏེ། བཤད་པར་བྱ་བའི་གསུང་རབ་ཀྱི་ནང་ནས། ཇི་སྐད་དུ་གསུངས་པ་བཞིན་དུ་རྗེས་སུ་སྤྱོད་བར་བྱེད་པས་ན། ཆོས་ལ་རབ་ཏུ་ཞུགས་པའོ། །བསྒྲུབ་པར་བྱ་བའི་ཆོས་རྣམས་དེ་བཞིན་དུ་སྒྲུབ་པར་བྱེད ་བས་ན། གཉེར་བའི་ཆོས་ལ་སྤྱོད་པ་ཞེས་བྱའོ། །དགེ་འདུན་དུ་འདུ་ཤེས་ནས་དད་པ་དང་ལྡན་ཏེ་ཞེས་བྱ་བ་ནི་འཕགས་པའི་བདེན་པ་རྟོགས་པའི་མཐུས་འཕགས་པའི་དགེ་འདུན་ལ་ཡོན་ཏན་གོང་དུ་བཤད་པ་དང། ལྡན་པར ་ཡིད་ཆེས་ཤིང་དང་བ་ནི་དགེ་འདུན་དུ་ཤེས་ནས་དད་པ་དང་ལྡན་པའོ། །ཡང་ན་དོན་གྱི་མཆོག་སྒྲུབ་པ་དང། ཕྱིན་ཅི་མ་ལོག་པར་སྒྲུབ་པ་དང། ཐ་དད་པ་མེད་པར་སྒྲུབ་པ་དང། ཇི་ལྟར་བསྟན་པ་བཞིན་དུ་བསྒྲུབས་པ་ལ ་བརྩམས་ནས། རིག་པ་ལ་རབ་ཏུ་ཞུགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་རིགས་པ་ལ་ཞུགས་ཞེས་བྱ་བས་དོན་གྱི་མཆོག་བསྒྲུབ་པ་བསྟན་ཏེ། དོན་གྱི་མཆོག་ནི་མྱ་ངན་ལས་འདས་པ་སྟེ། དེ་སྒྲུབ་པར ་བྱེད་པའི་ཕྱིར་རིགས་པ་ལ་ཞུགས་པའོ། །དྲང་པོ་ལ་ཞེས་བྱ་བ་ཕྱིན་ཅི་མ་ལོག་པར་བསྒྲུབ་པ་བསྟན་ཏེ། ཕྱིན་ཅི་མ་ལོག་པའི་ལམ་སྒྲུབ་པར་བྱེད་པས་ན་དྲང་པོ་ལ་ཞུགས་པའོ། །མཚུངས་པར་ཞུགས་པ་ཞེས་བྱ་བས ་ཐ་དད་པ་མེད་པར་སྒྲུབ་པ་བསྟན་ཏེ། འཕགས་པ་དགྲ་བཅོམ་པ་གཞན་དག་སྒྲུབ་པར་བཞིན་དུ་སྒྲུབ་པས་མཚུངས་པར་ཞུགས་པའོ། །ཆོས་དང་གཉེར་བའི་ཆོས་ཞུགས་ཞེས་བྱ་བས་ཇི་ལྟར་བསྟན་པ་བཞིན་དུ་བསྒྲུབ་པ ་བསྟན་ཏེ། བཅོམ་ལྡན་འདས་ཀྱི་ལུང་ལས་ཇི་སྐད་འབྱུང་བ་བཞིན་དུ་སྒྲུབ་པར་བྱེད་པས་ན་ཆོས་དང་གཉེར་བའི་ཆོས་ལ་རབ་ཏུ་ཞུགས་པ་དང། གཉེར་བའི་ཆོས་ལ་སྤྱོད་པ་ཞེས་བྱའོ། །ཡོན་ཏན་དེ་ལྟ་བུ་དང་ལྡན་པ་དེ་དག་ཀྱང་གང་ཟག་དངོས་པོ་གང ་ཡིན་པ་བསྟན་པའི་ཕྱིར། རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་རབ་ཏུ་ཞུགས་པའི་དགེ་འདུན་ཡང་ཡོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་རྒྱུན་ཏུ་ནི་འཕགས་པའི་ལམ་མོ། །དེ་ལ་ཞུགས་པ་ནི་རྒྱུན་ཏུ་ཞུགས་པའོ། །རྒྱུན ་ཏུ་ཞུགས་པའི་འབྲས་བུ་ནི་ལམ་ལ་རྗེས་སུ་ཤེས་པའི་ཡེ་ཤེས་ཏེ། སྐད་ཅིག་མ་བཅུ་དྲུག་ལ་གནས་པའོ། །མངོན་དུ་བྱ་བའི་ཕྱིར་ཞུགས་པ་ནི་ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་སྟེ། སེམས་ཀྱི་སྐད་ཅིག་མ་བཅོ་ལྔ་ལ་གནས་པའོ། ་རབ་ཏུ་ཞུགས་པའི་དགེ་འདུན་ཡང་ཡོད་ཅེས་བྱ་བ་ནི། སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་ལམ་ལ་རྗེས་སུ་ཤེས་པའི་ཡེ་ཤེས་ལ་གནས་པ་ཉིད་དེ། དེས་ཁམས་གསུམ་གྱི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་མ་ལུས་པར་སྤངས་སོ།། ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་ནི། འདོད་པའི་ཁམས་ཀྱིས་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཆེན་པོའི་ཆེན་པོ་དང། ཆེན་པོའི་འབྲིང་པོ་དང། ཆེན་པོའི་ཆུང་ངུ་དང། འབྲིང་པོའི་ཆེན་པོ་དང། འབྲིང་པོའི་འབྲིང ་པོ་དང། འབྲིང་པོའི་ཆུང་ངུ་དང། ཆུང་ངུའི་ཆེན་པོ་དང། ཆུང་ངུའི་འབྲིང་པོ་དང། ཆུང་ངུའི་ཆུང་ངུ་སྟེ། དགུ་ལས། ཉོན་མོངས་པ་འབྲིང་པོའི་བར་ཉོན་མོངས་པ་རྣམ་པ་ལྔས་སྤངས་པའི་ལམ་ལ་གནས་པའོ། །ལན་ཅིག་ཕྱིར་འོང་བའི་དགེ་འདུན་ནི་འདོད་པའི་ཁམས ་ཀྱི་བསྒོམ་པས་སྤོང་བར་བྱ་བའི་ཉོན་མོངས་པ་ཆུང་ངུའི་ཆེན་པོ་དང། ཆུང་ངུའི་འབྲིང་པོ་སྟེ། རྣམ་པ་བརྒྱད་སྤངས་པའི་ལམ་ལ་གནས་པའོ། །ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་རབ་ཏུ་ཞུགས་པ་ནི། འདོད་པའི་ཁམས་ཀྱི ་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཆུང་ངུའི་ཆེན་པོ་དང། ཆུང་ངུའི་འབྲིང་པོ་གཉིས་སྤངས་པའི་ལམ་ལ་གནས་པའོ། །ཕྱིར་མི་འོང་བའི་དགེ་འདུན་ནི་འདོད་པའི་ཁམས་ཀྱིས་བསྒོམ་པས་སྤང་བར་བྱ་བའི་ཕྱིར་ཉོན ་མོངས་པ་ཆུང་ངུའི་ཆུང་ངུ་སྟེ། རྣམ་པ་དགུ་སྤངས་པའི་ལམ་ལ་གནས་པའོ། །དེ་ལྟར་འདོད་པའི་ཁམས་འདིར་འོང་བ་མེད་པར་མྱ་ངན་ལས་འདའ་བས་ན། ལན་ཅིག་ཕྱིར་མི་འོང་བའོ། །དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་རབ་ཏུ་ཞུགས ་པ་ནི། གཟུགས་ཀྱི་ཁམས་ཀྱི་རེ་རེ་ཞིང་ཉོན་མོངས་པ་དགུ་དགུར་ཕྱེ། གཟུགས་མེད་པའི་ཁམས་ཀྱི་སྙོམས་པར་འཇུག་པ་བཞི་ལ་ཡང་ཉོན་མོངས་པ་དགུ་དགུར་ཕྱེ་བ་ལས། སྲིད་པའི་རྩེ་མོའི་ཉོན་མོངས་པ་ཆུང་ངུའི་འབྲིང་པོ་སྟེ། རྣམ་པ་བརྒྱད་ཀྱི་བར ་སྤངས་བའི་ལམ་ལ་གནས་པའོ། །དགྲ་བཅོམ་པ་ནི་སྲིད་པའི་རྩེ་མོའི་ཉོན་མོངས་པ་དགུ་སྤངས་པ་ལམ་ལ་གནས་པ་སྟེ། ཉོན་མོངས་པ་དགྲ་དང་འདྲ་བ་རྣམས་དེར་མ་ལུས་པར་བཅོམ་པ་སྟེ། མེད་པས་ན། དགྲ་བཅོམ་པ་ཞེས་བྱའོ། །ཡང་ན་འཇིག་རྟེན ་ཐམས་ཅད་ཀྱི་མཆོད་ཅིང་བཀུར་བར་འོས་པའི་ཕྱིར། དགྲ་བཅོམ་པ་ཞེས་བྱ་སྟེ། དེ་བས་ན་མདོ་གཞན་ལས་ཀྱང་དབང་པོ་དང་ཉེ་དབང་པོས་མཆད་པ་དང། བཀུར་སྟིར་བྱ་བར་འོས་སོ་ཞེས་གསུངས་སོ། །སྐྱེས་བུ་ཟུང་བཞི་ཞེས་བྱ་བ་ནི་འཇུག་པ་བཞི་དང། ་འབྲས་བུ་ཐོབ་པ་བཞི་སྟེ། དེ་ལྟར་ན་གང་ཟག་བརྒྱད་དོ། །དེ་ལྟར་ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟར་ན་ཞེས་བྱ་བའི་དོན་ཏོ། །དད་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ལ་ལས་དང་འབྲས་བུ་དང། བདེན་པ་རྣམས་ལ་ཟློག་པ་མེད་པའི་ཡིད་ཆེས་པ་དང། ་ལྡན་པས་ན། དད་པ་ཕུན་སུམ་ཚོགས་པའོ། །ཡང་ན་རྒྱུན་ཏུ་ཞུགས་པའི་ཡན་ལག་བཞི་དང་ལྡན་པའི་ཕྱིར་དད་པ་ཕུན་སུམ་ཚོགས་པའོ། །ཡན་ལག་དྲུག་པའི་ཚུལ་ཁྲིམས་སམ་ཟག་པ་མེད་པའི་ཚུལ་ཁྲིམས་དང་ལྡན་པའི་ཕྱིར། ཚུལ་ཁྲིམས་ཕུན་སུམ ་ཚོགས་པའོ། །ཐོགས་མར་ཡང་དགེ་བར་དུ་དགེ་ཞེས་བྱ་བ་ལ་སོགས་པ་མདོ་ཕལ་ཆེར་ཐོས་ཤིང་ཕྱིན་ཅི་མ་ལོག་པར་ཐོས་པས་ན། ཐོས་པ་ཕུན་སུམ་ཚོགས་པའོ། །གང་ཟག་ལ་བདག་མེད་པར་དམིགས་པའི་མཚན་ཉིད་ཟག་པ་མེད་པའི་ཏིང་ངེ་འཛིན་དང་ལྡན་བས་ན། ཏིང་ངེ ་འཛིན་ཕུན་སུམ་ཚོགས་པའོ། །འཕགས་པའི་བདེན་པ་བཞི་མ་ནོར་བར་ཁོང་དུ་ཆུད་པའི་ཤེས་རབ་དང་ལྡན་པས་ན། ཤེས་རབ་ཕུན་སུམ་ཚོགས་པའོ། །མཐོང་བས་སྤང་བར་བྱ་བ་དང། བསྒོམ་བས་སྤང་བར་བྱ་བའི་ཉོན་མོངས་པ་དང་ལྡན་པས་ན། རྣམ་པར་གྲོལ་པ་ཕུན ་སུམ་ཚོགས་པའོ། །དེའི་འོག་ཏུ་ཉོན་མོངས་པ་སྤངས་པར་ཤེས་པ་དང། བྱ་བ་བྱས་པར་ཤེས་པ་དང། ཕྱིས་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་མི་འབྱུང་བར་ཤེས་པ་དང་ལྡན་པས་ན། རྣམ་པར་གྲོལ་བའི་སྟོན་པ་ཕུན་སུམ་ཚོགས་པ་ཞེས་བྱའོ། །ལྷའི་དབང་པོ་བརྒྱ ་བྱིན་དང་ཚངས་པ་ལ་སོགས་པ། མིའི་རྒྱལ་པོ་དང་བློན་པོ་ལ་སོགས་པས་སྦྱིན་པར་བྱ་ཞིང་མཆོད་པར་བྱ་བའི་གནས་སུ་གྱུར་པས་ན། སྦྱིན་པར་འོས་བ་ཞེས་བྱའོ། །དངོས་པོ་དམ་པ་དང་བཟང་པོ་དང། མང་པོས་མཆོད་པར་འོས་པས་ན། རབ་ཏུ་སྦྱིན་པར་འོས ་པའོ། །སྐབས་སྐབས་སུ་ལུས་ཀྱིས་བཏུད་ཅིང་ཐལ་མོ་སྦྱར་བའི་གནས་ཡིན་པས་ན། ཐལ་མོ་སྦྱར་བར་རུང་བ་ཞེས་བྱ་བ་དང་སྦྱར་རོ། །ལུས་སྨད་ལྔས་ལ་གཏུགས་ཏེ་སྲི་ཞུའི་གནས་ཡིན་པས་ན། ཕྱག་བྱ་བར་འོས་པའོ། །བླ་ན་མེད་པའི་བསོད་ནམས་ཀྱི་ཞིང་ཞེས ་བྱ་བ་ལ། གང་དུ་སྦྱིན་པ་ལ་སོགས་པ་དགེ་བའི་རྩ་བ་བསྐྱུངས་ན། ཉོན་མོངས་པ་ཐམས་ཅད་སྤངས་པ་དང། རྣམ་པར་ཐར་བའི་མཚན་ཉིད་ཐོབ་པར་བྱེད་པའི་ཞིང་དུ་འགྱུར་ཏེ། དེ་ལས་ཞིང་དམ་པར་གྱུར་པ་གཞན་མེད་པས་ན། བླ་ན་མེད་པའི ་བསོད་ནམས་ཀྱི་ཞིང་ངོ། །དེ་ལ་སྦྱིན་པ་ལ་སོགས་པའི་ཡོན་ཕུལ་ལམ། འཚོ་བ་སྦྱར་ཏམ?། ཆོས་གོས་ལ་སོགས་པའི་ཡོ་བྱད་སྦྱར་ན། སྐད་ཅིག་མ་རེ་རེ་ཉིན་རེ་བཞིན་རྒྱུན་ཏུ་འབྲལ?་བར་འགྱུར་བས་ན། འཇིག་རྟེན་གྱི་སྦྱིན་གནས་སུ་རུང་བ ་ཞེས་བྱའོ། །འཕགས་པ་བཞེད་པའི་ཚུལ་ཁྲིམས་དང། ཚུལ་ཁྲིམས་ཀྱི་ཡོན་ཏན་དང་ལྡན་པའི་ཕྱིར། གང་ཡང་དེ་དག་ཚུལ་ཁྲིམས་མ་བཞིག་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་ཡང་ཞེས་བྱ་བ་ནི་འཕགས ་པའི་དགེ་འདུན་དེ་དག་ཡོན་ཏན་གོང་དུ་བཤད་པ་དང་ལྡན་པར་མ་ཟད་ཀྱི། ཚུལ་ཁྲིམས་མ་ཞིག་པ་ལ་སོགས་པའི་ཡོན་ཏན་འོག་ནས་འབྱུང་བ་རྣམས་པར?་ཡང་ལྡན་ནོ། །ཞེས་བྱ་བའི་དོན་ཏོ། །དེ་ལ་ཚུལ་ཁྲིམས་ནི་རྣམ་པ་གསུམ་སྟེ། ཚུལ་ཁྲིམས ་ཀྱི་ཡན་ལག་དང། བརྟུལ་ཞུགས་ཀྱི་ཡན་ལག་དང། བག་ཡོད་བའི་ཡན་ལག་གོ་།དེ་གསུམ་ཆར་ལས་ཉམས་པར་མ་གྱུར་པས་ན། ཚུལ་ཁྲིམས་མ་ཞིག་པའོ། །དེ་ལ་རང་བཞིན་གྱི་སྡིག་པ་ཕས་ཕམ་པ་རྣམས་མི་བྱེད་པ་ནི་ཚུལ ་ཁྲིམས་ཀྱི་ཡན་ལག་གོ་།སྐྲ་འབྲེག་པ་དང་གོས་ངུར་སྨིག་བྱོན?་པ་ནི་བརྟུལ་ཞུགས་ཀྱི་ཡན་ལག་གོ་།ཆད་མི་བཏུང་བ་ནི་བག་ཡོད་པའི་ཡན་ལག་ཅེས་བྱའོ། །སྐབས་སྐབས་སུ་སྲུང་སྐབས་སྐབས་སུ་འབུལ་ཞིང་གཏོད་བ་མེད་པས ་མ་རལ་བའོ། །ངང་ཚུལ་ངན་པའི་དྲི་མ་དང་མ་འདྲེས་པའི་ཕྱིར་མ་ཉམས་པའོ། །ཚུལ་ཁྲིམས་ཉམས་པར་འགྱུར་བའི་རྒྱུར་འདོད་པ་ལ་རྟག་པ་དང་ཞེ་སྡང་ལ་རྟོག་པ་མི་འབྱུང་བས་ན་མ་འདྲེས་པའོ། །གཅིག་ཏུ་དཀར་པོའི་ཕྱོགས་འབའ་ཞིག ་འབྱུང་ཞིང། མྱ་ངན་ལས་འདས་པའི་རྒྱུ་བྱེད་པས་ན། དྲི་མ་མེད་པའོ། །ཚུལ་ཁྲིམས་ཉམས་པར་འགྱུར་བའི་གཉེན་པོ་ལྡན་ཞིང། ཡོངས་སུ་འཛིན་པས་ན་རང་དབང་ཡོད་པའོ། །ཚུལ་ཁྲིམས་ཉམས་པའི་གཉེན་པོ་ནི། ཤེས ་རབ་ཀྱི་མཐུ་བསྒོམ་པའི་མཐུ་སྟེ། དེ་གཉིས་ལ་ཡང་ནས་ཡང་དུ་གོམས་པར་བྱས་པས་སྡིག་པ་མི་དགེ་བའི་ཆོས་ཀྱི་དབང་དུ་མི་འགྱུར་ཞིང་མི་དགེ་བའི་བཤེས་གཉེན་རྣམས་ཀྱིས་གཞན་དུ་བཀྲི་བར་མི་ནུས་པས་ན། རང་དབང ་ཡོད་པ་ཞེས་བྱའོ། །ལྟ་བ་ངན་པ་དང་སྨོན་ལམ་ངན་པའི་དྲི་མ་དང་མ་འདྲེས་པས་མམ?་གོད་པ་སྟེ། མངོན་པར་འབྱུང་བ་འབའ་ཞིག་ཏུ་བསྔོས་པའི་ཕྱིར་རོ། །ལྟ་བ་ངན་པ་དང་མ་འདྲེས་པ་ནི། འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི ་དྲི་མ་དང་མ་འདྲེས་པའི་ཕྱིར་རོ། །སྨོན་ལམ་ངན་པ་དང་མ་འདྲེས་པ་ནི་ཚུལ་ཁྲིམས་འདིས་ལྷར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པར་སྨོན་པ་དང་མ་འདྲེས་པའོ། །ཤིན་ཏུ་རྫོགས་པ་ཞེས་བྱ་བ་ནི་རབ་ཏུ་རྫོགས། མཐར་ཕྱིན་པ་སྟེ། ་ཇི་ལྟར་མཐར་ཕྱིན་ཅེ་ན། མ་ཞིག་པ་དང་མ་རལ་པ་དང་མ་ཉམས་པའི་ཕྱིར་མཐར་ཕྱིན་ཏེ། །ཤིན་ཏུ་བརྩམས་ཞེས་བྱ་བ་ནི། ལེགས་པར་བསྒྲུབས་ཞེས་བྱ་བའི་དོན་ཏོ། ཇི་ལྟར་ལེགས་པར་སྒྲུབས་ཤེ་ན། མ་འདྲེས་པ ་དང། དྲི་མ་མེད་པ་དང། རང་དབང་ཡོད་པ་དང་མ་གོད་པའི་ཕྱིར་ལེགས་པར་བསྒྲུབས་པའོ། །མཁས་པས་རབ་ཏུ་བསྔགས་པ་ཞེས་བྱ་བ་ནི། ཚུལ་ཁྲིམས་ཏེ་དེ་བཞིན་གཤེགས་པ་དང། འཕགས་པ་དགྲ ་བཅོམ་པ་ལ་སོགས་པས་ཡོན་ཏན་ཅན་དུ་བསྒྲགས་པའི་ཕྱིར། མཁས་པས་མ་སྨད་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་དེ་ལ་ཉེས་པ་དང་སྐྱོན་ཡོད་པར་མཁས་པས་མ་གསུངས་པའི་ཕྱིར་ཏེ། ཟག་པ་མེད་པའི་ཕྱིར་རོ། ། ་འཕགས་པ་འདོད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེས་བྱ་བ་ནི། འཕགས་པ་རྣམས་བཞད་པའི་ཚུལ་ཁྲིམས་ཡིན་པས་ན་འདོད་པའི་ཚུལ་ཁྲིམས་ཏེ། ཚུལ་ཁྲིམས་དེ་དགེ་བ་གང་ཟག་པ་མེད་པའི་མཚན་ཉིད ་ཡིན་པས་ན་མྱ་ངན་ལས་འདས་པའི་དོན་དུ་དེ་ལ་ཡང་ནས་ཡང་དུ་མངོན་སུམ་དུ་མཛད་པས་ན། དེའི་ཕྱིར་འཕགས་པ་བཞེད་པའི་ཚུལ་ཁྲིམས་སོ། །དོན་དུ་ན་འདི་དག་གིས་སྨན་པ་དང། སྨན་དང། ཉེ་གཡོག་དང་ཡོ་བྱད་དུ ་གྱུར་པ་རྣམས་བསྟན་པ་ཡིན་ཏེ། དེ་ལ་དེ་བཞིན་གཤེགས་པ་ནི་ཉོན་མོངས་པ་སེལ་བའི་སྨན་པའོ། །ཆོས་ནི་ཉོན་མོངས་པ་སེལ་བའི་སྨན་ཏོ། །དགེ་འདུན་ནི་ཉོན་མོངས་པ་སེལ་བའི་ཉེ ་གཡོག་གོ་།འཕགས་པ་དགྱེས་པའི་ཚུལ་ཁྲིམས་ནི་ཉོན་མོངས་པ་སྤང་བར་བྱ་བའི་ཡོ་བྱད་དུ་གྱུར་པའོ། །རྒྱུན་ཏུ་ཞུགས་པའི་ཡན་ལག་བཞི་བསྟན་པའི་མཇུག་བསྡུ་བའི་ཕྱིར། །འདི་ནི་རྒྱུན་ཏུ་ཞུགས་པའི་ཡན་ལག ་བཞི་རྣམས་སོ་ཞེས་གསུངས་སོ།། །།རྒྱུན་ཏུ་ཞུགས་པའི་ཡན་ལག་བཞི་བསྟན་པའི་འོག་ཏུ། སྟོབས་བཅུ་བསྟན་ཏེ། ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་གསུངས་པ། དགེ་སློང ་དག་དེ་བཞིན་གཤེགས་པའི་སྟོབས་བཅུ་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་ཅུང་ཟད་འདིས་བཤད་ཅིང་གསུངས་པ་རྣམས་དེ་བཞིན་དུ། ཕྱིན་ཅི་མ་ལོག་ཅིང་མ་ནོར་བའི་ཕྱིར་དེ་བཞིན་གཤེགས་པ ་ཞེས་བྱའོ། །ཉོན་མོངས་པ་དང་འདུད་ཐམས་ཅད་ཟིལ་གྱིས་གནོན་པའི་མཐུ་དང་ལྡན་པའི་ཕྱིར་སྟོབས་སོ། །སྟོབས་དང་པོ་བསྟན་པའི་ཕྱིར། དགེ་སློང་དག་དེ་བཞིན་གཤེགས་པ་གནས་ལ་གནས། གནས་མ་ཡིན ་པ་ལ་གནས་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཞེས་བྱ་བ་གསུངས་ཏེ། དེ་ལ་གནས་ནི་རྒྱུ་ལ་བྱའོ། །གནས་མ་ཡིན་པ་ནི་རྒྱུ་མ་ཡིན་པ་ལ་བྱའོ། །དེ་ལ་ལས་དགེ་བ་དང་མི་དགེ་བ་ནི་འབྲས་བུ ་བདེ་བ་དང། སྡུག་བསྔལ་བསྐྱེད་པའི་རྒྱུ་ཡིན་ནོ་ཞེས་མཁྱེན་པ་ནི་གནས་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཞེས་བྱའོ། །བྱེད་པ་པོ་དང་བདག་ལ་སོགས་པ་ནི་ཆོས་ཀྱི་རྒྱུ་མ་ཡིན་ཏེ། དེ་ལྟར་མཁྱེན་པ་ནི་གནས་མ ་ཡིན་པ་ལ་གནས་མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཞེས་བྱའོ། །ཡང་ན་གནས་ཞེས་བྱ་བ་ནི་སྲིད་པ་ལ་བྱ་ལ། གནས་མ་ཡིན་པ་ཞེས་བྱ་བ་ནི་མི་སྲིད་པ་ལ་བྱ་སྟེ། སྦྱིན་པས་ལོངས་སྤྱོད་ཆེན་པོར་འགྱུར་པ་ནི་སྲིད་ལ། སྦྱིན ་པས་དབུལ་བར་འགྱུར་བ་མི་སྲིད་པ་དང། ཚུལ་ཁྲིམས་ཀྱིས་མཐོ་རིས་སུ་སྐྱེ་བ་ནི་སྲིད་ལ། ཚུལ་ཁྲིམས་ཀྱིས་ངན་སོང་དུ་སྐྱེ་བ་ནི་མི་སྲིད་པ་དང། སླར་བཟློག་སྟེ། སྡིག་པ་བྱས་པས་མཐོ་རིས་སུ་སྐྱེ་བ་མི་སྲིད་ལ། སྡིག་པ་མི ་དགེ་བ་བྱས་པས་ངན་སོང་དུ་སྐྱེ་པ་ནི་སྲིད་པ་དང། དགེ་བ་བྱས་པས་མཐོ་རིས་སུ་སྐྱེ་བ་ནི་སྲིད་ལ། དགེ་བས་ངན་སོང་དུ་འགྲོ་བ་མི་སྲིད་པ་དང། སྐྱེས་པ་མངོན་པར་སངས་རྒྱས་ཤིང་འཁོར་ལོ་སྐོར་བའི་རྒྱལ་པོར་འགྱུར་བ་དང། རང་སངས་རྒྱས་སུ ་འགྱུར་པ་ནི་སྲིད་ལ། བུད་མེད་ཀྱིས་དེ་ལྟར་མི་འགྱུར་བར་ཐུགས་སུ་ཆུད་པ་ནི། གནས་ལ་གནས་དང་གནས་མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱའོ། །དེ་ལ་ཐམས་ཅད་ཤེས་པ་དང་ཐོགས་པ་མེད་པར་ཤེས་པ་དང། ་དག་པར་ཤེས་པ་ནི། ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་ཞེས་བྱའོ།། །།སྟོབས་གཉིས་པ་བསྟན་པའི་ཕྱིར། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལས་བྱས་ཤིང་བསགས ་ནས། འགག་པར་གྱུར་པ་དེ་དག་ནི་འདས་པའི་ལས་སོ། །ལས་གང་བྱས་པ་ཡང་མ་ཡིན། འགགས་པ་ཡང་མ་ཡིན། བྱེད་པ་ཡང་མ་ཡིན་གྱི། མ་འོངས་པ་ན་བྱེད་པར་འགྱུར་བ་ནི་མ་འོངས་པའི་ལས་སོ། །ལས་གང་བྱས་ཟིན་པ་དང། ་འགགས་པ་ཡང་མ་ཡིན། ད་ལྟར་བྱེད་པ་ལ་ཞུགས་པ་ནི། ད་ལྟར་བྱུང་བའི་ལས་ཞེས་བྱའོ། །དེ་ཡང་ལུས་ཀྱི་ལས་དང་ངག་གི་ལས་དང་ཡིད་ཀྱི་ལས་ཀྱི་སྒོ་ནས་རྣམ་པ་གསུམ་དུ་བསྡུ་བ་ནས་ལས་ཡང་དག་པར་གསུངས་སོ། །ལས་དེ་དག་ལས ་འབྲས་བུ་བདེ་བ་དང་སྡུག་བསྔལ་སྨིན་པ་ནི། རྣམ་པར་སྨིན་པ་ཞེས་བྱའོ། །དེ་ལ་ཡང་རྣམ་པ་བཞི་ལྟ་བུར་མཁྱེན་པ་ནི། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱ་སྟེ། ལས་ཁ་ཅིག་ད་ལྟར་བདེ་ལ། མ་འོངས ་བ་ན་སྡུག་བསྔལ་བར་རྣམ་པར་སྨིན་པར་འགྱུར་པ་དང། ལས་ཁ་ཅིག་ད་ལྟར་སྡུག་བསྔལ་ལ། མ་འོངས་པ་ན་བདེ་བར་རྣམ་པར་སྨིན་པ་དང། ལས་ཁ་ཅིག་ད་ལྟར་ཡང་སྡུག་བསྔལ་བ། མ་འོངས་པ་ན་ཡང་སྡུག་བསྔལ་བར་རྣམ་པར་སྨིན་པ་དང། ་ལས་ཁ་ཅིག་དེ་ལྟར་ཡང་བདེ་ལ། མ་འོངས་པ་ནི་ཡང་བདེ་བར་སྨིན་པར་འགྱུར་བ་རྣམས་དེ་བཞིན་དུ་ཐུགས་སུ་ཆུད་པའོ། །དེ་ལ་ཚེ་རབས་གཞན་ན་ཡང་ལས་མི་དགེ་བ་སྤྱད་པ་ལ་གོམས་པས་ཚེ་འདིར་ཡང་མི་དགེ་བའི་ལས་ལ་དགའ་བ་བཞིན ་ལས་ཁ་ཅིག་ད་ལྟར་ཡང་བདེ་ལ། མ་འོངས་པ་ནི་ཡང་བདེ་བར་སྨིན་པར་འགྱུར་བ་རྣམས་དེ་བཞིན་དུ་ཐུགས་སུ་ཆུད་པའོ། །དེ་ལ་ཚེ་རབས་གཞན་ན་ཡང་ལས་མི་དགེ་བ་སྤྱད་པ་ལ་གོམས་པས་ཚེ་འདིར་ཡང་མི་དགེ་བའི་ལས་ལ་དགའ་བ་བཞིན ་དུ་འཇུག་པ་དེ་དག་དེའི་རྐྱེན་གྱིས་མ་འོངས་པ་ནི་ངན་སོང་གསུམ་དུ་རྣམ་པར་སྨིན་པར་འགྱུར་བས་དེ་ནི་ལས་ད་ལྟར་བདེ་ལ། མ་འོངས་པར་སྡུག་བསྔལ་རྣམ་པར་སྨིན་པ་ཞེས་བྱའོ། །ལ་ལ་དག་ཚེ་རབས་སྔ་མ་ན་དགེ་བ་ལ་གོམས་པ་ཆེན་པོར་མི ་བྱས་པ་ཚེ་འདིར་ཚུལ་ཁྲིམས་བསྲུང་བ་ལ་སོགས་པའི་དགེ་བ་ལ་མི་བདེ་བཞིན་དུ་འཇུག་པ། དེའི་རྒྱུས་ཚེ་རབས་གཞན་དུ་བདེ་འགྲོར་རྣམ་པར་སྨིན་པ་ནི་འདིར་མི་བདེ་ལ་ཚེ་རབས་གཞན་དུ་བདེ་བར་སྨིན་པ་ཞེས་བྱའོ། །སེམས་ཅན་ཁ ་ཅིག་ཚེ་རབས་གཞན་དུ་སྡིག་པའི་ལས་ལ་གོམས་པར་མ་བྱས་པས་ཚེ་འདིར་མི་འདོད་བཞིན་དུ་མི་དགེ་བའི་བཤེས་གཉེན་གྱི་རྐྱེན་གྱིས་སྡིག་པའི་ལས་བྱེད་དུ་བཅུག་པ་དེ་དག་ནི་མ་འོངས་པ་ན་ངན་སོང་གསུམ་དུ་རྣམ་པར་སྨིན་པར་འགྱུར ་པས། དེ་དག་ནི་ཚེ་འདི་དག་ལ་ཡང་མི་བདེ་ལ། མ་འོངས་པ་ན་ཡང་སྡུག་བསྔལ་བར་རྣམ་པར་སྨིན་པ་ཞེས་བྱའོ། །ལ་ལ་བདག་ཚེ་རབས་སྔ་མ་ན་དགེ་བ་ལ་གོམས་པ་ཆེན་པོར་མ་བྱས་པས་ཚེ་འདིར་ཚུལ་ཁྲིམས་བསྲུང་པ་ལ་སོགས་པའི ་དགེ་བ་ལ་མི་བདེ་བཞིན་དུ་འཇུག་པ། དེའི་རྒྱུས་ཚེ་རབས་གཞན་དུ་བདེ་འགྲོ་བ་རྣམ་པར་སྨིན་པ་ནི་འདིར་མི་བདེ་ལ་ཚེ་རབས་གཞན་དུ་བདེ་བར་སྨིན་པ་ཞེས་བྱའོ། །སེམས་ཅན་ཁ་ཅིག་ཚེ་རབས་གཞན་དུ་སྡིག་པའི་ལས་ལ་གོམས་པར་མ་བྱས་པས་ཚེ་འདིར ་མི་འདོད་བཞིན་དུ་མི་དགེ་བའི་བཤེས་གཉེན་གྱི་རྐྱེན་གྱིས་སྡིག་པའི་ལས་བྱེད་དུ་བཅུག་པ་དེ་དག་ནི་མ་འོངས་པ་ན་ངན་སོང་གསུམ་དུ་རྣམ་པར་སྨིན་པར་འགྱུར་བས། དེ་དག་ནི་ཚེ་འདི་ལ་ཡང་མི་བདེ་ལ། མ་འོངས་པ་ན་ཡང་སྡུག་བསྔལ་བར་རྣམ་པར ་སྨིན་པ་ཞེས་བྱའོ། །ཁ་ཅིག་ཚེ་རབས་སྔ་མ་ལ་དགེ་བའི་ལས་བྱེད་པ་ལ་སོགས་པས་ཚེ་འདིར་ཡང་དེ་བཞིན་དུ་དགེ་བའི་ལས་བྱེད་པ་དང། ཚེ་འདིར་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་ཐོབ་པ་དག་མ་འོངས་པ་ན་ཡང་མཐོ་རིས་སུ་རྣམ་པར་སྨིན་པར ་འགྱུར་བའི་ཕྱིར་དེ་དག་ནི་ཚེ་འདིར་ཡང་བདེ་ལ། ཚེ་རབས་གཞན་དུ་ཡང་རྣམ་པར་སྨིན་པ་བདེ་བ་ཞེས་བྱའོ། །སྟོབས་གསུམ་པ་བསྟན་པའི་ཕྱིར། སེམས་ཅན་ཕ་རོལ་པོ་རྣམས་ཀྱི་མོས་པ་དུ་མ་དང་མོས་པ་སྣ་ཚོགས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ ་ཤེས་པ་ཞེས་བྱ་བ་གསུངས་ཏེ། སེམས་ཅན་རྣམས་ཀྱི་མོས་པ་དུ་མ་ནི་མོས་པ་ཆུང་བ་དང། མོས་པ་འབྲིང་པོ་དང། མོས་པ་ཆེན་པོ་སྟེ། གང་ཉན་ཐོས་ཀྱི་ཐེག་པ་ལ་མོས་པ་ནི་མོས་པ་ཆུང་ངུའོ?། །རང་སངས་རྒྱས་ཀྱི་ཐེག་པ་ལ་མོས་པ་འབྲིང་ངོ། །ཐེག་པ ་ཆེན་པོ་ལ་མོས་པ་ཆེན་པོའོ། །སེམས་ཅན་ཁ་ཅིག་གཟུགས་ལ་མོས་པ་ཡང་ན་སྒྲ་ལ་མ་ཡིན། ཁ་ཅིག་སྒྲ་ལ་མོས་ལ། གཟུགས་ལ་མ་ཡིན། ཁ་ཅིག་དྲི་ལ་མོས་ལ། གཟུགས་ལ་མ་ཡིན་པ་ལ་སོགས་པ་མོས་པའི་རྣམ་པ་ཚད་མེད་པར་ཡོད་པ ་རྣམས་ནི་མོས་པ་སྣ་ཚོགས་ཞེས་བྱ་སྟེ། སེམས་ཅན་རྣམས་གང་ཅི་ལ་མོས་པ་དེ་བཞིན་དུ་ཕྱིན་ཅི་མ་ལོག་པར་མཁྱེན་པས་ན། མོས་པ་དུ་མ་དང་མོས་པ་སྣ་ཚོགས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་པའོ། །སྟོབས་བཞི ་པ་བསྟན་པའི་ཕྱིར། འཇིག་རྟེན་གྱི་ཁམས་དུ་མ་དང། འཇིག་རྟེན་གྱི་ཁམས་སྣ་ཚོགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཞེས་བྱ་བ་གསུངས་ཏེ། ཁམས་ཀྱི་དོན་ནི་འདིར་སེམས་ཅན་རྣམས་ཀྱི་རིགས་སམ་རང་བཞིན ་ནམ་ས་བོན་ལ་བྱ་སྟེ། ཉན་ཐོས་ཀྱི་རིགས་དང། རང་སངས་རྒྱས་ཀྱི་རིགས་དང། ཐེག་པ་ཆེན་པོ་རིགས་ཅན་རྣམས་ཀྱི་འཇིག་རྟེན་གྱི་ཁམས་དུ་མ་ཞེས་བྱའོ། །སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་དག་ནི་འཇིག་རྟེན་གྱི་ཁམས་སྣ ་ཚོགས་ཞེས་བྱ་སྟེ། སེམས་ཅན་རིགས་དང་ལྡན་པ་དང། སེམས་ཅན་གང་སྤྱོད་པ་གང་དང་ལྡན་པ་དེ་དེ་བཞིན་དུ་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པས་ན། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཞེས་བྱའོ།། །། ་སྟོབས་ལྔ་པ་བསྟན་པའི་ཕྱིར། སེམས་ཅན་གཞན་རྣམས་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་དབང་པོ་རྣོན་པོ་དང། རྟུལ་པོ་དང་འབྲིང་པོ་སྟེ། ་རྣམ་པ་གསུམ་མོ། །འདི་ནི་དད་པ་ལ་སོགས་པའི་དབང་པོ་ལྔ་རྣ་བ་དང་ལྡན། འདི་ནི་དད་པ་ལ་སོགས་པའི་དབང་པོ་རྟུལ་བ་དང་ལྡན་ནོ་ཞེས་ཕྱིན་ཅི་མ་ལོག་པར་རབ་ཏུ་མཁྱེན་པ་ནི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཡང་དག ་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་ཞེས་བྱའོ།། །།སྟོབས་དྲུག་པ་བསྟན་པའི་ཕྱིར། ཐམས་ཅད་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་ཞེས་གསུངས་ཏེ། སེམས་ཅན་རྣམས་ཀྱི་རིགས་དང ་སྤྱོད་པ་དང་དབང་པོ་རྣོ་རྟུལ་མཁྱེན་ནས་སེམས་ཅན་གང་ལ་ལམ་དང་ཆོས་གང་བསྟན་པར་འོས་པ་དེ་བཞིན་དུ། ཕྱིན་ཅི་མ་ལོག་པར་མཁྱེན་པ་ནི་ཐམས་ཅད་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཞེས ་བྱའོ། །དཔེར་ན་འདོད་ཆགས་ཅན་ལ་མི་གཙང་བ་བསྟན་པ་དང། ཞེ་སྡང་ཅན་ལ་བྱམས་པ་བསྟན་པ་དང་ཞེས་བྱ་བ་ལ་སོགས་པ་མཁྱེན་པའོ། །ཡང་ན་ལས་རྒྱུད་ལྔ་གཟིགས་ཤིང་མཁྱེན་པ་ནི། ཐམས་ཅད་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཞེས་བྱའོ།། ་ཡང་ན་སོ་སོའི་ཕྱོགས་ལ་བརྟེན་པའི་ལམ་དགེ་སྦྱོང་དང་བྲམ་ཟེ་ལ་སོགས་པ་སོ་སོར་ལྟ་བ་སྣ་ཚོགས་ལ་ཆགས་ཤིང་ལམ་ཡིན་པར་འདུ་ཤེས་པ་ལས་གང་ཚེ་འདི་དང་ཚེ་རབས་གཞན་དུ་ཡང་ཁ་ན་མ་ཐོ་བ་མེད་པའི་ལམ་ཐམས་ཅད་དུ་བདེ་བ་འབའ་ཞིག ་སྐྱེད་པར་བྱེད་པ་ནི་ཐམས་ཅད་དུ་འགྲོ་བའི་ལམ་ཞེས་བྱ་སྟེ། །དེ་ཕྱིན་ཅི་མ་ལོག་པར་མཁྱེན་པས་ན་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་ཞེས་བྱའོ། །སྟོབས་བདུན་པ་བསྟན་པའི་ཕྱིར། སེམས་ཅན་ཕ་རོལ་པོ་རྣམས་ཀྱི་དབང་པོ་དང་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། དབང་པོ་ནི་དད་པའི་དབང་པོ་ལ་སོགས་པའི་དབང་པོ་ལྔའོ། །སྟོབས་ནི་དད་པ་ལ་སོགས་པའི་སྟོབས་ལྔའོ། །བྱང་ཆུབ་ཀྱི་ཡན་ལག་དྲན་པ་ལ་སོགས་པ་བྱང་ཆུབ་ཀྱི་ཡན་ལག་བདུན་ནོ། །བསམ་གཏན་ནི་གཟུགས ་ཀྱི་ཁམས་ཀྱི་བསམ་གཏན་བཞིའོ། །རྣམ་པར་ཐར་པ་ནི་གཟུགས་ཅན་གཟུགས་ལ་ལྟ་བ་ལ་སོགས་པ་བརྒྱད་དོ། །ཏིང་ངེ་འཛིན་ནི་མཚན་མ་མེད་པ་དང། སྨོན་པ་མེད་པ་དང་སྟོང་པ་ཉིད་ལ་སོགས་པ་གསུམ་མོ། །སྙོམས་པར་འཇུག་པ་ནི་གཟུགས ་མེད་པའི་ཁམས་ཀྱི་སྙོམས་པར་འཇུག་པ་བཞི་དང། འགོག་པའི་སྙོམས་པར་འཇུག་པའོ། །ཡང་ན་སེམས་ལ་དབང་ཐོབ་པ་རྣམས་གང་འདོད་པའི་དོན་སྒྲུབ་པའི་ཕྱིར་དེ་དང་རྗེས་སུ་མཐུན་པའི་ཏིང་ངེ་འཛིན་ལ་ཞུགས་པ་ནི་སྙོམས ་པར་འཇུག་པ་ནི་ཞེས་བྱའོ། །ཀུན་ནས་ཉོན་མོངས་པ་དང་ཞེས་བྱ་བ་ལ། མདོར་ན་བསམ་གཏན་ལ་སོགས་པ་ཐོབ་པར་བྱ་བ་ལ། བར་དུ་སྤྱོད་པའི་ཀུན་ནས་ཉོན་མོངས་པ་གཉིས་ཏེ། མ་ཐོབ་པ་རྣམས་ལ་ནི། ཐབས་མ་ཡིན་པའི ་སྦྱོར་བ་ལ་འཇུག་པ་དང། རྨུགས་པ་དང། རྒོལ་བའི་ཀུན་ནས་ཉོན་མོངས་པ་འབྱུང་བ་དང། ཐོབ་པ་རྣམས་ལ་ནི་དེའི་སའི་ཀུན་ནས་ཉོན་མོངས་པ་མངོན་དུ་སྤྱོད་པ་འམ། བསམ་གཏན་??་བདེ? ་པ་ལ་རོ་མྱོང་བར་བྱེད་པ་སྟེ། དེ་ནི་ཀུན་ནས་ཉོན་མོངས་པ་ཞེས་བྱའོ། །ཀུན་ནས་ཉོན་མོངས་པ་རྣམ་པ་གཉིས་དང་བྲལ་བ་ཉིད་རྣམ་པར་བྱེད་པའོ། །བསམ་གཏན་ཚད་མེད་པ་རྣམས་ལ་བསམ་གཏན་གང་གི་མིང་གང་ཡིན་པ་ནི། ་རྣམ་པར་བཞག་པ་ཞེས་བྱ་སྟེ། དབང་པོ་ལ་སོགས་པའི་ཆོས་རྣམས་དང། དེ་དག་གི་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་དང། མིང་གང་ཡིན་པ་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པ་ནི། ཡང་དག་པ་ཇི་ལྟ་བ་བཞིན་དུ ་རབ་ཏུ་ཤེས་པ་ཞེས་བྱའོ། །སྟོབས་བརྒྱད་པ་བསྟན་པའི་ཕྱིར། སྔོན་གྱི་གནས་རྣམ་པ་དུ་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་གྱི་གནས་རྣམ་པ་སྣ་ཚོགས་དེ་དང་དེ་དག་འདི་ལྟ་སྟེ། ཤར་དང་ནུབ་དང་བྱང་དང ་ལྷོ་ལ་སོགས་པ། གནས་སྣ་ཚོགས་པ་དང་མིང་ལ་སོགས་པ་ཐ་དད་པ་ཐ་སྙད་ཀྱི་དངོས་པོ་བརྒྱད་རྗེས་སུ་འབྲངས་པའི་བདག་དང་གཞན་གྱི་ལུས་འབྲངས་པ་རྣམས་ལ་མདོར་ན་སྤྱོད་པ་དྲུག་རྗེས་སུ་དྲན་པ་ནི། སྔོན་གྱི་གནས་རྣམ ་པ་དུ་མ་རྣམ་པ་དང་བཅས། ཡུལ་དང་བཅས། མཚན་མ་དང་བཅས་པར་ཡང་དག་པར་རྗེས་སུ་དྲན་པ་ཞེས་བྱའོ། །ཐ་སྙད་ཀྱི་དངོས་པོ་བརྒྱད་ནི་མིང་གང་ཡིན་པ་དང། རིགས་གང་ཡིན་པ་དང། རུས་གང་ཡིན་པ་དང། ་ཐ་སྙད་ཅི་དག་སྤྱོད་པ་དང། བདེ་བ་དང། སྡུག་བསྔལ་ཅི་མྱོང་བ་དང། ཚེ་རིང་ཐུང་ཇི་ཙམ་པ་དང། དུས་ཅི་སྲིད་ཅིག་གནས་པ་དང། ཚེའི་མཛའ་ཇི་ཙམ་པའོ། །སྤྱོད་པ་རྣམ་པ་དྲུག་ནི། འབོད་པའི་ཕྱིར་ཐ་སྙད་དང། ་རྒྱལ་རིགས་ལ་སོགས་པའི་རིགས་དང། ཕ་མ་གང་ཡིན་པ་དང། བཟའ་བ་བཏུང་བའི་ཡོ་བྱད་དང། དར་བ་དང། རྒུད་པ་དང། ཚེའི་འདུ་བྱེད་རྣམ་པ་སྣ་ཚོགས་སོ། །འདི་ལྟར་འཇིག་རྟེན་དག་ཐ་སྙད་ནི་དངོས་པོ་བརྒྱད་ལ་བརྟེན་ནས་སྤྱོད་པ ་རྣམ་པ་དྲུག་གིས་བདག་དང་ཕ་རོལ་དག་ལ་སྨྲ་ཞིང་གླང་བར་བྱེད་དོ། །དེ་ལ་མི་གང་ཡིན་པ་ནི་བདག་ཚེ་རབས་དེ་དང། དེ་དག་ནས་མི་གང་དང་གང་ཡིན་པའོ། །རིགས་ནི་རྒྱལ་རིགས་སམ་བྲམ་ཟེ་འམ། རྗེའུ་རིགས་སམ། དམང ་རིགས་ལ་སོགས་པ་གང་དང་གང་དུ་སྐྱེས་པའོ། །ཕ་དང་མ་ནི་སེམས་ཅན་སོ་སོའི་ཚེ་རབས་དེ་དང་དེ་དག་ན་མ་གང་ཡིན་པ་དང། ཕ་གང་ཡིན་པའོ། །བཟའ་བ་དང་བཏུང་བའི་ཡོ་བྱད་ནི། ཚེ་རབས་དེ་དང་དེ་དག་ན་ཁྲེ་དང་འབྲས་བུ ་སོགས་པའི་ཁ་ཟས་ཅི་དང་ཅི་ཟོས་པའོ། །དར་བ་དང་རྒུད་པ་ནི་ཚེ་རབས་དེ་དང་དེ་དག་ན་ཉོན་མོངས་པ་ཅི་མྱོང་བ་དང་བདེ་བ་ཅི་མྱོང་བའོ། །ཚེའི་འདུ་བྱེད་སྣ་ཚོགས་ནི་ཚེ་རབས་དེ་དང་དེ་དག་ན་ལོ་གྲངས་བརྒྱ་འམ་སྟོང་ངམ། བཅུ་ལ ་སོགས་པའི་ཚེའི་ཚང་ཇི་ཙམ་དང། དེ་དག་ན་བྱིས་པའི་དུས་དང། དར་ལ་བབ་པའི་དུས་དང། རྒས་པའི་དུས་ཀྱི་རྣམ་པ་དང། ཚེའི་འདུ་བྱེད་ཇི་ཙམ་ལོན་ནས། ཇི་ཙམ་ན་ཤི་བར་གྱུར་པ་སྟེ། དེ་དག་དང་གཞན་གྱི་ཐ་སྙད་དེ་དག ་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པས་ན། སྔོན་གྱི་གནས་རྣམ་པ་དུ་མ་རྣམ་པ་དང་བཅས་པ། ཡུལ་རང་བཅས་པ། མཚན་མ་དང་བཅས་པ་ཡང་དག་པར་རྗེས་སུ་དྲན་པ་ཞེས་བྱའོ། །དེ་ལ་རྣམ་པ་དང་བཅས་པ ་ཞེས་བྱ་བ་ལ། །རྣམ་པ་ནི་རྣམ་པ་དྲན་པ་དང། ངན་རྟགས་དྲན་པ་དང། མཚན་མ་དྲན་པའོ། །དེ་ལ་རྣམ་པ་དྲན་པ་ནི། བདག་དང་གཞན་གྱི་ཚེ་གཅིག་ནས་བརྩམས་ནས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་ཕ་རོལ་ན་ནི ་དང་ཅི་བྱེད་པ་དྲན་པའོ། །དོན་རྟགས་དྲན་པ་ནི་ཚེ་རབས་དེ་དང་དེ་དག་ཐམས་ཅད་ན་ཚེ་རེ་རེའི་སོ་སོའི་མིང་རྣམས་ཀྱང་དྲན་པ་སྟེ། ཚེ་འདིའི་ཚེ་ན་ནི་མིང་འདི་ཞེས་བྱ་བ། ཚེ་འདིའི་ཚེ་ན་ནི་མིང་འདི་ཞེས་བྱ ་བ་དྲན་པའོ། །མཚན་མ་དྲན་པ་ནི་ཚེ་རབས་དེ་དང་དེ་དག་ན་རུས་དང་རིགས་གང་ཡིན་པ་དང། དར་བ་དང་རྒུད་པ་ཅི་མྱོང་བ་རྣམས་དྲན་པའོ། །ཡུལ་དང་བཅས་པ་ཞེས་བྱ་བ་ནི་ཚེ་རབས་དེ་དང་དེ་དག་ན་རུས་དང་རིགས་གང་ཡིན་པ་དང། ་ཡུལ་གང་དང་གང་ན་གནས་པ་དང། དེ་དག་ནས་ཤི་འཕོས་ནས་གང་དུ་སྐྱེས་པ་དྲན་པའོ། །མཚན་མ་དང་བཅས་པ་ཞེས་བྱ་བ་ནི་ཚེ་རབས་དེ་དང་དེ་དག་ན་ཕ་མ་གང་ཡིན་དྲན་པ་དང། ཚེའི་འདུ་བྱེད་དུས་ཇི་སྲིད་ཅིག་ཏུ་གནས་པ་དྲན ་པའོ། །ཡང་ན་ཚེ་རབས་དེ་དང་དེ་དག་དུ་སྐྱེས་པ་ན་ཕ་མའི་དུས་གང་ཡིན་པ་དང། ཕ་མ་གང་ཡིན་པ་དང། བདེ་སྡུག་ཅི་མྱོང་བ་དང། ཁ་ཟས་ཅི་ཟོས་པ་དང། དུས་རིང་ཐུང་ཇི་སྲིད་དུ་གནས་པ་དྲན་པ་ནི། རྣམ་པ་དང་བཅས ་པའི་དྲན་པ་ཞེས་བྱའོ། །ཚེ་རབས་དེ་དང་དེ་དག་ན། ཡུལ་གང་དང་གང་དུ་སྐྱེས་པ་དང། ཚེ་རབས་གཅིག་ནས་གཅིག་ཏུ་བརྒྱུད། དེ་ཇི་ལྟར་སྐྱེས་པ་དྲན་པ་ནི་ཡུལ་དང་བཅས་པའོ། །ཚེ་རབས་དེ་དང་དེ་དག་ནི་མིང་ཅི་དང་ཅི་བརྟགས ་པ་དྲན་པ་ནི་མཚན་མ་དང་བཅས་པ་ཡང་དག་པར་དྲན་པ་ཞེས་བྱའོ། །དེ་ཡང་མདོར་བསྡུས་ན། དོན་རྣམ་པ་གསུམ་སྟོན་ཏེ། གང་གིས་དྲན་པ་དང། གང་དྲན་པ་དང། ཇི་ལྟར་དྲན་པའོ། །དེ་ལ་གང་གིས་དྲན་པ་ནི ་སྔོན་གནས་པའི་རྗེས་སུ་དྲན་པའི་ཡེ་ཤེས་ཉིད་ཀྱིས་རྗེས་སུ་དྲན་པའོ། །གང་དྲན་པ་ནི་ཚེ་རབས་གཅིག་ཀྱང་དྲན་པ་ནས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་བར་དུ་དྲན་པའོ། །ཇི་ལྟར་དྲན་པ་ནི་རྣམ་པ་དང་བཅས ་ཡུལ་དང་བཅས། མཚན་མ་དང་བཅས་པར་དྲན་པའོ། །སྟོབས་དགུ་པ་བསྟན་པའི་ཕྱིར། དེ་མི་ལས་ཤིན་ཏུ་འདས་པའི་འཕྲུལ་གྱི་མིག་རྣམ་པར་དག་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་འཕྲུལ་ནི་བསམ་གཏན་དང་པོ་དང་གཉིས་པ་ལ་སོགས ་པའོ། །འཕྲུལ་གྱི་མིག་དེ་ཡང་བསམ་གཏན་དེ་དེ་ཙམ་དག་ལོ་བརྟེན་པ་དང། དེའི་འབྲས་བུར་གྱུར་པ་བར། དེས་ཡོངས་སུ་ཟིན་པའི་ཕྱིར་འཕྲུལ་གྱི་མིག་ཅེས་བྱའོ། །བསམ་གཏན་ཡོངས་སུ་རྫོགས་པ་དང། རྣམ་པར་ཐར་པའི་འབྲས་བུ་ཡིན་པའི་ཕྱིར། ་རྣམ་པར་ཐར་པ་ཞེས་བྱའོ། །འཕྲུལ་གྱི་མིག་དེའི་མིང་ཙམ་ཡང་མི་ལ་མེད་པའི་ཕྱིར། ལས་ཤིན་ཏུ་འདས་པ་ཞེས་བྱའོ། །འདི་ལྟར་འདོད་པའི་ཁམས་སུ་སྐྱེས་པའི་ལྷ་རྣམས་ལ་ནི། སྐྱེས་ནས་ཐོབ་པའི་འཕྲུལ་གྱི་མིག་ཅེས་བྱ་ཡང། མི་རྣམས་ལ ་དེ་ཙམ་ཡང་མེད་པའི་ཕྱིར། མི་ལས་ཤིན་ཏུ་འདས་པའོ། །སེམས་ཅན་རྣམས་ལུས་དང་ཡིད་ཀྱི་དགེ་བ་སྤྱད་པ་ཞེས་བྱ་བ་ནི། སྲོག་གཅོད་པ་ལས་ལྡོག་པ་ལ་སོགས་པའི་དགེ་བ་བཅུ་ལུས་དང་ངག་དང་ཡིད་གསུམ་གྱིས་སྦྱོར་བར་བྱའོ། །མི་དགེ ་པ་སྤྱད་པ་ནི་སྲོག་གཅོད་པ་ལ་སོགས་པ་མི་དགེ་བ་བཅུ་ལུས་དང་ངག་དང་ཡིད་གསུམ་གྱི་སྒོ་ནས་སྤྱོད་པའོ། །དགེ་བ་བཅུ་སྤྱད་པས་ལྷ་དང་མིའི་ནང་དུ་སྐྱེ་བ་ནི། བདེ་འགྲོར་སྐྱེ་བའོ། །མི་དགེ་བ་བཅུ་སྤྱད་པས་ངན་སོང་གསུམ་དུ་ལྟུང་བ་ནི། ་ངན་པར་འགྲོ་བ་སྐྱེ་བ་ཞེས་བྱའོ། །སེམས་ཅན་གང་སྲོག་གི་དབང་པོ་བོར་བ་ནི་འཆི་བའོ། །སྲིད་པ་བར་མར་སྐྱེ་བ་ནི་འཕོ་བའོ། །ལྷ་དང་མི་ལ་སོགས་པའི་རིགས་སུ་བྱུང་བའི་སྐྱེ་བར་གྱུར་བ་ཞེས་བྱ་སྟེ། འཕྲུལ་གྱི་མིག་གིས་སེམས་ཅན ་ཚེ་རབས་གཞན་དུ་གང་ནས་གང་དུ་ཇི་ལྟར་སྐྱེ་བར་མཐོང་བ་ནི། ཚེ་རབས་གཞན་རྗེས་སུ་དྲན་པའི་སྟོབས་ཤེས་སོ་།སྟོབས་བཅུ་པ་བསྟན་པའི་ཕྱིར། ཟག་པ་མེད་པའི་ཤེས་རབ་ཀྱིས་ཟག་པ་མེད་པའི་ཕྱིར་སེམས་རྣམ་པར་གྲོལ་བ ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ་ཞེས་བྱ་བ་གསུངས་ཏེ། བསྒོམ་པ་དང་མཐོང་བའི་ལམ་གྱིས་བག་ལ་ཉལ་མ་ལུས་པར་སྤངས་ནས། ཟག་པ་མེད་པའི་ཚུལ་ཁྲིམས་དང། ཏིང་ངེ་འཛིན་དང། ཤེས་རབ་དང། རྣམ་པར ་གྲོལ་བ་ཐོབ་པ་ནི་ཟག་པ་ཟད་པའོ། །དེ་ནས་ཟག་པ་ཟད་ནས་བདག་གི་རྒྱུད་ལ་ཟག་བཟང?་དེ་ཉོན་མོངས་པ་ནི་སྤངས། སྲིད་པ་གཞན་དུ་མི་སྐྱེ་ཞེས་རྣམ་པར་གྲོལ་བའི་ཡེ་ཤེས་ཐོབ་པ་ན། ཤེས་རབ་ཀྱི་ཟག་པ་མེད་པའི་རྣམ་པར་གྲོལ་བ་ཡང་དག་པ་ཇི་ལྟ ་བ་བཞིན་དུ་ཤེས་པ་ཞེས་བྱའོ། །ཇི་ལྟར་བདག་གི་རྒྱུད་ལ་ཟག་པ་ཟད་པ་ཤེས་བཞིན་དུ་སེམས་ཅན་གཞན་གྱི་རྒྱུད་ཀྱི་ཟག་པ་རྣམས་ཀྱང་ཟད་པར་བྱ་བར་མཁྱེན་པ་ནི་ཟག་པ་ཟད་པའི་སྟོབས་ཞེས་བྱའོ། །དེ་ལ་སྟོབས་བཅུ་འདི་དག་གི་རང ་བཞིན་རབ་ཏུ་དབྱེ་བ་དང། མ་འདྲེས་པ་དང། མཉམ་པ་དང་ལས་བྱེད་པ་དང། གོ་རིམས་དང། ཁྱད་པར་རྣམས་བསྟན་པར་བྱའོ། །དེ་ལ་སྟོབས་བཅུ་རྣམས་ཀྱི་རང་བཞིན་གང་ཞེ་ན། འདི་དག་གི་རང་བཞིན་ནི་ཟག་པ་མེད་པའི་དད་པ་ལ་སོགས ་པའི་དབང་པོ་ལྔའི་རང་བཞིན་ཡིན་པར་རིག་པར་བྱའོ། །ཡང་ན་དེ་དག་གི་ནང་ན་ཤེས་རབ་གཙོ་བོ་ཡིན་པས་ཤེས་རབ་ཀྱི་རང་བཞིན་ཡིན་པར་རིག་པར་བྱའོ། །རབ་ཏུ་དབྱེ་བ་ནི་སྟོབས་བཅུ་འདི་དག་རྣམ་པ་གསུམ་དུ་རབ་ཏུ་ཕྱེ་ནས། ་ཚད་མེད་པའི་ངོ་བོ་ཉིད་ཡིན་པར་རིག་པར་བྱ་སྟེ། རྣམ་པ་གསུམ་ནི་དུས་རབ་ཏུ་དབྱེ་བ་དང། རྣམ་པ་རབ་ཏུ་དབྱེ་བ་དང། རྒྱུད་རབ་ཏུ་དབྱེ་བ་དང། དེ་ལ་དུས་རབ་ཏུ་དབྱེ་བ་ནི་འདས་པ་དང། མ་འོངས་པ་དང། ད་ལྟར་གྱི་དུས་སུ ་གཏོགས་པས་ཤེས་པར་བྱ་བའི་དངོས་པོ་ཐམས་ཅད་ཐུགས་སུ་ཆུད་པའི་ཕྱིར་རོ། །རྣམ་པ་རབ་ཏུ་དབྱེ་བ་ནི་འདུས་བྱས་ཀྱི་དངོས་པོ་གཅིག་ལ་ཡང་རང་གི་མཚན་ཉིད་དང། སྤྱིའི་མཚན་ཉིད་དང། གཟུགས་ཅན་དང། གཟུགས་མེད་པ ་ལ་སོགས་པའི་རྣམ་པ་ཇི་སྙེད་ཡོད་པ་ཐུགས་སུ་ཆུད་པའི་ཕྱིར་རོ། །རྒྱུད་རབ་ཏུ་དབྱེ་བ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ན་འདུག་པའི་སེམས་ཅན་སོ་སོའི་རྒྱུད་ཅི་འདྲ་བ་མ་ལུས་པར་ཐུགས་སུ་ཆུད་པའི་ཕྱིར་རོ། །དེ་ལྟ་ན་རྣམ་པར ་དབྱེ་བ་གསུམ་ཐུགས་སུ་ཆུད་པས་སྟོབས་བཅུ་འདི་དག་ཚད་མེད་པའི་རང་བཞིན་ཡིན་པར་རིག་པར་བྱའོ། །དེ་ལ་མ་འདྲེས་པའི་སྟོབས་བཅུ་པོ་འདི་དག་དེ་བཞིན་གཤེགས་པ་ཉག་གཅིག་ལ་མངའ་བར་ཟད་ཀྱི། ཉན་ཐོས་དང་རང་སངས་རྒྱས་ལ་སོགས ་པ་གཞན་ལ་མེད་པའི་ཕྱིར་རོ། །མཉམ་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་སྟོབས་བཅུ་པོ་འདི་བརྙེས་པར་འདྲ་སྟེ། ཆེ་ཆུང་ཁྱད་པར་མེད་པའི་ཕྱིར་རོ། །དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པ་ཉིད་ལ་གནས་པ་ཞེས་བྱ་སྟེ། ་སེམས་ཅན་གྱི་དོན་དང་སྦྱར་ནས། སྐབས་ཁ་ཅིག་ཏུ་དོན། ལ་ལ་མངོན་སུམ་དུ་བྱེད། སྐབས་ཁ་ཅིག་ཏུ་ལ་ལ་མངོན་སུམ་དུ་མི་བྱེད་པ་ཙམ་གྱིས་ཁྱད་ཡོད་དོ། །ལས་ནི་སྟོབས་བཅུ་པོ་འདི་དག་སྟོབས་གང་གིས་ལས་གང་བྱེད་ཅེ་ན། ་དེ་ལ་གནས་དང་གནས་མ་ཡིན་པ་ཤེས་པའི་སྟོབས་ཀྱིས་ནི་རྒྱུ་ལ་ཡང་རྒྱུ་དང། འབྲས་བུ་ལ་ཡང་འབྲས་བུར་གནས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅིང། རྒྱུ་མེད་པ་དང་མི་མཐུན་པ་རྒྱུར་སྨྲ་བའི་དགེ་སྦྱོང་དང། བྲམ་ཟེ་རྣམས ་ཚར་གཅོད་དོ། །རང་གི་ལས་ཤེས་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་ནི་རང་གི་ལས་བྱས་པ་རྣམས་རང་ཉིད་ཀྱི་འབྲས་བུ་རྣམ་པར་སྨིན་པ་མྱོང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཅིང་སྦྱིན་པ་ལ་སོགས་པའི་བསོད་ནམས། འཕོ་བར་སླ ་བའི་དགེ་སྦྱོང་དང་བྲམ་ཟེ་རྣམས་ཚར་གཅོད་དོ། །བསམ་གཏན་དང། རྣམ་པར་ཐར་པ་དང། ཏིང་ངེ་འཛིན་དང། སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ཀྱིས་ནི་བསྟན་པའི་ཆོ་འཕྲུལ་དང། གདམས་པའི་ཆོ་འཕྲུལ་དང། ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱི་སེམས་ཅན་རྣམས་བཏུལ་ནས། ཡང་དག་པའི་གདམས་པའི་གདམས་ངག་སྟོན་པར་མཛད་ཅིང་ལྟ་བ་སོ་སོར་མི་མཐུན་པ་དང་འགལ་བར་སྨྲ་ཞིང། ཕྱིར་རྒོལ་བའི་བྲམ་ཟེ་དང། དགེ་སྦྱོང ་རྣམས་ཚར་གཅོད་དོ། །དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་སེམས་རྣམས་ཀྱི་དབང་པོ་རྣོན་པོ་དང། འབྲིང་དང་ཐ་མ་ལ་སོགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་དེ་དག་ལ་ཅི་རིགས་པར་སོ་སོར་དམ་པའི་ཆོས ་སྟོན་པར་བྱེད་དོ། །མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་ནི། དགེ་བ་དང་མི་དགེ་བའི་ཆོས་ལ་མོས་པ་ཆེན་པོ་དང། འབྲིང་དང། མོས་པ་ཆུང་ངུ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཅིང་དགེ་བ་ལ་མོས་པ་རྣམས་ཀྱིས་དགེ་བ་འཕེལ ་པར་མཛད་པ་དང། མི་དགེ་བ་ལ་མོས་པ་རྣམས་ཀྱི་མི་དགེ་བ་སྤོང་དུ་འཛུད་པ་མཛད་དོ། །ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་ནི། རིགས་ཆུང་ངུ་དང་འབྲིང་དང། རིགས་ཆེན་པོ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཅིང་དབང་པོ ་ཇི་ལྟ་བ་བཞིན་པ་དང་བསམ་པ་ཇི་ལྟ་བ་བཞིན་པ་དང། བག་ལ་ཉལ་ཇི་ལྟ་བ་བཞིན་དུ། བསྒྲལ་བར་བྱ་བའི་སྒོ་དེ་དང་དེ་དག་ལ་ཅི་རིགས་པར་སྦྱོང་བར་མཛད་དོ། །ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་ཡེ་ཤེས་ཀྱིས་ནི་སྡུག་བསྔལ་ཐམས་ཅད ་ལས་ཡང་དག་པར་འབྱུང་བར་བྱེད་པའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད། སྡུག་བསྔལ་ཐམས་ཅད་ལས་འབྱུང་བར་མི་བྱེད་པའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་ནས། འབྱུང་བར་མི་བྱེད་པའི་ལམ་སྤངས་ཏེ། འབྱུང ་བར་བྱེད་པའི་ལམ་ལ་ཡང་དག་པར་འགོད་པར་མཛད་དོ། །སྔོན་གྱི་གནས་རྗེས་སུ་དྲན་པའི་སྟོབས་ཀྱིས་ནི་སེམས་ཅན་རྣམས་སྔོན་གྱི་མཐར་ཇི་ལྟར་སྐྱེས་པ་དང། འབྱུང་བ་རྣམས་དྲན་པ་དང། ཤེས་པར་མཛད་ནས་སྐྱེ་བ་དང། དད་པ་བསྐྱེད་དེ ་ཆོས་འཆད་པར་མཛད་ཅིང་ཐེར་ཟུག་དུ་སྨྲ་བའི་དགེ་སྦྱོར་དང་བྲམ་ཟེ་རྣམས་ཚར་གཅོད་དོ། །འཆི་འཕོ་མཁྱེན་པའི་ཡེ་ཤེས་ཀྱིས་ནི། དེ་བཞིན་གཤེགས་པས་འདས་པ་དང་མ་འོངས་པའི་ཉན་ཐོས་ཇི་ལྟར་དུས་འདས་པ་དང། ཕྱིས་ཇི་ལྟར་སྐྱེ་བ་ལུང ་སྟོན་པར་འགྱུར་ཞིང་ཆད་བར་སྨྲ་བའི་དགེ་སྦྱོང་དང་བྲམ་ཟེ་ཚར་གཅོད་དོ། །ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱིས་ནི་ཉིད་ཀྱི་རྣམ་པར་གྲོལ་བ་ལ་ཐེ་ཚོམ་མི་མངའ་། ཡིད་གཉིས་མི་མངའ་ཞིང་དགྲ་བཅོམ་པ་ཐོབ་པར་མངོན་པའི་ང་རྒྱལ་ཅན་གྱིས ་དགེ་སྦྱོང་དང་བྲམ་ཟེ་རྣམས་ཚར་གཅོད་དོ། །འདི་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམས་ཀྱི་ལས་སོ། །དེ་ལ་སྟོབས་བཅུ་པོ་དེ་དག་གི་རིམ་པ་ཇི་ལྟར་ཁོང་དུ་ཆུད་པར་བྱ་ཞེ་ན། དེ་བཞིན་གཤེགས་པ་རྣམས་བླ་ན་མེད་པའི་བྱང་ཆུབ་མངོན ་པར་སངས་རྒྱས་པ་ན། སྟོབས་བཅུ་པོ་འདི་དག་དུས་གཅིག་ཏུ་ཐམས་ཅད་འཐོབ་སྟེ། དུས་ཅིག་ཏུ་ཐོབ་ནས་ཐམས་ཅད་མངོན་སུམ་དུ་མཛད་དོ། །དེ་ལ་མངོན་པར་རྫོགས་པར་སངས་རྒྱས་མ་ཐག་ཏུ་དེ་བཞིན་གཤེགས་པ་རྣམས་ཆོས ་ཀྱི་རྒྱུ་དང་འབྲས་བུ་རྣམ་པར་བཞག་པ་གང་ཡིན་པ་དང་པོ་ཉིད་དུ་གནས་པ་དང། གནས་མ་ཡིན་པ་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་པར་མཛད་དོ། །དེ་ལྟར་གཟིགས་ནས་འདོད་པའི་ཁམས་ཀྱི་སེམས་ཅན་འབྲས་བུ་ཡིད་དུ་འོང ་བ། ཐོབ་པར་འདོད་པ་རྣམས་ལ་རང་གི་ལས་མཁྱེན་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་མི་དགེ་བའི་ལས་སྤངས་པར་བྱ་བ་དང། དགེ་བའི་ལས་བསྒྲུབ་པར་བྱ་བའི་ཐབས་སྟོན་ཏོ། །དེ་ལ་ཡང་གང་འཇིག་རྟེན་པའི་ལམ་གྱི་འདོད ་ཆགས་སྤང་བར་འདོད་པའི་སེམས་ཅན་རྣམས་ལ་བསམ་གཏན་དང། རྣམ་པར་ཐར་པ་དང། ཏིང་ངེ་འཛིན་དང། སྙོམས་འཇུག་པ་མཁྱེན་པའི་སྟོབས་ཀྱིས་འཇིག་རྟེན་གྱི་འདོད་ཆགས་དང་བྲལ་བའི་ཕྱིར། འཇིག་རྟེན་པའི་ལམ ་ཐོབ་པར་བྱ་བའི་དོན་དུ། གདམས་ངག་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་པར་མཛད་དོ། །འཇིག་རྟེན་ལས་འདས་པའི་ལམ་གྱི་འདོད་ཆགས་དང་བྲལ་བར་འདོད་པ་རྣམས་ལ་ནི་སྟོབས་ལྷག་མ་བདུན་གྱི་འཇིག་རྟེན་ལས ་འདས་པའི་འདོད་ཆགས་དང་བྲལ་བ་ཐོབ་པར་བྱ་བའི་ཕྱིར་ཆོས་སྟོན་པར་མཛད་དོ། །ཇི་ལྟར་ཞེ་ན་དང་པོར་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས། འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བ་ཐོབ་པར་འདོད་པ་རྣམས ་ཀྱིས་དབང་པོ་གཟིགས་པར་མཛད་དོ། །དེ་ནས་དེའི་འོག་ཏུ་དབང་པོ་བརྟགས་ནས། མོས་པ་སྣ་ཚོགས་བ་མཁྱེན་པའི་སྟོབས་ཀྱིས། བསམ་པ་ལ་རྣམ་པར་གཟིགས་པར་མཛད་དོ། །དེ་ནས་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཀྱི་དེའི ་འོག་ཏུ་བག་ལ་ཉལ་རྣམ་པར་གཟིགས་པར་མཛད་དོ། །དེ་ལྟར་དབང་པོ་དང་བསམ་པ་དང་བག་ལ་ཉལ་བ་མཁྱེན་ནས། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཀྱིས་ཅི་རིགས་པར་དམིགས་པ་དང། བསྒྲུབ་པར་བྱ་བའི་སྒོ་ལ་སྒྲོལ་བར ་མཛད་དོ། །དེ་ནས་སྔོན་གྱི་གནས་རྗེས་སུ་དྲན་པའི་སྟོབས་ཀྱིས་དེའི་འོག་ཏུ་དམིགས་པ་དང་བསྒྲལ་བའི་སྒོ་ལ་རབ་ཏུ་སྦྱར་བས་སེམས་གནས་པར་བྱ་བ་དང། སྤྱོད་པ་ཡོངས་སུ་དག་པར་བྱས་ནས་འཇིག་ཚོགས་ལ་ལྟ་བའི་རྩ་བ་ལས་བྱུང་བ་དང། ་ཐར་ཐུག་དང་ཆད་པར་ལྟ་བའི་མཛའ་གཉིས་སྤངས་པ་དབུ་མའི་ལམ་ཡང་དག་པར་སྟོན་པ་མཛད་དོ། །དེ་ནས་དེའི་འོག་ཏུ་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱིས་དེ་ལྟར་ཡང་དག་པར་ཞུགས་ཤིང་ཞི་གནས་ཀྱིས་བརྟན་པར་འགྱུར་ལ། ཉོན་མོངས ་པའི་བག་ལ་ཉལ་མ་སྤངས་ཏེ། མངོན་དུ་རྒྱུ་བ་ཙམ་དང་བྲལ་བ་ལ་བྱ་བ་མ་བྱས་ཀྱང་བྱ་བ་བྱས་པས་མངོན་པའི་ང་རྒྱལ་སྐྱེ་བ་རྣམས་ཀྱིས་མངོན་པའི་ང་རྒྱལ་སྤོང་བར་མཛད་དེ། འདི་ཡང་ཐང་ཅིག་སྟོབས་ཀྱིས་རིམ?་རྣམས?་པ ་གཅིག་གོ་།དེ་ནས་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང། རང་གི་ལས་མཁྱེན་པའི་སྟོབས་ལ་ཁྱད་པར་ཅི་ཡོད། སྨྲས་པ་གནས་ཡང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་ནི་ལས་དགེ་བ་དང། མི་དགེ་བ་རྣམས་ལས?་འབྲས་བུ ་ཡིད་དུ་འོང་བ་དང། ཡིད་དུ་མི་འོང་བ་འབྱུང་བར་ཐུགས་སུ་ཆུད་ལ། རང་གི་ལས་མཁྱེན་པའི་སྟོབས་ཀྱིས་ན། གང་གི་ལས་དགེ་བ་དང་མི་དགེ་བ་བྱས་པ་དེ་ཉིད་ཀྱི། འབྲས་བུ་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་འབྱུང་བར་ཐུགས་སུ་ཆུད་དེ་ཁྱད ་པར་ནི་ཡོད་དོ། །དེ་ལ་རང་གི་ལས་མཁྱེན་པའི་སྟོབས་ཀྱིས་བསམ་གཏན་དང། རྣམ་པར་ཐར་པ་དང། ཏིང་ངེ་འཛིན་དང་གང་སྙོམས་པར་འཇུག་པ་དེ་ཉིད་ཀྱིས་དེ་ཐོབ་བོ་ཞེས་ཐུགས་སུ་ཆུད་ལ། བསམ་གཏན་དང། རྣམ་པར་ཐར་པ་དང། ་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་སྟོབས་ཀྱིས་ནི། བསམ་གཏན་ལ་སོགས་པའི་དེ་དག་ཉིད་ལ་བརྟེན་ནས། འདུལ་བ་རྣམས་ལ། ཆོ་འཕྲུལ་རྣམ་པ་གསུམ་གྱིས་ནི་སྟོན་པར་མཛད་དོ། །དེ་ལ་བསམ་གཏན་དང། རྣམ་པར་ཐར་པ ་དང། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་སྟོབས་ཀྱིས་དད་པ་ལ་སོགས་པ་དང་བཅས་པའི་སེམས་སྤྱི་ཙམ་མཁྱེན་ལ། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་ནི་དད་པ་ལ་སོགས་པ་དེ་ཉིད་ཆུང་ངུ་དང་འབྲིང ་དང་ཆེན་པོའི་རང་བཞིན་སོ་སོར་འབྱེད་པར་མཛད་དོ། །དེ་ལ་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་དད་པ་ལ་སོགས་པ་དེ་དག་ཉིད་ཀྱང་ཚེ་རབས་སྔ་མན་ཆོས་གང་དང་གང་དག་ལ་བསམ་པ་ཇི་ལྟར་ཞུགས་པའི ་བསམ་པ་མཁྱེན་ལ། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་ནི་བསམ་པ་དེ་དག་ཉིད་ལ་ཡང་འདི་ནི། འདོད་ཆགས་ཀྱིས་བསམ་པ་དང་བཅས་པ་འདི་ནི། ཞེ་སྡང་གི་བསམ་པ་དང་བཅས་པ་ཞེས་བསམ་པ་དེ་ཉིད་ལ་རྣམ་པ་སྣ་ཚོགས ་སུ་འབྱེད་པ་མཁྱེན་ཏོ། །བསམ་པ་དེ་ཡང་མདོར་བསྡུས་ན་རྣམ་པར་དབྱེ་བ་དྲུག་སྟེ། འབྱུང་བ་མ་ཡིན་པའི་བསམ་པ་དང། འབྱུང་བའི་བསམ་པ་དང། རྣམ་པར་དག་པ་ཐག་རིང་བའི་བསམ་པ་དང། རྣམ་པར་དག? ་པ་དང། ཉེ་བའི་བསམ་པ་དང། མཐོང་བའི་ཆོས་ཉིད་ལ་མྱ་ངན་ལས་འདས་པ་ཐོབ་པར་འདོད་པའི་བསམ་པ་དང། མ་འོངས་པ་ན་མྱ་ངན་ལས་འདས་པ་འཐོབ་པར་འདོད་པའི་བསམ་པའོ། །དེ་ལ་འབྱུང་བ་མ་ཡིན་པའི་བསམ་པ་ནི། མཐུ་ཆེ ་བ་དང་ཚངས་པ་ལ་སོགས་པའི་བསྟན་པ་ལ་མོས་པ་རྣམས་ཀྱིས་བསམ་པའོ། །འབྱུང་བའི་བསམ་པ་ནི་ཐག་པ་གསུམ་ལ་མོས་པ་རྣམས་ཀྱི་བསམ་པའོ། །རྣམ་པར་དག་པ་ཐག་རིང་བའི་བསམ་པ་ནི་དགེ་བའི་རྩ་བ་ཆུང་ངུ་དང་འབྲིང་དུ་སྦྱིན ་པ་ལ་གནས་པ་རྣམས་སོ། །རྣམ་པར་དག་བ་ཐག་ཉེ་བའི་བསམ་པ་ནི་གང་དགེ་བའི་རྩ་བ་སྨིན་པ་ཆེན་པོ་ལ་གནས་པ་རྣམས་སོ། །མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་ཐོབ་པར་འདོད་པའི་བསམ་པ་ནི་འཕགས་པ་ཉན་ཐོས་ལ་སོགས ་པ་རྣམས་སོ། །མ་འོངས་པ་ན་མྱ་ངན་ལས་འདས་པ་འཐོབ་པར་འདོད་པའི་བསམ་པ་ནི་འཕགས་པ་ཉན་ཐོས་ལ་སོགས་པ་རྣམས་སོ། །མ་འོངས་པ་ན་མྱ་ངན་ལས་འདས་པ་འཐོབ་པར་འདོད་པའི་བསམ་པ་ནི། གང་དེ་བཞིན་གཤེགས་པ ་རྣམས་སོ། །དེ་ལ་མོས་པ་སྣ་ཚོགས་མཁྱེན་པའི་ཡེ་ཤེས་ཀྱིས་ནི་མོས་པའི་རྒྱུ་ལས་འབྱུང་བའི་ས་བོན་ཙམ་དུ་ཐུགས་སུ་ཆུད་དོ། །ཁམས་སྣ་ཚོགས་མཁྱེན་པའི་ཡེ་ཤེས་ཀྱིས་ནི་རྒྱུ་ལས་འབྱུང་བའི་ས་བོན་ཙམ་ཐུགས་སུ་ཆུད་དོ། །ཁམས ་སྣ་ཚོགས་མཁྱེན་པའི་ཡེ་ཤེས་ཀྱིས་ནི་ས་བོན་དེ་ཉིད་རྣམ་པར་ཕྱེ་ནས་རྣམ་པ་དུ་མར་མཁྱེན་ཏོ། །ཁམས་དེ་ཕྱེ་ན་མདོར་རྣམ་པ་བཞི་སྟེ། རང་བཞིན་ལ་གནས་པའི་ས་བོན་དང། གོམས་པ་ལས་བྱུང་བའི་ས་བོན་དང། དག་པར ་འགྱུར་བའི་ས་བོན་དང། དག་པར་མི་འབྱུང་བའི་ས་བོན་ནོ། །དེ་ལ་རང་བཞིན་ལ་གནས་པའི་ས་བོན་ནི། འཁོར་བ་ཐོག་མ་མེད་པ་ནས་ཐེག་པ་གསུམ་གྱི་རིགས་རང་བཞིན་གྱིས་ཡོད་པའོ། །གོམས་པ་ལས་བྱུང་བའི་ས་བོན་ནི་དགེ་བའི་རྩ་བ་ལ་གོམས་པར ་བྱས་པ་ལས། རིགས་སུ་སྨིན་པའི་ས་བོན་རྟས་པར་བསགས་པའོ། །རྣམ་པར་དག་པར་འགྱུར་བའི་ས་བོན་ནི་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བའི་ཆོས་རྣམས་སོ། །རྣམ་པར་དག་པར་མ་འགྱུར་བའི་ས་བོན་ནི་ཡོངས་སུ་མྱ་ངན་ལས ་མི་འདའ་བ་རྣམས་སོ། །དེ་ལ་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་ནི་ས་བོན་དང་རྗེས་སུ་མཐུན་པའི་ལམ་ལ་འཛུད་པས་མཁྱེན་ཏོ། །ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཀྱིས་ནི་ལམ་འདི་ཀུན་ནས་ཉོན་མོངས་པ ་ཅན་འདི་ནི་རྣམ་པར་བྱང་བ་དང་ལྡན་བ་འདི་ནི་ཤིན་ཏུ་བྱང་བར་འགྱུར་བ། འདི་ནི་ཐང་ཅིག་རྣམ་པར་བྱང་བར་འགྱུར་བའོ་ཞེས་ཇི་སྙེད་དུ་ལམ་གྱི་རྣམ་པར་དབྱེ་བ་ཡོད་པ་ཐམས་ཅད་མ་ལུས་པར་མཁྱེན་ཏོ། །དེ་ལ་ཀུན་ཏུ་འགྲོ་བའི་ལམ་མཁྱེན ་པའི་སྟོབས་ཀྱིས་ནི་སྔོན་གྱི་མཛའ་དང་སྔོན་གྱི་མཛའ་ཨི་ལམ་རྒྱུད་ལྔའི་རྒྱུ་དང་བཅས་པ་མཁྱེན་ལ། སྔོན་གྱི་གནས་རྗེས་སུ་དྲན་པའི་སྟོབས་ཀྱིས་ནི། སྔོན་གྱི་མཛའ་ཡང་ཐ་སྙེད་པ་བརྒྱད་དང། འབྲེལ་བའི་སྤྱོད་པ་རྣམ་པ་དྲུག་རབ་ཏུ་ཕྱེ ་ནས་དེ་ལ་སྔོན་གྱི་གནས་རྗེས་སུ་དྲན་པའི་སྟོབས་ཀྱིས་ནི་སྔོན་གྱི་མཛའ་ལས་བརྩམས་ནས་སེམས་ཅན་རྣམས་ཀྱི་འཆི་འཕོ་མཁྱེན་ལ། འཆི་བ་བོ་ཤེས་པའི་སྟོབས་ཀྱིས་ནི། སེམས་ཅན་རྣམས་ཀྱི་ཕྱི་མའི་མཛའ་ཇི་ལྟར་སྐྱེ ་བ་དང། འཆི་བ་མཁྱེན་ཏོ། །དེ་ལ་འཆི་འཕོ་མཁྱེན་པའི་སྟོབས་ཀྱིས་ནི་རང་གི་དོན་མཐར་ཐུག་པར་མ་བྱས་པ་རྣམས་མ་འོངས་པ་ན་ཡང་སྐྱེ་བའི་མཚམས་སྦྱོར་རོ་ཞེས་མཁྱེན་ཏོ། །ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱིས་ནི། ་གང་རང་གི་བྱ་བ་མཐར་ཐུག་ཅིང། སེམས་རྣམ་པར་གྲོལ་བ་རྣམས་མཐོང་བའི་ཆོས་ཉིད་ལ་མྱ་ངན་ལས་འདས་པ་ཐོབ་པར་མཁྱེན་ཏོ། །དེ་ལྟར་ནི་སྟོབས་བཅུ་པོ་དེ་དག་ཕན་ཚུན་ཁྱད་མེད་པ་དང་ཁྱད་ཡོད་པར ་རིག་པར་བྱའོ།། །།སྟོབས་བཅུ་པ་བསྟན་པའི་འོག་ཏུ་མི་འཇིགས་པ་བཞི་བསྟན་པས་ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་བཞེད་ནས། དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་གང་ཞེ་ན ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་མི་འཇིགས་པ་ཞེས་བྱ་བ་ནི་བག་ཚ་བ་མེད་པ་དང། སྤ་གོང་བ་མེད་པ་སྟེ། དེ་ཡང་ཉན་ཐོས་དང་ཐུན་མོང་དུ་མ་གྱུར་བའི་ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བ་དང། རྣམ་པ་ཐམས་ཅད་དུ ་ཆོས་ཐམས་ཅད་མངོན་པར་སངས་རྒྱས་པར་འཁོར་གྱི་ནང་དུ་དམ་བཅའ་བ་དང། ཉན་ཐོས་དང་ཐུན་མོང་དུ་གྱུར་པ་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བ་འཁོར་གྱི་ནང་དུ་དམ་བཅའ་བ། རྣམ་པར་གྲོལ་བར་འདོད་པའི་སེམས ་ཅན་རྣམས་སྡུག་བསྔལ་ལས་འདའ་བར་བྱ་བའི་ཕྱིར། འབྱུང་བའི་ལམ་བསྟན་པར་དམ་བཅས་པ་དང། ལམ་དེ་ཉིད་འཐོབ་པའི་བགེགས་སུ་གྱུར་པ་རྣམས་སྤང་བར་བྱའོ། །ཞེས་རྣམ་པ་བཞི་དམ་བཅས་བ་ལ་དམ་པ་དང་དམ ་པར་མ་གྱུར་བའི་ལྷ་དང། མི་ལ་སོགས་པས་བརྒལ་ཀྱང་ཚུངས་པར་འགྱུར་བའི་སྐབས་དང་མཚན་མ་མཐོང་ནས་བག་ཚ་བ་མེད་པར་གནས་ལ་ནི་དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་ཞེས་བྱའོ། །དེ་ལ་བཅོམ་ལྡན་འདས ་ཡང་དག་པར་མངོན་པར་རྫོགས་པས་སངས་རྒྱས་སོ་ཞེས་བྱ་བ་ནས། འཇིག་རྟེན་དུ་དགེ་སྦྱོང་དང་བྲམ་ཟེ་ཆོས་མཐུན་པ་སུས་ཀྱང་མ་བསྐོར་བའི་ཚངས་པའི་འཁོར་ལོ་བསྐོར་བར་ཞེས་བྱ་བ་ཡན་ཆད་ཀྱིས་ཉན་ཐོས་དང། ཐུན་མོང་དུ ་མ་གྱུར་པའི་ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བ་དང། རྣམ་པ་ཐམས་ཅད་དུ་ཆོས་མངོན་པར་སངས་རྒྱས་པར་དམ་བཅས་པ་ལ་མི་འཇིགས་པ་བསྟན་ཏེ། འདི་ནི་མི་འཇིགས་པ་དང་པོའོ། །གང་ཡང་དེ་བཞིན་གཤེགས་པས ་བར་ཆད་ཀྱི་ཆོས་སུ་གསུངས་པ་ཞེས་བྱ་བ་ནས། ཅི་ལྟར་འགྱུར་ཞེས་པ་འདི་ལ་དེ་གང་གིས་ཞེས་སྔ་མ་བཞིན་པ་དང་ཞེས་བྱ་བ་ཡན་ཆད་ཀྱིས་ལམ་དེ་ཉིད་འཐོབ་པའི་བགེགས་སུ་འགྱུར་བ་སྤང་བར་དམ་བཅས་པ་སྟེ། འདི་ནི་མི་འཇིགས་པ ་གཉིས་པའོ། །གང་ཡང་དེས་འཕགས་པ་འབྱུང་བར་འགྱུར་བར་ཞེས་བྱ་བ་ནས། སྔ་མ་བཞིན་ཞེས་བྱ་བ་ཡན་ཆད་ཀྱིས་རྣམ་པར་ཐར་པ་འདོད་པའི་སེམས་ཅན་རྣམས་སྡུག་བསྔལ་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར། ལམ ་བསྟན་པར་དམ་བཅས་པར་བསྟན་པ་སྟེ། །འདི་ནི་འཇིགས་པ་གསུམ་པའོ། །ཟག་པ་ཟད་པའོ་ཞེས་བྱ་བ་ནས་ཚངས་པའི་འཁོར་ལོ་བསྐོར་བ་འདི་ནི་ཞེས་བྱ་བ་ཡན་ཆད་ཀྱིས་ཉན་ཐོས་དང་ཐུན་མོང་དུ་གྱུར་པ་ཉོན་མོངས་པའི ་སྒྲིབ་པ་ལས་རྣམ་པར་གྲོལ་བར་དམ་བཅས་པ་སྟེ། འདི་ནི་མི་འཇིགས་པ་བཞི་པའོ། །འདི་བཅོམ་ལྡན་འདས་ཡང་དག་པར་མངོན་པར་སངས་རྒྱས་སོ་ཞེས་བདག་རབ་ཏུ་ཤེས་ཏེ། ཞེས་བྱ་བ་ནི་ཤེས་བྱའི་སྒྲིབ་པ་ཐམས་ཅད ་སྤངས་བས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཆོས་ཀྱི་རྣམ་པ་རྣམས་ཡེ་ཤེས་ཀྱིས་མངོན་སུམ་དུ་མཛད་པར་རང་ཉིད་ཀྱིས་ཐུགས་སུ་ཆུད་པ་ནི་ཡང་དག་པར་མངོན་པར་སངས་རྒྱས་སོ་ཞེས་བདག་རབ་ཏུ་ཤེས་པ ་ཞེས་བྱའོ། །ཁྱོད་ཀྱིས་ཆོས་འདི་མངོན་པར་སངས་རྒྱས་སོ་ཞེས་འདི་ལ་དེ་ལྷ་དང་བཅས་པའི་འཇིག་རྟེན་དང་བདུད་དུ་བཅས་པའི་དང་ཞེས་བྱ་བ་ལ་སོགས་པ་ལ། ཆོས་མངོན་བར་རྫོགས་པར་སངས་རྒྱས་པ་དེ་སངས་རྒྱས་སོ ་ཞེས་དམ་པ་དང་དམ་པ་མ་ཡིན་པའི་ལྷ་དང་མི་རྣམས་ཀྱིས་བརྒལ་ཀྱང། སངས་རྒྱས་པའི་མཚན་མ་མཐོང་ཞིང་ཚུགས་པར་མི་འགྱུར་བ་མཐོང་ནས། འཇིགས་པ་ཐམས་ཅད་དང་བྲལ་ཏེ། རྟོགས་པ ་མེད་པར་འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས་ཞེས་བྱ་བར་སྦྱར་རོ། །དེ་ལ་ལྷ་དང་བཅས་པའི་འཇིག་རྟེན་ཞེས་བྱ་བ་ནི། དམ་པ་དང་དམ་པ་མ་ཡིན་པའི་ལྷ་དང་མི་སྤྱི་ལ་བྱ་བར་སྟོན་ཏོ། །ལྷ་དམ་པ་ནི་འདོད་པའི་ཁམས་ཀྱི་ལྷའི ་དབང་ཕྱུག་བདུད་དང། རྣལ་འབྱོར་གྱི་དབང་ཕྱུག་ཚངས་པའོ། །མི་དམ་པ་ནི་དགེ་སྦྱོང་དང་བྲམ་ཟེ་རྣམས་ཏེ། དེ་དག་ཤེས་པ་དང་ལྡན་ལ་རྒྱལ་པོས་ཀྱང་མཆོད་པར་བྱ་བའི་གནས་ཡིན་པའི་ཕྱིར་རོ། །ལྷ་དང་མི་དམ་པ་མ་ཡིན ་པ་ནི་དེ་ལས་གཞན་པའི་ལྷ་དང་མི་ལ་སོགས་པ་སྟེ། དེ་དག་གིས་མངོན་པར་རྫོགས་པར་སངས་མ་རྒྱས་པར་བརྩད་ཅིང་བརྒལ་ཀྱང་ཆོས་རྣམས་མཛའ་མཐོང་བའི་མཚན་མ་ཡོད་པར་མ་གཟིགས་ལ་གཏན་ཚིགས་ཀྱིས་ཚུགས ་པར་མ་གཟིགས་པས་ན། རྩོད་པར་བྱེད་པའི་མཚན་མ་མཐོང་སྟེ་ཞེས་བྱའོ། །མཚན་མ་མ་མཐོང་བས་ཞེས་བྱ་བས་ནི། གཏན་ཚིགས་ཀྱིས་ཆུགས་པའི་རྒྱུ་མ་མཐོང་བས་ཞེས་བྱ་བའི་དོན་ཏོ། །ལུས་ཀྱི་སྤུ་ལྡང་བ་དང ་ཚིག་འདར་བ་མི་མངའ་བ་བརྙེས་པས། དེ་བཞིན་གཤེགས་པ་བདེ་བ་རྙེད་པ་ཞེས་བྱའོ། །སེམས་སྦ་བ་གང་བ་མེད་པ་རྙེད་པས། འཇིགས་པ་མེད་པ་རྙེད་པ་ལ་གནས་ཏེ་ཞེས་བྱའོ། །མྱ་ངན་ལས་འདས་པ་ནི་གནས་བླ་ན་མེད་པ་ཡིན་ལ ་དེ་ཡང་འཕགས་པའི་ལམ་བསྒོམས་པས་འཐོབ་ཅིང་དེ་ཐོབ་ནས་ཀྱང་འཚེ་བ་དང་འཇིགས་པ་ཐམས་ཅད་དང་བྲལ་བ་ཡིན་པས། མྱ་ངན་ལས་འདས་པ་ནི་ཁྱུ་མཆོག་གི་གནས་ཏེ། མྱ་ངན་ལས་འདས་པ་དེ་མངོན་སུམ་དུ་མཛོད་པས་ན། ཁྱུ་མཆོག ་གནས་རབ་ཏུ་མཁྱེན་པ་ཞེས་བྱའོ། །སྟོན་པ་བླ་ན་མེད་པར་དམ་བཅས་པ་ཕུན་སུམ་ཚོགས་པར་བདག་ཉིད་ཁས་ལེན་ཅིང་བསྟན་པ་ན། དེ་ལས་གཞན་བའི་སྟོན་པ་རྣམས་ཚར་གཅོད་བ་དང། ལས་ཀྱི་རྒོལ་བ་ཐམས་ཅད་སྐྲག་པར་མཛད་ཅིང་འཁོར་གྱི ་སྦ་བཀོད་བ་མེད་པར་གསུང་རྒྱ་ཆེན་པོ་སྒྲོགས་པའི་ཕྱིར། འཁོར་གྱི་ནང་དུ་གཤེགས་ན་ཡང་དག་པའི་སེང་གེའི་སྒྲ་སྒྲོགས་པ་ཞེས་བྱའོ། །ཇི་ལྟར་ཉིད་ཀྱིས་མྱ་ངན་ལས་འདས་པའི་གནས་མངོན་སུམ་དུ་མཛད་པ་དེ་ཉིད་ཐུགས་བརྩེ་བས། གཞན་འཐོབ་པར་བྱ་བའི་ཕྱིར ་འཆད་པས་ན། འཇིག་རྟེན་དུ་དགེ་སྦྱོང་ངམ་བྲམ་ཟེ་ཆོས་མཐུན་པ་སུས་ཀྱང་མ་བསྐོར་བའི་འཁོར་ལོ་བསྐོར་བ་ཞེས་བྱའོ། །མདོར་ཚིག་དེ་དག་གིས་དོན་རྣམ་པ་གཉིས་བསྟན་ཏེ། བདག་གི་དོན་ཕུན་སུམ་ཚོགས་པར་རྙེས་པ་དང། གཞན་གྱི་དོན་དང ་ཕུན་སུམ་ཚོགས་པར་མཛད་པའོ། །དེ་ལ་ཁྱུ་མཆོག་གི་གནས་རབ་ཏུ་མཁྱེན་པ་ཞེས་བྱ་བས་བདག་གི་དོན་ཕུན་སུམ་ཚོགས་པ་བརྙེས་པ་བསྟན་ཏོ། །འཁོར་གྱི་ནང་དུ་གཤེགས་ན་ཡང་དག་པའི་སེང་གེའི་སྒྲ་སྒྲོགས་པ་དང། ཚངས་པའི་འཁོར ་ལོ་བསྐོར་བ་ཞེས་བྱ་བས་གཞན་གྱི་དོན་ཕུན་སུམ་ཚོགས་པར་མཛད་པ་བསྟན་ཏོ། །ཡང་ན་ཉོན་མོངས་པའི་ནད་ཐམས་ཅད་ཞི་བའི་ཕྱིར། ཁྱུ་མཆོག་གི་གནས་ཐམས་ཅད་རབ་ཏུ་མཁྱེན་པ་ཞེས་བྱའོ། །སྨན་པ་ངན་པ་ནད་པ་ཉོན་མོངས་པའི་ནད ་ཀྱི་སྨན་མི་ཤེས་པར་ཡང་དག་པའི་སྨན་ཡིན་པར་ཁས་ལེན་བར་ཚར་གཅོད་ཅིང་རང་ཉིད་ཡང་དག་པའི་སྨན་པར་ཁས་ལེན་པས་ན་ཡང་དག་པའི་སེང་གེའི་སྒྲ་སྒྲོགས་པ་ཞེས་བྱའོ། །ཉོན་མོངས་པའི་ནད་ཞི་བར་བྱ་བའི་ཐབས་སྟོན་པའི་ཕྱིར་ཚངས་པས ་འཁོར་ལོ་བསྐོར་བ་ཞེས་བྱའོ། །གང་དེ་བཞིན་གཤེགས་པས་བར་ཆད་ཀྱི་ཆོས་སུ་གསུངས་པ་ཞེས་བྱ་བ་གང་འཕགས་པའི་ལམ་བསྒོམ་པ་ལ་བར་དུ་གཅོད་པར་བྱེད་པའི་ཆོས་དེ་འདོད་པ་ལྔའི་ཡོན་ཏན་ལ་བརྟེན་པ་ལ་སོགས་པའོ། །བར་ཆད ་ཀྱི་ཆོས་སུ་མི་འགྱུར་ཞེས་བྱ་བ་ནི་འདོད་པ་ལྔའི་ཡོན་ཏན་ལ་བརྟེན་ཀྱང། རྣམ་པར་གྲོལ་བའི་བགེགས་སུ་མི་འགྱུར་བར་སྨྲ་བའོ། །འདི་ལ་གང་གིས་རྒྱས་པ་དང་ཞེས་བྱ་བ་ནི་ཆོས་དེ་དག་བར་དུ་གཅོད་པ་ཡིན་པར ་བཤད་པ་ལས་བར་ཆད་དུ་མི་འགྱུར་རོ་ཞེས་འདི་ལ་ལྷ་དང་བཅས་པའི་འཇིག་རྟེན་ཞེས་བྱ་བ་ནས། ཚངས་པའི་འཁོར་ལོ་བསྐོར་བ་ཞེས་བྱ་བ་ཡན་ཆད་རྒྱས་པར་སྦྱར་བའོ། །གང་ཡང་དེས་འཕགས་པ་འབྱུང་བར་འགྱུར་བའི་ལམ་དུ ་གསུངས་པ་དང། ཞེས་བྱ་བ་ལ་དེས་ནི་དེ་བཞིན་གཤེགས་པས་སོ། །འཕགས་པ་འབྱུང་བར་འགྱུར་བའི་ལས་ནི། ལམ་གང་ལ་བརྟེན་ནས་འཕགས་པ་རྣམས་རྣམ་པར་གྲོལ་བའི་ལམ་ཐོབ་ཅིང་འཁོར་བའི་སྡུག་བསྔལ ་ལས་འབྱུང་བར་འགྱུར་བའི་ལམ་སྟེ། འཕགས་པའི་ལམ་གྱི་ཡན་ལག་བརྒྱད་པ་ལ་སོགས་པའོ། །ལམ་དུ་གསུངས་པ་ནི་མྱ་ངན་ལས་འདས་པ་འཐོབ་པའི་རྒྱུར་གསུངས་པའོ། །རྟེན་ཀྱང་འབྱུང་བར་མི་འགྱུར་བ་ཞེས་བྱ་བ་ནི་ལམ ་དེ་ལ་བསྒོམས་ཀྱང་ཁམས་གསུམ་ནས་འབྱུང་བར་མི་འགྱུར་ལ། སྐྱེ་རྒ་ལ་སོགས་པའི་སྡུག་བསྔལ་མེད་པར་ལྟ་གལ་འགྱུར་ཞེས་བྱ་བའི་དོན་ཏེ། འདི་ལྟར་ལྷ་དང་བཅས་པའི་འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན ་དུ་སྦྱར་རོ། །ཟག་པ་ཟད་པའོ་ཞེས་བདག་ཉིད་རབ་ཏུ་ཤེས་ཏེ་ཞེས་བྱ་བ་ལ། ཟག་པ་ནི་མཐོང་བ་དང། སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པའི་ཚིགས་ཏེ་དེ་དག་མ་ལུས་པར་སྤངས་པ་བདག་ཉིད་ཀྱིས་མངོན་སུམ་དུ ་བྱས་པར་མཁྱེན་པའོ། །བཤད་པ་གཞན་ནི་སྔ་མ་བཞིན་དུ་དོན་བལྟའོ། །དེ་ལ་མི་འཇིགས་པ་བཞི་པོ་འདི་དག་མདོར་བསྡུས་ནས་བདག་དང་གཞན་གྱི་དོན་གྱི་དབང་དུ་མཛད་ནས། དེ་ཕུན་སུམ་ཚོགས་པར་?་པར ་བལྟ་སྟེ། དེ་ལ་བདག་གི་དོན་ལ་ཡང་རྣམ་པ་གཉིས་སོ། །རྣམ་པ་གཉིས་ནི་ཡེ་ཤེས་ཀྱི་ཁྱད་པར་དང་སྤངས་པའི་ཁྱད་པར་རོ། །གཞན་གྱི་དོན་ཡང་རྣམ་པ་གཉིས་ཏེ་མི་མཐུན་པའི་ཕྱོགས་སྤང་བ་དང། གཉེན་པོ་ལ་བརྟེན་པའོ། །དེ་ལ ་རྣམ་པ་ཐམས་ཅད་དུ་ཆོས་རྣམས་ཡང་དག་པར་སངས་རྒྱས་ཞེས་བྱ་བས་ཤེས་ཀྱང་ཐམས་ཅད་ཐུགས་སུ་ཆུད་པའི་ཡེ་ཤེས་ཀྱི་ཁྱད་པར་དང་ལྡན་པར་སྟོན་ཏོ། །ཟག་པ་ཟད་པའོ་ཞེས་བདག་ཉིད་རབ་ཏུ་ཤེས་ཏེ་ཞེས་བྱ་བས་སྤངས་པའི ་ཁྱད་པར་དང་ལྡན་པར་སྟོན་ཏེ། །བར་ཆད་ཀྱིས་ཆོས་གསུངས་བ་ཞེས་བྱ་བས་མི་མཐུན་པའི་ཕྱོགས་སྤངས་པ་བསྟན་ཏོ། །འབྱུང་བར་འགྱུར་བའི་ལམ་དུ་གསུངས་པ་ཞེས་བྱ་བས་གཉེན་པོ་ལ་བརྟེན་པ་བསྟན་ཏོ།། །།མི་འཇིགས ་པ་བཞི་བསྟན་པའི་འོག་ཏུ། སོ་སོ་ཡང་དག་པར་རིག་པ་བཞི་བསྟན་ཏེ། དེའི་ཕྱིར་གསུངས་པ། དེ་བཞིན་གཤེགས་པའི་སོ་སོ་ཡང་དག་པར་རིག་པ་བཞི་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཆོས་རྣམས་ཀྱི་སྟོང་པ་ཉིད་དང ་མཚན་མ་མེད་པ་དང། སྨོན་པ་མེད་པར་མཁྱེན་པ་ནི། དོན་སོ་སོ་ཡང་དག་པར་རིག་པའི། །ཡང་ན་སྡུག་བསྔལ་བ་དང། མི་རྟག་པ་དང་སྟོང་པ་དང་བདག་མེད་པར་མཁྱེན་པ་ནི་དོན་སོ་སོ་ཡང་དག་པར་རིག་པ་ཤེས་པ ་ཞེས་བྱའོ། །ཆོས་རྣམས་ཀྱི་རབ་ཏུ་དབྱེ་བ་མཁྱེན་པ་ནི། ཆོས་སོ་སོ་ཡང་དག་པར་རིག་པ་སྟེ། དེ་ཡང་དགེ་བ་དང་མི་དགེ་བ་དང། ཁ་ན་མ་ཐོ་བ་དང་བཅས་པ་དང། ཁ་ན་མ་ཐོ་བ་མེད་པ་དང། འདུས་བྱས ་བར་འདུས་མ་བྱས་པ་དང། ཟག་པ་དང་བཅས་པ་དང། ཟག་པ་མེད་པ་དང། འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པ་དང། བཟང་པོ་དང། ངན་པ་དང། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་དང། གཟུགས ་ཅན་དང། གཟུགས་མེད་པ་ཞེས་བྱ་བ་ལ་སོགས་པ་ཆོས་རྣམས་ཀྱི་རབ་ཏུ་དབྱེ་བ་ཚད་མེད་པ་རྣམས་མཁྱེན་པ་ནི། ཆོས་སོ་སོ་ཡང་དག་པར་རིག་པའོ། །སེམས་ཅན་གྱི་སྤྱོད་པ་བརྒྱད་བྲི་བཞི་སྟོང་དང། དེའི་གཉེན་པོ་ཆོས་ཀྱི་ཕུང་པོ་བརྒྱད ་ཁྲི་བཞི་སྟོང་རྣམས་མཁྱེན་པ་ནི་ཆོས་སོ་སོ་ཡང་དག་པར་རིག་པའོ། །ལྷ་དང་ཀླུ་དང། གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་མི་འམ་ཅི་ལ་སོགས་པ་ཇི་སྙེད་སེམས་ཅན་གྱི་གྲངས་སུ་གཏོགས་པའི་སྐད་ཇི་སྙེད་པ་རྣམས་མཁྱེན་པ་དང། སྐད་དང ་སྒྲའི་གཙུག་ལག་ཏུ་བྱ་བ་ཇི་སྙེད་ཡོད་པ་མཁྱེན་པ་ནི། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་མཁྱེན་པའོ། །གསུང་གཅིག་གིས་འགྲོ་བ་མཛའ་དག་ལ་གོ་བར་མཛད་ཅིང་དངོས་པོ་གཅིག་གིས་རབ་ཏུ་དབྱེ་བ་བསྐལ་པའི་མཐར་བརྗོད་ཀྱང་ཐུག ་པ་མེད་པར་མཁྱེན་པ་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །དོན་དུ་ན་གང་བསྟན་པར་བྱ་བ་དང། གང་གིས་བསྟན་པར་བྱ་བ་རྣམ་པ་གཉིས་མཐར་ཐུག་པ་མེད་ཅིང་ཐོགས་པ་མེད་པར་མཁྱེན་པ་ནི་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །དེ་ལ་གང་བསྟན ་པར་བྱ་བ་ཡང་རྣམ་པ་གཉིས་ཏེ་གནས་དང་གནས་པའོ། །དེ་ལ་གནས་ནི་ཆོས་སོ། །གནས་པ་ནི་དོན་ཏོ། །གང་གིས་བསྟན་པར་བྱ་བ་རྣམ་པ་གཉིས་ཏེ། ཚིག་ཐོགས་པ་མེད་པ་དང། ཡེ་ཤེས་ཐོགས་པ་མེད་པས་སོ། །དེ་ལ་ངེས་པའི་ཚིག་སོ་སོ་ཡང ་དག་པར་རིག་པ་ནི་ཡེ་ཤེས་ཐོགས་པ་མེད་པ་སྟེ། དེ་གཉིས་ཀྱིས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ།། །།སོ་སོ་ཡང་དག་པར་རིག་པ་བཞི་བསྟན་པའི་འོག་ཏུ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྟན་ཏེ་ཇི་ལྟར་བསྟན་པ ་བཞིན་བཤད་པར་བཞེད་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་བཅོ་བརྒྱད་པོ་དེ་དག་དེ་བཞིན་གཤེགས་པ་ཉིད་ཀྱི་རྒྱུད་ལ་མངའ་ཨི། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ ་གཞན་ལ་མེད་པས་ཐུན་མོང་དུ་མ་གྱུར་པའི་ཕྱིར། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཅེས་བྱའོ། །བཅོ་བརྒྱད་པོ་དེ་དག་གི་དོན་རྣམ་པར་བཞག་པ་ནི་འདི་ལྟ་སྟེ། དགྲ་བཅོམ་པའི་དགེ་སློང་ཟག་པ་ཟད་པ་བསོད་སྙོམས་ཀྱི་ཕྱིར་གྲོང ་དུ་འཇུག་པ་ན། བར་འགའ་ནི་གྲང་པོ་གཏུམ་པོ་དང་ལྷན་ཅིག་འགྲོགས་ཤིང་འགྲོ་བ་དང། བར་འགའ་ནི་རྟ་དང་གླང་པོ་དང་བ་ལང་ཏུམ་པོ་དང་ཁྱི་གཏུམ་པོ་དང་འགྲོགས་ཤིང་འགྲོ་བ་དང། བར་འགའ་ནི་ཚེར་མ་སྟུག་པོར་རྐང་པ་འདོར། བར་འགའ་ ་སྦྲུལ་གདུག་པ་གནས་པར་རྐང་པ་འདོར་བ་དང། འཇུག་པར་བྱ་བ་མ་ཡིན་པའི་གནས་བུད་མེད་ལ་སོགས་པ་ཡོད་པར་ཞུགས་ནས་རིགས་པ་མ་ཡིན་པ་སྨྲ་བས་བསྡུ་བར་བྱེད་པ་དང་དགོན་པའི་གནས་སུ་སོང་བ་ལས་ལམ་བོར་ནས་ལམ་ལོག་པར ་འགྲོ་བ་དང། རྐུན་པོ་འམ་སེང་གེ་འམ་སྟག་གམ་དོན་ལ་སོགས་པ་དང་ལྷན་ཅིག་འགྲེ་བ་སྟེ། རྣམ་པ་དེ་ལྟ་བུ་དག་ནི་འཕགས་པ་དགྲ་བཅོམ་པའི་འཁྲུལ་བ་ཞེས་བྱའོ། །དེ་བཞིན་གཤེགས་པ་ལ་ཐམས་ཅད་ནས་ཐམས་ཅད་དུ་དེ་འདྲ་བ་མི་མངའ་ ་བའི་ཕྱིར། དེ་བཞིན་གཤེགས་པ་ལ་འཁྲུལ་པ་མེད་པ་ཞེས་བྱའོ། །གཞན་ཡང་འཕགས་པ་དགྲ་བཅོམ་པ་དགོན་པའི་གནས་ཀྱི་ལམ་བཙལ་བ་ལས་ལམ་མ་མཐོང་བ་འམ། ཁང་པ་སྟོང་པར་ཞུགས་ནས་འདི་ཅི་ཞིག་ཅེས་སྒྲ་འབྱིན་ཅིང་སྐད་ཆེར ་འབོད་ལ། དུད་མོ་ཆེར་འབེབས་པ་འམ། བག་ཆགས་ཀྱི་ཉེས་པའི་རྒྱུས་གང་མོ་རྟ་གད་འབྱིན་པ་ནི། འཕགས་པ་དགྲ་བཅོམ་པ་རྣམས་ཀྱི་ཅ་ཅོ་སྟེ། རྣམ་པ་དེ་ལྟ་བུ་དེ་བཞིན་གཤེགས་པ་ལ་ཐམས་ཅད་ནས་ཐམས་ཅད་དུ་མི་མངའ་བའི་ཕྱིར། ་ཅ་ཅོ་མེད་དོ་ཞེས་བྱའོ། །དེ་བཞིན་གཤེགས་པ་ལ་དྲན་པ་རྨོངས་པ་མི་མངའ་སྟེ། བྱས་ཏེ་རིང་དུ་ལོན་པ་དང། སྨྲས་ནས་རིང་དུ་ལོན་པ་རྣམས་ཀྱང་མི་བསྙེལ་བས་ན། དྲན་པ་ཉམས་པ་མེད་པ་ཞེས་བྱའོ། །ཡང་འཕགས་པ་དགྲ་བཅོམ་པ་ཏིང་ངེ་འཛིན ་དུ་ཞུགས་པ་ནི་མཉམ་པར་བཞག་པ་དང། ཏིང་ངེ་འཛིན་དུ་མ་ཞུགས་པ་ན་ནི་མཉམ་པར་བཞག་པ་མ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་ནི་རྟག་དུ་སེམས་མཉམ་པར་བཞག་པས་རྣམ་པ་དེ་ལྟ་བུ་ཐམས་ཅད་ནས་ཐམས་ཅད་དུ་མི་མངའ་ ་བའི་ཕྱིར། མཉམ་པར་མ་བཞག་པའི་སེམས་མེད་པ་ཞེས་བྱའོ། །དེ་བས་ན་མདོ་དག་ལས་གསུངས་པ་གླང་པོ་སྤྱོད་ནའང་མཉམ་དུ་འཇོག་།བཞེངས་ནའང་གླང་པོ་མཉམ་འཇོག་ལ། གླང་པོ་གཟིམས་ཀྱང་མཉམ་འཇོག་སྟེ། བཞུགས་པར་གྱུར་ཀྱང ་མཉམ་དུ་འཇོག་།ཅེས་གསུངས་པའི་ཕྱིར་རོ། །གཞན་ཡང་འཕགས་པ་དགྲ་བཅོམ་པ་གཅིག་པུ་ཕུང་པོ་ལ་ཡིད་འབྱུང་བ་ནི་འདུ་ཤེས་སྐྱེ་བ་དང། ལྷག་མ་མ་ལུས་པར་སྤངས་པའི་མྱ་ངན་ལས་འདས་པ་ལ་ཞི་བའི་འདུ་ཤེས་སྐྱེ་སྟེ། དེ་བཞིན་གཤེགས ་པའི་རྣམས་ནི་ཕུང་པོ་དང་མྱ་ངན་ལས་འདས་པ་གཉིས་ལ་ཐ་དད་པའི་འདུ་ཤེས་མི་མངའ་བས་ན། སྣ་ཚོགས་ཀྱི་འདུ་ཤེས་མེད་པ་ཞེས་བྱ་སྟེ། མཆོག་ཏུ་བཏང་སྙོམས་ཀྱི་མཚན་ཉིད་ལ་གནས་པའི་ཕྱིར་རོ། །གཞན་ཡང་འཕགས་པ་དགྲ་བཅོམ་པ་སེམས ་ཅན་སྐལ་པ་ཡོད་དམ། མེད་པར་སོ་སོར་མ་བརྟགས་པར་ཡང་སེམས་ཅན་གྱི་དོན་ལ་བཏང་སྙོམས་སུ་འཇོག་སྟེ། དེ་བཞིན་གཤེགས་པ་རྣམས་ནི་སྐལ་བ་ཡོད་དམ་མེད་ཅེས་བརྟགས་ནས་སྐལ་བ་མེད་པ་རྣམས་བཏང་སྙོམས་སུ་འཇོག་གི་མ་བརྟགས ་པར་བཏང་སྙོམས་སུ་འཇོག་པ་རྣམ་པ་ཐམས་ཅད་མི་མངའ་བས་ན། སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་པ་ཞེས་བྱའོ། །གཞན་ཡང་འཕགས་པ་དགྲ་བཅོམ་པ་ཤེས་བྱའི་སྒྲིབ་པ་སྤང་བར་བྱ་བ་ལས་བརྩམས་ནས་ཤེས་བྱའི་སྒྲིབ་པ ་དག་པའི་ཡེ་ཤེས་མ་ཐོབ་པར་ཡོངས་སུ་མཉམ་པས། མོས་པ་ཉམས་པ་དང། བརྩོན་འགྲུས་ཉམས་པ་དང། དྲན་པ་ཉམས་པ་དང། ཤེས་རབ་ཉམས་པ་དང། རྣམ་པར་གྲོལ་བ་ཉམས་པ་དང། རྣམ་པར་གྲོལ་བའི་ཡེ་ཤེས་ཉམས་ཏེ་དང་དྲུག ་ཅར་མེད་ལ་ཉམས་པ་རྣམ་པ་དྲུག་པོ་དེ་དེ་བཞིན་གཤེགས་པ་ལ་ཉམས་པ་མི་མངའ་སྟེ། ཤེས་བྱའི་སྒྲིབ་པ་སྤང་བར་བྱ་བ་ལ་མོས་པ་ཉམས་པ་ནས་རྣམ་པར་གྲོལ་བའི་ཡེ་ཤེས་སྟོན་པའི་བར་དུ་མཉམས་པས་ན། མོས་པ་བྲི་བ་མེད་པ་ནས་རྣམ་པར་གྲོལ་བའི ་ཡེ་ཤེས་སྟོན་པ་བྲི་བ་མེད་པ་ཞེས་བྱའོ། །གཞན་ཡང་འཕགས་པ་དགྲ་བཅོམ་པ་རྣམས་དུས་གསུམ་གྱི་ཤེས་པར་བྱ་བའི་དངོས་པོ་ལ་འབད་པ་ཙམ་གྱིས་ཁོང་དུ་ཆུད་པ་མེད་དེ་གང་གི་ཡེ་ཤེས་ནི་ཆགས་པ་མེད་པ་ཞེས་བྱའོ། །ཐམས་ཅད་ཁོང་དུ་ཆུད་པ་མེད་པ ་དེ་དག་ནི་ཕྱིར་དེ་དག་གི་ཡེ་ཤེས་ནི་ཐོགས་པ་མེད་པ་ཞེས་བྱའོ། །དེ་དེ་བཞིན་གཤེགས་པ་རྣམས་ཀྱིས་ནི་འབད་པ་མེད་པར་དུས་གསུམ་གྱི་དངོས་པོ་ཁོང་དུ་ཆུད་པས་མ་ཆགས་པ་དང། ཐམས་ཅད་ཁོང་དུ་ཆུད་པས་མ་ཐོགས་པ་སྟེ། དེ་བས་ན་འདས་པའི་དུས ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་དང་ཞེས་བྱ་བ་ནས་ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་ཞེས་བྱའོ། །གཞན་ཡང་འཕགས་པ་དགྲ་བཅོམ་པ་ལུས་དང་ངག་དང་ཡིད་ཀྱི་ལས་འཇུག་པ་ལ་ཡེ་ཤེས་སྔོན་དུ་གཏོང་བ་མེད ་པས་བར་འགའ་ནི་དགེ་བའི་ལུས་ཀྱི་ལམ་ལ་འཇུག་།བར་འགའ་ནི་ལུང་དུ་མ་བསྟན་པ་ལ་འཇུག་།དེ་བཞིན་དུ་ངག་གི་ལས་དང་ཡིད་ཀྱི་ལས་ལ་ཡང་གོང་མ་ལྟར་འཇུག་སྟེ། ལས་འདྲེན་མ་ལ་འཇུག་པ་སྟེ། དེ་བཞིན་གཤེགས་པ་རྣམས་ལས་རྣམ་པ་གསུམ ་ཆར་ལ་ཡང། ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བས། དགེ་བའི་ལས་འབའ་ཞིག་འབྱུང་བར་ཟད་ཀྱི་ལུང་དུ་མི་སྟོན་པའི་ལས་ལ་མི་འབྱུང་བ་ནས་ལུས་ཀྱི་ལས་ཐམས་ཅད་ཀྱི་སྔོན་དུ་ཡེ་ཤེས་འགྲོ་སྟེ་ཞེས་བྱ་བ་ནས། ཡིད་ཀྱི་ལས ་ཐམས་ཅད་ཀྱི་སྔོན་དུ་ཡེ་ཤེས་འགྲོ་སྟེ། ཡེ་ཤེས་ཀྱིས་རྗེས་སུ་འབྲང་བ་ཞེས་བྱའོ། །དེ་ལ་ཡེ་ཤེས་ཀྱི་བསྐྱོད་པས་ན། སྔོན་དུ་ཡེ་ཤེས་འགྲོ་བ་ཞེས་བྱའོ། །ཡེ་ཤེས་དུས་གཅིག་ཏུ་འབྱུང་བས་ན། ཡེ་ཤེས་ཀྱིས་རྗེས་སུ་འབྲངས་པ་ཞེས་བྱའོ། །ཐ ་འདྲེས་པ་བཅོ་བརྒྱད་དེ་དག་གི་དོན་དུ་ལུས་དང་ངག་དང་ཡིད་ཀྱི་ལས་རྣམ་པར་དག་པ་ཐུན་མོང་མ་ཡིན་པ་ཕུན་སུམ་ཚོགས་པ་དང། དེ་བཞིན་གཤེགས་པའི་དབང་པོའི་རྟེན་འབྲས་བུ་དང་བཅས་པ་མ་ཐོབ་པར་ཡོངས་སུ་ཉམས་པ་མི ་མངའ་བ་ཕུན་སུམ་ཚོགས་པ་དང། ཐུན་མོང་མ་ཡིན་པའི་ཡེ་ཤེས་ལ་གནས་པ་ཕུན་སུམ་ཚོགས་པ་དང། ཐུན་མོང་མ་ཡིན་པའི་ལས་ལ་འཇུག་པ། ཕུན་སུམ་ཚོགས་པ་བསྟན་པ་ཡིན་ནོ། །དེ་ལ་འཁྲུལ་བ་མེད་ཅེས་བྱ་བས་ལུས་ཀྱི་ལས་རྣམ་པར ་དག་པ་བསྟན་ཏོ། །ཅ་ཅོ་མེད་ཅེས་བྱ་བས་དག་གི་ལས་རྣམ་པར་དག་པ་བསྟན་ཏོ། །དྲན་པ་ཉམས་པ་མེད་པ་དང། མཉམ་པར་མ་གཞག་པའི་སེམས་མེད་པ་དང། སྣ་ཚོགས་ཀྱི་འདུ་ཤེས་མེད་པ་དང། སོ་སོར་མ་བརྟགས་པའི་བཏང་སྙོམས་མེད ་པ་བཞིས་ཡིད་ཀྱི་ལས་རྣམ་པར་དག་པ་བསྟན་ཏོ། །མོས་པ་འབྲི་བ་མེད་པ་ནས་རྣམ་པར་གྲོལ་བའི་ཡེ་ཤེས་སྟོན་པའི་བར་དུ་བྲི་བ་མེད་པ་ཞེས་བྱ་བ་དྲུག་གིས་དེ་བཞིན་གཤེགས་པའི་དབང་པོ་རྟེན་དང་འབྲས་བུར་བཅས་པ་ལ་མ་ཐོབ ་པར་ཡོངས་སུ་ཉམས་པ་མེད་པར་བསྟན་ཏོ། །དེ་ལ་དབང་པོའི་རྟེན་ནི་མོས་པའོ། །འབྲས་བུ་ནི་རྣམ་པར་གྲོལ་བ་དང། རྣམ་པར་གྲོལ་བའི་ཡེ་ཤེས་སྟོན་པའོ། །དབང་པོ་ཉིད་ནི་བརྩོན་འགྲུས་དང། དྲན་པ་དང ་ཤེས་རབ་སྟེ། རྣམ་པ་གསུམ་མོ། །འདས་པའི་དུས་ལ་མ་ཆགས་མ་ཐོགས་པ་ཞེས་བྱ་བ་ནས་ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པ་ཞེས་བྱ་བའི་ཚིག་གསུམ་གྱིས་ཐུན་མོང་མ་ཡིན་པའི་ཡེ་ཤེས ་ལ་གནས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །ལུས་ཀྱི་ལས་ཐམས་ཅད་ཀྱི་ཡེ་ཤེས་སྔོན་དུ་འགྲོ་སྟེ་ཞེས་བྱ་བ་ནས་ཡིད་ཀྱི་ལས་ཐམས་ཅད་ཀྱི་སྔོན་དུ་ཡེ་ཤེས་འགྲོ་སྟེ། ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཞེས ་བྱ་བའི་ཚིག་གསུམ་གྱིས་ཐུན་མགོན་མ་ཡིན་པའི་ལས་ཀུན་ཏུ་སྤྱོད་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །མ་འདྲེས་པ་བཅོ་བརྒྱད་བསྟན་པའི་འོག་ཏུ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་སྨོས་པས་དེ་བཤད ་པའི་ཕྱིར། དེ་ལ་དེ་བཞིན་གཤེགས་པའི་མཚན་སུམ་ཅུ་རྩ་གཉིས་གང་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །མཚན་དེ་དག་དང་ལྡན་ན་འདི་ནི་སྐྱེས་བུ་ཆེན་པོ་ཡིན་ནོ་ཞེས་ཁོང་དུ་ཆུད་པར ་འགྱུར་པས་ན། སྐྱེས་བུ་ཆེན་པོའི་མཚན་ཏེ་དེ་ཡང་སུམ་ཅུ་རྩ་གཉིས་ཡོད་ལ། དཔེ་བྱད་བརྒྱད་ཅུ་ནི་དེའི་འཁོར་དུ་གཏོགས་པའོ། །ཞབས་ཤིན་ཏུ་བརྟན་ཞེས་བྱ་བ་ནི ་ཞབས་གཉིས་ཀྱི་མཐིལ་ཤེས་གང་ལམ་སའི་སྟེང་དུ་མཉམ་དུ་འདོར་ཞིང། འཁྱོར་བ་དང་འབུར་བ་ལ་སོགས་པ་མེད་པའོ། །ཞབས་ཀྱི་མཐིལ་གཉིས་ཀྱི་འོག་ན་འཁོར་ལོའི་མཚན་གྱི་ཞབས་ཀྱི་མཐིལ་ལ ་ཞེས་བྱ་བ་ནི། ཞབས་གཉིས་ཀྱི་མཐིལ་ན་འཁོར་ལོ་རྩིབས་སྟོང་ཡོད་པ། ལྟེ་བ་དང་བཅས་པ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་དང་ལྡན་པའི་ཕྱིར་རོ། །རྟིང་པ་ཆེ་ཞིང་ཞབས་མཐོ་བ་ཞེས་བྱ་བ་ནི ་རྟིང་བ་ཡངས་ཤིང་སྤོམ་ལ་ཞབས་ཀྱི་གང་མཐོ་བའོ། །ཞབས་དང་ཕྱག་དྲ་བ་ཅན་ནི། ཞབས་གཉིས་དང་ཕྱག་གཉིས་ཀྱི་སོར་མོའི་བར་སྲབ་མོ་དྲ་བ་དང་འདྲ་བས་འབྲེལ་བའོ། །ཕྱག་དང་ཞབས་འཇམ་ཞིང་མཉམ་པ་ན་ཕྱག་དང ་ཞབས་ཀྱི་པགས་པ་འཇམ་ལ་ཐག་ཐུག་ཅན་དུ་མཁྲད་པ་ཡིན་ནོ། །སྐུ་བདུན་མཐོ་བ་ཞེས་བྱ་བ་ནི་ཕྱག་གི་ཐལ་གོང་གཉིས་མཐོ་བ་དང་ཞབས་ཀྱི་མཐིལ་དང་གོང་མཐོ་བ་དང་དཔུང་མགོ་གཉིས་མའོ་བ་དང། མགུར་གྱི ་ཐོན་ཀོར་ཤས་གང་བ་སྟེ་བདུན་ནོ། །རྗེ་དར་རི་དགས་ཨེ་ཎི་ཡ་ལྟ་བུ་དང་ཞེས་བྱ་བ་ནི་སྐུ་བརླན་པ་བརྩམས་ཏེ་ནམ་ཆད་ཁད་ཀྱི་ཕྲ་བར་གནས་པའོ། །མཚན་གསང་བ་ནང་དུ་ནུབ་པ་ནི་མཚན་གསང་བ ་པགས་པའི་ནང་དུ་ནུབ་སྟེ་མི་སྣང་བར་གྱུར་པའོ། །སྐུ་རོ་སྟོད་སེང་གེ་ལྟ་བུ་ནི་རོ་སྟོད་འཕེལ་རྐ་ཆེ་ལ་རྐེད་པ་ཕྲ་བའོ། །སྒྲོག་རུས་ཀྱི་བར་རྒྱས་པ་ནི། སྒྲོག་རུས་ཀྱི་བར་ཤེས་གང་བའོ། །དཔུང་བ་བརྐྱང་བ་རབ་ཏུ་རིང་བ་ནི་ཕྱག་བརྐྱང་ནས་པུས ་མོ་འདས་པའོ། །སྐུ་རྣམ་པར་དག་པ་ནི་སྐུ་ལ་དྲི་མ་མི་འཆགས་པའོ། །མིང་བ་དུང་ལྟ་བུ་ནི་མགུལ་ཁྲོམ་གཉེར་ཅན་དུ་གནས་པའོ། །འགྲམ་པ་སེང་གེ་ལྟ་བུ་ནི་འགྲམ་པའི་ལྷ་ང་ཆེ་བའོ། །སོ་བཞི་བཅུ་མཉམ་པ་ནི་ཡ་སོ་དང་མ་སོ་ཉི་ཤུ་ཉི་ཤུར ་གྲངས་མཉམ་པའོ། །སོ་བར་མ་བྱེ་ཞིང་མཉམ་པ་ནི་ཚམས་ཐགས་འབྲེལ་ཅིང་ཆེམས་ཆེ་ཆུང་མེད་པའོ། །ལྕེ་ཆེ་བ་ནི་ལྗགས་བརྐྱང་ན་ཞལ་ཁྱབ་པར་འགྱུར་བའོ། །རོ་བོ་བའི་མཆོག་ནི་ལྗགས་ཀྱི་སྟེང་དུ་ནས་རུལ་བ་བབ་ཀྱང་ལྷའི་ཞལ་ཟས་རོ ་མཆོག་ཏུ་མྱོང་བར་འགྱུར་བའོ། །ཚངས་པའི་དབྱངས་ཀ་ལ་བིད་ཀའི་སྒྲ་སྐད་ནི་གསུང་འཇམ་ཞིང་མཉེན་པོ་འདུལ་བ་རྣམས་ཀྱི་སེམས་ཅན་འཕྲོག་པར་བྱེད་པའོ། །སྤྱན་ཀུན་སྔོ་བ་ནི་སྤྱན་གྱི་སྤྲིན་དཀར་པོའི་གོང་ན་ཁ་དོག་མཐོན་མཐིང ་དུ་གནས་པའོ། །སྤྱན་བའི་རྫི་མ་འདྲ་བ་ནི་སྤྱན་གྱི་རྫི་མ་ལྟ་བུ་སྲུ་མཉམ་ཞིང་སྲབ་ལ་གནག་པའོ། །དབུའི་གཙུག་ཏོར་ནི་དབུའི་དབུས་ན་ཤའི་ཐོར་ཚུགས་ཚངས་པའི་འཇིག་རྟེན་ནས་ཀྱང་བལྟར་མི་སྣང་བ་མངའ་ཨོ། །ཤིང་ནྱ་གྲོ་དྷ་ལྟར་ཟླུམ་ཞིང ་མཛེས་པའི་སྐུ་ཆུ་ཞིང་གབ་ལ་ཡན་ལག་རྣམས་ཀྱང་སྐུའི་རྐྱེན་དུ་བབ་ལ། ཆེ་ཆུང་མེད་པ་མངའ་བའོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་མཚན་ཉིད་བསྟན་ནས་གང་དག་མཚན་ཐོབ་པར་མོས་པས་དེ་རྒྱུ་སྒྲུབ་པ་ལ་ནན་ཏན ་བྱེད་པར་འདོད་པའི་འགྲོ་བ་རྣམས་ཀྱི་དོན་དུ་མཚན་གྱི་རྒྱུ་བསྟན་པའི་ཕྱིར་གསུངས་པ། ཞབས་གཉིས་རབ་ཏུ་བསྟན་པ་དེ་བཞིན་གཤེགས་པ་སྐྱེས་བུ་ཆེན་པོའི་མཚན་འདི་ནི་སྔོན་ཡི་དམ་ལ་རབ་ཏུ་བརྟན་པས་གྲུབ་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་ན ་མཚན་རྣམས་ནི་རྣམ་པར་སྨིན་པའི་འབྲས་བུའི་རང་བཞིན་ཏེ། འབྲས་བུ་ལ་རྒྱུ་མེད་མི་སྲིད་པས་དེའི་རྒྱུ་སྟོན་པར་མཛད་དོ། །སྔོན་ཡི་དམ་ལ་རབ་ཏུ་བསྟན་པས་གྲུབ་ཅེས་བྱ་བ་ནི་སྔོན་བྱང་ཆུབ་སེམས་དཔའ་ཨི་སྤྱད་པ་སྤྱོད་པའི་ཚེ་དག་པ་ལ་སོགས་པ་བྱ་བར་ཁས ་བླངས་པའི་ཡི་དམ་མ་དྲལ་ཅིང་ནན་ཏན་དུ་གུས་པར་བྱ་བ་ལས་ཞབས་བརྟན་པ་གྲུབ་པ་བཞིན་ནོ། །སྔོན་སེམས་ཅན་ཕ་རོལ་རྣམས་སྤ་མ་བཀོད་པས་གྲུབ་པོ་ཞེས་བྱ་བ་ནི་སེམས་ཅན་མཐུ་ཆུང་ཤིང་ཉམ་ཆུང་བ་རྣམས་ལ་སྐྲག་པ་དང། འཇིགས་པ ་མ་བྱས་པས་གྲུབ་པའོ། །ཆོས་ཀྱི་སྲུང་བ་དང་སྐྱབས་བྱས་ཞེས་བྱ་བ་ནི། སྔོན་སྲོག་མ་བཅད་པ་ལ་སོགས་པ། མི་དགེ་བའི་ལས་མི་བྱེད་པར་སྲུང་བ་ལས་གྲུབ་པའོ། །ཡང་ན་ཆོས་ཀྱི་སྲུང་བ་དང། སྐྱབ་པ་དང་སྦ་བ་ཞེས་བྱ་བ་ནི་གང་ཟག་ཆོས་སྤྱོད་པ ་རྣམས་ལ་འཇིགས་པ་དང། མི་བདེ་བའི་གྲོགས་མཉན་པ་དང་བསམ་པ་དང་བསྒོམས་པ་ལ་སོགས་པའི་དུས་ན་ཕན་འདོགས་པར་བྱེད་པ་ལས་གྲུབ་པའོ། །དེ་ལ་མཉན་པའི་དུས་ན་གྲོགས་བྱེད་པ་ནི་བསྲུང་པའོ། །བསམ་པའི་དུས་ན་གྲོགས་བྱེད ་པ་ནི་བསྐྱབ་བའོ། །བསྒོམ་པའི་དུས་ན་གྲོགས་བྱས་པ་ན་སྤ་བར་བྱས་པའོ། །སྔོན་འཁོར་མ་ཕྱེ་བས་གྲུབ་པ་ཞེས་བྱ་བ་ནི་གཞན་གྱི་གཡོག་འཁོར་ཁ་མ་དྲངས་པ་ལས་གྲུབ་པའོ། །སྔོན་བགོ་བ་སྣ་ཚོགས་བྱིན་པས་གྲུབ་པོ་ཞེས་བྱ་བ་ནི ་ཆོས་དང་མལ་སྟན་ལ་སོགས་པ་བྱིན་པས་གྲུབ་པའོ། །སྔོན་སངས་རྒྱས་ཀྱི་ཆོས་ཀུན་གཟུང་བས་གྲུབ་པོ་ཞེས་བྱ་བ་ནི་སྔར་དམ་པའི་ཆོས་རྣམས་མཉན་པ་དེ་ནས་བསམ། དེ་ནས་བསྒོམ་པ་ལས་གྲུབ་པའོ། །སྔོན་གསང་ཐུབ་པར་བསྲུངས ་བ་དང། འཁྲིག་པའི་ཆོས་སྤངས་པས་གྲུབ་ཅེས་བྱ་བ་སྣོད་མ་ཡིན་པ་ལ་བསྟན་དུ་མི་རུང་བ་རྣམས་སྣོད་མ་ཡིན་པ་ལ་མ་བསྟན་ཏེ། སྲུང་བ་དང་གཞན་གྱི་གསང་བ་རྣམས་གཞན་དག་ལ་མ་བསྒྲགས་པར་བསྲུང་བ་དང། མི་ཚངས་པར ་སྤྱོད་པའི་ཆོས་རྣམས་སྤངས་པ་ལས་གྲུབ་པོ། །སྔོན་དགེ་བའི་ཆོས་སྤྱད་པ་ལས་གྲུབ་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་པར་སྤྱད་པ་ལས་གྲུབ་པའོ། །ཕ་རོལ་པོ་རྣམས་མི་འཇིགས་པར་དབུགས་ཕྱུང་བ་བྱིན་པས་གྲུབ་ཅེས ་བྱ་བས་ནི། རྒྱལ་པོ་དང་རྐུན་པོ་ལ་སོགས་པའི་འཇིགས་པས་ཉན་པའི་སེམས་རྣམས་འཇིགས་པ་དེ་ལས་བསྐྱབས་པ་ལས་གྲུབ་པའོ། །སྔོན་གཞན་གྱི་བྱ་བ་སྤྲོ་བར་བྱེད་པས་གྲུབ་པ་ལས་བྱེད་པ་པོ་ལ་སྤྲོ་བ་བསྐྱེད་ཅིང་གྲོགས་བྱས་པ་ལས ་གྲུབ་པའོ། །སྔོན་དགེ་བའི་རྩ་བ་ལ་སྦྱོར་བ་ཀུན་ཏུ་རྫོགས་པས་གྲུབ་པོ་ཞེས་བྱ་བ་ནི། དགེ་བ་གང་བརྩམས་པ་རྣམས་མཐར་ཕྱིན་པར་བྱས་པ་ལས་གྲུབ་པའོ། །སྔོན་སེམས་ཅན་དབུགས་ཕྱུང་བ་སྦྱར་བ་ལས་གྲུབ་ཅེས ་བྱ་བ་ནི་སེམས་ཅན་ངན་སོང་དུ་སྐྱེས་པ་རྣམས་སྐྱབས་པ་ལས་གྲུབ་པའོ། །སྔོན་ལུས་དང་ངག་དང་ཡིད་ཀྱི་ལས་བསྲུང་བ་ལས་གྲུབ་ཅེས་བྱ་བ་ནི། ལུས་དང་ངག་ཡིད་གསུམ་སྡིག་པ་མི་དགེ་བའི་ཆོས་ལ་མི་འཇུག་པ་བསྲུངས་པ་ལས ་གྲུབ་པའོ། །སྔོན་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པ་ལ་བདག་རྟེན་པ་ཞེས་བྱ་བ་ནི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་བསོད་ནམས་དཔག་ཏུ་མེད་པར་བསགས་པ་ལས་བྱུང་བའོ། །སྔོན་བསམ་པས་མ་བཅོས་པར་གྲུབ་པ་ཞེས་བྱ་བ་ནི་སེམས ་ལ་གཡོ་མེད་པར་བྱས་པ་ལས་གྲུབ་པའོ། །ཆོས་ཡང་དག་པར་སྤྱོད་པ་ན་སེམས་ལས་སུ་རུང་བར་གྲུབ་པ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་དཔྱོད་པ་ན་གཉིད་དང་རྨུགས་པ་དང་རྟོགས་པ་དང་དཔྱོད་པ་བསལ་ཏེ། སེམས ་ལས་གྲུབ་པའོ། །སྔོན་འདུ་འཛི་སྤངས་པ་ལས་གྲུབ་པ་ནི་སྔོན་འགྲོ་བ་མང་པོའི་ནང་ན་གནས་པ་སྤངས་པ་ལས་གྲུབ་པའོ། །སྔོན་བསྒྲགས་པར་རིགས་པ་རྣམས་ཀྱི་གྲགས་པ་བརྗོད་པ་ལས་གྲུབ་པ་ནི་ཡོན་ཏན་བསྒྲགས་པར་འོས་པ་རྣམས་ཀྱིས་ཡོན་ཏན ་གྲགས་པར་བྱས་པ་ལས་གྲུབ་པའོ། །མཐུ་བོ་ཆེ་ཀུན་ཏུ་མཛེས་པ་ཞེས་བྱ་བ་ལ་མཐུ་བོ་ཆེ་ནི་སྟོབས་ཀྱི་ཚད་དེ། དེའི་སྟོབས་ཀྱི་ཚད་ནི་ཇི་ཙམ་ཞེ་ན་ཐ་མལ་པའི་བ་ལང་བཅུའི་སྟོབས་སྤོས་ཀྱི་གླང་པོ་ཅིག་ལ་ཡོད་དོ། །སྤོས་ཀྱི་གླང་པོ་བཅུའི་སྟོབས་མ་ཧེ་ན་ག ་ན་གཅིག་ལ་ཡོད་དོ། །དེ་བཅུའི་སྟོབས་པྲ་ཀ་ན་ཏ་གཅིག་ལ་ཡོད་དོ། །བྲ་ཀན་ད་བཅུའི་སྟོབས་པ་རང་ག་གཅིག་ལ་ཡོད་དོ། །པ་རང་ག་བཅུའི་སྟོབས། ཅ་ནུ་ར་ག་གཅིག་ལ་ཡོད་དོ། །ཙ་ནུ་ར་ག་བཅུའི་སྟོབས། མཐུའོ་ཅིག་ལ་ཡོད། བཅོམ་ལྡན་འདས་ཀྱི་སྐུའི ་ཚིགས་རེ་རེ་ལ་ཡང་མཐུ་བོ་ཆེའི་སྟོབས་ཡོད་པས་ན། མཐུ་བོ་ཆེ་ཀུན་ཏུ་མཛེས་པ་ཞེས་བྱའོ། །དེ་བས་ན་ལྷས་བྱིན་གྱིས་བསད་པའི་གླང་པོ་ཆེ། བཅོམ་ལྡན་འདས་ཀྱི་ཞབས་ཀྱི་མཐེ་བོས་རབ་བདུན་བསྒྲལ་ཏེ། བཏང་བའི་ཕྱིར་མཐུ་བོ ་ཆེ་དང་འདྲ་བ་ཞེས་བྱའོ།། །།མཚན་གྱི་འོག་ཏུ་དཔེ་བྱད་བརྒྱད་ཅུ་བསྟན་པས་དེ་བཤད་པར་བཞེད་ནས་དཔེ་བྱད་བཟང་པོ་བརྒྱད་ཅུ་གང་ཞེ་ན། ཞེས་བྱ་བ་ལ་སོགས ་པ་གསུངས་སོ། །སེན་མོ་ཡིད་དམར་བ་ནི་ཟངས་ཀྱི་མདོག་ལྟ་བུའོ། །སེན་མོ་སྣུམ་པ་ནི་ཕྱི་རོལ་འཚེར་བའོ། །སེན་མོ་མཐོ་བ་ནི་སེན་མོའི་དབུས་ཐོག་ཐག་མཐོན་པོར་གནས་པའོ། །སེན་མོ་ཟླུམ་པ་ནི་ལེབ་ལེབ་པོ་མ་ཡིན་པའོ། །སེན་མོ་རྒྱས ་པ་ནི་བར་སང་སེང་མེད་པའོ། །སེན་མོ་བགས་ཀྱི་ཕྲ་བ་ནི་ལྷུན་གྱི་མགོ་ཕྲ་མོའོ། །ལོང་བུ་ནུབ་པ་ནི་ལོང་བུའི་ཤ་ནང་དུ་ནུབ་པའོ། །ཞབས་མཉམ་པ་ནི་ཞབས་གཉིས་ཆེ་ཆུང་དུ་མ་གྱུར་པའོ། །སེང་གེའི་སྟབས་ནི་འཇིགས་པ་དང་བག་ཚ་བ་མེད་པར ་གཤེགས་པའོ། །ཁྲུ་མཆོག་གི་སྟབས་ནི་ས་ཆེན་པོ་གནོན་པ་ལྟ་བུར་གཤེགས་པའོ། །གླང་པོའི་སྟབས་ནི་བརྗིད་པར་གཤེགས་པའོ། །དང་པའི་སྟབས་ནི་གོམ་པ་གཡས་གཡོན་འདོར་བའི་བར་རྟག་ཏུ་མཉམ ་པའོ། །གཡས་ཀྱིས་གཤེགས་པ་ནི་ཞབས་གཡས་སྔར་འདོར་བའོ། །བཟང་པོར་གཤེགས་པ་ནི་སྟབས་མཛེས་པའོ། །མི་འཁྱོར་བར་གཤེགས་པ་ནི་སྐུ་འཁྱོར་བ་མེད་པར་ཞབས་འདོར་བའོ། །སྐུ་ཟླུམ་པ་མཛེས་པ་དང་ལྡན་པའོ། །སྐུ་འཚོར་བ་ནི་ ་སྐུའི་པགས་པ་བཞིན་གྱི་གཟུགས་བརྙན་སྣང་བའོ། །སྐུ་རིམས་སུ་ཕེབས་པ་ནི་གང་དུ་ཆེ་བའི་གནས་སུ་ཆེ་ལ། ཆུང་བའི་གནས་སུ་ཆུང་བའོ། །ཆུ་ཞེང་གབ་པ་ནི་ཆུ་ཞེང་དུ་ལྡན་པའོ། །དཔེ་བྱད་ཀུན་མཛེས་པ་ནི་མཚན་དང་དཔེ་བྱེད་དུ་བྱ་བ་རྣམས་དུམ ་བུ་དང་མ་ཚང་པ་མེད་པ་མངའ་བའོ། །མཉམ་པར་གཤེགས་པ་ནི་མདུན་དུ་སྒུར་བ་དང་རྒྱབ་དུ་དགྱེ་བ་མེད་པའོ། །སྐུ་གཙང་བ་ནི་མི་གཙང་བ་ལ་སོགས་པ་མི་འབྱུང་བའོ། །སྐུ་རྣམ་པར་དག་པ་ནི་དྲི་མ་མི་མངའ་བའོ། །སྐུ་མ་ཞུམ་པ་ནི་ཞུམ་པོར་མི་གནས ་པའོ། །བདུན་མཐོ་བ་ནི་གཞན་ལས་འཕགས་པའམ་ནུ་མཇིད་བ་ལ་སོགས་པ་མཐོ་བའོ། །ཡན་ལག་དང་ཉིང་ལག་རབ་ཏུ་རྣམ་པར་ཕྱེ་བ་ནི་ཕྱག་དང་ཞབས་སོ་སོར་མ་འདྲེས་ཤིང་འབྲེལ་པ་མེད་པར་མཛེས་པར་གནས་པའོ། །རབ་རིབ་མེད་ཅིང་དག་པར ་སྣང་བ་ནི། སྤྱན་གྱི་ལིང་ཐོག་ལ་སོགས་པ་དང་བྲལ་ཞིང་གསལ་བར་གཟིགས་པའོ། །ལྟོ་ཟླུམ་པ་ནི་ཕྱལ་ཕྱང་ངེ་བ་མ་ཡིན་ནོ། །ལྟོ་འཇམ་པ་ནི་པགས་པ་འཇམ་པའོ། །ལྟོ་མ་ཞོམ་པ་ནི་གོང་དུ་སྦོམ་ལ་བར་ན་ཕྲ་བ་ཡིན་པའོ། །ལྟེ་མ་བྲི་བ་ནི་ཁོང་དུ ་མ་སོང་བའོ། །ལྟེ་བ་ཟབ་པ་ནི་སྐུའི་ནང་དུ་ནུབ་པའོ། །ཀུན་ཏུ་མཛེས་པ་ནི་འོད་འདོམ་གང་གིས་ཀུན་ནས་བསྐོར་ཏེ་མཛེས་པར་བྱས་པའོ། །སྤྲོད་པ་གཙང་བ་ནི་ཕྱག་གཡས་པ་མི་གཙང་བའི་ནང་དུ་ནམ་དུ་ཡང་མི་རིག་པའོ། །ཕྱག་གི་རི་མོ་ཟབ་པ ་པ་ནི་རི་མོ་ནང་དུ་སོང་བའོ། །ཕྱག་གི་རི་མོ་རིང་བ་ནི་རྒྱུན་མ་ཆད་པའོ། །ཞལ་རབ་ཏུ་མི་རིང་བ་ནི་ཞལ་མ་ཆུ་རིངས་སུ་མི་འདུག་པའོ། །གཟུགས་དང་གཟུགས་བརྙན་སྣང་བ་དང། ཞལ་གྱི་ཡ་མཆུ་མ་མཆུ་ཆེ་ཆུང་དུ་མ་གྱུར་པ་འམ། སྐུ་ལ ་གཟུགས་བརྙན་དུ་སྣང་བའོ། །བ་ལང་དང་སྤྲིན་ལྟར་སྒྲོགས་པའི་དབྱངས་ནི་དབྱངས་རིང་དུ་འདུག་པའོ། །མཆེ་བ་མཉམ་པ་ནི་མཆེ་བ་བཞི་ཆེ་ཆུང་མེད་པའོ། །མཆེ་བ་བགས་ཀྱིས་ཕྲ་བ་ནི་རྩེ་ཕྲའོ། །སྣ་གཅད་པ་ནི་སྣབས་མི་འཛག ་པའོ། །སྤྱན་སྤངས་པ་ནི་ཞེང་དུ་ཡང་ཆེ་བའོ། །སྤྱན་རིང་བ་ནི་དཀྱུས་སུ་ཡང་རིང་བའོ། །ུད་པ་ལའི་འདབ་མ་རངས་པ་ལྟ་བུ་ནི་བགས་ཀྱིས་སྔོ་ལ་ཐོག་ཐག་ཏུ་རིང་པོར་གནས་པའོ། །རིང་ལ་སྟུག་པ་ནི་སྲབ་མོ་མ་ཡིན་པའོ། །སྨིན་མ་རིང་བ་ནི་སྨིན་མའི ་པར་མ་ཆད་པར་དཀྱུས་རིང་བའོ། །སྨིན་མའི་སྤུ་མཉམ་པ་ནི་སྤུ་རིང་ཐུང་མེད་པའོ། །རྣ་བ་གང་ཞིང་རིང་བ་ནི་སྙན་རྐང་རྐོང་མ་ཡིན་ན་སྙན་ཆེ་བའོ། །རྣ་བ་མཉམ་པ་ནི་སྙན་གཡས་གཡོན་གཉིས་ལ་ཆེ་ཆུང་མེད་པའོ། །རྣ་བའི་དབང་པོ་མ་ཉམས ་པ་ནི་རྐྱེན་གང་གིས་ཀྱང་འོན་བར་བྱ་བར་མི་ནུས་པའོ། །ཕྲལ་རྒྱས་པ་ནི་རྐང་རྐོང་མེད་ཅིང་ཤེས་རྒྱས་པའོ། །ཡན་ལག་གི་དམ་པ་ཀུན་ཏུ་རྒྱས་པ་ནི་སྐུ་ཐམས་ཅད་ཀྱང་མཛེས་པའོ། །སྐྲ་མ་འཛིངས་པ་ནི་ཕན་ཚུན་འདྲེས ་ནས་ལོང་ལོང་པོར་མ་གྱུར་པའོ། །དོན་རྣམ་པར་གདོན་མི་ཟ་པ་གོང་དུ་བཤད་པ་མ་ལུས་པར་བསྟན་ཟིན་ཏེ་ཞེས་དགོངས་ནས་དགེ་སློང་རྣམས་ལ་ཞེས་བྱ་བ་ནས་ངས་བསྟན་ཟིན་ཏོ་ཞེས་བྱ་བའི་བར་དུ་གསུངས་སོ། །ཇི་ལྟར་བསྟན་པའི་ཆོས་ལ་ཡང ་ཚིག་ཙམ་དུ་གཟུང་བ་མ་ཡིན་གྱི། ནན་ཏན་གྱིས་བསྒྲུབ་དགོས་སོ་ཞེས་བཀའ་སྩལ་པ། དགེ་སློང་དག་དགོན་པའི་གནས་དང་ཞེས་བྱ་བ་ནས། ངའི་བསྟན་པའི་ཞེས་བྱ་བའི་བར་དུ་གསུངས་སོ། །དགེ་སློང་དག་བག་ཡོད་པར་བྱོས་ལ ་ཞེས་བྱ་བ་ནི་མི་དགེ་བའི་ཆོས་ལ་འཇུག་པར་མ་བྱེད་ཅིག་ཅེས་བྱ་བའི་དོན་ཏེ། །ད་ལྟར་ཞུགས་པར་གྱུར་ན་འཆི་ཀར་ཡང་སེམས་ལ་གདུང་བ་དང། ཕྱིས་ཀྱང་གནོད་པར་གྱུར་ཏེ་རེ་ཞེས་དགོངས་ནས་བཀའ་སྩལ་པ། །ཁྱད?་པར ་མ་གྱུར་ཅིག་ཅེས་སོ། །འདི་ནི་ངའི་བསྟན་པའོ་ཞེས་བྱ་བ་ལ་དེ་བཞིན་གཤེགས་པའི་ཆོ་འཕྲུལ་གསུམ་སྟེ། ཀུན་རྗོད་པའི་ཆོ་འཕྲུལ་དང། རྗེས་སུ་བསྟན་པའི་ཆོ་འཕྲུལ་དང། རྫུ་འཕྲུལ་གྱི་ཆོ་འཕྲུལ་ལོ། །དེ་ལ་ཀུན་རྗོད་པའི་ཆོ་འཕྲུལ ་ནི་འདི་ལྟར་སྒོམས་ཤིག་པའོ། །རྗེས་སུ་བསྟན་པའི་ཆོ་འཕྲུལ་ནི་ཁྱོད་ཀྱིས་བསམ་པ་ད་ལྟར་འདི་དང་འདིའི་སེམས་ཞེས་བཤད་པའོ། །རྫུ་འཕྲུལ་གྱི་ཆོ་འཕྲུལ་ནི་ནམ་མཁའ་ལ་འཕུར་བ་ལ་སོགས་པ་སྟོན་ཏེ། འདིར་ནི་བསྟན་པ་ཆོ ་འཕྲུལ་བཤད་པའི་ཕྱིར་འདི་ནི་ངའི་བསྟན་པའོ་ཞེས་གསུངས་ཏེ། ཆོ་འཕྲུལ་དེ་ནི་ཆོ་འཕྲུལ་གཉིས་ལས་དམ་པར་གྱུར་ཕྱིར་རོ། །མདོ་སྡེ་བཤད་པའི་ཕྱིར། ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། དགེ་སློང ་ལྔ་བརྒྱ་ལེན་པ་མེད་ཅིང་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ་ཞེས་གསུངས་སོ། མདོ་སྡེ་ཐོས་པའི་ཕུང་པོ་གཅིག་ཏུ་འཚམས་སྦྱར་བ་སྤངས་པ་དང། །མཐོང་བ་དང། བསྒོམ་པས་སྤང་བ ་ཉོན་མོངས་པ་དང་བྲལ་བའི་འབྲས་བུའོ། །དེ་ལ་ཚེ་གཅིག་ནས་གཅིག་ཏུ་སྦྱོར་བ་སྤངས་པས་ན་ལེན་པ་མེད་པ་ཞེས་བྱའོ། །མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་དང་བྲལ་བས་ན་སེམས་རྣམ་པར ་གྲོལ་བ་ཞེས་བྱའོ། །དོན་རྣམ་པར་གདོན་མི་ཟ་བའི་ཊཱི་ཀ་རྫོགས་སོ། །ལྷག་མཐོང་བསྐྱེད་པའི་ཐབས་བཞུགས་སོ། །དངོས་འཛིན་རྣམ་རྟོག་ཚང་ཚིང་ལྟ་བུ་ཤེས་རབ་མཚོན་གྱིས ་