CLOSE WINDOW

N4649: pho brang stong thang lhan dkar gyi chos 'gyur ro cog gi dkar chag bzhugs
Wyliee-texts based on the ACIP/ALL Input

འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དུ་ཉེ་བར་འགྲོ་བའོ། །ཆོས་ཀྱི་རྣམ་གྲང་ཆུང་ངུ་ཨཱ་ཙརྱ་དཔལ་བརྩེགས་ཀྱིས་མཛད་པ་རྫོགས་སོ།། །།ཕོ་བྲང་སྟོང་ཐང་ལྡན་དཀར་གྱི་བཀད་དང་བསྟན་བཅོས་འགྱུར་རོ་ཅོག་གི་དཀར་ཆག་དཔལ་རྩེགས་དང་ནམ་མཁའ་ཨི་སྙིང་པོས་མཛད་དོ།། ་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལ་སོགས་ཏེ། བོད་ཀྱི་རྒྱལ་ཁམས་སུ་དམ་པའི་ཆོས་འགྱུར་རོ་འཚལ་གྱི་མཚན་བྱང་དཀར་ཆག་བྲིས་ཤིག་ཅེས་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་འདུང་ས་ནས། འབྲུག་གི་ལོ་ལ་པོ ་བྲང་ལྡན་དཀར་ན་བཞུགས་པའི་སྟོན། སྒྲ་སྒྱུར་གྱི་བནདེ་དཔལ་རྩེགས་དང། བནདེ་ཀླུའི་དབང་པོ་ལ་སོགས་པས་དམ་པའི་ཆོས་ཐེག་པ་ཆེ་ཆུང་གི་མདོ་སྡེ་དང། གཟུགས་ཆེ་ཕྲ་དང། མཚན་བརྒྱ་རྩ་བརྒྱད་དང། བསྟོད་པ་དང། སྨོན་ལམ་དང། ་བཀྲ་ཤིས་དང། འདུལ་བའི་སྡེ་སྣོད་དང། མདོ་སྡེའི་ཊཱིཀ་དང། དབུ་མའི་བསྟན་བཅོས་དང། བསམ་གཏན་གྱི་ཡི་གེ་དང། རྣམ་པར་ཤེས་པའི་བསྟན་བཅོས་དང། ཏར་ཀའི་གཞུང་ལ་སོགས་པ་བོད་ཁམས་སུ་ཆོས་འགྱུར་རོ་འཚལ་གྱི་མཚན་བྱད་བམ་པོ་དང། ་ཤལོ་ཀའི་གྲངས་དུ་མཆིས་པ་གཏན་ལ་ཕབ་ནས་ཡི་གེར་བྲིས་པ། ཐེག་པ་ཆེན་པོའི་མདོ་སྡེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་སུ་གཏོགས་པ་ལ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་།སྟོང་ཕྲག་བརྒྱ་པ། ཤལོ་ཀ་འབུམ། བམ་པོ་སུམ་བརྒྱ། ་འཕགས་པ་སྟོང་ཕྲག་ཉི་ཤུ་ལྔ་པ། ཤལོ་ཀ་ཉི་ཁྲི་ལྔ་སྟོང། བམ་པོ་བརྒྱད་ཅུ་རྩ་གསུམ་དང། ཤལོ་ཀ་བརྒྱ། འཕགས་པ་ཁྲི་བརྒྱད་སྟོང་པ། ཤལོ་ཀ་ཁྲི་བརྒྱད་སྟོང། བམ་པོ་དྲུག་ཅུ། འཕགས་པ་ཁྲི་པ། ཤལོ་ཀ་ཁྲི། བམ་པོ་སུམ་ཅུ་རྩ་གསུམ་དང། ཤལོ་ཀ་བརྒྱ། ་འཕགས་པ་བརྒྱད་སྟོང་པ། ཤལོ་ཀ་བརྒྱད་སྟོང། བམ་པོ་ཉི་ཤུ་རྩ་བཞི་དང། ཤལོ་ཀ་བརྒྱ། འཕགས་པ་རབ་གྱི་རྩལ་གྱིས་རྣམ་པར་གནོན་པ། ཤལོ་ཀ་ཉིས་སྟོང་ཆིག་བརྒྱ་དྲུག་ཅུ་སྟེ། བམ་པོ་བདུན་དང། ཤལོ་ཀ་དྲུག་ཅུ་།འཕགས་པ་བདུན་བརྒྱ་པ། ཤལོ་ཀ ་བདུན་བརྒྱ་སྟེ། བམ་པོ་གཉིས་དང། ཤལོ་ཀ་བརྒྱ། འཕགས་པ་ལྔ་བརྒྱ་པ། ཤལོ་ཀ་བརྒྱ་སྟེ། བམ་པོ་གཅིག་དང། ཤལོ་ཀ་གཉིས་བརྒྱ། འཕགས་པ་རྡོ་རྗེ་གཅོད་པ། ཤལོ་ཀ་གསུམ་བརྒྱ་སྟེ། བམ་པོ་གཅིག་།འཕགས་པ་སྡུས་པ་ཚིགས་སུ་བཅད་པ། ཤལོ་ཀ་སུམ ་བརྒྱ་སྟེ། བམ་པོ་གཅིག། འཕགས་པ་ཚུལ་བརྒྱ་ལྔ་བཅུ་པ། ཤལོ་ཀ་བརྒྱ་ལྔ་བཅུ། འཕགས་པ་ལྔ་བཅུ་པ། ཤལོ་ཀ་ལྔ་བཅུ། འཕགས་པ་ཀཽ་ཤི་ཀ་།ཤལོ་ཀ་སུམ་ཅུ་རྩ་གཅིག་།འཕགས་པ་ཤེས་རབ་སྙིང་པོ། ཤལོ་ཀ་ཉི་ཤུ་རྩ་བརྒྱད། འཕགས་པ་སྒོའི?། ? ་པ། ཤལོ་ཀ་ཉི་ཤུ་རྩ་ལྔ། འཕགས་པ་ཡི་གེ་ཉུང་ངུ། ཤལོ་ཀ་སུམ་ཅུ་ཐམ་བ།། །།ཐེག་པ་ཆེན་པོའི་མདོ་སྡེ་ཤིན་ཏུ་རྒྱས་པའི་ཕྱོགས་སུ་གཏོགས་པ་ལ། འཕགས་པ་ཤིན་ཏུ་རྒྱས་པ་ཆེན་པོའི་སྡེ་སངས་རྒྱས་ཕལ་པོ་ཆེ། ལེའུ་བཞི་བཅུ་རྩ་ལྔ ་ཡན་ཆད་ལ་ཤལོ་ཀ་སུམ་ཁྲི་དགུ་སྟོང་སུམ་ཅུ་སྟེ། བམ་པོ་བརྒྱ་སུམ་ཅུ་དང། ཤལོ་ཀ་སུམ་ཅུ་ཡོད་པ་ལས། དེ་བཞིན་གཤེགས་པ་ཕལ་པོ་ཆེའི་ལེའུར་གཏོགས་པ་ལ་ཤལོ་ཀ་བཞི་སྟོང་ཉིས་བརྒྱ་སྟེ། བམ་པོ་བཅུ་བཞི། བྱང་ཆུབ་སེམས་དཔའ་རྡོ་རྗེ་རྒྱལ་མཚན ་གྱིས་ཡོངས་སུ་བསྔོ་བའི་ལེའུ། ཤལོ་ཀ་སུམ་སྟོང་དགུ་བརྒྱ་སྟེ། བམ་པོ་བཅུ་གསུམ། འཕགས་པ་བྱང་ཆུབ་སེམས་དཔའ་ཨི་ས་བཅུ་བསྟན་བ། ཤལོ་ཀ་ཉིས་སྟོང་བཞི་བརྒྱ་སྟེ། བམ་པོ་བརྒྱད། འཕགས་པ་ཀུན་ཏུ་བཟང་པོའི་སྤྱོད་པ་བསྟན་པ། ཤལོ་ཀ་བཞི་སྟོང ་བརྒྱད་བརྒྱ་སྟེ། བམ་པོ་བཅུ་དྲུག་འཕགས་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བསྟན་པ། ཤལོ་ཀ་སྟོང་ལྔ་བརྒྱ་སྟེ། བམ་པོ་ལྔ་འཕགས་པ་འཇིག་རྟེན་ལས་འདས་པའི་ལེའུ། ཤལོ་ཀ་སུམ་སྟོང་སུམ་བརྒྱ་སྟེ། བམ་པོ་བཅུ་གཅིག། འཕགས་པ་སྡོང?་པོ ་བཀོད་པའི་མདོ། །ཤལོ་ཀ་དགུ་སྟོང་སྟེ། བམ་པོ་སུམ་ཅུ་ཐམ་པ།། །།ཐེག་པ་ཆེན་པོའི་མདོ་སྡེ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་སྟོང་ཕྲག་བརྒྱ་པའི་ལེའུར་གཏོགས་པ་ལ། ལེའུ་བཞི་བཅུ་རྩ་དགུ་ཡན་ཆད་ལས ་འཕགས་པ་སྡོམ་པ་གསུམ་བསྟན་པ། ཤལོ་ཀ་དགུ་བརྒྱ་སྟེ་བམ་པོ་གསུམ། འཕགས་པ་སྒོ་མཛའ་ཡས་པ་རྣམ་པར་སྤྱོད་བ། ཤལོ་ཀ་སྟོང་ཉིས་བརྒྱ་སྟེ། བམ་པོ་བཞི། འཕགས་པ་དེ་བཞིན་གཤེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པ་བསྟན་པ། ཤལོ ་ཀ་སུམ་སྟོང་ལྔ་བརྒྱ་སྟེ། བམ་པོ་བཅུ་གཅིག་དང། ཤལོ་ཀ་ཉིས་བརྒྱ། འཕགས་པ་རྨི་ལམ་བསྟན་པ། ཤལོ་ཀ་སྟོང་སྟེ། བམ་པོ་གསུམ་དང། ཤལོ་ཀ་བརྒྱ། འཕགས་པ་འོད་དཔག་མེད་ཀྱི་བཀོད་བ། ཤལོ་ཀ་དགུ་བརྒྱ་སྟེ། བམ་པོ་གསུམ། འཕགས་པ་ཐ ་འཁྲུགས་པའི་བཀོད་པ། ཤལོ་ཀ་སྟོང་ལྔ་བརྒྱ་བཞི་བཅུ་སྟེ། བམ་པོ་ལྔ་དང། ཤལོ་ཀ་བཞི་བཅུ། འཕགས་པ་གོ་ཆ་བཀོད་པ། ཤལོ་ཀ་སྟོང་བརྒྱད་བརྒྱ་སྟེ། བམ་པོ་དྲུག། འཕགས་པ་ཆོས་ཀྱི་དབྱིངས་རང་བཞིན་གྱི་དབྱེར་མེད་པར་བསྟན་པ། ཤལོ་ཀ ་དྲུག་བརྒྱ་ལྔ་བཅུ་སྟེ། བམ་པོ་གཉིས་དང། ཤལོ་ཀ་ལྔ་བཅུ། འཕགས་པ་ཆོས་བཅུ་པ། ཤལོ་ཀ་ལྔ་བརྒྱ་སྟེ། བམ་པོ་གཅིག་དང། ཤལོ་ཀ་ཉིས་བརྒྱ། འཕགས་པ་ཀུན་ནས་སྒོའི་ལེའུ། ཤལོ་ཀ་ཉིས་བརྒྱ་དྲུག་ཅུ། འཕགས་པ་འོད་ཟེར་བསྒྲུབ་པ། ཤལོ་ཀ་སྟེ་ལྔ་བརྒྱ ་སྟེ། བམ་པོ་ལྔ། འཕགས་པ་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད། ཤལོ་ཀ་དྲུག་སྟོང་སྟེ། བམ་པོ་ཉི་ཤུ། འཕགས་པ་མངལ་ན་གནས་པ་བསྟན་པ། ཤལོ་ཀ་དྲུག་བརྒྱ་སྟེ། བམ་པོ་གཉིས། འཕགས་པ་མངལ་དུ་འཇུག་པ་བསྟན་པ། ཤལོ་ཀ་སུམ་བརྒྱ་སྟེ། བམ་པོ་ ་གཅིག། འཕགས་པ་འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ། ཤལོ་ཀ་སྟོང་ཚིག་བརྒྱ་བཞི་བཅུ་སྟེ། བམ་པོ་གསུམ་དང། ཤལོ་ཀ་བརྒྱ་བཞི་བཅུ། འཕགས་པ་ཡབ་དང། སྲས་མཇལ་བ། ཤལོ་ཀ་བཞི་སྟོང་ལྔ་བརྒྱ་སྟེ། བམ་པོ་བཅོ་ལྔ། ་འཕགས་པ་གང་པོས་ཞུས་པ། ཤལོ་ཀ་སྟོང་བརྒྱད་བརྒྱ་སྟེ། བམ་པོ་དྲུག། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པ། ཤལོ་ཀ་སྟོང་སྟེ། བམ་པོ་གསུམ་དང། ཤལོ་ཀ་བརྒྱ། འཕགས་པ་ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པ། ཤལོ་ཀ་བདུན ་བརྒྱ་ལྔ་བཅུ་སྟེ། བམ་པོ་གཉིས་དང། ཤལོ་ཀ་བརྒྱ་ལྔ་བཅུ། འཕགས་པ་ཀློག་སྦྱིན་གྱིས་ཞུས་པ། ཤལོ་ཀ་དྲུག་བརྒྱ་སྟེ། བམ་པོ་གཉིས། །འཕགས་པ་སྒྱུ་མ་མཁན་བཟང་པོ་ལུང་བསྟན་པ། ཤལོ་ཀ་བཞི་བརྒྱ་སུམ་ཅུ་སྟེ། བམ་པོ་གཅིག་དང། ཤལོ་ཀ ་བརྒྱ་སུམ་ཅུ། འཕགས་པ་ཆོ་འཕྲུལ་ཆེན་པོ་བསྟན་པ། ཤལོ་ཀ་དགུ་བརྒྱ་སྟེ། བམ་པོ་གསུམ། འཕགས་པ་བྱམས་པ་སེང་གེའི་སྒྲ། ཤལོ་ཀ་སྟོང་ཉིས་བརྒྱ་སྟེ། བམ་པོ་བཞི། འཕགས་པ་འདུལ་བ་རྣམ་པ་གཏན་ལ་དབབ་པ། ཤལོ་ཀ་དྲུག ་བརྒྱ་སྟེ། བམ་པོ་གཉིས། འཕགས་པ་ལྷག་པའི་བསམ་པ་བསྐུལ་བ། ཤལོ་ཀ་དྲུག་བརྒྱ་སྟེ། བམ་པོ་གཉིས། འཕགས་པ་ལག་བཟངས་ཀྱིས་ཞུས་པ། ཤལོ་ཀ་བདུན་བརྒྱ་རྩ་བརྒྱད་དེ། བམ་པོ་གཉིས་དང། ཤལོ་ཀ་བརྒྱ་རྩ་བརྒྱད། འཕགས་པ་ངེས་པས ་ཞུས་པ། ཤལོ་ཀ་གསུམ་བརྒྱ་སྟེ། བམ་པོ་གཅིག། འཕགས་པ་ཁྱིམ་བདག་དཔལ་བྱིན་གྱིས་ཞུས་པ། ཤལོ་ཀ་སུམ་བརྒྱ་སྟེ། བམ་པོ་གཅིག་།འཕགས་པ་བད་སའི་རྒྱལ་པོ་འཆར་བྱེད་ཀྱིས་ཞུས་པ། ཤལོ་ཀ་ཉིས་བརྒྱ། འཕགས་པ་བུ་མོ་བློ་གྲོས་བཟང ་མོས་ཞུས་པ། ཤལོ་ཀ་ཉིས་བརྒྱ། འཕགས་པ་གང་གཱའི་མཆོག་གིས་ཞུས་པ། །ཤལོ་ཀ་བརྒྱད་ཅུ། འཕགས་པ་མྱ་ངན་མེད་ཀྱིས་བྱིན་པས་ཞུས་པ། ཤལོ་ཀ་སུམ་བརྒྱ་སྟེ། བམ་པོ་གཅིག། འཕགས་པ་དྲི་མ་མེད་ཀྱིས་བྱིན་པས་ཞུས་པ། ཤལོ་ཀ་བཞི ་བརྒྱ་ལྔ་བཅུ་སྟེ། བམ་པོ་གཅིག་དང། ཤལོ་ཀ་བརྒྱ་ལྔ་བཅུ། འཕགས་པ་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པས་ཞུས་པ། ཤལོ་ཀ་བརྒྱ་བཞི་བཅུ། འཕགས་པ་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་བསྟན་པ། ཤལོ་ཀ་དྲུག་བརྒྱ་སྟེ། བམ་པོ ་གཉིས། །འཕགས་པ་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པ། ཤལོ་ཀ་སྟོང་ཉིས་བརྒྱ་སྟེ། བམ་པོ་བཞི། འཕགས་པ་སེང་གེས་ཞུས་པ། ཤལོ་ཀ་དྲུག་ཅུ། འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་གསང་ཆེན་ཐབས་མཁས་པ། ཤལོ་ཀ་སྟོང་ཉིས ་བརྒྱ་ལྔ་བཅུ་གསུམ་སྟེ། བམ་པོ་བཞི་དང། ཤལོ་ཀ་བཅུ་གསུམ། འཕགས་པ་ཆོད་དཔོན་བཟང་སྐྱོང་གིས་ཞུས་པ། ཤལོ་ཀ་དྲུག་བརྒྱ་སྟེ། བམ་པོ་གཉིས་འཕགས་པ་བུ་མོ་དང་ལྡན་གྱིས་ཞུས་པ། ཤལོ་ཀ་བརྒྱ་ལྔ་བཅུ། འཕགས་པ་བྱམས་པས་ཞུས ་པ། ཤལོ་ཀ་སུམ་བརྒྱ་རྩ་བཅུ་སྟེ། བམ་པོ་གཅིག་དང། ཤལོ་ཀ་བཅུ། འཕགས་པ་བྱམས་པས་ཞུས་པའི་ཆོས་བརྒྱད་པ། ཤལོ་ཀ་སུམ་བརྒྱ་སྟེ། བམ་པོ་གཅིག་།འཕགས་པ་འོད་སྲུངས་ཀྱིས་ཞུས་པ། ཤལོ་ཀ་དགུ་བརྒྱ་སྟེ། བམ་པོ་གསུམ། འཕགས ་པ་རིན་པོ་ཆེའི་ཕུང་པོ། །ཤལོ་ཀ་དྲུག་བརྒྱ་བདུན་ཅུ་སྟེ། བམ་པོ་གཉིས་དང། ཤལོ་ཀ་བདུན་ཅུ། འཕགས་པ་བློ་གྲོས་མི་ཟད་པས་ཞུས་པ། ཤལོ་ཀ་ཉིས་བརྒྱ། འཕགས་པ་གཙུག་ན་རིན་པོ་ཆེས་ཞུས་པ། ཤལོ་ཀ་དགུ་རྒྱ་སྟེ། བམ་པོ་གསུམ། ་འཕགས་པ་ལྷ་མོ་དཔལ་འཕྲེང་སེང་གེའི་སྒྲ། ཤལོ་ཀ་དྲུག་བརྒྱ་སྟེ། བམ་པོ་གཉིས། འཕགས་པ་དྲང་སྲོང་རྒྱས་པས་ཞུས་པ། ཤལོ་ཀ་དྲུག་བརྒྱ་སྟེ། བམ་པོ་གཉིས།། །།ཐེག་པ་ཆེན་པོའི་མདོ་སྡེ་སྣ་ཚོགས་ལ། བམ་པོ་ཉི་ཤུ་རྩ་དྲུག་མན་ཆད ་ནས། བམ་པོ་བཅུ་གཅིག་པ་ཡན་ཆད་ལ། འཕགས་པ་བསྐལ་པ་བཟང་པོ། ཤལོ་ཀ་བདུན་སྟོང་བརྒྱད་བརྒྱ་སྟེ། བམ་པོ་ཉི་ཤུ་རྩ་དྲུག། འཕགས་པ་བཅོམ་ལྡན་འདས་ཀྱི་ཡེ་ཤེས་རྒྱས་པའི་མདོ། །ཤལོ་ཀ་བདུན་སྟོང་ལྔ་བརྒྱ་སྟེ། བམ་པོ་ཉི་ཤུ་རྩ་ལྔ། འཕགས ་པ་རྒྱ་ཆེར་རོལ་པ། ཤལོ་ཀ་ལྔ་སྟོང་བཞི་བརྒྱ་སྟེ། བམ་པ་བཅོ་བརྒྱད། འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པ། ཤལོ་ཀ་ལྔ་སྟོང་བཞི་བརྒྱ་སྟེ། བམ་པོ་བཅོ་བརྒྱད། འཕགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པར་སྤྲོས་པ་ཏིང་ངེ་འཛིན་གྱི ་རྒྱལ་པོ། །ཤལོ་ཀ་བཞི་སྟོང་ལྔ་བརྒྱ་སྟེ། བམ་པོ་བཅོ་ལྔ། འཕགས་པ་སྙིང་རྗེ་པདྨ་དཀར་པོ། ཤལོ་ཀ་བཞི་སྟོང་ལྔ་བརྒྱ་སྟེ། བམ་པོ་བཅོ་ལྔ། འཕགས་པ་དམ་པའི་ཆོས་པདྨ་དཀར་པོ། ཤལོ་ཀ་སུམ་སྟོང་དགུ་བརྒྱ་སྟེ། བམ་པོ་བཅུ་གསུམ། འཕགས་པ་ཡོངས ་སུ་མྱ་ངན་ལས་འདའ་བ་ཆེན་པོ། ཤལོ་ཀ་སུམ་སྟོང་དགུ་བརྒྱ་སྟེ། བམ་པོ་བཅུ་གསུམ། འཕགས་པ་འདུས་པ་ཆེན་པོའི་སྡེ་ཉི་མའི་སྙིང་པོ། ཤལོ་ཀ་སུམ་སྟོང་དགུ་བརྒྱ་སྟེ། བམ་པོ་བཅུ་གསུམ་འཕགས་པ་སའི་སྙིང་པོ་འཁོར་ལོ་བཅུ་པ། ཤལོ་ཀ་སུམ་སྟོང ་དགུ་བརྒྱ་སྟེ། བམ་པོ་བཅུ་གསུམ། འཕགས་པ་ནམ་མཁའ་ཨི་མདོག་གིས་འདུལ་བའི་བཟོད་པ། ཤལོ་ཀ་སུམ་སྟོང་སུམ་བརྒྱ་སྟེ། བམ་པོ་བཅུ་གཅིག། འཕགས་པ་ལངཀར་གཤེགས་པ། ཤལོ་ཀ་སུམ་སྟོང་སུམ་བརྒྱ་སྟེ། བམ་པོ་བཅུ་གཅིག། །།བམ་པོ ་བཅུ་མན་ཆད་ལ། འཕགས་པ་སྤྲིན་ཆེན་པོ། ཤལོ་ཀ་གསུམ་སྟོང་སྟེ། བམ་པོ་བཅུ། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ། ཤལོ་ཀ་སུམ་སྟོང་སྟེ། བམ་པོ་བཅུ། འཕགས་པ་གསེར་འོད་དམ་པའི་མདོ། ཤལོ་ཀ་གཉིས་སྟོང་བཞི་བརྒྱ་སྟེ། བམ་པོ་བརྒྱད། འཕགས་པ ་ནམ་མཁའ་མཛོད་ཀྱིས་ཞུས་པ། བམ་པོ་བརྒྱད། འཕགས་པ་དཀོན་མཆོག་སྤྲིན། བམ་པོ་བརྒྱད། འཕགས་པ་དེ་བཞིན་གཤེགས་པའི་མཚན་ལྔ་སྟོང་བཞི་བརྒྱ་ལྔ་བཅུ་རྩ་གསུམ་པ། བམ་པོ་བརྒྱད། འཕགས་པ་འདུས་པ་རིན་པོ་ཆེ་ཏོག་གི་གཟུངས། ཤལོ་ཀ་ཉིས ་སྟོང་བཞི་བརྒྱ་སུམ་ཅུ་རྩ་གསུམ་སྟེ། བམ་པོ་བརྒྱད་དང། ཤལོ་ཀ་སུམ་ཅུ་རྩ་གསུམ། འཕགས་པ་སངས་རྒྱས་ཀྱི་སྡེ་སྣོད་ཚུལ་ཁྲིམས་འཆལ་བ་ཚར་གཅོད་པ། ཤལོ་ཀ་ཉིས་སྟོང་ཆིག་བརྒྱ་སྟེ། བམ་པོ་བདུན། འཕགས་པ་བློ་གྲོས་མི་ཟད་པ་བསྟན་པ། ་བམ་པོ་བདུན། འཕགས་པ་ཆོས་ཡང་དག་པར་བསྡུད་པ། བམ་པོ་བདུན། འཕགས་པ་དཀོན་མཆོག་འབྱུང་གནས། བམ་པོ་བདུན། འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ། བམ་པོ་བདུན། འཕགས་པ་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ། ་བམ་པོ་བདུན། འཕགས་པ་སོར་མོའི་ཕྲེང་བ་ལ་ཕན་པ། བམ་པོ་བདུན། འཕགས་པ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་བསྟན་པ། བམ་པོ་བདུན། འཕགས་པ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན། བམ་པོ་བདུན། འཕགས ་པ་སྙིང་རྗེ་ཆེན་པོ་པདྨ་དཀར་པོ། ཤལོ་ཀ་སྟོང་བརྒྱད་བརྒྱ་སྟེ། བམ་པོ་དྲུག། འཕགས་པ་ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་རྒྱལ་པོ། བམ་པོ་དྲུག། འཕགས་པ་དྲི་མ་མེད་པར་གྲགས་པ་བསྟན་པ། བམ་པོ་དྲུག། འཕགས་པ་ཕ་རོལ་ཏུ་ཕྱིན་པ་ལྔ་བསྟན་པ། བམ་པོ ་དྲུག། འཕགས་པ་ཕྱིར་མི་ལྡོག་པའི་འཁོར་ལོ། །བམ་པོ་དྲུག། འཕགས་པ་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན། བམ་པོ་དྲུག། འཕགས་པ་ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཞུས་པ། བམ་པོ་དྲུག། འཕགས་པ་དད་པའི་སྟོབས་སྐྱེས་པ་ལ་འཇུག་ ་པའི་ཕྱག་རྒྱ། ཤལོ་ཀ་སྟོང་ལྔ་བརྒྱ་བདུན་ཅུ་སྟེ། བམ་པོ་ལྔ་དང། ཤལོ་ཀ་བདུན་དུ། འཕགས་པ་བྱང་ཆུབ་སེམས་དཔའ་ཨི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་པ་བསྟན་པ། །ཤལོ་ཀ་སྟོང་ལྔ་བརྒྱ་སྟེ། བམ་པོ་ལྔ། འཕགས ་པ་མིའམ་ཅིའི་རྒྱལ་པོ་ལྗོན་པས་ཞུས་པ། བམ་པོ་ལྔ། འཕགས?་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན། བམ་པོ་ལྔ། འཕགས་པ་རྔ་བོ་ཆེའི་མདོ། བམ་པོ་ལྔ། འཕགས་པ་རིན་པོ་ཆེ་ཆེན་པོའི་མདོ། བམ་པོ་ལྔ། འཕགས་པ་ཟ་མ་ཏོག་བཀོད་པ། ཤལོ་ཀ་སྟོང ་སུམ་བརྒྱ་དྲུག་ཅུ་རྩ་ལྔ་སྟེ། བམ་པོ་བཞི་དང། ཤལོ་ཀ་བརྒྱ་དྲུག་ཅུ་རྩ་ལྔ། འཕགས་པ་དཀོན་མཆོག་ཏ་ལ་ལའི་གཟུངས། ཤལོ་ཀ་སྟོང་ཉིས་བརྒྱ་ལྔ་བཅུ་སྟེ། བམ་པོ་བཞི་དང། ཤལོ་ཀ་ལྔ་བཅུ། འཕགས་པ་ཐེག་པ་ཆེན་པོའི་མན་ངག། ཤལོ་ཀ་སྟོང་ཉིས་བརྒྱ་བཞི་བཅུ ་སྟེ། བམ་པོ་བཞི་དང། ཤལོ་ཀ་བཞི་བཅུ། འཕགས་པ་དགོངས་པ་ངེས་པར་འགྲེལ་པ། ཤལོ་ཀ་སྟོང་ཉིས་བརྒྱ་ཉི་ཤུ་སྟེ། བམ་པོ་བཞི་དང། ཤལོ་ཀ་ཉི་ཤུ། འཕགས་པ་ལྷག་པའི་བསམ་པ་བསྟན་པ། ཤལོ་ཀ་སྟོང་ཉིས་བརྒྱ་སྟེ། བམ་པོ་བཞི། འཕགས་པ་དཀོན་མཆོག་ཟ་མ་ཏོག་།བམ་པོ། ་བཞི། འཕགས་པ་ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པ་།བམ་པོ་བཞི། འཕགས་པ་རྒྱན་སྟུག་པོ་བཀོད་པ། བམ་པོ་བཞི་པ། འཕགས་པ་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན། བམ་པོ་བཞི། འཕགས་པ་དེ་བཞིན་གཤེགས་པའི་མཛད་།བམ་པོ་བཞི། འཕགས ་པ་དེ་བཞིན་གཤེགས་པ་འགྲོ་བ། ཤལོ་ཀ་དགུ་བརྒྱ་བདུན་ཅུ་རྩ་ལྔ་སྟེ། བམ་པོ་གསུམ་དང། ཤལོ་ཀ་བདུན་ཅུ་རྩ་ལྔ། འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བའི་རྒྱན། ཤལོ་ཀ་དགུ་བརྒྱ་ལྔ་བཅུ་སྟེ། བམ་པོ་གསུམ་དང། ་ཤལོ་ཀ་ལྔ་བཅུ། འཕགས་པ་དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་བ་བསྟན་པ། ཤལོ་ཀ་དགུ་བརྒྱ་ཉི་ཤུ་སྟེ། བམ་པོ་གསུམ་དང། ཤལོ་ཀ་ཉི་ཤུ། འཕགས་པ་རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ ་འཕྲུལ་གྱིས་ཏིང་ངེ་འཛིན། ཤལོ་ཀ་དགུ་བརྒྱ་རྩ་བཅུ་སྟེ། བམ་པོ་གསུམ་དང?། ཤལོ་ཀ་བཅུ། འཕགས་པ་སངས་རྒྱས་བགྲོ་བ། ཤལོ་ཀ་དགུ་བརྒྱ་སྟེ། བམ་པོ་གསུམ། འཕགས་པ་སུམ་ཅུ་རྩ་གསུམ་པའི་ལེའུ་།བམ་པོ་གསུམ། འཕགས་པ་མེ་ཏོག་གི ་ཚོགས། བམ་པོ་གསུམ། འཕགས་པ་ཁྱེའུ་བཞིའི་ཏིང་ངེ་འཛིན། བམ་པོ་གསུམ། འཕགས་པ་ལྷའི་བུ་རབ་རྩལ་སེམས་ཀྱིས་ཞུས་པ། བམ་པོ་གསུམ། འཕགས་པ་དེ་བཞིན་གཤེགས་པའི་དཔལ་ཕུན་སུམ་ཚོགས་པ། བམ་པོ་གསུམ། འཕགས་པ་དེ་བཞིན་གཤེགས ་པའི་དཔལ་གྱི་དམ་ཚིག། བམ་པོ་གསུམ། འཕགས་པ་དཔལ་ཆེན་པོའི་མེད་དོ། བམ་པོ་གསུམ། འཕགས་པ་སྤྲིན་ཆེན་པོའི་མདོ་ལས། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་འདུས་པའི་དགའ་སྟོན་ཆེན་པོ་ལ་རྣམ་པར་རྩེ་བའི་ལེའུ་སྟེ། ཤལོ་ཀ་བརྒྱད་བརྒྱ་ཉི་ཤུ ་སྟེ་།བམ་པོ་གཉིས་དང། ཤལོ་ཀ་ཉིས་བརྒྱ་ཉི་ཤུ། འཕགས་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན། ཤལོ་ཀ་དྲུག་བརྒྱ་དྲུག་ཅུ་སྟེ། བམ་པོ་གཉིས་དང། ཤལོ་ཀ་དྲུག་ཅུ། འཕགས་པ་ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་བསྒོམ་པ། ཤལོ ་ཀ་དྲུག་བརྒྱ་བཅུ་དགུ་སྟེ། བམ་པོ་གཉིས་དང། ཤལོ་ཀ་བཅུ་དགུ་།འཕགས་པ་འཇམ་དཔལ་རྣམ་པར་རོལ་པ། ཤལོ་ཀ་དྲུག་བརྒྱ་རྩ་བཅུ་སྟེ། བམ་པོ་གཉིས་དང། ཤལོ་ཀ་བཅུ། འཕགས་པ་བྱམས་པ་འཇུག་པ། ཤལོ་ཀ་དྲུག་བརྒྱ་སྟེ། བམ་པོ་གཉིས། འཕགས ་པ་ཀུན་རྫོབ?་དང་དོན་དམ་པའི་བདེན་པ་བསྟན་པ། བམ་པོ་གཉིས། འཕགས་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་པ། བམ་པོ་གཉིས་།འཕགས་པ་བུད་མེད་འགྱུར་བ་ལུང་བསྟན་བ། བམ་པོ་གཉིས། འཕགས་པ་བུ་མོ་ཟླ་མཆོག་ལུང་བསྟན་པ། བམ་པོ་གཉིས ་འཕགས་པ་ཟླ་བའི་སྙིང་པོས་ཞུས་པ། བམ་པོ་གཉིས། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་སེམས་ཅན་ལ་གཟིགས་ཤིང། སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཀུན་ཏུ་སྟོན་པ། བམ་པོ་གཉིས། འཕགས་པ་དེ་བཞིན ་གཤེགས་པ་བདུན་གྱི་སྔོན་གྱི་སྔོན་ལམ་གྱི་ཁྱད་པར་རྒྱས་པ། བམ་པོ་གཉིས། འཕགས་པ་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ། བམ་པོ་གཉིས། འཕགས་པ་ཐར་པ་ཆེན་པོ ་ཕྱོགས་སུ་རྒྱས་པ་སངས་རྒྱས་སུ་གྲུབ་པ་རྣམ་པར་བཀོད་པ་།བམ་པོ་གཉིས། འཕགས་པ་རྡོ་རྗེ་སྙིང་པོའི་གཟུངས། ཤལོ་ཀ་བརྒྱ་བདུན་བཅུ་སྟེ། བམ་པོ་གཅིག་དང། ཤལོ་ཀ་ཉིས་བརྒྱ་བདུན་ཅུ། འཕགས་པ་དཔལ་དབྱངས་ཀྱིས་ཞུས་པ། ཤལོ་ཀ་ལྔ་བརྒྱ ་སྟེ། བམ་པོ་གཅིག་དང། ཤལོ་ཀ་གཉིས་བརྒྱ། འཕགས་པ་ནམ་མཁའ་ཨི་སྙིང་པོའི་མདོ། །ཤལོ་ཀ་བཞི་བརྒྱ་བདུན་ཅུ་རྩ་ལྔ་སྟེ། བམ་པོ་གཅིག་དང། ཤལོ་ཀ་བརྒྱ་བདུན་ཅུ་རྩ་ལྔ། འཕགས་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན། ཤལོ་ཀ་བཞི་བརྒྱ་ལྔ་བཅུ་སྟེ། བམ་པོ་གཅིག ་དང་།ཤལོ་ཀ་ལྔ་བཅུ། འཕགས་པ་འཇམ་དཔལ་རྣམ་པར་འཕྲུལ་པ། ཤལོ་ཀ་གསུམ་བརྒྱ་དགུ་བཅུ་རྩ་བཞི། བམ་པོ་གཅིག་དང། ཤལོ་ཀ་དགུ་བཅུ་རྩ་བཞི་སྟེ། འཕགས་པ་ཆོས་ཀྱི་རྒྱལ་པོའི་མདོ། ཤལོ་ཀ་བཞི་བརྒྱ་སྟེ། བམ་པོ་གཅིག་དང། ཤལོ་ཀ ་བརྒྱ། འཕགས་པ་གླང་པོ་ཆེའི་བརྩལ་གྱི་མདོ། ཤལོ་ཀ་སུམ་བརྒྱ་དྲུག་ཅུ་སྟེ། བམ་པོ་གཅིག་དང། ཤལོ་ཀ་དྲུག་ཅུ། འཕགས་པ་སྤྱན་རས་གཟིགས་ཞེས་བྱ་བ། བམ་པོ་གཅིག་དང། ཤལོ་ཀ་དྲུག་ཅུ། འཕགས་པ་རྣམ་པར་འཐག་པ་ཐམས ་ཅད་བསྡུས་པ། བམ་པོ་གཅིག་དང། ཤལོ་ཀ་དྲུག་ཅུ། འཕགས་པ་རིན་ཆེན་དྲ་བ་ཅན་གྱིས་ཞུས་པ། བམ་པོ་གཅིག་དང། ཤལོ་ཀ་དྲུག་ཅུ། འཕགས་པ་དཔལ་སྦས་ཀྱི་མདོ། བམ་པོ་གཅིག་དང། ཤལོ་ཀ་དྲུག་ཅུ། འཕགས་པ་སངས ་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་གྱི་ཡུལ་ལ་རྣམ་པར་འཕྲུལ་པ་བསྟན་པ། ཤལོ་ཀ་སུམ་བརྒྱ་ལྔ་བཅུ་སྟེ། བམ་པོ་གཅིག་དང། ཤལོ་ཀ་ལྔ་བཅུ། འཕགས་པ་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་།ཤལོ་ཀ་གསུམ་བརྒྱ་བཞི་བཅུ ་སྟེ། བམ་པོ་གཅིག་དང། ཤལོ་ཀ་བཞི་བཅུ། འཕགས་པ་དེ་བཞིན་གཤེགས་པའི་སྙིང་པོ། ཤལོ་ཀ་སུམ་བརྒྱ་རྩ་བཅུ་སྟེ། །བམ་པོ་གཅིག་དང། ཤལོ་ཀ་བཅུ། འཕགས་པ་སྤོབས་པའི་བློ་རོས་ཀྱིས་ཞུས་པ་།བམ་པོ་གཅིག་དང ་ཤལོ་ཀ་བཅུ། འཕགས་པ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཡོངས་སུ་དག་པ། ཤལོ་ཀ་སུམ་བརྒྱ་སྟེ། བམ་པོ་གཅིག། འཕགས་པ་ཚངས་པས་བྱིན་གྱིས་ཞུས་པ། བམ་པོ་གཅིག་།འཕགས་པ་ངེས་པ་དང་མ་ངེས་པར་འགྲོ་བའི ་ཕྱག་རྒྱལ་འཇུག་པ་བམ་པོ་གཅིག། འཕགས་པ་འདུལ་བ་རྣམ་པར་གདོན་མི་ཟ་བ། བམ་པོ་གཅིག། འཕགས་པ་མར་མེ་འབུལ་བ། བམ་པོ་གཅིག། འཕགས་པ་སེང་གེའི་སྒྲ་བསྒྲགས་པ། བམ་པོ་གཅིག། འཕགས་པ་ཆོས ་ཀྱི་ཚུལ་།བམ་པོ་གཅིག་།འཕགས་པ་ཡེ་ཤེས་རྒྱས་པ། བམ་པོ་གཅིག། འཕགས་པ་ཐབས་ལ་མཁས་པ། བམ་པོ་གཅིག། འཕགས་པ་སྤྲིན་ཆེན་པོའི་རླུང་གི་དཀྱིལ་འཁོར་གྱི་ལེའུ། བམ་པོ་གཅིག་བམ་པོར་མ་ལོངས ་པ། འཕགས་པ་དོན་དམ་པའི་ཆོས་ཀྱི་རྣམ་པར་རྒྱལ་བ་།ཤལོ་ཀ་ཉིས་བརྒྱ་བརྒྱད་ཅུ། འཕགས་པ་བསམ་གྱིས་མི་ཁྱབ་བསྟན་པ། ཤལོ་ཀ་ཉིས་བརྒྱ་བདུན་ཅུ་རྩ་དྲུག་།འཕགས་པ་བཞི་པ་བསྒྲུབ་པ། ཤལོ་ཀ་ཉིས་བརྒྱ་དྲུག་ཅུ་།འཕགས ་པ་སྒོ་མཛའ་ཡས་པ་སྒྲུབ་པའི་གཟུངས། ཤལོ་ཀ་གཉིས་བརྒྱ་དྲུག་ཅུ། འཕགས་པ་ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པ། ཤལོ་ཀ་ཉིས་བརྒྱ་སུམ་ཅུ། འཕགས་པ་སཱ་ལུ་ལྗང་པ་ཤལོ་ཀ་ཉིས་བརྒྱ་ཉི་ཤུ་རྩ་དྲུག། འཕགས་པ ་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་བསྟན་པ། ཤལོ་ཀ་ཉིས་བརྒྱ་ཉི་ཤུ། འཕགས་པ་མར་མེ་མཛད་ཀྱིས་ལུང་བསྟན་པ། ཤལོ་ཀ་གཉིས་བརྒྱ་བཅུ། འཕགས་པ་རིན་པོ་ཆེའི་མཛའ་། ཤལོ་ཀ་ཉིས་བརྒྱ་བཅུ་།འཕགས་པ ་ཁྱེའུ་རིན་ཆེན་ཟླ་བ་ཞུས་པ། ཤལོ་ཀ་ཉིས་བརྒྱ་རྩ་བདུན། འཕགས་པ་སངས་རྒྱས་ཀྱིས། ཤལོ་ཀ་ཉིས་བརྒྱ། འཕགས་པ་བློ་གྲོས་མི་ཟད་བས་ཞུས་པ། ཤལོ་ཀ་ཉིས་བརྒྱ། འཕགས་པ་ཀླུའི་རྒྱལ ་པོ་རྒྱ་མཚོས་ཞུས་པ་ཆུང་ངུ། ཤལོ་ཀ་གཉིས་བརྒྱ། འཕགས་པ་སངས་རྒྱས་ཀྱི་དབུ་རྒྱན། ཤལོ་ཀ་ཉིས་བརྒྱ། འཕགས་པ་ཚངས་པས་ཞུས་པ། ཤལོ་ཀ་གཉིས་བརྒྱ། འཕགས་པ་གཡ?་གོ་རི། ཤལོ་ཀ་བརྒྱ་བརྒྱད་ཅུ་རྩ་བརྒྱད། འཕགས ་པ་རྒྱལ་པོ་ལ་གདམས་པ། ཤལོ་ཀ་བརྒྱ་དྲུག་ཅུ། འཕགས་པ་དེ་བཞིན་གཤེགས་པའི་བསྔོ་པ་ལ་མཁས་པ། ཤལོ་ཀ་བརྒྱ་དྲུག་ཅུ། འཕགས་པ་ཕྱོགས་ང་ནུའི?་མུན་པ་རྣམ་པར་སེལ་བ། ཤལོ་ཀ་བརྒྱ་ལྔ་ཅུ། འཕགས་པ་ཆོས་ཀྱི ་ཕུང་པོ། ཤལོ་ཀ་བརྒྱ་ལྔ་ཅུ། འཕགས་པ་འཇམ་དཔལ་གནས་པ། ཤལོ་ཀ་བརྒྱ་བཞི་ཅུ། འཕགས་པ་བདེ་བ་ཅན་གྱི་བཀོད་པ། ཤལོ་ཀ་བརྒྱ་སུམ་ཅུ། འཕགས་པ་རྣམ་པར་མི་རྟོག་པར་འཇུག་པའི་གཟུངས། །ཤལོ་ཀ་བརྒྱ་ཉི ་ཤུ་རྩ་གཅིག། འཕགས་པ་སངས་རྒྱས་མི་སྤང་བ། ཤལོ་ཀ་བརྒྱ་ཉི་ཤུ། འཕགས་པ་དཔལ་དབྱིག་གི་ཞུས་པ། ཤལོ་ཀ་བརྒྱ་རྩ་བཅོ་ལྔ། འཕགས་པ་བགྲེས་མོས་ཞུས་པ། ཤལོ་ཀ་བརྒྱ་རྩ་བཅོ་ལྔ། འཕགས་པ་འཇིག་རྟེན་གྱི ་རྗེས་སུ་མཐུན་པར་འཇུག་པ། ཤལོ་ཀ་བརྒྱ་རྩ་བཅུ་གཅིག། འཕགས་པ་སངས་རྒྱས་བདུན་པ། ཤལོ་ཀ་བརྒྱ་རྩ་ལྔ། ཤལོ་ཀ་བརྒྱ་མན་ཆད་ལ། འཕགས་པ་ཡི་གེ་མེད་པའི་ཟ་མ་གཏོག་རྣམ་པར་སྣང་མཛད་ཀྱི་སྙིང་པོ། ཤལོ་ཀ་བརྒྱ། ་འཕགས་པ་གྲོང་ཁྱེར་གྱི་འཚོ་བའི་མདོ། ཤལོ་ཀ་བརྒྱ། ཕགས་པ་ལྷ་མོ་ཆེན་མོ་དཔལ་ལུང་བསྟན་པ། ཤལོ་ཀ་བརྒྱ། འཕགས་པ་དོན་རྒྱས་པའི་ཆོས་ཀྱི་རྣམ་གྲངས་ཤལོ་ཀ་བརྒྱ། འཕགས་པ་དོན་དམ་པ་སྟོང་བ་ཉིད་ཀྱི་ཆོས ་ཀྱི་རྣམ་གྲངས། ཤལོ་ཀ་བརྒྱ། འཕགས་པ་དོན་དང་ཆོས་རྣམ་པར་འབྱེད་པ། ཤལོ་ཀ་དགུ་བཅུ་རྩ་གཉིས། འཕགས་པ་བྱང་ཆུབ་ཀྱི་ཕྱོགས་བསྟན་པ། ཤལོ་ཀ་དགུ་བཅུ་རྩ་གཉིས། འཕགས་པ་སངས་རྒྱས་བརྒྱངས། ཤལོ་ཀ་དགུ་བཅུ་རྩ་གཅིག ་འཕགས་པ་འཇམ་དཔལ་གྱིས་ཞུས་པ། ཤལོ་ཀ་དགུ་བཅུ། འཕགས་པ་བྲམ་ཟེ་མོ་དཔལ་ལྡན་གྱིས་ཞུས་པ། ཤལོ་ཀ་དགུ་བཅུ། འཕགས་པ་ཆོས་ཀྱི་ཕྱག་རྒྱ། ཤལོ་ཀ་བརྒྱད་ཅུ། འཕགས་པ་ཆོས་ཀྱི་རྒྱ་མཚོ། ཤལོ་ཀ་བརྒྱད་ཅུ། འཕགས ་པ་བདུད་རྩི་བརྗོད་པ། ཤལོ་ཀ་བརྒྱད་ཅུ། འཕགས་པ་གསེར་གྱི་བྱེ་མ་ལྟ་བུ། ཤལོ་ཀ་བརྒྱད་ཅུ། འཕགས་པ་སྡེ་བྱེད་ཀྱིས་ཞུས་པ། ཤལོ་ཀ་བརྒྱད་ཅུ། འཕགས་པ་སངས་རྒྱས་བཅུ་གཉིས་པ། ཤལོ་ཀ་བདུན་ཅུ་རྩ་བདུན། འཕགས ་པ་བསམ་གྱིས་མི་ཁྱབ་པའི་རྒྱལ་པོ། ཤལོ་ཀ་བདུན་ཅུ་རྩ་ལྔ། འཕགས་པ་རྨད་དུ་བྱུང་བའི་ཆོས་ཀྱི་རྣམ་གྲངས། ཤལོ་ཀ་བདུན་ཅུ་རྩ་བཞི། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པ། ཤལོ་ཀ་བདུན་ཅུ་རྩ་གསུམ། འཕགས་པ ་བྱམས་པས་ཞུས་པ། ཤལོ་ཀ་བདུན་ཅུ། འཕགས་པ་དཀྱིལ་འཁོར་བརྒྱད་པ། ཤལོ་ཀ་བདུན་ཅུ། འཕགས་པ་སྲིད་པ་འཕོ་བ། ཤལོ་ཀ་བདུན་ཅུ། འཕགས་པ་བདེ་ལྡན་མ་ལུང་བསྟན་པ། ཤལོ་ཀ་བདུན་ཅུ། འཕགས ་པ་སྒྲ་ཆེན་པོ། ཤལོ་ཀ་དྲུག་ཅུ་རྩ་བཞི། འཕགས་པ་བཀྲ་ཤིས་བརྒྱད་པ། ཤལོ་ཀ་ལྔ་ཅུ་རྩ་གཅིག། འཕགས་པ་མཚན་མོ་བཟང་པོ། ཤལོ་ཀ་ལྔ་བཅུ་རྩ་གཅིག། འཕགས་པ་ཚངས་པའི་དཔལ་ལུང་བསྟན་པ། ཤལོ ་ཀ་བཞི་བཅུ། འཕགས་པ་ཀུན་ཏུ་རྒྱུ་སེན་རིངས་ཀྱིས་ཞུས་པ། ཤལོ་ཀ་སུམ་ཅུ་རྩ་བདུན། འཕགས་པ་སྦྱིན་པའི་ཕན་ཡོན་བསྟན་པ། ཤལོ་ཀ་སུམ་ཅུ། འཕགས་པ་བྱམས་པས་ཞུས་པ་ཆུང་ངུ། འཕགས་པ ་འཇམ་དཔལ་གྱིས་བསྟན་པ། ཤལོ་ཀ་ཕྱེ་དང་བཅོ་ལྔ། འཕགས་པ་རྟེན་ཅིང་འབྲེལ་བར་འབྱུང་བར་སྟན་པ། ཤལོ་ཀ་བཅུ་གསུམ། འཕགས་པ་ཆོས་བཞི་བསྟན་པ། ཤལོ་ཀ་བཅུ་གསུམ། འཕགས་པ་རྒྱལ ་བའི?་བློ་གྲོས་ཀྱིས་ཞུས་པ། ཤལོ་ཀ་བཅུ་གཅིག། འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཆོས་ཞུས་པ་ཆུང་ངུ། ཤལོ་ཀ་བཅུ། འཕགས་པ་ཆོས་བཞི་པ། ཤལོ་ཀ་བཅུ། འཕགས་པ་འདུ་ཤེས་བཅུ་གཅིག་བསྟན་པ། ཤལོ་ཀ་བཅུ།། ། ་མདོ་ཆེན་པོར་གཏོགས་པ་ལ། མདོ་ཆེན་པོ་ཀུན་ཏུ་རྒྱུ་དང། ཀུན་ཏུ་རྒྱུ་མ་ཡིན་པ་དང་མཐུན་པ། ཤལོ་ཀ་སུམ་བརྒྱ་ལྔ་བཅུ་སྟེ། བམ་པོ་གཅིག་དང། ཤལོ་ཀ་ལྔ་བཅུ། མདོ་ཆེན་པོ་སྒྱུ་མའི་དྲ?་བ། ཤལོ་ཀ་སུམ་བརྒྱ་བཞི་བཅུ་སྟེ། བམ་པོ་གཅིག ་དང། ཤལོ་ཀ་བཞི་བཅུ། མདོ་ཆེན་པོ་འདུས་པ་ཆེན་པོ། ཤལོ་ཀ་སུམ་བརྒྱ་སྟེ། བམ་པོ་གཅིག། མདོ་ཆེན་པོ་ལྔ་སུམ་པ། ཤལོ་ཀ་ཉིས་བརྒྱ་ཉི་ཤུ། མདོ་ཆེན་པོ་སྟོང་པ་ཉིད་ཆེན་པོ། ཤལོ་ཀ་བརྒྱ་བཞི་བཅུ་རྩ་ལྔ། མདོ་ཆེན་པོ་གཟུགས ་ཅན་སྙིང་པོས་བསུ་བ། ཤལོ་ཀ་བརྒྱ་བཞི་བཅུ། མདོ་ཆེན་པོ་སྟོང་པ་ཉིད། ཤལོ་ཀ་དགུ་བཅུ། མདོ་ཆེན་པོ་རྒྱལ་མཚན་མཆོག་།ཤལོ་ཀ་བརྒྱད་ཅུ། མདོ་ཆེན་པོ་རྒྱལ་མཚན་དམ་པ། ཤལོ་ཀ་བཞི་བཅུ།། །། ་ཐེག་པ་ཆེན་པོའི་མདོ་སྡེ་རྒྱ་ལས་བསྒྱུར་བ་ལ། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ། ཤལོ་ཀ་ཁྲི་ཉིས་སྟོང་དྲུག་རྒྱ་སྟེ། བམ་པོ་བཞི་བཅུ་རྩ་གཉིས། འཕགས་པ་མཛད་བླུན་གྱི་མདོ། ཤལོ་ཀ་སུམ་སྟོང་དགུ་བརྒྱ་སྟེ། བམ? ་པོ་ཅུ་གསུམ། འཕགས་པ་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་པ་མདོ་སྡེ་རྒྱལ་པོ། ཤལོ་ཀ་སུམ་སྟོང་སྟེ། བམ་པོ་བཅུ། འཕགས་པ་ལངཀར?་གཤེགས་པ་རིན་པོ་ཆེའི་ལེའུ། ཤལོ་ཀ་ཉིས་སྟོང་བཞི་བརྒྱ་སྟེ། བམ་པོ ་བརྒྱད། །འཕགས་པ་ཐབས་པ་མཁས་པ་ཆེན་པོ་སངས་རྒྱས་ཀྱི་དྲིན་ལ་ལན་གྱིས་བླང་པོའི་ཆོས་ཀྱི་ཡི་གེ། ཤལོ་ཀ་ཉིས་སྟོང་ཆིག་བརྒྱ་སྟེ། བམ་པོ་བདུན། འཕགས་པ་རྡོ་རྗེའི་ཏིང་ངེ་འཛིན་གྱི་ཆོས་ཀྱི་ཡི་གེ། ཤལོ་ཀ་སྟོང་བརྒྱད་བརྒྱ་སྟེ། བམ་པོ་དྲུག ་འཕགས་པ་སངས་རྒྱས་མཛོད། ཤལོ་ཀ་སྟོང་ལྔ་བརྒྱ་སྟེ། བམ་པོ་ལྔ། འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོ། བམ་པོ་ལྔ། འཕགས་པ་མ་སྐྱེས་དགའ་ཨི་འགྱོད་པ་བསལ་བ། བམ་པོ་ལྔ། འཕགས་པ་ཐར་པ་ཆེན་པོ་ཕྱོགས ་སུ་རྒྱས་པ། ཤལོ་ཀ་བདུན་བརྒྱ་རྩ་གཉིས་ཏེ། བམ་པོ་གཉིས་དང། ཤལོ་ཀ་བརྒྱ་རྩ་བཅུ་གཉིས། འཕགས་པ་བྱང་ཆུབ་སེམས་དཔའ་ཨི་སོ་སོར་ཐར་པ་ཆོས་བཞི་བསྒྲུབ་པ། ཤལོ་ཀ་བདུན་བརྒྱ་སྟེ། བམ་པོ་གཉིས་དང། ཤལོ་ཀ་བརྒྱ། འཕགས་པ། ་གཙུག་གཏོར་ཆེན་པོ་ལས་བདུད་ཀྱི་ལེའུ་བསྟན་བ། ཤལོ་ཀ་དྲུག་བརྒྱ་སྟེ། བམ་པོ་གཉིས། ཚངས་པའི་དྲ་བ། ཆོས་ཀྱི་རྒྱ་མོ། བམ་པོ་གཉིས། ཡོངས་སུ་བསྔོ་བའི་འཁོར་ལོ། བམ་པོ་གཉིས། ཕ་མའི་དྲིན་ལན་བསྟན་པ། ཤལོ་ཀ་སུམ་བརྒྱ་སྟེ?་བམ? ་པོ་གཅིག། རྒྱལ་བུ་དོན་གྲུབ་ཀྱི་མདོ། བམ་པོ་གཅིག། སེམས་ཅན་གྱི་སྐྱེ་ཤིག་རྩི་བ་བསྟན?་པ། འཕགས་པ་བྱམ?་པས་ལུང་བསྟན་པ། ཤལོ་ཀ་བརྒྱ་རྩ་བཅུ། དགེ་བཅུ?་དང་དུ་བླང་བའི་མདོ། །ཤལོ་ཀ་བརྒྱ་ཆོས་ཉིད་རང་གི་ངོ་བོ་ཉིད་ལས་མི་གཡོ་བར་སྣང ་བ་བསྟན་པ། ཤལོ་ཀ་དགུ་བཅུ། ཡང་དག་པའི་ལེགས་པའི་ཡོན་ཏན་བཤད་པ། ཤལོ་ཀ་བརྒྱད་ཅུ་རྒྱལ་བུ་ཀུན་ཏུ་དགེ་བའི་མདོ། །ཤལོ་ཀ་བཞི་བཅུ། འཕགས་པ་འདའ་ཀ་ཡེ་ཤེས་ཀྱི་མདོ། ཤལོ་ཀ་བཅུ།། ་ཐེག་པ་ཆུང་ངུའི་མདོ་སྡེ་ལ། འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ། ཤལོ་ཀ་ཁྲི་ཉིས་སྟོང་དགུ་བརྒྱ་སྟེ། བམ་པོ་བཞི་བཅུ་རྩ་གསུམ་ཡན་ཆད་འགྱུར། འཕགས་པ་ལས་བརྒྱ་ཐམས་པ། ཤལོ་ཀ་ཁྲི་ཆིག་སྟོང་ཆིག་བརྒྱ་སྟེ། བམ ་པོ་སུམ་ཅུ་རྩ་བདུན། འཕགས་པ་གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ། ཤལོ་ཀ་དྲུག་སྟོང་དྲུག་བརྒྱ་སྟེ། བམ་པོ་ཉི་ཤུ་རྩ་གཉིས། གཅིག་ལས་འཕྲོས་པའི་ལུང། ཤལོ་ཀ་ལྔ་སྟོང་བཞི་བརྒྱ་སྟེ། བམ་པོ་བཅོ་བརྒྱད། འཇིག ་རྟེན་བཞག་པ་།ཤལོ་ཀ་ཉིས་སྟོང་ཆིག་བརྒྱ་སྟེ། བམ་པོ་བདུན། རྒྱུ་གདགས་པ། བམ་པོ་བདུན། ལས་གདགས་པ། ཤལོ་ཀ་སྟོང་ལྔ་བརྒྱ་སྟེ། བམ་པོ་ལྔ། བཟང་སྦྱིན་གྱིས་མདོ། ཤལོ་ཀ་དྲུག་བརྒྱ་སྟེ། བམ་པོ་གཉིས། རྡོ་འཕངས ་པའི་མདོ། བམ་པོ་གཉིས། ལས་རྣམ་པར་འབྱེད་པ་ཆུང་ངུ། བམ་པོ་གཅིག་།རི་གང་རི་ལུང་བསྟན་པ། བམ་པོ་གཅིག་།ལས་ཀྱི་རྣམ་པར་འགྱུར་བ་བསྟན་པའི་གཞུང། ཤལོ་ཀ་ཉིས་བརྒྱ་བདུན་ཅུ། བསོད་ནམས་སྟོབས་ཀྱི་རྟོགས་པ་བརྗོད ་པ། ཤལོ་ཀ་ཉིས་བརྒྱ་རྩ་བཅུ། ཚེའི་མཛའ་མེད། །ཤལོ་ཀ་ཉིས་བརྒྱ་རྩ་ལྔ། སྐྱེས་བུ་དམ་པའི་མདོ། །ཤལོ་ཀ་ཉིས་བརྒྱ། ཁམས་མང་པོའི་མདོ། །ཤལོ་ཀ་ཉིས་བརྒྱ། དགའ་བ་ཅན་གྱི་མདོ། །ཤལོ་ཀ་ཉིས་བརྒྱ། གང་ཟག་གི་མདོ། །ཤལོ་ཀ་བརྒྱ། འཕག་མོའི་རྟོགས ་པ་བརྗོད་པ། ཤལོ་ཀ་བརྒྱ། ཀླུའི་རྒྱལ་པོ་རྔ་སྒྲའི་ཚིགས་སུ་བཅད་པ། ཤལོ་ཀ་བརྒྱ། གསལ་རྒྱལ་གྱིས་ཚིགས་སུ་བཅད་པ། ཤལོ་ཀ་བརྒྱ། མཆོད་རྟེན་བསྐོར་བའི་ཚིགས་སུ་བཅད་པ། ཤལོ་ཀ་བདུན་ཅུ། ཁང་བུ་བརྩེགས་པའི་མདོ། །ཤལོ་ཀ་དྲུག་ཅུ། དགའ་ ་པོ་རབ་ཏུ་བྱུང་བའི་མདོ། །ཤལོ་ཀ་ལྔ་བཅུ། ཁྱིམ་བདག་འདུ་ཤེས་ཀྱི་མདོ། །ཤལོ་ཀ་ལྔ་བཅུ། ལྷའི་མདོ། ཤལོ་ཀ་སུམ་ཅུ་རྩ་བདུན། རྟེན་ཅིང་འབྲེལ་པར་འབྱུང་བའི་མདོ། །ཤལོ་ཀ་སུམ་ཅུ། གསུམ་ལ་སྐྱབས་སུ་འགྲོ་བའི་མདོ། །ཤལོ་ཀ་སུམ་ཅུ། ་གནས་འཛེག་གི་མདོ། །ཤལོ་ཀ་ཉི་ཤུ་གཞོན་ནུ་དཔའ་ཨི་མདོ། །ཤལོ་ཀ་ཉི་ཤུ། དེ་བཞིན་གཤེགས་པའི་གཟུགས་བརྙན་བཞག་པའི་ཕན་ཡོན། །ཤལོ་ཀ་ཉི་ཤུ། གསེར་མདོག་གི་སྔོན་གྱི་སྦྱོར་བ་བསྟན་པ། ཤལོ་ཀ་བཅུ་བདུན། ལྷའི་མདོ་ཉུང་ངུ། ཤལོ་ཀ ་བཅུ་བདུན། སངས་རྒྱས་ཀྱི་རྟོགས་པ་བརྗོད་པ་ཤེས་ལྡན་གྱི་མདོ། ཤལོ་ཀ་བཅོ་ལྔ། མི་རྟག་པ་ཉིད་ཀྱི་མདོ། ཤལོ་ཀ་བཅོ་ལྔ། ཆོས་བཞི་བསྟན་པ། ཤལོ་ཀ་བཅུ་གསུམ། གཎྜིའི་མདོ། ཤལོ་ཀ་བཅུ། ཟླ་བའི་མདོ། ཤལོ་ཀ ་བཅུ།། །།བསྟན་བཅོས་ལ་ཆེད་དུ་བརྗོད་པའི་ཚོམས། ཤལོ་ཀ་སྟོང་ཉིས་བརྒྱ་སྟེ། བམ་པོ་བཞི། གནས་བརྟན་སྤྱན་དྲངས་པ། ཤལོ་ཀ་གཉིས་བརྒྱ། དགྲ་བཅོམ་པ་དགེ་འདུན ་འཕེལ་གྱིས་ལུང་བསྟན་པ། ཤལོ་ཀ་བརྒྱ། དམ་པའི་ཆོས་དྲན་པ་ཉེ་བར་བཞག་པའི་ལེའུར་བྱས་པ། ཤལོ་ཀ་བརྒྱ། སྦྱིན་པའི་རབས། ཤལོ་ཀ་བརྒྱ། དཀྱིལ་འཁོར་དབུལ་བའི་ཕན་ཡོན་བསྟན་པ། ཤལོ་ཀ་བཅོ་ལྔ། དེའི་ཚིག་ལེའུར ་བྱས་པ། ཤལོ་ཀ་བཅུ།། །།གསང་སྔགས་ཀྱི་རྒྱུད་ལ། འཕགས་པ་དོན་ཡོད་ཞགས་པའི་རྟོགས་པ་ཆེན་པོ། ཤལོ་ཀ་བདུན་སྟོང་བརྒྱད་བརྒྱ་སྟེ། བམ་པོ་ཉི་ཤུ་རྩ་དྲུག་ཡན་ཆད་འགྱུར། འཕགས་པ ་རིག་པ་མཆོག་།ཤལོ་ཀ་བཞི་སྟོང་ལྔ་བརྒྱ་སྟེ། བམ་པོ་བཅོ་ལྔ། འཕགས་པ་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད། ཤལོ་ཀ་སུམ་སྟོང་དྲུག་བརྒྱ་སྟེ། བམ་པོ་བཅུ་གཉིས། རྒྱུད་ཀུན་ལས་བཏུས་པ། བམ་པོ་བཅུ ་གཉིས། འཕགས་པ་ལེགས་པར་གྲུབ་པ། ཤལོ་ཀ་ཉིས་སྟོང་ཆིག་བརྒྱ་སྟེ། བམ་པོ་བདུན། འཕགས་པ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ། ཤལོ་ཀ་སྟོང་དགུ་བརྒྱ་ལྔ་བཅུ་སྟེ། བམ་པོ་དྲུག་དང། ཤལོ་ཀ་བརྒྱ་ལྔ་བཅུ། ་དེའི་སྡུས་འབྲེལ་སློབ་དཔོན་བུདྡྷ་གུ་བསྟས་མཛད་པ། ཤལོ་ཀ་ཉིས་སྟོང་སུམ་བརྒྱ་སྟེ། བམ་པོ་བདུན་དང། ཤལོ་ཀ་ཉིས་བརྒྱ། འཕགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པ། ཤལོ་ཀ ་བདུན་བརྒྱ་སྟེ། བམ་པོ་གཉིས་དང། ཤལོ་ཀ་བརྒྱ། དེའི་འགྲེལ་པ་སློབ་དཔོན་བུདྡྷ་གུཔཏས་མཛད་པ། ཤལོ་ཀ་སུམ་སྟོང་སྟེ། བམ་པོ་བཅུ། འཕགས་པ་དཔུང་བཟངས་ཀྱིས་ཞུས་པ། ཤལོ ་ཀ་སུམ་བརྒྱ་ལྔ་བཅུ་སྟེ། བམ་པོ་གཅིག་དང། ཤལོ་ཀ་ལྔ་བཅུ། དེའི་འགྲེལ་པ། ཤལོ་ཀ་སྟོང་ལྔ་བརྒྱ་སྟེ། བམ་པོ་ལྔ། འཕགས་པ་བསམ་གཏན་ཕྱི་མའི་རིམ་པར་ཕྱེ་བ། ཤལོ་ཀ་བརྒྱ་རྩ་བཅུ། དེའི་འགྲེལ་པ་སློབ ་དཔོན་བུདྡྷ་གུཔཏས་མཛད་པ། ཤལོ་ཀ་དགུ་བརྒྱ་སྟེ། བམ་པོ་གསུམ། གཟུངས་ཆེན་པོ་ལྔ་ལ། འཕགས་པ་རྨ་བྱ་ཆེན་མོ། །ཤལོ་ཀ་བདུན་བརྒྱ་སྟེ། བམ་པོ་གཉིས་དང། ཤལོ་ཀ་བརྒྱ། འཕགས་པ་སྟོང་ཆེན་མོ ་རབ་ཏུ་འཇོམས་པ། ཤལོ་ཀ་དྲུག་བརྒྱ་སྟེ། བམ་པོ་གཉིས། འཕགས་པ་རིག་པའི་རྒྱལ་མོ་སོ་སོར་འབྲང་ཆེན་མོ། །ཤལོ་ཀ་བཞི་བརྒྱ་བཅུ་སྟེ། བམ་པོ་གཅིག་དང། ཤོ་ཀ་བརྒྱ་བཞི་བཅུ། འཕགས་པ་གསིལ ་བའི་ཚལ་ཆེན?་མོ། ཤལོ་ཀ་ཉིས་བརྒྱ་བརྒྱད་ཅུ། འཕགས་པ་གསང་སྔགས་རྗེས་སུ་འཛིན་པ། ཤལོ་ཀ་བརྒྱ་བཞི་བཅུ། གཟུངས་ཆེ་ཕྲ་སྣ་ཚོགས་ལ། འཕགས་པ་རྡོ་རྗེ་ར་རབ་ཆེན་པོའི་ཁང་པ་བརྩེགས་པ། ཤལོ ་ཀ་བདུན་བརྒྱ་སྟེ། བམ་པོ་གཉིས་དང། ཤལོ་ཀ་བརྒྱ། འཕགས་པ་ནོར་བུ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་གནས་པ་དམ་པའི་ཆོ་ཀ་ཞིབ་མོ་རྒྱལ་པོའི་གཟུངས། ཤལོ་ཀ་དྲུག་བརྒྱ་སྟེ། བམ་པོ་གཉིས་འཕགས ་པ་རྡོ་རྗེ་ཆུའི་གཟུངས། བམ་པོ་གཉིས། འཕགས་པ་རྡོ་རྗེ་སྙིང་པོའི་གཟུངས། ཤལོ་ཀ་སུམ་བརྒྱ་ཉི་ཤུ་སྟེ། བམ་པོ་གཅིག་དང། ཤལོ་ཀ་ཉི་ཤུ། འཕགས་པ་སྙིང་རྗེ་ཆེན་པོའི་རང་བཞིན་གྱི་གཟུངས། བམ་པོ ་གཅིག་འཕགས་པ་སྤྲིན་ཆེན་པོའི་རླུང་གི་དཀྱིལ་འཁོར་གྱི་ལེའུ། བམ་པོ་གཅིག་།འཕགས་པ་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ། ཤལོ་ཀ་ཉིས་བརྒྱ་ལྔ་བཅུ་རྩ་ལྔ། འཕགས་པ་བྱང་ཆུབ ་སྙིང་པོ་རྒྱན་འབུམ་གྱི་གཟུངས། ཤལོ་ཀ་ཉིས་བརྒྱ་ལྔ་བཅུ། འཕགས་པ་སྟོབས་པོ་ཆེའི་གཟུངས། ཤལོ་ཀ་ཉིས་བརྒྱ་ལྔ་བཅུ། འཕགས་པ་སྤྱན་རས་གཟིགས་ཡིད་བཞིན་འཁོར་ལོ་སྒྱུར་པའི་གཟུངས། ཤལོ་ཀ་ཉིས་བརྒྱ ་བཞི་བཅུ། འཕགས་པ་མེ་ཁ་ལའི་གཟུངས། ཤལོ་ཀ་བརྒྱ་ཉི་ཤུ་རྩ་ལྔ། འཕགས་པ་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན། ཤལོ་ཀ་བརྒྱ་བཞི་བཅུ་རྩ་ལྔ། འཕགས་པ་རིག་སྔགས་ཀྱི་རྒྱལ་མོ་སྒྲོན་མ་མཆོག་།ཤལོ་ཀ ་བརྒྱ་བཞི་བཅུ། འཕགས་པ་དོན་ཡོད་ཞགས་པའི་སྙིང་པོ། ཤལོ་ཀ་བརྒྱ་སུམ་ཅུ། འཕགས་པ་ངན་འགྲོ་ཐམས་ཅད་རྣམ་པར་སྦྱོང་བ་གཙུག་ཏོར་རྣམ་པར་རྒྱལ་བ། ཤལོ་ཀ་བརྒྱ་ཉི་ཤུ། འཕགས་པ་དེ་བཞིན་གཤེགས་པའི ་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་པ། ཤལོ་ཀ་བརྒྱ་ཉི་ཤུ། །འཕགས་པ་ཚེ་དཔག་ཏུ་མེད་པའི་གཟུངས། ཤལོ་ཀ་བརྒྱ་རྩ་བཅུ། འཕགས་པ་སྒོ་བཟང་པོ། ཤལོ་ཀ་བརྒྱ་རྩ་བཅུ། འཕགས་པ ་སྤྱན་རས་གཟིགས་དབང་ཕྱུག་ཡིད་བཞིན་གྱི་ནོར་བུ་འཁོར་ལོ་སྒྱུར་བའི་གཟུངས། ཤལོ་ཀ་བརྒྱ་རྩ་ལྔ། འཕགས་པ་ཡངས་པའི་གྲོང་ཁྱེར་དུ་འཇུག་པ། ཤལོ་ཀ་བརྒྱ། འཕགས་པ་རོ་ལངས་བདུན་པའི་གཟུངས། ་ཤལོ་ཀ་བརྒྱད་ཅུ་རྩ་དགུ་།འཕགས་པ་དྲི་མ་མེད་པའི་གཟུགས། །ཤལོ་ཀ་བརྒྱད་ཅུ་རྩ་བདུན། འཕགས་པ་ནོར་གྱི་རྒྱུན་གྱི་གཟུངས། ཤལོ་ཀ་བརྒྱད་ཅུ་རྩ་དྲུག་།འཕགས་པ་རྒྱལ་བ་ཅན། ཤལོ་ཀ་བརྒྱད་ཅུ་རྩ་གཅིག་། ་འཕགས་པ་ཁྱད་པར་ཅན། ཤལོ་ཀ་བདུན་ཅུ་རྩ་ལྔ། འཕགས་པ་རྡོ་རྗེ་མི་ཕམ་མ་མེ་ལྟར་རབ་ཏུ་རྨོངས་བྱེད། ཤལོ་ཀ་བདུན་ཅུ། འཕགས་པ་གཟའ་རྣམས་ཀྱི་ཡུམ། ཤལོ་ཀ་བརྒྱད་ཅུ་རྩ་གཅིག། ་འཕགས་པ་ཁྱད་པར་ཅན། ཤལོ་ཀ་བདུན་ཅུ་རྩ་ལྔ། འཕགས་པ་རྡོ་རྗེ་མི་ཕམ་པ་མེ་ལྟར་རབ་ཏུ་རྨོངས་བྱེད། ཤལོ་ཀ་བདུན་ཅུ། འཕགས་པ་གཟའ་རྣམས་ཀྱི་ཡུམ། ཤལོ་ཀ་དྲུག་ཅུ། འཕགས་པ་གཟུངས་ཆེན་པོ། །ཤལོ་ཀ་ལྔ་བཅུ ་རྩ་བདུན། འཕགས་པ་མེ་ཏོག་བརྩེགས་པ། ཤལོ་ཀ་ལྔ་བཅུ་རྩ་ལྔ། འཕགས་པ་སངས་རྒྱས་ཀྱི་སྙིང་པོ། ཤལོ་ཀ་ལྔ་བཅུ་རྩ་ལྔ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་པའི་གཟུངས། ཤལོ་ཀ་ལྔ་བཅུ་རྩ ་བཞི། འཕགས་པ་ཀུན་ཏུ་བཟང་པོ། ཤལོ་ཀ་ལྔ་བཅུ་རྩ་ཕྱེད་དང་གསུམ། འཕགས་པ་སྙིང་རྗེ་མཆོག། ཤལོ་ཀ་ལྔ་བཅུ། འཕགས་པ་གསེར་ཅན། ཤལོ་ཀ་ལྔ་བཅུ། འཕགས་པ་རྒྱ་ཆེན་ཤུགས་ལྡན་འོད་ཀྱི་རིག་།སྔགས་ཤལོ ་ཀ་ལྔ་བཅུ། འཕགས་པ་གཙུག་གི་ནོར་བུ། ཤལོ་ཀ་བཞི་བཅུ་རྩ་བརྒྱད། འཕགས་པ་འགྲོ་ལྡིང་བའི་རིག་སྔགས། ཤལོ་ཀ་བཞི་བཅུ་རྩ་ལྔ། འཕགས་པ་བེ་ཅོན་ཆེན་པོ། ཤལོ་ཀ་བཞི་བཅུ་རྩ་བཞི། འཕགས་པ་ལུས་ཀྱི་དབྱིབས ་མཛེས་པ། ཤལོ་ཀ་བཞི་བཅུ་རྩ་གསུམ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་གཟུངས། ཤལོ་ཀ་བཞི་བཅུ། འཕགས་པ་རྒྱལ་མཚན་རྩེ་མོའི་དཔུང་རྒྱན། ཤལོ་ཀ་བཞི་བཅུ། འཕགས་པ་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱི་སྙིང་པོ་གསང་བ་རིང་སྲེལ་གྱི་ཟ་མ་ཏོག་།ཤལོ་ཀ་བཞི་བཅུ། འཕགས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོ་ག་ཞིབ་མོ། །ཤལོ་ཀ་བཞི་བཅུ། འཕགས་པ་རིག་སྔགས་ཀྱི་རྒྱལ ་མོ་ཀུན་ནས་འོད། ཤལོ་ཀ་བཞི་བཅུ། འཕགས་པ་བདུད་རྩི་ཐབས་སྦྱོར་གྱི་སྙིང་པོ་བཞི་པ། ཤལོ་ཀ་བཞི་བཅུ། འཕགས་པ་ཚེ་དཔག་ཏུ་མེད་པ། ཤལོ་ཀ་སུམ་ཅུ་རྩ་དགུ། འཕགས་པ་ཙན་དན་གྱི་ཡན་ལག། ཤལོ་ཀ་སུམ་ཅུ་རྩ་དགུ ་འཕགས་པ་སངས་རྒྱས་ཀྱི་སྙིང་པོ། ཤལོ་ཀ་སུམ་ཅུ་རྩ་བརྒྱད། འཕགས་པ་སའི་དབང་པོ། ཤལོ་ཀ་སུམ་ཅུ་རྩ་ཕྱེད་དང་བརྒྱད། འཕགས་པ་ཕྱིར་བཟློག་པ་རྣམ་པར་རྒྱལ་བ་ཅན། ཤལོ་ཀ་སུམ་ཅུ་རྩ་བདུན། འཕགས་པ་དབྱིགས ་དང་ལྡན་པ། ཤལོ་ཀ་སུམ་བཅུ་རྩ་བདུན། འཕགས་པ་གཞན་གྱིས་མི་ཐུབ་པ་རིན་པོ་ཆེའི་འཕྲེང་བ། ཤལོ་ཀ་སུམ་ཅུ་རྩ་ལྔ། འཕགས་པ་སྤྱན་རས་གཟིགས་ཀྱི་ཡུམ། ཤལོ་ཀ་སུམ་ཅུ་རྩ་དྲུག། འཕགས་པ་སངས་རྒྱས་ཐམས ་ཅད་ཀྱི་ཡན་ལག་དང་ལྡན་པ། ཤལོ་ཀ་སུམ་ཅུ་རྩ་ལྔ། འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པ། ཤལོ་ཀ་སུམ་ཅུ་རྩ་ལྔ། གཞན་གྱིས་མི་ཐུབ་པ་མི་འཇིགས་པ་སྦྱིན་པ། ཤལོ་ཀ་སུམ་བརྒྱ་རྩ་བཞི། འཕགས་པ་དབང་བསྐུར ་བ། ཤལོ་ཀ་སུམ་ཅུ་རྩ་སུམ། འཕགས་པ་ལྷ་མོ་བརྒྱད་ཀྱི་གཟུངས། ཤལོ་ཀ་སུམ་ཅུ་རྩ་གསུམ། འཕགས་པ་མིག་རྣམ་པར་སྤྱོད་པ། ཤལོ་ཀ་སུམ་ཅུ་རྩ་གཉིས། འཕགས་པ་ཧ་ལ་གྲི་བའི་གཟུངས། ཤལོ་ཀ་སུམ་ཅུ། འཕགས ་པ་ཀླུའི་རྒྱལ་པོ་གཟི་ཅན་གྱིས་ཞུས་པ། ཤལོ་ཀ་སུམ་ཅུ། འཕགས་པ་ལག་ན་རྡོ་རྗེའི་སྙིང་པོ། ཤལོ་ཀ་ཉི་ཤུ་རྩ་གསུམ། འཕགས་པ་རྡོ་རྗེ་འཇིགས་བྱེད་ཀྱི་སྙིང་པོ། ཤལོ་ཀ་ཉི་ཤུ་རྩ་གཉིས། འཕགས་པ་གཞང་འབྲུམ ་ཞི་བར་བྱེད་པ། ཤལོ་ཀ་ཉི་ཤུ་རྩ་གཉིས། འཕགས་པ་འོད་ཟེར་ཅན། ཤལོ་ཀ་ཉི་ཤུ་རྩ་གཉིས། འཕགས་པ་དཀྱིལ་འཁོར་བརྒྱད་པ། ཤལོ་ཀ་ཉི་ཤུ་རྩ་གཉིས། འཕགས་པ་དུག་སེལ་གྱི་རིག་སྔགས། ཤལོ་ཀ་ཉི་ཤུ་རྩ ་ཕྱེད་དང་གཉིས། འཕགས་པ་བར་དུ་གཅོད་པ་ཐམས་ཅད་རྣམ་པར་སྦྱོང་བ། ཤལོ་ཀ་ཉི་ཤུ་རྩ་གཅིག། འཕགས་པ་ལག་ན་རྡོ་རྗེ་གསང་བའི་མིང་བརྒྱད་པོ། གསང་སྔགས་ཀྱིས་ཡོངས་སུ ་བསྐོར་བ་དང་བཅུ་པོ། ཤལོ་ཀ་ཉི་ཤུ་རྩ་གཅིག། འཕགས་པ་འཇམ་དཔལ་གྱི་ཞལ་ནས་གསུངས་པ། ཤལོ་ཀ་ཉི་ཤུ། འཕགས་པ་ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོད་པའི་སྙིང་པ། ཤལོ་ཀ་ཉི་ཤུ། འཕགས་པ་ཡེ་ཤེས་རྟལ ་ལ། ཤལོ་ཀ་ཉི་ཤུ། འཕགས་པ་བརཌན་ཤ་བ་རི། ཤལོ་ཀ་ཉི་ཤུ། འཕགས་པ་ཡི་དྭགས་ཁ་འབར་མ་དབུགས་དབྱུང་བའི་གཏོར་མའི་ཆོག་།ཤལོ་ཀ་ཉི་ཤུ། འཕགས་པ་ཡི་གེ་དྲུག་པའི་རིག་སྔགས། ཤལོ་ཀ་བཅུ་དགུ། འཕགས ་པ་སྒོ་དྲུག་པ། ཤལོ་ཀ་བཅོ་བརྒྱད་འཕགས་པ་མདངས་ཕྱིར་འཕྲོགས་པ། ཤལོ་ཀ་བཅུ་བདུན། འཕགས་པ་ཚོགས་ཀྱི་སྙིང་པོ། ཤལོ་ཀ་བཅུ་དྲུག། འཕགས་པ་མཆོད་པའི་སྤྲིན། ཤལོ་ཀ་བཅུ་དྲུག། འཕགས་པ་ལས་ཀྱི ་སྒྲིབ་པ་ཐམས་ཅད་སྤྱོད་པ། ཤལོ་ཀ་བཅོ་ལྔ། འཕགས་པ་ཡོན་ཏན་བསྔགས་པ་དཔག་ཏུ་མེད་པ། ཤལོ་ཀ་བཅོ་ལྔ། འཕགས་པ་མི་རྒོད་རྣམ་པར་འཇོམས་པ། ཤལོ་ཀ་བཅོ་ལྔ། འཕགས་པ་ནོར་བུ་བཟང་པོའི་སྙིང ་པོ། ཤལོ་ཀ་བཅོ་ལྔ། འཕགས་པ་རིག་སྔགས་ཀྱི་རྒྱལ་མོ་དབུགས་ཆེན་པོ། །ཤལོ་ཀ་བཅུ་བཞི། འཕགས་པ་ཕྱིར་བཟློག་པ་སྟོབས་ཅན། ཤལོ་ཀ་བཅུ་གསུམ། འཕགས་པ་ནང་ཐམས་ཅད་ཞི་བར་བྱེད་པའི་གཟུངས། ཤལོ ་ཀ་བཅུ་གསུམ། འཕགས་པ་བུ་མང་པོ་སྟོན་པ། ཤལོ་ཀ་བཅུ་གསུམ། འཕགས་པ་ལྷ་མོ་ནག་མོའི་གཟུངས། ཤལོ་ཀ་བཅུ་གསུམ། འཕགས་པ་རིམས་ནད་རབ་ཏུ་ཞི་བར་བྱེད་པའི་གཟུངས། ཤལོ་ཀ་བཅུ་གཉིས། འཕགས་པ ་དཔལ་ཆེན་མོའི་མདོ། ཤལོ་ཀ་བཅུ་གཅིག། འཕགས་པ་བགེགས་སེལ་བའི་མདོ། ཤལོ་ཀ་བཅུ། འཕགས་པ་འཇིགས་པ་ཆེན་པོ་བརྒྱད་ལས་སྒྲེལ་བ། ཤལོ་ཀ་བཅུ། འཕགས་པ་ནོར་བུ་བཟང་པོའི་སྙིང་པོ། ཤལོ་ཀ་བཅུ། འཕགས་པ་གནོད ་འཛིན་ཆུ་དབང་སྙིང་རྗེ་ཅན་གྱི་གཟུངས། ཤལོ་ཀ་བཅུ། འཕགས་པ་འབྲུམ་བུའི་ནང་ཞི་བར་བྱེད་པའི་གཟུངས། ཤལོ་ཀ་བཅུ། འཕགས་པ་ཆོས་ཐམས་ཅད་ཀྱི་ཡུམ་ཞེས་བྱ་བ། ཤལོ་ཀ་དགུ། འཕགས་པ་མིག་ནད་རབ་ཏུ་ཞི་བར་བྱེད་པའི ་གཟུངས། ཤལོ་ཀ་བརྒྱད། འཕགས་པ་དཔལ་ཆེན་མོ་མིང་བཅུ་གཉིས་པ། ཤལོ་ཀ་བརྒྱད། འཕགས་པ་སྟོང་འགྱུར་གྱི་གཟུངས། ཤལོ་ཀ་བདུན། འཕགས་པ་ནག་པོ་ཆེན་པོའི་གཟུངས། ཤལོ་ཀ་ཕྱེད་དང་བདུན། འཕགས་པ ་ཤེས་རབ་བློ་འཕེལ་བའི་གཟུངས། ཤལོ་ཀ་ལྔ། མཚན་བརྒྱ་རྩ་བརྒྱད་ལ། སངས་རྒྱས་བཅོམ་ལྡན་འདས་འཁོར་བྱང་ཆུབ་སེམས་དཔའ་བརྒྱད་དང་བཅས་པའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། ཤལོ་ཀ་དྲུག ་བརྒྱ་སྟེ། བམ་པོ་གཉིས། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ། ཕན་ཡོན་དང་བཅས། ཤལོ་ཀ་སུམ་བརྒྱ་སྟེ། བམ་པོ་གཅིག་།འཕགས་པ་ལྷ་མོ་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ། ཤལོ་ཀ་ཉིས ་བརྒྱ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་བརྒྱ་རྩ་བརྒྱད་པ། ཤལོ་ཀ་བཞི་བཅུ། འཕགས་པ་དཔལ་གྱི་མཚན་བརྒྱ་རྩ་ཨསྦརྒྱད། ཤལོ་ཀ་བཞི་བཅུ། འཕགས་པ་གནོད་འཛིན་གྱི་མཚན་བརྒྱ་རྩ་བརྒྱད་པ། ཤལོ་ཀ ་བཞི་བཅུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་བརྒྱ་རྩ་བརྒྱད་པ། ཤལོ་ཀ་སུམ་ཅུ། འཕགས་པ་དེ་བཞིན་གཤེགས་པ་མཚན་བརྒྱ་རྩ་བརྒྱད་པ། ཤལོ་ཀ་ཉི་ཤུ་འཕགས་པ་ལྷ་མོ་ནོར་གྱི་རྒྱུན་མཚན་བརྒྱ་རྩ་བརྒྱད་པ། ཤལོ་ཀའི ་ཤུ། བསྟོད་པ་སྣ་ཚོགས་ལ་སློབ་དཔོན་ཀླུ་གྲུབས་ཀྱིས་མཛད་པའི། བསམ་གྱིས་མི་ཁྱབ་པར་བསྟོད་པ། ཤལོ་ཀ་ལྔ་བཅུ། དཔེ་མེད་པར་བསྟོད་པ། ཤལོ་ཀ་ཉི་ཤུ་རྩ་ལྔ། འཇིག་རྟེན་ལས་འདས ་པར་བསྟོད་པ། ཤལོ་ཀ་ཉི་ཤུ་རྩ་གཉིས། བསྟོད་པ་ལས་འདས་པར་བསྟོད་པ། ཤལོ་ཀ་བཅོ་བརྒྱད། དོན་དམ་པར་བསྟོད་པ། ཤལོ་ཀ་བཅུ། སྐུ་གསུམ་ལ་བསྟོད་པ། ཤལོ་ཀ་གུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་། ་པའི་ཚིག་གི་སྡེབ་སྦྱོར་སློབ་དཔོན་སྒྲ་གཅན་འཛིན་བཟང་པོས་མཛད་པ། ཤལོ་ཀ་བཞི་བཅུ། དེ་བཞིན་གཤེགས་པ་ལ་ཡོན་ཏན་མུ་མེད་པར་བསྟོད་པ། སློབ་དཔོན་རཏན་ཊཾ་སས་མཛད་པ། ཤལོ་ཀ་བཞི་བཅུ། འཕགས་པ་ལྷ་མོ་སྒྲོལ་མ ་འཇིགས་པ་ཐམས་ཅད་ལས་སྒྲོལ་བ་བསྟོད་པ། སློབ་དཔོན་ཙནྡྲ་གོ་མིས་མཛད་པ། ཤལོ་ཀ་བཞི་བཅུ། སློབ་དཔོན་མཱ་ཏི་ཙི་ཊས་མཛད་པ། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ། སྔགས་པར་འོས་པ་བསྔགས་པ། ཤལོ་ཀ་དྲུག ་བརྒྱ་སྟེ། བམ་པོ་གཉིས། སངས་རྒྱས་བཅོམ་ལྡན་འདས་ལ་གསང་བའི་གནས་སུ་བསྟོད་པ། ཤལོ་ཀ་སུམ་བརྒྱ་སྟེ། །བམ་པོ་གཅིག་།སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ། དད་པ་ཡ་སྤོབས་པ་སྐྱེས་པ། ཤལོ ་ཀ་བརྒྱ་ལྔ་བཅུ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ། ཕྱག་ན་རྡོ་རྗེ་འཛིན་རྣམས་ཀྱི་བསྟོད་པ། ཤལོ་ཀ་དྲུག་ཅུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་ན་རྡོ་རྗེ་འཛིན་རྣམས་ཀྱིས་བསྟོད་པ། ཤལོ་ཀ ་ཉི་ཤུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སྙིང་རྗེའི་བསྟོད་པ། ཤལོ་ཀ་བཅོ་ལྔ། འཕགས་པ་གནོད་འཛིན་ལ་བསྟོད་པ། རྒྱལ་པོ་ཤི་ཝི་ཀ་མ་ཨ་དྷི་རྒྱས་མཛད་པ། ཤལོ་ཀ་སུམ་ཅུ། ནད་ཀྱི་བདག་མོ་ལ་སྟོད་པ། བྲམ་ཟེ ་མཆོག་སྲེད་ཀྱིས་བྱས་པ། ཤལོ་ཀ་སུམ་ཅུ། ལྷ་མོ་ནམ་གྲུ་ལ་སྟོད་པ། ཤལོ་ཀ་བཅོ་ལྔ། སྨོན་ལམ་སྣ་ཚོགས་ལ། འཕགས་པ་ཡོངས་སུ་བསྔོ་བའི་རྒྱལ་པོ་སྔགས་དང་བཅས་པ། ཤལོ་ཀ་ལྔ་བརྒྱ་སྟེ། བམ་པོ་གཅིག་དང། ཤལོ་ཀ་ཉིས་བརྒྱ། འཕགས་པ་ནོར་བུ? ་བུ་རིན་པོ་ཆེ་དགེ་བ་བསྟན་པ་ཡོངས་སུ་བསྔོ་བའི་རྒྱལ་པོ། ཤལོ་ཀ་བརྒྱ་སུམ་ཅུ། འཕགས་པ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་བསྔོ་བ། ཤལོ་ཀ་ལྔ་བཅུ་འཕགས་པ་འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབས་པར་བྱེད་པའི་བསྔོ་བ། ཤལོ ་ཀ་བཞི་བཅུ། འཕགས་པ་རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བ། ཤལོ་ཀ་བཅོ་བརྒྱད། འཕགས་པ་བྱམས་པའི་སྨོན་ལམ་གྱི་རྒྱལ་པོ། ཤལོ་ཀ་སུམ་ཅུ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ། ཤལོ་ཀ་དགུ་བཅུ་རྩ་བདུན། འཕགས་པ་སྨོན་ལམ་བདུན ་ཅུ་པ། ཤལོ་ཀ་བརྒྱད་ཅུ་རྩ་གསུམ། མཆོག་གི་སྤྱོད་པའི་སྨོན་ལམ། ཤལོ་ཀ་ཉི་ཤུ་རྩ་གསུམ། རིན་པོ་ཆེ་ཕྲེང་བའི་སྨོན་ལམ། ཤལོ་ཀ་བཅོ་བརྒྱད། བྱང་ཆུབ་དམ་པའི་སྨོན་ལམ། ཤལོ་ཀ་ཕྱེ་དང་བཅུ་བཞི། བྱང་ཆུབ་དམ་པའི་རྗེས་སུ་མོས་པའི་སྨོན་ལམ། ཤལོ་ཀ ་བཅུ་ཐམ་པ།། །།བཀྲ་ཤིས་ཀྱི་རྣམ་གྲངས་ལ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཆེན་པོ། ཤལོ་ཀ་སུམ་ཅུ། ཤིས་པ་བརྗེད་པའི་ཚིགས་སུ་བཅད་པ། ཤལོ་ཀ་ལྔ་བཅུ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། ཤལོ་ཀ་ཉི་ཤུ་རྩ་དྲུག་།བཀྲ་ཤིས་སུ་བྱ་བའི ་ཚིགས་སུ་བཅད་པ། ཤལོ་ཀ་བཅུ་བདུན། བདེ་ལེགས་ཀྱི་ཚིགས་སུ་བཅད་པ། ཤལོ་ཀ་སུམ་ཅུ་རྩ་ཕྱེ་དང་ལྔ། ཡང་བདེ་ལེགས་སུ་བྱ་བའི་ཚིགས་སུ་བཅད་པ། ཤལོ་ཀ་བཅུ་གཉིས?། ཡང་བདེ་ལེགས་སུ་འགྱུར་བའི་ཚིགས་སུ་བཅད་པ། ཤལོ་ཀ་དགུ།། །།འདུལ་བའི་སྡེ་སྣོད ་ལ། འདུལ་བ་ལུང་བཞི། ཤལོ་ཀ་སུམ་ཁྲི་ཉིས་སྟོང་བདུན་བརྒྱ་སྟེ། བམ་པོ་བརྒྱ་རྩ་དགུ། འདུལ་བ་རྣམ་པར་འབྱེད་པ། ཤལོ་ཀ་ཉི་ཁྲི་བཞི་སྟོང་དགུ་བརྒྱ་སྟེ། བམ་པོ་བརྒྱད་ཅུ་རྩ་གསུམ། འདུལ་བ་ཕྲན་ཚིགས་ཀྱི་གཞི། ཤལོ་ཀ་ཉི་ཁྲི་བཞི་སྟོང་དྲུག་བརྒྱ་སྟེ། ་བམ་པོ་བཞི་བཅུ་རྩ་གཉིས། འདུལ་བ་གཞུང་བླ་མ། ཤལོ་ཀ་ཁྲི་དྲུག་སྟོང་ཉིས་བརྒྱ་སྟེ། བམ་པོ་ལྔ་བཅུ་རྩ་བཞི། འདུལ་བ་ཞུས་ལན། ཤལོ་ཀ་སུམ་སྟོང་སུམ་བརྒྱ་སྟེ། བམ་པོ་བཅུ་གཅིག་ཡན་ཆད་འགྱུར། དགེ་སློང ་མའི་འདུལ་བ་རྣམ་པར་འབྱེད་པ། ཤལོ་ཀ་བདུན་སྟོང་བཞི་བརྒྱ་སྟེ། བམ་པོ་ཉི་ཤུ་བཞི་དང། ཤལོ་ཀ་ཉིས་བརྒྱ། དགེ་སློང་བའི་སོ་སོ་ཐར་པའི་མདོ། །ཤལོ་ཀ་སུམ་སྟོང་དྲུག་བརྒྱ་སྟེ། བམ་པོ་བཅུ་གཉིས་དང། ཤལོ་ཀ་བརྒྱ། དགེ་སློང་མའི་སོ་སོར ་ཐར་པའི་མདོ། ཤལོ་ཀ་བརྒྱད་བརྒྱ་སྟེ། བམ་པོ་གཉིས་དང། ཤལོ་ཀ་ཉིས་བརྒྱ། འདུལ་བ་མདོ། ཤལོ་ཀ་ཉིས་སྟོང་བདུན་བརྒྱ་སྟེ། བམ་པོ་དགུ་ལས་བརྒྱ་རྩ་གཅིག་པ། ཤལོ་ཀ་སུམ་སྟོང་དྲུག་བརྒྱ་སྟེ། བམ་པོ་བཅུ་གཉིས། འདུལ་བ་བསྡུས་བ། ཤལོ ་ཀ་བཞི་སྟོང་ལྔ་བརྒྱ་སྟེ། བམ་པོ་བཅོ་ལྔ། འདུལ་བ་བཞིའི་རྒྱ་ཆེར་འགྲེལ་པ། ཤལོ་ཀ་སུམ་སྟོང་སུམ་བརྒྱ་སྟེ། བམ་པོ་བཅུ་གཅིག་།འདུལ་བ་རྣམ་པར་འབྱེད་པའི་ཚིག་གི་བཤད་པ། ཤལོ་ཀ་བཞི་སྟོང་ལྔ་བརྒྱ། བམ་པོ་བཅོ་ལྔ། འདུལ་བ་ཕྲན་ཚེགས ་འགྲེལ་པ། ཤལོ་ཀ་སུམ་སྟོང་སྟེ། བམ་པོ་བཅུ། འདུལ་བ་གཞུང་བླ་མའི་རྒྱ་ཆེར་འགྲེལ་པ། ཤལོ་ཀ་དྲུག་སྟོང། བམ་པོ་ཉི་ཤུ། སོ་སོ་ཐར་པའི་རྒྱ་ཆེར་འགྲེལ་པ་ཆེན་པོ་ཤལོ་ཀ་སུམ་ཁྲི་སུམ་སྟོང་དྲུག་བརྒྱ་སྟེ། བམ་པོ་བརྒྱ་རྩ་བཅུ་གཉིས ་སོ་སོ་ཐར་པའི་རྒྱ་ཆེར་འགྲེལ་པ། འདུལ་བ་ཀུན་ལས་བཏུས་པ། ཤལོ་ཀ་ཁྲི་ལྔ་སྟོང་སྟེ། བམ་པོ་ལྔ་བཅུ། སོ་སོར་ཐར་པའི་གཞུང་འགྲེལ། ཤལོ་ཀ་བརྒྱད་སྟོང་ཆིག་བརྒྱ་སྟེ། བམ་པོ་ཉི་ཤུ་རྩ་བདུན། ཡང་སོ་སོར་ཐར་པའི་འགྲེལ་པ། ་ཤལོ་ཀ་ཉིས་སྟོང་ཆིག་བརྒྱ་སྟེ། བམ་པོ་བདུན། སོ་སོར་ཐར་པའི་ཚིག་གི་བརྗེད་བྱེད། ཤལོ་ཀ་དྲུག་བརྒྱ་སྟེ། བམ་པོ་གཉིས། དགེ་སློང་མའི་སོ་སོར་ཐར་པའི་འགྲེལ་པ། ཤལོ་ཀ་དྲུག་བརྒྱ་སྟེ། བམ་པོ་གཉིས། འདུལ་མདོའི་རྒྱ ་ཆེར་འགྲེལ་པ། ཤལོ་ཀ་ཉི་ཁྲི་ཆིག་སྟོང་སྟེ། བམ་པོ་བདུན་ཅུ། ཐམས་ཅད་ཡོད་པར་སྨྲ་བ་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ། ཤལོ་ཀ་ལྔ་བཅུ། ཚིག་ལེའུར་བྱས་པ་སུམ་བརྒྱ་པ། ཤལོ་ཀ་སུམ་བརྒྱ་སྟེ། བམ་པོ་གཅིག། སུམ་བརྒྱ་པའི་རྒྱ་ཆེར་འགྲེལ་པ ་འོད་ལྡན། ཤལོ་ཀ་ཉིས་སྟོང་བཞི་བརྒྱ་སྟེ། བམ་པོ་བརྒྱད། འདུལ་བ་དྲི་བའི་ཚིག་ལེའུར་བྱས་པ། ཤལོ་ཀ་བརྒྱ། འདུལ་བ་དྲི་བའི་ཚིག་གི་རྒྱ་ཆེར་བཤད་པ། ཤལོ་ཀ་སྟོང་དྲུག་བརྒྱ་དྲུག་ཅུ་རྩ་བཞི་སྟེ། བམ་པོ་ལྔ་དང། ཤལོ་ཀ་བརྒྱ་དྲུག་ཅུ ་རྩ་བཞི། སྡེ་པ་བཅོ་བརྒྱད་ཀྱི་མིང་དང་རིམ་པ། སློབ་དཔོན་དུལ་བའི་ལྷས་མཛད་པ། ཤལོ་ཀ་དྲུག་ཅུ་རྩ་ལྔ། གཞུང་ཐ་དད་པ་ཀླག་པའི་འཁོར་ལོ་ལས་།བདེ་བ་ཐ་དད་པ་བསྟན་པ། སློབ་དཔོན་དབྱིག་བཤེས་ཀྱིས་མཛད་པ། ཤལོ་ཀ་ལྔ་བཅུ། ་དགེ་སློང་གི་ཚུལ། མཁན་པོ་བོ་དྷི་སཏྭས་མཛད་པ། ཤལོ་ཀ་ལྔ་བཅུ། མ་བྱིན་པར་ལེན་པའི་སྐབས་ན། མཁན་པོ་བཞིས་དཔྱད་པ། ཤལོ་ཀ་ཉི་ཤུ།། །།ཐེག་པ་ཆེན་པོའི་མདོ་སྡེའི་ཊཱི་ཀཱ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་འབུམ་གྱི་འགྲེལ་པ་ཆེན་པོ། ཤལོ་ཀ་ཉི་ཁྲི་གསུམ་སྟོང་བཞི་བརྒྱ་སྟེ། བམ་པོ་བདུན་ཅུ་རྩ་བརྒྱད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་དང། ཉི་ཁྲི་ལྔ་སྟོང་དང། ཁྲི་བརྒྱད་སྟོང་པ་རྒྱ་ཆེར་བཤད་པ། ཤལོ་ཀ་བརྒྱད་སྟོང ་ཚིག་བརྒྱ་སྟེ། བམ་པོ་ཉི་ཤུ་རྩ་བདུན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་བའི་རྒྱ་ཆེར་བཤད་པ། མངོན་པར་རྟོགས་པའི་བརྒྱན། ཤལོ་ཀ་དྲུག་སྟེ། བམ་པོ་གཉིས། མངོན་པར་རྟོགས་པའི་བརྒྱན་གྱི་རྒྱ་ཆེར་འགྲེལ ་པ། ཤལོ་ཀ་སྟོང་ལྔ་བརྒྱ་སྟེ། བམ་པོ་ལྔ། འཕགས་པ་སྡུད་པའི་ཚིགས་སུ་བཅད་པའི་འགྲེལ་བ། ཤལོ་ཀ་སྟོང་བརྒྱད་བརྒྱ་སྟེ། བམ་པོ་དྲུག་།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་བའི་འགྲེལ་པ། སློབ་དཔོན་བི་མ? ་མི་ཏྲས་མཛད་པ། ཤལོ་ཀ་ཉིས་སྟོང་ཆིག་བརྒྱ་སྟེ། བམ་པོ་བདུན། ཡང་བདུན་བརྒྱ་པའི་བཤད་པ། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ། ཤལོ་ཀ་སྟོང་བརྒྱད་བརྒྱ་སྟེ། བམ་པོ་དྲུག་ཡང་བདུན་བརྒྱ་པའི་འགྲེལ ་པ། ཤལོ་ཀ་དྲུག་བརྒྱ་སྟེ། བམ་པོ་གཉིས། ཡང་བདུན་པའི་བཤད་པ། སློབ་དཔོན་ཛྙཱ་ན་མི་ཏྲས་མཛད་པ། ཤལོ་ཀ་བརྒྱ། ཚུལ་བརྒྱ་ལྔ་བཅུའི་འགྲེལ་པ། སློབ་དཔོན་ཛྙཱ་ན་མི་ཏྲས་མཛད་པ། ཤལོ་ཀ་དྲུག་བརྒྱ་སྟེ། བམ་པོ་གཉིས། ཡང་ཚུལ་བརྒྱ་ལྔ ་བཅུ་པའི་འགྲེལ་པ། གསང་སྔགས་ཀྱི་ཚུལ་དུ་བཤད་པ། ཤལོ་ཀ་སུམ་བརྒྱ་སྟེ། བམ་པོ་གཅིག་།འཕགས་པ་རྡོ་རྗེ་གཅོད་པའི་རྒྱ་ཆེར་འགྲེལ་པ། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ། ཤལོ་ཀ་སྟོང་ལྔ་བརྒྱ་སྟེ། བམ་པོ་ལྔ། ཡང ་རྡོ་རྗེ་གཅོད་པའི་འགྲེལ་པ། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ། ཤལོ་ཀ་དྲུག་བརྒྱ་སྟེ། བམ་པོ་གཉིས། ཡང་རྡོ་རྗེ་གཅོད་པའི་རྣམ་པར་བཤད་པ། ཤལོ་ཀ་དྲུག་བརྒྱ་ལྔ་བཅུ་སྟེ། བམ་པོ་གཉིས་དང། ཤལོ་ཀ་ལྔ་བཅུ། ་ཡང་རྡོ་རྗེ་གཅོད་པའི་རྣམ་པར་བཤད་པ་ཚིག་ལེའུར་བྱས་པ། ཤལོ་ཀ་སུམ་ཅུ་རྩ་བདུན། འཕགས་པ་ཤེས་རབ་སྙིང་པོའི་རྒྱ་ཆེར་འགྲེལ་པ། སློབ་དཔོན་བི་མ་ལ་མི་ཏྲས་མཛད་པ། ཤལོ་ཀ་སུམ་བརྒྱ་སྟེ། བམ་པོ་གཅིག། ་འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་ཊཱིཀ་ཆེན་པོ། ཤལོ་ཀ་ཁྲི་བརྒྱད་སྟོང་ངོ། བམ་པོ་དྲུག་ཅུ། ཡང་དགོངས་པ་ངེས་པར་འགྲེལ་པའི་རྒྱ་ཆེར་འགྲེལ་པ། སློབ་དཔོན་ཀླུའི་རྒྱལ་མཚན་གྱིས་མཛད་པ། ཤལོ་ཀ ་ཁྲི་ཉི་སྟོང་སྟེ། བམ་པོ་བཞི་བཅུ། ཡང་དགོངས་པ་ངེས་པར་འགྲེལ་པའི་བྱམས་པའི་ལེའུ་ཉི་རྩེ་བཤད་པ། སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པ། ཤལོ་ཀ་དྲུག་བརྒྱ་བདུན་ཅུ་སྟེ། བམ་པོ་གཉིས་དང། ཤལོ་ཀ་བདུན་ཅུ། ་ཡང་དགོངས་པ་ངེས་པར་འགྲེལ་པའི་བསྡུས་འགྲེལ། ཤལོ་ཀ་སུམ་བརྒྱ་སྟེ། བམ་པོ་གཅིག་།ཡང་དགོངས་པ་ངེས་པར་འགྲེལ་པའི་བཤད་པ། སློབ་དཔོན་ཐོགས་མེད་ཀྱིས་མཛད་པ། ཤལོ་ཀ་ཉིས་བརྒྱ་ཉི་ཤུ། འཕགས་པ་ཏིང་ངེ་འཛིན་གྱི ་རྒྱལ་པོ་ཆོས་ཉིད་ཟབ་མོའི་འགྲེལ་པ། ཤལོ་ཀ་དྲུག་བརྒྱ་སྟེ། བམ་པོ་གཉིས། འཕགས་པ་བློ་གྲོས་མི་ཟད་པ་བསྟན་པའི་འགྲེལ་པ། ཤལོ་ཀ་དྲུག་སྟོང་སྟེ། བམ་པོ་ཉི་ཤུ། འཕགས་པ་ས་བཅུ་པའི་རྣམ་པར་བཤད་པ། ཤལོ་ཀ་བཞི་སྟོང ་ཉིས་བརྒྱ་དྲུག་ཅུ་སྟེ། བམ་པོ་བཅུ་བཞི་དང། ཤལོ་ཀ་དྲུག་ཅུ། ས་བཅུ་པའི་རྣམ་པར་བཤད་པའི་བཤད་པ། ཤལོ་ཀ་སུམ་སྟོང་དྲུག་བརྒྱ་སྟེ། བམ་པོ་བཅུ་གཉིས། ས་བཅུ་པའི་གླེང་གཞི་བཤད་པ། ཤལོ་ཀ་སུམ་བརྒྱ་སྟེ། བམ་པོ་གཅིག། ་ས་བཅུ་པའི་དོན་བསྡུས་པ། ཤལོ་ཀ་ལྔ་བཅུ། འཕགས་པ་པུཎྜི་ར་ཀའི་དོན་བསྡུས་པ། ཤལོ་ཀ་བརྒྱ། འཕགས་པ་ག་ཡ་གོ་རིའི་མདོའི་རྣམ་པར་བཤད་པ། ཤལོ་ཀ་བརྒྱ་སུམ་ཅུ། འཕགས་པ་ག་ཡ་གོ་རིའི་མདོ་དང་སྤེལ་མར་བཤད ་པ། ཤལོ་ཀ་བདུན་བརྒྱ་སྟེ། བམ་པོ་གཉིས་དང། ཤལོ་ཀ་བརྒྱ། འཕགས་པ་སངས་རྒྱས་ཀྱི་སའི་རྣམ་པར་བཤད་པ། སློབ་དཔོན་ངང་ཚུལ་བཟང་པོས་མཛད་པ། ཤལོ་ཀ་དགུ་བརྒྱ་བཞི་བཅུ་སྟེ། བམ་པོ་གསུམ་དང། ཤལོ་ཀ ་བཞི་བཅུ། སངས་རྒྱས་ས་ལས་ཚིག་གི་དོན་བསྡུས་པ། ཤལོ་ཀ་བརྒྱད་ཅུ། འཕགས་པ་དཀོན་མཆོག་བརྩེགས་པའི་འོད་སྲུངས་ཀྱི་ལེའུའི་འགྲེལ་པ། ཤལོ་ཀ་སྟོང་བརྒྱད་བརྒྱ་སྟེ། བམ་པོ་དྲུག་།འཕགས་པ་དོན་དམ་པའི་ཆོས ་ཀྱི་རྣམ་གྲངས་ཀྱི་འགྲེལ་པ། ཤལོ་ཀ་ཉིས་སྟོང་ཆིག་བརྒྱ་སྟེ། བམ་པོ་བདུན། འཕགས་པ་སཱ་ལུ་ལྗང་པའི་རྒྱ་ཆེར་འགྲེལ་པ། ཤལོ་ཀ་བཞི་བརྒྱ་ལྔ་བཅུ་སྟེ། བམ་པོ་གཅིག་དང། ཤལོ་ཀ་བརྒྱ་ལྔ་བཅུ། སཱ་ལུ་ལྗང་པའི ་མདོ་ཚིགས་བཅད་དུ་བསྡུས་པའི་འགྲེལ་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། ཤལོ་ཀ་སྟོང་ཉིས་བརྒྱ་སྟེ། བམ་པོ་བཞི། འཕགས་པ་སྒོ་མཛའ་ཡས་པ་སྒྲུབ་པའི་གཟུངས་ཀྱི་རྒྱ་ཆེར་འགྲེལ ་པ། ཤལོ་ཀ་སྟོང་སུམ་བརྒྱ་རྩ་བཅོ་ལྔ་སྟེ། བམ་པོ་བཞི་དང། ཤལོ་ཀ་བརྒྱ་རྩ་བཅོ་ལྔ། སྒོ་མཛའ་ཡས་པ་བསྒྲུབས་པའི་གཟུངས་ཀྱི་རྣམ་པར་བཤད་པའི་ཚིག་ལེའུར་བྱས་པ། ཤལོ་ཀ་བརྒྱ་དགུ་བཅུ། འཕགས་པ་རྣམ་པར ་མི་རྟོག་པ་ལ་འཇུག་པའི་གཟུངས་ཀྱི་འགྲེལ་པ། ཤལོ་ཀ་དྲུག་བརྒྱ་སྟེ། བམ་པོ་གཉིས། འཕགས་པ་སྒོ་དྲུག་པའི་གཟུངས་ཀྱི་རྒྱ་ཆེར་འགྲེལ་པ། ཤལོ་ཀ་བཞི་བརྒྱ་ལྔ་བཅུ་རྩ་དྲུག་སྟེ། བམ་པོ་གཅིག་དང། ཤལོ་ཀ་བརྒྱ་ལྔ ་བཅུ་རྩ་དྲུག་།ཡང་སྒོ་དྲུག་པའི་གཟུངས་ཀྱི་བཤད་པ། ཤལོ་ཀ་སུམ་ཅུ་རྩ་གཅིག་།འཕགས་པ་སངས་རྒྱས་རྗེས་སུ་དྲན་པའི་རྒྱ་ཆེར་འགྲེལ་པ་གསུམ་ལ། ཤལོ་ཀ་དྲུག་བརྒྱ་སུམ་ཅུ་སྟེ། བམ་པོ་གཉིས་དང། ཤལོ་ཀ་སུམ་ཅུ། འཕགས ་པ་ཆོས་བཞི་པའི་རྒྱ་ཆེར་འགྲེལ་པ། ཤལོ་ཀ་སུམ་བརྒྱ་སྟེ། བམ་པོ་གཅིག་།འཕགས་པ་ཆོས་བཞི་པའི་རྣམ་པར་བཤད་པ། ཤལོ་ཀ་སུམ་ཅུ། ཡང་ཆོས་བཞི་པའི་བཤད་པ། ཤལོ་ཀ་ཉི་ཤུ་རྩ་བཞི། འཕགས་པ་ཚིགས་སུ་བཅད་པ ་གཉིས་པའི་འགྲེལ་པ། ཤལོ་ཀ་ཉིས་བརྒྱ། འཕགས་པ་བཟང་པོ་སྤྱོད་པའི་རྒྱ་ཆེར་འགྲེལ་པ། སློབ་དཔོན་ཤཱཀྱ་གཤེས་གཉེན་གྱིས་མཛད་པ། ཤལོ་ཀ་བརྒྱད་བརྒྱ་སྟེ། བམ་པོ་གཉིས་དང། ཤལོ་ཀ་ཉིས་བརྒྱ། ཡང་བཟང་པོའི ་སྤྱོད་པའི་བཤད་སྦྱར། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ། ཤལོ་ཀ་ལྔ་བརྒྱ་སྟེ། བམ་པོ་གཅིག་དང། ཤལོ་ཀ་ཉིས་བརྒྱ། ཡང་བཟང་པོ་སྤྱོད་པའི་འགྲེལ་པ། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། ཤལོ་ཀ་བཞི་བརྒྱ་ལྔ ་བཅུ་སྟེ། བམ་པོ་ཕྱེད་དང་གཉིས། བཟང་པོ་སྤྱོད་པའི་འགྲེལ་པ། སློབ་དཔོན་རྒྱན་བཟང་པོས་མཛད་པ། ཤལོ་ཀ་བཞི་བརྒྱ་ལྔ་བཅུ་སྟེ། བམ་པོ་ཕྱེད་དང་གཉིས། ཡང་བཟང་པོ་སྤྱོད་པའི་འགྲེལ་པ་རྣམ་པ་བཞི་ཀ་ལས་བཏུས་ཏེ་བརྗེད་བྱེད ་དུ་བགྱིད་པ། མཁན་པོ་ཡེ་ཤེས་སྡེས་མཛད་པ། ཤལོ་ཀ་དྲུག་བརྒྱ་སྟེ། བམ་པོ་གཉིས། དགོངས་པ་བཞི་དང། ལྡེམ་པོར་དགོངས་པ་བཞི་བཤད་པའི་བརྗེད་བྱད། མཁན་པོ་ཡེ་ཤེས་སྡེས་མཛད་པ། ཤལོ་ཀ་ཉིས་བརྒྱ། མདོ་སྡེའི་ཊཱི་ཀཱ ་རྒྱ་ལས་བསྒྱུར་བ་ལ། འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་ཊཱི་ཀཱ་ཆེན་པོ། །ཤལོ་ཀ་ཁྲི་ཉི་སྟོང་ཆིག་བརྒྱ་སྟེ། བམ་པོ་བདུན་ཅུ་རྩ་བཞི། ཡང་དགོངས་པ་ངེས་པར་འགྲེལ་པ་ཊཱི་ཀ། ཤལོ་ཀ་ཉི་སྟོང་བདུན་ཏེ། བམ་པོ་དགུ་།འཕགས་པུཎྜི་ར ་ཀའི་འགྲེལ་པ། རྒྱ་ལས་བསྒྱུར་པ། ཤལོ་ཀ་དྲུག་སྟོང་སྟེ། བམ་པོ་ཉི་ཤུ། འཕགས་པ་ལངཀར་གཤེགས་པའི་འགྲེལ་པ་ཆེན་པོ། རྒྱ་ལས་བསྒྱུར་པ། ཤལོ་ཀ་ཁྲི་ཉི་སྟོང་སྟེ། བམ་པོ་བཞི་བཅུ། ཡང་ལངཀར་གཤེགས་པའི་འགྲེལ་པ། ཤལོ ་ཀ་བདུན་བརྒྱ་དྲུག་ཅུ་སྟེ། བམ་པོ་གཉིས་དང། ཤལོ་ཀ་བརྒྱ་དྲུག་ཅུ། ཡང་ལངཀར་གཤེགས་པའི་བིན་ཏར་ཏ་ལི་ལས་བསྒྱུར་བ། ཤལོ་ཀ་དགུ་བརྒྱ་སྟེ། བམ་པོ་གསུམ། འཕགས་པ་རྡོ་རྗེ་གཅོད་པའི་འབྲེལ་པ། རྒྱ་ལས་བསྒྱུར་བ། ཤལོ ་ཀ་སྟོང་ལྔ་བརྒྱ་སྟེ། བམ་པོ་ལྔ། ཆོས་ཀྱི་རྒྱལ་པོའི་བཤད་པ། ཤལོ་ཀ་སྟོང་ཉིས་བརྒྱ་སྟེ། བམ་པོ་བཞི།། །།དབུ་མའི་བསྟན་བཅོས་ལ། དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས ་བྱ་བ། ཤལོ་ཀ་བཞི་བརྒྱ་བཞི་བཅུ་དགུ་སྟེ། བམ་པོ་གཅིག་དང། ཤལོ་ཀ་བརྒྱ་བཞི་བཅུ་རྩ་དགུ། དབུ་མ་རྩ་བའི་འགྲེལ་པ། ཤེས་རབ་སྒྲོན་མ། ཤལོ་ཀ་དྲུག་སྟོང་སྟེ། བམ་པོ་ཉི་ཤུ། ཤེས་རབ་སྒྲོན་མའི་རྒྱ་ཆེར་བཤད་པ། སློབ་དཔོན་སྤྱན་རས ་གཟིགས་བརྟུལ་ཞུགས་ཀྱིས་མཛད་པ། ཤལོ་ཀ་ཉི་ཁྲི་བཞི་སྟོང་སྟེ་བམ་པོ་བརྒྱད་ཅུ། ཡང་དབུ་མ་རྩ་བའི་འགྲེལ་པ། སློབ་དཔོན་བུ་དྷ་པཱ་ལི་ཏས་མཛད་པ། ཤལོ་ཀ་སུམ་སྟོང་སྟེ། བམ་པོ་བཅུ། ཡང་དབུ ་མ་རྩ་བའི་འགྲེལ་པ། ག་ལས་འཇིགས་མེད། ཤལོ་ཀ་ཉི་སྟོང་ཆིག་བརྒྱ་སྟེ། བམ་པོ་བདུན། དབུ་མ་རྒྱན་གྱིས་ཚིག་ལེའུར་བྱས་པ། ཤལོ་ཀ་བརྒྱ། དབུ་མ་རྒྱན་གྱི་འགྲེལ་པ། ཤལོ་ཀ་དྲུག་བརྒྱ་སྟེ། བམ་པོ་གཉིས། དབུ་མ་རྒྱན་གྱི་དཀའ་ ་འགྲེལ། ཤལོ་ཀ་སྟོང་ལྔ་བརྒྱ་སྟེ། བམ་པོ་ལྔ། བདེན་པ་གཉིས་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ། ཤལོ་ཀ་སུམ་ཅུ་རྩ་བདུན། བདེན་པ་གཉིས་རྣམ་པར་འབྱེད་པའི་འགྲེལ་པ། རྒྱ་ཤལོ་ཀ་སུམ་བརྒྱ་སྟེ། བམ་པོ་གཅིག། བདེན་པ་གཉིས ་རྣམ་པར་འབྱེད་པའི་དཀའ་འགྲེལ། ཤལོ་ཀ་དགུ་བརྒྱ་སྟེ། བམ་པོ་གསུམ། དབུ་མ་དེ་ཁོ་ན་ཉིད་སྣང་བ། ཤལོ་ཀ་དྲུག་བརྒྱ་སྟེ། བམ་པོ་གཉིས། དབུ་མ་སྣང་བ། ཤལོ་ཀ་ཉི་སྟོང་དགུ་སྟེ། བམ་པོ་དགུ། དེ་ཁོ་ན་ཉིད་ལ་འཇུག་པའི་རབ ་ཏུ་འབྱེད་པ། ཤལོ་ཀ་སུམ་ཅུ། དེ་ཁོ་ན་ལ་འཇུག་པའི་འགྲེལ་བ། ཤལོ་ཀ་ཉིས་བརྒྱ། དེ་ཁོ་ན་ཉིད་ལ་རྩོད་པ་བཟློག་པ། ཤལོ་ཀ་སུམ་བརྒྱ་སྟེ། བམ་པོ་གཅིག་།བརྩོད་པ་བཟློག་པའི་ཚིག་ལེའུར་བྱས་བ། ཤལོ་ཀ་བདུན་ཅུ། བརྩོད ་པ་བཟློག་པའི་འགྲེལ་པ། ཤལོ་ཀ་བཞི་བརྒྱ་སྟེ། བམ་པོ་གཅིག་དང། ཤལོ་ཀ་བརྒྱ། རིག་པ་དྲུག་ཅུ་པའི་ཚིག་ལེའུར་བྱས་པ། ཤལོ་ཀ་དྲུག་ཅུ་རྩ་གཉིས། རིག་པ་དྲུག་ཅུ་པའི་འགྲེལ་པ། ཤལོ་ཀ་བདུན་བརྒྱ་དྲུག་བཅུ་སྟེ། བམ་པོ ་གཉིས་དང། ཤལོ་ཀ་བརྒྱ་དྲུག་ཅུ། སྟོང་པ་ཉིད་བདུན་ཅུ་པའི་ཚིག་ལེའུར་བྱས་པ། ཤལོ་ཀ་བདུན་ཅུ་རྩ་བཞི། སྟོང་པ་ཉིད་བདུན་ཅུ་པའི་འགྲེལ་པ། རིག་པ་དྲུག་ཅུ་པའི་འགྲེལ་པ། ཤལོ་ཀ་ཉིས་བརྒྱ་བརྒྱད་ཅུ་། ་སྟོང་པ་ཉིད་ཀྱི་སྒོ་བཅུ་གཉིས་པ། རྩ་བ་དང་འགྲེལ་པར་བཅས་པ། ཤལོ་ཀ་དྲུག་བརྒྱ་སྟེ། བམ་པོ་གཉིས། རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་ཚིག་གི་ལེའུར་བྱས་པ་དང། དེའི་རྣམ་པར་བཤད་པ། ཤལོ་ཀ་ལྔ་བཅུ་རྩ་གཞི། ལག་པའི་ཚད ་ཀྱི་ཚིག་ལེའུར་བྱས་པ། ཤལོ་ཀ་ལྔ། ལག་པའི་ཚད་ཀྱི་འགྲེལ་པ། ཤལོ་ཀ་ལྔ་ལག་པའི་ཚད་ཀྱི་འགྲེལ་པ། ཤལོ་ཀ་ཉི་ཤུ། ཡན་ལག་པའི་ཚད་འགྲེལ་པ། ཤལོ་ཀ་བདུན་ཅུ། བྱང་ཆུབ་སེམས་ཀྱི་རྣམ་པར་བཤད་པ། ཤལོ་ཀ་ཉིས་བརྒྱ། དབུ་མའི་སྙིང་པོ་མདོར་བསྡུས་པའི ་རབ་ཏུ་བྱེད་པ། ཤལོ་ཀ་བརྒྱད་ཅུ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གྲུབ་པ། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ། ཤལོ་ཀ་ལྔ་བརྒྱ་སྟེ། བམ་པོ་གཅིག་དང། ཤལོ་ཀ་ཉིས་བརྒྱ། སྐུ་གསུམ་ལ་འཇུག་པའི་ཚིག་ལེའུར་བྱས་པ། ཤལོ་ཀ་ལྔ ་བཅུ་རྩ་དྲུག་།སྐུ་གསུམ་ལ་འཇུག་པའི་འགྲེལ་པ། ཤལོ་ཀ་བདུན་བརྒྱ་ལྔ་བཅུ་སྟེ། བམ་པོ་གཉིས་དང། ཤལོ་ཀ་བརྒྱ་ལྔ་བཅུ།། །།བསམ་གཏན་གྱི་ཡི་གེ་ལ། སྒོམ་པའི་རིམ་པ་རྣམ་པ་གསུམ། སློབ་དཔོན་ཀ་མ་ལ་ཤཱི་ལས ་མཛད་པ། ཤལོ་ཀ་དགུ་བརྒྱ་སྟེ། བམ་པོ་གསུམ། བསྒོམ་པའི་རིམ་པ། སློབ་དཔོན་བཛྲ་ཀིརྟིས་མཛཛ་པ། བམ་པོ་གཅིག་།ཡང་བསྒོམ་པའི་རིམ་པ། སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པ། བམ་པོ་གཅིག་།བྱང་ཆུབ་ཀྱི་སེམས ་བསྒོམ་པ། སློབ་དཔོན་རྒྱལ་བའི་འོད་ཀྱིས་མཛད་པ། ཤལོ་ཀ་བརྒྱ། ཡང་བྱང་ཆུབ་ཀྱིས་སེམས་བསྒོམ་པ། སློབ་དཔོན་མཉྫུ་ཤྲི་མི་ཏྲས་མཛད་པ། ཤལོ་ཀ་དྲུག་ཅུ་རྩ་བརྒྱད། བསྒོམ་པའི་སྒོ་བསྟན་པ། སློབ་དཔོན་ཀ་ལན་ཝ་རུས་མཛད ་པ། ཤལོ་ཀ་དྲུག་ཅུ་རྩ་བདུན། བསྒོམ་པའི་རིམ་པ། སློབ་དཔོན་དྷརྨཱ་མ་ཏིས་མཛད་པ། ཤལོ་ཀ་སུམ་ཅུ། བསམ་གཏན་གྱི་ཡི་གེ་རྒྱ་ལས་བསྒྱུར་བ། སློབ་དཔོན་བོ་དྷི་དྷརྨཱ་ཏ་རས་མཛད་པ། ཤལོ་ཀ་དགུ་བརྒྱ་སྟེ། བམ་པོ་གསུམ། ། ་རྣམ་པར་ཤེས་པའི་བསྟན་བཅོས་ལ། རྣལ་འབྱོར་སྤྱོད་པའི་ས་ལས། ས་མང་པོ་ལ། ཤལོ་ཀ་བདུན་སྟོང་བརྒྱད་བརྒྱ་སྟེ། བམ་པོ་ཉི་ཤུ་རྩ་དྲུག་།གཞི་བསྡུ་ག་ཤལོ་ཀ་ལྔ་སྟོང་བདུན་བརྒྱ་དགུ་བཅུ་སྟེ། ་བམ་པོ་བཅུ་དགུ་དང། ཤལོ་ཀ་དགུ་བཅུ། རྣམ་གྲངས་བསྡུ་པ། ཤལོ་ཀ་བདུན་བརྒྱ་ཉི་ཤུ་རྩ་ལྔ་སྟེ། བམ་པོ་གཉིས་དང་ཤལོ་ཀ་བརྒྱ་ཉི་ཤུ་རྩ་ལྔ། ཉན་ཐོས་ཀྱིས། ཤལོ་ཀ་ལྔ་སྟོང་བཞི་བརྒྱ་སྟེ། བམ་པོ་བཅོ་བརྒྱད། བྱང་ཆུབ་སེམས་དཔའ་སོ། ་ཤལོ་ཀ་དྲུག་སྟོང་ཆིག་བརྒྱ་ལྔ་བཅུ་སྟེ། བམ་པོ་ཉི་ཤུ་དང། ཤལོ་ཀ་བརྒྱ་ལྔ་བཅུ། རྣམ་པར་བཤད་པའི་སྒོ་བསྡུ་བ། ཤལོ་ཀ་ལྔ་བརྒྱ་ལྔ་བཅུ་སྟེ། བམ་པོ་གཅིག་དང། ཤལོ་ཀ་ཉིས་བརྒྱ་ལྔ་བཅུ། རྣམ་པ་གཏན་ལ་དབབ་པ་བསྡུ་བ། ཤལོ་ཀ་ཁྲི་ཆིག་ ་སྟོང་ལྔ་བརྒྱ་ཉི་ཤུ་རྩ་ལྔ་སྟེ། བམ་པོ་སུམ་ཅུ་རྩ་བརྒྱད་དང། ཤལོ་ཀ་བརྒྱ་ཉི་ཤུ་རྩ་ལྔ། ས་མང་པོའི་རྒྱ་ཆེར་བཤད་པ། ཤལོ་ཀ་ཉིས་སྟོང་ཆིག་བརྒྱ་སྟེ། བམ་པོ་བདུན། བྱང་ཆུབ་སེམས་དཔའ་ཨི་སའི་འགྲེལ་པ། སློབ་དཔོན་རྒྱ་མཚོ་སྤྲིན་གྱིས་མཛད་པ། ་ཤལོ་ཀ་དྲུག་སྟོང་སྟེ། བམ་པོ་ཉི་ཤུ། རྣལ་འབྱོར་སྤྱོད་པའི་ས་ལས་དགོངས་པ་ངེས་པར་འགྲེལ་པའི་ལེའུ་ཉི་ཚེ་བཤད་པས་ལོགས་སུ་ཕྱུང་བ། ཤལོ་ཀ་སུམ་བརྒྱ་དྲུག་ཅུ་རྩ་ལྔ་སྟེ། བམ་པོ་གཅིག་དང། ཤལོ་ཀ་དྲུག་ཅུ་རྩ་ལྔ། བྱང་ཆུབ ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་ལེའུ་ཉི་ཚེ་བཤད་པ་ལོགས་སུ་ཕུང་པ། ཤལོ་ཀ་དགུ་བརྒྱ་སྟེ། བམ་པོ་གསུམ། དེའི་རྒྱ་ཆེར་བཤད་པ། ཤལོ་ཀ་སྟོང་ལྔ་སྟེ། བམ་པོ་ལྔ། འདུལ་བ་བསྡུས་པ། ཤལོ་ཀ་དྲུག་བརྒྱ་སྟེ། བམ་པོ་གཉིས། ་ཐེག་པ་ཆེན་པོ་བསྡུས་པ། ཤལོ་ཀ་སྟོང་ཆིག་བརྒྱ་བདུན་ཅུ་སྟེ། བམ་པོ་གསུམ་དང། ཤལོ་ཀ་ཉིས་བརྒྱ་བདུན་ཅུ། ཐེག་པ་ཆེན་པོ་བསྡུས་པའི་བཤད་སྦྱར། ཤལོ་ཀ་སུམ་སྟོང་སུམ་ཅུ་སྟེ། བམ་པོ་བཅུ་དང། ཤལོ་ཀ ་སུམ་བཅུ། དོན་གསང་བ་བསྡུས་པ། ཤལོ་ཀ་བཞི་སྟོང་ཉིས་བརྒྱ་སྟེ། བམ་པོ་བཅུ་བཞི། ཆོས་མངོན་པ་ཀུན་ལས་བཏུས་པ། ཤལོ་ཀ་སྟོང་བརྒྱད་བརྒྱ་སྟེ། བམ་པོ་དྲུག་།དེའི་འགྲེལ་པ། ཤལོ་ཀ་སུམ་སྟོང་སུམ་བརྒྱ་སྟེ། བམ ་པོ་བཅུ་གཅིག། མདོ་སྡེ་རྒྱན་གྱི་ཚིག་ལེའུར་བྱས་པ། ཤལོ་ཀ་དགུ་བརྒྱ་སྟེ། བམ་པོ་གསུམ། མདོ་སྡེ་རྒྱན་གྱི་བཤད་པ། ཤལོ་ཀ་སུམ་སྟོང་ཉིས་བརྒྱ་བདུན་ཅུ་སྟེ། བམ་པོ་བཅུ་དང། ཤལོ་ཀ་ཉིས་བརྒྱ་བདུན་ཅུ། མདོ་སྡེ་རྒྱན་གྱི་འགྲེལ་བཤད། ཤལོ་ཀ་སུམ ་སྟོང་དྲུག་བརྒྱ་སྟེ། བམ་པོ་བཅུ་གཉིས། དབུས་དང་མཛའ་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ། ཤལོ་ཀ་བདུན་ཅུ། དེའི་འགྲེལ་པ། ཤལོ་ཀ་དྲུག་བརྒྱ་བཞི་བཅུ་སྟེ། བམ་པོ་གཉིས་དང། ཤལོ་ཀ་བཞི་བཅུ། དེའི་འགྲེལ་བཤད། ཤལོ་ཀ ་སུམ་སྟོང་ལྔ་བརྒྱ་སྟེ། བམ་པོ་བཅུ་གཅིག་དང། ཤལོ་ཀ་ཉིས་བརྒྱ། ཕུང་པོ་ལྔའི་རབ་ཏུ་བྱེད་པ། ཤལོ་ཀ་བརྒྱ་སུམ་ཅུ་རྩ་གཉིས། ཕུང་པོ་ལྔའི་རྣམ་པར་བཤད་པ། ཤལོ་ཀ་སྟོང་ལྔ་བརྒྱ་ལྔ་བཅུ་རྩ་གཅིག་སྟེ། བམ་པོ་ལྔ་དང། ཤལོ་ཀ་ལྔ་བཅུ ་རྩ་གཅིག་།ཕུང་པོ་ལྔའི་འགྲེལ་པ། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ། ཤལོ་ཀ་བདུན་བརྒྱ་སྟེ། བམ་པོ་གཉིས་དང། ཤལོ་ཀ་བརྒྱ། ཕུང་པོ་ལྔའི་བཤད་པ། སློབ་དཔོན་སའི་རྩ་ལག་གིས་མཛད་པ། ཤལོ་ཀ་སྟོང་ལྔ་བརྒྱ་སྟེ། ་བམ་པོ་ལྔ། ཕུང་པོ་ལྔའི་འགྲེལ་པ། སློབ་དཔོན་བློ་གྲོས་བརྟན་པས་མཛད་པ། ཤལོ་ཀ་སྟོང་ཉི་བརྒྱ་སྟེ་བམ་པོ་བཞི། སུམ་ཅུ་པའི་རབ་ཏུ་བྱེད་པ། ཤལོ་ཀ་སུམ་ཅུ། སུམ་ཅུ་པའི་འགྲེལ་པ་སློབ་དཔོན་བློ་གྲོས་བརྟན་པས ་མཛད་པ། །ཤལོ་ཀ་བདུན་བརྒྱ་སྟེ། བམ་པ་གཉིས་དང། ཤལོ་ཀ་བརྒྱ། སུམ་ཅུ་པའི་འགྲེལ་བཤད། ཤལོ་ཀ་སྟོང་ལྔ་བརྒྱ་བདུན་ཅུ་རྩ་ལྔ་སྟེ། བམ་པོ་ལྔ་དང། ཤལོ་ཀ་བདུན་ཅུ་རྩ་ལྔ། ཉི་ཤུ་པའི་རབ་ཏུ་བྱེད་པ་ཤལོ་ཀ་ཉི་ཤུ། ་ཉི་ཤུ་པའི་འགྲེལ་པ། ཤལོ་ཀ་བརྒྱ་སུམ་ཅུ། ཉི་ཤུ་པའི་འགྲེལ་བཤད། ཤལོ་ཀ་བདུན་བརྒྱ་ལྔ་བཅུ་སྟེ། བམ་པོ་ཕྱེད་དང་གསུམ། རྣམ་པར་བཤད་པའི་རིགས་པ། ཤལོ་ཀ་སྟོང་བརྒྱད་བརྒྱ་སྟེ། བམ་པོ་བཅུ། རྣམ་པར ་བཤད་པའི་འགྲེལ་པ། སློབ་དཔོན་ཡོན་ཏན་བློ་གྲོས་ཀྱིས་མཛད་པ། ཤལོ་ཀ་བཞི་སྟོང་ལྔ་བརྒྱ་སྟེ། བམ་པོ་བཅོ་ལྔ། ལས་བསྒྲུབས་པའི་རབ་ཏུ་བྱེད་པ། ཤལོ་ཀ་སུམ་བརྒྱ་སྟེ། བམ་པོ་གཅིག། དེའི་འགྲེལ་པ། ཤལོ་ཀ་སྟོང་ཉིས་བརྒྱ ་སྟེ། བམ་པོ་བཞི། རྟེན་ཅིང་འབྲེལ་པར་འབྱུང་བའི་རྒྱ་ཆེར་བཤད་པ། བམ་པོ་བཞི། དེའི་འགྲེལ་པ། ཤལོ་ཀ་སུམ་སྟོང་སུམ་བརྒྱ་སྟེ། བམ་པོ་བཅུ་གཅིག། །།ཐེག་པ་ཆེན་པོའི་བསྟན་བཅོས་སྣ་ཚོགས་ལ། ་བྱང་ཆུབ་སེམས་དཔའ་ཨི་བསླབ་པ་ཀུན་ལས་བཏུས་པ། ཤལོ་ཀ་བཞི་སྟོང་ཉིས་བརྒྱ་སྟེ། བམ་པོ་བཅུ་བཞི། སྐྱེས་པའི་རབས་ཀྱི་རྒྱུད། ཤལོ་ཀ་སུམ་སྟོང་དྲུག་བརྒྱ་སྟེ། བམ་པོ་བཅུ་གཉིས། མདོ་སྡེ?་སྣ་ཚོགས་ཀྱི་མདོ་བཏུས ་པ། ཤལོ་ཀ་ཉིས་སྟོང་ཆིག་བརྒྱ་སྟེ། བམ་པོ་བདུན། མང་ཀུན་ལས་བཏུས་པ། ཤལོ་ཀ་སྟོང་ལྔ་བརྒྱ་སྟེ། བམ་པོ་ལྔ། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་འཇུག་པ། ཤལོ་ཀ་དྲུག་བརྒྱ་སྟེ། བམ་པོ་གཉིས། རིན་པོ་ཆེའི ་ཕྲེང་བ། ཤལོ་ཀ་དྲུག་བརྒྱ་སྟེ། བམ་པོ་གཉིས། དེའི་འགྲེལ་པ། ཤལོ་ཀ་སྟོང་ཉིས་བརྒྱ་སྟེ། བམ་པོ་བཞི། ཕ་རོལ་ཏུ་ཕྱིན་པ་བཏུས་པ། ཤལོ་ཀ་དྲུག་བརྒྱ་སྟེ། བམ་པོ་གཉིས། ཚིགས་སུ་བཅད་པའི་དོན་འདུས་པ། ཤལོ་ཀ ་དགུ་བརྒྱ་སྟེ། བམ་པོ་གསུམ། སྦྱངས་པའི་ཡོན་ཏན་གྱི་ཕན་ཡོན། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། ཤལོ་ཀ་བརྒྱ། ཤེས་རབ་བརྒྱ་པའི་རབ་ཏུ་བྱེད་པ། ཤལོ་ཀ་བརྒྱ། བྱང་ཆུབ་ཏུ་སེམས་བསྐྱེད་པ། ཤལོ་ཀ་བཞི་བཅུ་རྩ་བདུན། དེའི ་བཤད་པ། ཤལོ་ཀ་ཉིས་བརྒྱ་གྲོགས་པོའི་སྤྲིང་ཡིག་།ཤལོ་ཀ་བརྒྱ། དེའི་རྒྱ་ཆེར་བཤད་པ། སློབ་དཔོན་བློ་གྲོས་ཆེན་པོས་མཛད་པ། ཤལོ་ཀ་སྟོང་ཉིས་བརྒྱ་ལྔ་བཅུ་སྟེ། བམ་པོ་བཞི་དང། ཤལོ་ཀ་ལྔ་བཅུ། སློབ་མ་ལ་སྤྲིང་པའི་སྤྲིང་ཡིག་།སློབ་དཔོན ་ཙནྡྲ་གོ་མིས་མཛད་པ། ཤལོ་ཀ་ཉིས་བརྒྱ། དེའི་དཀའ་འགྲེལ། སློབ་དཔོན་བཻ་རོ་ཙ་ན་རཀྵི་ཏས་མཛད་པ། ཤལོ་ཀ་བརྒྱ། རྒྱལ་པོ་ཀ་ནི་ཀ་ལ་སྤྲིངས་པའི་སྤྲིང་ཡིག་།སློབ་དཔོན་མཱ་ཏི་ཙི་ཊས་མཛད་པ། ཤལོ་ཀ་བརྒྱ། འཕགས་པ་སྤྱན་རས་གཟིགས ་ཀྱིས་དགེ་སྟོང་རབ་གསལ་གཞོན་ནུར་སྤྲིང་བའི་སྤྲིང་ཡིག་ཤལོ་ཀ་བཅུ་གཉིས། གཅེས་པ་བརྒྱད་ཅུ་པ། ཤལོ་ཀ་བརྒྱད་ཅུ། སྡོམ་པ་ཉི་ཤུ་པ། ཤལོ་ཀ་ཉི་ཤུ། དེའི་འགྲེལ་པ། སློབ་དཔོན་ཤཱནྟི་རཀྵི་ཏས་མཛད་པ། བམ་པོ་གཉིས། ཚིགས་སུ་བཅད་པ ་བརྒྱ་པ། སློབ་དཔོན་འཕགས་པའི་ལྷས་མཛད་པ། ཤལོ་ཀ་བརྒྱ། ཚིགས་སུ་བཅད་པའི་མཛོད། སློབ་དཔོན་ཉི་མ་སྦས་པས་མཛད་པ། ཤལོ་ཀ་བརྒྱ་ལྟ་བའི་བྱེ་བྲག་།སློབ་དཔོན་ཉི་མའི་འོད་ཀྱིས་མཛད་པ། ཤལོ་ཀ་བརྒྱ་ལྔ ་བཅུ། འཇིག་རྟེན་ཕ་རོལ་བསྒྲུབས་པ། མཁན་པོ་ཡེ་ཤེས་སྔོས་མཛད་པ། ཤལོ་ཀ་སུམ་ཅུ། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ། རྡོ་རྗེ་འཛིན་གྱི་དབྱངས་ཀྱིས་རྒྱ་ཆེར་འགྲེལ་པ། ཤལོ་ཀ་བརྒྱ་རྩ་བཅུ། དེ་བཞིན ་གཤེགས་པ་ལ་ཡོན་ཏན་མཛའ་ཡས་པར་བསྟོད་པའི་འགྲེལ་པ། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། ཤལོ་ཀ་སུམ་ཅུ། དེའི་ཚིག་ལེའུར་བྱས་པ། ཤལོ་ཀ་བཅུ། བསྟོད་པ་བརྒྱ་ལྔ་བཅུ་པའི་བཤད་པ། སློབ་དཔོན ་དགའ་བྱེད་སྙན་པས་མཛད་པ། ཤལོ་ཀ་དགུ་བརྒྱ་སྟེ། བམ་པོ་གསུམ། གསང་བའི་གནས་སུ་བསྟོང་པའི་འགྲེལ་པ། བམ་པོ་གསུམ།། །།ཐེག་པ་ཆུང་ངུའི་བསྟན་བཅོས་ལ་ཆོས་མངོན ་མཛོད་ཀྱི་ཚིག་ལེའུར་བྱས་པ། ཤལོ་ཀ་བདུན་བརྒྱ་སྟེ། བམ་པོ་གཉིས་དང། ཤལོ་ཀ་བརྒྱ། མཛོད་ཀྱི་འགྲེལ་པ། ཤལོ་ཀ་དགུ་སྟོང་སྟེ། བམ་པོ་སུམ་ཅུ། དེའི་འགྲེལ་བཤད། སློབ་དཔོན་ཡ་ཤོ་མི་ལྔས?་མཛད ་པ། ཤལོ་ཀ་ཁྲི་བརྒྱད་སྟོང་སྟེ། བམ་པོ་དྲུག་ཅུ། ཡང་མཛོད་ཀྱི་འགྲེལ་པ། སློབ་དཔོན་སང་གྷ་བྷ་ཏྲས་མཛད་པ། ཤལོ་ཀ་བཞི་སྟོང་ལྔ་བརྒྱ་སྟེ། བམ་པོ་བཅོ་ལྔ། ཡང་མཛོད་ཀྱི་འགྲེལ་པ། སློབ་དཔོན་ཤཱནྟི་སོ་མས་མཛད་པ། ཤལོ་ཀ་བཞི ་སྟོང་སུམ་བརྒྱ་སྟེ། བམ་པོ་བཅུ་བཞི། མཛད་ཀྱི་ཐབས་བསྡུས་པ། ཤལོ་ཀ་སུམ་སྟོང་སྟེ། བམ་པོ་བཅུ། ཆོས་མངོན་པ་ལ་འཇུག་པ། ཤལོ་ཀ་བདུན་བརྒྱ་ལྔ་བཅུ་སྟེ། བམ་པོ་གཉིས་དང། ཤལོ་ཀ་ལྔ་བཅུ། དེའི་རྒྱ་ཆེར་འགྲེལ་པ། ཤལོ་ཀ ་སྟོང་ལྔ་བརྒྱ་སྟེ། བམ་པོ་ལྔ། དེའི་སྙིང་པོ་ཀུན་ལས་བཏུས་པ། ཤལོ་ཀ་སྟོང་བརྒྱད་བརྒྱ་ལྔ་བཅུ་སྟེ། བམ་པོ་དྲུག་དང། ཤལོ་ཀ་ལྔ་བཅུ།། །།ཏར་ཀའི་ཕྱོགས་ལ། ལས་དང་འབྲས་བུའི་འབྲེལ་པ་བརྟག་པ། ་ཤལོ་ཀ་དྲུག་བརྒྱ་སྟེ། བམ་པོ་གཉིས། དེའི་འགྲེལ་པ། ཤལོ་ཀ་དགུ་བརྒྱ་སྟེ། བམ་པོ་གསུམ། རིགས་པའི་ཐིགས་པ། ཤལོ་ཀ་སུམ་བརྒྱ་སྟེ། བམ་པོ་གཅིག་།དེའི་འགྲེལ་པ། སློབ་དཔོན་དྷརྨཱ་ཨུ་ཏས་མཛད་པ། ཤལོ་ཀ་སྟོང་ལྔ་བརྒྱ་སྟེ། ་བམ་པོ་ལྔ། དེའི་རྒྱ་ཆེར་བཤད་པ། ཤལོ་ཀ་དགུ་བརྒྱ་སྟེ། བམ་པོ་གསུམ། རིགས་པའི་ཐིགས་པའི་ཕྱོགས་སྔ་མ། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ། ཤལོ་ཀ་བརྒྱ། རིགས་པའི་ཐིགས་པའི་ཕྱོགས་སྔ་མ་བསྡུས་པ། ཤལོ་ཀ་བརྒྱ་ལྔ་བཅུ ་གཏན་ཚིགས་ཐིགས་པ། ཤལོ་ཀ་ཉིས་བརྒྱ། དེའི་འགྲེལ་པ། ཤལོ་ཀ་སུམ་སྟོང་དྲུག་བརྒྱ་སྟེ། བམ་པོ་བཅུ་གཉིས། འབྲེལ་པ་བརྟག་པ། ཤལོ་ཀ་དྲུག་བརྒྱ་ཉི་ཤུ་རྩ་བཞི། བམ་པོ་གཉིས་དང། ཤལོ་ཀ་ཉི་ཤུ་རྩ་བཞི། དམིགས་པ་བརྟག་པ་ ་ཤལོ་ཀ་བརྒྱད། དེའི་འགྲེལ་པ། ཤལོ་ཀ་སུམ་ཅུ་རྩ་བཞི་དེའི་འགྲེལ་བཤད། ཤལོ་ཀ་སུམ་བརྒྱ་སྟེ། བམ་པོ་གཅིག་།རྒྱུད་གཞན་སྒྲུབ་པ། ཤལོ་ཀ་བརྒྱ་དེའི་འགྲེལ་པ། ཤལོ་ཀ་བཞི་བརྒྱ་ལྔ་བཅུ་རྩ་ལྔ་སྟེ། བམ་པོ་གཅིག་དང་ཤལོ་ཀ་བརྒྱ་ལྔ་བཅུ་རྩ་ལྔ། གཞན་སེལ? ་བ་གྲུབ་པ། ཤལོ་ཀ་བདུན་ཅུ་རྩ་གཉིས། ཐམས་ཅད་མཁྱེན་པ་གྲུབ་པ། ཤལོ་ཀ་ལྔ་བཅུ། བདག་མེད་པ་གྲུབ་པ། ཤལོ་ཀ་བདུན་ཅུ་རྩ་གཅིག་ཕྱི་རོལ་གྱི་ཡུལ་གྲུབ་པ། སློབ་དཔོན་ཤུ་པ་གུཔཏས་མཛད་པ། ཤལོ་ཀ་སུམ་བརྒྱ་སྟེ། བམ་པོ་གཅིག། ་དབང་ཕྱུག་འཇིག་པ་གྲུབ་པ། ཤལོ་ཀ་དྲུག་ཅུ་རྩ་དགུ། འཇིག་རྟེན་ཕ་རོལ་གྲུབ་པ། ཤལོ་ཀ་བརྒྱ་ལྔ་བཅུ། དེའི་འགྲེལ་པ། ཤལོ་ཀ་སུམ་བརྒྱ་སྟེ། བམ་པོ་གཅིག་།ཐམས་ཅད་མཁྱེན་པ་གྲུབ་པ། ཤལོ་ཀ་ཉིས་བརྒྱ་ལྔ་བཅུ། དེ་བཞིན་གཤེགས ་པ་བརྟག་པ་གྲུབ་པ། ཤལོ་ཀ་ཉི་ཤུ་རྩ་གཅིག་།སྤྱི་ཐ་དད་མང་པ་དགག་པ། ཤལོ་ཀ་ཉི་ཤུ་རྩ་གཅིག་།སྤྱི་ཐ་དད་པ་དགག་པ། ཤལོ་ཀ་བཞི་བཅུ་རྩ་གཉིས། དབུ་མ་བརྟག་པ། ཤལོ་ཀ་ཉི་ཤུ་རྩ་གཉིས། ཐོས་པ་བརྟག་པ། ཤལོ་ཀ་སུམ་བརྒྱ་སྟེ། ་བམ་པོ་གཅིག། །།བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཛེད་པའི་གཙུག་ལག་ལ། བཀའ་ཡང་དག་པའི་ཚད་མ། ཤལོ་ཀ་ཉིས་སྟོང་ཆིག་བརྒྱ་སྟེ། བམ་པོ་བདུན། དེ་བཞིན་གཤེགས་པའི་སྐད་དྷ། ཤལོ་ཀ་སྟོང ་ལྔ་བརྒྱ་སྟེ། བམ་པོ་ལྔ། བྱམས་པའི་བསྟོད་པ་ཆེན་པོ། ཤལོ་ཀ་བཞི་བརྒྱ་སྟེ། བམ་པོ་གཅིག་དང། ཤལོ་ཀ་བརྒྱ། བྱམས་པའི་བསྟོད་པ་ཆུང་ངུ། ཤལོ་ཀ་བརྒྱ་ལྔ་བཅུ། གྲུབ་པའི་མཛའ་འགྲོ་བ། ཤལོ་ཀ་བཞི་བཅུ། དབུ་མའི་གཟེར་བུ། ཤལོ་ཀ་སུམ་ཅུ ་ཐེག་པ་ཆེན་པོའི་བསམ་གཏན་གྱི་མན་ངག། གོལ་ས་བརྒྱད་བཙལ་པ། བཙན་པོས་བཀས་བཅད་པ། ཤལོ་ཀ་སུམ་ཅུ།། །།གསུང་རབ་ཞུ་ཆེན་མ་བགྱིས་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ་སྟོང་ཕྲག་བཞི་པ་དང། དྲན་པ་ཉེ་བར་གཞག་པ་ཆེན་པོ་གཉིས་གཏན་ལམ་ཕབ། བསྟན་ཆོས་སྒྱུར་འཕྲོ་ལ། དབུ་མའི་གཞུང་ཞིབ་པོ་རྣམ་པར ་འཐག་པ་རྩ་བ་དང། འགྲེལ་པར་བཅས་པ་གཉིས། དབུ་མའི་སྙིང་པོ་རྟོག་གེ་འབར་བ་རྩ་བ་དང། འགྲེལ་པར་བཅས་པ་གཉིས། ཆད་མ་རྣམ་འགྲེལ། བམ་པོ་བཅུ་གཅིག། ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་བཅོ་བརྒྱད། བཅོས་པའི་རིགས་པ། བམ་པོ་གཅིག། །ཚད་མ་དེ་ཁོ་ན་བསྡུས་པ་རྩ་བ་དང་འགྲེལ་པར་བཅས་པ་གཉིས། ་གསུང་རབ་མདོ་སྡེ་དང་བསྟན་བཅོས་ཐམས་ཅད་ལ་ཤལོ་ཀ་དང། བམ་པོའི་གྲངས་གཏན་ལ་ཕབ་སྟེ། ཞུ་ཆེན་ཟིན་ཏོ་འཚལ་ཐམས་ཅད་འབྲུག་གི་ལོ་ལ་ཕོ་བྲང་ལྡན ་དཀར་དུ་མཚན་བྱང་དཀར་ཆག་བཏབ་པ་རྫོགས་སོ།། །།བཀྲ་ཤིས་དགེའོ།། །།སརྦ་མངྒལཾ། །། ་