CLOSE WINDOW

N4647: chos kyi rnam grangs kyi brjed byang bzhugs
Wyliee-texts based on the ACIP/ALL Input

སྒྲིབ་པ་གཉིས་བྱང་ནས། འབྲས་བུ་རྣམ་པ་གསུམ་འཐོབ་བོ། །སངས་རྒྱས་གཙོའི་ཊཱི་ཀཱ་རྒྱ་ཆེར་འགྲེལ་པ། བོད་ཀྱི་ལོ་ཙཱ་བ་ཞིང་ཡེ་ཤེས་སྡེས་མཛད་པ་རྫོགས་སོ།། །། ་ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱད་དཔལ་བརྩེགས་རཀྵི་ཏས་མཛད་པ་བཞུགས་སོ། །ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱད་ཞེས་བྱ་བ། འཕགས་པའི་ཚོགས་མ་ལུས་པ་ལ་ཕྱག་འཚལ་དེ་ལ་ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱད་ཞེས་བྱ་བ་ནི ་མདོ་སྡེ་དང་བསྟན་བཅོས་དང། ཤེས་རབ་འབུམ་དང། ཡོ་ག་ཙཨཱརྱ་ལ་སོགས་པ་གཞུང་ཐ་དད་པ་མང་པོའི་ནང་ནས་དོན་འདུས་པའི་ཚིགས་འཇེབས་འཇེབས་མདོ་ཙམ་བཏུས་ཏེ། ཆོས་མང་པོ་ཉན་མི་ནུས་པའི་གང་ཟག་རྣམས་ཀྱིས་ཚོགས ་ཆུང་ངུར་གསུང་རབ་ཀྱི་དོན་རྟོག་པར་བྱ་བ་དང། རང་གི་ལུས་བཞིག་པའི་མཚན་ཉིད་ལ་མཁས་པར་བྱ་བའི་ཕྱིར་བསྟན་པའོ། །དེ་ཡང་གཟུགས་ཀྱི་ཕུང་པོ་གང་ཞེ་ན་ཞེས་པ་ལ་སོགས་པ་སྨོས་ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད ་ཀྱི་མཚན་ཉིད་ཡོ་ག་ཙཨཱརྱ་ལས་འབྱུང་བ་དེ་སྟོན་ཏོ། །དེ་ཡང་ཕུང་པོ་ལྔའི་ནང་ནས་གཟུགས་ཀྱི་ཕུང་པོ་གང་ཡིན་ཞེས་བྱ་བའི་དོན་སྟོན་ཏོ། །གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དང་འབྱུང་བ་ཆེན ་པོ་བཞི་དག་རྒྱུར་བྱས་པའོ་ཞེས་བྱ་བ་ལ། གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་ཅེས་བྱ་བ་ནི་གཟུགས་རིང་པོ་དང་ཐུང་ངུ་དང་ཟླུམ་པོ་དང་གྲུ་བཞི་དང། སྔོན་པོ་དང་སེར་པོ་ལ་སོགས་པ་དང། འདས་པ་དང་མ་འོངས ་པ་དང་ད་ལྟར་གྱི་གཟུགས་དང། ཉེ་བ་དང། རིང་བ་དང། བཟང་པོ་དང། ངན་པ་ལ་སོགས་པ་ཇི་ཙམ་དུ་གཟུགས་སུ་གདགས་པ་ཐམས་ཅད་དོ། །འབྱུང་བ་ཆེན་པོ་བཞི་ནི་མེ་དང་ཆུ་དང་ས་དང་རླུང་བཞིའོ། །འབྱུང་བ་ཆེན་པོ་བཞི་དག ་རྒྱུར་བྱས་པ་ནི་འབྱུང་བ་དེ་ལས་སྐྱེས་པ་འམ། དེ་ལས་གྱུར་ཅེས་བྱ་བའི་དོན་ཏེ། རྒྱུ་དེ་ལས་བྱུང་བའི་གཟུགས་རྣམས་ཏེ། མིག་ལ་སོགས་པའི་དབང་པོ་ལྔ་དང། དབང་པོ་དེ་རྣམས་ཀྱི་ཡུལ་གཟུགས་ནས་རེག་བྱའི་བར་དུ་ལྔ་སྟེ་བཅུ ་དང། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཏེ་བཅུ་གཅིག་དང་འབྱུང་བ་ཆེན་པོ་བཞི་སྟེ། གཟུགས་ཀྱི་ཕུང་པོ་ལ་ཕྱེ་ན་སྤྱིར་བཅོ་ལྔ་ཡོད་དོ། །གཟུགས་ནི་རྣམ་པ་གསུམ་སྟེ། བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པ་དང། ་བསྟན་དུ་མེད་ལ་ཐོགས་པ་དང་བཅས་པ་དང། བསྟན་དུ་ཡང་མེད་ལ་ཐོགས་པ་ཡང་མེད་པ་དང་གསུམ་མོ། །དེ་ལ་འབྱུང་བ་ཆེན་པོ་བཞིའི་མཚན་ཉིད་ཁ་དོག་དང་དབྱིབས་ལ་སོགས ་བ་ནི་བསྟན་དུ་ཡང་ཡོད་ཅིང་ཐོགས་པ་དང་ཡང་བཅས་པའོ། །མིག་ལ་སོགས་པའི་དབང་པོ་ལྔ་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ནི་བསྟན་དུ་མེད་ལ་ཐོགས་པ་དང་བཅས་པའོ། །རྣམ་པར་རིག་བྱེད་མ་ཡིན་པ་ནི་བསྟན་དུ་ཡང་མེད ་ལ་ཐོགས་པ་ཡང་མེད་པ་སྟེ། དེ་ནི་རྣམ་པར་རིག་བྱེད་ཀྱི་གཟུགས་དང་བསམ་གཏན་བཞི་ལ། རྒྱུ་གཟུགས་ཅན་ལས་སྐྱེས་པའི་ཕྱིར་གཟུགས་སུ་བཞག་སྟེ། གཟུགས་ཀྱི་ཕུང་པོ་ནི་དེ་ལྟ་བུའི་མཚན་ཉིད་དོ། །ཚོར་བའི ་ཕུང་པོ་གང་ཞེ་ན། མྱོང་བ་རྣམ་པ་གསུམ་སྟེ་ཞེས་སྨོས་ཏེ། བདེ་བ་དང་སྡུག་བསྔལ་དང། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་གསུམ་ཉམས་སུ་མྱོང་བ་ནི་ཚོར་བ་ཞེས་བྱའོ། །དེ་ལ་བདེ་བ་ནི་གང་འགགས ་ན་ཕྲད་པར་འདོད་པའོ་ཞེས་བྱ་བ་ནི་ལུས་དང་སེམས་ལ་དབེན་ཅིང་བདེ་བ་འབྱུང་ན་དེ་དང་བྲལ་བར་མི་འདོད་ལ་བྲལ་ན་ཡང་སླར་ཕྲད་པར་འདོད་པའོ། །སྡུག་བསྔལ་ནི་གང་བྱུང་ན་བྲལ་བར་འདོད་པའོ་ཞེས་བྱ་བ་ནི་ལུས་དང ་སེམས་ལ་གནོད་པ་ཞིག་བྱུང་ན། དེ་དང་འགྲོགས་པར་མི་འདོད་པས་ན་བྲལ་བར་འདོད་པའོ། །སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ནི་གང་བྱུང་ན་གཉིས་གར་འདོད་པར་མི་འགྱུར་བའོ་ཞེས་བྱ་བ ་ནི། ལུས་དང་སེམས་ལ་གནོད་པར་བྱེད་ལ། མེད་པས་བྲལ་བར་འདོད་པ་ཡང་མེད། ལུས་དང་སེམས་ལ་ལྷག་པར་བདེ་ཞིང་ཕན་པར་བྱེད་པ་ཡང་མེད་པ་ན་འགྲོགས་པ་འམ་ཕྲད་པར་འདོད་པ ་ཡང་མེད་དོ། །གཉི་གར་འདོད་པ་མེད་ཅེས་བྱ་བའོ། །འདུ་ཤེས་ཀྱི་ཕུང་པོ་གང་ཞེ་ན། ཡུལ་མཚན་མར་འཛིན་པ་རྣམས་པ་གསུམ་སྟེ། ཆུང་ངུ་དང་ཆེན་པོ་དང་ཚད་མེད་པའོ་ཞེས་སྨོས་ཏེ། ཡུལ་ནི་གཟུགས་དང་སྒྲ ་ལ་སོགས་པ་དམིགས་པར་བྱ་བའི་ཆོས་རྣམས་སོ། །མཚན་མར་འཛིན་པ་ནི་ཁ་དོག་དང་དབྱིབས་ཀྱི་བྱེ་བྲག་ཐ་དད་པ་མང་པོ་ལ་བྱའོ། །ཆུང་ངུ་ནི་འདོད་པའི་ཁམས་ངན་པ་ལ་དམིགས་པའོ། །ཆེན་པོ་ནི་བསམ་གཏན་དང་པོ་ནས ་བཞི་པ་མན་ཆད་དེ་གཟུགས་ཀྱི་ཁམས་ལ་དམིགས་པའོ། །ཚད་མེད་པ་ནི་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་མན་ཆད་དེ། གཟུགས་མེད་པའི་ཁམས་ལ་དམིགས་པ་དང་གསུམ་མོ། ། ་འདུ་བྱེད་ཀྱི་ཕུང་པོ་གང་ཞེ་ན། ཚོར་བ་དང་འདུ་ཤེས་ལས་གཞན་པ་སེམས་ལས་བྱུང་བའི་ཆོས་རྣམས་ཏེ། ཞེས་བྱ་བ་ནི་རྒྱུ་དང་རྐྱེན་མང་པོ་ཚོགས་པ་ལས་བྱུང་བའི་ཕྱིར་གཟུགས་ལ་སོགས་པའི་ཕུང་པོར་བསྡུས་པ ་ཀུན་ལ་ཡང་འདུ་བྱེད་ཅེས་བྱ་མོད་ཀྱི། འདིར་ནི་སེམས་ལས་བྱུང་བའི་འདུ་བྱེད་རྣམས་ལ་བྱ་སྟེ། ཚོར་བ་དང་འདུ་ཤེས་གཉིས་གོང་དུ་ཕུང་པོའི་ནང་དུ་བསྟན་པས་དེ་བཀོལ་བའི་ཕྱི་མ་རེག་པ་ནས་བཟུང་སྟེ། དཔྱོད ་པ་ལ་ཐུག་པའི་བར་དེ་དག་ལ་བྱའོ། །དེ་དག་ལས་ལྔ་ཀུན་ཏུ་འགྲོ་བ་གང་ཞེ་ན་ཞེས་སྨོས་ཏེ། འདུ་བྱེད་སེམས་དང་ལྡན་པ་ལྔ་བཅུ་རྩ་གཅིག་དང་སེམས་དང་མི་ལྡན་པ་བཅུ་བཞི་པོ་དག་རེ་རེ་ནས་སྟོན་ཏེ། ཀུན་ཏུ་འགྲོ་བ ་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཀུན་གྱི་ནང་དུ་སྣང་ཞིང་འཇུག་ཅེས་བྱ་བའི་ཐ་ཚིག་གོ་།རིག་པ་ནི་གསུམ་འདུས་ནས་ཡོངས་སུ་གཅོད་པའོ། ཞེས་བྱ་བ་ནི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་གསུམ་འདུས་པ་ལས་ཡུལ་བདེ་བས? ་སོགས་པ་ཇི་ལྟ་བ་དེ་ལྟར་དབང་པོ་ཡང་འགྱུར་བ་དེ་རྣམ་པར་ཤེས་པས་གཅོད་ཅིང་ཚོར་བ་སྐྱེད་པར་བྱེད་པས་ན་རེག་པ་ཞེས་བྱའོ། །ཡིད་ལ་བྱེད་པ་ནི་སེམས་ཀྱི་འཇུག་པའོ་ཞེས་བྱ་བ་ནི་དམིགས་པར་བྱ་བའི་ཡུལ་ལ་སེམས ་གཏོར་ཅིང་མངོན་ཏུ་ཕྱོགས་པར་བྱེད་པས་ན་སེམས་ཀྱི་འཇུག་པ་ཞེས་བྱའོ། །ཚོར་བ་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མྱོང་བར་བྱེད་པའོ་ཞེས་བྱ་བ་ནི། ལས་དགེ་བ་དང་མི་དགེ་བ་དང་ལུང་དུ ་མ་བསྟན་པའི་འབྲས་བུ་བདེ་བ་དང་སྡུག་བསྔལ་དང་གཉིས་ཀ་མ་ཡིན་པ་གསུམ་ཉམས་སུ་མྱོང་བར་བྱེད་པའོ། །འདུ་ཤེས་ནི་རྣམ་པར་ཤེས་པའི་དོན་རྣམས་ལ་བྱེ་བྲག་འབྱེད་པའོ་ཞེས་བྱ་བ་ནི་སྒོ་ལྔའི་རྣམ་པར་ཤེས་པའི་དམིགས་པ་ཐ་དད་པའི་བྱེ ་བྲག་སོ་སོར་གསལ་བར་བྱེད་ཅིང་གཅོད་པའོ། །སེམས་པ་ནི་ཡོན་ཏན་དང་ཉེས་པ་དང་གཉི་ག་མ་ཡིན་པ་ལ་སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་སོ། །ཞེས་བྱ་བ་ནི་ལས་དགེ་བ་ནི་ཡོན་ཏན་ཞེས་བྱ། ལས་མི་དགེ་བ་ནི་ཉེས ་པ་ཞེས་བྱ། ལས་ལུང་དུ་མ་བསྟན་པ་ནི། གཉི་ག་མ་ཡིན་པ་ཞེས་བྱ་སྟེ། ལས་དེ་གསུམ་ལ་སེམས་པས་སེམས་སློང་ཞིང་གཏོད་པ་ནི། དཔེར་ན་རྡོ་ཁབ་ལེན་གྱི་ཁབ་གཡོ་བར་བྱེད་པ་བཞིན་དམིགས་པའི་ཡུལ ་ལ་འཇུག་པར་བྱེད་པའི་ཕྱིར་རོ། །ལྔ་ཡུལ་སོ་སོར་ངེས་པ་གང་ཞེ་ན། འདུན་པ་ནི་བསམ་པའི་དངོས་པོ་ལ་འདོད་པའོ་ཞེས་སྨོས་ཏེ། ཀུན་ཏུ་འགྲོ་བ་ལྟར་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་གནས་ཀུན་ལ་མི་འཇུག ་གི་།རང་གི་ཡུལ་གང་ཡིན་པ་དེ་ཉི་ཚེ་ལ་འཇུག་པས་ན། ཡུལ་སོ་སོར་ངེས་པ་ཞེས་བྱའོ། །དབང་པོ་དང། རྣམ་པར་ཤེས་པའི་ཡུལ་དུ་གྱུར་པ་གང་ཡང་རུང་བ་དེ་དག་ནི་བསམ་པའི་དངོས་པོ་ཞེས་བྱ། དེ་ལ་མངོན་སུམ་དུ་བྱ་བའི ་ཕྱིར་དོན་དུ་གཉེར་ཅིང་བསྒྲུབ་པ་ནི་འདོད་པ་ཞེས་བྱ་སྟེ། དེར་འདུན་པའི་ཕྱིར་རོ། །མོས་པ་ནི་ངེས་པའི་དངོས་པོ་དེ་བཞིན་དུ་ངེས་པར་འཛིན་པའོ་ཞེས་བྱ་བ་ལ་ངེས་པ་ནི་མེས་པའི་ཡུལ་ཉི་ཚེ་ལ་བྱ་སྟེ། མ་མོས་པའི་ཡུལ་གཞན་ལ་མི་བྱའོ། དེ་ཡང་མངོན་སུམ་དང་? ་དཔག་པའི་སྒོ་མས་དཔྱད་དེ། མདོ་སྡེ་དང་བསྟན་བཅོས་ཀྱི་ལུང་ལ་ཡིད་ཆེས་ཤིང་ཐེ་ཚོམ་མེད་པ་ནི་ངེས་པར་ཞེས་བྱའོ། །ཡང་ན་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་རྟག་པ་དང་བདེ་བ་མ་ཡིན་གྱི། མི་རྟག་པ་ལ་སོགས་པར་འཛིན་པ་ལ་ངེས་པ་ཞེས ་བྱའོ། །དྲན་པ་ནི་འདྲིས་པའི་དངོས་པོ་ཉིད་མ་བརྗོད་པ་སྟེ་སེམས་ཀྱིས་མངོན་པར་བརྗོད་པ་ཉིད་དོ་ཞེས་བྱ་བ་ལ་མངོན་འཕྲད་ཅིང་ཉམས་སུ་མྱོང་སྟེ་འགྲོགས་འགྲོགས་པ་ན་འགྲིས་པ་ཞེས་བྱ་སྟེ། འདྲིས་པ་དེ་ལྟ་བུའི་དངོས་པོ་མ་བརྗེད་པ་སྟེ། དཔེར་ན་ཚིག་ཏུ་སྨྲ་བ་དང ་འདྲ་བར་གསལ་བར་དྲན་པ་ནི་སེམས་ཀྱིས་མངོན་པར་བརྗོད་པ་ཞེས་བྱའོ། །ཏིང་ངེ་འཛིན་མི་རྟག་པའི་དངོས་པོ་ལ་སེམས་རྩེ་གཅིག་པ་ཉིད་དོ། །ཞེས་བྱ་བ་ལ་བརྟག་པའི་དངོས་པོ་ནི་མ་བྱུང་མ་སྐྱེས་པའི་དོན་ཉིད་དམ ་བདེན་པ་བཞི་ལ་གཅིག་ཅིང་ཡང་བཞི་བཞི་ལྟར་ཤེས་པར་བྱའོ། །སེམས་རྩེ་གཅིག་པ་ནི་དཔེར་ན་སྐུད་པའི་སྣ་བསྒྲིམས་ཏེ་ཁབ་ཀྱི་མིག་ཏུ་གཞུགས་པ་དང་འདྲ་བར་བསྒོམས་པའི་ཡུལ་ལ་སེམས་གཞན་དུ་མི་གཡེང་བར་གཏོད་པ ་ནི། ཏིང་ངེ་འཛིན་རྩེ་གཅིག་པ་ཞེས་བྱའོ། །ཤེས་རབ་ནི་དེ་དག་ཉིད་ལ་རབ་ཏུ་རྣམ་པར་འབྱེད་པ་སྟེ། །རིགས་པ་དང་རིགས་པ་མ་ཡིན་པས་བསྐྱེད་པ་དང་གཞན་པའོ་ཞེས་བྱ་བ་ལ་ཤེས་རབ་ནི་རྣམ་པ་གསུམ་སྟེ། ་མཉན་པ་དང་བསམ་པ་དང་བསྒོམས་པའི་ཤེས་རབ་བྱ་སྟེ། དེ་ཡང་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་ནི་རིགས་པས་བསྐྱེད་པའོ། །མུ་སྟེགས་ཀྱི་བསྟན་པ་ལ་ཞུགས་པ་ནི་རིགས་པ་མ་ཡིན་པས་བསྐྱེད་པ་ཞེས་བྱའོ། །དེ་གཉིས་?? ་མ་བསྟན་ཀྱང་རང་བཞིན་གྱིས་ཤེས་ཉེན་ཆེ་བ་ནི་བཞན་པ་ཞེས་བྱའོ། །དེ་དག་ཉིད་ལ་རབ་ཏུ་རྣམ་པར་འབྱེད་ཅེས་བྱ་བ་ནི་གོང་དུ་སྨོས་པའི་ཏིང་ངེ་འཛིན་གྱི་ཡུལ་ཉིད་ལ་སྟེ། རིགས་པའི་ཤེས་པས་ནི་ཆོས་རྣམས་ཀྱིས་རང་དང་སྤྱིའི་མཚན་ཉིད་དོན ་དམ་པར་སྐྱེ་འགག་མེད་པ་དང། ཀུན་རྫོབ་ཏུ་ས་སྲ་བ་དང་ཆུ་གཤེར་བ་ལ་སོགས་པའི་མཚན་ཉིད་མ་ནོར་བར་གཏན་ལ་འབེབས་སོ། །རིགས་པ་མ་ཡིན་པའི་ཤེས་པས་ནི་བདག་མེད་པ་བདག་ཡོད་པར་བརྟགས་ཤིང་བསྒོམས་ཏེ་རབ་སྐྱེས་པར་མཐོང་བ་ལ་སོགས་པ ་ལྟ་བུའོ། །གཞན་པའི་ཤེས་རབ་ནི་སུས་ཀྱང་མ་བསླབས་པར་རང་བཞིན་གྱི་བློ་རྣོ་ཞིང་ལས་སུ་བྱ་བ་དང། ཚིག་སྨྲ་བ་ལ་སོགས་པ་བྱ་བ་ཐམས་ཅད་ལ་མཁས་པའི་ཕྱིར་རོ། །བཅུ་གཅིག་དགེ་བ་གང་ཞེ་ན། དད་པ་ནི་ལས་དང་འབྲས་བུ་དང། དགེ་བ་དང། དཀོན ་མཆོག་ལ་མངོན་པར་ཡིད་ཆེས་པ་དང་སེམས་དང་པའོ། ཞེས་སྨོས་ཏེ། ལས་ནི་དགེ་བ་དང། མི་དགེ་བ་དང། ལུང་དུ་མ་བསྟན་པའོ། །འབྲས་བུ་ནི་ལས་དེས་སྐྱེས་པ་སྟེ། བདེ་བ་དང་སྡུག་བསྔལ་དང་གཉིད་ག་མ་ཡིན་པའོ། །བདེན་པ་ནི་བཞི་སྟེ་སྡུག་བསྔལ ་བ་དང། ཀུན་འབྱུང་བ་དང་འགོག་པ་དང། ལམ་གྱི་བདེན་པ་ཏེ། དེ་དག་ཡོད་པར་ཡིད་ཆེས་པ་དང། དཀོན་མཆོག་ནི་གསུམ་སྟེ། སངས་རྒྱས་ནི་མཁྱེན་པ་དང་སྤངས་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཆོས་ནི་སྡུག་བསྔལ་ཐམས་ཅད་ལས་ཐར་བར་བྱེད་པའི་ལེ་མ ་ཡིན་ནོ། །དགེ་འདུན་ནི་ཉོན་མོངས་པ་སྤོང་བ་ལ་ཞུགས་པ་བསོད་ནམས་ཀྱི་ཞིང་ཡིན་ནོ་ཞེས་དེ་དག་གི་ཡོན་ཏན་རིག་ནས་སེམས་དང་བ་ནི་དང་བ་ཞེས་བྱའོ། །ངོ་ཚ་ཤེས་པ་ནི་བདག་གམ་ཆོས་ཀྱི་དབང་དུ་བྱས་ཏེ་ཁ་ན་མ་ཐོ་བས་འཛེམས་པའོ། ཞེས་སྨོས་ཏེ། ་བདག་ནི་དག་སྤྱོད་དམ་བྲམ་ཟེ་ལྟ་བུ་རིགས་བཙུན་པ་ཚུལ་འཛིན་པ་ཡིན་གྱི་ལས་ངན་པ་བྱ་བར་མི་འོས་པ་འདི་དག་ནི་བདག་གིས་བྱ་བའི་ཆ་མ་ཡིན་ནོ་སྙམ་ནས་མི་བྱེད་པ་ནི་བདག་གི་དབང་དུ་བྱས་པ་ནི་ལས་ངན་པ་སྡིག་པ་མི་དགེ་བའི་ལས་བྱས ་ན་དེའི་འབྲས་བུ་ངན་སོང་རྒྱུད་གསུམ་དུ་ལྟུང་ཞིང་སྡུག་བསྔལ་སྣ་ཚོགས་སུ་གྱུར་པ་ན་མི་རུང་ངོ་སྙམ་ནས་མི་བྱེད་པའོ། །ཁ་ན་མ་ཐོ་བ་ནི་ཚིག་ཏུ་གླེང་ཞིང་བརྗོད་དུ་མི་བཟོད་དེ་སྨྲ་བར་ཡང་མི་འོས་ཤིང་སྨད་པའི་གནས་ཏེ། དེ་ལྟ་བུས་འཇིགས་པ་ནི་འཛེམས་པ ་ཞེས་བྱའོ། །ཁྲེལ་ཡོད་པ་ནི་འཇིག་རྟེན་གྱི་དབང་དུ་བྱས་ཏེ་ཁོ་ན་མ་ཐོ་བས་འཛེམ་པའོ། །ཞེས་བྱ་བ་ནི་བདག་གིས་སྲོག་བཅོད་པ་ལ་སོགས་པ་ལས་བྱ་བའི་ཆ་མ་ཡིན་པ་འདི་དག་བྱས་ན་གཞན་གྱིས་སྨད་ཅི་སྤྱད་དེ་སྐྱོན་དུ་གྲགས་ནམ་ཡེགས་སྙམ་དུ་དེ ་འཇིགས་ཤིང་མི་བྱེད་པ་ནི་འཛེམ་པ་ཞེས་བྱའོ། །མ་ཆགས་པ་ནི་ཆགས་པའི་གཉེན་པོ་སྟེ། ཡིད་འབྱུང་ཞིང་མི་ལེན་པའོ་ཞེས་བྱ་བ་ལ་ཆགས་པར་བྱ་བའི་ཡུལ་ནི་ལུས་དང་ལོངས་སྤྱོད་དོ། །དེ་དག་གིས་གཉེན་པོ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག ་གསུམ་གྱི་གཉེན་པོ་མི་གཙང་བ་དང་བྱམས་པ་དང། རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། རིམ་བཞིན་དུ་རེ་རེར་སྦྱར་རོ། །ཡིད་བྱུང་ཞིང་མི་ལེན་པ་ནི་ལུས་དང་ལོངས་སྤྱོད་དེ་དག་ལ་སྤྱོད་ཅིང་གནས་གནས་པའི་མཛའ་སྐྱེ་བ་དང། རྒ་བ་དང། ན་བ་དང། འཆི་བ ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་འབྱུང་ཞིང་འཕེལ་བར་རིག་ནས་སྤོང་ཞིང་དེ་ལ་མི་འཇུག་པའོ། །ཞེ་སྡང་མེད་པ་ནི་ཞེ་སྡང་གི་གཉེན་པོ་སྟེ་བྱམས་པའོ་ཞེས་སྨོས་ཏེ། ཞེ་སྡང་གི་ཡུལ་ནི་དགྲ་དང་དགུ་དང་མཚོན་ཆ་དག་སྟེ། དེ་དག་གཞིག་པ་དང་ཕུང་བ ་དང་བརླག་པར་བྱའོ་སྙམ་པ་ནི་ཞེ་སྡང་ཞེས་བྱ་སྟེ། དེ་ལྟ་བུའི་བསམ་པ་དང་སྦྱོར་བ་མི་བྱེད་པ་ཉིད་ལས་ཡང་གཉེན་པོ་ཞེས་བྱའོ། །འདིར་ནི་སེམས་ཅན་ཐམས་ཅད་ལ་བུ་གཅེས་པ་དང་འདྲ་བར་བྱམས་པའི་སེམས་ཡོད་པ་དེ་ལ་ཞེ་སྡང་མི་འབྱུང་བས་ན་གཉེན ་པོ་སྟེ་བྱམས་པ་ལ་ཞེ་སྡང་མེད་པ་ཞེས་བྱའོ། །གཏི་མུག་མེད་པ་ནི་གཏི་མུག་གི་གཉེན་པོ་སྟེ། ཡང་དག་པ་ལ་ཡང་དག་པར་རྟོག་པའོ་ཞེས་སྨོས་ཏེ། ཆོས་རྣམས་ལ་ཆོས་དང་གང་ཟག་དངོས་པོ་ཡོད་པར་ལྟ་ཞིང། རྟག་སྐྱིད་ང?་གཙང་ཕྱིན་ཅི་ལོག་ཏུ་རྟོག་པ་ནི་རྟོག ་པ་ཞེས་བྱ་ལ། དེའི་གཉེན་པོ་ནི་ཕྱིན་ཅི་མ་ལོག་པའི་ཤེས་རབ་བརྩོན་འགྲུས་དང་ཏིང་ངེ་འཛིན་དང་འགྲོགས་པ་དེས་ཆོས་དང་གང་ཟག་ལ་སོགས་པ་ཡོད་པར་རྟོག་པའི་ཕྱིན་ཅི་ལོག་སྤངས་ཏེ། སྟོང་པ་དང་བདག་མེད་པ་ལ་སོགས་པར་ཤེས་པ ་ནི་ཡང་དག་པ་ལ་ཡང་དག་པར་རྟོག་པ་ཞེས་བྱའོ། །བརྩོན་འགྲུས་ནི་ཡེ་ལོའི་གཉེན་པོ་སྟེ། དགེ་བ་ལ་སེམས་མངོན་པར་སྤྲོ་བའོ་ཞེས་སྨོས་ཏེ། ཡེ་ལོ་ནི་རྣམ་པ་གཉིས་ཏེ་དམན་པ་ལ་སྦྱོར་བ་དང། སྙོམ་ལས་སོ། །དེ་ལ་སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི ་ལས་བྱེད་པ་དག་ནི་འབད་པ་ཆེན་པོས་བརྩོན་པར་བྱེད་ཀྱང་བརྩོན་འགྲུས་མ་ཡིན་གྱི། དམན་པ་ལ་སྦྱོར་བའི་ལེ་ལོ་ཞེས་བྱའོ། །ཉལ་བ་དང་འཕྲེས་པ་ལ་སོགས་པ་ནི་སྙོམ་ལས་ཀྱི་ལེ་ལོ་ཞེས་བྱ་སྟེ། ཆོས་ཉན་པ་དང་སེམས་ཤིང་བསྒོམ་པ་ལ་སོགས་པ་མི་བྱེད ་པའི་མཚན་ཉིད་དོ། །དེའི་གཉེན་པོ་ནི་ཉན་པ་དང་སེམས་པ་ནས་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་ཏེ། དགེ་བའི་ཕྱོགས་གང་ཅི་སྒྲུབ་ཀྱང་སྲོག་ལུས་ལ་མི་བལྟ་ཞིང་བར་ཆད་མེད་པར་འབད་པ་ནི་དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་སོ། །ཤིན་ཏུ་སྦྱངས་པ་ནི་གནས ་ངན་ལེན་གྱི་གཉེན་པོ་སྟེ། ལུས་དང་སེམས་ལས་སུ་རུང་བའོ་ཞེས་སྨོས་ཏེ། ལུས་ཉལ་ཞིང་འཕྲོས་པར་འདོད་པ་དང་ཆགས་ཚིག་མི་བདེ་ཞིང་སྙོམ་པ་དང། སེམས་ཞུམ་རྒོད་དང་བྱིང་རྨུགས་ཀྱི་དབང་དུ་སོང་སྟེ། ལས་སུ་མི་རུང་བ་ནི་གནས་ངན་ལེན་ཅེས་བྱ ་སྟེ། དེས་འཁོར་བ་དང་ངན་སོང་གི་གནས་སུ་འགྲོ་བའི་ཕྱིར་རོ། །དེའི་གཉེན་པོ་ནི་ལུས་ངལ་ཞིང་སྙོམ་པ་དང་སྐྱོ་ཞིང་དུབ་པ་མེད་པར་ཡང་ཞིང་བདེ་བ་དང་ཞུ་མ་རྒོད་དང་བྱིང་རྒོད་མེད་དེ་གསལ་ཞིང་རྩེ་གཅིག་ཏུ་འདུག་པ་སྟེ། ལུས་དང་སེམས་དེ་ལྟར་གྱུར་པ ་ནི་ལས་སུ་རུང་བ་དང་ཤིན་ཏུ་སྦྱངས་པ་ཞེས་བྱའོ། །བག་ཡོད་པ་ནི་བག་མེད་པའི་གཉེན་པོ་སྟེ། མ་ཆགས་པ་ནས་བརྩོན་འགྲུས་ཀྱི་བར་དེ་དག་ལ་གནས་ནས་མི་དགེ་བའི་ཆོས་སྤོང་ཞིང་དེའི་གཉེན་པོ་དགེ་བའི་ཆོས་རྣམས་ཀྱང་སྒོམ་པའོ་ཞེས་སྨོས་ཏེ། ་བག་ཡོད་པ་ནི་འདོད་མ་ཆགས་པ་དང། ཞེ་མི་སྡང་བ་དང། གཏི་མི་མུག་པ་གསུམ་གྱིས་རྒྱུ་བྱས་ཤིང་བརྩོན་འགྲུས་ལ་གནས་བཅས་ནས་མི་དགེ་བའི་ཆོས་རྣམས་ལ་སེམས་ཡན་ཏུ་མི་གཏོང་ཞིང་ཕྱིར་ཟློག་པ་ནི་མི་དགེ་བ་སྤོང་བའོ། །དགེ་བའི་ཆོས་སྒོམ་པ་ནི ་མོས་པས་སྤྱོད་པ་དང་ས་དང་པོ་ལ་སོགས་པ་འཇིག་རྟེན་གྱི་དགེ་བ་དང། འཇིག་རྟེན་ལས་འདས་པའི་དགེ་བ་དེ་དག་ནི་གཉེན་པོ་སྟེ་དེ་ལ་སེམས་ཀྱི་ཡང་ཡང་དུ་འདྲིས་པར་བྱེད་པ་ནི་སྒོམ་པ་ཞེས་བྱའོ། །བཏང་སྙོམས་ནི་མ་ཆགས་པ་ནས་བརྩོན་འགྲུས་ཀྱི་བར ་དེ་དག་ཉིད་ལ་གནས་ཤིང་སེམས་མཉམ་པ་ཉིད་དང། སེམས་རྣལ་དུ་འདུག་པ་ཉིད་དང། སེམས་ལྷུན་གྱིས་གྲུབ་པ་ཡང་ཐོབ་པ་སྟེ། གང་གིས་ཉོན་མོངས་པ་ཅན་གྱིས་ཆོས་རྣམས་བསལ་ཞིང་ཉོན་མོངས་པ་ཅན་མེད་པར་གནས་པའོ་ཞེས་སྨོས་ཏེ། བཏང ་སྙོམས་རྣམ་པ་གསུམ་ལས་འདིར་ནི་འདུ་བྱེད་ཀྱི་བཏང་སྙོམས་ཏེ། དེ་ཡང་གོང་མ་བཞིན་དུ་མ་ཆགས་པ་ལ་སོགས་པ་གསུམ་ནི་བཏང་སྙོམས་ཀྱི་རྒྱུའོ། །བརྩོན་འགྲུས་ནི་བཏང་སྙོམས་ཀྱི་གནས་ཏེ། དེ་ལ་འདས་ནས་བཏང་སྙོམས་ཀྱི་ཐོག་མ་དང་བར་མ ་དང། ཐ་མ་གསུམ་འབྱུང་ངོ། །དེ་ལ་ཐོག་མར་ཞུམ་རྒོད་མེད་པ་རྙེད་མ་ཐག་པ་ནི་སེམས་མཉམ་པ་ཉིད་ཅེས་བྱའོ། །དེ་ནས་ཞུམ་རྒོད་དེ་ཕྱི་འབྱུང་དུ་དོགས་བཞིན་དུ་གནས་པ་ནི་སེམས་རྣལ་དུ་འདུག་པ་ཞེས་བྱའོ། །དེ་ནས་ཡུན་རིང་དུ་བསྒོམས་ཏེ་གོམས ་ནས་ཞུམས་རྒོད་མི་འབྱུང་ཞིང་དོག་པ་མེད་པར་གནས་པ་ནི་ལྷུན་གྱིས་གྲུབ་པ་ཞེས་བྱ་སྟེ། བཏང་སྙོམས་ཀྱི་རང་བཞིན་དེ་ལྟ་བུ་ཐོབ་པའི་གང་ཟག་ནི་འདོད་ཆགས་ལ་སོགས་པའི་སེམས་སྐྱེ་མི་སྲིད་དེ། དེ་མི་འབྱུང་བ་ནི་ཉོན་མོངས་པ་གསལ་བ་ཞེས ་བྱ་སྟེ། དེ་ལྟར་སེམས་དག་པར་བསམ་གཏན་ལ་གནས་ན། ཉོན་མོངས་པ་མེད་པར་གནས་པ་ཡང་དེ་ཉིད་ཡིན་ནོ། །རྣམ་པར་མི་འཚེ་བ་ནི་རྣམ་པར་འཚེ་བའི་གཉེན་པོ་སྟེ་སྙིང་རྗེ་བའོ་ཞེས་སྨོས་ཏེ། བསོད་སྦྱུག་དང་བརྡེགས་འཆོག་ལ་སོགས་པ་སྣ ་ཚོགས་བྱེད་པ་ནི་རྣམ་པར་འཚེ་བའོ། །དེའི་གཉེན་པོ་ནི་སྙིང་རྗེ་སྟེ། དེ་ཡོད་ན་བདག་གིས་སྲོག་ལུས་ཀྱང་ཕངས་པ་མེད་པར་སེམས་ཅན་གྱི་ཕྱིར་གཏོང་ན་གནོད་པ་མི་བྱ་བ་ལྟ་ཅི་ཞིག་སྨོས་ཏེ་སེམས་ཅན་ལ་ཐོ་མི་མཚམ་པའི་ཕྱིར་རོ། ། ་ཉོན་མོངས་པ་དྲུག་གང་ཞེ་ན་ཞེས་བྱ་བ་ནི་འདོད་ཆགས་དང་ཁོང་ཁྲོ་བ་དང། ང་རྒྱལ་དང། མ་རིག་པ་དང། ལྟ་བ་དང། ཐེ་ཙོམ་མོ། །འདོད་ཆགས་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ་ཞེན་པ་དང་ལྷག་པར་ཆགས་པའོ་ཞེས་བྱ་བ་ལ། ཟག་པ་དང་བཅས ་པའི་གཟུགས་ཀྱིས་ཕུང་པོ་ནས་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པའི་ཁུང་པོ་ཟག་པ་དང་བཅས་པའི་བར་དུ་ལྔ་ནི་རྒྱུ་འདོད་པ་དང་ལྟ་བ་དང། ཚུལ་ཁྲིམས་དང། བརྟུལ་ཞུགས་དང། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་བཞི་ལས ་བྱུང་བས་ཉེ་བར་ལེན་པའི་ཕུང་པོ་ནས་བཏགས་ཏེ། དཔེར་ན་རྩ་ལས་བྱུང་བའི་མེ་ལས་རྩའི་མེ་ཞེས་བྱ་བ་དང་འདྲའོ། །ཕུང་པོ་དེ་ལ་ད་ལྟར་གྱིས་དུས་ན་དེ་དང་འབྲལ་མི་འཕོད་པ་ནི་ཞེན་པའོ། །ཚེ་རབས་གཞན་དུ་ཕུང་པོ་ལྔ་ལེན་པར་འདོད་པ་ནི་ལྷག ་པར་འཆགས་པ་སྟེ། དཔེར་ན་གོས་ལ་སྣུམ་ཞེན་ན་འབྱུང་བཀའ་བ་བཞིན་དུ་འདོད་པའི་ཡོན་ཏན་ལྔ་དང་རང་གི་ཕུང་པོ་ལ་ཆགས་པ་དེ་ཡང་ཉན་པ་དང་སེམས་པ་དང་སྐྱོམ་པ་ལ་སོགས་པ་འབད་པ་ཆེན་པོས་ཀྱང་བྲལ་ཞིང་སྤང་བར་དཀའ་བའི་ཕྱིར་རོ། ། ་ཁོང་ཁྲོ་བ་ནི་སེམས་ཅན་རྣམས་ལ་ཀུན་ནས་མནར་སེམས་པའོ་ཞེས་བྱ་བ་ནི་དགྲ་ལ་སོགས་པ་ཕ་རོལ་པོ་རྣམས་ལ་བརྡག་ཅིང་བསད་པ་ལ་སོགས་པ་གནོད་པ་སྣ་ཚོགས་བྱ་བར་སེམས་པ་སྟེ། རང་བཞིན་གྱིས་སེམས་རྩུབ་ཅིང་མནར་སེམས་དང་ལྡན་པས ་རྟག་ཏུ་སྡུག་བསྔལ་བར་གནས་པའི་ཕྱིར་བདེ་བ་ལ་མི་རིག་པའོ། །ང་རྒྱལ་གང་ཞེ་ན་རྣམ་པ་བདུན་ཏེ་ལས་བྱ་བ་ལ་ང་རྒྱལ་རྣམ་པ་བདུན་ནི་བདུན་ཆར་ཡང་རང་གི་ལུས་ཀྱི་ཕུང་པོ་ལ་བདག་དང་བདག་གིར་བལྟ་ནས་གཞན་དག་པས་བདག་ཁྱད་ཞུགས་སོ་སྙམ་ནས ་གུས་པ་མེད་ཅིང་ཀུན་ལ་འགྱིད་པའི་མཚན་ཉིད་དོ། །དེའི་བྱེ་བྲག་ལ་ང་རྒྱལ་ནི་ཉམ་རྩ་ལ་དང་བྱད་གཟུགས་དང། རུས་རིགས་དང། ལོངས་སྤྱོད་ལ་སོགས་པ་ཆུང་བས་རྣམས་ལས་བལྟོས་ནས་བདག་ཚོ་བ་ཡང་ཡིན་མོད་ཀྱི། དེ་ཉིད་ལ་བདག་ནི་ཐ?་གིས ་ཆེའོ་སྙམ་དུ་སེམས་དཔའ་ཨོ། །ཆེ་བའི་ང་རྒྱལ་ནི་བདག་དང་ཕ་རོལ་ཏུ་ནོར་ལ་སོགས་པ་ཀུན་མཚུངས་ཤིང་འདྲ་བ་ཡིན་ན་དེ་ལས་ཚུལ་ཁྲིམས་ལ་སོགས་པ་སྣ་འགའ་ཞིག་གིས་ནི་བདག་ཆེའོ་སྙམ?་དུ་སེམས་པའོ། །ང་རྒྱལ་ལས་ཀྱང་ང་རྒྱལ་ནི ་བདག་རུས་རིགས་ལ་སོགས་པ་གཞན་པས་ཆུང་བ་ཡིན་ཡང་གཞན་པས་བདག་ཆེའོ་སྙམ་དུ་སེམས་པའོ། །ངའོ་སྙམ་པའི་ང་རྒྱལ་ནི་ཉེ་བར་ལེན་པའི་ཕུང་པོ་ལ་བདག་དང་བདག་གིས་དངོས་པོ་མེད་པར་བདག་དང་བདག་གི་དངོས་པོ་ཡོད་དོ་སྙམ་དུ་སེམས ་རློམ་ཞིང་ཁེངས་པའི་ཕྱིར་རོ། །མངོན་པའི་ང་རྒྱལ་ནི་འཕགས་པའི་གོ་འཕང་དང། བསམ་གཏན་གྱི་ཁྱད་པར་དག་བདག་གིས་མ་ཐོབ་པར་ཡང་སེམས་ལས་སུ་རུང་བ་ཅུང་ཟད་ཙམ་ཡོད་པའི་རྗེས་སུ་བདག་ནི་འཕགས་པའི་ས་ཐོབ་པོ། །ཅུང ་ཟད་སྙམ་པའི་ང་རྒྱལ་ནི་བདག་དང་ཕ་རོལ་གཉིས་འབན་ཆད་པས་ཕ་རོལ་ཆེ་བ་ཡིན་ཏེ། དེ་ལྟར་མི་འཛིན་གྱི་བདག་དང་ཅུང་ཟད་ཅིག་ཆེ་ཆུང་ཡོད་དུ་ཟད་སྙམ་དུ་སེམས་པའོ། །ལོག་པའི་ང་རྒྱལ་ནི་བདག་སྐྱོན་སྣ་ཚོགས་ཅན་ཡིན་ཏེ། ཡོན་ཏན་ཅུང ་ཟད་ཀྱང་མེད་པ་ཡིན་ནོ། ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་ཀུན་དང་ལྡན་ནོ། སྙམ་དུ་སེམས་ཁེངས་ཤིང་འགྱིད་པའོ། །མ་རིག་པ་ནི་ལས་དང་འབྲས་བུ་དང་བདེན་པ་དང་དཀོན་མཆོག་རྣམས་མི་ཤེས་པ་སྟེ། དེ་ཡང་ལྷན་ཅིག་སྐྱེས་པ་དང། ་ཀུན་ཏུ་མི་བརྟགས་པའོ་ཞེས་བྱ་བ་ལ་ལས་ནི་དགེ་བ་དང། མི་དགེ་བ་དང། །ལུང་དུ་མ་བསྟན་པ་དང། འབྲས་བུ་ནི་བདེ་བ་དང། སྡུག་བསྔལ་དང་གཉི་ག་མ་ཡིན་པའོ། །བདེན་པ་ནི་སྡུག་བསྔལ་གྱི་བདེན་པ་དང། ཀུན་འབྱུང་དང་འགོག་པ་དང་ལམ ་གྱི་བདེན་པ་བཞིའོ། །དཀོན་མཆོག་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་ཏེ། དེ་གསུམ་མོ། །དེ་དག་ལ་ཡོན་ཏན་མེད་པ་དང། ཡོན་ཏན་ཅན་ཡིན་པར་མི་ཤེས་པ་ནི་མ་རིག་པའོ། །རང་བཞིན་གྱིས་དེ་དག་ཡོད་པ་འམ་ཡོན་ཏན་ཅན་དུ་མི ་ཤེས་པ་ནི་ལྷན་ཅིག་སྐྱེས་པའི་མ་རིག་པའོ། །གཞན་གྱིས་ལོག་པ་ནོར་པར་བསྟན་པའི་སྒོ་ནས་དེ་དག་མི་ཤེས་པ་ནི་ཀུན་ཏུ་བརྟགས་པའི་མ་རིག་པ་ཞེས་བྱའོ། །ལྟ་བ་ལྔ་ལས་འཇིག་ཚོགས་ལ་ལྟ་བ་ནི། ཕུང་པོ་ལྔ་པོ་དེ་དག་སྐད་ཅིག་རེ་རེ་ལ་འཇིག ་ཅིང་རྫས་མང་པོ་དུ་མ་བསགས་པའི་ཚོགས་ཡིན་ཏེ། བདག་དང་བདག་གིས་དངོས་པོ་མེད་པ་ལ། བདག་དང་བདག་གི་དངོས་པོ་ཡོད་དོ་བར་རྟོག་པའོ། །མཐར་འཛིན་པར་ལྟ་བ་ནི། རྟག་པ་དང་ཆད་པ་གཉིས་སུ་ལྟ་བ་སྟེ། དེ་ཡང་སྤྲུལ་པགས ་པ་རྗེས་པ་ལྟ་བུར་འདོད་པ་དང། ཤིང་ཟད་ན་མེ་ཤི་བ་བཞིན་དུ་གཏན་མེད་པར་འདོད་པའོ། །ལོག་པར་ལྟ་བ་ནི་སྐུར་པ་འདེབས་པ་སྟེ། ལས་དང་འབྲས་བུ་དང། བདེན་པ་དང། དཀོན་མཆོག་དང་འཇིག་རྟེན་འདི་དང་ཕ་རོལ་ལ་སོགས་པ་ཐམས ་ཅད་མེད་དོ་ཞེས་ཟེར་བའོ། །ལྟ་བ་མཆོག་ཏུ་འཛིན་པ་ནི་གོང་དུ་སྨོས་པའི་ལྟ་བས་རྣམ་པ་གསུམ་དང། ལྟ་བ་དེའི་གནས་ལུས་ཀྱི་ཕུང་པོ་རྣམས་ལ་འདི་ཁོ་ན་བཟང་པོ་ཞེས་དམ་པ་དང་གཙོ་བོར་འཛིན་ཏེ་འདི་ལས་ལྷག་པ་གཞན་མེད་དོ་སྙམ་དུ ་སེམས་པའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་ཉེས་པ་ལུས་དང་ངག་ལས་བྱུང་བ་བདུན་སྤངས་པའི་ཚུལ་ཁྲིམས་དང། ཁྱི་དང་བ་ལང་གི་བརྟུལ་ཞུགས་སམ། སྐྲ་འབལ་ཞིང་འདྲེག་པ་ལ་སོགས་པ་རྣམས་བྱས་པས ་གྲོལ་བ་དང་ཐར་པར་འགྱུར་རོ། སྙམ་དུ་སེམས་པའོ། །ཐེ་ཚོམ་ནི་བདེན་པ་ལ་སོགས་པ་ལ་གང་ཡིད་གཉིས་ཟ་བའོ་ཞེས་བྱ་བ་ནི་ལས་དང་འབྲས་བུ་དང་བདེན་པ་དང། དཀོན་མཆོག་རྣམས་ཡོད་པ་ཡིན་ནམ་མ་ཡིན། ཡོད་ན་ཡང་ཡོན་ཏན་ཅན ་ཡིན་ནམ་མ་ཡིན་སྙམ་དུ་བློ་གཉིས་སུ་འགྱུར་ཞིང་ངེས་པ་མ་རྙེད་དེ་དགེ་བའི་ཕྱོགས་ལ་མི་འཇུག་པའོ། །ཉེ་བའི་ཉོན་མོངས་པ་ཉི་ཤུ་གང་ཞེ་ན། ཁྲོ་བ་དང་ཁོང་དུ་འཛིན་པ་དང། འཆབ་པ་དང། ཚིག་པ་དང། ཕྲག་དོག་དང། སེར་སྣ་དང། སྒྱུ་དང། གཡོ་དང། ་རྒྱགས་པ་དང། རྣམ་པར་འཚེ་བ་དང། ངོ་ཚ་མེད་པ་དང། ཁྲེལ་མེད་པོ་དང། རྨུགས་པ་དང། རྒོད་པ་དང། མ་དད་པ་དང། ལེ་ལོ་དང། བག་མེད་པ་དང། རྗེད་ངེས་པ་དང། རྣམ་པར་གཡེང་པ་དང། ཤེས་བཞིན་མ་ཡིན་པ་དང་ཉི་ཤུའོ་ཞེས་སྨོས་ཏེ། འོག་ནས ་རིམས་བཞིན་བཤད་དོ། །དེ་ལ་ཁྲོ་བ་ནི་འཕྲལ་དུ་གནོད་པ་བྱེད་པ་ལ་གནས་ཏེ། གང་སེམས་ཀྱིས་ཀུན་ནས་མནར་སེམས་པའོ། ཞེས་བྱ་བ་ལ། དགྲ་ལ་སོགས་པ་ཁྲོ་བའི་ཡུལ་འདས་པ་དང་མ་འོངས་པ་ལྐོག་ཏུ་གྱུར་པ་རྣམས་ལ་མི་བྱའི། དེ་ལྟར་མངོན་སུམ་དུ ་གྱུར་པ་རྣམས་ལ་མ་རུངས་པ་དང། གནོད་པར་བྱའོ་སྙམ་དུ་སེམས་པ་ནི་ཁྲོ་བ་དང་མནར་སེམས་ཞེས་བྱའོ། །ཁོང་དུ་འཛིན་པ་ནི་མདུད་པར་འཛིན་པའོ་ཞེས་བྱ་བ་ནི་བདག་དང་བདག་གིས་གཉེན་ལ་སོགས་པ་རང་གི་འཁོར་རྣམས་ལ་གནོད་པ་བྱེད་པའི ་དགྲ་ལ་སོགས་པ་ལ་ནམ་ཞིག་ན་གནོད་པ་མ་བྱས་པར་མི་བཏང་ངོ་སྙམ་དུ་སེམས་པའོ། །འཆབ་པ་ནི་བདག་གིས་ཁ་ན་མ་ཐོ་བ་མ་ཁྱུད་བའོ། །ཞེས་བྱ་བ་ནི་སྡིག་པ་མི་དགེ་བའི་ལས་བྱ་བར་མི་འོས་པ་རྣམས་བྱས་པ་ནི་ཁ་ན་མ་ཐོ་བ་ཞེས་བྱ་སྟེ། དགེ་བའི ་བཤེས་གཉེན་གྱིས་བྱ་བ་མ་ཡིན་པའི་ལས་འདི་དག་བྱས་པ་ཉེས་ཀྱིས་ཉེས་དམིགས་འདི་དག་ཤོག་ཅིག་ཅེས་བྱས་ན་ང་ལ་ཉེས་པ་མེད་དོ་ཞེས་འཆགས་སུ་མི་བཏུབ་པའི་ཕྱིར་རོ། །འཚིག་པ་ནི་ཚིག་བརླད་པོས་ཞེར་འདེབས་པ་ཉིད་དོ་ཞེས་བྱ་བ ་ལ། གཞན་གྱིས་སྐྱོན་དང་འཚང་འདྲུ་ཞིང་གཏུམ་ཚིག་ཏུ་སྨྲ་བ་ནི་ཚིག་བརླད་པོ་ཞེས་བྱ་སྟེ། དེས་གཞན་གྱིས་ཞེ་གཅོད་པས་ན་ཞེར་འདེབས་པ་ཞེས་བྱའོ། །ཕྲག་དོག་ནི་གཞན་གྱིས་ཕུན་སུམ་ཚོགས་པ་ལ་སེམས་ཁོང་ནས་འཁྲུག་པའོ་ཞེས ་བྱ་བ་ནི་གཞན་གྱིས་རྙེད་པ་དང་བཀུར་སྟི་དང། ཐོས་པ་དང་ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་དག་མཐོང་ནས་དེ་དག་ལ་ཆགས་པའི་དབང་གིས་ཞེ་སྡང་སྐྱེ་ཞིང་སེམས་མི་བཟོད་པ་ནི་ཕྲག་དོག་ཅེས་བྱའོ། །སེར་སྣ་ནི་སྦྱིན་པ ་དང་མི་མཐུན་པ་སྟེ་སེམས་ཀྱི་ཀུན་འཛིན་པའོ། །ཞེས་བྱ་བ་ནི་འདོད་ཆགས་ཀྱི་ཤས་ཆེ་བས་འཚོ་བའི་ཡོ་བྱད་རྣམས་ལ་ཆགས་ཤིང་གཏོང་མི་ཕོད་པ་སྟེ། དཀོན་མཆོག་དང་ཕངས་པ་རྣམས་ལ་མཆོད་པ་དང་སྦྱིན་པ་ལ་སོགས་པ་བྱེད་མིན?་ནས་པ་ནི ་སྦྱིན་པ་དང་མི་མཐུན་པ་ཞེས་བྱ། ཡོ་བྱད་མི་མཁོ་བ་ངན་དོན་ཀུན་ཀྱང་བསྡུས་ཏེ། སོགས་པ་ནི་སེམས་ཀུན་ཏུ་འཛིན་པ་ཞེས་བྱའོ། །སྒྱུ་ནི་གཞན་བསླུ་པ་ཡང་དག་པ་མ་ཡིན་པའི་དོན་སྟོན་པའོ། ཞེས་བྱ་བ་ནི་ཁེ་དང། བཀུར་སྟི་དང། ་སྙེད་པ་འདོད་པའི་ཕྱིར་ཡོན་ཏན་མེད་པར་ཡང་ཡོན་ཏན་ཅན་ལྟར་ཚུལ་འཆོས་ཤིང་མིག་སྒྱུ་བྱེད་པའོ། །གཡོ་ནི་བདག་གི་ཉེས་པ་བཅས?་པའི་ཐབས་བཟུང་སྟེ། སེམས་གྱ་གྱུ་བའོ་ཞེས་བྱ་བ་ནི་སྙིང་པོ་དང། བཀུར་སྟི་འདོད་པའི་ཕྱིར ་ཚུལ་འཆོས་པ་ལ་སོགས་པའི་ཉེས་སྐྱོན་དེ་གཞན་གྱིས་ངོས་ཟིན་དུ་དོགས་ནས་གཏམ་རླུང་ལ་བསྐུར་ཞིང་ཚིག་དང་དོན་གཉི་ཀ་བརྒྱུད་པ་སྟེ། དེ་ནི་ཉེས་པ་བཅད་པའི་ཐབས་གྱ་གྱུ་ཞེས་བྱའོ། །རྒྱགས་པ་ནི་བདག་གིས་ཕུན་སུམ་ཚོགས ་པ་ལ་ཆགས་པའི་རབ་ཏུ་དགའ་བ་སྟེ། སེམས་ཀྱིས་ཡོངས་སུ་འཛིན་པའོ་ཞེས་བྱ་བ་ལ་ཕུན་སུམ་ཚོགས་པ་ནི་དུས་རིགས་དང། ཤེས་ཉེན་དང་ལོངས་སྤྱོད་དང། ཉམས་རྩལ་དང། བྱང་བཞིན་ལ་སོགས་པ་དག་གོ་།དེ་ལ་ཆགས་པའི ་རབ་ཏུ་དགའ་བ་ནི་ཕུན་སུམ་ཚོགས་པ་དེ་བདག་པའི་རྒྱུས་ཉམས?་བདེ་ཞིང་སེམས་དགའ་བའོ། །ཡོངས་སུ་འཛིན་པ་ནི་བདག་གི་ལོངས་སྤྱོད་ལ་སོགས་པ་ལ་སེམས་ཡང་ཡང་པོར་གྱུར་ནས་འདི་དག་ཁོ་ནས་ཆོག་གོ་སྙམ་དུ་སེམས་ཤིང་དགེ ་བའི་ཕྱོགས་གཞན་མི་བྱེད་པ་སྟེ། རྒྱགས་པ་ཡང་དེ་ཉིད་ལ་བྱའོ། །རྣམ་པར་འཚེ་པ་ནི་སེམས་ཅན་རྣམས་ལ་རྣམ་པར་ཐོ་འཚམ་པའོ་ཞེས་བྱ་བ་ནི་སྙིང་རྗེ་དང་སྙིང་བརྩེ་བ་མེད་པའི་རྒྱུས་ཐལ་ལྕགས་དང་ཁུ་ཚུར་ལ་སོགས་པ་བརྡེག་ཅིང་འཆིང་བ་དང ་ནན་དབང་ལ་སོགས་པ་ནན་ཏུར་སྣ་ཚོགས་བྱེད་པ་ནི་ཐོ་འཚམ་པ་ཞེས་བྱའོ། །ངོ་ཚ་མེད་པ་ནི་ཁ་ན་མ་ཐོ་བས་བདག་ལ་མི་འཛེམ་པའོ་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཤས་ཆེ་བས་དེའི་དབང་དུ་སོང་བ་ནི་ངོ་ཚ་མེད་པའོ།། ་ཁ་ན་མ་ཐོ་བ་ནི་སྡིག་པ་མི་དགེ་བའི་ལས་སོ། །བདག་ལ་མི་འཛེམ་པ་ནི་བདག་རིགས་ཀྱི་བུ་འམ་རབ་ཏུ་བྱུང་བའི་དགེ་སྦྱོང་ཡིན་པས། འདི་ལྟ་བུའི་ལས་བྱེད་པ་ནི་བདག་གིས་ཆ་མ་ཡིན་ནོ། སྙམ་དུ་སེམས་པ་མེད་པར་སྡིག་པའི་ལས་ལ་འཇུག ་པའོ། །ཁྲེལ་མེད་པ་ནི་ཁ་ན་མ་ཐོ་བས་གཞན་ལ་མི་འཛེམ་པའོ་ཞེས་བྱ་བ་ལ། །གཞན་ལ་མི་འཛེས་པ་ཞེས་བྱ་བ་ནི་སྡིག་པ་མི་དགེ་བའི་ལས་བྱ་བའི་ཆ་མ་ཡིན་པ་རྣམས་བྱེད་པའི་ཚེ་ན། གཞན་གྱིས་ཆད་པ་གཏུགས་ལ་སོགས་ཏེ་དཔྱ་ཞིང་སྨོས་པ ་དང། ཁྲེལ་བས་དོགས་པ་མེད་པའི་ཕྱིར་རོ། །རྨུགས་པ་ནི་སེམས་ལས་སུ་མི་རུང་བ་སྟེ། བློང་པ་ཉིད་དོ་ཞེས་བྱ་བ་ནི། གཏི་མུག་གི་ཤས་ཆེ་བས་ཉན་བ་དང། སེམས་པའི་དུས་ན་སེམས་ལས་སུ་མི་རུང་སྟེ། ཤེས་རབ་ཀྱི་ཁྱད་པར་བསལ་བའི་སེམས ་མེད་པའི་ཕྱིར་རོ། །རྒོད་པ་ནི་སེམས་བཞི་བའོ་ཞེས་བྱ་བ་ནི་འདོད་ཆགས་ཀྱི་ཤས་ཆེ་བས་སྔོན་རྩེ་རྩེ་རྒོད་རྒོད་པ་ལ་སོགས་པ་སྡུག་པའི་མཚན་མའི་རྗེས་སུ་འབྲངས་ཏེ་གཡེངས་ནས་སྒོམ་པའི་དུས་ན་ཞི་གནས་ཀྱི་བར་དུ་གཅོད་པའི་ཕྱིར་རོ། །མ་དང་པ་ནི ་ལས་དང་འབྲས་བུ་དང་བདེན་པ་དང་དཀོན་མཆོག་རྣམ་པ་ཡིད་མི་ཆེས་པ་དང། སེམས་མ་དད་པ་ནི། དད་པའི་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ལ། ལས་མི་དགེ་བ་དང་ལུང་དུ་མ་བསྟན་པའོ། །འབྲས་བུ་ནི་བདེ་བ་དང་སྡུག་བསྔལ་དང་གཉི་གར ་མ་ཡིན་པའོ། །བདེན་པ་ནི་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་གྱི་བདེན་པ་སྟེ་གཞིའོ། །དཀོན་མཆོག་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་གསུམ་མོ། །དེ་དག་ཡོད་པར་ནི་ཡིད་མི་ཆེས་ལ་ཡོན་ཏན་ཡིན་པར་ནི་སེམས ་མ་དད་པ་སྟེ། དད་པ་མེད་ན་དགེ་བའི་ཕྱོགས་ལ་སྦྱོར་བ་མེད་པའི་ཕྱིར་རོ། །ལེ་ལོ་ནི་དགེ་བ་ལ་སེམས་མངོན་པར་མི་སྤྲོ་བ་སྟེ། བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ནི་ཉན་པ་དང། སེམས་པ་དང། སྒོམ་པ་ལ་སོགས་པ་དགེ་བའི ་ཕྱོགས་རྣམས་ལ་མི་འཇུག་པར་ཉལ་བ་དང་གཉིས་ཞིང་འཕྲེས་པའི་བསོད་ཉོམས་ཀྱི་དབང་དུ་བྱེད་ཅིང། གཏི་མུག་གི་ཤས་ཆེ་བས་དགེ་བ་ལ་མི་རྩོལ་བའི་ཕྱིར་བརྩོན་འགྲུས་ཀྱི་མི་མཐུན་པ་དང་མི་སྤྲོ་བ་ཞེས་བྱའོ། །བག་མེད་པ་མི་ཆགས ་པ་དང། ཞེས་སྔ་དང་ལེ་ལོ་གང་ཡིན་པ་དག་གིས་ཉོན་མོངས་པ་ལས་སེམས་མི་སྲུང་པ་དང། དགེ་བ་མི་སྒོམ་པའོ་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གསུམ་གྱིས་རྒྱུ་བྱས་ནས་ལེ་ལོ་ལ་གནས་བཅས་ཏེ་དེ་བཞིའི་དབང་དུ་གྱུར་བ ་ནི་བག་མེད་པའོ། །འདོད་ཆགས་ལ་སོགས་པ་ཆོས་དེ་བཞིའི་རྗེས་སུ་སེམས་ཡན་དུ་བཏང་སྟེ་ཕྱིར་མི་ལྡོག་པ་ནི་སེམས་མི་སྲུང་བའོ། །མ་ཆགས་པ་ལ་སོགས་པ་དགེ་བའི་ཕྱོགས་ལ་ཡང་དང་ཡང་དུ་འདྲིས་པར་མི་བྱེད་བས་ན་མི་བསྒོམ་པ་ཞེས་བྱའོ།། ་བརྗོད་ངས་པ་ནི་དྲན་པ་ཉོན་མོངས་པ་ཅན་ཏེ། དགེ་བ་ལ་མི་གསལ་པའོ་ཞེས་བྱ་བ་ལ། འདོད་ཆགས་ལ་སོགས་པ་དང་འདྲེས་པའི་དྲན་པ་ནི་ཉོན་མོངས་པ་ཅན་ནོ། །ཡང་དག་པའི་མན་ངག་བརྗེད་དེ། དགེ་བའི་ཕྱོགས་ལ་དྲན་པ་མེད་པས་ན་མི ་གསལ་བ་དང་བརྗོད་ངས་པ་ཞེས་བྱའོ། །རྣམ་པར་གཡེང་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཤས་ཀྱིས་འདོད་པའི་ཡོན་ཏན་ལྔ་པོ་དག་ལ་གང་སེམས་རྣམ་པར་འཕྲོ་བའོ་ཞེས་བྱ་བ་ལ་གཡེངས་པ་ནི་རྣམ་པ་དྲུག་སྟེ། རང་བཞིན་གྱི ་གཡེང་བ་དང། ཕྱི་རོལ་ཏུ་གཡེང་བ་དང། ནང་གི་གཡེང་བ་དང། མཚན་མའི་གཡེང་བ་དང། གནས་ངན་ལེན་གྱིས་གཡེང་བ་དང། ཡིད་ལ་བྱེད་པའི་གཡེང་བའོ། །དེ་ལ་རང་བཞིན་གྱིས་གཡེང་བ་ནི་སྒོ་ལྔའི་རྣམ་པར་ཤེས་པ་རྣམས་ཏེ། དེ་དག་རང་བཞིན་གྱིས ་ཁ་ཕྱིར་བལྟས་པས་ནང་དུ་མཉམ་པར་འཇོག་མི་ནུས་པའི་ཕྱིར་རོ། །ཕྱི་རོལ་ཏུ་གཡེང་བ་ནི་མཉམ་པར་གཞག་པ་ན་ཏིང་ངེ་འཛིན་གྱི་ཡུལ་བོར་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་འདོད་པའི་ཡོན་ཏན་ལྔ་ལ་འགྲོ་བའོ། །ནང་གི་རྣམ་པར་གཡེང་བ་ནི་མཉམ ་པར་བཞག་པ་ན་བྱིང་བ་དང། རྒོད་པ་དང། རོ་མྱང་བར་བྱེད་པ་སྟེ། སྐྱོན་དེ་གསུམ་གྱིས་ཏིང་ངེ་འཛིན་མེད་པར་བྱེད་པའི་ཕྱིར་རོ། །མཚན་མའི་གཡེང་བ་ནི་ཐར་པ་འདོད་པའི་བསམ་པ་ནི་མེད་ཀྱི་ཁེ་དང་གྲགས་པ་འདོད་པའི་ཕྱིར་རོ། །གཞན་དག་གིས་འདི ་ནི་བསམ་གཏན་པ་བཙུན་པ་ཞིག་ཡིན་ནོ། །ཞེས་བརྗོད་པའི་མཚན་མ་ཙམ་ཞིག་འདོད་པའི་ཕྱིར་བརྩོན་པ་སྟེ། དེ་ནི་དགེ་པ་ལ་བརྩོན་དུ་ཟིན་ཀྱང་དོན་གྱི་འབྲས་བུ་མེད་པའི་ཕྱིར་རོ། །གནས་ངན་ལེན་གྱི་གཡེང་བ་ནི་རང་འཛིན་པ་དང་ང་ཡིར་འཛིན་པ་དང། ་ངའོ་སྙམ་དུ་འཛིན་པ་དང་བཅས་པ་ཡིད་ལ་བྱེད་པ་ནི་གནས་ངན་ལེན་གྱི་གཡེང་བ་སྟེ། དེ་ནི་སྙིང་ནས་ཏིང་ངེ་འཛིན་གྱིས་ཡོན་ཏན་འདོད་ཀྱང་བདག་ནི་བསམ་གཏན་པའོ་སྙམ་པའི་ང་རྒྱལ་གྱི་དབང་གིས་བདག་ལ་བསྟན་པར་གཞན་ལ་ཁྱད་དུ་བསོད་པ་སྟེ། ་དངོས་སུ་ན་ང་རྒྱལ་གྱི་བག་ཆགས་མ་སྤངས་ཤིང་རྟས་པ་དང། དེ་ལས་ང་རྒྱལ་མངོན་དུ་གྱུར་པ་དེ་གཉིས་ལ་གནས་ངན་ལེན་ཅེས་བྱ་སྟེ། དེ་དགེ་བ་དྲི་མ་ཅན་དུ་གྱུར་པའི་ཕྱིར་རོ། །ཡིད་ལ་བྱེད་པའི་གཡེང་བ་ནི། ཐེག་པ་ཆེན་པོའི་རིགས་ཅན་དག་འཁོར ་བའི་སྡུག་བསྔལ་གྱིས་སྐྱོ་ཞིང་མི་བཟོད་དེ། ཉན་ཐོས་ཀྱི་ཐེག་པ་ཡིད་ལ་བྱེད་ན་ཐེག་པ་ཆེན་པོ་ལས་ཉམས་པར་འགྱུར་ཏེ། དེའི་ཕྱིར་སེམས་རྣམ་པར་འཕྲོ་བ་ཞེས་བྱའོ། །བཤེས་བཞིན་མ་ཡིན་པ་ནི་ཉོན་མོངས་པ་དང་མཚུངས་པར་ལྡན་པའི ་ཤེས་རབ་སྟེ། དེ་ལུས་དང་ངག་དང་ཡིད་ཀྱིས་སྤྱོད་པ་ལ་མི་ཤེས་བཞིན་དུ་འཇུག་པའོ་ཞེས་བྱ་བ་ནི། ཤེས་རབ་ཡོད་མེད་ཀྱི་འདོད་ཆགས་དང་མ་རིག་པ་ལ་སོགས་པ་ཉོན་མོངས་པ་རྣམས་དང་འདྲེས་པའི་ཕྱིར་ཉོན་མོངས ་པ་དང་མཚུངས་པར་ལྡན་པ་ཞེས་བྱ་སྟེ། དེས་འགྲོ་བ་དང་ལྡོག་པ་དང། སྨྲ་བ་དང་བསམ་པ་ལ་སོགས་པ་ཐོག་ཏུ་མི་འཕེབས་བཞིན་དུ་དམུ་ཐོམ་དུ་བྱེད་པའི་ཕྱིར་རོ། །བཞི་གཞན་དུ་ཡང་ངོ་ཞེས་བྱ་བ་ནི་འགྱོད་པ་དང། གཉིས་དང། ་རྟོག་པ་དང། དཔྱོད་པ་སྟེ་དེ་ནི་གོང་དུ་དགེ་བ་དང། མི་དགེ་བ་ལྟར་ཕྱོགས་གཅིག་ཏུ་ངེས་པ་མེད་དགེ་བ་དང་མི་དགེ་བ་དང་ལུང་གདུ་མ་བསྟན་པ་ཀུན་གྱི་ནང་དུ་འགྲོ་བས་དགེ་བའི་ནང་དུ་སོང་ན་མི་དགེ་བ་ལས་གཞན་མི་དགེ་པའི་ནང་དུ་སོང་ན་དགེ་བ་ལས་གཞན་དུ ་གྱུར་པའི་ཕྱིར་གཞན་དུ་ཞེས་བྱའོ། །འགྱོད་པ་ནི་ཡིད་ལ་བཅགས་པའི་ཞེས་བྱ་བ་ནི་འགྱོད་པ་མེད་སྟེ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམས་ལས་སུ་བྱ་སྟེ། ཉེས་སོ་ཞེས་འགྱོད་པ་དང། ལས་སུ་མ་བྱས་པ་ཉེས་སོ་ཞེས་འགྱོད ་པ་སྟེ། དེ་ཡང་དགེ་བ་བྱས་པ་ཉེས་སོ་ཞེས་ཡིད་ལ་བཅགས་པ་ནི་འགྱོད་པ་མི་དགེ་བའོ། །དགེ་བ་མ་བྱས་སོ་ཞེས་ཡིད་ལ་བཅགས་པ་ནི་འགྱོད་པ་དགེ་བ་ཞེས་བྱ་སྟེ། མི་དགེ་བ་དང་ལུང་དུ་མ་བསྟན་པ་ལ་ཡང་དེ་བཞིན་དུ་འཐུན་འཐུན ་དུ་སྦྱར་རོ། །གཉིད་ནི་འཇུག་པ་ལ་རང་དབང་མེད་པར་སེམས་སྡུད་པའོ་ཞེས་བྱ་བ་ནི་སྒོ་དྲུག་གི་རྣམ་པར་ཤེས་པ་ཕྱིའི་ཡུལ་ལ་དམིགས་པ་ནི་འཇུག་པ་ཞེས་བྱ་སྟེ། གཉིད་ཀྱི་རྒྱུ་ཉམ་པ་ཆུང་ཞིང་དུ་བ་པ་དང། ལུས་ཅི་ཞིང་མུན་པ་ཡིད ་ལ་བྱེད་དེ། རྨུགས་རྨུགས་པའོ་འདུག་པའི་དབང་གིས་རྣམ་པར་ཤེས་པ་ཡུལ་ལ་འཇུག་མི་ནུས་ཤིང། ལུས་ཀྱང་འཛིན་མི་ནུས་པར་ནང་དུ་འདུས་ནས་བྱ་བ་ཀུན་ཤོར་བའི་མཚན་ཉིད་དེ། དེ་ཡང་དགེ་བ་བྱེད་བྱེད་པ་ལས་ཉལ་ཏེ་བར ་ཆད་ན་མི་དགེ་བའི་གཉིད་དོ། །སྡིག་པ་བྱེད་བྱེད་པ་ལས་ཉལ་ཏེ་རྒྱུན་ཆད་ན་དགེ་པའི་གཉིད་དོ། །རི་མོ་དང་ཚེམ་དྲུབ་བྱེད་བྱེད་པ་ལས་བར་ཆད་དེ་ལོག་ན་ལུང་དུ་མ་པའོ། །ཡང་ན་རྨི་ལམ་ན་དགེ་སྡིག་ཅི་ཕྱེད་པ་རྣམ་པ་གསུམ་དང་ཡང་སྦྱར་རོ། །རྟོག ་པ་གང་ཞེ་ན། རྟོག་པ་ནི་ཀུན་ཏུ་ཚོལ་པའི་ཡིད་ཀྱིས་རྗོད་པ་སྟེ་སེམས་པ་དང་ཤེས་རབ་ཀྱི་བྱེ་བྲག་གང་སེམས་རྩིད་པའོ་ཞེས་བྱ་བ་ལ། བརྩོལ་བའི་དོན་ཡིད་ཀྱིས་རྣམ་པར་ཤེས་པའི་སེམས་ལ་དྲན་པ་ནི་རྟོག་པ་དང་ཡིད་ཀྱིས་བརྗོད་པ་ཞེས་བྱའོ། །རྟོག ་པ་དེ་ཡང་འཇིག་རྟེན་དང། འཇིག་རྟེན་ལས་འདས་པ་སྟེ། འཇིག་རྟེན་གྱིས་རྟོག་པ་ནི་སེམས་དེ་སེམས་པ་དང་འགྲོགས་པའོ། །འཇིག་རྟེན་ལས་འདས་པ་ནི་ཤེས་རབ་དང་འགྲོགས་པ་ལས་འབྱུང་སྟེ། འདི་ཅི་ཡིན་ཞེས་བཙལ་ནས་འདི་ནི་བུམ་པའོ་སྣམ ་བུའོ། ཞེས་རག?་རིམས་སྤྱི་ཅི་མ་ཞིག་འོལ་ཕྱོགས་སུ་ཤེས་པ་ནི་སེམས་རྩིད་པ་ཞེས་བྱའོ། །དཔྱོད་པ་གང་ཞེ་ན་སོ་སོར་རྟོག་པའི་ཡིད་ཀྱི་བརྗོད་པ་སྟེ། དེ་བཞིན་དུ་གང་སེམས་ཞིབ་པའོ་ཞེས་བྱ་བ་ལ། གཞན་ནི་གོང་མ་དང་འདྲ་ལ་སེམས་ཞི་བ་པ་ཞེས་བྱ་བ་ནི། ་སྔར་བུམ་པའོ་ཙམ་དུ་རྩིད་པར་བརྟགས་པ་དེ་ཉིད་ལ་དཔྱོད་དེ་བུམ་པའི་བཟང་ངན་དང་ཆོས་མི་ཚོས་ཀྱིས་ཁ་དོག་དང་དབྱིབས་ཞིབ་ཏུ་གཏན་ལ་འབེབས་པ་ལྟ་བུའོ། །སེམས་དང་མི་ལྡན་པའི་འདུ་བྱེད་བཅུ་གཞི་གང་ཞེ་ན། ཞེས་བྱ་བ་ལ། མི་ལྡན་པའི ་སྒྲས་ནི་འདུ་ཤེས་མེད་པ་དང། འགོགས་པ་དང། བརྒྱལ་བ་དང་གཉིད་སྟུག་པོ་ལ་སོགས་པའི་དུས་ན་སེམས་མི་རྒྱུ་བ་ལ་བྱའོ། །གཞན་ཡང་དགེ་བ་བྱེད་པའི་དུས་ན་མི་དགེ་བའི་སེམས་མི་འབྱུང་བ་དང། རི་མོ་དང་ཚེ་ལ་དྲུབ་ལྟ་བུ་ལུང་དུ་མ་བསྟན ་པ་བྱེད་པའི་ཡུལ?་ན་གཅིག་ཏུ་དགེ་པ་དང། སྡིག་པ་བྱ་བའི་སེམས་མི་འབྱུང་བ་ལྟ་བུ་ཡང་མི་ལྡན་པ་ཞེས་བྱ་སྟེ། གཞན་ལ་ཡང་དེ་དང་འདྲ་པར་སྦྱར་རོ། །དེ་དག་ཀྱང་གང་ཞེ་ན། ཐོབ་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང། འགོག་པའི ་སྙོམས་པར་འཇུག་པ་དང། འདུ་ཤེས་མེད་པ་དང། སྲོག་གི་དབང་པོ་དང། རིས་འཐུན་པ་དང། སྐྱེ་བ་དང། རྒ་བ་དང། གནས་པ་དང། མི་རྟག་པ་ཉིད་དང། མིང་གི་ཚོགས་དང། ཚིག་གི་ཚོགས་དང། ཡི་གེའི་ཚོགས་དང། སོ་སོའི་སྐྱེ་བོ་ཉིད ་དང། དེ་ལྟ་བུའི་ཆ་དང་འཐུན་པ་དག་གོ། ཐོབ་པ་ནི་རྙེད་པ་དང་ལྡན་པའོ་ཞེས་བྱ་བ་ནི་ལས་དགེ་བ་དང་མི་དགེ་བ་དང། ལུང་དུ་མ་བསྟན་པའི་ལས་གང་ཡང་རུང་བ་ཞིག་བྱས་ན། ལས་གང་བྱས་པ་དེའི་བག་ཆགས་སྔོན་མེད་པ་ལས་དང་པོ་ཡོད་པར་བྱས་པ ་ནི་རྙེད་པ་ཞེས་བྱ། དེ་ཕན་ཆད་དེ་དང་མི་འབྲལ་བར་འགྲོགས་པ་ནི་ལྡན་པ་ཞེས་བྱའོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་མི་དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་ལ། གོང་མ་མ་ཡིན་པ་འབྱུང་བའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་སེམས་དང ་སེམས་ལས་བྱུང་པའི་ཆོས་བསྟན་པ་མ་ཡིན་པ་རྣམས་གང་འགོག་པའོ་ཞེས་བྱ་བ་ལ་བསམ་གཏན་བཞི་པའི་གནས་གསུམ་པོའི་མ་ཐོག་འབྲས་བུ་ཆེ་བའི་གནས་དེ་ཐོབ་པར་བྱ་བའི་ཕྱིར་སྒོ་དྲུག་གི་རྣམ་པར་ཤེས་པ་དང། དེ་དང་འགྲོགས་པའི་འདུ ་ཤེས་རྣམས་བཀག་སྟེ། གནས་པ་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཞེས་བྱའོ། །བསམ་གཏན་གསུམ་པའི་སྐྱོན་མ་ལུས་པར་སྤངས་པ་ནི་དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་བ་ཞེས་བྱའོ། །བསམ་གཏན་གཞི་པའི་སྐྱོན་སྤངས་པ་མཐར ་མ་ཕྱིན་པས་ན་གོང་མ་མ་ཡིན་པ་ཞེས་བྱ་གནས་དེ་ནི་ཐར་པ་གཏན་དུ་མྱ་ངན་ལས་འདས་པ་ཡིན་ནོ་སྙམ་དུ་སེམས་པ་ནི་འབྱུང་བའི་འདུ་ཤེས་སོ། །དེ་ཐོབ་པར་བྱའོ་སྙམ་དུ་སེམས་པ་ནི་སྔོན་དུ་བཏང་བའི་ཡིད་ལ་བྱེད་པའོ། །སེམས་ནི་རྣམ་པར ་ཤེས་པ་དྲུག་གོ། སེམས་ལས་བྱུང་བ་ནི་འདུ་ཤེས་ལ་སོགས་པ་སྟེ། དེ་དག་པར་འགའ་འབྱུང་བར་འགའ་མི་འབྱུང་བས་བརྟན་པ་མ་ཡིན་པ་ཞེས་བྱ་སྟེ། དེ་དག་འགོག་པ་ལ་བྱའོ། །འགོག་པའི་སྙོམས་པར་འཇུག་པ་ནི་ཅི་ཡང་མེད་པའི ་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བ་སྲིད་པའི་རྩེ་མོ་ལས་གྱེན་དུ་སྐྱོད་པ་ཞི་བར་གནས་པའི་འདུ་ཤེས་སྔོན་དུ་བཏང་པའི་ཡིད་ལ་བྱེད་པས་སེམས་དང་སེམས་ལས་བྱུང་བའི་ཆོས་བསྟན་པ་མ་ཡིན་པ་རྣམས་དང། བསྟན་པ་རྣམས་ལས་ཀྱང་ཁ ་ཅིག་འགོག་པ་གང་ཡིན་པའོ་ཞེས་བྱ་བ་ནི། རྣམ་པ་བཞིས་གོང་མ་དང་ཁྱད་པར་དུ་དབྱེ་སྟེ། དེ་ཡང་རང་བཞིན་དང། གང་ཟག་དང། ས་དང་ཡིད་ལ་བྱེད་པའོ། །དེ་ལ་འདུ་ཤེས་མེད་པ་ནི་རྣམ་པར་ཤེས་པ་དྲུག་འགོག་ལ། འགོག་པས་སྙོམས་པར་ཞུགས ་པ་ནི་རྣམ་པར་ཤེས་པ་བདུན་འགོག་པས་རང་བཞིན་གྱིས་ཁྱད་ཞུགས་སོ། །གང་ཟག་ནི་ཕྱིར་མི་ལྡོག་པའི་འཕགས་པ་ཡན་ཆད་འཇུག་པ་དང། སོ་སོའི་སྐྱེ་བོས་ཕྱེའོ། །ས་ནི་ཅི་ཡང་མེད་པའི་སྐྱེ་མཆེད་དང། དགེ་རྒྱས་ཀྱིས་ཕྱེའོ། །ཡིད་ལ་བྱེད་པ་ནི ་གཏན་དུ་བྱུང་བ་དང། རེ་ཞིག་ཞི་བར་གནས་སོ་སྙམ་པས་ཁྱད་ཞུགས་སོ། །དེ་ལ་ཅི་ཡང་མེད་པའི་སྐྱེ་མཆེད་ནི་གཟུགས་མེད་པའི་སྙོམས་པར་འཇུག་པའི་གནས་གསུམ་པ་སྟེ། འདོད་ཆགས་དང་བྲལ་བ་ནི་དེའི་ཉོན་མོངས་པ་དང་བྲལ་བའོ། ། ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་ཉོན་མོངས་པ་སྤོང་བ་ལ་ཞུགས་པ་ནི་སྲིད་པའི་རྩེ་མོ་ལས་གྱེན་དུ་སྐྱོད་པ་ཞེས་བྱ་བའོ། །དེ་མཐར་མ་ཕྱིན་པར་གནས་པ་ནི་གཏན་དུ་མྱ་ངན་ལས་འདས་པ་མ་ཡིན་ཡང་དེ་དང་འདྲ་བར་བདེ་བ་ཡིན་པས་རེ་ཞིག ་དེ་ལ་གནས་སོ་སྙམ་དུ་སེམས་པ་ནི་ཞི་བར་གནས་པའི་འདུ་ཤེས་དང་ཡིད་ལ་བྱེད་པ་སྔོན་དུ་བཏང་པ་ཞེས་བྱའོ། །སེམས་དང་སེམས་ལས་བྱུང་བ་ནི་གོང་མ་དང་འདྲ། བསྟན་པ་ནི་ཉོན་མོངས་པའི་ཡིད་དང་དེའི་འཁོར་རྣམས་ལ་བྱ་སྟེ། རྣམ་པར་ཤེས ་པ་བདུན་འགོག་པ་ལ་བྱའོ། །འདུ་ཤེས་མེད་པ་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་འབྲས་བུ་སྟེ། འདུ་ཤེས་མེད་པའི་སེམས་ཅན་ལྷ་རྣམས་ཀྱི་ནང་དུ་སྐྱེས་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་བསྟན་པ་མ་ཡིན་པ་རྣམས ་གང་འགོག་པའོ་ཞེས་བྱ་བ་ནི་གོང་དུ་འདུ་ཤེས་མེད་པར་སྙོམས་པར་ཞུགས་པ་དེའི་འབྲས་བུ་སྟེ། འབྲས་བུ་ཆེ་བའི་ལྷ་རྣམས་ཀྱི་ཕྱོགས་གཅིག་ན་འདུ་ཤེས་མེད་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་གནས་དང་པོ་ནི་འདུ་ཤེས་ཡོད་དེ ་ནས་སྔོན་གྱི་ཤུགས་ཀྱི་འདུ་ཤེས་ཇེ་ཕྲ་ཇེ་ཕྲ་སྟེ་མེད་པར་གྱུར་ནས་བསམ་གཏན་ཁྱད་པར་ཅན་དང་འདྲ་བར་གནས་པ་སྟེ། རྣམ་པར་ཤེས་པ་དྲུག་འགགས་པའོ། །སྲོག་གི་དབང་པོ་ནི་རིས་མཐུན་པ་རྣམས་སུ་སྔོན་གྱི་ལས་ཀྱིས་འཕགས་པས ་གང་འདུ་བྱེད་རྣམས་ཀྱིས་གནས་པའི་དུས་ངེས་པའོ་ཞེས་བྱ་བ་ལ་ཚེ་རིང་ཐུང་ཇི་སྲིད་དུ་མི་འཆི་བ་ནི་སྲོག་གི་དབང་པོ་ཞེས་བྱའོ། །ལྷ་ནི་ལྷ་ནང་འདྲ་བ་ནས་གྲོག་སྤུར་ལ་སོགས་པ་ཐ་དད་པ་ནང་འདྲ་བ་ནི་རིས་མཐུན་པ་སྟེ། དེ་དག་སྔོན་གྱི་ལས ་དགེ་སྡིག་གི་དབང་གིས་སྐྱེས་ནས་ཆེའི་བྱེ་བྲག་ལོ་བརྒྱ་སྟོང་མན་ཆད་སྐད་ཅིག་སྐད་ཅིག་ཡན་ཆད་ལོ་ཟླ་དང་ཞག་གྲངས་སོ་སོའི་སྐལ་པས་ཅི་ཐུབ་ནི་འདུ་བྱེད་གནས་པའི་དུས་ངེས་པ་ཞེས་བྱའོ། །རེས་འཐུན་པ་ནི་གང་སེམས་ཅན་རྣམས་ཀྱི ་ལུས་འདྲ་བའོ་ཞེས་བྱ་བ་ནི་མི་དང་ལྷ་དང་དུད་འགྲོ་ལ་སོགས་པ་ལམ་རྒྱུད་ལྔར་སྐྱེས་པ་རྣམས་སོ་སོར་ནང་འདྲ་བ་ལ་བྱའོ། །སྐྱེ་བ་ནི་ལུས་འཐུན་པར་གང་འདུ་བྱེད་རྣམས་མ་བྱུང་བ་ལས་བྱུང་བའོ་ཞེས་བྱ་བ་ནི་ལྷ་དང་མི་ལ་སོགས་པ་སེམས་ཅན ་གང་ཡང་རུང་བའི་ནང་དུ་སྔོན་མེད་པ་ལས་བཟོད་བྱ་བ་ནི་སྐྱེ་བའོ། །རྒ་བ་ནི་དེ་ལྟར་དེ་དག་གི་རྒྱུན་གཞན་དུ་འགྱུར་བའོ་ཞེས་བྱ་བ་ནི་ཕུང་པོ་ལྔ་པོ་དེ་དག་དང་པོ་མེར་མེར་པོ་ལ་སོགས་པའི་རྒྱུན་གཞན་དང་གཞན་དུ་འགྱུར་བ་ནས་ཐ་མ་སྒྲ་དཀར ་དང་གཉེར་མ་ཅན་ལ་སོགས་པའི་བར་དུ་འགྱུར་བ་ལ་བྱའོ། །གནས་པ་ནི་དེ་ལྟར་དེ་དག་གིས་རྒྱུན་རྒྱུད་ཆགས་པའོ་ཞེས་བྱ་བ་ནི་འདུ་བྱེད་ཀྱི་ཕུང་པོ་དེ་དག་བྱུང་ནས་དེ་སྐད་ཅིག་མའི་རྒྱུན་བརྒྱུད་པ་ནམ་མ་ཤིའི་བར་དུ་འདུག་པ་ནི་གནས་པ་ཞེས ་བྱའོ། །མི་རྟག་པ་ནི་དེ་དག་གི་རྒྱུད་རྒྱུན་ཆད་པའོ་ཞེས་བྱ་བ་ནི་ཕུང་པོའི་སྐད་ཅིག་མའི་རྒྱུན་ཆད་ནས་ཚེ་འཕོས་ཏེ་ཕུང་པོ་ཞིག་པའོ། །མིང་གི་ཚོགས་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་ཚིག་བླ་དགས་སོ་ཞེས་བྱ་བ་ནི་ཆོས་གཅིག་ལ་སྐད་བརྡ་ཐ་དད་པས་མིང་དུ་བཏགས ་ཤིང་དོན་གོ་བར་བྱེད་པ་སྟེ། དེ་ཡང་མེ་དང་ཆུ་ཞེས་བྱ་བ་དང། རྒྱ་གར་གྱི་སྐད་ཀྱིས་ཨགནི?་དང། པ་ནི་ཞེས་བརྗོད་པ་དང། མེ་ནི་སྲེག་པར་བྱེད་པ་ཡིན། ཆུ་ནི་གཤེད་པར་བྱེད་པ་ཡིན་ནོ་བར་དོན་གོ་བ་ལྟ་བུའོ། །ཡང་ན་མིང་གཅིག་བཏགས་པ་ལ་ཡི་གེར་བྱས ་ན་ཡེ་གེ་འབྲུ་མང་པོ་དུ་མ་ཚོགས་པ་དེ་ལ་མིང་གིས་ཚོགས་ཞེས་བྱའོ། །ངོ་བོ་ཉིད་ཀྱི་ཚིག་བླ་དགས་ཞེས་བྱ་བ་ལ་ཚ་བ་དང། གཤེར་བ་ལ་སོགས་པ་རང་རང་གི་བྱ་བ་བྱེད་ནུས་པ་ནི་ངོ་བོ་ཉིད་ཅེས་བྱ་མེ་དང་ཆུ་ཞེས་བྱ་བ་ལ་སོགས་པ་ནི་བླ་དགས་སུ་མིང ་བསྟགས་པས་ན་ཚིག་བླ་དགས་ཞེས་བྱ་སྟེ། དེ་ལྟ་མ་ཡིན་ཏེ་མིང་ཉིད་དོན་ཡིན་ན་ནི་མེ་ཞེས་བརྗོད་པས་ཁ་ཚིག་པར་འབྱུང་བའི་ཕྱིར་རོ། །ཚིག་གི་ཚོགས་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་བྱེ་བྲག་གིས་ཚིགས་བླ་དགས་སོ་ཞེས་བྱ་བ་ལ་མེ་དང་ཆུ་ཞེས ་བྱ་བ་ལ་སོགས་པར་མིང་དུ་བཏགས་པ་ནི་མིང་གི་ཚོགས་ཞེས་བྱ། ཆུ་དེ་ཡང་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པ་ཡིན་ནོ་ཞེས་བརྗོད་པ་ན་ཚིག་གི་ཚོགས་ཞེས་བྱ་སྟེ། ཆོས་རྣམས་ཀྱིས་བྱེ་བྲག་གི་ཚིགས་བླ་དགས་ཀྱང་དེ་ཉིད་ཡིན་ཏེ ་ཆོས་ཐམས་ཅད་ལ་དེ་བཞིན་དུ་བསྒྲེ་ཞིང་སྦྱར་རོ། །ཡི་གེའི་ཚོགས་ནི་ཡི་གེ་རྣམས་ཏེ། དེ་གཉི་ག་གསལ་བར་བྱེད་པའི་ཕྱིར་རོ་!ཞེས་བྱ་བ་ལ། ཡི་གེ་ཐམས་ཅད་ཀྱི་ཕྱི་མོ་ཨ་དང་ཀ་ལ་སོགས་པ་མང་པོ་འདུས་པ་ནི་ཡི་གེའི་ཚོགས་སོ། །ཆོས་རྣམས ་ཀྱི་ངོ་བོ་ཉིད་དང། དེའི་ཁྱད་པར་དག་ཡི་གེས་མིང་དང་ཚིག་ཏུ་བཏགས་ནས་དེའི་དོན་སོ་སོར་གོ་བར་བྱེད་པ་ནི་གསལ་བར་བྱེད་པ་ཞེས་བྱའོ། །སོ་སོའི་སྐྱེ་བོ་ནི་འཕགས་པའི་ཆོས་མ་ཐོབ་པའོ་ཞེས་བྱ་བ་ནི། འདོད་ཆགས་ལ་སོགས་པའི་ཉོན་མོངས ་པ་མ་སྤངས་ཤིང་རང་རང་གི་ལས་ཀྱི་དབང་གི་གནས་ལ་དད་པར་སྐྱེས་པ་ནི་སོ་སོའི་སྐྱེ་བོ་ཞེས་བྱའོ། །རྒྱུན་ཏུ་ཞུགས་པ་དང་ས་དང་པོ་ཐོབ་པ་ཡན་ཆད་ནི་འཕགས་པ་ཞེས་བྱ། འཕགས་པ་དེའི་ཆོས་ནི་མཐོང་བས་སྤང་བ ་དང། བསྒོམ་པས་སྤང་བའི་སྒྲིབ་པ་རྣམས་སྤངས་པ་སྟེ། དེ་དག་མ་ཐོབ་པའི་ཕྱིར་སྐྱེ་བོ་ཞེས་བྱའོ། །དེ་ལྟ་བུའི་ཆ་དང་མཐུན་པ་ནི་འཇུག་པ་ལ་སོགས་པའོ་ཞེས་བྱ་བ་ནི་འདུ་བྱེད་སེམས་དང་མི་ལྡན་པའི་ཆ་དང་འཐུན་པའོ། །སོགས་པའི་སྒྲ་ནི ་འཇུག་པ་ནས་ཚོགས་པའི་བར་དུ་དགུ་པོ་དག་བསྡུའོ། །དེ་ལ་འཇུག་པ་ནི་མི་ལ་སོགས་པ་སེམས་ཅན་གང་ཡང་རུང་བའི་ཕུང་པོ་བླངས་ནས། སྐད་ཅིག་མའི་བྲང་རྒྱུད་དང་འབྲས་བུའི་ཚུལ་རྒྱུན་མ་ཆད་པར་འཇུག་པ་ལ་བྱ་སྟེ། སྐད་ཅིག་མ ་གཅིག་གམ་ཕུང་པོའི་རྒྱུན་ཆད་པ་ལ་ནི་མི་བྱའོ། །སོ་སོར་ངེས་པ་ནི་ཕྱི་ནང་གི་ཆོས་རྒྱུ་དང་འབྲས་བུ་སོ་སོར་ངེས་པ་སྟེ། ཕྱིའི་ཆོས་ནི་རྒྱུ་ནས་འབྲས་ཀྱི་ས་བོན་བཏབ་ན་འབྲས་བུ་ཡང་ནས་འབྲས་ཉིད་དུ་ངེས་པར་འབྱུང་གི་བྲ་སྲན་དུ་མི ་འགྱུར། རྒྱུ་བྲ་སྲན་གྱི་ས་བོན་བཏབ་ན་འབྲས་བུ་ཡང་དེ་བཞིན་དུ་འགྱུར་རོ། །ནང་གི་ཆོས་ཀྱང་ལས་དགེ་བ་ལས་ནི་འབྲས་བུ་ཡང་བདེ་བ། ལས་མི་དགེ་བ་ལས་ནི་འབྲས་བུ་ཡང་སྡུག་བསྔལ་དུ་དེས་ཏེ་གཞན་དུ་མི་འགྱུར་བའོ། །འབྱོར ་བ་ནི་ཡོན་ཏན་གྱི་རྒྱུ་དང་འབྲས་བུ་འཚམ་པ་སྟེ། སྦྱིན་པས་ནི་ལོངས་སྤྱོད་འབྱོར། ཚུལ་ཁྲིམས་ཀྱིས་ཀྱི་མཐོ་རིས། བཟོད་པས་ནི་བྱང་བཞིན་བརྩོན་འགྲུས་ཀྱིས་ནི་ཡོན་ཏན་རྣམས་འཕེལ་ཞིང་བར་མི་ཆད། བསམ་གཏན་གྱིས་ནི ་ཤེས་རབ། ཤེས་རབ་ཀྱིས་ནི་རིགས་པའི་གནས་ལྔ་ལ་མཁས་པ་ལ་སོགས་ཏེ། ཕུན་སུམ་ཚོགས་པ་ཀུན་འབྱོར་ཏོ། །མགྱོགས་པ་ནི་རྒྱུ་དང་འབྲས་བུ་མྱུར་དུ་འབྱུང་བ་སྟེ། གོང་མའི་སྦྱིན་པ་ལ་སོགས་པའི་རྒྱུ་དང་འབྲས་བུ་རྣམས་དང ་ཡང་སྐད་ཅིག་མ་སྔ་ཕྱིའི་རྒྱུ་དང་འབྲས་བུ་མྱུར་དུ་འབྱུང་བའི་ཕྱིར་རོ་གོ་རིམས་ནི་རྒྱུ་སྔར་བྱུང་ལ་འབྲས་བུ་ཕྱིས་འབྱུང་པ་སྟེ། ཕྱི་ནང་གི་ཆོས་ཐམས་ཅད་ཀྱང་རྒྱུ་དང་འབྲས་བུ་མགོ་མཉམ་དུ་མི་འབྱུང་གི་།རེ་རེ་ནས་རིམ་བཞིན་འབྱུང་བའོ། །དུས་ནི་རྒྱུ་དང་འབྲས ་བུ་རྒྱུན་དུ་འབྱུང་བའི་དུས་ཏེ་རྒྱུ་འབྲས་བྱུང་སྟེ་འགགས་པ་ལ་ནི་འདས་པའི་དུས་ཞེས་གདགས། རྒྱུ་འབྲས་མ་བྱུང་བ་ནི་མ་འོངས་པའི་དུས་ཞེས་གདགས་རྒྱུ་འབྲས་བྱུང་སྟེ། མ་འགགས་པ་ལ་ནི་ད་ལྟར་གྱིས་དུས་ཞེས་གདགས་སོ། །ཡུལ་ནི་ལྷོ་བྱང ་ཤར་ནུབ་ཕྱོགས་བཅུའི་ཕྱོགས་རེ་རེ་ཀུན་ན་ཡང་ཕྱི་ནང་གི་ཆོས་རྒྱུ་དང་འབྲས་བུའི་དངོས་པོར་སྐྱེ་བ་ཡོད་པ་ཀུན་ལ་ཡུལ་ཞེས་བྱའོ། །གྲངས་ཤེས་བྱ་བ་ནི་དངོས་པོ་གཅིག་པུ་ལ་གྲངས་སུ་བགྲང་དུ་མེད་ཀྱི། དངོས་པོ་ཐ་དད་པ་མང་པོ་ལ་གཉིས་དང ་གསུམ་ལ་སོགས་པར་གྲངས་སུ་བགྲང་བས་ན། འདུ་བྱེད་རྣམས་ནི་གཅིག་པུ་མ་ཡིན་ཞིང་རྣམ་པ་མང་པོ་ཞེས་བྱ་བའི་དོན་ཏོ། །ཚོགས་པ་ཞེས་བྱ་བ་ནི་ཕྱི་ནང་གི་ཆོས་རྣམས་སྐྱེ་བའི་རྒྱུ་དང་རྐྱེན་དེ། ས་བོན་དང་ས་ཆུ་མེ་རླུང་ནི་ཕྱིའོ། །མ་རིག་པ ་འདུ་བྱེད་གཉིས་དང་ཁམས་དྲུག་ནང་གི་རྒྱུ་དང་རྐྱེན་ཏེ། དེ་དག་འདུས་པ་ནི་ཕྱི་ནང་གི་ཆོས་རྣམས་སྐྱེད་པར་བྱེད་པས་ཚོགས་པའོ། །རྣམ་པར་ཤེས་པའི་ཕུང་པོ་གང་ཞེ་ན། དམིགས་པ་རྣམ་པར་རིག་པའོ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་བརྒྱད་པོ་སོ་སོའི ་ཡུལ་ཤེས་པར་བྱེད་པའོ། །སེམས་དང་ཡིད་ཀྱང་དེ་ཡིན་ཏེ། སྣ་ཚོགས་དང་ཡིད་རྟེན་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ལ། སེམས་ནི་སྣ་ཚོགས་ཞེས་བྱ་བའི་དོན་ཏེ། དེ་ཡང་མིག་དང་རྣ་བ་ལ་སོགས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་དྲུག་པོ་དེ་དག ་རང་རང་གི་ཡུལ་ཐ་དད་པའི་ཆོས་སྣ་ཚོགས་ལ་འཇུག་པའི་ཕྱིར་རོ། །རྣམ་པར་ཤེས་པ་སྔ་མ་འགགས་པ་ནི་ཡིད་ཅེས་བྱ་སྟེ། རྣམ་པར་ཤེས་པ་ཕྱི་མ་སྐྱེས་པའི་རྒྱུ་བྱེད་པའི་ཕྱིར་ཡིད་རྟེན་བྱེད་པ་ཞེས་བྱའོ། །དངོས་སུ་ན་སེམས་ནི་ཀུན་གཞི་རྣམ ་པར་ཤེས་པ་ཞེས་བྱ་སྟེ། དེ་ནི་འདུ་བྱེད་ཐམས་ཅད་ཀྱིས་ས་བོན་བསགས་པའོ་ཞེས་བྱ་བ་ནི་གོང་གི་རྣམ་པར་ཤེས་པ་དྲུག་པོ་ལ་སོགས་ཞེས་བྱ་མོད་ཀྱི་གཏན་ལ་བབ་པར་ན་སེམས་ནི་ཀུན་བཞི་ལ་བྱའོ། །ཅིའི་ཕྱིར་ཞེ་ན། སེམས ་ཀྱི་སྒྲ་ནི་བསགས་པར་འདྲེན་ལ། ཀུན་གཞི་ཡང་སྐད་ཅིག་མ་རེ་རེ་ལ་ལས་དགེ་བ་མི་དགེ་བ་དང་ལུང་དུ་མ་བསྟན་པའི་འདུ་བྱེད་ཐམས་ཅད་ཀྱི་བག་ཆགས་བསགས་པའི་ཕྱིར་རོ། །དེ་ཡང་དམིགས་པ་དང། རྣམ་པ་ཡོངས་སུ་མ་ཆད་པའོ། ་ཞེས་བྱ་བ་ནི། ཀུན་གཞི་རྣམ་པར་ཤེས་པ་དེ་ཡུལ་ལ་ལ་དམིགས་པ་མ་ཡིན་གྱིས། སྣོད་དང་བཅུད་ཀྱི་འཇིག་རྟེན་མ་ལུས་པ་ཐམས་ཅད་ལ་དམིགས་པ་མ་ཆད་པའོ། །ཁ་དོག་སྔོན་པོ་དང་སེར་པོ་ལ་སོགས་པའི་བྱེ་བྲག་གསལ་བར་མི ་བྱེད་པས་རྣམ་པར་མ་ཆད་པའོ། །ལེན་པའི་རྣམ་པར་ཤེས་པ་ཡང་དེ་ཡིན་ཏེ། ལུས་ལེན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཚེ་ཕྱི་མར་ལུས་ལེན་པ་ནི་བདག་རྟག་པ་མ་ཡིན་གྱི་སེམས་ཀྱིས་ལུས་ལེན་ཏེ། དེ་ཡང་མངལ་དུ་ཁྲག་དང་ཁུ་བ་འཛིན་པ་ནས་དེ ་ནམ་མ་ཤི་བའི་བར་དུ་ལུས་འཛིན་པས་ན་ལེན་པའི་རྣམ་པར་ཤེས་པ་ཡང་དེ་ཉིད་ཡིན་ཞེས་སྨོས་ཏེ། མིག་ལ་སོགས་པ་རྣམ་པར་ཤེས་པ་དྲུག་པོ་དང་བདག་རྟག་པ་དག་ནི་ལུས་ལེན་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དངོས་སུ་ན་ཡིད ་ཀུན་གཞི་རྣམ་པར་ཤེས་པ་ལ་དམིགས་ཏེ་རྟག་ཏུ་འཁོར་བཞི་དང་ལྡན་པའོ། ཞེས་བྱ་བ་ནི། གོང་དུ་སྒོ་དྲུག་གི་རྣམ་པར་ཤེས་པ་ལ་སེམས་ཞེས་བཏགས་མོད་ཀྱི་དངོས་སུ་ན་སེམས་ནི་ཀུན་བཞི་ཡིན་ནོ་ཞེས་བྱ་བ་དང་འདྲ་བར་འདིར་ཡང་གོང་དུ་རྣམ ་པར་ཤེས་པ་དྲུག་པོ་འགགས་མ་ཐག་པ་དེ་ལ་ཡིད་ཅེས་བཏགས་མོད་ཀྱི་དངོས་སུ་དེ་ལ་མི་བྱ་སྟེ། འདིར་ནི་ཉོན་མོངས་པ་ཅན་གྱི་ཡིད་ལ་ཡིད་ཅེས་བྱ་སྟེ། དེ་རྣམ་པར་ཤེས་པ་ཡིན་ན་དམིགས་པ་མེད་དུ་མི་རུང་བས་དམིགས་པའི་ཡུལ ་ཀུན་གཞིའོ། །དེ་སེམས་ཡིན་ན་སེམས་ལས་བྱུང་བ་ནི་བདག་ཏུ་རྨོངས་པ་དང། བདག་ཏུ་ལྟ་བ་དང། བདག་ཏུ་ང་རྒྱལ་བ་དང། བདག་ལ་ཆགས་པ་བཞི་དང་ཀུན་ཏུ་འགྲོ་བ་ལྔ་སྟེ། སེམས་ལས་བྱུང་བའི་འཁོར་དགུ་དང་ལྡན་ནོ་ཞེས་བྱའོ། །འཇུག་པའི་རྣམ ་པར་ཤེས་པ་དྲུག་ཀྱང་མདོ་གཞན་ལས་འབྱུང་བ་བཞིན་དུ་ཅི་རིགས་པར་ཤེས་པར་བྱའོ་ཞེས་བྱ་བ་ནི་མིག་གིས་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དྲུག་སྟེ། དེ་ཡང་མིག་གིས་རྣམ་པར་ཤེས་པ་ནི་མིག་ལ་རྟེན་གཟུགས་ལ་དམིགས ་ནས་གཟུགས་ཡོངས་སུ་ཤེས་པར་བྱེད་པས་ན། རྣ་བའི་རྣམ་པར་ཤེས་པ་ལ་སོགས་པ་ཀུན་ལ་ཡང་དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡིད་ཀྱི་དབང་པོ་ལ་བརྟེན་ནས་ཆོས་ལ་དམིགས་ཤིང་ཆོས་ཡོངས་སུ་ཤེས་པར་བྱེད་པའི་བར ་དུ་དེ་ལྟར་ཤེས་པར་བྱའོ། །སྐྱེ་མཆེད་བཅུ་གཉིས་གང་ཞེ་ན་ཞེས་བྱ་བ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་འབྱུང་ཞིང་སྐྱེ་བའི་རྒྱུ་འམ་སྒོ་ལྟ་བུར་གྱུར་པས་སྐྱེ་མཆེད་ཅེས་བྱ་སྟེ། དངོས་སུ་ན་མིག་གི་སྐྱེ་མཆེད་དང། གཟུགས་ཀྱི་སྐྱེ ་མཆེད་དང། རྣ་བའི་སྐྱེ་མཆེད་དང། སྒྲའི་སྐྱེ་མཆེད་དང། སྣའི་སྐྱེ་མཆེད་དང། དྲིའི་སྐྱེ་མཆེད་དང། ལྕེའི་སྐྱེ་མཆེད་དང། རོའི་སྐྱེ་མཆེད་དང། ལུས་ཀྱི་སྐྱེ་མཆེད་དང། རེག་པའི་སྐྱེ་མཆེད་དང། ཡིད་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་སྐྱེ་མཆེད་དོ་ཞེས་སྨོས་ཏེ། ་མིག་ལ་སོགས་པའི་དབང་པོ་རྣམས་ལ་བརྟེན་ནས་ཡུལ་རྣམས་ལ་དམིགས་ཏེ། རྣམ་པར་ཤེས་པ་དྲུག་སྐྱེ་བས་ན་དབང་པོ་དྲུག་དང། ཡུལ་དྲུག་ལ་ནི་སྐྱེ་མཆེད་བཅུ་གཉིས་ཞེས་བྱའོ། །དེ་ལ་རྣམ་པར་ཤེས་པའི་ཕུང་པོ་གཏོགས་པ་རྣམ་པར ་ཤེས་པ་བརྒྱད་ནི་ཡིད་ཀྱི་སྐྱེ་མཆེད་དུ་བསྡུའོ། །སོ་སོར་བརྟགས་ཏེ་འགོག་པ་དང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དང་ནམ་མཁའ་དང་དེ་བཞིན་ཉིད་དང། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་རིག་བྱེད་མ་ཡིན་པ་སྟེ། ཆོས ་དེ་བརྒྱད་ནི་ཆོས་ཀྱི་སྐྱེ་མཆེད་དུ་བསྡུའོ། །གཞན་ནི་གོ་སྨའོ། །ཁམས་བཅོ་བརྒྱད་གང་ཞེ་ན་ཞེས་བྱ་བ་ནི་རྟེན་གྱི་ཁམས་དྲུག་དང། དམིགས་པའི་ཁམས་དྲུག་དང། རྟེན་པའི་ཁམས་དྲུག་སྟེ་བཅོ་བརྒྱད་དོ། །དེ་ལ་དབང་པོ་དྲུག་བརྟེན ་ཅེས་བྱ། ཡུལ་དྲུག་ནི་དམིགས་པ་ཞེས་བྱ། རྣམ་པར་ཤེས་པ་དྲུག་ནི་བརྟེན་པ་ཞེས་བྱ་སྟེ། དངོས་སུ་ན་མིག་གི་ཁམས་དང། གཟུགས་ཀྱི་ཁམས་དང། མིག་གི་རྣམ་པར་ཤེས་པའི་ཁམས་དང། རྣ་བའི་ཁམས་དང། སྒྲའི་ཁམས་དང། རྣ་བའི་རྣམ ་པར་ཤེས་པའི་ཁམས་དང། སྣའི་ཁམས་དང། དྲིའི་ཁམས་དང། སྣའི་རྣམ་པར་ཤེས་པའི་ཁམས་དང། ལྕེའི་ཁམས་དང། རོའི་ཁམས་དང། ལྕེའི་རྣམ་པར་ཤེས་པའི་ཁམས་དང། ལུས་ཀྱི་ཁམས་དང། རེག་བྱའི་ཁམས་དང། ལུས ་ཀྱི་རྣམ་པར་ཤེས་པའི་ཁམས་དང། ཡིད་ཀྱི་ཁམས་དང། ཆོས་ཀྱི་ཁམས་དང། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སོ་ཞེས་སྨོས་ཏེ། གོང་དུ་བཤད་པ་ལྟར་རིམ་བཞིན་སྦྱར་རོ། །ཁམས་དྲུག་གང་ཞེ་ན། ཞེས་བྱ་བ་ནི་མིང་དུ་ཁམས་ཞེས་བརྗོད་པའི ་རྣམ་གྲངས་གཞན་དག་ཀྱང་འདིར་བསྟན་ཏེ། དེ་ཡང་སའི་ཁམས་ནི་ས་བོན་བརྟེན་པའི་བྱ་བ་བྱེད་དོ། །ཆུའི་ཁམས་ནི་ས་བོན་བརླན་པའི་བྱ་བ་བྱེད་དོ། །མེའི་ཁམས་ནི་ས་བོན་དྲོ་པའི་བྱ་བ་བྱེད་དོ། །རླུང་གི་ཁམས་ནི་ས་བོན་འབུ་བའི་བྱ་བ་བྱེད ་དོ། །ནམ་མཁའ་ཨི་ཁམས་ནི་ས་བོན་ནི་སྒྲིབ་པའི་བྱ་བ་བྱེད་དོ། །དུས་ནི་ས་བོན་འགྱུར་བའི་བྱ་བ་བྱེད་དོ། །ཆུའི་ཁམས་ནི་ས་བོན་བརླན་པའི་བྱ་བ་བྱེད་དོ། །མེའི་ཁམས་ནི་ས་བོན་དྲོ་བའི་བྱ་བ་བྱེད་དོ། །རླུང་གི་ཁམས་ནི་ས་བོན་འབུ་བའི་བྱ་བ་བྱེད ་བའི་ས་བོན་ཡིན་ནོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་གང་ཞེ་ན་ཞེས་བྱ་བ་ནི་ནང་གི་ཆོས་རྣམས་ཇི་ལྟར་སྐྱེ་བའི་རྒྱུ་དང་འབྲས་བུ་རྣམས་སྟོན་ཏེ། དེ་ལ་མུན་པ་ཆེན་པོའི་ཕྱིར་མ་རིག་པའོ་ཞེས་བྱ་བ་ནི་དཔེར་ན་མུན་པས? ་བསྒྲིབས་ནས་རྫས་ཀྱི་དངོས་པོ་རགས་པ་ཡང་མི་མཐོང་བ་དང་འདྲ་བར་མ་རིག་པས་ཀྱང་ལས་དང། ལས་ཀྱི་འབྲས་བུ་ཡོད་པ་དང། བདེན་པ་དང་དཀོན་མཆོག་ཡོན་ཏན་ཅན་དང་ཆོས་རྣམས་ཀྱི་མཚན་ཉིད་སྟོང་པ་ཉིད་དུ་མཐོང་བར་བྱ་བ་ལ་བསྒྲིབས་ཏེ་མི་མཐོག? ་བས་ན་མུན་པ་ཞེས་བྱའོ། །མངོན་པར་འདུ་བྱེད་པའི་ཕྱིར་འདུ་བྱེད་རྣམས་སོ་ཞེས་བྱ་བ་ནི་ཁམས་གསུམ་དུ་ལས་དགེ་བ་དང། མི་དགེ་བ་དང་ལུང་དུ་མ་བསྟན་པ་སྣ་ཚོགས་བྱེད་པས་ན་འདུ་བྱེད་དོ། །རྣམ་པར་རིག་པའི་ཕྱིར་རྣམ་པར་ཤེས་པའོ་ཞེས་བྱ ་བ་ནི་ཕྱི་ནང་གི་ཆོས་རྣམས་ལ་གཟུགས་དང་སྒྲ་ལ་སོགས་པ་ཡུལ་ཐ་དད་པ་མིག་ལ་སོགས་པའི་རྣམ་པར་ཤེས་པས་སོ་སོར་རིག་ཅིང་ཤེས་པས་ན་རྣམ་པར་ཤེས་པ་ཞེས་བྱའོ། །རྟན་པའི་ཕྱིར་མིང་གཟུགས་སོ་ཞེས་བྱ་བ་ནི་དཔེར་ན་ཤིང་གསུམ་རྩེ ་སྤང་ན་མདུད་ཁྱིམ་དུ་རུང་བ་དང་འདྲ་བར་མིང་གི་ཕུང་པོ་དང་གཟུགས་ཀྱི་ཕུང་པོ་གཉིས་ཀྱང་གཅིག་ཁ་གཅིག་བརྟེན་པས་ན་མིན་དང་གཟུགས་ཞེས་བྱའོ། །སྐྱེ་བའི་སྒོའི་ཕྱིར་སྐྱེ་མཆེད་དྲུག་གོ་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་རྣམས ་སྐྱེ་ཞིང་འབྱུང་བའི་རྒྱུ་བྱེད་པས་ན་སྒོ་ཞེས་བྱ་སྟེ། དངོས་སུ་ན་མིག་ལ་སོགས་པའི་དབང་པོ་དྲུག་ནི་སྐྱེ་མཆེད་ཅེས་བྱའོ། །རེག་པའི་ཕྱིར་རེག་པའོ། །ཞེས་བྱ་བ་ནི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་གསུམ་འདུས་པ་ལ་རེག་པ་ཞེས་བྱའོ།། ་མྱོང་བའི་ཕྱིར་ཚོར་བའི་ཞེས་བྱ་བ་ནི། ཡུལ་དང་དབང་པོས་རྣམ་པར་ཤེས་པ་གསུམ་འདུས་ལ་ན་ཡུལ་ཡིད་དུ་འོང་བ་དང། ཡིད་དུ་མི་འོང་བ་དང། གཉི་ག་མ་ཡིན་པ་གང་དང་གང་ལ་རེག་པའི་རྒྱུས་ཚོར་བ་ཡང་བདེ་སྡུག་རྣམ་པ་གསུམ་མྱོང་པ་ནི ་ཚོར་བ་ཞེས་བྱའོ། །སྒོམ་པའི་ཕྱིར་སྲེད་པའོ་ཞེས་བྱ་བ་ནི། སྒོམ་གྱིས་གདུངས་པ་དང་འདྲ་པར་ཚོར་བ་སྡུག་བསྔལ་དང་མི་འབྲལ་བར་འདོད་ལ། ཚོར་བ་བདེ་པར་ནི་ཕྲད་ཅིང་འགོགས་པར་འདོད་པས་སྲེད་པ་ཞེས་བྱའོ། །ལེགས་པའི་ཕྱིར་ལེན་པའོ ་ཞེས་བྱ་བ་ནི་ལེན་པ་བཞི་སྟེ། འདོད་པ་ལེན་པ་དང། ལྟ་བ་ལེན་པ་དང། ཚུལ་ཁྲིམས་དང་བརྟུལ་ཞུགས་སྙེམས་པ་ལེན་པ་དང། བདག་ཏུ་སྨྲ་པ་ལེན་པའི་ཕྱིར་ལེན་པ་ཞེས་བྱའོ། །ཡང་སྲིད་པར་སྐྱེ་བའི་ཕྱིར་སྲིད་པའོ་ཞེས་བྱ ་བ་ནི་ཁམས་གསུམ་དུ་སྐྱེ་བའི་ཕྱིར་ཏེ། དེ་ཡང་སྐྱེ་བའི་རྒྱུ་ལས་དང་ཉོན་མོངས་པའི་བག་ཆགས་རྟས་ནས་ཚེ་ཕྱི་མར་སྐྱེ་བ་ནི་སྲིད་པ་ཞེས་བྱའོ། །ཕུང་པོ་འབྱུང་བའི་ཕྱིར་སྐྱེ་བའི་ཞེས་བྱ་བ་ནི་ལམ་བརྒྱུད་ལྔར་ལྷ་དང་མི་ལ་སོགས་པའི་ལུས ་ཀྱི་ཕུང་པོ་སྔོན་མེད་པ་ལས་བཟོད་བྱུང་བ་ནི་སྐྱེ་བ་ཞེས་བྱའོ། །ཕུང་པོ་སྨིན་པའི་ཕྱིར་རྒའོ། ཞེས་བྱ་བ་ནི་ཤིང་ཐོག་སྨིན་ནས་རྙིང་པ་དང་འདྲ་བར་སྒྲ་དཀར་དང་གཉེར་མ་ཅན་དུ་འགྱུར་བ་ནི་རྒ་བ་ཞེས་བྱའོ། །འཇིག་པའི་ཕྱིར་འཆི་བའོ་ཞེས་བྱ་བ ་ནི་ལུས་ཀྱི་ཕུང་པོ་གནས་པའི་དུས་ཟད་དེ་དྲོད་དང་རྣམ་པར་ཤེས་པས་བཏང་ནས་ཞིག་པའི་ཕྱིར་འཆི་བའོ། །སྐབས་ཡིན་པས་ན་ཞེས་བྱ་བ་ནི་སྡུག་བསྔལ་འདི་དག་ཀྱང་སྐྱེ་བ་དང་རྒ་ཤིའི་ཡན་ལག་ཏུ་གཏོགས་ཤིང་འབྲེལ་པ་ཡིན་ནོ་ཞེས་བྱ་བའོ།། ་མྱ་ངན་ནི་གཉེན་བཤེས་དང་ལོངས་སྤྱོད་ཀྱི་ཡོ་བྱད་རྣམས་དང་བྲལ་དུ་དོགས་པའི་སེམས་གདུང་པའོ། །སྨྲེ་སྔགས་འདོན་པ་ནི་རྒྱུ་གང་ལས་མྱ་ངན?་དུ་གྱུར་པའི་ལོ་རྒྱུས་ཚིག་ཏུ་སྨྲ་ཞིང་འཁོང་བའོ། །སྡུག་བསྔལ་ནི་ལུས་ཉམས་ཤིང་མི་བདེ་བའོ།། ་ཡིད་མི་བདེ་བ་ནི་སེམས་ཉམས་ཤིང་མི་བདེ་བའོ། །འཁྲུག་པ་ནི་སྔོན་ཉེས་པ་སྣ་ཚོགས་བྱས་པ་ཀུན་དྲན་ནས་སེམས་དངོས་པའོ། །བརྗོད་དོ་ཞེས་བྱ་བ་ནི་རྟེན་འབྲེལ་གྱིས་འཇུག་ལ་བཏགས་ཏེ་བཤད་དོ་ཞེས་བྱའོ། །ཕ་རོལ་ཏུ་ཕྱིན་པ ་བཅུ་གང་ཞེ་ན་ཞེས་བྱ་བ་ནི་ཁམས་གསུམ་གྱིས་སྡུག་བསྔལ་རྒྱ་མཚོ་དང་འདྲ་བ་འདས་ནས་ས་བཅུ་རིམ་གྱིས་འཐོབ་པ་བྱེད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་བཅུ་ཞེས་བྱ་སྟེ། དེ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་དང་ཟང་ཟིང་དང་མི་འཇིགས་པ? ་གསུམ་སྦྱིན་པའོ། །དེ་ལ་དམ་པའི་ཆོས་དང་འཇིག་རྟེན་གྱི་བསྟན་དག་དང། གཟོ་དང་མཐུ་རྩལ་རྣམས་ཀྱིས་གཏོང་ཞིང་ཕན་འདོགས་པ་ནི་ཆོས་སྦྱིན་པའོ། །ཟས་སྐོམ་ནོར་རྫས་ལ་སོགས་ཏེ་མཁར་ཡུལ་རྒྱལ་སྲིད་མན་ཆད་དང་དྲན་ཞིང་ཕྱུགས་ནོར་དུ ་སྨད་རྣམས་དང། རང་གི་ཤ་ཁྲག་དང་མགོ་ལུས་ལ་སོགས་པ་ཕྱི་ནང་གི་དངོས་པོ་རྣམ་པ་གསུམ་གྱིས་གཏོང་ཞིང་ཕན་དོགས་པ་ནི་ཟང་ཟིང་སྦྱིན་པའོ། །རྒྱལ་པོ་དང་བློན་པོ་ལ་སོགས་པར་ཆད་པ་དང། དགྲ་དང་གཅན་ཟན་ལ་སོགས་པའི་འཇིགས ་པ་རྣམས་ལས་སྐྱོབ་ཅིང་ཕན་འདོགས་པ་ནི་མི་འཇིགས་པ་སྦྱིན་པ་སྟེ། དེ་དག་འཁོར་གསུམ་ཡོངས་སུ་དག་པར་སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དགེ་བ་སྡུད་པ་དང། མི་དགེ་བ་སྡོམ་པ་དང། སེམས ་ཅན་ཕྱི་དོན་བྱེད་པའི་ཚུལ་ཁྲིམས་རྣམ་པ་གསུམ་མོ། །དེ་ལ་དགེ་བ་སྡུས་པ་ནི་དམ་པའི་ཆོས་ཉན་ཅིང་སེམས་བ་ནས་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་ཏེ། བྱང་ཆུབ་ཀྱི་ཆོས་རྣམས་སྒྲུབ་པའོ། །མི་དགེ་བ་སྡོམ་པ་ནི་ཉན་ཐོས་ཀྱིས་ཁྲིམས ་བདུན་ཏེ། དགེ་སློང་ཕ་མ་དང། དགེ་སྦྱོང་ཕ་མ་དང། དགེ་སྙེན་ཕ་མ་དང། བར་ཁྲིམས་མ་རྣམས་ཀྱིས་སྲུང་བའོ། །སེམས་ཅན་གྱི་དོན་བྱེད་པ་ནི་བུ་གཅིག་བ་ཅེས་པ་དང་འདྲ་བར་སེམས་ཅན་ཐམས་ཅད་ལ་དབྱེ་བཀོལ་མེད་པར་དོན་བྱེད་པ་སྟེ། ་འཁོར་གསུམ་དག་པར་སྤྱོད་པ་ནི་འོག་མན་ཆད་ཀུན་ལ་ཡང་སྦྱར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྡུག་བསྔལ་ལ་ཇི་མི་སྙེན་པ་དང། མནོད་པ་ལ་མི་མཇེད་པ་དང། ཆོས་ལ་དེས་རྟོག་པའི་བཟོད་པ་དང་གསུམ་མོ། །དེ་ལ་སྡུག་བསྔལ་ལ་ཇི་མི ་སྙམ་པ་ནི་དགེ་བ་བྱེད་པའི་དུས་ན། བཀྲེས་ཤིང་སྐོམ་པ་དང། གྲང་ཞིང་ཚ་བ་ལ་སོགས་པའི་གནོད་པའི་རྐྱེན་གང་ཅི་བྱུང་ཡང་མི་གཏོང་སྟེ་དགེ་བའི་རྒྱུན་མི་གཅོད་པའོ། །གནོད་པ་ལ་མི་མཇེད་པའི་ཕན་གཏགས་པའི་སེམས་ཅན་ལ་སོགས ་པ་གཞན་གྱིས་བརྡེགས་པ་དང་བཅིང་བ་ལ་སོགས་པའི་གནོད་པ་སྣ་ཚོགས་བྱེད་ཀྱང་དེ་ལ་མི་ཁྲོ་ཞིང་ངན་སེམས་མི་འབྱུང་བའོ། །ཆོས་ལ་རྟོགས་པའི་བཟོད་པ་ནི་སྟོང་པ་དང། བདག་མེད་པ་འམ། སྐྱེ་བ་དང་འགག་པ ་མེད་པའི་དོན་ཟབ་མོ་དག་བསྟན་ན་སེམས་མི་དངས་ཞིང་དེ་ལ་དད་པ་དང་དགའ་བ་སྐྱེ་བའི་ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོ་ག་དང་དགེ་བ་སྡུད་པ་དང་སེམས་ཅན་ཀྱིས་དོན་བྱེད་པ་སྟེ། གསུམ་མོ། ། ་དེ་ལ་དང་པོ་སེམས་ཅན་ཐམས་ཅད་ཀྱིས་དོན་དང། བླ་ན་མེད་པའི་བྱང་ཆུབ་བསྐལ་པའི་མཛའ་ཨི་བར་དུ་བསྒྲུབ་པོ་ཞེས་དམ་འཆའ་པ་ནི་གོ་ཆའི་བརྩོན་འགྲུས་སོ། །ཆོས་ཉན་པ་དང། སེམས་པ་དང། སྒོམ་པར་བྱེད་པ་རྒྱུན་མི་གཅོད་པ་ནི་དགེ་བ ་སྡུད་པའི་བརྩོན་འགྲུས་སོ། །བསྡུ་བ་རྣམ་པ་བཞིས་སེམས་ཅན་རྣམས་ཐབས་ཀྱིས་བསྡུས་ཏེ་དགེ་བ་ལ་འགོད་པ་ནི་སེམས་ཅན་གྱི་དོན་བྱེད་པའི་བརྩོན་འགྲུས་ཞེས་བྱའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་མཐོང་བའི་ཆོས་ལ་བདེ་བར་གནས ་པ་དང། ཡོན་ཏན་མངོན་པར་སྒྲུབ་པ་དང་སེམས་ཅན་གྱི་དོན་བྱེད་པས་ཏེ། གསུམ་མོ། །དེ་ལ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དང། འགོག་པའི་སྙོམས་པར་འཇུག་པ་དག་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པའི་བསམ་གཏན་ཡིན་ནོ།། ་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་གྱིས་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཐམས་ཅད་ཐོབ་པར་བྱེད་པ་ནི་ཡོན་ཏན་མངོན་པར་སྒྲུབ་པའི་བསམ་གཏན་ནོ། །བསམ་གཏན་སྒྲུབས་པའི་སྒོ་ནས་མངོན་པར་ཤེས་པ་དྲུག་པོ་?? ་ཐོབ་ནས་ལུས་ཀྱི་རྫུ་འཕྲུལ་བྱས་པའི་རྒྱུས་སེམས་དགའ་བར་བྱས་ཤིང། གཞན་གྱིས་སེམས་ཤེས་པས་སེམས་དང་འཐུན་པར་ཆོས་བཤད་ནས་མི་དགེ་བ་ལས་བཟློག་ཅིང་དགེ་བ་ལ་འགོད་པ་ནི་སེམས་ཅན་གྱི་དོན་བྱེད་པའི་བསམ ་གཏན་ཞེས་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བདག་གི་དོན་རྟོགས་པ་དང་གཞན་གྱིས་དོན་རྟོག་པ་དང། རྒོལ་བ་ཚར་བཅོད་པའི་ཤེས་རབ་སྟེ་གསུམ་མོ། །དེ་ཡང་རིག་པའི་གནས་ལྔ་ལ་མཁས་པ་སྟེ། དེ་ལ་ནད?་རིགས་པ་ནི་གསུང་རབ་ཡན ་ལག་བཅུ་གཉིས་ཀྱི་དོན་ལ་མཁས་པས་བདག་གིས་དོན་རྟོགས་པའི་ཤེས་རབ་པོ། །གསོ་བ་རིག་པ་ནི་ཕྱིའི་ནང་བཞི་བརྒྱ་རྩ་བཞིའི་སྨན་དབྱང་ལ་མཁས་པ་དང། ནང་གི་ནང་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་གཉེན་པོ་བྱམས་པ་དང ་སྙིང་རྗེ་ལ་སོགས་པ་སྟོན་པ་ནི། གསོ་བ་རིག་པའོ། ལས་སུ་བྱ་བའི་རྣམ་པ་ཐམས་ཅད་ལ་མཁས་པ་ནི་གཟོ་རིག་པ་ཞེས་བྱ་སྟེ། དེ་སེམས་ཅན་བླུན་པོ་རྣམས་ཀྱིས་མཐུ་རྩལ་སྐྱེད་ཅིང་བསྟངས་ཏེ། སེམས་ཅན་རྣམས་ཀྱི་དོན་བྱས་པ་ལ་གསོ་བ་དང་གཟོ་གཉིས ་རིག་པས་ནི་གཞན་གྱི་དོན་རྟོགས་པའི་ཤེས་རབ་པོ། །རྒྱུ་རིག་པ་དང་སྒྲ་རིག་པ་གཉིས་ནི་ཏར་ཀ་དང་བྱ་ཀ་ར་ཎའི་སྐད་ལ་མཁས་པ་སྟེ། དེ་གཉིས་ཀྱིས་ནི་མུ་སྟེགས་ལ་སོགས་པ་སུན་འབྱིན་པས་རྒོལ་བ་ཚར་གཅོད་པའི་ཅེས་བྱའོ། །ཐབས་ཀྱི་ཕ་རོལ ་ཏུ་ཕྱིན་པ་ནི། དགེ་བའི་རྩ་བ་མང་ཉུང་ཅི་བསགས་པ་ཅུང་ཟད་ཡན་ཆད་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་བསྔོས་པས་དེའི་འབྲས་བུ་དཔག་ཏུ་མེད་པར་ཆེ་ཞིང་ཟད?་མི་ཤེས་པར་འགྱུར་བའི ་ཕྱིར་རོ། །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ནི་བདག་ཆེ་རབས་གར་སྐྱེས་ཀྱང་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་ཞིང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་རྒྱུན་མི་གཅོད་པར་གྱུར་ཅིག་ཅེས་སྨོན་ལམ་དུ་བཏབ་པའོ། །སྟོབས ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་གཉིས་ཏེ་ཀུན་བཏགས་པ་དང་སྒོམ་པའི་སྟོབས་སོ། །དེ་ལ་ཏིང་ངེ་འཛིན་དང་འགྲོགས་པའི་ཤེས་རབ་ཀྱི་ཕྱི་ནང་གི་ཆོས་རྣམས་སྟོང་པ་དང་བདག་མེད་པར་མཐོང་བས་དེ་ལ་ཆགས་པ་མི་སྐྱེ་བ་ནི་ཀུན་བརྟགས་པའི་སྟོབས ་ཞེས་བྱའོ། །བརྩོན་འགྲུས་ཀྱིས་ཤས་ཆེ་བས་ཤེས་རབ་ཆུང་ཡང་གོམས་པའི་ཤུགས་ཀྱིས་དགེ་བའི་ཕྱོགས་འབད?་མི་དགོས་པར་སྒྲུབ་པ་ནི་བསྒོམས་པའི་སྟོབས་ཞེས་བྱ་སྟེ། དེ་དག་ལ་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས ་བས་མི་ཚུགས་པའི་ཕྱིར་རོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་རྣམས་ཀྱི་མཚན་ཉིད་སྟོང་པར་ཐུགས་སུ་ཆུད་བས། བྱང་ཆུབ་སེམས་དཔའ་ཆེན་པོའི་ནང་དུ་ཆོས་ཀྱི་ལོངས་སྤྱོད་ཆེན་པོས་ལོངས་སྤྱོད་པའི་ཕྱིར་རོ། །རྒྱུ་དང་འབྲས་བུའི ་སྐབས་ཡིན་པ་བྱང་ཆུབ་སེམས་དཔའ་ཨི་ས་བཅུ་གང་ཞེ་ན། ཞེས་བྱ་བ་ནི། ཕ་རོལ་ཏུ་ཕྱིན་པ་ནི་རྒྱུ་ཡིན་ལ། ས་བཅུ་ནི་འབྲས་བུ་ཡིན་པས། འདབ་ཆགས་སུ་བཤད་པར་རིགས་ཏེ?་འབྲེལ་ཏོ་ཞེས་བྱ་བའི་ཐ་ཚིག་གོ། ས་བཅུ་གང་ཞེ་ན། ཞེས་བྱ ་བ་ནི། མགོ་འདྲེན་པ་སྟེ་དངོས་སུ་འོག་ནས་འབྱུང་བར་སྦྱར་རོ། །དེ་ལས་དང་པོ་ནི་རབ་ཏུ་དགའ་བའོ་ཞེས་བྱ་བ་ནི་དཔེར་ན་མི་དབུལ་པོ་ཞིག་གིས་ནོར་བུ་རིན་པོ་ཆ་ཞིག་རྙེད་ན་སྔོན་མ་མཐོང་བའི་ནོར་བུ་མཆོག་ཏུ་རིན་ཆེ་བ་འདི་འདྲ་བ་སྙེད་དོ ་ཞེས་ཤིན་ཏུ་དགའ་བ་དང་འདྲ་བར་སྔོན་ནམ་ཡང་མ་མཐོང་བའི་ཆོས་ཀྱི་དབྱིངས་མངོན་དུ་མཐོང་བ་དང། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་ནུས་ཏེ། སྦྱིན་པ་རྫོགས་ནས་དགའ་བའི་ཁྱད་པར་དཔག་ཏུ་མེད་པ་སྐྱེས་པའི་ཕྱིར ་ས་དང་པོ་རབ་ཏུ་དགའ་བ་ཞེས་བྱའོ། །ས་གཉིས་པ་དྲི་མ་མེད་པ་སྟེ། དྲི་མ་ནི་འཁོར་བའི་ཆོས་ལ་དགའ་བ་དང། ཐེག་པ་ཆུང་ངུ་ལ་དགའ་བ་སྟེ། དེ་ཡང་མི་དགེ་བ་བྱེད་པ་དང་སྙིང་རྗེ་མེད་པའོ། །དྲི་མ་དེ་གཉིས་ས་གཉིས་པའི་དུས་ན་མེད ་པས་དྲི་མ་མེད་པའོ། །ཡང་ན་ཚུལ་ཁྲིམས་རྫོགས་ཏེ་རྨི་ལམ་ན་ཡང་ཚུལ་ཁྲིམས་ངན་པའི་ལས་མི་བྱེད་པས་དྲི་མ་མེད་པ་ཞེས་བྱའོ། །ས་གསུམ་པ་ནི་འོད་བྱེད་པ་སྟེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པས་ལུས་དང་སྲོག?་ལ་ཡང་མི་ལྟ? ་ཐོས་པ་བཙལ་ཏེ་བདག་དང་གཞན་གྱིས་མི་ཤེས་པ་གསལ་ཞིང་ཤེས་རབ་སྐྱེས་པ་ནི་འོད་བྱེད་པ་ཞེས་བྱའོ། །ས་བཞི་པ་ནི་འོད་འཕྲོ་བ་ཅན་ཏེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པས་བྱང་ཆུབ་ཀྱི་ཕྱོགས་བསྒོམས་པ་ལས་ཡེ་ཤེས་མེ་དང་འདྲ་བ?? ་སྐྱེས་པས་ཉོན་མོངས་པ་རྩི་ཤིང་ལྟ་བུས་བསྲེགས་པའི་ཕྱིར་འོད་འཕྲོ་བ་ཅན་ཞེས་བྱའོ། །ས་ལྔ་པ་ནི་ཤིན་ཏུ་སྦྱང་དཀའ་བ་སྟེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པས་རྣམ་པར་མི་རྟོགས་པའི་ཡེ་ཤེས་ཏིང་ངེ་འཛིན་ལས་ཀྱང་མི་ཉམས་ལ། ་སེམས་ཅན་གྱིས་དོན་བྱེད་པ་ཡང་རྒྱུན་མི་གཅོད་ལ་གཉིས་ཀ་མགོ་མཉམ་དུ་སྤྱོད་པ་དེ་ཤིན་ཏུ་དཀའ་བས་སྤྱད་དཀའ་བ་ཞེས་བྱའོ། །ས་དྲུག་པ་ནི་མངོན་དུ་གྱུར་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པས་བརྟེན་ཅིང་འབྲེལ་པར་འབྱུང་བ ་སྐྱེ་བ་དང་འགག་པ་མེད་པའི་དོན་མངོན་དུ་རྟོགས་པས་མངོན་དུ་གྱུར་པ་ཞེས་བྱའོ། །ས་བདུན་པ་ནི་རིང་དུ་སོང་བ་སྟེ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པས་འབད་པ་དང་རྩོལ་བས་འཇུག་པའི་མཚན་མའི་མཐར་ཕྱིན་ཅིང་མཚན་མ་དང་བྲལ ་བའི་ཕྱིར་རིང་དུ་སོང་བ་ཞེས་བྱའོ། །ས་བརྒྱད་པ་ནི་མི་གཡོ་བ་སྟེ། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པས་མཚན་མ་མེད་པ་ལྷུན་གྱིས་གྲུབ་སྟེ། ཡེ་ཤེས་ཀྱི་སྟོབས་ཀྱི་མཚན་མ་ཟིལ་གྱིས་མནོན་ཏེ་ཅུང་ཟད་ཀྱང་མི་འབྱུང་བས་ནས་མི ་གཡོ་བ་ཞེས་བྱའོ། །ས་དགུ་པ་ནི་ལེགས་པའི་བློ་གྲོས་ཏེ། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པས་ཆོས་སོ་སོ་རིག་པ་དང། དོན་སོ་སོ་རིག་པ་དང། དེས་པའི་ཚིག་སོ་སོ་རིག་པ་དང། སྟོབས?་པ་སོ་སོ་རིག་པ་སྟེ། །སོ་སོ་ཡང་དག་པར་རིག ་པ་བཞི་དང་ལྡན་པས་ཆོས་ཀྱི་མཁན་པོ་ཆེན་པོར་གྱུར་བའི་ཕྱིར་ལེགས་པའི་བློ་གྲོས་ཞེས་བྱའོ། །ས་བཅུ་བ་ནི་ཆོས་ཀྱི་སྤྲིན་ཅེས་བྱ་སྟེ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པས་དཔེར་ན་སྤྲིན?་ཆེན་པོ་ལས་ཆད?་བབ?་ན་དགོན་པ་ལ་ཡང་ལྡན? ་ཐོག་འཁྲུངས་པ་དང་འདྲ་བར་ཡེ་ཤེས་དང་ཐུགས་རྗེ་སྤྲིན་ལྟ་བུས་སེམས་ཅན་གྱི་སེམས་དགོན་དུང་ལྟ་བུ་ལ་ཆོས་ཀྱི་ཚར་པ་ཕབ་ནས་ལོ་ཏོག་དགེ་བ་འཁྲུང་ཞིང་འཕེལ་པས་ན་ཆོས་ཀྱི་སྤྲིན་ཅེས་བྱའོ། །སྟོད་པ་བཅོ ་བརྒྱད་གང་ཞེ་ན་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་ནི་ཐ་དད་དུ་དབྱེར་མི་རུང་སྟེ། དུ་མར་བགྲང?་དུ་མེད་མོད་ཀྱི་སེམས་ཅན་རྣམས་ཀྱིས་དངོས་པོ་ཡོད་པར་བརྟགས་པའི་ཡུལ་ཐ་དད་པ་རྣམས་ལ་དངོས་པོ་མེད་པར་བསྟན་པའི་སྒོ་ནས་སྟོང་པའི ་རྣམ་གྲངས་ཀྱང་བཅོ་བརྒྱད་དུ་ཕྱེའོ། །དེ་ལ་ནང་སྟོང་པ་ཉིད་ནི་མིག་ཅེས་བྱ་བ་ནས་ཡིད་ཅེས་བྱ་པའི་བར་དག་སྟེ། མིག་ལ་སོགས་པའི་དབང་པོ་དྲུག་དང་དེའི་རྟེན་ལུས་ཀྱི་ཕུང་པོ་ལྔ་དག་ནི་ནང་ཞེས་བྱ་སྟེ། དེ་དག་ལ་ཆོས་དང་གང་ཟག ་ཅེས་བྱ་བ་རྟག་པ་ཐེར་ཟུག་ཏུ་གནས་པའི་དངོས་པོ་རྡུལ་ཙམ་ཡང་མེད་པའི་ཕྱིར་ནང་སྟོང་པ་ཉིད་ཅེས་བྱའོ། །དེ་ལྟར་ཆོས་གང་ཟག་གིས་དངོས་པོ་མེད་པ་སྟོང་པ་ཞེས་བྱ་བ་ནི་དོན་དམ་པ་ཡིན་པར་གཞན་ཀུན་ལ་ཡང་སྒྲེ་ཞིང་གོ་བར ་བྱའོ། །ཕྱི་སྟོང་པ་ཉིད་ནི་གཟུགས་ཞེས་བྱ་བ་ནས་ཆོས་ཞེས་བྱ་བའི་བར་དུ་ཡུལ་དྲུག་སྟེ། རྣམ་པར་ཤེས་པས་མ་ཟིན་བ་བླུན་པོའི་རང་བཞིན་བེམས་པོ་རྩི་ཤིང་དང་ནགས་ཚལ་ལ་སོགས་པ་འབྱུང་བ་ཆེན་པོ་བཞི་དང་དབང་པོ་དང་རྣམ་པར ་ཤེས་པའི་ཡུལ་རྣམས་ནི་ཕྱི་ཞེས་བྱ་ལ་སྟེ། དེ་དག་ལ་ཡང་དངོས་པོ་མེད་དོ་ཞེས་བྱ་བར་སྦྱར་རོ། །ཕྱི་ནང་སྟོང་པ་ཉིད་ནི་སྐྱེ་མཆེད་བཅུ་གཉིས་ཏེ། ལ་ལ་དག་འདི་སྙམ་དུ་ནང་དང་ཕྱི་གཉིས་ལ་ནི་དངོས་པོ་མེད་པར་བསྟན་ན། འོན་ཀྱང ་ཕྱི་ནང་གཉིས་ཀ་འདུས་པའི་ཕྱིར?་ནི?་དངོས་པོ་ཞིག་ཡོད་དོ་སྙམ་དུ་སེམས་ན་ཡང་དབང་པོ་དྲུག་དང་ཡུལ་དྲུག་དེ་ལ་དམིགས་ཤིང་རྟེན་པ་རྣམ་པར་ཤེས་པ་དྲུག་ཙམ་དུ་ཟད་དོ། དེ་དག་ལ་ཡང་དངོས་པོ་མེད་པའི་དོན་ཏོ། །སྟོང་པ་ཉིད ་སྟོང་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་གང་ཡིན་པ་སྟེ། ལ་ལ་ངག?་འདི་སྙམ་དུ་ཕྱི་དང་ནང་དང། ཕྱི་ནང་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ནི་དངོས་པོ་མེད་དོ་སྟོང་པར་བསྟན་ན། འོན་ཀྱང་ཆོས་དེ་དག་ཐམས་ཅད་སྟོང་པའོ་ཞེས་ཚིག ་ཏུ་མི་བཏགས་པས་སྟོང་པ་ཞེས་བྱ་བ་དེ་ཉིད་དངོས་པོ་ཞིག་ཏུ་ཡོད་དོ་སྙམ་དུ་སེམས་ན་ཡང་སྟོང་པའི་དངོས་པོ་ལྟ་ག་ལ་ཡོད་དེ?་མེད་ཅེས་བས་ན་སྟོང་པ་ཉིད་ཅེས་བྱའོ། །ཆེན་པོ་སྟོང་པ་ཉིད་ནི་ཕྱོགས་བཅུ་སྟེ། ལྷོ་བྱང་ཤར་ནུབ་ཀྱི ་ཕྱོགས་ཇི་སྙེད་པ་ཐམས་ཅད་ཀྱི་སྣོད་ཀྱི་འཇིག་རྟེན་གསུམ་དང་བཅུད་ཀྱི་འཇིག་རྟེན་རྒྱུད་ལྟར་སྐྱེས་པ་མང་ཞིང་རྒྱ་ཆེ་བ་དེ་དག་ལ་དངོས་པོ་ཡོད་པར་སེམས་ན་ཡང་དེ་ལ་ཡང་དངོས་པོ་མེད་དོ་ཞེས་བྱའོ། །དོན་དམ་པ་སྟོང་པ་ཉིད་ནི་མི་རྟག་མི་འཇིགས ་པའི་མཚན་ཉིད་དེ། ཆོས་ཀྱི་དབྱིངས་དང་མྱ་ངན་ལས་འདས་པ་ནི་དོན་དམ་པ་སྟེ། དེ་ནི་རྟག་པའི་དངོས་པོ་མེད་པས་ན་མི་རྟག་གོ། གཏན་ནས་ཅི་ཡང་མེད་པ་མ་ཡིན་པས་ན་མི་འཇིགས་ཅེས་བྱ་སྟེ། དེ་ལ་དངོས་པོ་ཡོད་པར་རྟོག་ན་ཡང ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདུས་བྱས་སྟོང་པ་ཉིད་ནི་ཁམས་གསུམ་སྟེ། འདོད་པའི་ཁམས་དང། གཟུགས་ཀྱི་ཁམས་དང། གཟུགས་མེད་པའི་ཁམས་གསུམ་ནི་འདུས་བྱས་སོ། ཡང་ན་འདུས་བྱས་ཀྱི་མཚན་ཉིད་བཞི་སྟེ། ་སྐྱེ་བ་དང་གནས་པ་དང་མི་རྟག་པ་དང་འཇིག་པ་བཞི་ལ་བྱ་སྟེ། དེ་དག་ལ་དངོས་པོ་ཡོད་པར་རྟོག་ན་ཡང་ཡོད་པ་མ་ཡིན་ཏེ་མེད་དོ་ཞེས་བྱའོ། །འདུས་མ་བྱས་སྟོང་པ་ཉིད་ནི་སྐྱེ་བ་མེད་པ་དང་འགག་པ་མེད་པ་དང་གནས་པ་ལས་གཞན་དུ་འགྱུར་བ་མེད ་པ་སྟེ། དེ་ནི་སོ་སོར་བརྟགས་པས་འགོག་པ་དང། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དང་གཞག་པ་མི་རྣམས་ཀྱིས་ནི་མི་རྟོགས་ལ། །མིག་ཏུ་སོང་ན་དེ་ཉིད་ཀྱིས། །མི་བདེ་བ་དང་གནོད་སྐྱེད་བཞིན། །བྱིས་པ་དག་ནི་ལག་མཐིལ་འདྲ། །འདུ་བྱེད ་སྡུག་བསྔལ་སྤུ་མི་རྟོགས། །མཁས་པ་རྣམས་ནི་མིག་དང་འདྲ། །དེ་ཡིས་ཤིན་ཏུ་ཡིད་ཀྱང་འབྱུང་ཞེས་གསུངས་ཏེ། བྱིས་པ་དག་ནི་མནར་མེད་པའི་ཕུང་པོ་ལ་ཡང་སྡུག་བསྔལ་གྱི་བློ་འབྱུང་གི། འཕགས་པ་དག་ནི་སྲིད་པའི་རྩེ ་མོ་ལ་ཡང་སྡུག་བསྔལ་གྱི་བློ་འཇུག་པས་དེ་ནི་འདུ་བྱེད་ཀྱི་སྡུག་བསྔལ་གྱི་ཁྱབ་པར་བསྟན་ཏོ། །བསྐལ་པ་གྲངས་མེད་པ་གསུམ་གང་ཞེ་ན། མོས་པས་སྤྱོད་པའི་ས་ནས་ས་དང་པོའི་བར་དུ་གཅིག། ས་དང་པོ་ནས་ས་བརྒྱད་པའི་བར་དུ་གཅིག ་ས་བརྒྱད་པ་ནས་ས་བཅུ་པའི་བར་དུ་གཅིག་གོ་ཞེས་བྱ་བ་ལ། བསྐལ་པའི་དང་པོ་ནི་ཚེ་དཔག་ཏུ་མེད་པ་ནས་བྲིས་ནས་བརྒྱུད་ཁྲིར་གྱུར་པ་ནས་བཟུང་སྟེ་རིམ་གྱིས་མིའི་ཚེ་ལོ་བཅུའི་བར་དུ་མར་བྲིལ་སྟེ། བར་གྱི་བསྐལ་པ་གཅིག་གོ། དེ་ནས་ཡང ་ཚེ་ལོ་བརྒྱད་ཁྲིར་གྱུར་ལ་སླར་ཡང་བྲི་བའི་རིམ་གྱིས་ཚེ་ལོ་བཅུ་པར་གྱུར་པའི་བར་དེ་ནི་ཡང་སྐྱེ་བ་དང་མར་བྲི་བའི་བར་གྱི་བསྐལ་པ་གཉིས་པ་སྟེ། དེ་ལྟ་བུ་བཅོ་བརྒྱད་དང་དེའི་ཐ་མ་ཡང་ཚེ་ལོ་བཅུ་ནས་བརྒྱད་ཁྲིར་ཡང་སྐྱེ་བའི་སྐལ་པ ་གཅིག་དང། དང་པོ་མར་འགྲིབ་པའི་བསྐལ་པ་སྟེ། དེ་ལྟ་བུར་བར་གྱིས་བསྐལ་པ་ཉི་ཤུར་འཇིག་རྟེན་འཆགས་སོ། །ཉི་ཤུར་གནས་སོ། །ཉི་ཤུར་འཇིག་གོ། ཉི་ཤུར་སྟོངས་ཏེ། བར་གྱི་བསྐལ་པ་བརྒྱད་ཅུ་ལ་སྐལ་པ་ཆེན་པོ་གཅིག་ཅེས་བྱ་སྟེ། ་དེ་ལྟ་བུ་བགྲང་བའི་མཛའ་ལས་འདས་པ་ནི་བསྐལ་པ་གྲངས་མེད་པ་གཅིག་སྟེ། མོས་པས་སྤྱོད་པའི་ས་དང། ས་བརྒྱད་པ་མན་ཆད་དང། སངས་རྒྱས་ཀྱིས་ཀུན་ཏུ་འོད་མན་ཆད་དུ་བསྐལ་པ་དེ་ལྟ་བུ་རེ་རེ་ཐོགས་པར་གོ་རིམ་བཞིན་དུ་སྦྱར་རོ།། ་གང་ཟག་གསུམ་གང་ཞེ་ན། ཐེ་ཙོམ་ཅན་གྱི་གང་ཟག་དང་ལོག་པར་ཤེས་པའི་གང་ཟག་དང་མི་ཤེས་པའི་གང་ཟག་གོ་ཞེས་བྱ་བ་ལ། ཆོས་ཀྱི་མཚན་ཉིད་མི་རྟག་པ་དང། སྡུག་བསྔལ་པ་དང། སྟོང་པ་དང་བདག་མེད་པ་ཡིན་ནམ་འོན་ཏེ་མ ་ཡིན་སྙམ་དུ་སེམས་མ་ངེས་པ་ནི་ཐེ་ཙོམ་ཅན་གྱི་གང་ཟག་གོ། ཆོས་རྣམས་རྟག་པ་དང་བདེ་བ་དང་གཙང་པ་དང། བདག་ཡོད་པར་ངེས་པར་འཛིན་པ་ནི་ལོག་པར་ཤེས་པའི་གང་ཟག་གོ། ཆོས་ཀྱི་མཚན་ཉིད་མི་རྟག་པ་དང། རྟག་པ་ལ་སོགས་གང་གིས་ ་རྒྱུས་ཀྱང་མི་ཤེས་པ་ནི་མི་ཤེས་པའི་གང་ཟག་ཅེས་བྱའོ། །མ་འདྲེས་པའི་ཉེ་བར་གཞག་པ་གསུམ་གང་ཞེ་ན། གུས་པར་ཉན་པ་རྣམས་ལ་སེམས་སྙོམས་པ་དང་གུས་པར་མི་ཉན་པ་རྣམས་ལ། སེམས་སྙོམས་པ་དང་གུས་པར་ཉན་པ་དང། གུས ་པར་མི་ཉན་པ་རྣམས་ལ་སེམས་སྙོམས་པའོ་ཞེས་བྱ་བ་ལས་སྐྱེ་བོ་དང་ཉན་ཐོས་དག་ལ་མེད་ཀྱི་སངས་རྒྱས་ཉི་ཚེ་ལ་མངའ་ནི་མ་འདྲེས་པའི་ཉེ་བར་གཞག་པ་ཞེས་བྱ་སྟེ། དེ་ཡང་སློབ་མ་འཁོར་གུས་པ་དང། རིམ་གྲོ་བསྐྱེད་དེ་འགྲུབ་པའི་ཆོས ་ཉན་ན་ཡང་ལྷག་པར་དགའ་བ་ཡང་མེད་པས་གུས་པར་ཉན་པ་རྣམས་ལ་སེམས་པའོ། །གུས་པ་མེད་ཅིང་གྱོང་སྟེ་རིམ་དྲོ་ཆུད་པ་དང་ཆོས་ཉན་དུ་མི་བཏུབ་ན་ཡང། སེམས་དང་ཞེ་སྡང་མི་འབྱུང་བས་ན་གུས་པར་མི་ཉན་པ་རྣམས་ལ། སེམས ་སྙོམས་པའོ། །བར་བར་གུས་ཤིང་རིམ་གྲོ་དང། ཆོས་ཉན་པ་ལ་འགྲུས། བར་བར་མི་འགྲུས་ཏེ། རིམ་གྲོ་དང་ཆོས་ཉན་ཏུ་མི་བཏུབ་ན། དེ་ལ་ཡང་གུས་པའི་ཚེ་དགའ་བ་ཡང་མི་སྐྱེད། མི་གུས་པ་ལ་ཁྲོ་པ་ཡང་མི་སྐྱེད་དེ་བཞིན་ཉིད་དང་ནམ་མཁའ་ ་སྟེ། ཆོས་དེ་གཞི་ནི་རྒྱུ་དང་རྐྱེན་གང་གིས་ཀྱང་མ་སྐྱེས་པས་འདུས་མ་བྱས་ཞེས་བྱ་སྟེ། དེ་ནི་འདུས་བྱས་ཀྱི་ཆོས་ལྟར་དང། དང་པོ་སྐྱེ་བ་དང་ཐ་མར་འགག་པ་དང་བར་དུ་གནས་པའི་དུས་ན་ཡང་བཟང་ངན་དང་ཆེ་དྲུང་དུ་འགྱུར་བ་ལྟ་བུ་མེད་པ་སྟེ། དེ་ལ ་དངོས་པོ་ཡོད་སྙམ་ན་ཡང་དངོས་པོ་མེད་པ་སྟེ་སྟོང་ངོ་ཞེས་བྱའོ། །མཛའ་ལས་འདས་པ་སྟོང་པ་ཉིད་ནི་མཛའ་ཐམས་ཅད་བྲལ་བ་སྟེ། ཡོད་པ་དང་མེད་པའི་མཛའ་ལས་འདས་པ་ཞེས་བྱ་བ་དེ་ལ་དངོས་པོ་ཡོད་དོ་ཞེ་འམ། ཡང་ན་སྔོན་དང་ད་ལྟར ་ཕྱི་མའི་མཛའ་ལ་དངོས་པོ་ཡོད་པར་རྟོག་ན་དེ་དག་ལ་དངོས་པོ་མེད་དོ་ཞེས་བྱའོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ནི་དུས་གསུམ་སྟེ། དེ་ཡང་འཁོར་བའི་ཐོག་མ་ཞེས་བྱ་བ་དང་ཐ་མ་ཞེས་བྱ་བ་འམ་ཡང་ན་འདས་པ ་དང་མ་འོངས་པ་དང་ད་ལྟར་གྱི་དུས་གསུམ་རྣམས་ལ་དངོས་པོ་ཞིག་ཡོད་དོ་བར་རྟོག་ན་ཡང། དངོས་པོ་མེད་པས་སྟོང་ངོ། །དོར་བ་མེད་པ་སྟོང་པ་ཉིད་ནི། ཆོས་ཐམས་ཅད་བླང་བར་བྱ་བ་དང་སྤང་བར་བྱ་བ་མེད་པ་སྟེ་དཔེར་ན་བུམ་པ་ནི་ནང་དུ་ཆུ ་སྔར་བླུགས་པ་ལས་ཆུ་དེ་པོ་སྟེ་བུམ་པ་སྟོང་པར་གྱུར་པ་དང་འདྲ་བར་དོན་དམ་པ་དེ་ལ་ཡང་རྫས་ཀྱིས་དངོས་པོ་ཞིག་སྔ་ན་ཡོད་ཡོད་པ་ལ་རྫས་དེ་པོར་དེ་མེད་པར་གྱུར་ནས་སྟོང་པར་གྱུར་ནས་སྟོང་པར་གྱུར་པ་ལྟ་བུ་ལ་མི་བྱའི། དོན་དམ ་པ་ནི་ཐོག་མ་ཉིད་ནས་སྟོང་པ་ཉིད་ཀྱི་མཚན་ཉིད་ཡིན་པས་ན་སྟོང་པ་ཉིད་ལ་དོར་བ་དང་བླང་བ་དང་སྤངས་པ་མེད་པས་ན་འགའ་ཞིག་དེ་ལ་དངོས་པོ་ཡོད་པར་རྟོག་ན་དངོས་པོ་མེད་དོ་ཞེས་བྱ་བའོ། །རང་བཞིན་སྟོང་པ་ཉིད་ནི་འདུས་བྱས་དང ་འདུས་མ་བྱས་ཀྱི་ཆོས་རྣམས་ཉན་ཐོས་དང། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང། །དེ་བཞིན་གཤེགས་པ་རྣམས་ཀྱིས་སྟོང་པར་མ་བྱས་པའི་ཆོས་གང་ཡིན་པ་སྟེ། །དེ་ཡང་གཟུགས་ནས་བརྩམས་ཏེ་འདུས་བྱས་དང ་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ཡེ་ནས་སྟོང་པ་ཉིད་ཀྱིས་ཁྱབ་སྟེ། རང་བཞིན་གྱིས་སྟོང་པར་གནས་པ་དེ་ནི་ཉན་ཐོས་ལ་སོགས་པ་འཕགས་པ་རྣམས་ཀྱིས་བརྩལ་ཏེ་སྟོང་པར་ཆེད་དུ་བྱས་པར་གྱུར་ནི་མ་ཡིན་གྱི་དེ་ནས་སྟོང་བ་ཉིད་དུ ་གནས་པས་ན་རང་བཞིན་སྟོང་པ་ཞེས་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་ཁམས་གསུམ་དང་འདུས་བྱས་དང་འདུས་མ་བྱས་རྣམས་ཏེ། དེ་ཡང་ཕུང་པོ་ལ་སོགས་པ་ཕྱི་ནང་གི་ཆོས་རྣམས་ཀྱི་རང ་དར་སྤྱིའི་མཚན་ཉིད་ལ་གཉིས་ལས་འདིར་ཕྱིའི་མཚན་ཉིད་དུ་ཆོས་ཐམས་ཅད་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པ་ཞེས་བྱ་བ་དེ་ལ་དངོས་པོ་མེད་པའམ། ཡང་ན་དོན་དམ་པར་ཆོས་ཐམས་ཅད་ལ་ངོ་བོ་ཉིད་མེད་པ་ལ་འགའ་ཞིག ་དངོས་པོ་ཡོད་པར་རྟོག་ན་དེ་ལ་དངོས་པོ་མེད་དོ་ཞེས་བྱའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་གཟུགས་ནི་འཇིག་པའི་མཚན་ཉིད་ཅེས་བྱ་བ་ནས། རྣམ་པར་ཤེས་པ་ནི་རྣམ་པར་རིག་པའི་མཚན་ཉིད་ཅེས་བྱ་བའི་བར་དག་སྟེ། དེ་ལ་ཡང་ས་སྲ་བ་དང། ་ཆུ་གཤེར་བ་དང། མེ་ཚ་བ་དང། རླུང་ཡང་བ་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་མངོན་སུམ་གྱི་མཚན་ཉིད་དོ་ཞེས་བྱ་བའི་བར་དུ་སྟེ། མཚན་ཉིད་རྣམ་པ་གཉིས་ལས་རང་གི་མཚན་ཉིད་དེ་དག་ལ་དངོས་པོ་ཡོད་པར་རྟོགས་ན་ཡང་དེ ་དག་གིས་དངོས་པོ་མེད་དོ་ཞེས་བྱ་བའོ། །མི་དམིགས་པ་སྟོང་པ་ཉིད་ནི་དུས་གསུམ་གྱིས་ཆོས་རྣམས་ཏེ། དེ་ཡང་ཕྱི་ནང་གི་ཆོས་རྣམས་འདས་པའི་དུས་དང་ད་ལྟར་དང། མ་འོངས་པའི་དུས་གང་དུ་ཡང་ལན་འགའ་ཡང་དངོས་པོ་ཅན་དུ་མ་གྱུར་ཏེ། ་དངོས་པོར་ནམ་ཡང་མ་དམིགས་པས་ན་མི་དམིགས་པ་སྟོང་པ་ཞེས་བྱའོ། །དངོས་པོ་མེད་པ་སྟོང་པ་ཉིད་དང། ངོ་བོ་ཉིད་སྟོང་པ་ཉིད་དང། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་དང་གནས་པ ་དང་འགག་པའི་ཕྱིར་རོ་ཞེས་སྨོས་ཏེ། ཚིག་དང་པོའི་དོན་ནི་གཟུགས་དང་སྒྲ་ལ་སོགས་པའི་ཆོས་རྣམས་ཇི་ལྟར་ད་ལྟར་སྣང་བ་བཞིན་དུ་དངོས་པོ་ཡང་དག་པར་མེད་པས་ན། །དངོས་པོ་མེད་པ་སྟོང་པ་ཞེས་བྱའོ། །ཚིག་གཉིས་པ་ནི་གཟུགས་དང། སྒྲ་ལ ་སོགས་པའི་ཆོས་ཉིད་ཅེས་བྱ་སྟེ། ཆོས་ཉིད་དེ་ལ་དངོས་པོ་མེད་པ་ན་ངོ་བོ་ཉིད་སྟོང་པ་ཞེས་བྱའོ། །ཚིག་གསུམ་པ་ནི་གོང་དུ་སྨོས་པ་ནི་དངོས་པོ་མེད་པ་སྟོང་པ་ཉིད་དང་ངོ་བོ་ཉིད་མེད་པའི་སྟོང་པ་གཉི་ཀ་གཅིག་ཏུ་བསྡུས་པ་ལ ་དངོས་པོ་ཡོད་དོ་སྙམ་དུ་འགའ་ཞིག་རྟོག་ན་དེ་གཉིས་འདུས་པ་ལ་ཡང་དངོས་པོ་མེད་པས་ན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་རྒྱུ་དང་རྐྱེན་གཞན་དང་གཞན་ཐ ་དད་པ་མང་པོ་གཅིག་ལ་གཅིག་བརྟེན་ཏེ་སྐྱེས་པ་ནི་སྐད་ཅིག་རེ་རེ་ལ་སྐྱེ་ཞིང་འགག་པའི་ཕྱིར་རྟག་པའི་དངོས་པོ་ཡོད་པ་ཡང་མ་ཡིན་ལ་ཐམས་ཅད་ནས་ཐམས་ཅད་དུ་གཏན་ཅི་ཡང་མེད་པ་ཡང་མ་ཡིན་པས་ན། ཆོས་ཐམས་ཅད་རྟེན་ཅིང ་འབྲེལ་པར་འབྱུང་བ་ལ་གནས་ཤིང་འགག་པའི་ཕྱིར་རོ་ཞེས་སྨོས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ནི་ས་དང་གཉེན་པོའི་ཚུལ་དུ་བཞག་སྟེ། ཞེས་བྱ་བ་ལ། བྱང་ཆུབ་ནི་ཉན་ཐོས་དང་རང་སངས་རྒྱས་དང་བླ་ན་མེད་པའི་བྱང་ཆུབ་རྣམ ་པ་གསུམ་སྟེ། ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ཐོབ་པ་ལ་བྱའོ། །དེའི་ཕྱོགས་ཀྱི་ཆོས་ནི་དེ་ཐོབ་པར་བྱ་བ་རྒྱུ་དང་ཐབས་ལྟ་བུ་གྲོགས་སུ་གྱུར་པ་ལ་བྱ་སྟེ། དངོས་སུ་འོག་ནས་འབྱུང་བ་རྣམས་སོ། །ས་ནི་རྒྱུན་ཏུ་ཞུགས་པ་ནས་ས་དང་པོ་ལ་ ་སོགས་པ་ས་བཅུ་དག་གོ། གཉེན་པོ་ནི་ས་དེ་དག་གི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པ་ཟློག་ཅིང་སྤོང་བ་སྟེ། དགྲ་དང་དགྲ་ཟླ་ལྟ་བུའི་ཚུལ་ལ་བཞག་པའི་དོན་ཏོ། །དྲན་པ་ཉེ་བར་གཞག་པ་བཞི་ནི་ལུས་དྲན་པ་ཉེ་བར་གཞག་པ་དང། ཚོར་བ ་དྲན་པ་ཉེ་བར་གཞག་པ་དང། སེམས་དྲན་པ་ཉེ་བར་གཞག་པ་དང། ཆོས་དྲན་པ་ཉེ་བར་གཞག་པ་སྟེ། དེ་ལ་དྲན་པ་ནི་ཤེས་རབ་སྟེ། ཆོས་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་མ་ནོར་བར་ཤེས་པས་ལྷག་མཐོང་དང་སྦྱར་ཞིང་ཉེ་བར་གཞག་པ་ནི་ཇི་ལྟར ་ཤེས་རབ་ཀྱིས་བཅད་པ་དེ་ཉིད་རྩེ་གཅིག་ཏུ་གཞག་པས་ཞི་གནས་དང་སྦྱོར་རོ། །ལུས་ནི་རྣམ་པ་གསུམ་སྟེ། ནང་དང་ཕྱི་དང་ཕྱི་ནང་གསུམ་མོ། །དེ་ལ་ནང་གི་ལུས་ནི་བདག་རང་གི་ལུས་སོ། །ཕྱི་ནི་རྣམ་པར་ཤེས་པས་མ་ཟིན་པ་རྩི་ཤིང་ལ་སོགས ་པ་སྣོད་ཀྱིས་འཇིག་རྟེན་ནོ། །ཕྱི་ནང་གི་ལུས་ནི་བདག་ལས་ནི་ཕྱི་ཅི་ཤིང་སེམས་མེད་པ་ལས་ན་སྟེ། སེམས་ཅན་གཞན་གྱིས་ལུས་སོ། །དེ་དག་ལས་ལ་ནང་གི་ལུས་ལ་རང་གི་མཚན་ཉིད་འབྱུང་བ་དང་འབྱུང་བ་ལས་གྱུར་པ་གཞིག་ཅིང་གཞོམ་དུ་རུང་པ ་དང་སྤྱིའི་མཚན་ཉིད་མི་རྟག་པ་དང། སྡུག་བསྔལ་བ་ནས། སྤྱི་བོ་མན་ཆད་རྐང་པ་ཡན་ཆད་རྣག་དང་ཆུ་སེར་དང་བད་ཀན་ལ་སོགས་པ་མི་གཙང་བ་སྣ་ཚོགས་ཀྱི་མཚན་ཉིད་དུ་བརྟགས་ཏེ། ཕྱི་ནང་གི་ལུས་ཀྱང་དེ་དང་འཐུན་ཕྱིའི་ལུས་ཀྱི་རང་གི་མཚན་ཉིད ་ནི་རྡུལ་ཕྲ་མོ་དུ་མ་འདུས་པ་ཡིན་ལ། སྤྱིའི་མཚན་ཉིད་ནི་གོང་མ་དང་འདྲ་བར་ཤེས་རབ་ཀྱི་གཏན་ལ་ཕབ་ན་རྩེ་ཅིག་ཏུ་འཇོག་པ་ནི་ལུས་དྲན་པ་ཉེ་བར་འཇོག་པ་ཞེས་བྱའོ། །ཚོར་བ་ནི་ནང་གི་ལུས་ལ་དམིགས་ནས་ཚོར་བ་རྣམ་པ་གསུམ་བྱུང་བ་ནི་ནང་གི ་ཚོར་བ་ཞེས་བྱ། དེ་བཞིན་དུ་ཕྱིའི་ལུས་ལ་དམིགས་ནས་བྱུང་བ་ཕྱིའི་ཚོར་བ་དང། ཕྱི་ནང་གི་ལུས་ལ་དམིགས་ནས་བྱུང་བ་ཕྱི་ནང་གི་ཚོར་བ་ཞེས་རྣམ་པ་གསུམ་དུ་སྦྱར་རོ། །དེ་ཡང་ལུས་དང་སེམས་ལ་སིམ་པར་བྱེད་པ་ནི་ཚོར་བ་བདེ་པའོ། །ལུས་དང ་སེམས་ལ་གདུང་བར་བྱེད་པ་ནི་ཚོར་བ་སྡུག་བསྔལ་ལོ། །གདུང་བ་དང་སིམ་པ་གཉིས་ཀར་མི་བྱེད་པ་ནི་ཚོར་མ་བཏང་སྙོམས་ཏེ། དེ་དག་ཀྱང་སྤྱིའི་མཚན་ཉིད་ནི་གོང་མ་དག་དང་འདྲ་ལ། རང་གི་མཚན་ཉིད་ནི་ཚོར་བ་གསུམ་ཆར་ཡང་སྡུག་བསྔལ ་བའི་མཚན་ཉིད་དེ། ཚོར་བ་སྡུག་བསྔལ་ལ་ནི་སྡུག་བསྔལ་གྱི་སྡུག་བསྔལ་གྱིས་ཁྱབ་ཚོར་བ་བདེ་བ་ལ་ནི་འགྱུར་བའི་སྡུག་བསྔལ་གྱིས་ཁྱབ། ཚོར་བ་བཏང་སྙོམས་ལ་ནི་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་ཁྱབ་བོ་ཞེས་བཏགས་ཤིང་རྩེ་གཅིག་ཏུ ་འཇོག་པ་ནི་ཚོར་བ་དྲན་པ་ཉེ་བར་འཇོག་པའོ། །སེམས་ནི་ཉི་ཤུ་སྟེ་འདོད་ཆགས་དང་བཅས་པའི་སེམས་ནས་འདོད་ཆགས་དང་བྲལ་བ་དང། ཞེ་སྡང་དང་བཅས་པ་དང། ཞེ་སྡང་དང་བྲལ་བ་དང། གཏི་མུག་དང་བཅས་པ་དང་གཏི་མུག་དང་བྲལ? ་བ་དང། བསྡུས་དེའི་དང་རྣམ་པར་གཡེངས་པའི་དང་ཞུམ་པའི་དང་གཟེང་མཐོས་པའི་དང་རྒོད་པའི་དང་རྒོད་པ་མེད་པའི་དང། ཞི་བའི་དང་མ་ཞི་བའི་དང། ཤིན་ཏུ་མཉམ་པར་བཞག་པའི་དང། ཤིན་ཏུ་མཉམ་པར་མ་བཞག་པའི ་དང། ལམ་ཤིན་ཏུ་བསྒོམ་པ་པའི་དང། ལམ་ཤིན་ཏུ་བསྒོམས་པ་ལས་གྲོལ་བ་དང། ལམ་ཤིན་ཏུ་བསྒོམས་པ་ལས་གྲོལ་བ་མ་ཡིན་པའི་སེམས་ཏེ་ཉི་ཤུའོ། །དེ་དག་ཀྱང་བསྡུ་ན་རྣམ་པ་གཉིས་ཏེ། དཔྱོད་པའི་དུས་ཀྱི་སེམས་དང་གནས་པའི ་དུས་ཀྱི་སེམས་སོ། །དེ་ལ་འདོད་ཆགས་དང་བཅས་པ་ནས། གཏི་མུག་དང་བྲལ་བའི་བར་དུ་སེམས་དྲུག་ནི་སྤྱོད་པའི་སེམས་ཞེས་བྱའོ། །བསྡུས་པའི་སེམས་མན་ཆད་ནི་གནས་པའི་སེམས་ཞེས་བྱའོ། །དེ་ལ་སྤྱོད་པ་ནི་ལས་སུ་བྱེད་པའོ། །གནས་པ ་ནི་ཏིང་ངེ་འཛིན་དུ་འཇོག་པའོ། །སེམས་དེ་དག་ཀྱང་ཕྱི་ནང་རྣམ་པ་གསུམ་དུ་སྦྱར་ཏེ། ནང་གི་ལུས་ལ་དམིགས་པའི་སྒོ་ནས་སེམས་ཉི་ཤུ་བྱུང་བ་ནི་ནང་གི་སེམས་ཞེས་བྱའོ། །དེ་བཞིན་དུ་ཕྱིའི་ལུས་དང། ཕྱི་ནང་གི་ལུས་ལ་དམིགས་པའི ་སེམས་རྣམ་པ་གསུམ་པོ་ཐམས་ཅད་ཀྱང་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པའོ་ཞེས་རྩེ་གཅིག་ཏུ་འཇོག་ལ་ནི་སེམས་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །ཆོས་ནི་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང ་བའི་ཆོས་ཏེ་དེ་ཡང་གོང་མའི་སེམས་ཉི་ཤུ་བོ་དེ་དག་ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པ་རྣམས་དང་ལྡན་པ་ནི་ཀུན་ནས་ཉོན་མོངས་པ་ཞེས་བྱའོ། །ཉོན་མོངས་པ་དེ་དག་སྤོང་བའི་གཉེན་པོ་མི་གཙང་བ་དང་བྱམས་པ་དང་རྟེན་ཅིང་འབྲེལ ་བར་འབྱུང་བ་ལ་སོགས་པ་དང་ལྡན་པ་ནི་རྣམ་པར་བྱང་བ་ཞེས་བྱ་སྟེ་ཆོས་དེ་དག་ལ་སྟོང་པ་དང། བདག་མེད་པར་རྟོག་ཅིང་བསྒོམ་པ་ནི་ཆོས་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །དེ་དག་བསྒོམས་པས་ཕྱིན་ཅི་ལོག་བཞི་སྤོང་སྟེ་དེ་ཡང་ལུས་དྲན ་བ་ཉེ་བར་གཞག་པ་མི་གཙང་བར་བསྒོམས་པས་བཙད་བར་ལྟ་བ་སྤངས་སོ། །ཚོར་བ་དྲན་པ་ཉེ་བར་གཞག་བ་སྡུག་བསྔལ་བར་བསྒོམས་པས་བདེ་བར་ལྟ་བ་སྤངས་སོ། །སེམས་དྲན་པ་ཉེ་བར་གཞག་པ་མི་བརྟགས་པར་བསྒོམས་པས་བརྟག་པར་ལྟ་བ ་སྤངས་སོ། །ཆོས་དྲན་པ་ཉེ་བར་གཞག་པ་བདག་མེད་པར་བསྒོམས་པས་བདག་ཡོད་པར་ལྟ་བ་སྤངས་སོ། །བདེན་པ་བཞི་བསྒོམས་ཞིང་རྟོགས་པ་ཡང་དེ་དག་ཉིད་ཡིན་ཏེ། སྡུག་བསྔལ་བདེན་པ་དང་ཀུན་འབྱུང་བདེན་པ་དང་འགོག་པ་བདེན་པ་དང ་ལམ་བདེན་པ་སྟེ། །དེ་བཞིན་དང་གོ་རིམ་བཞིན་དུ་རེ་རེ་སྦྱར་རོ། །ཡང་དག་པར་སྤོང་བ་བཞི་ནི་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེས་པའི་ཕྱིར་འདུན་བསྐྱེད་དོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་བསྐྱེད་དོ། །དགེ་པའི ་ཆོས་བསྐྱེད་པ་རྣམས་གནས་པ་དང་ཕྱི་ཞིང་འབྱུང་བ་དང། ཉམས་པར་མི་འགྱུར་བ་དང་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འདུན་པ་སྐྱེད་དོ། །གོང་དུ་དྲན་པ་ཉེ་བར་གཞག་པའི་སྐབས་སུ་ཆོས་དྲན་པ་ཉེ་བར་གཞག་བ་སྒོམ་པ་ན་ཀུན་ནས་ཉོན་མོངས་པའི ་ཆོས་ནི་མི་འཐུན་པའི་ཕྱོགས་ཡིན་ལ་རྣམ་པར་བྱང་པའི་ཆོས་ནི་གཉེན་པོ་ཡིན་པར་རྟོགས་ནས་མི་མཐུན་པ་སྤོང་ཞིང་གཉེན་པོ་སྐྱེད་པས་བྱེད་པའི་བརྩོན་འགྲུས་ཀྱི་རང་བཞིན་རྣམ་པ་གཞི་འབྱུང་བ་ནི་ཡང་དག་པར་སྤོང་བ་ཞེས་བྱའོ། །འདོད་པའི་ཁམས ་ཀྱི་ལུས་ཀྱི་ལས་གསུམ་དག་གི་གཞི་དང་ཡིད་ཀྱིས་གསུམ་ཏེ་མི་དགེ་བ་བཅུ་དང་དེ་དག་སྐྱེ་བའི་རྒྱུ་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ནི་བདག་དང་གཞན་ལ་གནོད་ཅིང་རྣམ་པར་སྨིན་པ་ཡང་སྡུག་བསྔལ་ཆེན་པོ་སྐྱེས་པས་ན་སྡིག་པ་ཞེས་བྱ། དགེ་བ ་དང་མི་མཐུན་ཞིང་འཕགས་པ་རྣམས་ཀྱིས་སྨད་པ་ཡིན་པས་ན་མི་དགེ་བ་ཞེས་བྱ་སྟེ། ཡུལ་དེ་དག་ལ་དམིགས་ཤིང་སྤྱོད་པའི་སྒོ་ནས་སེམས་ཀྱིས་རྒྱུད་ལ་བག་ཆགས་བསགས་པ་ནི་སྐྱེས་པ་ཞེས་བྱ། བག་ཆགས་མ་བསགས་པ་ནི་མ་སྐྱེས་པ་ནི? ་སྟེ། ཆོས་དེ་དག་སེམས་ལ་ད་ལྟར་ཡང་མ་སྐྱེས་ལ་ཕྱིས་ཀྱང་མི་འགྱུར་བར་བྱའོ་སྙམ་དུ་སེམས་པ་དང། ཆོས་དེ་དག་སྔར་སེམས་ལ་སྐྱེས་པ་རྣམས་ནི་ཅི་ནས་ཀྱང་བརྒྱུན་བཅད་ཅིང་མངོན་དུ་མི་འབྱུང་བར་སྤོང་ངོ་སྙམ་དུ་སེམས་པ་དེ་ནི ་འདུན་པ་ཞེས་བྱའོ། །དགེ་བའི་ཆོས་ནི་གོང་མ་ལ་སོགས་པ་སྟེ་དགེ་བ་བཅུ་དང་འདོད་མ་ཆགས་པ་དང། ཞེ་མི་སྡད་བ་ལ་སོགས་པ་སྟེ། དེ་དག་ཅིའི་ཕྱིར་སྤོང་བ་ཞེས་བྱ་ཞེ་ན། དགེ་བའི་ཆོས་དེ་རྣམས་ཀྱིས་ཀྱང་མི་མཐུན་པའི་ཆོས་རྣམས་སྤོང་བའི ་ཕྱིར་ཡང་དག་པར་སྤོང་བ་ཞེས་བྱའོ། །ཆོས་དེ་དག་སེམས་ཀྱིས་རྒྱུད་ལ་སྔ་ན་མེད་པ་ལས་དེ་བསྐྱེད་ཅིང་མངོན་སུམ་སྒྲུབ་པོ་སྙམ་དུ་སེམས་དཔའ་དང་སྔ་ན་སེམས་ཀྱི་རྒྱུད་ལ་ཅུང་ཟད་ཡོད་པ་ཡང་འཕེལ་ཞིང་རྒྱས་པར་བྱའོ་སྙམ་དུ་སེམས་པ་སྟེ། ་དེ་དག་སྔ་ན་ཡོད་པ་ལས་མི་འབྲི་བ་ནི་གནས་པའོ། །ཡང་ནས་ཡང་དུ་མངོན་སུམ་དུ་བསྒྲུབས་པས་ཤས་ཇེ་ཆེར་ཇེ་ཆེར་འཕེལ་བ་ནི་ཕྱིར་ཞིང་འབྱུང་བའོ། །མི་མཐུན་པའི་ཕྱོགས་སྡིག་པའི་དབང་དུ་མི་འགྲོ་བ་ནི་ཉམས་པར་མི་འགྱུར་བའོ། ། ་མི་དགེ་བ་སྤང་ཞིང་དགེ་བ་བསྐྱེད་པ་དེ་མྱུར་དུ་མཐར་ཕྱིན་པར་བྱེད་པ་ནི་ཡོངས་སུ་རྫོགས་པར་བྱ་བའོ། །དེ་ལྟར་དེ་དག་གི་ཕྱིར་འདི་དང་འདི་བྱའོ་སྙམ་པའི་སྦྱོར་པའི་སེམས་ནི་འདུན་པ་སྟེ། བརྩོན་འགྲུས་སྐྱེད་པའི་མཚན་ཉིད་དོ། །རྫུ་འཕྲུལ ་གྱི་རྐང་པ་བཞི་ནི་འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་སེམས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ ་འཕྲུལ་གྱི་རྐང་པ་དང། དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་སྟེ། དེ་ལ་རྫུ་འཕྲུལ་ནི་ལྷའི་མིག་དང། རྣ་བ་དང་གཞན་གྱི་སེམས་ཤེས་པ་དང་སྔོན་གྱི་གནས་དང་འཆི་འཕོ་བ་དང་སྐྱེ་བ་ཤེས་པ་སྟེ་མངོན་པར ་ཤེས་པ་ལྔ་ལ་བྱ། རྐང་པ་བཞི་ནི་དེ་འཐོབ་པའི་བྱེད་པའི་རྒྱུ་ལ་བྱ་སྟེ། ཀྱུས་ཀྱི་ཏིང་ངེ་འཛིན་བཞི་དང་སྦྱར་རོ། །སེམས་ཀྱི་ཏིང་ངེ་འཛིན་ཏུ་འཇོག་པ་ལ་ལྷག་པར་དགའ་ཞིང་མོས་པའི་དབང་གིས་བརྟག་ཏུ་ཏིང་ངེ་འཛིན་ལ་འཇུག་པའི་སྒོ་ནས་སེམས་རྩེ ་གཅིག་ཐོབ་པ་ནི་མོས་པའི་ཏིང་ངེ་འཛིན་ཅེས་བྱ་སྟེ། དེ་ཡང་བསམ་གཏན་གྱིས་འབྲས་བུ་མཐོ་རིས་དང་ཐར་པའི་ཡོན་ཏན་དག་ལ་འདོད་པའི་རང་བཞིན་ནོ། །ཏིང་ངེ་འཛིན་ལ་མི་མཐུན་པའི་ཕྱོགས་བསྒྲིབ་པ་ལྔ་ཡོད་དེ། དེ་ཡང་ལེ་ལོ་དད་དམིགས ་པ་བརྗེད་པ་དང། ཞུམ་རྒོད་དང་འདུ་མི་བྱེད་པ་དང་འདུ་བྱེད་པའོ། །དེ་ལ་ལེ་ལོ་ནི་དགེ་བ་ལ་མི་འཇུག་པ་སྟེ། དང་པོ་ཉན་པ་དང་སེམས་པ་ལ་སྦྱོར་བའི་དུས་ན་སྒྲིབ་པའི་ཕྱིར་ཉེས་པའོ། །དམིགས་པ་བརྗོད་པ་ནི་བསམ་གཏན་གྱི་མན་ངག་མི་འདྲ ་བས་བསྒོམས་པའི་ཡུལ་གང་ཡིན་རྟོལ་མེད་དེ་བསམ་གཏན་ལ་སྦྱོར་བའི་དུས་ན་རྨོངས་པའི་ཕྱིར་ཉེས་པའོ། །ཞུམ་རྒོད་ནི་སྒོམ་པའི་ཡུལ་ལ་རྨུགས་ཤིང་གཡེངས་ཏེ་བསམ་གཏན་ལ་ཞུགས་པའི་དུས་ན་ལས་སུ་མི་རུང་བས་ཉེས་པའོ། །འདུ་མི ་བྱེད་པ་ནི་ཞུམ་རྒོད་བྱུང་ན་དེ་སྤོང་ཞིང་ཞི་གནས་སུ་མི་གློན་པས་ན་ཉེས་པའོ། །འདུ་བྱེད་ཕྲགས་པ་ནི་སེམས་མཉམ་པར་གནས་པའི་དུས་ན་དེ་ལས་བསྐྱོད་ཅིང་གཡེངས་བར་བྱེད་པས་ཉེས་པ་སྟེ། དེ་ལྔ་ནི་སྤང་བར་བྱ་བ་ཡིན་ལ་དེ་སྤོང་བའི་འདུ ་བྱེད་ནི་བརྒྱད་དེ་མོས་པ་དང་བརྩུན་འགྲུས་དང་དད་པ་དང། ཤིན་ཏུ་སྦྱངས་པ་དང། དྲན་པ་དང་ཤེས་བཞིན་དང་སེམས་པ་དང་བཏང་སྙོམས་རྣམས་སོ། །དེ་དག་གིས་ཉེས་པ་ལྔ་ཇི་ལྟར་སྤོང་ཞེ་ན། འདུ་བྱེད་བཞིས་ནི་ལེ་ལོ་སྤོང་སྟེ་ཇི་ལྟར་ཞེ་ན། བརྩོན ་འགྲུས་ཀྱི་གནས་དང་བརྟེན་དང་མཚན་མ་དང་འབྲས་བུ་བསྟན་པའི་སྒོ་ནས་སྤོང་སྟེ། དེ་ཡང་མོས་པ་ཡོད་ན་བརྩོན་འགྲུས་བརྩོམ་པའི་ཕྱིར་མོས་པ་ནི་བརྩོན་འགྲུས་ཀྱི་གནས་སོ། །བརྩོན་འགྲུས་ཉིད་ནི་བརྟེན་ནོ། །མོས་པ་སྐྱེ་བའི་རྒྱུ་ནི་དད་པ ་སྟེ་དད་པ་ཡོད་ན་མོས་པ་འབྱུང་བས་མཚན་མ་སྟེ། མཚན་མ་དང་རྒྱུ་ནི་དོན་གཅིག་གོ་།བརྩོན་འགྲུས་བརྩམས་ན་ལུས་དང་སེམས་ལས་སུ་རུང་བར་འགྱུར་པའི་ཕྱིར་ཤིན་ཏུ་སྦྱངས་པ་སྟེ་དེ་ནི་བརྩོན་འགྲུས་ཀྱི ་འབྲས་བུའོ། །དེ་ལྟར་ལུས་དང་སེམས་ལས་སུ་རུང་ཞིང་བརྩོན་འགྲུས་ཀྱི་དབང་ཐོབ་ན་ལེ་ལོའི་གནས་མེད་པས་དེའི་ཕྱིར་འདུ་བྱེད་སྔ་མ་བཞི་ནི་ལེ་ལོའི་གཉེན་པོ་ཡིན་ནོ། །ཉེས་པ་ལྷག་མ་བཞིའི་གཉེན་པོ་ནི་འདུ་བྱེད་བཞི་རེ་དང་རིམ ་བཞིན་དུ་སྦྱར་ཏེ། དམིགས་པ་བརྗོད་པའི་གཉེན་པོ་ནི་དྲན་པའོ། །ཞུམ་རྒོད་བྱུང་ན་གང་བྱུང་རྟོག་པར་བྱེད་པས་ཞུམ་རྒོད་ཀྱིས་གཉན་པོ་ཤེས་བཞིན་ནོ། །མངོན་པར་འདུ་མི་བྱེད་པའི་གཉེན་པོ་ནི་སེམས་པ་སྟེ། ཞུམ་རྒོད་བྱུང་ན་སེམས ་པས་ཕྱིར་ཞིག་ནས་སུ་གློན་པར་བྱེད་པའི་ཕྱིར་རོ། །འདུ་བྱེད་དྲགས་པའི་གཉེན་པོ་ནི་བཏང་སྙོམས་ཏེ་ནམ་གཡོ་བར་བྱེད་པ་ན་མི་གཡོ་བར་བསྒོམས་པའི་ཕྱིར་སྤོང་བའི་འདུ་བྱེད་ཅེས་བྱའོ། །སེམས་ཀྱིས་ཏིང་ངེ་འཛིན་ནི་ཚེ་རབས་སྔ་མ་ལ ་བསམ་གཏན་མ་སྙོམས་བསྒོམ་པ་འམ་ཡང་ན་ཚེ་འདི་ལ་སྔ་ནས་ཏིང་ངེ་འཛིན་བསྒོམ་བསྒོམ་པའི་བག་ཆགས་བསགས་ཏེ་ཡུན་རིང་དུ་བསྒོམ་པའི་ཤུགས་ཀྱིས་སེམས་རྩེ་གཅིག་ཐོབ་པའི་ཕྱིར་རོ། །བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་ནི་གང ་གི་ཚེ་སྡིག་པ་མི་དགེ་བའི་ཆོས་སྤོང་ཞིང་གཉེན་པོ་དགེ་བའི་ཆོས་རྣམས་སྐྱེ་ཞིང་འཕེལ་བར་བྱ་བ་རྒྱུན་མི་གཅོད་པར་འབད་འབད་པ་ལས་སེམས་རྩེ་གཅིག་འཐོབ་པའི་ཕྱིར་རོ། །དཔྱོད་པའི་ཏིང་ངེ་འཛིན་དགེ་བའི་གཤེས་གཉེན་ལས་དམ་པའི ་ཆོས་མཉན་ཅིང་བསམ་པའི་ཤེས་རབ་ཀྱི་ཆོས་རྣམས་ཀྱི་མཚན་ཉིད་མི་རྟག་པ་དང་སྟོང་པ་ལ་སོགས་པར་བཤིག་ཅིང་བཏན་ལ་ཕབ་ཅིང་ཐེ་ཚོམ་མེད་པར་དཔྱོད་པ་ལས་སེམས་རྩེ་གཅིག་ཐོབ་པ་ལ་བྱའོ། །སྤོང་པའི་འདུ་བྱེད་དང་ལྡན་པའི ་རྫུ་འཕྲུལ་གྱི་རྐང་པ་ནི་ཞེས་བྱ་བ་ནི་མོས་པའི་ཏིང་ངེ་འཛིན་ལ་སྦྱར་བ་བཞིན་དུ་འོག་མ་རྣམས་ལ་ཡང་རེ་རེ་ཞིང་དེ་དང་འདྲ་བར་ཀུན་ལ་སྦྱར་རོ། །དབང་པོ་ལྔ་ནི་དད་པའི་དབང་པོ་དང་བརྩོན་འགྲུས་ཀྱི་དབང་པོ་དང་དྲན་པའི་དབང་པོ་དང། ཏིང་ངེ་འཛིན་གྱི་དབང་པོ་དང། ་ཤེས་རབ་ཀྱི་དབང་པོ་སྟེ། དེ་ལ་ཅིའི་ཕྱིར་དབང་པོ་ཞེས་བྱ་ཞེ་ན། ཐར་པའི་ཆ་དང་འཐུན་པའི་དགེ་བའི་རྩ་བ་བསྐྱེད་པ་ལ་དབང་བྱེད་པས་སོ། །ཡང་ན་ཡིད་ཆེས་པ་དང། དད་བ་དང་འདོད་པ་ནི་དད་པ་སྟེ། དེ་ཡོད་ན་འཁོར་བ་ལས་འབྱུང་ངོ་སྙམ་ནས་བརྩོན ་འགྲུས་རྩོམ་པར་འགྱུར་རོ། །བརྩོན་འགྲུས་ཀྱིས་ནི་བསླབ་པ་གསུམ་སྒྲུབ་པ་ལ་དབང་བྱེད་དེ། དྲན་པའི་དབང་པོས་ནི་ལྷག་པའི་ཚུལ་ཁྲིམས་ལ་དབང་བྱེད་ཏིང་ངེ་འཛིན་གྱི་དབང་པོས་ནི་ལྷག་པའི་སེམས་ལ་དབང་བྱེད། ཤེས་རབ་ཀྱི་དབང་པོས་ནི ་ལྷག་པའི་ཤེས་རབ་ལ་དབང་བྱེད་པ་དང། ཡང་ན་གོང་མ་གོང་མའི་དབང་གིས་འོག་མ་འོག་མའི་སྐྱེ་བ་ལ་དབང་བྱེད་པས་ན་དབང་པོ་ཞེས་བྱའོ། །དེ་ལ་ལས་དང་འབྲས་བུ་དང་བདེན་པ་དང་དཀོན་མཆོག་ལ་ཡིད་ཆེས་ཤིང་སེམས་དད་བ་ནི་དད་པའི་དབང་པོའོ ་ཉན་པ་དང་སེམས་པ་དང་བསྒོམ་པ་ལ་སོགས་པའི་དགེ་བ་རྒྱུན་མི་གཅོད་པ་ནི་བརྩོན་འགྲུས་ཀྱི་དབང་པོའོ། །ཉན་ཅིང་བསམས་པ་དང་བསྒོམ་པའི་དོན་མ་བརྗོད་ཅིང་བསལ་བ་ནི། དྲན་པའི་དབང་པོའོ། །སེམས་གཟུགས་དང་སྒྲ་ལ་སོགས་པའི་ཡུལ་ལ ་གཡེང་ཞིང་འཕྲོ་བ་མེད་པ་ནི་ཏིང་ངེ་འཛིན་གྱིས་དབང་པོའོ། །ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་མ་ནོར་བར་གསལ་པར་གཏན་ལ་འབེབས་པ་ནི་ཤེས་རབ་ཀྱི་དབང་པོ་སྟེ། དེ་ལྟར་དབང་དུ་གྱུར་ཀྱང་མི་མཐུན་པའི་ཕྱོགས་དང་ཅུང་ཟད་འདྲེ་ཞིང་སྐབས ་སྐབས་སུ་བར་ཆད་བྱེད་དེ། །སྟོབས་ཀྱི་དུས་ན་ནི་མི་མཐུན་པའི་ཕྱོགས་མ་དད་པ་དང། ལེ་ལོ་དང། བརྗོད་པ་དང། གཡེང་བ་དང། ཤེས་བཞིན་མེད་པ་རྣམས་ཅུང་ཟད་ཀྱང་གཡོར་མི་སྣང་བའི་ཕྱིར་སྟོབས་ཤེས་བྱ་སྟེ། དེ་ཡང་དངོས་སུ་ན་དད་པའི་སྟོབས ་དང།?་།བརྩོན་འགྲུས་ཀྱི་སྟོབས་དང། དྲན་པའི་སྟོབས་དང། ཏིང་ངེ་འཛིན་གྱིས་སྟོབས་དང། ཤེས་རབ་ཀྱི་སྟོབས་སོ། །དེ་དག་གི་རང་བཞིན་ནི་དབང་པོ་ལྔ་དང་འཐུན་ལ། ཁྱད་པར་ནི་མི་མཐུན་པའི་ཕྱོགས་ཀྱིས་འདྲེས་པ་དང་མ་འདྲེས ་པའི་ཆོས་དབྱེ་སྟེ་ངེས་པར་འབྱེད་པའི་ཆ་དང་འཐུན་པ་བཞི་ཡང་དེ་དག་ཉིད་ལ་གདགས་ཏེ། སྣང་བ་འཐོབ་པ་དང། སྣང་བ་མཆད་པ་དང་དེ་ཁོ་ནའི་ཕྱོགས་གཅིག་དང་དེ་མ་ཐག་པ་སྟེ། ཆོས་རྣམས་ལ་མིང་དུ་བཏགས་པ་རྣམས་རྒྱུ་མ་བ་ཙམ་དུ་ཤེས་པ་དང ་མིང་གི་བརྗོད་པའི་དོན་རྣམས་སྒྱུ་མ་ཙམ་དུ་ཤེས་པའི་དུས་ན་ནི་དབང་པོ་ལྔ་སྟེ། སྣང་བ་ཐོབ་པ་དང་སྣང་བ་མ་ཚད་པ་གཉིས་དང་སྦྱར་ཞིང་མིང་དུ་བཏགས་པའི་མིང་རྣམས་སྟེང་པར་ཤེས་པ་དང། མིང་གིས་བརྗོད་པའི་དོན་རྣམས་སྟོང་པར་ཤེས ་པའི་དུས་ན་ནི་སྟོབས་ལྔ་སྟེ། དེ་ཁོ་ནའི་ཕྱོགས་གཅིག་དང་དེ་མ་ཐག་པ་གཉིས་དང་སྦྱར་ཏེ། དེ་དག་ནི་མཐོང་བའི་ལམ་ལ་སྦྱོར་བའི་དབང་དང་སྟོབས་སུ་གྱུར་པའི་མཚན་ཉིད་དོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི ་ཡན་ལག་དང། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང། ཏིང་ངེ ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། དེ་དག་ནི་རང་བཞིན་ཡན་ལག་གནས་ཡན་ལག་།གསུམ་པ་ངེས་འབྱུང་ཡན་ལག་སྟེ། །བཞི་པ་ཕན་ཡོན་ཡན་ལག་ཡིན། རྣམ་གསུམ་ཉོན་མོངས ་མེད་ཡན་ལག་ཅེས་སྨོས་ཏེ། བྱང་ཆུབ་ཀྱི་སྒྲ་ནི་ཆོས་ཐམས་ཅད་སྟོང་པར་ཁོང་དུ་ཆུད་པ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དེ་ཡང་ཆོས་རྣམ་པར་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་དང་སྦྱར་ཏེ། དེ་ནི་གཙོ་བོ་ཡང་ཡིན་ལ་ཡན་ལག་ཀྱང ་ཡིན་ནོ། །གཞན་དྲུག་པོ་ནི་དེའི་གྲོགས་སུ་གྱུར་པས་ན་ཡན་ལག་བདུན་ཞེས་བྱའོ། །དྲན་པ་ཡང་དག་པ་ནི་ཆོས་རྣམ་པར་འབྱེད་པའི་ཡེ་ཤེས་ཀྱི་གནས་ཀྱི་ཡན་ལག་ཡིན་ཏེ། དྲན་པ་ཡོད་ན་དེ་ལས་ཤེས་རབ་འབྱུང་ཞིང་སྐྱེ་བས་གནས་ཞེས་བྱའོ། །ཆོས ་རྣམ་པར་འབྱེད་པ་ནི་མཚན་ཉིད་རྟོགས་པར་བྱེད་པས་རང་བཞིན་གྱི་ཡན་ལག་སྟེ། ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །བརྩོན་འགྲུས་ནི་ངེས་པར་འབྱུང་བའི་ཡན་ལག་སྟེ། སོ་སོའི་སྐྱེ་བོའི་གནས་ནས་ངེས་པར་འབྱུང་ཞིང་དེ་ལས་འདའ་བར་བྱེད་པའི ་ཕྱིར་རོ། །དགའ་བ་ནི་ཕན་ཡོན་གྱི་ཡན་ལག་སྟེ། ས་དང་པོ་མཐོང་པའི་དགའ་བ་དེས་ལུས་དང་སེམས་ལ་ཕན་འདོགས་ཤིང་འཚིམ་པར་བྱེད་པའི་ཕྱིར་རོ། །ཤིན་ཏུ་སྦྱངས་པ་དང། ཏིང་ངེ་འཛིན་དང་བཏང་སྙོམས་གསུམ་ནི་ཉོན་མོངས་པ་མེད་པའི་ཡན ་ལག་སྟེ། ཤིན་ཏུ་སྦྱངས་པ་ནི་ཉོན་མོངས་པ་མེད་པའི་གཞིའོ། །ཏིང་ངེ་འཛིན་ནི་ཉོན་མོངས་པ་མེད་པའི་གནས་སོ། །བཏང་སྙོམས་ནི་ཉོན་མོངས་པ་མེད་པའི་ངོ་བོ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། ལུས་དང་སེམས་ལས་སུ་རུང་བ་ཡོད་ན། འདོད་ཆགས་དང ་གཡེངས་པ་ལ་སོགས་མི་འབྱུང་བའི་ཕྱིར་དང། སེམས་རྩེ་གཅིག་པར་བཞག་པས་མཐོང་བས་ཡང་སྤངས་པར་བྱ་བའི་ཉོན་མོངས་པ་སྤང་པའི་ཕྱིར་དང། མཐོང་བ་སྤང་བའི་ཉོན་མོངས་པ་སྤངས་?་།དེ་ཕན་ཆད་འདོད་ཆགས་ལ་སོགས་པ་ཉོན་མོངས་པ ་མི་འབྱུང་བར་སེམས་དག་པའི་རྒྱུན་ཉིད་དུ་བཏང་སྙོམས་སུ་འཇོག་པའི་ཕྱིར་ཉོན་མོངས་པ་མེད་པའི་གཞི་དང་གནས་དང། ངོ་བོ་ཉིད་གསུམ་པར་གོ་རིམ་བཞིན་དུ་རེ་རེར་སྦྱར་ལ། གོང་གི་ཚིག་བཅད་ཀྱི་དོན་དུ་བསྡུའོ། །འཕགས་པའི་ལམ་ཡན་ལག ་བརྒྱད་ནི་ཡང་དག་པའི་ལྟ་བ་དང། ཡང་དག་པའི་རྟོག་པ་དང་ཡང་དག་པའི་དག་དང་ཡང་དག་པའི་ལས་ཀྱི་མཛའ་དང་ཡང་དག་པའི་ཚོ་བ་དང། ཡང་དག་པའི་རྩོལ་བ་དང་ཡང་དག་པའི་དྲན་པ་དང། ཡང་དག་པའི་ཏིང་ངེ་འཛིན་ཏོ་ཞེས་བྱ་བ་ལ། འཕགས ་པ་ནི་མཐོང་བ་དང་བསྒོམ་པས་སྤང་པའི་ཉོན་མོངས་པ་འདོད་ཆགས་ལ་སོགས་པ་ཐག་རིང་དུ་སྤངས་པའི་ཕྱིར་རོ། །དེའི་ལམ་ནི་འཕགས་པ་དེ་ཐོབ་པར་བྱ་བའི་རྒྱུ་འམ་སྒོ་ལྟ་བུ་སྟེ། དངོས་སུམ་ཤེས་རབ་ཀྱི་བྱེ་བྲག་ཡན་ལག་བརྒྱད་དེ། ་དེ་ཡང་ཡོངས་སུ་གཅོད་དང་གོ་བྱད་དང། །རྣམ་གསུམ་གཞན་ཡིད་ཆེས་པར་བྱེད། །མི་མཐུན་ཕྱོགས་ཀྱི་གཉེན་པོར་ནི། །ལམ་གྱི་ཡན་ལག་དེ་བརྒྱད་དོ་ཞེས་སྨོས་ཏེ། །ཡང་དག་པའི་ལྟ་བ་ནས་གཉིས་པ་ཡན་ཆད་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ངེས ་ལས་འཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཏེ། དེ་ཆོས་ཀྱི་དབྱིངས་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་འདི་ལྟར་མཐོང་ངོ་སྙམ་དུ་དམིགས་ཤིང་བཅོད་པས་ན་ཡོངས་སུ་བཅོད་པའི་ཡན་ལག་གོ་།ཡང་དག་པའི་རྟོག་པ་ནི་ཆོས་རྣམས ་ཀྱི་སྤྱི་དང་རང་གི་མཚན་ཉིད་མ་ནོར་བར་བཏགས་ཏེ། ཇི་ལྟར་རྟོགས་པ་དེ་བཞིན་དུ་ཡང་དག་པའི་དག་གིས་གཞན་ལ་ཆོས་སྟོན་ཅིང་འཆད་པས་ན་རྟོག་པ་དང་དག་གཉིས་ནི་གཞན་ལ་གོ་བར་བྱེད་པའི་ཡན་ལག་གོ་ཡང་དག་པའི་དག་ནི་རྒོལ་བ ་དང་ཐེ་ཙོམ་འདྲི་པའི་ལན་མ་ནོར་བར་འབྲེལ་པའི་གཏམ་སྨྲ་བས་ན་འདི་ནི་ཤེས་རབ་རྣམ་པར་དག་པ་ཡིན་ནོ། ཞེས་ཡིད་ཆེས་པར་བྱེད་དོ། །ཡང་དག་པའི་ལས་ཀྱི་མཛའ་ནི་སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་རྣམས་ཅུང་ཟད་ཀྱང་མི་བྱེད་པར ་སྤངས་པས་འདི་ནི་ཚུལ་ཁྲིམས་རྣམ་པར་དག་པ་ཡིན་ནོ་ཞེས་ཡིད་ཆེས་པར་བྱེད་དོ། །ཡང་དག་པའི་ཚོ་བ་ནི་ཡོ་བྱད་བསྙུངས་ནས་ཟང་ཟིང་མང་པོ་ལ་མཐོང་འདོད་མི་སྐྱེད་མི་སོགས་ཏེ། རང་གི་ལུས་དགེ་བ་སྤྱོད་ནུས་ཙམ་གྱིས་ཡོ་བྱད་ཉི་ཚེ་ནམ་ཞིག་ཚོལ ་བས་ན་འདི་ནི་ཚེ་དེ་ཟིན་པར་འཚོ་ཞིང་ཡོ་བྱད་བསྙུངས་པ་ཡིན་ནོ་ཞེས་ཡིད་ཆོས་པར་བྱེད་དོ། ཡང་དག་པའི་དག་དང་ལས་ཀྱི་མཛའ་དང?་བ་གསུམ་ནི་སྐྱོན་མེད་གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་གོ་།ཡང་དག་པའི་རྩོལ་བས་ནི་བསྒོམ་པས་སྣང་བར་བྱ་བའི་ཉོན་མོངས་པ་འདོད་ཆགས་ལ་སོགས ་པའི་བག་ལ་ཉལ་སྤོང་ཞིང་ཡང་དག་པའི་དྲན་པས་ནི་ཉོན་མོངས་པ་ཞུམ་རྒོད་བྱུང་ན་རྩེ་གཅིག་ཏུ་བློན་ཞིང་བཟེད་བསྟོད་དེ་སྤོང་ལ། ཡང་དག་པའི་ཏིང་ངེ་འཛིན་གྱིས་ནི་མངོན་པར་ཤེས་པ་དྲུག་མི་ཐོབ་པའི་སྒྲིབ་པ་སྤངས་ཏེ། མངོན་པར་ཤེས་པ་ཐོབ་པར་བྱེད་པས་ན ་ཡང་དག་པའི་རྩོལ་བ་དང། དྲན་པ་དང་ཏིང་ངེ་འཛིན་གསུམ་ནི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་ཞེས་བྱ་སྟེ། ཚིགས་སུ་བཅད་པ་དང་རིམ་བཞིན་དུ་སྦྱར་རོ། །འཕགས་པའི་བདེན་པ་བཞི་ནི་སྡུག་བསྔལ་ཡོངས་སུ་ཤེས་པར་བྱ་ཀུན་འབྱུང་བར་བྱ། འགོག་པ ་སྔོན་དུ་བྱ། སྡུག་བསྔལ་འགོག་པར་འགྱུར་བའི་ལམ་བསྒོམ་པར་བྱ་ཞེས་སྨོས་ཏེ། དེ་ལ་འཕགས་པ་ནི་གོང་དུ་སྨོས་པ་དང་འདྲ་ལ། བདེན་པ་བཞི་ནི་སྡུག་བསྔལ་ལ་སོགས་པའི་ཆོས་གཞི་པོ་དེ་དག་དེ་ཁོ་ན་ལྟར་མ་ནོར་བར་དེས་སོ་ཞེས་བྱ་བའི ་དོན་ཏོ། །དེ་ཡང་སྡུག་བསྔལ་ཡོངས་སུ་ཤེས་པར་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱིས་འཇིག་རྟེན་སྔོན་གྱི་ལས་ཀྱི་འབྲས་བུ་གྲུབ་ཟིན་པ་འདི་ནི་སྤང་དུ་མི་རུང་བས་དེ་ནི་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པར་ཤེས་པར་བྱའོ། ་ཀུན་འབྱུང་སྤོང་བར་བྱ་བ་ནི་སྔོན་གྱི་ལས་དང་ཉོན་མོངས་པ་དེ་དག་ཁམས་གསུམ་རྒྱུད་སྔར་བྱུང་ཞིང་སྡུག་བསྔལ་གྱི་ཕུང་པོ་དེ་བསྐྱེད་པ་སྟེ། རྒྱུ་དང་ཀུན་འབྱུང་བ་དང་རབ་ཏུ་སྐྱེ་བ་དང་རྐྱེན་དང་འབྱུང་བའི་ཚུལ་དུ་རིག་ནས་ལམ་གྱིས་སྤང་བར ་བྱ་བ་ཡིན་པར་ཤེས་པའོ། །འགོག་པ་མངོན་དུ་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་བ་གཉི་ག་སྤངས་པ་ཕུང་པོའི་ལྷག་མ་དང་བཅས་པ་དང་ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པ་ནི་འགོག་པ་དང་ཞི་བ་དང་གྱ?་ནོམ་པ་དང་ངེས་པར ་འབྱུང་བ་ལྟ་བུར་ཤེས་པའོ། །སྡུག་བསྔལ་འགོག་པར་འགྱུར་བའི་ལམ་བསྒོམ་པར་བྱ་བ་ལ། ལམ་ནི་བྱང་ཆུབ་ཀྱི་ཕྱོགས་སམ་ཡང་ན་འཕགས་པའི་ལམ་ཡན་ལག་བརྒྱད་པོ་དེ་དག་སྟེ། དེ་དག་གིས་སྡུག་བསྔལ་དང་ཀུན་འབྱུང་འགོག་ཅིང ་སྤོང་སྟེ། དེ་ཡང་ལམ་དང་རིག་པ་དང་སྒྲུབ་པ་དང་ངེས་པར་འབྱུང་བར་ཤེས་པ་སྟེ། དངོས་སུ་ན་གང་ཟག་དང་ཆོས་ལ་བདག་མེད་པ་བཙལ་ཏེ་རྙེད་པར་བྱེད་པ་དང་སོ་སོའི་སྐྱེ་བོའི་ས་ནས་འཕགས་པའི་གནས་སུ་ཕྱིན་? ་བྱེད་པས་ན་ལམ་མོ། །དེ་ལ་རྟོག་པ་དང་འདྲིས་པར་བྱེད་པ་ནི་བསྒོམ་པ་ཞེས་བྱའོ། །བསམ་གཏན་བཞི་གང་ཞེ་ན། རྟོག་སྤྱོད་དང་དགའ་བ་དང་བདེ་བ་དང་བཏང་སྙོམས་ཏེ། དེ་ལ་བསམ་གཏན་བཞི་ནི་གཟུགས་ཀྱིས་ཁམས་ཀྱི་གནས་བཞིར་མི ་མཐུན་པའི་ཕྱོགས་ཀྱིས་མི་སྐྱོད་ཅིང་སེམས་བརྟན་པོ་དང་དབང་དུ་གནས་པའི་དོན་ཏོ། །དེ་ལ་རྟོག་དཔྱོད་ནི་བསམ་གཏན་དང་པོ་སྟེ་ས་འོག་མ་འདོད་པའི་ཁམས་ཀྱི་འདོད་པའི་ཡོན་ཏན་ལྔ་པོ་དག་ལ་སྤྱོད་པ་ནི་ནད་དང་ཤུ་བ་ལྟ་བུ་སྐྱོན་ཅན་ཡིན་ལ ་གཟུགས་ཀྱི་བསམ་གཏན་དང་པོ་ལ་སོགས་པ་ནི་ཞི་བ་དང་བདེ་བ་ཡིན་པར་རྟོག་ཅིང་དཔྱོད་པའི་སྒོ་ནས་གོང་མའི་ཡོན་ཏན་ཐོབ་སྟེ་མི་མཐུན་པའི་ཕྱོགས་ཉམས་པའི་དགའ་བ་དང་བདེ་བ་ཅན་ཏེ། དགའ་བ་ནི་བསམ་གཏན་གཉིས་པ་ནི། གཉེན ་པོ་བསྒོམས་པའི་སྒོ་ནས་ཏིང་ངེ་འཛིན་གྱི་ཁྱད་པར་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་ནོ། །བདེ་བ་ནི་བསམ་གཏན་གསུམ་པ་སྟེ། དགའ་བ་ཡོད་ན་དེའི་ཟླས་མི་དགའ་བ་ཡང་འབྱུང་བས་དགའ་བ་སྤོང་བ་ཞེས་འགའ་བ་སྤངས་པས་དེའི ་ཟླས་མེ་དགའ་བ་ཡང་སྤངས་པའི་བཏང་སྙོམས་ཅན་ཏེ། དེ་ནི་བདེ་བ་མ་སྤངས་པས་བདེ་བ་ཅན་ཞེས་བྱའོ། །བཏང་སྙོམས་ནི་བསམ་གཏན་བཞི་པ་སྟེ་འོག་མའི་བདེ་བ་ཡོད་ན་དེའི་ཟླས་སྡུག་བསྔལ་ཡང་འབྱུང་བས་བདེ་བ་དེ་ཡང་སྤང་ངོ་ཞེས་བདེ་བ ་སྤངས་པས་དེའི་ཟླས་དབུགས་རྡུབ་པ་དང་འབྱུང་བའི་སྡུག་བསྔལ་ཡང་སྤངས་པའི་བཏང་སྙོམས་ཅན་ཏེ། བདེ་བ་ཡང་སྤངས་སྡུག་བསྔལ་ཡང་སྤངས་པའི་མཚན་ཉིད་དོ། །ཚད་མེད་པ་བཞི་གང་ཞེ་ན། བྱམས་པ་ཚད་མེད་པ་དང། སྙིང་རྗེ ་ཚད་མེད་པ་དང། དགའ་བ་ཚད་མེད་པ་དང། བཏང་སྙོམས་ཚད་མེད་པ་དང། དེ་ལ་ཚད་མེད་པ་བཞི་ནི་འཇིག་རྟེན་པ་དག་བུ་ཚེ་དང་གཉེན་འཁོར་ཉེ་ཚེ་ལྟ་བུ་ལ་བྱམས་པ་དང། ཉན་ཐོས་དག་སེམས་ཅན་ཉུང་ཙམ་ཞིག་གི་དོན་བྱེད་ཅིང་བྱམས་པ་ལྟ ་བུ་ནི་མ་ཡིན་གྱི། སེམས་ཅན་ཐམས་ཅད་བུ་གཅིག་པ་དང་འདྲ་བར་བྱམས་པ་དང་སྙིང་རྗེ་སྐྱེད་པའི་ཕྱིར་རོ། །དེ་ལ་བྱམས་པ་ནི་སེམས་ཅན་ཐམས་ཅད་བདེ་བ་ལ་དགོང་པས་ཕན་གདགས་སོ་སྙམ་དུ་སེམས་པའོ། །སྙིང་རྗེ་ནི་སེམས་ཅན་ཐམས་ཅད་ཉོན ་མོངས་པ་དང་བྲལ་ཞིང་སྡུག་བསྔལ་བསལ་བས་ཕན་གདགས་སོ་སྙམ་དུ་སེམས་པའོ། །དགའ་བ་ནི་སེམས་ཅན་རྣམས་ལ་གོང་མ་ལྟར་ཕན་པ་དང་བདེ་བར་དོན་བྱས་པ་ལགས་སོ་སྙམ་དུ་སེམས་པའོ། །བཏང་སྙོམས་ནི་སེམས་ཅན་རྣམས ་བདེ་བ་དང་གྲོལ་བར་བྱས་ཟིན་པ་རྣམས་ལ་ཡང་གྲོལ་བར་བྱ་མི་དགོས་པས་བཏང་སྙོམས་སུ་གཞག་པའོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་གང་ཞེ་ན། ནམ་མཁའ་མཛའ་ཡས་སྐྱེ་མཆེད་དང། རྣམ་ཤེས་མཛའ་ཡས་སྐྱེ་མཆེད་དང། ་ཅི་ཡང་མེད་པའི་སྐྱེ་མཆེད་དང། ཡོད་མིན་མེད་མིན་སྐྱེ་མཆེད་དེ་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཞེས་བྱ་བ་ནི། གཟུགས་མེད་པའི་ཁམས་སུ་མིང་བཞི་པོ་ཚོར་བ་དང་འདུ་ཤེས་དང། འདུ་བྱེད་དང་རྣམ་པར་ཤེས་པའི་ཕུང་པོ་བཞི ་རང་དབང་དུ་གཉིས་བཞིར་རྩེ་གཅིག་ཏུ་འཇུག་པ་སྟེ། དེ་ལ་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ནི་ཆོས་ཐམས་ཅད་སོ་སོར་བཤིག་ན་དངོས་པོ་མེད་དེ། ནམ་མཁའ་ཙམ་དུ་ཟད་ལ། ནམ་མཁའ་དེ་ཡང་མཛའ་ཡས་སོ་སྙམ་དུ་སེམས་པ་ནི་ནམ་མཁའ་མཛའ་ ་ཡས་སྐྱེ་མཆེད་ཅེས་བྱ། རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ནི་ཆོས་ཐམས་ཅད་ནམ་མཁའ་ཙམ་དུ་ཟད་ལ། ནམ་མཁའ་དེ་ཡང་མཛའ་ཡས་སྙམ་དུ་དམིགས་པའི་འདུ་ཤེས་དང་འགྲོགས་པའི་རྣམ་པར་ཤེས་པ་དེ་ཡང་ནམ་མཁའ་བཞིན་དུ་མཛའ་ཡས ་སོ་སྙམ་དུ་མོས་པའི་ཏིང་ངེ་འཛིན་ནི་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ཅེས་བྱ། ཅི་ཡང་མེད་པའི་སྐྱེ་མཆེད་ནི་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ལས་ལངས་ནས། རྣམ་པར་ཤེས་པ་ལས་ཕ་རོལ་ན་དམིགས་པར ་བྱ་བ་ཅི་ཡོད་ཅེས་བརྟགས་ན་གཟུགས་ཅན་དང་གཟུགས་མེད་པའི་ཆོས་ཅུང་ཟད་ཀྱང་ཡོད་པར་མ་མཐོང་ནས་ཅི་ཡང་མེད་དོ་སྙམ་དུ་མོས་ཤིང་སྙོམས་པར་ཞུགས་པ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཅེས་བྱ། ཡོད་མིན་མེད་མིན་སྐྱེ ་མཆེད་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ལངས་ནས་འདུ་ཤེས་པ་འདི་ནི་ནད་དང་ཤུ་བ་དང་ཟུག་རྔུ་ལྟ་བུའོ་ཞེས་བརྟགས་ཏེ། འདུ་ཤེས་བཀག་ནས་ཇེ་ཕྲ་ཇེ་ཕྲར་གྱུར་པ་དང་འདུ་ཤེས་འདི་གཏན་མེད ་ན་ཡང་རྨོངས་པར་འགྱུར་ཏེ་མི་རུང་ངོ་སྙམ་ནས་འདུ་ཤེས་ཤིན་ཏུ་ཕྲ་བ་ལ་གནས་ཏེ་སྙོམས་པར་ཞུགས་པ་ནི་འདུ་ཤེས་རགས་པ་ཡོད་པ་ཡང་མ་ཡིན་ལ་གཏན་མེད་པ་ཡང་མ་ཡིན་པས། ཡོད་མིན་མེད་མིན་སྐྱེ་མཆེད་ཅེས་བྱའོ། ། ་རྣམ་པར་ཐར་པ་བརྒྱད་ནི་ཉོན་མོངས་པའི་བཅིངས་མ་ལས་གྲོལ་བའི་ཕྱིར་རྣམ་པར་ཐར་པ་སྟེ་བརྒྱད་ནི་འོག་ནས་འབྱུང་བའི་གནས་བརྒྱད་དང་སྦྱར་རོ། །དེ་ཡང་གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ནི་རྣམ་པར་ཐར་པ་དང་པོ་སྟེ ་བདག་རང་གི་གཟུགས་སྔར་མ་བཤིག་པར་ཕྱི་རོལ་གྱི་གཟུགས་སྟོང་པར་འཇིག་ཅིང་སུན་འབྱིན་པའི་ཏིང་ངེ་འཛིན་ནི་གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་ལ། རྣམ་པར་ཐར་པ་ནི་གོང་དུ་བསྟན་པ་དང་འདྲ་བར་ཀུན་ལ་སྦྱར་རོ། ། ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ་ཞེས་བྱ་བ་ལ་བདག་རང་གི་གཟུགས་ཆ་ཤས་ཀྱི་སྟོང་པར་བཤིགས་པ་ནི་ནང་གཟུགས་མེད་པར་འདུ་ཤེས་པ་ལ་ཞེས་བྱའོ། ཕྱི?་རོལ ་གྱི་གཟུགས་རྣམས་ལ་ལྟ་བ་ནི་ཕྱིའི་གཟུགས་སྣམ་བུ་དང་བུམ་པ་ལ་སོགས་པ་སྟོང་པར་སུན་འབྱིན་པ་སྟེ། གོང་མ་དང་འདྲའོ། སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་རྫོགས་པར་བྱས་ནས་གནས་པ་འདི་ནི་རྣམ་པར་ཐར་པ་གསུང ་པ་སྟེ། གོང་དུ་ཕྱི་ནང་གི་ཆོས་སྟོང་པར་སུན་ཕྱུང་ནས་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་མི་འབྱུང་བར་གྱུར་པ་དེ་ནི་གཟུགས་མཐོང་ན་ཡང་འདོད་ཆགས་སྐྱེ་འམ་མི་སྐྱེ་སང་པའི་ཕྱིར་གཟུགས་སྡུག་གུ་མངོན་སུམ་དུ་སེམས་ཀྱིས་ལུས་ཀྱིས ་བསྒོམས་པ་ནི། སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་པའོ། །དེ་ལྟར་བསྒོམས་ཀྱང་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་མི་སྐྱེ་པར་གྱུར་པ་ནི། རྫོགས་པར་བྱས་ནས་གནས་པ་ཞེས་བྱའོ། །དེ་རྣམ་པ་ཐམས་ཅད་དུ ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ་ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་སྣ་ཚོགས་ཀྱིས་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ནམ་མཁའ་མཛའ་ཡས་སོ་སྙམ་ནས་ནམ་མཁའ་མཛའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ ་གནས་པ་འདི་ནི་རྣམ་པར་ཐར་པ་བཞི་པ་སྟེ། མིག་གི་རྣམ་པར་ཤེས་པའི་ཡུལ་གཟུགས་སྔོན་པོ་དང་སེར་པོ་ལ་སོགས་པ་ཁ་དོག་དང་དབྱིབས་ཐམས་ཅད་སྟོང་པར་བཤིག་སྟེ། ཡུལ་མེད་པར་རྣམ་པར་ཤེས་པ་ཡང་མི་འབྱུང། རྣམ་པར་ཤེས་པ་མི ་འབྱུང་ན་དེ་དང་འགྲོགས་པའི་འདུ་ཤེས་ཀྱང་མི་འབྱུང་བ་དེ་ནི། རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་པ་ཞེས་བྱའོ། །རྣ་བ་ལ་སོགས་པའི་རྣམ་པར་ཤེས་པའི་ཡུལ་སྒྲ་དང་དྲི་དང་རོ་དང་རེག་སྟེ། ཐོགས་པ་ཅན་གྱི་ ་གཟུགས་རྣམས་སྟོང་པར་བཤིག་སྟེ། ཡུལ་མི་འབྱུང་བས་དེ་ལ་དམིགས་པའི་རྣམ་པར་ཤེས་པ་རྣམས་ཀྱང་མི་འབྱུང་བ་དེ་མི་འབྱུང་བས་དེ་དང་འགྲོགས་པའི་འདུ་ཤེས་ཀྱང་མི་འབྱུང་བ་ནི་ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་པ་ཞེས ་བྱའོ། །དེ་ལྟར་རྣམ་པར་ཤེས་པ་ལྔ་ནུབ་སྟེ་མི་འབྱུང་བས་དེའི་རྗེས་སུ་འཇུག་བའི་ཡིད་ཀྱི་རྣམ་པར་ཤེས་པ་དང་དེ་དང་འགྲོགས་པའི་འདུ་ཤེས་ཀྱང་མི་འབྱུང་བ་ནི་སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས་ཞེས་བྱའོ། ། ་དེ་ལྟར་ཕྱིར་ཡུལ་དང་ཡུལ་ལ་རྒྱུ་བའི་རྣམ་པར་ཤེས་པ་མི་འབྱུང་བས་ན་ཆོས་ཐམས་ཅད་ནམ་མཁའ་ཙམ་དུ་ཟད་ལ། ནམ་མཁའ་ནི་མཛའ་ཡས་སོ་སྙམ་དུ་སྙོམས་པར་ཞུགས་པ་ནི་ནམ་མཁའ་མཛའ་ཡས་སོ་སྙམ་ན་ནམ་མཁའ་མཛའ་ཡས་སྐྱེ་མཆེད ་རྫོགས་པར་བྱས་ཏེ་གནས་པ་ཞེས་བྱའོ། །དེ་རྣམས་ཐམས་ཅད་དུ་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཛའ་ཡས་སོ་སྙམ་ནས་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་རྫོགས་པར་བྱ་སྟེ། གནས ་པ་འདི་ནི་རྣམ་པར་ཐར་པ་ལྔ་པ་སྟེ། ཆོས་ཐམས་ཅད་ནམ་མཁའ་ཙམ་དུ་ཟད་ལ་ནམ་མཁའ་མཛའ་ཡས་སོ་སྙམ་དུ་སྙོམས་པར་ཞུགས་པ་དེ་ལ་སེམས་བསྐྱེད་ནས་ནམ་མཁའ་མཛའ་ཡས་པར་ཡང་མ་ཟད་ཀྱི་ནམ་མཁའ་མཛའ་ཡས་སོ་སྙམ་དུ་དམིགས ་པའི་འདུ་ཤེས་དང་འགྲོགས་པའི་རྣམ་པར་ཤེས་པར་ཡང་ནམ་མཁའ་བཞིན་དུ་མཛའ་ཡས་སོ་སྙམ་དུ་སྙོམས་པར་ཞུགས་པ་དེ་ནི་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་པ་དང། རྣམ་ཤེས་མཛའ་ ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་ཞེས་བྱའོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་ཅི་ཡང་མེད་དོ་སྙམ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་རྫོགས་པར་བྱས་ཏེ། གནས་པ་འདི་ནི ་རྣམ་པར་ཐར་པ་དྲུག་པ་སྟེ། རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ལས་བསྐྱོད་ནས་རྣམ་པར་ཤེས་པ་ལས་ཕ་རོལ་ན་དམིགས་པར་བྱ་བ་ཅི་ཡོད་བ་རྟགས་ནས་གཟུགས་ཅན་དང་གཟུགས་མེད་པའི་ཆོས་ཅུང་ཟད་ཀྱང་ཡོད་པར་མ་མཐོང་ནས།? ་ཅི་ཡང་མེད་དོ་སྙམ་པའི་སྙོམས་པར་ཞུགས་པ་ནི་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་དེ་ལས་ཡང་དག་པར་འདས་པ་དང། ཅི་ཡང་མེད་པའི་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་ཞེས་བྱའོ། །དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད ་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ན་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བདུན་པ་སྟེ་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྐྱོང་ནས་འདུ་ཤེས་འདི་ནི་ནད་དང་ཤུ་བ་དང་ཟུག་རྔུ་ལྟ་བུ ་སྟེ་སྐྱོན་ཅན་ཡིན་ནོ་ཞེས་བཀག་ནས་ཕྲ་བ་ཇེ་ཕྲར་གྱུར་པ་དང་འདུ་ཤེས་བརྟན་མེད་ན་ཡང་རྨོངས་པར་འགྱུར་ཏེ་མི་རུང་ངོ་སྙམ་ནས་འདུ་ཤེས་ཤིན་ཏུ་ཕྲ་མོ་ལ་གནས་ཏེ་སྙོམས་པར་ཞུགས་པ་ནི་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད ་ལས་འདས་པ་དང། འདུ་ཤེས་མེད་འདུ་ཤེས་མང་མིན་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་ཞེས་བྱའོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་འདུ་ཤེས་དང་ཚོར་བ་འགོག་པ ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་གནས་པ་འདི་ནི་རྣམ་པར་ཐར་པ་བརྒྱད་པའོ། །ཞེས་བྱ་བ་ནི་འདུ་ཤེས་མེད་འདུ་ཤེས་མིན་སྐྱེ་མཆེད་ལས་བསྐྱོད་པ་ནི་འགོག་པའི་སྙོམས་པར་འཇུག་པ་ཞེས་བྱ་སྟེ། རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས ་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཞེས་བྱ་ལ། གནས་དེར་འདུ་ཤེས་བཀག་པ་དང་དེའི་ཟླས་རྣམ་པར་ཤེས་པ་དུག་དང་ཉོན་མོངས་པའི་ཡིད་ཀྱང་བཀག་།ཚོར་བ་ནི་གསུམ་ཆར་ཡང་སྡུག་བསྔལ་ཡིན་ལ་འདུ་ཤེས་ནི་ནད་དང་ཤུ་བ་དང ་ཟུག་རྔུ་ལྟ་བུ་ཡིན་ནོ་ཞེས་བཀག་སྟེ། གནས་པ་ནི་འདུ་ཤེས་དང་ཚོར་བ་འགོག་པ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་གནས་པ་ཞེས་བྱ་སྟེ། དེ་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རིལ་གྱིས་སྤངས་ཏེ། བསྒོམ་པས་སྤང་བའི་ཉོན་མོངས་པ་མེད? ་ཤེས་ཀྱིས་སྤངས་པས་ན་རྣམ་པར་ཐར་པ་བརྒྱད་ཅེས་བྱའོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི། རྟོག་དཔྱོད་དང། དགའ་བ་དང། བདེ་བ་དང། བཏང་སྙོམས་དང། དེ་རྣམ་པ་ཐམས་ཅད་དུ ་གཟུགས་ཀྱིས་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ་ཐོགས་པའི་འདུ་ཤེས་རྣམས་ནུབ་བར་གྱུར་ཅིང་སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ནམ་མཁའ་མཛའ་ཡས་སོ་སྙམ་ནས། ནམ་མཁའ་མཛའ་ཡས་སྐྱེ་མཆེད་རྫོགས ་པར་བྱས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་རྣམ་ཤེས་མཛའ་ཡས་སོ་སྙམ་ནས་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་རྫོག་པར་བྱས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ ་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ནས་ཅི་ཡང་མེད་དོ་སྙམ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས་འདུ ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེར་རྫོགས་པར་བྱས་ཏེ་གནས་སོ། །འགོག་པའི་སྙོམས་པར་འཇུག་པའོ་ཞེས་བྱ་བ་དག་གིས་ཚིག་གཉེར་ནི་གོང་དུ་རྣམ་པར་ཐར་པ་བརྒྱད་དང་འགོག་པའི་སྙོམས་པར་འཇུག་པ་བཤད་པ་དང་འཐུན ་ཏེ་གོང་དུ་བལྟའོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་བྱ་བ་ནི་བསམ་གཏན་བཞི་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་འགོག་པའི་སྙོམས་པར་འཇུག་པ་སྟེ། བསམ་གཏན་དང་པོ་ནས་གོ་རིམ ་བཞིན་མཐར་ཆགས་སུ་འགོག་པ་ལ་ཐུག་གི་བར་དུ་འཇུག་པའི་ཕྱིར་རོ། །རྣམ་པར་ཐར་པའི་སྒོ་གསུམ་ནི་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པ་དང་མཚན་མ་མེད་པའི་རྣམ་པར་ཐར་པ་དང་སྨོན་པ་མེད་པའི་རྣམ་པར་ཐར་པ་སྟེ། རྣམ་པར་ཐར་པ་ནི ་མྱ་ངན་ལས་འདས་པ་ལ་བྱ་བའོ། །སྒོ་གསུམ་ནི་ཐར་བ་དེ་ཐོབ་པར་བྱེད་པའི་རྒྱུ་འམ་ཐབས་ཏེ་ཏིང་ངེ་འཛིན་གསུམ་ལ་བྱའོ། །དེ་ལ་ཆོས་རྣམ་པ་གཉིས་ཏེ། མེད་པའི་ཆོས་དང། ཡོད་པའི་ཆོས་སོ་དེ་ལ་ཀུན་བཏགས་ཀྱི་མཚན་ཉིད་ནི་མེད་པའི་ཆོས་ཏེ། དེ ་སྒོམ་པ་ནི་སྟོང་པ་ཉིད་ཀྱིས་རྣམ་པར་ཐར་པའི་སྒོ་ཞེས་བྱའོ། །ཡོད་པའི་ཆོས་ཀྱང་རྣམ་པ་གཉིས་ཏེ་འདུས་བྱས་དང་འདུས་མ་བྱས་སོ། །དེ་ལ་གཞན་གྱི་དབང་གིས་མཚན་ཉིད་ནི་འདུས་བྱས་ཏེ། གཞན་དབང་འདུས་བྱས་དེ་དང་ཇི་སྲིད་འགྲོགས་པ་དེ ་སྲིད་དུ་སྡུག་བསྔལ་ཡིན་ནོ་ཞེས་དེ་སྤོང་བར་བྱེད་པ་ནི་སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་ཞེས་བྱ་བའོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ནི་འདུས་མ་བྱས་ཏེ། དེ་ལ་སྔོན་པོ་དང་སེར་པོ་ལ་སོགས་པ་ཁ་དོག་དང་དབྱིབས་ཀྱི་མཚན་མར་གྲུབ་པ ་མེད་དེ། དེ་ཐོབ་པར་བྱེད་ཅིང་བྲིས་པ་བྱེད་པ་ནི་མཚན་མ་མེད་པའི་རྣམ་པར་ཐར་པའོ་སྒོ་ཞེས་བྱའོ། །མངོན་པར་ཤེས་པ་དྲུག་པ་ནི་ལྷའི་མིག་དང། ལྷའི་རྣམ་དང། སེམས་ཀྱི་རྣམ་གྲངས་ཤེས་པ་དང། ལུས་ཀྱི་རྫུ་འཕྲུལ་ཤེས་པ་དང། སྔོན་གྱི ་གནས་རྗེས་སུ་དྲན་པ་དང། ཟག་པ་ཟད་པ་ཤེས་པ་སྟེ། དེ་ལ་ཐག་རིང་པོ་དང། དུས་རིང་པོ་ན་གནས་ཤིང་འབྱུང་བ་ལྐོག་ཏུ་གྱུར་པའི་ཆོས་རྣམས་ལ་ད་ལྟར་མངོན་སུམ་དུ་དྲུང་ན་འདུག་པ་དང་འདྲ་བར་རྟོགས་ཤིང་ཤེས་པ་ནི་མངོན་པར་ཤེས་པ་ཞེས་བྱ ་སྟེ། དེ་ལྟར་གྱི་ལུས་ཉེ་བར་ཇི་སྙེད་པ་དང་ཤི་ནས་གར་སྐྱེད་པའི་གཟུགས་ཐམས་ཅད་མཐོང་བ་དེ་ནི་ལྟའི་མིག་གོ་།སྒ་དང་སྐད་དང་བརྡ་སྣ་ཚོགས་ཐོས་ཤིང་གོ་བ་ནི་ལྷའི་རྣ་བའོ། །སེམས་ཅན་གྱིས་བསམ་པ་དང་བག་ལ་ཉལ་ཤས་ཆེ་ཆུང་ཀུན ་ཞེས་པའི་སེམས་ཀྱི་རྣམ་གྲངས་ཤེས་པའོ། །འབར་བ་དང་འདུལ་བ་དང། མང་ཉུང་དང་བཟང་ངན་དང་ཆུ་ལ་འགྲོ་ཤིང་སེ་ལ་འབྱིང་བ་དག་ཤེས་པ་ནི་ལུས་ཀྱི་རྫུ་འཕྲུལ་ཤེས་པའོ། །ད་ལྟར་གྱིས་དུས་ནས་བཟུང་སྟེ། ཚེ་རབས་སྔ་མ་ལ་གནས་ཀྱང ་ན་གནས། ལས་ཅི་བྱེད་བྱེད་པའི་ལོ་རྒྱུས་དྲན་པ་ནི་མངོན་གྱིས་གནས་རྗེས་སུ་དྲན་པའོ། །མཐོང་བ་དང་བསྒོམ་པ་ལས་སྤངས་པའི་ཉོན་མོངས་པ་ཅི་ཡང་སྤངས་ཅི་ཡང་མ་སྤངས་པའི་རིམ་པ་ཤེས་བཞིན་ཟད་པ་དང་མི་སྐྱེ་བའི་ཡེ ་ཤེས་ཐོབ་པར་ཤེས་པ་དག་ནི་ཟག་པ་ཟད་པ་ཤེས་པའོ། །གཟུགས་ཀྱི་སྒོ་བཞི་ནི་བཟོད་པ་ཐོབ་པའི་རྒྱུར་གྱུར་པའི་གཟུངས་དང་སྔགས་དང་ཆོས་ཀྱི་གཟུངས་དང། དོན་གྱི་གཟུངས་ཏེ་གཟུངས་ཞེས་བྱ་བ་ནི་ཚིག་དང་ཡི་གེ་ཇི་སྲིད་དུ་བརྗོད་པའི་དོན ་གཞན་དུ་མི་འགྱུར་བར་ངེས་པ་འམ། ཇི་སྐད་དུ་བརྗོད་པ་དེ་ནམ་དུ་ཡང་མི་འབྲལ་བར་བཟུང་བ་ལྟ་བུ་ལ་བྱ། སྒོ་ནི་དེ་ལྟ་བུའོ་དོན་འབྱུང་བའི་རྒྱུ་སྟེ་དངོས་སུན་མིང་དང་ཚིག་དང་ཡི་གེ་རྣམས་ལ་བྱའོ། །བཟོད་པ་ཐོབ་པའི་རྒྱུར་གྱུར་པའི་གཟུངས ་ནི་ཡི་གེ་ཨ་མངོན་དུ་བསྒོམ་ཞིང་དེ་ལ་ཆས་བཤིག་སྟེ་སྟོང་པ་ཉིད་དུ་རྟོགས་ནས་ཡི་གེ་གཞན་ལ་ཡང་དེ་བཞིན་དུ་གྱུར་པས་ན་ཆོས་ཐམས་ཅད་ཡང་བསྒྲེས་ཏེ། སྟོང་པ་ཉིད་དུ་རྟོགས་པའི་སྒོ་ནས་དགའ་བ་ནི་བཟོད་པ་ཐོབ་པའི་རྒྱུར་གྱུར ་པའི་གཟུངས་ཞེས་བྱའོ། །སེམས་ཅན་རྣམས་ལ་ཚིགས་སུ་ཆེ་རིང་བར་གྱུར་ཅིག་ནད་མེད་པར་གྱུར་ཅིག་།ལོ་ལེགས་པར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པའི་ཚིག་བརྗོད་ན་དེ་བཞིན་དུ་གྱུར་པ་ནི་སྔགས་ཀྱི་གཟུངས་ཞེས་བྱ། མཁན་པོ་དང ་སློབ་དཔོན་ལ་སོགས་པ་ལས་དམ་པའི་ཆོས་གཉན་པ་ནས་ཇི་སྐད་བཤད་ཅིང་ཐོས་པའི་ཚིག་ཐམས་ཅད་ན་མ་དུ་ཡང་མི་བརྗེད་པར་འཛིན་པ་ནི་ཆོས་ཀྱི་གཟུངས་ཞེས་བྱའོ། །ཚིག་དང་མིང་གིས་བརྗོད་པའི་དོན་གང་དང་གང་ཡིན་པའི་དམིགས ་མྱུར་དུ་གོ་ཞིང་མི་རྗེད་པར་འཛིན་པ་ནི་དོན་གྱི་གཟུངས་ཞེས་བྱའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་ཡེ་ཤེས་ཀྱི་སྟོབས་སྟེ། མཁྱེན་པའི་བྱེ་བྲག་སངས་རྒྱས་ཉིད་ལ་མདའ་བ་རྣམ་པ་བཅུ་སྟེ། དེ་ཡང་གནས་དང་གནས་མ་ཡིན་པ་མཁྱེན་པའི ་སྟོབས་ནི་རྒྱུ་དང་རྒྱ་མ་ཡིན་པ་སྟེ་ལས་དང་ཉོན་མོངས་པ་ནི་སེམས་ཅན་སྐྱེད་པའི་རྒྱུ་ཡིན་པར་ཤེས་ལ་བདག་དང་བྱེད་པ་དང་དབང་ཕྱུག་ལ་སོགས་པ་ནི་སེམས་ཅན་སྐྱེད་པའི་རྒྱུ་མ་ཡིན་པར་མཁྱེན་ཏོ། གཞན་ཡང་ལས་དགེ་བ་སྤྱད་པས་མཐོ་རིས་སུ་སྐྱེ ་པའི་གནས་ཡིན་ལ། དེས་ངན་སོང་དུ་སྐྱེ་བའི་གནས་མ་ཡིན་པ་དང་མི་དགེ་བ་སྤྱད་པས་ངན་སོང་དུ་སྐྱེ་བ་ནི་གནས་མ་ཡིན་ལ་དེས་མཐོ་རིས་སུ་སྐྱེ་བའི་གནས་མ་ཡིན་པ་ལ་སོགས་པ་མཁྱེན་པ་ལ་བྱའོ། །ལས་དང་རྣམ་པར་སྨིན་པ་མཁྱེན་པའི ་སྟོབས་ནི། ལས་བདག་གིར་བྱ་བ་མ་མཁྱེན་པའི་སྟོབས་ཏེ། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་སྤྱད་ན་མཐོ་རིས་དང་ལོངས་སྤྱོད་ལ་སོགས་པའི་བདེ་བ་རྣམས་གྲུབ་པ་དང་སྲོག་གཅོད་པ་ལ་སོགས་པ་སྡིག་པའི་ལས་བྱས་པས་ངན་སོང་དང ་སྡུག་བསྔལ་རྣམས་གྲུབ་བར་མཁྱེན་པ་ལ་བྱའོ། །བསམ་གཏན་དང་རྣམ་པར་ཐར་པ་དང། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་དང། ལྡང་བ་ཐམས་ཅད་མཁྱེན་པའི་སྟོབས་ན། བསམ་གཏན་བཞི ་དང། རྣམ་པར་ཐར་པ་བརྒྱད་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་བོ་རྣམས་ཏེ། དེ་དག་ལ་འཇུག་པ་ནི་མི་མཐུན་པའི་ཕྱོགས་པར་དུ་གཅོད་ཅིང་སྒྲིབ་པ་གང་དང་གང་ཡིན་པ་རྣམས ་ནི་ཀུན་ནས་ཉོན་མོངས་པ་ཞེས་བྱ་བའོ། །གཉེན་པོ་འཕེལ་བ་ནི་རྣམ་པར་བྱད་པ་ཞེས་བྱ་ལྡང་བ་ནི་གཏོང་བ་སྟེ་དེ་དག་གི་སྐྱོན་དང་ཡོན་ཏན་འབྱུང་འཇུག་གི་ཐབས་ཀུན་མཁྱེན་ཏེ་ཞེས་བྱ་བའི་དོན་ཏོ། དབང་པོ་མཆོག་དང་མཆོག་མ་ཡིན་པ ་མཁྱེན་པའི་སྟོབས་ནི་སེམས་ཅན་འདི་ནི་དབང་པོ་འབྲིང་པོ་ཡིན་འདི་ནི་དབང་པོ་བརྟུལ་པོ་ཡིན་ནོ་ཞེས་དབང་པོ་འཇིམ་པ་ལ་མཁས་པའོ། །མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ནི། སེམས་ཅན་ལ་ལ་ཐེག་པ་ཆེན་པོ་ལ་མོས། ལ་ལ་ཐེག ་ཆུང་ངུ་ལ་མོས། ལ་ལ་ཐེག་པ་འབྲིང་པོ་ལ་མོས། ལ་ལ་སྦྱིན་པ་ལ། ལ་ལ་ཚུལ་ཁྲིམས་ལ། ལ་ལ་བསམ་གཏན་ལ་མོས་ཤིང་ཆོས་རྣམས་ལ་ཐ་དད་པར་མོས་པའི་བྱེ་བྲག་ཀུན་མཁྱེན་པའོ། །ཁམས་སྣ་ཚོགས་མཁྱེན་པའི་སྟོབས ་ནི་ཁམས་དང་རིགས་དང་དོན་ཅིག་སྟེ། ཐེག་པ་ཆེ་ཆུང་རྣམ་པ་གསུམ་གྱི་རིགས་དང་མ་ངེས་པ་དང་རིག་མེད་པ་ལྟ་བུ་སྐལ་པ་དང་བག་ཆགས་ཤས་ཆེ་ཆུང་གི་བྱེ་བྲག་གིས་རིགས་ལྔར་དབྱེ་བ་ལ་མཁས་པ་ལ་བྱའོ། །ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི ་སྟོབས་ནི་ལམ་རྒྱུད་ལྔར་འཁོར་ཞིང་ཁམས་གསུམ་ཀུན་ཏུ་རྒྱུ་བ་མཁྱེན་པ་འམ། ཡང་ན་ལ་མ་གང་ལ་གནས་ན་མཐོ་རིས་དང་ཐར་པ་ཐོབ་པར་འགྱུར་པའི་དམིགས་པ་ལ་མཁས་པའོ། །སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་ནི ་བདག་ཚེ་རབས་སྔ་མ་ལ་ཡུལ་ནི་འདི་ལ་གནས་གནས། །ངོན་འདི་ཞེས་བྱ་ཕམ་འདི་ལྟ་བུ་ཞིག་ལས་འདི་བྱེད་བྱེད་ཚེ་ནི་འདི་སྲིད་ཅིག་ཐུབ་ལོངས་སྤྱོད་ནི་འདི་ལྟ་བུ་ཞིག་སྤྱོད་སྤྱོད་ཅེས་བྱ་བའི་གཏན་ཚིགས་ལ་མཁས་པའོ། །འཆི་འཕོངས་སྐྱེ་བར ་མཁྱེན་པའི་སྟོབས་ནི་སེམས་ཅན་འདི་དག་འདི་ནས་ཤི་འཕོས་ནས་འདིར་སྐྱེས་ཏེ། དེ་ནས་ཀྱང་ཤི་འཕོས་ནས་འདིར་སྐྱེ། དེ་ནས་ཀྱང་འདིར་སྐྱེའོ་ཞེས་བྱ་བའི་དུས་ལ་མཁས་པའོ། །ཟག་ལ་ཟད་པ་མཁྱེན་པའི་སྟོབས་ནི་སེམས་ཅན་འདི་དག ་གི་ཟག་པ་ཟད་དོ། །སེམས་ཅན་འདི་དག་མི་ཉོན་མོངས་པ་ལ་སོགས་པའི་ཟག་པ་མ་ཟད་དོ་ཞེས་བྱ་བའི་བྱེ་བྲག་ལ་མཁས་པ་སྟེ་དེ་དག་ནི་སྟོབས་བཅུ་ཞེས་བྱའོ། །དེ་བཞིན་གཤེགས་པའི་མི་འཇིགས་པ་བཞིན་བདག་གི་དོན་ཕུན་སུམ་ཚོགས ་པ་རྙེད་པ་ལ་མི་འཇིགས་པ་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་མཛད་པ་ལ་མི་འཇིགས་པ་གཉིས་ཏེ། འོག་ནས་འབྱུང་བ་གོ་རིམ་བཞིན་དུ་སྦྱར་རོ། །དེ་ཡང་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མི་འཇིགས་པ་དང ་ཟག་པ་ཐམས་ཅད་ཟད་པ་ལ་མི་འཇིགས་པ་དང་གཉིས་ཀྱིས་ནི་བདག་གིས་དོན་ཕུན་སུམ་ཚོགས་པ་སྟེ། དེ་ཡང་ཡེ་ཤེས་ཕུན་སུམ་ཚོགས་པ་དང། སྤངས་པ་ཕུན་སུམ་ཚོགས་པའོ། །དེ་ལ་འདུས་བྱས་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་མ་ལུས་པར ་ཐུགས་སུ་ཆུད་པས་མངོན་པར་རྫོགས་པར་བྱང་ཆུབ་པ་སྟེ། ལ་ལ་ཞིག་གིས་དེ་ལ་ཆོས་ཐམས་ཅད་ཐུགས་སུ་ཆུད་པ་མ་ཡིན་ནོ་ཞེས་རྒོལ་ན་ཡང་དེས་མི་འཇིགས་པ་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་ཡིན་ནོ། །སངས་རྒྱས་ནི་རང་ཉིད་ཀྱང་འདོད་ཆགས ་ལ་སོགས་པའི་ཟག་པ་ཐམས་ཅད་ཟད་ལ་གཞན་གྱིས་ཟག་པ་ཟད་པ་ཀུན་ཀྱང་མཁྱེན་པས་གཞན་འགའ་ཞིག་གིས་ཟག་པ་མ་ཟད་དོ་ཞེ་འམ། ཟག་པ་ཟད་པ་མི་མཁྱེན་ཏོ་ཞེས་རྒོལ་ན་དེས་མི་འཇིགས་པས་ན། དེས་ནི་སྤངས་པ་ཕུན་སུམ་ཚོགས ་པ་བསྟན་ཏོ། །བར་དུ་གཅོད་པའི་ཆོས་རྣམས་གཞན་དུ་མི་འགྱུར་བས་དེས་པའི་ལུང་བསྟན་པ་ལ་མི་འཇིགས་པ་དང་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་བ་ངེས་པར་འབྱུང་བའི་ལམ་དེ་བཞིན་ཉིད་དུ་གྱུར་པ་ལ་མི་འཇིགས་པས་ནི ་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏེ། ང་ཡང་མི་མཐུན་པའི་ཕྱོགས་སྤངས་པ་དང་དེའི་གཉེན་པོ་བསྟན་པ་མི་འཇིགས་པ་སྟེ། དེ་ལ་འདོད་པའི་ཡོན་ཏན་ལྔ་པོ་དག་ནི་མཐར་པ་མྱ་ངན་ལས་འདའ་བའ་ཨི་བར་དུ་གཅོད་པ་ཡིན་ནོ། །ཞེས ་ངེས་པར་ལུང་བསྟན་ན། ལ་ལ་ཞིག་གིས་དེ་བར་དུ་གཅོད་པར་མི་འགྱུར་རོ་ཞེས་རྒོལ་ཡང་དེས་མི་འཇིགས་གཞན་དུ་མི་འགྱུར་བར་ངེས་པ་ཞེས་བྱ་སྟེ། དེས་མི་མཐུན་པའི་ཕྱོགས་སྤངས་པ་ལ། མི་འཇིགས་པར་བསྟན་ཏོ། །ཕུན་སུམ་ཚོགས ་པ་ཐམས་ཅད་ནི་ཡེ་ཤེས་དང་སྤངས་པ་ཕུན་སུམ་ཚོགས་པ་སྟེ། དེ་ཐོབ་པར་ངེས་པར་འབྱུང་བའི་ལམ་ནི་འཕགས་པའི་ལམ་གྱིས་ས་ཐོབ་པོ་ཞེས་བསྟན་ན་དེ་བཞིན་དུ་ངེས་ཏེ། གཞན་འགའ་ཞིག་གིས་ལ་མ་དེ་མི་ཐོབ་པོ་ཞེས་རྒོལ་ན་ཡང་དེས ་མི་འཇིགས་པ་ཏེ། ལམ་དེ་བཞིན་དུ་འགྱུར་པ་ནི་གཉེན་པོ་བསྟན་པ་ལ་མི་འཇིགས་པ་ཞེས་བྱའོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་ཆོས་སོ་སོ་ཡང་དག་པར་རིག་པ་དང། དོན་སོ་སོ་ཡང་དག་པར་རིག་པ་དང། ངེས་པའི ་ཚིག་སོ་སོར་ཡང་དག་པར་རིག་པ་དང། སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ། དེ་ནི་ཆོས་སྣ་ཚོགས་ཐ་དད་པའི་མཚན་ཉིད་མ་ནོར་བར་ཤེས་པའི་ཕྱོགས་བཞི་ཡོད་པས་ན་སོ་སོ་ཡང་དག་པར་རིག་པ་ཞེས་བྱ། ཆོས་སོ་སོ་ཡང་དག་པར་རིག་པ་ནི་སེམས ་ཅན་བསམ་པ་ཐ་དད་པའི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་དང་དེའི་གཉེན་པོ་ཡང་ཐབས་སྣ་ཚིགས་སུ་སྟོན་པ་དང། མདོ་སྡེ་དག་འཆད་ནམ་ཚམས་སུ་འཆད་དེ། སྤྱི་དོན་འདི་དང་འདི་ཡན་ཆད་དུའོ། །འདི་དང་འདི་སྟོན་ཏོ། །ཞེས་པ་ཡང་འཆད ་ལ་ཚིག་གཉེན་ཡང་ཞིབ་ཏུ་འཆད་པ་དང། ཆོས་གཅིག་ལ་མིང་མང་པོ་དུ་མར་བཏགས་པ་ཀུན་ཤེས་ཤིང་དོན་དང་མི་འགལ་བའོ། །དེ་ན་སོ་སོ་ཡང་དག་པར་རིག་པ་ནི་མིང་དང་ཚིག་གིས་བརྗོད་ཅིང་བསྟན་པའི་དོན་སྤྱིའི་མཚན་ཉིད་མི ་རྟག་པ་དང། སྡུག་བསྔལ་བ་དང་སྡོང་པ་དང། བདག་མེད་པ་དང་དོན་དམ་པའི་མཚན་ཉིད་སྐྱེ་བ་མེད་པ་དང་འགག་པ་མེད་པ་དང། ཆོས་ཀྱི་དབྱིངས་ཡང་དག་པ་གཉིས་སུ་མེད་པའི་དོན་རིག་པའོ། །ངེས་པའི་ཚིག་སོ་སོ་ཡང་དག་པར ་རིག་པ་ནི་སེམས་ཅན་སྣ་ཚོགས་ཀྱིས་སྐད་དང་བརྡ་དང་སྨྲ་ཤེས་ཤིང་ཚིག་གཅིག་གིས་ཀྱང་དོན་རྣམ་པ་བཅུ་ལ་སོགས་པ་དུ་མར་གོ་བ་དང། ཚིག་འཁྲུལ་པ་དང་བརྟད་པ་དང་ཟློས་བུ་དང། དོན་མེད་པ་མ་ཡིན་ཏེ། འཕགས་པས་བསྔགས་པའི ་སྐྱེ་བོ་དགའ་བར་འགྱུར་པའི་ཚིག་རྣམས་སྨྲ་བའོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི་གཞན་ལས་དམ་པའི་ཆོས་མཉན་ཅིང་ཐེ་ཚོམ་ཞུ་བ་དང། བདག་གིས་ཀྱང་ཆོས་བཤད་ཅིང་གཞན་གྱིས་ཐེ་ཚོམ་བགྲོལ་བ་ལ་སོགས་པ ་སྙན་ཅིང་དོན་དང་ལྡན་པ་ཚངས་པའི་དབྱངས་ལྟ་བུ་མྱུར་ཞིང་རྒྱུན་མའི་ཆད་ལ་ཐག་ཐོགས་མེད་པར་སྨ་ནུས་པའོ། །སངས་རྒྱས་ཀྱིས་ཆོས་མ་འདྲེས་པ་བཅོད་རྒྱད་ནི་འོག་ནས་འབྱུང་བའི་ཆོས་བཅོ་བརྒྱད་པོ་དེ་དག་ཅན་ཐོས་དང་རང་སྤངས་རྒྱས་དེ་སོ་སོའི ་སྐྱེ་བོ་རྣམས་ལ་ཅུང་ཟད་ཀྱང་མེད་ལ། སངས་རྒྱས་ཉིད་ལ་མདའ་བའ་ཨི་ཕྱིར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཞེས་སྨོས། །དེ་ཡང་དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའ་བ་ནི་ཉན་ཐོས་ལ་སོགས་པ་ནི་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་ལས་སུ་བྱེད་པ་ལ ་འཁྲུལ་པ་འབྱུང་གི་སངས་རྒྱས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་འཕྲིན་ལས་ཡོངས་སུ་དག་པ་ལ་འཁྲུལ་པ་མི་མངའ་ཨོ་ཞེས་བྱའོ། །ཅ་ཅོ་མི་མངའ་བ་ན་ཉན་ཐོས་དག་ནགས་སྡུག་པོར་ལམ་བོར་ཏེ་འབོད་པ་དང། གྲོང་སྟོང་པར་བྱེད་ཏེ་སུ་ཡོད་ཅེས་རྨེད་པ ་པ་དང། སྔོན་ཅ་ཅོ་ལ་དགའ་བའི་བག་ཆགས་ཅ་ཅོ་ལ་སྲེད་པ་ལྟ་བུ་འབྱུང་གི་སངས་རྒྱས་ལ་དེ་ལྟ་བུ་མི་མངའ་བས་ན་ཅ་ཅོ་མི་མངའ་བ་ཞེས་བྱའོ། །བསྙེལ་བ་མི་མངའ་བ་ནི་ཉན་ཐོས་དག་འཕྲལ་?་དགོངས་ནས་བཟོད་མཁྱེན་པ་ལ་འཇུག་གི ་སངས་རྒྱས་ནི་མཁྱེན་པ་ཐོགས་པ་དང་ཆགས་པ་མེད་པས་བསྙེལ་བ་མི་མངའ་བ་ཞེས་བྱའོ། །སེམས་མཉམ་པར་མ་བཞག་པ་མི་མངའ་བ་མཉན་ཐོས་དག་འཕྲལ་ལ་མཉམ་པར་འཇོག་ཅིང་ལྡང་གི་།སངས་རྒྱས་ནི་འབྱུང་འཇུག་མི་མངའ་བར་སྤྱོད ་བླ་མ་བཞིའི་དུས?་ཐམས་ཅད་སེམས་མཉམ་པར་འཇོག་པས་མཉམ་པར་མ་བཞག་པ་མི་མངའ་བ་ཞེས་བྱའོ། །ཐ་དད་པའི་འདུ་ཤེས་མི་མངའ་བའི་ཞེས་པ་བྱ་བ་ནི། ཉན་ཐོས་དག་འཁོར་བ་དང་མྱ་ངན་ལས་འོངས་པ་དག་སྐྱོན་དང་ཡོན་ཏན་དུ་ལྟ ་བས་ན་ཉོན་མོངས་པ་དང་རྣམ་པར་བྱུང་བ་ལ་སོགས་པའི་ཆོས་རྣམས་ལ་བླང་དོར་གྱི་འདུ་ཤེས་ཐ་དད་པ་འབྱུང་གི་།སངས་རྒྱས་ཀྱི་ཐུགས་རྗེ་ཆེན་པོ་དང་རྣམ་པར་མི་རྟག་པའི་ཡེ་ཤེས་སྟོང་པ་ཉིད་དུ་ཐུགས་སུ་ཆུད་དེ་འཁོར་བར་སྟོང་པ་ཉིད་མྱ་ངན? ་ལས་འདས་པ་ཡིན་པས་བླང་དོར་ལྟ་བུའི་འདུ་ཤེས་ཐ་དད་པ་མི་མངའ་བ་ཞེས་བྱའོ། །སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་བ་ནི། ཉན་ཐོས་དག་སེམས་ཅན་ལ་འདུལ་བའི་སྐལ་བ་ཅི་ཡོད་པ་ཡང་སོ་སོར་མ་བརྟགས་ལ ་དེ་དག་གི་དོན་ཡང་མི་བྱེད་པར་འདོར་བས་ན་མ་བརྟགས་པའི་བཏང་སྙོམས་མངའ་སངས་རྒྱས་ནི་སེམས་ཅན་འདུལ་བའི་སྐལ་བ་ཅི་ཡོད་བརྟགས་ནས་བསྐལ་པ་མེད་པ་དོན་བྱས་ཀྱང་དོན་དུ་མི་འགྱུར་བ་ཉི་ཚེ་བཏང་སྙོམས་སུ་འཇོག་གི། སྒལ་བ ་ཅན་རྣམས་ལ་ཡལ་བར་བཏང་སྙོམས་སུ་མི་འཇོག་པས་སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་བ་ཞེས་བྱའོ། །འདུན་པ་ཉམས་པ་མི་མངའ་བ་ནི་ཉན་ཐོས་དང་བླ་ན་མེད་པའི་བྱང་ཆུབ་དང་སེམས་ཅན་ཐམས་ཅད་ཀྱི་དོན་ལ་འཇུག ་པའི་མོས་བ་མེད་དེ་རང་གི་དོན་དང་སེམས་ཅན་ཉུང་ཤས་ཙམ་ཞིག་གིས་དོན་ལ་མོས་པས་འདུན་པ་ཉམས་ཀྱིས་སངས་རྒྱས་ནི་བླ་ན་མེད་པ་དང། སེམས་ཅན་མ་ལུས་པའི་དོན་ལ་མོས་པས་འདུན་པ་ཉམས་པ་མི་མངའ་བའོ། །བརྩོན་འགྲུས ་ཉམས་པ་མི་མངའ་བ་ནི་སྐུ་དང་ཐུགས་མཉེལ་བ་མི་འབྱུང་སྟེ། སེམས་ཅན་གཅིག་འབའ་ཞིག་གི་དོན་དུ་ཡང་བསྐལ་པར་བཤོས་མི་གསོལ་བར་ཆོས་སྟོན་པའི་ཕྱིར་རོ། །དྲན་པ་ཉམས་པ་མི་མངའ་བ་ནི་སེམས་ཅན་ཐམས་ཅད་གྱི་སྤྱད ་བ་དང། བསམ་པ་དང། བག་ལ་ཉལ་བ་དང། དབང་པོ་ལ་སོགས་པ་གཉེན་པོ་དང། མི་མཐུན་པའི་བྱེ་བྲག་གང་ལ་གང་གིས་འདུལ་བ་ལ་སོགས་པ་སྔ་ནས་མཁྱེན་ཅིང་དྲན་པ་ཡེ་ཤེས་ཀྱིས་ཟིན་པས་ཉན་ཐོས་དག་ད་ལྟར་འཕྲལ་ལ་དགོངས ་པའི་མི་འཚལ་བའི་ཕྱིར་དྲན་པ་ཉམས་པ་མི་མངའ་བ་ཞེས་བྱའོ། །ཤེས་རབ་ཉམས་པ་མི་མངའ་བ་ནི་སེམས་ཅན་གྱི་སྤྱོད་པ་དང། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དག་མཁྱེན་ཅིང་སེམས་ཅན་གྱི་དོན་མི་མངའ་?་བར་སོ་སོར་དག་པར་རིག ་བ་མི་ཟད་པས་མཛད་པའི་ཕྱིར་ཤེས་རབ་ཉམས་པ་མི་མངའ་བ་ཞེས་བྱའོ། །ཏིང་ངེ་འཛིན་ཉམས་བ་མི་མངའ་བ་ཉན་ཐོས་དག་འབྲལ་ལ་ཏིང་ངེ་འཛིན་དུ་འཐུག་པས་ན་མ་ཞུགས་པའི་ཚེ་ཉམས་ཀྱི་སངས་རྒྱས་ནི་དུས་ཐམས་ཅད་དུ་མི་ཉམས་པ་འཇོག་པས་ན ་ཉམས་བ་མི་མངའ་བ་ཞེས་བྱའོ། །རྣམ་པར་གྲོལ་བ་ཉམས་པ་མི་མངའ་བ་ནི་ཉན་ཐོས་དག་ནི་ཞི་བ་ཕྱོགས་གཅིག་ཏུ་ཐིམ་ཞིང་ཉོན་མོངས་པའི་སྒྲིབ་བ་ཙམ་ཞིག་ཉི་ཚེ་ལས་གྲོལ་བ་ནི་ཉམས་བ་ཞེས་བྱའི་སངས་རྒྱས་ནི་ཉོན་མོངས་པ་དང་ཤེས ་བྱའི་སྒྲིབ་པ་ནི་གཉིས་ཀ་ལས་གྲོལ་ཏེ། མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་ཅིའི་འཁོར་བ་ཇི་སྲིད་པ་དེ་སྲིད་དུ་སེམས་ཅན་གྱི་དོན་མཛད་པས་ན་རྣམ་པར་གྲོལ་བ་མ་ཉམས་པ་ཞེས་བྱའོ། །ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་མངོན་དུ་འགྲོ ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ནི་སངས་རྒྱས་མངོན་བྱང་ཆུབ་སེམས་དཔའ་མཛད་པའི་དུས་ན་འཕྲིན་ལས་སུ་མཛད་དོ་འཚལ་ཐམས་ཅད་ལ་དགོངས་པ་སྔ་ནས་བཞག་སྟེ་ཕྲིན་ལས་མཛད་པ་དེ་ལྷུན་གྱིས་གྲུབ་པས་སངས་རྒྱས་པའི་དུས་ན་འཕྲིན་ལས ་སུ་མཛད་པ་ཐམས་ཅད་ཉན་ཐོས་ལྟར་འཕྲལ་ལ་དགོངས་མི་འཚལ་ཏེ། ཅི་མཛད་དོ་ཅོག་ཡེ་ཤེས་ཀྱི་སྔ་ནས་མཁྱེན་བཞིན་དུ་ཕྲིན་ལས་མཛད་པའི་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འགྲང་བ་ཞེས་བྱའོ། །དག་གི་ལས་ཐམས་ཅད ་ཡེ་ཤེས་མངོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ནི་སྔར་ཡེ་ཤེས་ཀྱིས་སེམས་ཅན་གྱི་དོན་དུ་གང་འགྱུར་བ་གཏན་ལ་ཕབ་ནས་སེམས་ཅན་གྱིས་བསམ་པ་དང་འཐུན་པར་ཡན་ལག་དྲུག་ཅུ་དང་ལྡན་པའི་གསུང་འབྱུང་བའི་ཕྱིར་རོ། །ཡིད་ཀྱི ་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲེང་བ་ནི་ཐུགས་ཀྱི་འཕྲིན་ལས་ཏེ། རྣམ་པར་རྟོག་པ་དང་སྤྲོས་པ་ཐམས་ཅད་ཡེ་ཤེས་ཀྱིས་སྔོན་དུ་སྤངས་པས་དོན་དམ་པའི་རྗེས་སུ་ཞུགས་འདི་ཆོས་ཀྱི་དབྱིངས་ཡིད་འཇོག་པས་ན་ཡེ་ཤེས ་ཀྱི་རྗེས་སུ་འབྲེང་བ་ཞེས་བྱའོ། །འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་ལ་འཇུག་པ་ནི་སྔོན་གྱིས་དུས་བསྐལ་པ་གྲངས་མེད་པའི་མདུན་དུ་ཆོས་ཅི་འབྱུང་བ་དང། ལས་དགེ་སྡིག་ཅི་སྤང་བའི་ལོ་རྒྱུས ་ཐམས་ཅད་མ་འཁྲུལ་པར་མཁྱེན་པ་ལ་བྱའོ། །མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་ལ་འཇུག་པ་དང། ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་ལ་འཇུག་པ་གཉིས་ཀྱང་གོང་དང་འདྲ་པར ་སྦྱར་རོ། །མ་འོངས་པའི་དུས་ན་ཆོས་ཅི་དང་ཅི་བྱུང་བ་དང། ད་ལྟར་ཁོ་ན་ཕྱོགས་བཅུ་ཐམས་ཅད་ན། ཆོས་ཅི་དང་ཅི་བྱུང་བ་ཐམས་ཅད་གསལ་བར་མཁྱེན་ཅིང་དགོངས་པས་ན། ཡེ་ཤེས་མཐོང་བ་ལ་འཇུག་པ་ཞེས་བྱའོ། །དགེ་སྦྱོང་གི་འབྲས་བུ ་གང་ཞེ་ན། རྒྱུན་ཏུ་ཞུགས་པའི་འབྲས་བུ་དང། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང། ཕྱིར་མི་འོང་བའི་འབྲས་བུ་དང། དགྲ་བཅོམ་པའི་འབྲས་བུ་ཞེས་བྱ་བ་ལ་བཟོད་པ་དང་ཡེ་ཤེས་བཅུ་དྲུག་གིས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བརྒྱད་ཅུ་རྩ་བརྒྱད་སྤངས་པ་ནི་རྒྱུན ་ཏུ་ཞུགས་པའི་འབྲས་བུ་འཐོབ་པ་ཞེས་བྱའོ། །འདོད་ཁམས་ཀྱི་ཉོན་མོངས་པ་བསྒོམ་པས་སྤང་བར་བྱ་བ་བཞི་གཅིག་ཏུ་བསྡུས་ལ་དགུར་ཕྱེ་ནས། དེའི་གཉེན་པོ་ཡེ་ཤེས་ཀྱང་དགུར་ཕྱེ་སྟེ། རིམ་གྱིས་སྤོང་བར་དྲུག་མན་ཆད་སྤངས་པ་ནི་ལན་ཅིག་ཕྱིར ་འོང་བའི་འབྲས་བུ་ཞེས་བྱའོ། །དགུ་པོ་དེ་རིམ་གྱིས་སྤངས་པ་ནི་ཕྱིར་མི་འོང་བའི་འབྲས་བུ་ཞེས་བྱའོ། །གཟུགས་དང་གཟུགས་མེད་པའི་ཁམས་ནི་བསྒོམ་པས་སྤང་བར་བྱ་བ་གསུམ་གསུམ་སྟེ་དྲུག་ཡོད་པ་ཡང་གཅིག་ཏུ་བསྡུས་ཏེ། བསམ་གཏན ་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་སྟེ། བརྒྱད་ལ་གཅིག་ཅིང་ཡང་དགུ་དགུར་ཕྱེ་རིམ་གྱིས་སྤངས་ནས་སྲིད་པའི་རྩེ་མོར་ཉོན་མོངས་པ་ཆུང་ངུའི་ཡང་ཆུང་ངུ་ཡེ་ཤེས་ཆེན་པོའི་ཡང་ཆེན་པོ་རྗེ་ལྟ་བུས་སྤངས་པའི་དུས ་ན། དགྲ་བཅོམ་པའི་འབྲས་བུ་ཞེས་བྱའོ། །ལན་གསུམ་དང་ཞེ་ན། རང་བྱང་ཆུབ་དང། ལམ་གྱི་རྣམ་པར་ཤེས་པ་ཉིད་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བྱ་བ་ལ། སྔོན་དམ་པའི་ཆོས་མཉམ་པའི་རྒྱུད་ད་ལྟར་གྱིས་དུས་ལྟ་བུར་རྟེན་ཅིང་འབྲེལ་པར ་འབྱུང་བའི་ཆོས་རང་ཉིད་ཀྱི་རྟོགས་ཏེ། དགེ་བའི་གཤེས་གཉེན་ལ་མི་བལྟོས་པར་གང་ཟག་ལ་བདག་མེད་པ་རྟོགས་ཏེ། དགྲ་བཅོམ་པ་ཐོབ་པ་ནི་རང་བྱང་ཆུབ་ཅེས་བྱའོ། །བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཆོས་དང་གང་ཟག་གཉིས་ཀ་ལ ་བདག་མེད་པར་ཞུགས་ནས་ས་བཅུས་རིམ་གྱིས་སྒྲིབ་པ་རྣམ་པ་གཉིས་སྤོངས་བ་ནི་ལམ་གྱིས་རྣམ་པར་ཤེས་པ་ཞེས་བྱའོ། །ས་བཅུ་རིམ་གྱིས་འདས་ཏེ་སངས་རྒྱས་ཀྱི་བར་ཡེ་ཤེས་བཞི་དང་སྐུ་གསུམ་ལྷུན་གྱིས་གྲུབ་པ་ནི་རྣམ་པ་ཐམས་ཅད་མཁྱེན ་པ་ཞེས་བྱའོ། །དཀོན་མཆོག་གསུམ་གང་ཞེ་ན། སངས་རྒྱས་དཀོན་མཆོག་དང་ཆོས་དཀོན་མཆོག་དང། དགེ་འདུན་དཀོན་མཆོག་གོ་ཞེས་བྱ་བ་ལ། མ་རིག་པའི་གཉིད་ལས་སད་དེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་རྙེས་པས་པདྨ་ཁ་ཕྱེ་བ་བཞིན ་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱས་པ་ནི་སངས་རྒྱས་དཀོན་མཆོག་སྟེ། ཡོན་ཏན་གྱི་ཕུལ་ཆེ་ལ་འཇིག་རྟེན་ན་ཉུང་པའི་ཕྱིར་རོ་ཞེས་སྦྱར་རོ། །ཆོས་ནི་བཤད་པའི་ཆོས་དང་སྒྲུབ་པའི་ཆོས་དང་འབྲས་བུའི་ཆོས་དེ། དེ་ལ་གསུང་རབ་ཡན་ལག ་བཅུ་གཉིས་ནི་བཤད་པའོ། །ཕ་རོལ་ཏུ་ཕྱིན་པ་ལ་སོགས་ཏེ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ནི་སྒྲུབ་པའོ། །ཕུང་པོ་ལྷག་མ་དང་བཅས་པ་དང། ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པ་ནི་འབྲས་བུའི་ཆོས་ཤེས་བྱའོ། །དགེ་འདུན་ནི་སོ་སོའི ་སྐྱེ་བོ་དང་སློབ་པ་དང་མི་སློབ་པ་སྟེ། གསལ་བ་དང་བཞིས་བསྙེན་པར་རྫོགས་པ་ནི་སོ་སོའི་སྐྱེ་བོའོ། །རྒྱུན་ཏུ་ཞུགས་པ་ནས་དགྲ་བཅོམ་པ་ལ་ཞུགས་པའི་བར་ནི་སློབ་པའོ། །དགྲ་བཅོམ་པ་ནི་མ་སློབ་པ་སྟེ་དེ་ལྟ་བུ་བཞི་ཡན་ཆད་མང་པོ ་འདུས་པ་ལ་དགེ་འདུན་ཞེས་བྱའོ། །སྐུ་གསུམ་གང་ཞེ་ན། ཆོས་ཀྱི་སྐུ་དང། ལོངས་སྤྱོད་རྫོགས་པའི་སྐུ་དང། སྤྲུལ་པའི་སྐུའོ། །ཞེས་བྱ་བ་ལ་ཆོས་ཀྱི་དབྱིངས་དང་མེ་ལོང་ལྟ་བུའི་ཡེ་ཤེས་ནི་ཆོས་ཀྱི་སྐུའོ། །འོག་མིན་གྱི་ཕོ་བྲང་ན ་བྱང་ཆུབ་སེམས་དཔའ་ས་བཅུ་པ་རྣམས་ལ་ཆོས་སྟོན་ཅིང་མཚན་དང་དཔེ་བྱད་བཟང་པོས་བརྒྱན་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། འཛམ་བུའི་གླིང་ན་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་སྟོན་པ་ནི་སྤྲུལ་པའི་སྐུའོ། །མཚན་ཉིད ་གསུམ་ནི་ཀུན་བརྟགས་པའི་མཚན་ཉིད་དང། གཞན་གྱིས་དབང་གི་མཚན་ཉིད་དང། ཡོངས་སུ་གྲུབ་པའི་མཚན་ཉིད་དོ་ཞེས་བྱ་བ་ལ། གཟུགས་ལ་སོགས་པའི་ཡུལ་དྲུག་དང་དབང་པོ་དྲུག་དག་ཆོས་དང་གང་ཟག་གི་དངོས་པོར་ཡོད་དོ ་སྙམ་དུ་འཁྲུལ་པའི་རྣམ་པར་ཤེས་པས་ལོག་པར་བརྟགས་པ་རྣམས་ནི་ཀུན་བརྟགས་པའོ། །ཀུན་གཞི་རྣམ་པར་ཤེས་པ་འཁོར་དང་བཅས་པ་ནི་རྒྱུ་དང་འབྲས་བུའི་ཚུལ་དུ་སྐད་ཅིག་མའི་རྒྱུན་ལས་འབྱུང་བ་ནི་གཞན་དབང་ངོ། །སྟོང ་པ་ཉིད་ཆོས་ཀྱི་དབྱིངས་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ཅེས་བྱའོ། །ཐེག་པ་གསུམ་གང་ཞེ་ན། ཉན་ཐོས་ཀྱི་ཐེག་པ་དང། རང་སངས་རྒྱས་ཀྱི་ཐེག་པ་དང་ཐེག་པ་ཆེན་པོས་མངོན་པར་འབྱུང ་བའོ་ཞེས་བྱ་བ་ལས། དགེ་བའི་གཤེས་གཉེན་ལ་བལྟོས་ནས་སྡུག་བསྔལ་གྱི་བདེན་པ་དང། ཀུན་འབྱུང་དང་བཀོག་པ་དང། ལམ་གྱི་བདེན་པ་དང། བཞི་ལ་གཅིག་ཅིང་རྣམ་པ་བཞི་བཞི་ལྟར་ཤེས་པའི་སྒོ་ནས་གང་དག་ལ་བདག ་མེད་པར་རྟོགས་ཏེ། ཉོན་མོངས་པའི་སྒྲིབ་པ་སྤང་པ་ནི་ཉན་ཐོས་ཀྱིས་ཐེག་པའོ། །དགེ་བའི་གཤེས་གཉེན་ལ་མི་རྟེན་པར་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་བཞིན་འབྱུང་བ་དང། ལུགས་ལས་བཟླག་པའི་མཚན་ཉིད ་རྟོགས་ན་གང་ཟག་ལ་བདག་མེད་པར་རྟོགས་ཏེ་ཉོན་མོངས་པའི་སྒྲིབ་པ་སྤངས་པ་ནི་རང་སངས་རྒྱས་ཀྱི་ཐེག་པའོ། །ཕ་རོལ་ཏུ་ཕྱིན་བ་བཅུ་དང་ས་བཅུ་རིམ་གྱིས་སྒྲུབ་ཅིང་ཆོས་དང་གང་ཟག་གཉིས་ཀ་ལ་བདག་མེད་རྟོགས་ནས་ཉོན་མོངས་པ་དང་ཤེས་བྱའི ་སྒྲིབ་པ་གཉིས་ཀ་སྤོང་བ་ནི་ཐེག་པ་ཆེན་པོས་མངོན་པར་འབྱུང་བ་ཞེས་བྱའོ། །དེ་དག་གིས་ཁྱད་པར་ལྔ་གང་ཞེ་ན། རིགས་ཀྱི་ཁྱད་པར་དང། འཇུག་པའི་ཁྱད་པར་དང། དུས་ཀྱི་ཁྱད་པར་དང། བྱང་ཆུབ་ཀྱི་ཁྱད་པར་དང། རྣམ་པར་གྲོལ་བའི་ཁྱད་པར་རོ་ཞེས་བྱ ་བ་ལ། ཐེག་པ་གསུམ་གྱི་ནང་གི་རྒྱ་ཆེ་ཆུང་གི་བྱེ་བྲག་ལ་དགེ་དག་གིས་ཁྱད་པར་ལྔ་ཞེས་བྱ་སྟེ། དེ་ཡང་སྔོན་བདེན་པ་བཞི་མཉམ་པ་དང་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ས་དང། ཕ་རོལ་ཏུ་ཕྱིན་པ་དག་མཉན་པའི་བག་ཆགས་ཐ་དད་པ ་ཡོད་པའི་རིགས་ཀྱི་ཁྱད་པར་ཞེས་བྱ། ཐེག་པ་ཆུང་ངུ་དང་འབྲིང་པོ་ནི་རང་གི་དོན་ལ་འཇུག་ཐེག་པ་ཆེན་པོ་ནི་བདག་དང་གཞན་གཉིས་ཀའི་དོན་བྱེད་པ་ནི་འཇུག་པའི་ཁྱད་པར་ཞེས་བྱའོ། །ཉན་ཐོས་ནི་ཚེ་གསུམ་དང་ཚེ་བདུན་རང་སངས་རྒྱས་ནི་བསྐལ་པ་བརྒྱས ་དགྲ་བཅོམ་པ་ཐོབ། ཐེག་པ་ཆེན་པོ་ནི་བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་གྱི་འཚང་རྒྱ་བ་དག་ནི་དུས་ཀྱི་ཁྱད་པར་རོ། །ཐེག་པ་གཉིས་ནི་གང་ཟག་ལ་བདག་མེད་པར་ཆུང། ཐེག་པ་ཆེན་པོ་ནི་ཆོས་དང་གང་ཟག་གཉིས་ཀ་ལ་བདག་མེད་པར་ཆུད་པ་ནི་བྱང་ཆུབ་ཀྱི ་ཁྱད་པར་ཞེས་བྱ། ཐེག་པ་གཉིས་ཀྱིས་ནི་ཞི་བ་ཕྱོགས་གཅིག་པའི་དགྲ་བཅོམ་པ་ཐོབ་ལ། ཐེག་པ་ཆེན་པོས་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པ་དག་ནི་རྣམ་པར་གྲོལ་བའི་ཁྱད་པར་ཞེས་བྱའོ། །སྡེ་སྣོད་གསུམ་ནི་མདོ་སྡེ་བསྡུས་པ་དང ་འདུལ་བར་བསྡུས་པ་དང། མ་མོར་བསྡུས་པའོ། །ཞེས་བྱ་བ་ལ། གསུང་རབ་བཅུ་གཉིས་ལས་མདོའི་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ་དང། ཚིགས་སུ་བཅད་པའི་སྡེ་དང། ཆེད་དུ་བརྗོད་པའི་སྡེ་དང། ལུང་དུ་བསྟན་པའི་སྡེ་དང། ཤིན་ཏུ་རྒྱས་པའི་སྡེ ་དང། རྨད་དུ་བྱུང་བའི་སྡེ་དང། མདུན་ནི་མདོ་སྡེར་བསྡུས་པའོ། །གླེང་བཞིའི་སྡེ་དང། རྟོགས་པ་བརྗོད་པའི་སྡེ་དང། དེ་ལྟ་བུ་བྱུང་བའི་སྡེ་དང་སྐྱེས་པ་རབས་ཀྱི་སྡེ་བཞི་ནི་འདུལ་བར་བསྡུས་པའོ། །གཏན་ལ་བབ་པར ་བསྟན་པའི་སྡེ་ནི་ཆོས་མངོན་པ་སྟེ་མ་མོར་བསྡུས་པའོ། །དེ་ཡང་ཅི་དགོས་ཅི་ཞེ་ན། བསླབ་པ་གསུམ་རྫོགས་པར་བྱ་བའི་ཕྱིར་ཏེ། མདོ་སྡེའི་ནང་ནས་ཏིང་ངེ་འཛིན་རྒྱ་ཆེར་སྟོན། འདུལ་བའི་ནང་ནས་ནི་སྡིག་པའི་ལས་ལས་ལྡོག་བ་སྟོན། མ་མོའི ་ནང་ནས་ནི་ཆོས་ཐ་དད་པའི་རང་དང་སྤྱིའི་མཚན་ཉིད་སྟོན་པས་ན་ལྷག་པའི་སེམས་དང། ལྷག་པའི་ཚུལ་ཁྲིམས་དང། ལྷག་པའི་ཤེས་རབ་གསུམ་དང་གོ་རིམ་བཞིན་དུ་སྦྱར་ཏེ་རྫོགས་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་རྣམ་པ་གསུམ ་གང་ཞེ་ན། ཐོས་པ་ལས་བྱུང་བའི་ཤེས་རབ་དང། བསམས་པ་ལས་བྱུང་བའི་ཤེས་རབ་དང། བསྒོམས་པ་ལས་བྱུང་བའི་ཤེས་རབ་བོ་ཞེས་བྱ་བ་ལ། ཆོས་ཁོངས་སུ་ཆུད་པའི་བློ་རྩིར་ཞིང་ཞིབ་པ་ནི་ཤེས་རབ་རྣམ་པ་གསུམ་སྟེ། དེ་ཡང་མིང ་དང་ཚིག་དང་ཡི་གེ་ལ་དམིགས་པའི་བློ་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་བོ། །མིང་དང་ཚིག་དང་ཡི་གེ་དང། དེ་དག་གིས་བརྗོད་པའི་དོན་ཀུན་ལ་དམིགས་པའི་བློ་ནི་བསམ་པ་ལས་བྱུང་བའི་ཤེས་རབ་བོ། །དོན་གཅིག་པུ་ལ་ཕྱོགས་གཅིག ་ཏུ་དམིགས་པའི་བློ་ནི་བསྒོམས་པ་ལས་བྱུང་བའི་ཤེས་རབ་བོ། །བསླབ་པ་གསུམ་གང་ཞེ་ན། ལྷག་པའི་ཚུལ་ཁྲིམས་དང། ལྷག་པའི་སེམས་དང། ལྷག་པའི་ཤེས་རབ་བོ་ཞེས་བྱ་བ་ལ། ལས་སུ་བྱ་བའི་མཆོག་ཉམས་སུ་བླང་བའི་དམ་པའི ་བློ་གྲོས་མིག་ཅན་རྣམས་ཀྱིས་བྱ་བའི་དམིགས་ནི་བསླབ་པ་གསུམ་སྟེ། སྐྱེ་བོ་ཕལ་པ་བས་མུ་སྟེགས་ལྷག་།མུ་སྟེགས་ཕ་བས་ཉན་ཐོས་ལྷག། དེ་བས་རང་སངས་རྒྱས་ལྷག། རང་སངས་རྒྱས་པས་ནི་ཐེག་པ་ཆེན་པོ་ལྷག་སྟེ། ཉན་ཐོས ་ཀྱི་དགེ་སློང་དང། དགེ་ཚུལ་དང་དགེ་བསྙེན་ཕོ་མོ་རྣམ་དྲུག་དང། བར་ཁྲིམས་རྣམས་ནི་ཁྲིམས་སྡེ་བདུན་ཏེ་།དེ་དག་དང་བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་གསུམ་སྟེ། མི་དགེ་བ་སྡོམ་པ་དང་དགེ་བ་སྡུད་པ་དང། སེམས་ཅན་གྱི་དོན་བྱེད་པ་རྣམས་ནི་ལྷག་བའི ་ཚུལ་ཁྲིམས་སོ། །ཐེག་པ་ཆེན་པོའི་ནི་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་དང་ཉན་ཐོས་དག་གིས་མི་གཅོད་པ་བསྒོམ་པ་དང། བསམ་གཏན་གཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་དག་ནི་ལྷག་པའི་སེམས་སོ། ཐེག་པ ་ཆེན་པོ་ནི་ཆོས་དང་གང་ཟག་གཉིས་ཀ་ལ་བདག་མེད་པར་མཁྱེན། ཉན་ཐོས་དག་ནི་གང་ཟག་ལ་བདག་མེད་པར་རིག་པ་ནི་ལྷག་པའི་ཤེས་རབ་བོ། །དབང་པོ་གསུམ་གང་ཞེ་ན། ཡོངས་སུ་མ་ཤེས་པ་ཡོངས་སུ་ཤེས་པའི་དབང་པོ་དང། ཡོངས་སུ་ཤེས ་པའི་དབང་པོ་དང། ཡོངས་སུ་ཤེས་པ་རྟོག་པའི་དབང་པོའོ་ཞེས་བྱ་བ་ལ། མཐོང་བས་སྤང་བར་བྱ་བའི་ལམ་གྱི་དུས་ན་དད་པ་དང། བརྩོན་འགྲུས་དང། དྲན་པ་དང། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་དབང་པོ་ལྔ་དང། བདེ་བ་དང། ཡིད་བདེ་བ་དང་བཏང་སྙོམས་དང། ་ཡིད་ཀྱི་དབང་པོ་བཞི་སྟེ། དགུ་པོ་དེ་དག་གིས་མཐོང་བས་སྤང་བ་སྤངས་པ་ན། སྔོན་མི་ཤེས་པ་ཀུན་ཤེས་པས་ཡོངས་སུ་མ་ཤེས་པ་ཡོངས་སུ་ཤེས་པའི་དབང་པོ་ཞེས་བྱ། བསྒོམ་པས་སྤང་བ་སྤོང་བའི་དུས་ན་དབང་པོ་དགུ་པོས་མི་མཐུན་པ་དང་གཉེན ་པོ་ནི་ཕྱོགས་གསལ་བར་བྱེ་བྲག་ཕྱེད་བ་ནི་ཡོངས་སུ་ཤེས་པའི་དབང་པོ་ཞེས་བྱ། དགྲ་བཅོམ་པའི་དུས་ནི་མཐོང་སྒོམ་གྱི་ཉོན་མོང་པ་མ་ལུས་པར་སྤངས་པའི་དབང་པོ་དགུ་ནི་ཡོངས་སུ་ཤེས་པ་རྟོགས་པའི་དབང་པོ་ཞེས་བྱའོ། །ཉོན་མོངས་པ ་གསུམ་གང་ཞེ་ན། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང། ལས་ཀྱིས་ཀུན་ནས་ཉོན་མོངས་པ་དང། ཚེའི་ཀུན་ནས་ཉོན་མོངས་པའོ་ཞེས་བྱ་བ་ལ། རང་ཉིད་ཀྱང་ཉོན་མོངས་པ་ཡིན་ལ། རྒྱུ་དེ་ལས་སྐྱེས་པ་ཡང་ཉོན་མོངས་པར་འགྱུར་བས ་ན་ཉོན་མོངས་པ་གསུམ་སྟེ། དེ་ཡང་བརྟེན་འབྲེལ་བཅུ་གཉིས་ལས་མ་རིག་པ་དང། སྲེད་པ་དང་ལེན་པ་དང་གསུམ་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའོ། །འདུ་བྱེད་དང་སྲིད་པ་གཉིས་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པའོ། ། ་རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང། ཚོར་བ་དང། སྐྱེ་བ་དང་རྒ་ཤི་བདུན་ནི་ཚེ་ཀུན་ནས་ཉོན་མོངས་པ་སྟེ། སྡུག་བསྔལ་སྣ་ཚོགས་ཀྱི་རྒྱུ་དང་འབྲས་བུ་འཁོར་བའོ། །ཀུན་རྫོབ་གསུམ་གང་ཞེ་ན། ཀུན་རྫོབ ་ཀྱི་ཀུན་རྫོབ་དང། ཡང་དག་པ་མ་ཡིན་པའི་ཀུན་རྫོབ་དང་ཡང་དག་པའི་ཀུན་རྫོབ་བོ། །དེ་ལ་རྒྱུ་མ་དང་སྨིག་རྒྱུ་དང་མིག་ཡོར་ལ་སོགས་པ་རང་རང་གི་བྱ་བ་བྱེད་མི་ནུས་པའི་མཚན་ཉིད་རྣམས་ནི་ཀུན་རྫོབ་ཀྱི་ཀུན་རྫོབ་བོ། །ཕྱི་ནང་གི་རྟེན་ཅིང ་འབྲེལ་པར་འབྱུང་བའི་ཆོས་ལ་ཕྱིན་ཅི་ལོག་ཏུ་བརྟགས་ཤིང་བསྒྲུབས་ཏེ་བསྐྱེད་པ་རྣམས་ནི་ཡང་དག་པ་མ་ཡིན་པའི་ཀུན་རྫོབ་བོ། །ཕྱི་ནང་གི་རྟེན་འབྲེལ་ལ་ཡང་དག་པར་བརྟགས་ཏེ་དགེ་བ་བཅུ་ལ་སོགས་པས་བསྐྱེད་པའི་རྒྱུ་དང ་འབྲས་བུ་དག་ནི་ཡང་དག་པའི་ཀུན་རྫོབ་བོ། །བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་གྱི་སྒྲ་དོན་གསུམ་གང་ཞེ་ན། མོས་པ་དང་སྦྱོར་བ་དང་ཁོང་དུ་ཆུད་པའོ་ཞེས་བྱ་བ་ནི། བྱང་ཆུབ་ཅེས་བྱ་བ་དང་སེམས་དཔའ་ཞེས་བྱ་བ་དང་སེམས་དཔའ་ ་ཆེན་པོ་ཞེས་བྱ་བའི་སྒྲ་གསུམ་དང་གོ་རིམ་བཞིན་དུ་སྦྱར་ཏེ། ངེས་པར་འབྱེད་པ་ཆ་བཞི་ལ་གནས་པ་ནི་བྱང་ཆུབ་བཅས་བྱ་སྟེ་མོས་པ་དང་སྦྱར་རོ། །ས་དང་པོ་ནས་ས་བཅུ་པ་མན་ཆད་ལ་གནས་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། ་སྦྱོར་བ་དང་སྦྱར་རོ། །ས་བཅུ་གཅིག་པ་སངས་རྒྱས་ཀྱིས་སའི་དུས་ན་སེམས་དཔའ་ཆེན་པོ་ཞེས་བྱ་སྟེ། ཁོང་དུ་ཆུད་པ་དང་སྦྱར་རོ། །ཡང་ན་སེམས་ཅན་ལ་སྟོན་པ་དང་དེ་དག་བྱང་ཆུབ་ལ་འགོད་པ་དང་བྱང་ཆུབ་ཏུ་སེམས་དཔའ་ཨོ་ཞེས ་བྱ་བ་ལ། སེམས་ཅན་རྣམས་ལ་བླ་ན་མེད་པའི་ལམ་སྟོན་པས་བྱང་ཆུབ་སྟེ། སེམས་ཅན་ལ་སྟོན་པ་དང་སྦྱར་རོ། །ལམ་ལ་བཀོད་པ་དེ་དག་འབྲས་བུ་ཐོབ་པར་བྱེད་པས་ན་བྱང་ཆུབ་སེམས་དཔའ་སྟེ། དེ་དག་བྱང་ཆུབ་ལ་འགོད་པ་དང་སྦྱར་རོ། །བདག་ཉིད ་ཀྱང་བྱང་ཆུབ་ཆེན་པོ་ཐོབ་པར་བྱེད་པས་ན་སེམས་དཔའ་ཆེན་པོ་སྟེ། བྱང་ཆུབ་སེམས་དཔའ་དང་སྦྱར་ཏེ་མཚན་ཉིད་ཀྱི་ཡོན་ཏན་དང་ལྡན་བར་སྟོན་པའོ། །ཁམས་གསུམ་གང་ཞེ་ན། འདོད་བའི་ཁམས་དང། གཟུགས་ཀྱི་ཁམས་དང་གཟུགས་མེད་པའི ་ཁམས་སོ་ཞེས་བྱ་བ་ལ། དམྱལ་བ་བརྒྱད་དང་བྱོལ་སོང་དང་ཡི་དགས་གཉིས་ཏེ་བཅུ་དང། གླིང་གཞི་དང་འདོད་པའི་ལྷ་དྲུག་དང་བཅུ་སྟེ་སྤྱིར་གནས་ཉི་ཤུ་ནི་འདོད་པའི་ཁམས་སོ། །བསམ་གཏན་དང་པོ་ནས་བཞི་པའི་བར་གནས་བཅུ་བདུན་ནི ་གཟུགས་ཀྱི་ཁམས་སོ། །ནམ་མཁའ་མཛའ་ཡས་སྐྱེ་མཆེད་ནས་འདུ་ཤེས་ཡོད་མིན་མེད་མིན་མན་ཆད་གནས་བཞི་ནི་གཟུགས་མེད་པའི་ཁམས་སོ། །ཚུལ་གསུམ་པའི་རྟགས་གང་ཞེ་ན། རྗེས་སུ་དཔག་པ་ལ་ཡོད་པ་དང། མཐུན་པའི ་ཕྱོགས་ལ་ཡོད་པ་དང་མི་མཐུན་པའི་ཕྱོགས་ལ་མེད་པའོ་ཞེས་བྱ་བ་ལ། ཤེས་བྱ་མངོན་དུ་མ་གྱུར་ཀྱང་སྣོལ་ཚུལ་གྱི་ཐོག་ཏུ་འབེབས་བ་ནི་ཚུལ་གསུམ་པའི་རྟགས་ཞེས་བྱ་སྟེ། དེ་ཡང་མེ་དང་ཆུ་མེ་སྣང་ཡང་དུ་བ་དང་ཆུ་བྱ་སྣང་བ་ཙམ་ལས་མེ ་དང་ཆུ་ཡོད་པར་བརྟགས་པ་ནི་རྗེས་སུ་དཔག་པ་ལ་ཡོད་པའོ། །ཚང?་བང་ཆེན་པོ་ནམ་ཡོད་པར་བརྟག་པ་ནི་འཐུན་པའི་ཕྱོགས་ལ་ཡོད་པ་སྟེ། ཚང་བང་དང་མེ་ཡོད་པར་འཐུན་པའི་ཕྱིར་རོ། །ཆུའི་ནང་ན་མེ་མེད་པར་བརྟག་པ་ནི་མི་མཐུན་པའི་ཕྱོགས ་ལ་མེད་པ་སྟེ། གཅིག་ལ་གཅིག་དགྲ་ལྟར་མི་མཐུན་པའི་ཕྱིར་རོ། །སྡུག་བསྔལ་གསུམ་གང་ཞེ་ན། སྡུག་བསྔལ་བའི་སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ་དང་འདུ་བྱེད་ཀྱི་སྡུག་བསྔལ་ལོ་ཞེས་བྱ་བ་ལ། ཁམས་གསུམ་གྱི་ཚོར་བ ་རྣམ་པ་གསུམ་ལ་སྡུག་བསྔལ་གསུམ་གྱིས་ཁྱབ་པས་ན་སྡུག་བསྔལ་གསུམ་ཞེས་བྱ་སྟེ། དེ་ཡང་འདོད་པའི་ཁམས་ཀྱི་སེམས་ཅན་རྣམས་ལ་ཚོར་བ་གསུམ་ཆར་དང་ཡང་ལྡན་མོད་ཀྱི། སྡུག་བསྔལ་གྱི་ཚོར་བ་ཤས་ཆེ ་བས་སྡུག་བསྔལ་བའི་སྡུག་བསྔལ་གྱིས་ཁྱབ་བོ། །གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་ནི་བསམ་གཏན་ལ་གནས་པས་ཕལ་ཆེར་ཚོར་བ་བདེ་བ་དང་ལྡན་ཏེ། རེ་ཞིག་བདེ་ཡང་གཏན་དུ་དེ་མི་གནས་ཏེ། ཚེ་ཟད་ནས་གཞན་དུ་འགྱུར་པས ་ན་འགྱུར་བའི་སྡུག་བསྔལ་གྱི་ཁྱབ་པོ། །གཟུགས་མེད་པའི་ཁམས་ན་ནི་མིང་བཞིའི་ཕུང་པོ་སྐད་ཅིག་མའི་རྒྱུན་ལ་གནས་པས་ཚོར་བ་བཏང་སྙོམས་དང་ལྡན་ཏེ། སྐྱེ་བོས་སྡུག་བསྔལ་དུ་མི་ཚོར་མོད་ཀྱི་འཕགས་པ་རྣམས་ཀྱིས་སྡུག ་བསྔལ་དུ་གཟིགས་ཏེ་མདོ་ལས་ཀྱང། ལག་མཐིལ་སྤུ་ཉགས་གཅིག་འབྱུང་བ་ནི་གུས་པར་ཉན་པ་དང། གུས་པར་མི་ཉན་པ་རྣམས་ལ་སེམས་སྙོམས་པ་ཞེས་བྱའོ། །གཏོང་བའི་ཁྱད་པར་གསུམ་གང་ཞེ་ན། གཏོང་བ་ནི་ཟང་ཟིང་སྤྱིན ་བ་དང། བུ་སྨད་སྦྱིན་པ་དང་སྲོག་དང་ལུས་སྦྱིན་པའོ་ཞེས་པ་ལ། སྐྱེ་བོ་རྣམས་ནི་ཕུག་ཅིང་བདག་ན་ཡང་མི་གཅེས་པ་ལས་བུ་དང་གཉེན་རྩ་ཙམ་ཉིད་ཚམ་ལ་གཏོང་གི། མི་བདོག་གམ་ཡང་ན་བདོག་ཀྱང་ཅེས་པ་དག་གཞན་ལ་མི་སྟོང ་གྱི། འཕགས་པ་བདག་ནི་གཅེས་པ་ཡང་མི་བང?་པར་སེམས་ཅན་ཐམས་ཅད་ལ་གཏོང་ལ་མི་བདོག་ན་ལུས་དང་སྲོག་ཀྱང་སྟོང་བས་ན་གཏོང་པའི་ཁྱད་པར་གསུམ་སྟེ། འཕྲལ་གྱི་བཟའ་བ་དང། བཏུང་བ་དང། ཡུན་གྱི་ཟོང ་གསེར་དངུལ་དང་གས་ཟས་གང་སྦྱིན་པ་ནི་ཟང་ཟིང་སྦྱིན་པའོ། །བུ་དང་ཆུང་མ་དང་བྲན་དང་འཁོར་དང་ལས་ཐབས་རྒྱལ་སྲིད་མན་ཆད་གཏོང་བ་ནི་བུ་སྨད་སྦྱིན་པའོ། །མགོ་དང་རྐང་ལག་དང། ཤ་ཁྲག་དང་ལུས་ཀྱི་སྲོག་མན་ཆད་གཏོང་བ་ནི ་སྲོག་དང་ལུས་སྦྱིན་པའོ། །ཆོས་ཀྱི་མདོ་བཞི་གང་ཞེ་ན། མི་རྟག་པ་དང། སྡུག་བསྔལ་དང་སྟོང་པ་དང་བདག་མེད་པའོ། །ཞེས་བྱའོ། །དེ་ཡང་ཕྱི་ནང་གི་ཆོས་ཐམས་ཅད་ཀྱི་དོན་ཚིག་འདི་བཞིར་འདུས་པས་ན་ཆོས་ཀྱི་མདོ་བཞི་སྟེ། དེ་ལ་མཚན་ཉིད་གསུམ ་དང་ཡང་སྦྱར་ཏེ། ཀུན་བརྟགས་པའི་མཚན་ཉིད་ནི་རྟག་ཏུ་མེད་པས་ན་མི་རྟག་པའོ། །གཞན་གྱི་དབང་གིས་མཚན་ཉིད་ནི་སྡུག་བསྔལ་ཐམས་ཅད་ཀྱི་གཞི་ཡིན་པས་ན་སྡུག་བསྔལ་བའོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ལ་ནི་ཆོས་སུ་གདགས་པའི ་དངོས་པོ་མེད་པ་ན་སྟོང་པའོ། །གང་ཟག་ཏུ་གདགས་པའི་དངོས་པོ་མེད་པས་ན་བདག་མེད་པའོ། །བྱང་ཆུབ་སེམས་དཔའ་ཨི་མོས་པས་སྤྱོད་པའི་ཆ་བཞི་གང་ཞེ་ན། སྣང་བ་ཐོབ་པ་དང། སྣང་བ་མཆེད་པ་དང། དེ་ཁོ་ན་ཉིད་ཀྱི་དོན་ལ་ཕྱོགས་གཅིག་པ ་དང། བར་ཆད་མེད་པའི་ཏིང་ངེ་འཛིན་ཏོ་ཞེས་བྱ་བ་ལ། དེ་ཡང་དབང་པོ་ལྔ་དང། སྟོབས་ལྔ་བསྒོམས་པའི་དུས་ན་གཅིག་ཏུ་དགེ་བའི་ཕྱོགས་ལ་ལྷག་པར་མོས་ཤིང་གཞོལ་ཏེ་འབད་རྩོལ་དང་བཅས་པ་ནི་མོས་པས་སྤྱོད་པའི་ཆ་བཞི་སྟེ ་དེ་ལ་ཕྱི་ནང་གི་ཆོས་རྣམས་ལ་མིང་དུ་བརྟགས་པའི་མིང་ཐམས་ཅད་སྒྱུ་མ་ཙམ་དུ་འདུ་ཤེས་པའི་ཤེས་རབ་སྐྱེས་པ་ནི་སྣང་བ་ཐོབ་པའོ། །མིང་དེ་དག་གིས་བརྗོད་པའི་དོན་གྱི་དངོས་པོ་ལ་སྒྱུ་མ་ཙམ་དུ་ཤེས་པའི་ཤེས་རབ་སྐྱེས་པ་ནི་སྣང་བ ་མཆེད་པའོ། །ཆོས་རྣམས་ཀྱི་མིང་དེ་དག་སྟོང་པ་ཉིད་དུ་ཤེས་པའི་ཤེས་རབ་སྐྱེས་པ་ནི་དེ་ཁོ་ན་ཉིད་ཀྱི་དོན་ལ་ཕྱོགས་གཅིག་པའོ། །མིང་དེ་དག་གིས་བརྗོད་པའི་དོན་གྱི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཤེས་པའི་ཤེས་རབ་སྐྱེས་པ་ནི་དེ་མ ་ཐག་ཏུ་ས་དང་པོ་གནོན་པས་ན་བར་ཆད་མེད་པའི་ཏིང་ངེ་འཛིན་ཅེས་བྱའོ། །ཉན་ཐོས་ཀྱི་ཆ་བཞི་གང་ཞེ་ན། དྲོད་དང། སྤྱི་བོ་དང། བཟོད་པ་དང། འཇིག་རྟེན་པའི་ཆོས་ཀྱིས་མཆོག་ཅེས་བྱ་བའོ་ཞེས་བྱ་བ་ལ། ཆ་བཞི་ནི་གོང་མ་དང་འདྲ་སྟེ། དབང་པོ ་དང་སྟོབས་ཀྱི་དུས་ན་དགེ་བ་ལ་མོས་ཤིང་འདུན་པའོ། །དེ་ཡང་དཔེར་ན་གཙུབ་ཤིང་གིས་མེ་འབྱིན་ན་མེའི་སྔ་ལྟས་དྲོ་བ་དང་འདྲ་བར་ལ་ཉོན་མོངས་པ་བསྲེག་པའི་ཡེ་ཤེས་མེ་དང་འདྲ་བ་འབྱུང་བས་ན་དྲོད་ཅེས་བྱ། དེ་ནས་དགེ་བའི ་རྩ་བ་གཉེན་པོའི་ཕྱོགས་མཐུ་སྐྱེས་ནས་མི་མཐུན་པའི་དབང་དུ་མི་འགྲོ་བའི་སར་ཕྱིན་པས་ན་སྤྱི་བོ་ཞེས་བྱ། གང་ཟག་ལ་བདག་མེད་པའི་དོན་སྟོང་པ་ཉིད་ལ་ཡིད་ཆེས་ནས་དེ་ལ་དགའ་བ་སྐྱེས་པ་ནི་བཟོད་པ་ཞེས་བྱ། འདི་མན་ཆད་འཇིག་རྟེན་གྱིས ་དགེ་བ་ཡིན་ཏེ་མཐོང་བསྒོམ་ཀྱིས་ཉོན་མོངས་པ་མ་སྤངས་ཀྱང་རྒྱུན་ཏུ་ཞུགས་པ་ལ་སོགས་པ་འཕགས་པའི་ས་འདིས་མནོན་ཏེ། འཇིག་རྟེན་པ་གཞན་ལས་གཙོ་བོར་གྱུར་པས་ན་འཇིག་རྟེན་པའི་ཆོས་ཀྱིས་མཆོག་ཅེས་བྱའོ། །ཡེ་ཤེས་བཞི ་གང་ཞེ་ན། མེ་ལོང་ལྟ་བུའི་ཡེ་ཤེས་དང། མཉམ་པ་ཉིད་ཀྱི་ཡེ་ཤེས་དང། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་དང། བྱ་བ་བསྒྲུབ་པའི་ཡེ་ཤེས་སོ་ཞེས་བྱ་བ་ལ། ཆོས་ཀྱི་དབྱིངས་རྣམ་པར་དག་ལ་ཡང་གོ་རིམ་བཞིན་ནོ་ཞེས་བྱ་བ་ལ། ་སོ་སོའི་སྐྱེ་བོ་ལས་སངས་རྒྱས་སུ་གྲུབ་ནས་རྣམ་པར་ཤེས་པ་བརྒྱད་གནས་གྱུར་བ་ནི་ཡེ་ཤེས་བཞི་སྟེ། དེ་ལ་ཀུན་བཞི་རྣམ་པར་ཤེས་པ་དྲི་མ་དག་སྟེ་གནས་གྱུར་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཉོན་མོངས་པའི་ཡིད་བདག་ཏུ ་ལྟ་བའི་དྲི་མ་དག་སྟེ་གནས་གྱུར་པ་ནི་བདག་དང་གཞན་དུ་མི་འབྱེད་དེ་མཉམ་པས་ན་ཉིད་ཀྱིས་ཡེ་ཤེས་སོ། །ཡིད་ཀྱི་རྣམ་པར་འདོད་ཆགས་ལ་སོགས་པའི་དྲི་མ་དག་སྟེ་གནས་གྱུར་པ་ནི་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་སོ། །མིག་ལ་སོགས ་པ་སྒོ་ལྔའི་རྣམ་པར་ཤེས་པ་ཆོས་སྣ་ཚོགས་ལ་ཐ་དད་པར་རྟོག་པའི་དྲི་མ་དག་སྟེ་གནས་གྱུར་པ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་སོ། །གཟུགས་ཀྱིས་ཕུང་པོ་ལ་སོགས་པ་ཕུང་པོ་ལྔའི་རང་བཞིན་སྟོང་པ་ཉིད་གང་ཡིན་པ་དེ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ ་སྟེ་ཡེ་ཤེས་དམ་པའི་ཡུལ་དུ་བཞག་གོ། ཡེ་ཤེས་བཞིའི་ལས་གང་ཞེ་ན། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ལས་དང། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ལས་དང། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ལས་དང། བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་ལས་སོ་ཞེས་བྱ་བ་ལ། ་ཡུལ་ཐ་དད་པར་འཇུག་ཅིང་དམིགས་པས་ནི་ཡེ་ཤེས་ཀྱི་ལས་ཏེ། དེ་ཡང་ཆོས་ཐམས་ཅད་གཉིས་སུ་མེད་པའི་དོན་ཆོས་ཀྱི་དབྱིངས་སྟོང་པ་ཉིད་ལ་དམིགས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་ལས་སོ། །བདག་དང་གཞན་དུ་དབྱེར་མེད་དེ། བདག་གི་དོན་བྱས་བ ་ཡང་སེམས་ཅན་གྱི་དོན་ཡིན་ལ་སེམས་ཅན་གྱི་དོན་བྱས་བ་ཡང་བདག་གིས་དོན་ཡིན་པར་དམིགས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ལས་སོ། །ཆོས་ཐམས་ཅད་ཀྱི་སྤྱི་དང་རང་གི་མཚན་ཉིད་ཕྱིན་ཅི་མ་ལོག་པ་གཏན་ལ་འབེབས་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ལས ་སོ། །སེམས་ཅན་གྱི་དོན་བྱ་བ་ཐམས་ཅད་ཐབས་སྣ་ཚོགས་ཀྱིས་སྒྲུབ་ཅིང་སྤྲུལ་བའི་ལས་བྱེད་པ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་ལས་སོ། །དགོངས་པ་བཞི་གང་ཞེ་ན། མཉམ་པ་ཉིད་ལ་དགོངས་པ་དང་དུས་གཞན་ལ་དགོངས་པ་དང་དོན་གཞན་ལ་དགོངས་པ ་དང། གང་ཟག་གཞན་ལ་དགོངས་པའོ་ཞེས་བྱ་བ་ནི་འཕྲལ་དུ་གོ་བ་དང། དོན་དུ་སྦྱར་བ་ཐ་དད་ཀྱང་ཚིག་གཅིག་གིས་འགལ་བ་མེད་པར་སྟོན་ཏོ། །ཐབས་དེ་ལྟ་བུས་སེམས་ཅན་དག་འདུལ་བར་འགྱུར་བ་ནི་དགོངས་པ་བཞི་ཞེས་བྱ་སྟེ། དེ་ཡང་འདས་པའི་སངས་རྒྱས ་དང་ཤཱཀྱ་ཐུབ་པ་གཉིས་ཆོས་ཀྱི་སྐུ་དང། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང། སེམས་ཅན་གྱི་དོན་གྱི་འཕྲིན་ལས་མཛད་པ་རྣམས་ཆེ་ཆུང་མི་མངའ་བའི་སྒོ་ནས་སངས་རྒྱས་ཤཱཀྱ་ཐུབ་པས་སྔ་མ་འདས་པའི་སངས་རྒྱས་ཀྱང་ང་ཉིད་ཡིན་ནོ་ཞེས་གསུངས་པ་ནི ་མཉམ་པ་ཉིད་ལ་དགོངས་པའོ། །སངས་རྒྱས་འོད་དཔག་མེད་དང་སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པ་སངས་རྒྱས་གཅིག་ཙམ་གྱིས་མཚན་བརྗོད་པ་ཙམ་གྱིས་ཀྱང་འཚང་རྒྱ་བར་འགྱུར་རོ་ཞེས་གསུངས་པ་ཡང་དེས་འཕུལ་དུ་འཚང་རྒྱ་བར་མིན་གྱི ་རྒྱུ་དེ་ཙམ་ལས་བརྟེན་ཏེ། བསྒྲུབས་ན་ནམ་ཞིག་འཚང་བ་དང། སྨོན་ལམ་བཏབ་ན་དེ་བཞིན་དུ་འགྱུར་རོ་ཞེས་བྱ་བ་ཡང་འཕྲལ་དུ་མི་འགྱུར་གྱི་ནམ་ཞིག་ན་རྒྱུར་འགྱུར་བས་ན་དུས་གཞན་ལ་དགོངས་པའོ། །སངས་རྒྱས་གངྒཱ? ་སྙེད་ལ་བསྙེན་བཀུར་མ་བྱས་ན་མདོ་སྡེ་འདི་ཐོས་པར་མི་འགྱུར་རོ་ཞེས་བྱ་བ་ནི་འདིར་འཕྲལ་དུ་མཐོང་བ་ཙམ་ལ་མི་བྱའོ། །བྱང་ཆུབ་སེམས་དཔའ་ས་དང་པོ་ཐོབ་ལ་བྱ་བས་ན་དོན་གཞན་ལ་དགོངས་བའོ། །ཚུལ་ཁྲིམས་ལ་སོགས་པ་དགེ་བའི་ཕྱོགས་གང་ལ ་དད་ཅིང་ནུས་པ་དེ་ལ་བསྔགས་ཏེ་སྤྱོད་དུ་གཞུག་པ་དང། ཡང་ན་ཚུལ་ཁྲིམས་བསྲུང་བའི་ཚེས་ཆོག་གོ་སྙམ་དུ་སེམས་པ་ལ་དགེ་བ་གཞན་ཡང་ཕྱེད་དུ་གཞུག་པའི་ཕྱིར་ཚུལ་ཁྲིམས་སྨད་ལ་སྦྱིན་པ་སྔག་པ་ལ་སོགས་ཏེ། ཕ་རོལ་ཏུ་ཕྱིན་པ་ཀུན ་ལ་སྦྱོར་བ་ནི་གང་ཟག་གཞན་ལ་དགོངས་པའོ། །ལྡེམ་པོར་དགོངས་པ་གང་ཞེ་ན། གཞུག་པ་ལ་ལྡེམ་པོར་དགོངས་པ་དང་མཚན་ཉིད་ལ་ལྡེམ་པོར་དགོངས་པ་དང་གཉེན་པོ་ལ་ལྡེམ་པོར་དགོངས་པ་དང། བསྒྱུར་བ་ལ་ལྡེམ་པོར་དགོངས་པའོ་ཞེས་བྱ ་བ་ནི་ཚིག་ངེས་པ་མ་ཡིན་ཡང་དྲང་དུ་རུང་བ་ཙམ་ལ་དགོངས་ནས་གཞན་དག་བཀྲི་བའི་ཐབས་སུ་གསུངས་པ་ནི་ལྡེམ་པོར་དགོངས་པ་སྟེ། མུ་སྟེགས་དང། བདག་ཡོད་དམ་མེད་ཅེས་འདྲི་ན། སེམས་ཅན་གྱི་རྒྱུན་སྐད་ཅིག་མ་འམ་བརྫུས་ཏེ ་སྐྱེ་བའི་སེམས་ཅན་བདག་ཡོད་པ་ཙམ་ལ་བརྟེན་ནས་བདག་ཡོད་དོ་ཞེས་བྱ་བ་དང། ཉན་ཐོས་དག་ཆོས་ཀྱི་དངོས་པོ་ཡོད་དམ་མེད་ཅེས་འདྲི་ན། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ཡོད་དོ་ཞེས་སྐྱེ་བོ་རྣམས་ཐེག་པ་ཆེན་པོ་དང། བསྟན་པ་འདི? ་ལ་གཟུང་ཅིང་མི་སྐྲག་པར་བྱ་བའི་ཕྱིར་བཤད་པ་ནི་གཞུག་པ་ལ་ལྡེམ་པོར་དགོངས་པའོ། །ཆོས་ཐམས་ཅད་དངོས་པོ་ཡོད་དམ་མེད་ཅེས་འདྲི་ན། མཚན་ཉིད་གསུམ་ལ་དམིགས་ནས་མེད་པར་འདོད་པ་ལ་ནི་ཀུན་ཏུ་བརྟགས་པའི་མཚན་ཉིད་ལ ་བསམ་ནས་མེད་ཅེས་བསྟན་ཏེ། ཡོད་པར་འདོད་པ་ནི་གཞན་དབང་དང། ཡོངས་སུ་གྲུབ་པའི་མཚན་ཉིད་གཉིས་ལ་དགོངས་ནས་ཡོད་ཅེས་བསྟན་པ་ནི་མཚན་ཉིད་ལྡེམ་པོར་དགོངས་པའོ། །སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་སྒོམ ་ཡང་བརྒྱད་ཁྲི་བཞི་སྟོང་གསུངས་ཏེ། འདོད་ཆགས་ཀྱི་གཉེན་པོར་མི་གཙང་བ་ལ་སོགས་པ་ནི་གཉེན་པོ་ལ་ལྡེམ་པོར་དགོངས་པའོ། །ཕ་བསད་མ་བསད། དགེ་འདུན་གྱི་དབྱེན་བྱས། དགྲ་བཅོམ་པ་བསད་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག ་ཕྱུང་ན་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱའོ་ཞེས་གསུངས་པ་དེ་དངོས་སུ་སྒྲ་བཞིན་དུ་བྱ་བ་མ་ཡིན་གྱི། མ་རིག་པའི་དངོས་པོ་མེད་པར་ཤེས་པ་ནི་མ་བསད་པའོ། །ཞེ་སྡང་གི་དངོས་པོ་མེད་པར་ཤེས་པ་ནི་ཕ་བསད་པའོ། །ཕུང་པོ་ལྔ་སྟོང་པར ་བཤིག་སྟེ་དངོས་པོ་མེད་པ་ནི་དགེ་འདུན་གྱི་དབྱེན་བྱས་པའོ། །ཀུན་བཞི་རྣམ་པར་ཤེས་པ་བག་ཆགས་དང་བཅས་པ་དངོས་པོ་མེད་པར་ཤེས་པ་ནི་དགྲ་བཅོམ་པ་བསད་པའོ། །ཆོས་ཀྱི་དབྱིངས་སྟོང་པ་ཉིད་དུ་ཤེས་རབ་ཀྱི་རྟོག་པ་ལ་དེ་བཞིན་གཤེགས ་པ་ལ་ཁྲག་ཕྱུང་བ་ཞེས་མི་བསྒྱུར་བ་དང། ཡང་ན་སྙིང་པོ་མེད་པ་ལ་སྙིང་པོར་རྟོག། ཕྱིན་ཅི་ལོག་ལ་རབ་གནས་ཤིང། ཉོན་མོངས་གྱིས་ནི་ཉོན་མོངས་ན། བྱང་ཆུབ་དམ་པ་འཐོབ་པར་འགྱུར་ཞེས་གསུངས་ཏེ། མི་གཡེང་པར་བསྒོམ་པ་དང་ཕྱིན་ཅི་ལོག་ལས ་བཟློག་པར་གནས་པ་དང། དཀའ་བ་སྣ་ཚོགས་ཀྱི་དཀའ་ཐུབ་སྤྱད་པ་དང་གོ་རིམ་བཞིན་དུ་སྦྱར་ཏེ། དེ་ལྟ་བུར་སྤྱད་ན་འཚང་རྒྱའོ་ཞེས་བྱ་བའི་མི་འགྱུར་བ་ནི་བསྒྱུར་བ་ལ་ལྡེམ་པོར་དགོངས་པའོ། །རིག་པ་བཞི་གང་ཞེ་ན། བལྟོས་པའི་རིགས་དང། བྱ་བ་བྱེད་པའི ་རིགས་དང། ཚད་མའི་རིགས་དང། ཆོས་ཉིད་ཀྱི་རིག་པའོ་ཞེས་བྱ་བ་ལ། འཇིག་རྟེན་ན་ཆོས་རྣམས་ཀྱིས་ཚུལ་ཇི་ལྟར་སྲིད་པ་བཞིན་དུ་འབྱུང་བ་ནི་རིགས་པ་ཞེས་བྱ་སྟེ། དེ་ཡང་མིག་གི་རྣམ་པར་ཤེས་པ་རང?་བྱུང་མི་ནུས་ཀྱི། མིག་གི་དབང་པོ་དང་ཡུལ་གཟུགས ་གཉིས་ལ་བལྟོས་ནས་འབྱུང་བར་རིགས་པ་དེ་བཞིན་དུ་གཞན་ཡང་སྦྱར་ཏེ། མྱུ་གུ་ནི་ས་བོན་ལ་བལྟོས་ནས་འབྱུང་བ་མ་རིག་པ་ལ་བལྟོས་ནས་འདུ་བྱེད་འབྱུང་བ་ལ་སོགས་པ་ནི་བལྟོས་པའི་རིག་པའོ། །མིག་གི་རྣམ་པར་ཤེས་པ་དེ་བྱུང ་ནས་གཟུགས་ལ་བལྟ་བའི་བྱ་བ་བྱེད་ཀྱི་སྒྲ་ལ་མི་ཉན་པ་དང་མིག་གི་དབང་པོས་ཀྱང་མིག་གི་རྣམ་པར་ཤེས་པ་སྐྱེད་ཀྱི་རྣ་བ་ལ་སོགས་པའི་རྣམ་པར་ཤེས་པ་གཞན་མི་སྐྱེད་དེ། དེ་བཞིན་དུ་ཀུན་ལ་སྦྱར་ཏེ། ནས་ཀྱི་ས་བོན་གྱིས་ནས་ཉིད་སྐྱེས་ཀྱི་བྲ་སྲན་ལྟ་བུ ་གཞན་མི་སྐྱེད་པ་དག་ནི་བྱ་བ་བྱེད་པའི་རིག་པའོ། །མཐད་བ་སྒྲུབ་པ་ཞེས་ཀྱང་བྱ་སྟེ། རྗེས་སུ་དཔག་པ་དང། མངོན་སུམ་དང་ལུང་གི་ཚད་མ་ངེས་པར་བཞག་པའོ། །དེ་ལ་རྗེས་སུ་དཔག་པ་ནི་དུ་བ་ལ་མེ་ཤེས་པ་དང་ཆུ་བྱ་ལས་ཆུ་ཤེས་པ་དག ་གོ་།མངོན་སུམ་ནི་རྣམ་པར་ཤེས་པ་དྲུག་གིས་མཐོང་བ་དང། རྣལ་འབྱོར་པའི་སེམས་ཀྱིས་མཐོང་བ་དག་གོ་།ལུང་ནི་མི་བསླུ་བའི་ཚིག་སངས་རྒྱས་ཀྱི་བཀའ་ལུང་ཞལ་ནས་གསུངས་པ་སྟེ། དེ་དག་ནི་ཚད་མའི་རིགས་པའོ། །ཆུ་ཐུར་དུ་འབབ་པ་དང། ཉི་མ ་ཤར་ཕྱོགས་ནས་འཆར་བ་དང། ས་སྲ་བ་དང། ཆུ་གཤེར་བ་དང། མེ་ཚ་བ་དང། རླུང་ཡང་བ་ལ་སོགས་པ་སྟེ་སྟོང་པ་དང་བདག་མེད་པ་ལྟ་བུ་སྤྱི་དང་རང་གི་མཚན་ཉིད་ཡེ་ནས་དེ་ལྟར་གནས་པ་དག་ནི་ཆོས་ཉིད་ཀྱིས་རིགས་པ་ཞེས་བྱའོ། །མཁྱེན་པ ་གཞི་གང་ཞེ་ན། ཁམས་མཁྱེན་པ་དང་རང་བཞིན་མཁྱེན་པ་དང་བསམ་པ་མཁྱེན་པ་དང། བག་ལ་ཉལ་མཁྱེན་པའོ་ཞེས་བྱ་བ་སྟེ། དེ་ལ་ཐེག་པ་ཆེ་ཆུང་རིགས་ཐ་དད་པ་གང་དང་གང་ཡིན་པ་ཐུགས་སུ་ཆུད་པ་ནི་ཁམས་མཁྱེན་པ་སྟེ། ཁམས་དང། རིགས་དང། ་ས་བོན་ཞེས་བྱ་བ་ཀུན་དོན་གཅིག་གོ་སེམས་ཅན་དབང་པོ་རྣོན་པོ་དང། དབང་པོ་རྟུལ་པོ་དང། དབང་པོ་འབྲིང་པོ་དག་གིས་བྱེ་བྲག་ཐུགས་སུ་ཆུད་པ་ནི་རང་བཞིན་མཁྱེན་པའོ། །སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བཅུ་དག་ལ་སོགས་པ་གང་དང ་གང་ལ་དགའ་བ་ཐུགས་སུ་ཆུད་པ་ནི་བསམ་པ་མཁྱེན་པའོ། །དགེ་བ་དང་མི་དགེ་བའི་ས་བོན་དད་པ་དང་བརྩོན་འགྲུས་སོ། །འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཤས་ཆེ་ཆུང་ཅི་ཡོད་པ་ཐུགས་སུ་ཆུད་པ་ནི་བག་ལ་ཉལ་མཁྱེན་པའོ། །སྐྱེ་གནས་གཞི་གང ་ཞེ་ན། མངལ་ནས་སྐྱེ་བ་དང། སྒོ་ང་ལས་སྐྱེ་བ་དང། དྲོད་གཤེར་ལས་སྐྱེ་བ་དང། བརྫུས་ཏེ་སྐྱེ་བ་ཞེས་བྱ་བ་སྟེ། དེ་ལ་མི་དང་ཕྱུགས་ལུག་དང། གཅན་ཟན་ལ་སོགས་པ་ནི་ཕལ་ཆེར་མངལ་ནས་སྐྱེའོ། །བྱ་དང་ཉ་དང་སྦལ་རྩོང་དང། རྩང་པ་ལ ་སོགས་པ་ནི་སྒོ་ང་ལས་སྐྱེ་པའོ། །འབུ་སྲིན་དག་ནི་དྲོད་གཤེར་ལས་སྐྱེ་བའོ། །མཐོ་རིས་ཀྱིས་ལྷ་རྣམས་དང་འདྲེ་སྲིན་ཡི་དགས་དམྱལ་བ་དག་ནི་བརྫུས་ཏེ་སྐྱེ་བའོ། །མཛའ་གཞི་གང་ཞེ་ན། ཡོད་པའི་མཛའ་དང་མེད་པའི་མཛའ་དང་ཡོད་ཀྱང་ཡོད་ལ ་མེད་ཀྱང་མེད་པའི་མཛའ་དང། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པའི་མཛའ་འོ་ཞེས་བྱ་བ་ལ། ཕྱི་ནང་གི་ཆོས་ཐམས་ཅད་ནི་རྡུལ་དང་མུན་པ་སྙིང་སྟོབས་གསུམ་ལས་གྱུར་པ་ཡིན་པས་ཡོད་པ་ཡིན་ཏེ། ཕྱི་རོལ་གྱི་ཆོས་ལ་སྦྱར་ན་ཡང་མེ་ཏོག་ལ་སོགས ་པ་སྡུག་ཅིང་མཛེས་པ་ཐམས་ཅད་ནི་སྙིང་སྟོབ་ཤས་ཆེ་ལ། ཚེར་མ་དང་དམ་གྲོག་ལ་སོགས་མི་མཛེས་པ་ཐམས་ཅད་ནི་མུན་པ་ཤས་ཆེའོ། །འབྲུ་འབྲས་དང་ཁ་ཟས་ལ་སོགས་པ་དག་ནི་རྡུལ་ལས་གྱུར་པའི་ཤས་ཆེ་བ་ཡིན་ཏེ་ཡོད་དོ་ཞེས་ཟེར་བ་ནི ་ཡོད་ཀྱང་ཡོད་པའི་མཛའ་འོ། །འཇིག་རྟེན་རྒྱང་པན་པ་དག་ལས་དང་འབྲས་བུ་དང་ཚེ་སྔ་ཕྱི་ལ་སོགས་པ་ཅི་ཡང་མེད་དོ། །ཞེས་ཟེར་བ་ནི་མེད་པའི་མཛའ་འོ། །བདག་བརྟག་པ་ནི་ཡོད་ལ་ཡུལ་དང་དབང་པོ་ལ་སོགས་པ་འབྱུང་བའི་གྲོང་ཁྱེར་ནི་མེད་དོ་ཞེས ་ཟེར་བ་ནི་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པའི་མཛའ་ཨོ། །གྲངས་ཅན་དག་དཔེར་ན་གསེར་གྱིས་ཁ་དོག་ནི་གང་ཡང་མི་འགྱུར་ཏེ་མེད་པ་ཡང་ཡིན་ལ། མགར་བས་བརྡུངས་ན་དབྱིབས་གཞན་དང་གཞན་དུ་འགྱུར་བས་ན་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་བདག ་རྟག་པ་དེ་ཡང་དེ་དང་འདྲའོ་ཞེས་ཟེར་བ་ནི་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པའི་མཛའ་འོ། །རྟོན་པ་གཞི་གང་ཞེ་ན། དོན་ལ་རྟོན་པར་བྱའི་ཚིག་འབྲུ་ལ་རྟོན་པར་མི་བྱའོ། །ཆོས་ལ་སྟོན་པར་བྱའི་གང་ཟག་ལ་རྟོན་པར་མི་བྱའོ། །ཡེ་ཤེས ་ལ་རྟོན་པར་བྱའི་རྣམ་པར་ཤེས་པ་ལ་སྟོན་པར་མི་བྱའོ། །ངེས་པའི་དོན་གྱིས་མདོ་སྡེ་ལ་སྟོན་པར་བྱའི། །དྲང་པའི་དོན་གྱིས་མདོ་སྡེ་ལ་སྟོན་པར་མི་བྱའོ་ཞེས་བྱ་བ་ལ་ཉམས་སུ་བླང་ཞིང་དེ་དང་མི་འབྲལ་བར་རྟེན་ཅིང་འདྲིས་པར་བྱེད་པ་ནི་སྟོན་པ་ཞེས་བྱ་སྟེ། ་དེ་ཡང་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་ཚུལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ནན་ཏན་དུ་བྱེད་པའི་འབྲས་བུ་སེམས་ཀྱི་སྦྱོར་བ་སྐད་ཅིག་གིས་འཁོར་གསུམ་ཡོངས་སུ་དག་ཅིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་བྱེད་པ་ནི་དོན་ཏེ། དེ་ལ ་རྟོན་པར་བྱའོ། །ཚིག་འབྲུ་སྟེ། འཇིག་རྟེན་གྱི་བྱ་བ་མང་པོ་ལ་འཇུག་པ་དང། ཡང་ན་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་སློབ་ཅིང་འཆད་པའི་ཚིག་དང་ཡི་གེའི་རྗེས་སུ་འབྲང་བ་དག་ནི?་དོན་ཆུང་ངུ་ཡིན་པས་དེ་དག་ལ་ནི་རྟོན་པར་མི་བྱའོ། །རྣམ ་པར་བྱང་བ་དང། ཀུན་ནས་ཉོན་མོངས་པའི་ཆོས་རྒྱུ་དང་འབྲས་བུའི་ཚུལ་ཕྱིན་ཅི་མ་ལོག་ཅིང་མ་འདྲེས་པ་འམ། དོན་གྱི་མཚན་ཉིད་མ་བྱུང་བ་དང་མ་སྐྱེས་པ་ངེས་པར་སྟོན་པའི་གང་ཟག་ནི་སུ་ཅི་འདྲ་ཡང་རུང་སྟེ། ཆོས་དང་མི་འགལ་ན་བསྟེན་པར ་བྱའི། གང་ཟག་མ་བརྟགས་པ་ཏམ་ཏོན་ཅན་ཆོས་དང་མི་འཐུན་པའི་སྤྱོད་པ་ཅན་ཡིན་ན་རྒྱལ་པོའི་བུ་ཡང་རུང་སྟེ་ཉེ་བར་མི་བསྟེན་པ་ན་ཆོས་ལ་རྟོན་པར་བྱའི། གང་ཟག་ལ་སྟོན་པར་མི་བྱ་བའོ། །ཆོས་ཐམས་ཅད་ཀྱི་མཚན་ཉིད་དོན་དམ་པར ་སྐྱེ་བ་དང་འགག་པ་མེད་པ་ཆོས་དང་གང་ཟག་བདག་མེད་པར་མཁྱེན་པ་ནི་ཡེ་ཤེས་ཏེ། དེ་ལ་རྟེན་ཅིང་འདྲིས་པར་བྱེད་ལ། གཟུགས་དང་སྒྲ་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་ལ་སོགས་རྗེས་སུ་སོང་བ་ནི་རྣམ་པར་ཤེས་པ་ཞེས་བྱ་སྟེ། དེ་ལ་མ་ཆགས ་མི་གནས་བརྟེན་པར་མི་བྱེད་པ་ནི་ཡེ་ཤེས་ལ་རྟོན་པར་བྱའི། རྣམ་པ་ཤེས་པ་ལ་རྟོན་པར་མི་བྱ་བའོ། །ཆོས་གང་བསྟན་པས་ཟབ་ཅིང་རྒྱ་ཆེ་བའི་དོན་ཁོངས་སུ་ཆུད་པར་བྱེད་པ་ནི་ངེས་པའི་དོན་གྱི་མདོ་སྡེ་ཞེས་བྱ་སྟེ། དེ་ལ་རྟེན་ཅིང་འདྲིས་པར་བྱེད་ཀྱིས་འཁོར་བས་སྐྱེ ་བ་དང་ཀུན་རྫོབ་ལ་འཇུག་པ་ལ་སོགས་པ་སྟོན་པ་ནི་དྲང་བའི་དོན་གྱི་མདོ་སྡེ་དེ་དག་ལ་རྟེན་ཅིང་འདྲེས་པར་མི་བྱེད་པ་ནི་ངེས་པའི་དོན་གྱི་མདོ་སྡེ་ལ་གཏོན་པར་བྱའོ། །དྲང་པའི་དོན་གྱི་མདོ་སྡེ་ལ་སྟོན་མི་བྱའོ། །བསྡུ་བའི་དངོས་པོ་བཞི་གང་ཞེ་ན། སྦྱིན་པ་དང་སྙན ་པར་སྨྲ་བ་དང་དོན་སྤྱོད་པ་དང། དོན་མཐུན་པའོ་ཞེས་བྱ་བ་ལ་ཟ་བ་དང་བགོ་བ་ལ་སོགས་པ་ལུས་ཀྱི་ལོངས་སུ་སྤྱོད་ཅིང་བགོས་པས་མགུ་བར་བྱེད་པ་ནི་སྦྱིན་པའོ། །སེམས་མགུ་བར་བྱས་ཀྱི་འོག་ཏུ་དམ་པའི་ཆོས་བསྟན་ཅིང་བཤད་དེ་མི་དགེ་བ་ལས་བཟློག ་ཅིང་དགེ་བ་ལ་འཇུད་པ་ནི་སྙན་པར་སྨྲ་བའོ། །ཚིག་ཏུ་སྨྲ་བར་མ་ཟད་ཀྱི་བདག་ཉིད་སྨྲ་བ་དང་འཐུན་པར་ཉམས་སུ་ལེན་པ་ནི་མཐོང་སྤྱོད་པའོ། །གཞན་ལ་ཇི་སྐད་ཆོས་བསྟན་པ་དེ་བཞིན་དུ་བདག་ཉིད་ཀྱང་དེ་དང་མཐུན་པར་བྱེད་ལ་གཞན་ལ་ཡང་བྱེད་དུ་འཇུག ་བ་ནི་དོན་མཐུན་པའོ། །འདུས་མ་བྱས་བཞི་གང་ཞེ་ན། སོ་སོར་བརྟགས་ཏེ་འགོག་པ་དང། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་དང། ནམ་མཁའ་དང་དེ་བཞིན་ཉིད་དོ་ཞེས་བྱ་བ་ལ། རྒྱུ་དང་རྐྱེན་གྱི་མཚན་ཉིད་གང་གིས་ཀྱང་མ་བསྐྱེད་པས་ན་འདུས་མ་བྱས ་ཞེས་བྱ་སྟེ། དེ་ཡང་ཁམས་གསུམ་པའི་ཆོས་འདི་དག་ནི་མི་རྟག་པ་དང་སྡུག་བསྔལ་བ་ཡིན་ནོ་ཞེས་འདོད་པའི་ཡོན་ཏན་ལྔ་པོ་དག་ལ་མ་ཆགས་མི་འཇུག་པ་སྟེ། དེ་ལ་མ་ཞུགས་ན་བག་ཆགས་མི་སོགས་ཤིང་འབྲས་བུ་མི་འབྱུང་བ་ནི་སོ་སོར ་བརྟགས་ཏེ་འགོག་པ་ཞེས་བྱའོ། །གཟུགས་ལྟ་བུ་ལ་རྟོགས་ཅིང་ཡེངས་པའི་དུས་ན་སྒྲ་དང་དྲི་ལ་སོགས་པ་བྱུང་ཡང་དེ་དག་ལ་མ་རྟགས་ཏེ་འདས་པས་བག་ཆགས་མི་སོགས་ཤིང་འབྲས་བུ་མི་འབྱུང་ངོ། །དེ་བཞིན་དུ་སྒྲ་ལ་ཡེངས་པ་ན་གཟུགས་ལ ་མ་བརྟགས་པ་ལ་སོགས་པ་ནི་ཤེས་རབ་ཀྱིས་དཔྱད་པ་མེད་པ་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ཞེས་བྱའོ། །རྒྱུ་དང་འབྲས་བུ་ལྟ་བུར་སྐྱེ་འབྱུང་མེད་ལ་གཞན་གྱི་གོ་འབྱེད་པ་ནི་ནམ་མཁའ་། ཆོས་རྣམས་ཀྱི ་ཆོས་ཉིད་ལ་རྒྱུ་དང་འབྲས་བུ་མེད་པ་ནི་དེ་བཞིན་ཉིད་ཅེས་བྱའོ། །ལུང་བསྟན་པ་བཞི་གང་ཞེ་ན། མགོ་གཅིག་ཏུ་ལུང་བསྟན་པ་དང། རྣམ་པར་ཕྱེད་སྟེ་ལུང་བསྟན་པ་དང། དྲིས་ནས་ལུང་བསྟན་པ་དང། གཞག་པའི་ལུང་བསྟན་པའོ་ཞེས་བྱ་བ ་ལ། གཞན་གྱིས་དྲིས་པའི་ལན་ངེས་པར་སྦྱིན་པ་ནི་ལུང་བསྟན་པ་སྟེ། དེ་ཡང་སེམས་འདི་འཆི་འམ། མི་འཆི་ཞེས་འདྲི་ན་སེམས་ཅན་དུ་གྱུར་ཕན་ཆད་མི་འཆི་བ་མེད་དེ་འཆི་བོ་ཞེས་བསྟན་པ་ནི་མགོ་གཅིག་ཏུ་ལུང་བསྟན་པའོ། །སེམས ་ཅན་འདི་དག་སྐྱེ་འམ་མི་སྐྱེ་འདྲི་ན། ཉོན་མོངས་པ་ཟད་ན་ནི་ལས་ཀྱི་དབང་གིས་ཁམས་གསུམ་དུ་མི་སྐྱེ་བ་ཡང་ཡོད་དོ། ཞེས་བསྟན་པ་ནི་རྣམ་པར་ཕྱེ་སྟེ་ལུང་བསྟན་པའོ། །མི་འདི་དག་མཆོག་ཡིན་ནམ་མ་ཡིན་ཞེས་འདྲི་ན་ལྷ་ལ ་བལྟོས་ནས་སམ། འདྲི་ལ་བལྟོས་ནས་འདྲི་ཞེས་དྲིས་ནས་ལྷ་ལ་བལྟོས་ཞེས་ཟེར་ན་མཆོག་མ་ཡིན་ལ་འདྲེ་ལ་བལྟོས་ནས་ཞེས་ཟེར་ན་མཆོག་ཡིན་ནོ་ཞེས་བསྟན་པ་ནི་དྲིས་ནས་ལུང་བསྟན་པའོ། །སེམས་ཅན་ལ་བདག་ཡོད་དམ་མེད ་ཞེས་འདྲི་ན་ཡོད་ཅེས་བསྟན་དུ་ནི་རང་བཞིན་གྲུབ་པ་མེད་ལ། མེད་ཅེས་བསྟན་དུ་ནི་ད་ལྟར་མངོན་སུམ་དུ་སྣང་ཞིང་འདུག་པས་ཅི་ཡང་མི་བསྟན་པར་བཞག་པ་ནི་བཞག་པའི་ལུང་བསྟན་པའོ། །རིག་པའི་གནས་ལྔ་གང་ཞེ་ན། ནང་རིག ་པ་དང། རྒྱུ་རིག་པ་དང། སྒྲ་རིག་པ་དང། གསོ་བ་རིག་པ་དང། བཟོ་རིག་པའོ་ཞེས་བྱ་བ་ལ་ཤེས་རབ་ཀྱིས་ཤེས་པར་བྱ་བའི་ཡུལ་མདོར་བསྡུ་ན་ལྔ་ཡོད་པས་ན་རིག་པའི་གནས་ལྔའོ། །དེ་ཡང་གསུང་རབ་ཡན་ལག་བཅུ་གཉིས ་ཤེས་པ་ནི་ནང་རིག་པའོ། །ཏརྐ་འམ། ཡང་ན་ཕྱི་ནང་གི་རྟེན་འབྲེལ་རྒྱུ་དང་རྐྱེན་གང་དང་གང་ལ་འབྲས་བུ་ཅི་དང་ཅི་འབྱུང་བའི་རྒྱུ་མཚན་ལ་མཁས་པ་ནི་རྒྱུ་རིག་པའོ། །བྱ་ཀ་ར་ཎའི་སྐད་ལ་མཁས་པ་སྟེ། ཚིག་ཅིག་ལ་དོན་རྣམ་པ་བཅུར་འདྲེན་པ་ལྟ་བུ་དག་ནི ་སྒྲ་རིག་པའོ། །ལུས་ཀྱི་ནད་བཞི་བརྒྱ་རྩ་བཞི་ལྟ་བུའི་གཉེན་པོ་གང་ལ་གང་ཕན་པའི་སྨན་དཔྱད་ལ་མཁས་པ་ནི་གོས་པ་རིག་པའོ། །བཟོ་དང་འཕོངས་རྩལ་ལ་སོགས་ལས་སུ་བྱའོ་ཅོག་ཐབས་སྣ་ཚོགས་ལ་མཁས་པ་ནི་བཟོ་རིག་པའོ། །བསྟན ་བཅོས་ལས་ཀྱང། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་པར། འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། དེ་བས་གཞན་དག་ཚར་གཅོད་རྗེས་སུ་གཟུང་ཕྱིར་རམ། རང་གིས་ཤེས་པར་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད ་ཅེས་འབྱུང་སྟེ། རྒྱུ་དང་སྒྲ་ནི་ཏརྐ་དང་བྱ་ཀ་ར་ན་སྟེ། དེ་གཉིས་ཀྱིས་ནི་རྒོལ་བ་ཚར་གཅེད་པ་དང། གཟོ་དང་སྨན་རིགས་པས་ནི་གཞན་ལ་ཕན་གདགས་ཤིང་རྗེས་སུ་གཟུང་བ་དང། རང་གི་སེམས་ལ་ཉོན་མོངས་པ་གསལ་བའི་ཕྱིར་ནི་ནང་རིག་པ་སྟེ། གསུང ་རབ་ཡན་ལག་བཅུ་གཉིས་ལ་མཁས་ན་ཤེས་རབ་སྐྱེ་སྟེ། དེས་འཕགས་པར་འགྱུར་རོ་ཞེས་གསུངས་སོ། །ཟག་པ་མེད་པའི་ཕུང་པོ་ལྔ་གང་ཞེ་ན། ཚུལ་ཁྲིམས་ཀྱི་ཕུང་པོ་དང། ཏིང་ངེ་འཛིན་གྱི་ཕུང་པོ་དང། ཤེས་རབ་ཀྱི་ཕུང་པོ་དང། རྣམ་པར་གྲོལ ་པའི་ཕུང་པོ་དང། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའོ་ཞེས་བྱ་བ་ལ། ཉན་ཐོས་ཀྱི་ཁྲིམས་སྡེ་བདུན་དང། བྱང་ཆུབ་སེམས་དཔའ་ཨི་སྡོམས་པ་རྣམ་པ་གསུམ་ནི་ཚུལ་ཁྲིམས་ཀྱི་ཕུང་པོའོ། །དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན ་དང་བསམ་གཏན་བཞི་དང། སྙོམས་པར་འཇུག་པ་བཞི་ལ་སོགས་པ་ནི་ཏིང་ངེ་འཛིན་གྱི་ཕུང་པོའོ། །སྤྱི་དང་རང་གི་མཚན་ཉིད་མ་ནོར་བར་རྟོགས་ཤིང་ཆོས་དང་གང་ཟག་ལ་བདག་མེད་པར་ཆུད་པ་ནི་ཤེས་རབ་ཀྱི་ཕུང་པོའོ། །ཕུང་པོ་ལྷག་མ་དང་བཅས་པ ་དང། ཕུང་པོའི་ལྷག་མ་མ་ལུས་པར་མྱ་ངན་ལས་འདས་པ་ནི་རྣམ་པར་གྲོལ་བའི་ཕུང་པོའོ། །ཐེག་པ་ཆེན་པོའི་ཡེ་ཤེས་བཞི་དང། ཉན་ཐོས་དང་རང་སངས་རྒྱས་མྱ་ངན་ལས་འདས་པ་ཐོབ་མ་ཐག་ཏུ་བྱ་བ་ནི་བྱས། ཚངས ་པར་ནི་སྤྱད་སྲིད་པ་འདི་ལས་གཞན་མི་ཤེས་པར་སེམས་པ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའོ། །ཆོས་ལྔ་གང་ཞེ་ན། མིང་དང། མཚན་མ་དང། རྣམ་པར་རྟོག་པ་དང། དེ་བཞིན་ཉིད་དང། རྣམ་པར་མི་རྟོག་པའི་ཡེ་ཤེས་སོ ་ཞེས་བྱ་བ་ལ། ཆོས་ཐམས་ཅད་མདོ་འདིར་འདུས་པས་ཆོས་ལྔའོ། །དེ་ཡང་རྣམ་པར་ཤེས་པའི་སྤྱོད་ཡུལ་དུ་མི་སྣང་ཞིང་བརྗོད་དུ་མེད་ཀྱང་མིང་གིས་བརྟགས་ཤིང་མཚོན་དེ་བསྟན་པའི་ཕྱིར་མིང་ངོ། །རྣམ་པར་ཤེས་པ་བདུན་དང ་ཀུན་བཞི་རྣམ་པར་ཤེས་པ་ཕན་ཚུན་རྒྱུ་དང་འབྲས་བུའི་ཚུལ་དུ་གནས་པ་ནི་མཚན་མའོ། །རྣམ་པར་ཤེས་པ་བརྒྱད་པོ་དག་གིས་ཆོས་རྣམས་ཀྱིས་མཚན་ཉིད་ས་སྲ་བ་དང་ཆུ་གཤེར་བ་ལ་སོགས་པ་རང་བཞིན་དང། མི་རྟག་པ་དང། སྡུག ་བསྔལ་བ་ལ་སོགས་པའི་ཁྱད་པར་དུ་རྟོག་པས་ན་རྣམ་པར་རྟོག་པའོ། །ཆོས་ཐམས་ཅད་དངོས་པོར་མ་གྲུབ་པ་སྟེ། སྟོང་པ་ཉིད་ཡིན་པས། ཆོས་ཀྱི་དབྱིངས་ནི་དེ་བཞིན་ཉིད་དོ། །ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པ་ཡང་དག་པའི་ཡེ་ཤེས་ནི་རྣམ་པར ་མི་རྟོག་པའི་ཡེ་ཤེས་སོ། །མཚམས་མེད་པ་ལྔ་གང་ཞེ་ན། མ་བསད་པ་དང། ཕ་བསད་པ་དང། དགྲ་བཅོམ་པ་བསད་པ་དང། དགེ་འདུན་གྱི་དབྱེན་བྱས་པ་དང། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའོ་ཞེས་བྱ་བ་ལ། ་ལས་འདི་ལྔ་གང་ཡང་རུང་བ་གཅིག་བྱས་ན་སེམས་ཅན་དམྱལ་བའི་གནས་སུ་སྡུག་བསྔལ་ཆེན་པོའི་རྒྱུན་ཅུང་ཟད་ཀྱང་བར་མི་འཆད་པའི་གནས་སུ་ཡུན་རིང་པོར་སྐྱེ་སྟེ། ཐར་པའི་སྐབས་མེད་པ་ནི་མཚམས་མེད་པ་ཞེས་བྱའོ། །མ་བསད་པ་དང། ་ཕ་བསད་པ་དང། དགྲ་བཅོམ་པ་བསད་པ་ནི་གོ་བླའོ། །དགེ་འདུན་གྱི་དབྱེ་ན་ནི། དགེ་འདུན་སྡེར་ལོངས་པ་ལྟ་བ་ཕྱེ་བའོ། །དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བ་ནི་བསད་སེམས་ཀྱིས་ཁྲག་ཕྱུང་བ་སྟེ། དེར་སངས་ནི་སངས་རྒྱས་མི་བཞུགས ་མོད་ཀྱི་དམ་པའི་ཆོས་འཇིག་ཅིང་སྤོང་བ་ལྟ་བུ་དང་སྦྱར་རོ། །མཚམས་མེད་པ་ལྔ་དང་ཉེ་བའི་ལས་ལྔ་གང་ཞེ་ན། དགྲ་བཅོམ་མ་སུན་པར་བྱས་པ་དང། བྱང་ཆུབ་སེམས་དཔའ་ངེས་པའི་ས་ལ་གནས་པ་བསད་པ་དང། སློབ་པ་བསད་པ་དང། དགེ་འདུན ་འདུ་བའི་སྒོ་ཕྲོགས་པ་དང་མཆོད་རྟེན་འཇིག་པའོ་ཞེས་བྱ་བ་ལ། སེམས་ཅན་དམྱལ་བ་གཞན་པས་སྡུག་བསྔལ་ཆེ་བ་ཡིན་ཡང་མཚམས་མེད་པའི་སྡུག་བསྔལ་ཁོ་ན་ཙམ་དུ་ཚབས་ཆེ་ཞིང་ཡུན་རིང་བ་ཉིད་མ་ཡིན་པའི་ཕྱིར་མཚམས་མེད་པ་དང་ཉེ་བ་ཞེས་བྱ ་སྟེ། དེའི་ལས་ནི་མ་ཡང་ཡིན་ལ་དགྲ་བཅོམ་པ་ཡང་བ་ཐོབ་པ་ལ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བྱས་ན། དགྲ་བཅོམ་མ་སུན་པར་བྱས་པའོ། །ས་དང་པོ་ཡན་ཆད་ས་བཅུ་པ་མན་ཆད་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཨི་སྲོག་བཅད་པ་ནི ་བྱང་ཆུབ་སེམས་དཔའ་ངེས་པའི་ས་ལ་གནས་བསད་པའོ། །རྒྱུན་ཏུ་ཞུགས་པ་ནས་དགྲ་བཅོམ་པ་ཉིད་མ་ཐོབ་པའི་གང་ཟག་བདུན་པོ་དག་སྲོག་བཅད་པ་ནི་སློབ་པ་བསད་པའོ། །དགེ་འདུན་སྤྱིར་མངའ་བའི་ཞལ་ཟས་དང། ཕྱུགས་ནོར་སྤྱི་སྤུངས ་ལས་གང་ཟག་གི་སྐོར་སྤྱོད་དམ་རྐུ་འཕྲོག་བྱེད་པ་ནི་དགེ་འདུན་འདུ་བའི་སྒོ་ཕྲོག་པའོ། །གཙུག་ལག་ཁང་དང། སྐུ་གཟུགས་དང་ཅིང་ལྟ་བུ་ངན་སེམས་ཀྱིས་འདྲིལ་ཞིང་གཅོད་པ་ལ་སོགས་ནི་མཆོད་རྟེན་འཇིག་པའོ། །སྙིགས་མ་ལྔ་གང་ཞེ་ན། ཚེའི ་སྙིགས་མ་དང། ལྟ་བའི་སྙིགས་མ་དང། ཉོན་མོངས་པའི་སྙིགས་མ་དང། དུས་ཀྱི་སྙིགས་མ་དང། སེམས་ཅན་གྱིས་སྙིགས་མའོ་ཞེས་བྱ་བ་ལ། བཟང་པོ་གདམས་པའི་ཕྱིན་གང་ངན་པའི་མཛའ་མར་གྱུར་པ་དེ་ནི་སྙིགས་པ་ཞེས་བྱ་སྟེ། དེ་ཡང་ཚེ་ལོ ་ལོ་བརྒྱད་ཁྲི་བཞི་སྟོང་ཐུབ་པ་ལ་སོགས་པ་ཚེ་ཕྱིར་ཞིང་འཐུང་བའི་ཐ་མ་སྟེ། ཚེ་ལོ་བཅུ་པ་ནི་ཚེའི་སྙིགས་མའོ། །ཆོས་དང་གང་ཟག་ལ་བདག་མེད་པ་དང་ལས་དང་ལས་ཀྱི་འབྲས་བུ་ལ་སོགས་པ་ཆུད་མི་གསོན་པའི་ལྟ་བ་ལས ་ཉམས་ཏེ། རྟགས་པ་དང་འཆད་པའི་མཐར་འཛིན་པའི་ལྟ་བ་ནི་ལྟ་བའི་སྙིགས་མའོ། །ཆགས་པ་དང་སྡང་བ་མེད་པའི་བྱམས་པ་དང་སྙིང་རྗེ་ལས་ཉམས་ཏེ། འདོད་ཆགས་དང་ཞེ་སྡང་དང་ཕྲག་དོག་དང་སེར་སྣ་ལ་སོགས་པ་ལྷག་པར་ཆེད ་ནི་ཉོན་མོངས་པའི་སྙིགས་མའོ། །ལས་འབྲས་ལ་སོགས་པ་རྨོ་བརྐོ་མི་དགོས་པར་བརྡས་མ་ཐག་ཏུ་ནང་ནུབ་ཏུ་རང་སྐྱེ་བ་དང། བརྡེག་འཚོག་དང་འཐབ་རྩོད་མེད་བ་ལས་ཉམས་ཏེ་མུ་གེའི་བསྐལ་པ་དང། ནད་ཀྱི་བསྐལ་པ་དང ་མཚོན་མཆའི་སྐལ་པ་དག་གིས་གདུངས་པ་ནི་དུས་ཀྱི་སྙིགས་མའོ། །མི་ལུས་རྒྱང་གྲགས་ཙམ་དང། འདོམ་གང་བ་ཡན་ཆད་ལྟ་བུའི་ཆེ་བཟང་བ་ལས་ཉམས་ཤིང་མི་ལུས་ཁྲུ་གང་མན་ཆད་རྟ་རྟུག་ལ་རྒུ་རྟེན་བཅས་པ་ལ ་སོགས་ཏེ་བྱང་བཞིན་དང། བསམ་པ་ངན་པ་དང་ལྡན་པ་ནི་སེམས་ཅན་གྱི་སྙིགས་མའོ། །ཡམ་ལྔ་གང་ཞེ་ན། ཚོགས་ཀྱི་ལམ་དང། སྦྱོར་བའི་ལམ་དང། མཐོང་བའི་ལམ་དང། བསྒོམ་པའི་ལམ་དང། མཐར་ཕྱིན་པའི་ལམ་མོ་ཞེས་བྱ་བ ་ལ། སོ་སོའི་སྐྱེ་བོའི་གནས་ནས་འཕགས་པའི་གནས་སུ་ཕྱིན་པར་བྱེད་པ་ལྔ་ནི་ལམ་ལྔ་སྟེ། དེ་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་དང་སྦྱར་ན། དང་པོ་སེམས་བསྐྱེད་ནས། དྲན་ག་ཉེ་བར་གཞག་པ་བཞི་དང་ཡང་དག་པར་སྤོང་བ་བཞི ་དང། རྫུ་འཕྲུལ་གྱི་རྐང་པ་བཞི་རྣམས་བསྒོམ་ཞིང་བསོད་ནམས་ཀྱིས་ཚོགས་སོགས་པ་ནི་ཚོགས་ཀྱི་ལམ་མོ། །དབང་པོ་ལྔ་དང་སྟོབས་ལྔ་སྒོམ་ཞིང་མོས་པས་སྤྱོད་པའི་ས་ལ་གནས་པ་ནི་སྤྱོར་བའི་ལམ་མོ། །བྱང་ཆུབ་ཀྱི་ཡན་ལག་བདུན ་བསྒོམ་ཞིང་ས་དང་པོ་ཐོབ་པ་ནི་མཐོང་བའི་ལམ་མོ། །འཕགས་པའི་ལམ་ཡན་ལག་བརྒྱད་བསྒོམ་ཞིང་ས་གཉིས་པ་ནས་ས་བཅུ་པ་མན་ཆད་ལ་གནས་པ་ནི་སྡོམ་པའི་ལམ་མོ། །སངས་རྒྱས་ཀྱིས་ཀུན་ཏུ་འོད་ལ་གནས་པ་དང། ཉན་ཐོས་ཀྱི་དགྲ་བཅོམ ་པ་ཐོབ་པ་དག་ནི་མཐར་ཕྱིན་པའི་ལམ་མོ། །མི་དགེ་བཅུའི་འབྲས་བུ་གང་ཞེ་ན། སྲོག་གཅོད་པའི་རྣམ་པར་སྨིན་པ་དང། རྒྱུ་མཐུན་པའི་འབྲས་བུ་དང་དབང་གིས་འབྲས་བུའོ། །མ་བྱིན་པར་ལེན་པའི་རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་འབྲས་བུ་དང། ་དབང་གི་འབྲས་བུའོ། །འདོད་པས་ལོག་པར་གཡེམ་པའི་རྣམ་པར་སྨིན་པ་དང། རྒྱུ་མཐུན་པའི་འབྲས་བུ་དང། དབང་གིས་འབྲས་བུའོ། །བརྫུན་དུ་སྨྲ་བའི་རྣམ་པར་སྨིན་པ་དང། རྒྱུ་མཐུན་པའི་འབྲས་བུ་དང། དབང་གི་འབྲས་བུའོ། །ཕྲ་མ་བྱས་པའི ་རྣམ་པར་སྨིན་པ་དང། རྒྱུ་དང་མཐུན་པའི་འབྲས་བུ་དང། དབང་གི་འབྲས་བུའོ། །ངག་རྩུབ་པོའི་རྣམ་པར་སྨིན་པ་དང། རྒྱུ་མཐུན་པའི་འབྲས་བུ་དང། དབང་གི་འབྲས་བུའོ། །ཚིག་འཁྱལ་པའི་རྣམ་པར་སྨིན་པ་དང། རྒྱུ་མཐུན་པའི་འབྲས་བུ་དང། ་དབང་གི་འབྲས་བུའོ། །བརྣབ་སེམས་ཀྱི་རྣམ་པར་སྨིན་པ་དང། རྒྱུ་མཐུན་པའི་འབྲས་བུ་དང་དབང་གི་འབྲས་བུའོ། །གནོད་སེམས་ཀྱི་རྣམ་པར་སྨིན་པ་དང། རྒྱུ་མཐུན་པའི་འབྲས་བུ་དང། དབང་གི་འབྲས་བུའོ། །ལོག་པར་ལྟ་པའི་རྣམ་པར་སྨིན་པ་དང ་རྒྱུ་མཐུན་པའི་འབྲས་བུ་དང་དབང་གི་འབྲས་བུའོ་ཞེས་བྱ་བ་ལ། རྣམ་པར་སྨིན་པའི་འབྲས་བུའོ་ཞེས་བྱ་བ་ནི་སྲོག་གཅོད་པ་ནས་ལོག་པར་ལྟ་བའི་བར་བཅུ་ཅར་ཡང་ངན་སོང་རྒྱུད་གསུམ་དུ་སྐྱེ་བར་འདྲ་བར་སྦྱར་རོ། །དེ་ལ་སྲོག་བཅད་པས་ཚེ་འཐུང་ཞིང ་ནད་མང་བ་ལ་གསོད་འདོད་པ་ནི་རྒྱུ་དང་མཐུན་པའི་འབྲས་བུའོ། །ཁ་ཟས་མི་བསོད་ཅིང་མཐུ་ཆུང་བ་སྐྱེ་བའི་ཡུལ་དང་ཕྲད་བ་ནི་དབང་གི་འབྲས་བུའོ། །མ་བྱིན་པར་བླངས་པས་དབུལ་པོར་གྱུར་ཅིང་རྒུ་འདོད་པ་ནི་རྒྱུ་མཐུན་པའི་འབྲས་བུའོ། །ཁ་ཟས་དང་ལོག? ་སད་སེར་ལ་སོགས་པས་འཕྲོག་ཅིང་ཁ་དོག་ངན་པར་སྐྱེ་བའི་ཡུལ་དང་ཕྲད་པ་ནི་དབང་གི་འབྲས་བུའོ། །འདོད་པས་ལོག་པར་གཡེམ་པས་འཕྲོར་གཡེམ་ལ་སྲེད་ཅིང་ཆུང་མ་བྱི་བོ་དང་ཐུན་མོང་པ་ནི་རྒྱུ་དང་མཐུན་པའི་འབྲས ་བུའོ། །ཡུལ་ལ་རྡུལ་དང་བྱེ་མ་ཅན་དུ་སྐྱེས་བ་ནི་དབང་གི་འབྲས་བུའོ། །བརྫུན་སྨྲས་པས་སྐུད་པ་འདེབས་པ་མང་ཞིང་བདག་ཉིད་བརྫུན་དང་སྐུར་པ་ལ་དགའ་བ་ནི་རྒྱུ་དང་མཐུན་པའི་འབྲས་བུའོ། །ཁ་ཟས་དྲི་ང་བ་སྐྱེ་བའི་ཡུལ་དང་ཕྲད་བ་ནི་དབང་གི ་འབྲས་བུའོ། །ཕྲ་མ་བྱས་པས་གྲོགས་མི་རྙེད་ཅིང། མཛའ་བ་དང་རྟག་ཏུ་མཁོན་ཅིང་དབྱེ་བ་ནི་རྒྱུ་མཐུན་པའི་འབྲས་བུའོ། །ཡུལ་ངམ་གྲོག་དང་ཐག་ཐུག་ཅན་མི་བདེ་བར་སྐྱེ་བ་ནི་དབང་གི་འབྲས་བུའོ། །ངག་རྩུབ་པོ་སྨྲས་པས་རྟག་ཏུ་ཚིག་མི་སྙམ་པ ་དང། ཡིད་མི་དགའ་བར་འགྱུར་བའི་གཏམ་ཐོས་པ་ནི་རྒྱུ་དང་མཐུན་པའི་འབྲས་བུའོ། །ས་གཞི་ཚ་བ་ཅན་འབྲུ་དང་ལ་ཐོག་སྐྱེར་མི་རུང་ཞིང་ཁ་ཟས་དཀོན་པའི་ཡུལ་དུ་སྐྱེ་བ་ནི་དབང་གིས་འབྲས་བུའོ། །ཚིག་འཁྱལ་ང་སྨྲས་པས་ཚིག་སྨྲས་ས ་ཙེག་མི་བཙུན་ཞིང་ཅི་སྨྲས་ཀྱང་གཞན་གྱིས་མི་ཉན་པ་ནི་རྒྱུ་དང་འཐུན་པའི་འབྲས་བུའོ། །དབྱར་དགུན་གྱིས་དུས་འགྱུར་ཞིང་དགུན་ལ་ཆར་འབབ་པ། དབྱར་ཉི་ལྷགས་ཆེ་ཞིང་ཆར་མི་འབབ་པ་ལྟ་བུའི་ཡུལ་དུ་སྐྱེ་བ་ནི་དབང་གི་འབྲས་བུའོ། །བརྣབ ་སེམས་ཆེ་བས་མཐོང་ངོ་ཅོག་ལ་འདོད་ཆེན་བྱེད་ཅིང་ཆགས་པ་ནི་རྒྱུ་མཐུན་པའི་འབྲས་བུའོ། །འབྲུ་དང་ལོ་ཐོག་ཐམས་ཅད་ཕྲ་ཞིང་ཆུད་པའི་ཡུལ་དུ་སྐྱེ་བ་ནི་དབང་གི་འབྲས་བུའོ། །གནོད་སེམས་རང་བཞིན་གྱི་ཁྲོག་ཏུམ་དང་ཞེ་སྡང་ཆེ་བ་ནི་རྒྱུ་མཐུན ་པའི་འབྲས་བུའོ། །འབྲུ་དང་ལོ་ཐོག་ཁ་ལ་ཚ་ཞིང་དགུ་བ་འཁྲུང་པའི་ཡུལ་དུ་སྐྱེ་བ་ནི་དབང་གིས་འབྲས་བུའོ། །ལོག་བར་ལྟ་བས་གཏི་མུག་ཆེ་སྟེ། ཤེས་རྒྱ་དང་དྲན་གསལ་མེད་པ་ནི་རྒྱུ་དང་འཐུན་པའི་འབྲས་བུའོ། །ས་བོན་བཏབ་ཀྱང་ལོ་ཏོག་འཁྲུང ་དུ་མི་བཏུབ་ལ་ཅུང་ཟད་འཁྲུངས་ན་ཡང་འབྲས་བུ་མི་ཆགས་ཤིང་མི་སྨིན་པའི་ཡུལ་དུ་སྐྱེ་བ་ནི་དབང་གི་འབྲས་བུའོ། །དེ་ཅིའི་ཕྱིར་འབྲས་བུ་གསུམ་དུ་འགྱུར་ཞེ་ན། སྡུག་བསྔལ་བར་བྱས་པ་དང་བསད་བ་དང་མདངས་མེད་པ་བསྐྱེས་པའི་ཕྱིར་རོ་ཞེས་སྨོས་ཏེ། ་སྲོག་གཅོད་པ་ནི་དང་པོ་ཉིད་དུ་ན་ཞང་ཚ་བར་བྱས་པ་ནི་སྡུག་བསྔལ་བར་བྱས་བ་ཞེས་བྱ་སྟེ། །འདི་རྒྱུས་སེམས་ཅན་དམྱལ་བ་ལ་སོགས་པ་གནོད་པ་སྣ་ཚོགས་ཀྱི་གནས་སུ་སྐྱོས་པ་ནི་རྣམ་པར་སྨིན་པའི་འབྲས་བུའོ། །དེ་ནས་བསད་པ་སྟེ། ཚེ་ཐུང་བར་བྱས ་པས་ཐ་མ་མིར་སྐྱེས་ན་ཡང་ཚེ་འཐུང་ཞིང་ནད་མང་བ་ནི་རྒྱུ་དང་འཐུན་པའི་འབྲས་བུའོ། །བསད་པའི་ཚ་ལུས་དང་སེམས་ཀྱིས་གཟི་བྱིན་དང་མདའ་བྱད་མེད་པར་བྱས་པས་ནི་མདངས་མེད་པར་བྱས་པས་ཞེས་བྱ་སྟེ། དེས་ཁ་ཟས་ཀྱིས་འབྲུ་འབྲས་ངན་ཅིང་མི་གསོད་པ་དང ་ཡུལ་ངན་པར་སྐྱེ་བ་ནི་དབང་གི་འབྲས་བུ་སྟེ། མི་དགེ་བ་བཅུ་ཆར་ཡང་དེ་བཞིན་དུ་ཀུན་ལ་སྦྱར་རོ། །འཇིག་ཚོགས་ལ་ལྟ་བའི་རི་བོ་ཉི་ཤུའི་མིང་ལ། བདག་གཟུགས་ཡིན་ཏེ་བདག་པོ་དང་འདྲ། བདག་ཚོར་བ་ཡིན། བདག་འདུ་ཤེས་ཡིན། བདག་འདུ་བྱེད་ཡིན། བདག ་རྣམ་པར་ཤེས་པ་ཡིན། ཞེས་བྱ་བ་ལ། མུ་སྟེགས་པ་དག་ནི་ལྟ་བ་ཐ་དད་པར་ཕུང་པོ་ལྔ་དག་ལས་གང་ཡང་རུང་བ་གཅིག་ནི་བདག་རྟག་པ་ཡིན་ལ། ལྷག་མ་བཞི་ནི་བདག་དེའི་འཁོར་ཡིན་ནོ་ཞེས་བདག་དང་བདག་གིར་འདོད་དེ། ཕུང་པོ་ལྔ་རྣམས་ལ་གཅིག ་ཅིར་ཡང་རྣམ་པ་བཞི་བཞིར་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བའི་ངོ་བོ་ཉི་ཤུའི་མིང་ཞེས་བྱའོ། །དེ་ལ་གཟུགས་བདག་ཡིན་ཏེ་བདག་པོ་དང་འདྲ་ཞེས་བྱ་བ་ནི། དཔེར་ན་ནོར་གྱི་བདག་པོ་དེ་རང་གི་ནོར་ལ་ཅི་དགར་སྤྱོད་དུ་དབང་བ་དང་འདྲ་བར་གཟུགས་ཀྱི་ཕུང ་པོ་ནི་བདག་རྟག་པ་ཡིན་ལ། ཕུང་པོ་ལྷག་མ་བཞི་ནི་བདག་དེའི་འཁོར་ཡིན་ཏེ་ནོར་བདག་དང་ནོར་ལྷ་ལྟ་བུར་གནས་སོ་ཞེས་ཟེར་བའོ། །དེ་བཞིན་དུ་འོག་མ་རྣམས་ལ་ཡང་འཐུན་པར་མིང་སྤོ་ཞིང་སྦྱར་རོ། །བདག་གཟུགས་དང་ལྡན། བདག་ཚོར་བ་དང་ལྡན། བདག་འདུ ་ཤེས་དང་ལྡན། བདག་འདུ་བྱེད་དང་ལྡན། བདག་རྣམ་པར་ཤེས་པ་དང་ལྡན་ཞེས་བྱ་བ་ནི། དཔེར་ན་ལྷས་བྱིན་བརྒྱན་དང་ལྡན་ནོ་ཞེས་བྱ་བ་དང་འདྲ་བར་བདག་རྟག་པ་དེ་ནི་གུད་ན་ཡོད་ལ་གཟུགས་ཀྱི་ཕུང་པོ་དེ་ནི་དེའི་རྒྱན་ལྟ་བུར་གནས ་ཕུང་པོ་ལྷག་མ་བཞི་ནི་བདག་དེའི་འཁོར་ལྟ་བུར་གནས་སོ་ཞེས་བྱ་བ་སྟེ། ཕུང་པོ་ལྷག་མ་བཞི་ལ་ཡང་མིང་སྤོ་ཞིང་གོང་མ་བཞིན་དུ་སྦྱར་རོ། །གཟུགས་བདག་གིས་ཡིན། ཚོར་བ་བདག་གིས་ཡིན། འདུ་ཤེས་བདག་གི་ཡིན། འདུ་བྱེད་བདག ་གི་ཡིན། རྣམ་པར་ཤེས་པ་བདག་གི་ཡིན་ཞེས་བྱ་བ་ནི་དཔེར་ན་ལ་བ་ལྷས་བྱིན་དབང་པོ་ཞེས་བྱ་བ་དང་འདྲ་བར་བདག་དེ་ནི་གུང?་ན་ཡོད་ལ། གཟུགས་ཀྱི་ཕུང་པོ་ལ་འཁོར་དུ་དབང་ངོ་ཞེས་བྱ་བ་ལྟ་བུ་སྟེ། གཞན་ལ་ཡང་དེ་བཞིན་དུ་སྦྱར་རོ། ་གཟུགས་ལ་བདག་གནས། ཚོར་བ་ལ་བདག་གནས། འདུ་ཤེས་ལ་བདག་གནས། འདུ་བྱེད་ལ་བདག་གནས། རྣམ་པར་ཤེས་པ་ཡང་བདག་གནས་ཞེས་བྱ་བ་ནི་དཔེར་ན་གཞོད་པའི་སྟེང་ན་ཤིང་ཏོག་གནས་བ་དང་འདྲ་བར་གཟུགས་ཀྱི ་ཕུང་པོ་དེ་ལ་གང་བརྟག་པ་དེ་གནས་སོ་ཞེས་ཟེར་བ་སྟེ། དེ་བཞིན་དུ་འོག་མ་གཞན་ལ་ཡང་མཐུན་པར་སྦྱར་རོ། །དུས་ཕྱི་མར་འབྱུང་བའི་རྨི་ལྟས་བཅོ་བརྒྱད་གང་ཞེ་ན། གླང་པོ་ཆེའི་མཇུག་མ་སྐར་ཁུར་ལ་ཐོགས་པ་དང། ཐུན་པས་སྒོམ་པའི ་མི་སྙག་པ་དང། ཕྱེ་དང་མུ་ཏིག་མཉམ་པོར་བརྗེ་བ་དང། གླང་པོ་ཆེ་བེའུ་སེར་གྱི་གནས་ནས་སྐྱེད་བ་དང། ཀུན་དགའ་ར་བའི་མེ་ཏོག་དང་འབྲས་བུ་བདག་པོ་ལས་གཞན་གྱིས་ལོངས་སྤྱོད་པ་དང། འཐབ་པར་མི་འོས་པ་དག་སྡེ་རིས་སུ་གཅད་ནས་བརྒྱད་བཀག ་དང་འཐོབ་རྩོད་བྱེད་པ་དང། དེས?་ཡུག་གཅིག་བགོས་བ་ལ་བཟང་བཏོད་པ་དང། མེ་ཏོག་གི་བདག་རྡོག་ཤིག་བར་བསྐུལ་བ་དང། རྗེའུ་གསུམ་གྱིས་བར་མ་སྟོང་བར་མཐོང་བ་དང། ཙན་དན་སོལ་བར་འཚོད་བ་དང། རྒན་པོ་སྤྱི་ཅེར་དུ་གནས་པ་དང། ་རྟག་དང་རྐུ་བ་གཉི་གསས་ཟ་བ་དང། ཁྱི་ཆེན་པོ་བས་ཆུང་ངུ་ཁ་དྲག་པ་དང། བ་བེའུ་འབྲེངས་མ་ཐག་ཏུ་བེའུ་ལ་ནུ་བར་འདོད་པ་དང། སྔ་དྲོ་དར་ལ་བབ་ལ་ཕྱི་དྲོ་རྒས་འཁོགས་བར་འགྱུར་བ་དང། སེང་གེའི་རོ་དེ་ཉིད་ཀྱིས་སྲིན་བུས་ཟོས་པ་དང། སྤྲེའུ་མང་པོ་འདུས་ནས ་སྤྲེའུ་གཅིག་རྒྱལ་པོར་བསྟོས་པ་དང། སྤྲེའུའི་གཅིག་གིས་གཅིག་ལ་མི་གཅིང་བ་སྐུད་པ་མཐོད་པའོ་ཞེས་བྱ་བ་ནི། རྒྱལ་པོ་ཀྲི་ཀྲི་ཞེས་བྱ་བའི་རྨི་ལམ་དུ་མིའི་སྤྱོད་ལམ་དང། ཆོས་ལུགས་ཕྱིས་ཅི་འབྱུང་བ་རྣམས་སྔ་ལྟེས་སུ་བྱུང་སྟེ་རྨིས་པའི་གླང ་པོ་ཆེའི་མཇུག་མ་སྐར་ཁུང་ལ་ཐོགས་པ་ནི་རབ་ཏུ་བྱུང་བ་རྣམས་ཁྱིམ་ནས་འབྱུང་དཀའ་བའི་གནས་ནས་བྱུང་སྟེ། ཟང་ཟིང་མང་པོ་ཀུན་གཏོང་ཞིང་འདོར་ནུས་ན་རབ་ཏུ་བྱུང་བའི་གནས་ན་ལྷུང་བཟེད་དང་ཆོས་གོས་སམ། གནས་དབང་ཙམ་དག་ལ ་ཆགས་ཤིང་འདུག་བའི་ལྟས་ཏེ། དཔེར་ན་གླང་པོ་ཆེ་སྐར་ཁུང་དུ་འཛུལ་བ་ནས་ལུས་ཆེན་པོ་མིང་ཤོད་པའི་རིགས་པ་ནི་ཤོང་ན་མཇུག་མ་ཕྲ་མོ་མ་ཤོང་སྙི་ཐོགས་པ་དང་འདྲའོ། །ཁྲོན་པས་སྐོམ་པའི་མི་སྙེགས་པ་ནི་རབ་ཏུ་བྱུང་བ་རྣམས་ཆོས ་ཉན་པའི་ཕྱིར་སློབ་དཔོན་གྱི་ཐང་དུ་འོང་བའི་རིགས་པ་ལས་འོང་དུ་མི་བཏུབ་སྟེ་ཉན་པ་པོའི་གན་དུ་སློབ་དཔོན་གྱིས་ཆོས་འཆད་དུ་འོང་ན་ཉན་པ་པོ་འབྱོལ་ཞིང་ཉན་དུ་མི་བཏུབ་པའི་རྟགས་ཏེ། དཔེར་ན་སུ་སྐོམ་པར་ཁྲོན་པར་སོང་སྟེ་མཆུ་མཐུང་བའི་རིགས ་པ་ལས་སྐོམ་པ་ནི་འབྲས་ཤིང་ཁྲོན་པའི་ཆུ་ནི་ཕྱི་བཞིན་སྙགས་པ་ལྟ་བུའོ། །ཕྱེ་དང་མུ་ཏིག་མཉམ་བོར་རྗེ་བ་ནི་ཆེ་བ་སླང་བའི་ཕྱིར་ཆོས་སྟོན་པའི་རྟགས་དང་གླང་པོ་ཆེ་བོ་སེར་གྱི་གནས་ནས་བསྐྲོད་པ་ནི་ཚུལ་ཁྲིམས་དང་ལྡན་པ་ཚུལ་ཁྲིམས་འཆལ་བས་གནས་ནས་བསྐྲོད་པའི་རྟགས་དང། ཀུན་དགའ་ར་བའི་མེ་ཏོག་དང་འབྲས ་བུ་བདག་པོ་ལས་གཞན་གྱིས་ལོངས་སྤྱོད་པ་ནི་དགེ་བདུན་གྱིས་ནོར་ཁྱིམ་པས་ལོངས་སྤྱོད་པའི་རྟགས་དང། འཐབ་པར་མི་འོས་པ་དག་སྡེ་རིས་སུ་བཅིང་ནས་བརྒྱད་བཀག་དང་འཐབ་རྩོད་བྱེད་པ་ནི་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་བསྟན་པ་འཐབ་རྩོད ་ཀྱིས་ནུབ་པར་འགྱུར་བའི་རྟགས་དང། རས་ཡུག་གཅིག་བགོས་པ་ལ་བཟང་ངན་གཏོད་པ་ནི་སངས་རྒྱས་ཀྱི་ཆོས་དང་འདུལ་བ་ནི་དཀར་པོའི་ཕྱོགས་གཅིག་པ་ཡིན་ན་བྱིས་ལྟ་བ་ཐ་དད་པས་གཞུང་ཐ་དད་པ་བཟུང་སྟེ། ལྟ་བ་མང་པོར ་གྱེས་བ་སྟེ། དཔེར་ན་རས་ཡུག་གཅིག་ལ་བཟང་ངན་མེད་ཀྱང་བཟང་ངན་དུ་མཐོད་བ་དང་འདྲ་རོ། །མེ་ཏོག་གིས་བདག་རྡོས་ཤིག་པར་བསྐུལ་བ་ནི་སྐྱེས་པས་བུད་མེད་གཉེར་པའི་རིགས་ན་མི་གཉེར་གྱི། བུད་མེད་ཀྱིས་སྐྱེས་པ་གཉེར་ཞིང་ཕར་བསྐུལ ་བ་སྟེ། དཔེར་ན་མེ་ཏོག་གིས་དངོས་པོ་ཡིན་ན་མེ་ཏོག་གིས་རྡོས་ཞེས་བསྐུལ་བ་ལྟ་བུའོ། །རྗེས་སུ་གསུམ་གྱིས་བར་མ་སྟོབས་བར་མཐོང་བ་ནི་མཐོ་སེམས་མི་བྱེད་པ་མེད་དོ། །དབུལ་གྱུར་ནས་ཉེན་ཡང་ངལ་ཏེ། དེ་བོར་ནས་གཞན་དང་མཛའ་བར་བྱེད ་དེ། དཔེར་ན་རྗེའུ་གསུམ་བཅུ་བཅུགས?་ཏེ་ལྟག་འོག་གཉིས་ན་ཤ་དང་ཚིལ་སྐོལ་ལ། བར་ན་ཆུ་སྐོལ་ན་ཤ་དང་ཚིལ་གྱི་གཟར་བུ་ནང་འཁྲུལ་གྱི་ཆུ་བསྐོལ་བར་བཟར་བུ་མི་འཁྲུལ་བ་ལྟ་བུའོ། །ཙན་དན་སོལ་བར་འཚོད་བ་ནི་ཆོས་མཁན་ཆོས ་འཆད་ཅིང་སྟོན་པ་ཁ་ཅིག་རྙེད་པ་དང་བཀུར་སྟིའི་ཁེ་ལོ་དང་ཉེ་ཚེལ་ཆོས་འཆད་ཀྱི་སྙིང་རྗེའི་ཤུགས་ཀྱིས་ཆོས་འདོད་པ་ཀུན་ལ་བསྟན་ཅིང་བསོད་ནམས་རིན་པོ་ཆེ་མི་ཆོལ་བ་སྟེ། དཔེར་ན་ཙན་དན་རིན་ཆེན་པོར་བཅོད་བའི་རིགས་ན་རིན་ཆེན་པོར་མི ་འཆོད་བར་སོལ་བ་དང་ཚོད་བྱེད་པ་ལྟ་བུའོ། །རྒན་པ་སྤྱི་ཅེར་དུ་གནས་པ་ནི་དམ་པའི་ཆོས་ནུབ་པའི་དུས་ན་ཡུལ་དབུས་ནས་སྔར་ནུབ་སྟེ། མཛའ་འཁོབ་ཏུ་མཆེད་ནས་ནུབ་པའི་ལྟས་ཏེ། དཔེར་ན་རྒན་པོའི་སྐྲ་སྤྱི་བོ་ནས་སྔར་འབྱི་བ་ལྟ་བུའོ། ། ་རྟ་ཁ་དང་རྐུབ་གཉི་གས་ཟོ་བ་ནི་སྣ་ལ་སོགས་པའི་བློན་པ་ལ་སོགས་པ་བླ་མ་དང་འོག་མ་ཡན་མན་གཉིས་ཀ་ལ་རྣོ་གཟན་བྱེད་བ་སྟེ། དཔེར་ན་རྟ་ཁ་དང་རྐུབ་གཉིས་ཀ་ནས་རྩ་ཟ་བ་ལྟ་བུའོ། །ཁྱི་ཆུང་དུ་ཁ་དྲག་པ་ནི་རྒྱལ་པོ་བས་བློན་པོ་ལ་དྲག་ཅིང ་སྐྱེས་པ་བས་བུད་མེད་ཁ་དྲག་སྟེ། བློན་བོ་དང་བུད་མེད་ཀྱིས་ཁ་ཐབས་སུ་འགྲེ་བའི་རྟགས་ཏེ། དཔེར་ན་ཁྱི་ཆེན་པོ་ཁ་ཉེན་གྱི་ཆུང་ངུ་ཁ་དྲག་པ་ལྟ་བུའོ། །བ་འབྲེངས་མ་ཐག་ཏུ་བེའུ་ལ་ནུ་བར་འདོད་པ་ནི་ཕ་མས་བུ་ཚ་ལྟ་བུ་ཁྱིམ་ཕུབ་སྟེ་ནོར་པོག་མ་ཐག་ཏུ་རེད་ལ ་གདོག་པ་ཁྱེད་ལ་བྱིན་པ་ཡིན་གྱི། ད་ངད་ཁྱེད་ཀྱིས་གསོས་ཤིག་ཅེས་སླར་སྦྱིན་དུ་རེ་བའི་རྟགས་ཏེ། དཔེར་ན་བ་བེའུ་ལས་ནུ་བར་འདོད་པ་ལྟ་བུའོ། །སྔ་དྲོ་དར་ལ་བབ་ལ་ཕྱི་དྲོ་འཁོགས་པར་གྱུར་པ་ནི་ལས་སུ་བརྩམ་པ་གང་ཅི་ཡང་རུང་བ་ནི་དང་པོ་ཉིད་དུ་མཆིལ་ཅིག ་བྱ་བ་ལྟར་གཞི་ཆེར་བརྩམས་ལ། དེ་མ་ཐག་ཏུ་སྐྱེ་ཞིང་གཏོང་བའི་རྟགས་ཏེ། དཔེར་ན་སྔ་དྲོ་དང་ལ་བབ་པ་ལ་ཞག་འགའ་ཡང་མ་ལན་པར་ཕྱི་དྲོ་ཉིད་དུ་རྒས་པ་ལྟ་བུའོ། །སེང་གེའི་རོ་དེ་ཉིད་ཀྱིས་སྲིན་བུས་ཟས་པ་ནི་དམ་པའི་ཆོས་འདི་འཇོག་པ་ན་ཕྱི་རོལ་ན ་གཞན་གྱི་སུན་དབྱུང་ཞིང་གཞིག་པར་མི་ནུས་ཀྱིས། དགེ་སློང་དག་ཉིད་ཀྱིས་འཇིག་པར་བྱེད་པའི་རྟགས་ཏེ། དཔེར་ན་སང་གེའི་རོ་ལ་བྱ་ཁྱི་ལ་སོགས་པ་གཞན་གང་གིས་ཀྱང་བཟའ་བའི་ཐུགས་མི་ཐུབ་ཀྱིས། སེང་གེ་ཉིད་ཀྱི་སྤུ་ལས་སྲིན་བུར་གྱུར་ཏེ ་ཟོས་པ་དང་འདྲའོ། །སྤྲེའུ་མང་པོ་འདུས་ནས་སྤྲེའུ་གཅིག་རྒྱལ་པོར་བཀོད་པ་ནི་དགེ་སློང་ཚུལ་ཁྲིམས་འཆལ་པ་མང་པོ་ཚོགས་ནས་བདག་ཅག་དང་འཐུན་པའི་ཕྱོགས་གཅིག་དཔོན་པོར་བསྐོ་བར་བྱའོ་ཞེས་སྡིག་ཅན་དཔོན་དུ་བཀོད་པའི་རྟགས་སོ། ། ་སྤྲེའུ་གཅིག་ལ་གཅིག་གིས་མི་གཙང་བ་སྐུད་པ་ནི་དགེ་སློང་དག་གཅིག་གིས་གཅིག་ལ་གླེང་སྐུར་བ་དང། གཡོ་སྐྱོན་འདོགས་པར་འགྱུར་བའི་རྟགས་སོ། །ཆོ་འཕྲུལ་གསུམ་གྱི་མིང་ལ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང། ཀུན་བརྗོད་པའི་ཆོ་འཕྲུལ་དང། རྗེས་སུ ་བསྟན་པའི་ཆོ་འཕྲུལ་ལོ་ཞེས་བྱ་བ་ལ། སྐྱེ་བོ་ཕལ་ལ་མི་སྲིད་པ་སྟོན་པ་དངོས་སུ་འོག་ནས་འབྱུང་བ་དག་ནི་རྫུ་འཕྲུལ་ཞེས་བྱའོ། །དེ་ལ་ལུས་ཀྱི་སྒོ་ནས་ནམ་མཁའ་ལ་འཕུར་བ་དང། མེ་ལྟར་འབར་བ་ལ་སོགས་ཏེ་དགའ་དགུ་སྤྱིར་ཡང་སྒྱུར་བཞིན་སྟོན ་པ་ནི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཞེས་བྱའོ། །གཞན་གྱིས་སེམས་ཤེས་པའི་སྒོ་ནས་ཉེས་དམིགས་དང་ལེགས་པའི་ཡོན་ཏན་གང་ཡིན་པ་སེམས་དང་མཐུན་པར་སྟོན་པ་ནི་ཀུན་རྗོད་པའི་ཆོ་འཕྲུལ་ཏེ་གདམས་ངག་ལྟ་བུའོ། །སེམས ་ཀྱི་རྒྱུད་ལ་ཉོན་མོངས་པའི་ཤེས་གང་ཆེ་བ་བརྟགས་ནས་འདོད་ཆགས་ཆེ་ན་ནི་མི་གཙང་བ། ཞེ་སྡང་ཆེན་ནི་བྱམས་པ། གཏི་མུག་ཆེ་ན་ནི་རྟེན་ཅིང་འབྲེལ་བ་བསྒོམ་པ་ལ་སོགས་ཏེ། གཉེན་པོ་གང་ཡིན་སྟོན་པ་ནི་རྗེས་སུ་བསྟན་པའི་ཆོ་འཕྲུལ་ལོ།། ་སྦྱངས་པའི་ཡོན་ཏན་བཅུ་གང་ཞེ་ན། ཕྱག་དར་ཁྲོར་པ་དང། ཆོས་གོས་གསུམ་པ་དང། ཕྱིད་པ་ཅན་དང། སྟན་གཅིག་པ་དང། བསོད་སྙོམས་པ་དང། ཟས་ཕྱིས་མི་ལེན་པ་དང། དགོན་པ་པ་དང། ཤིང་དྲུང་བ་དང། བླ་གབ་མེད་པ་དང། དུར་ཁྲོད་པ ་དང། ཅོག་བུ་པ་དང། གཞི་ཇི་བཞིན་པའོ་ཞེས་བྱ་བ་ལ། འཚོ་བ་དང། འཚོ་བའི་ཡོ་བྱད་དང། གནས་རྣམས་ལ་ཆགས་པའི་སྐྱོན་ཡིན་ལ། དེ་དག་ལ་མ་ཆགས་པ་ནི་སྦྱངས་པའི་ཡོན་ཏན་ཞེས་བྱའོ། །དེ་ལ་བཞིས་ནི་ཆོས་གོས་ལ་མ་ཆགས ་པ་སྟན། བར་མ་གཉིས་ཀྱིས་ནི་འཚོ་བ་ལ་མ་ཆགས་པ་བསྟན། ཐ་མ་དྲུག་གིས་ནི་གནས་ལ་མ་ཆགས་བསྟན་ཏོ། །དེ་ལ་ཆོས་གོས་སར་བ་དང་བཟང་པོ་ལ་མ་ཆགས་ཏེ། རྙིང་པ་བོར་བའི་དམ་དུམ་དང། ལྷན་པ་ཕྱག་དར་གྱི་ཁྲོད་ནས་བསྡུས་ཏེ། ་ཚེམ་བུར་བྱས་ནས་གྱོན་པས་ན་ཕྱག་དར་ཁྲོད་པའོ། །ཕྱག་དར་ཁྲོད་ནས་བཙལ་བ་དེ་ཡང་ཆོས་གོས་གསུམ་ལས་ལྷག་པར་མི་ཚོལ་བ་ནི་ཆོས་གོས་གསུམ་པའོ། །ལྷན་པ་ལྟ་བུ་མ་རྙེད་ན་བལ་ཀྱང་བསྡུས་ཏེ། ཕྱིད་པའི་ཆོས་གོས་གསུམ་ཙམ ་འཆང་བ་ནི་ཕྱིད་པ་ཅན་ནོ། །བདག་རང་གི་སྟན་ཅིག་བཙལ་ནས་དེ་ནམ་དེངས་ཀྱི་བར་དུ་སྟན་གཞན་དུ་མི་ལ་ཚོལ། གཞན་གྱི་སྟན་ལ་ཡང་མི་འདུག་པར་དེ་ལ་འདུག་པ་ནི་སྟན་ཅིག་པའོ། །རྒྱལ་པོ་དང་བློན་པོ་ལ་སོགས་པ་ཡོན་བ་?་དད? ་པས་བཟང་པོར་སྦྱར་བ་ལ་མ་ཆགས་ཀྱི་བསོད་སྙོམས་ཅི་རྙེད་པས་ཆོག་པས་འཚོ་བ་ནི་བསོད་སྙོམས་པའོ། །ཟས་ཅིས་འདྲངས་པ་ཙམ་ཞིག་དུས་ཅིག་ཏུ་བླངས་ཏེ་ཞིམ་པའི་བྱེ་བྲག་དབྱེ་ཞིང་ཕྱིར་འདོད་ཅིང་ལེན་པ་མེད་པར་ཟ་བ་ནི་ཟས་ཕྱིས་མི་ལེན་པའོ། ་ར་བ་དང་གྲོད་རྡལ་ལ་སོགས་པ་འདུ་འཛིའི་གནས་ནས་རྒྱང་གྲགས་གཅིག་ཕན་ཆད་སྤགས་ཏེ་འདུག་པ་ནི་དགོན་པ་པའོ། །དགོན་པ་དེ་ནགས་འཚལ་ཅན་ལྟ་བུ་ཞིག་ན་འདུག་ན་ཤིང་དྲུང་པའོ། །དགོན་པ་དེར་སྤྲ་གུར་དང་ཁང་ཁྱིམ་ལྟ་བུར་མ་འབུགས?་པར ་འདུག་པར་ནི་བླ་གང་མེད་པའོ། །དགོན་པ་དེ་མི་རོ་འདོར་བའི་གནས་ཤིག་ན་འདུག་པ་ནི་དུར་ཁྲོད་པའོ། །དགོན་པ་དེ་ན་མལ་བདེ་བ་བཤམས་ཤིང་བློ་ཕབ་སྟེ་ས་ལ་མི་ཉལ་བ་ནི་ཅོག་པུ་པའོ། །མགོན་པ་དེ་ན་གནས་གར་བབ་ཏུ་འདུག་ཅིང་བདེ་བ་མི་འདོམ ་པར་འདུག་པ་ནི་གཞི་ཇི་བཞིན་པའོ། །དེ་བཞིན་གཤེགས་པའི་སྤྱན་མངའ་གང་ཞེ་ན། ཤའི་སྤྱན་དང་ལྷའི་སྤྱན་དང། ཤེས་རབ་ཀྱི་སྤྱན་དང། ཆོས་ཀྱི་སྤྱན་དང། སངས་རྒྱས་ཀྱི་སྤྱན་ནོ་ཞེས་བྱ་བ་ནི། ལས་དགེ་བའི་རྣམ་པར་སྨིན་པ་ལས་གྱུར་བ་སྟེ ་སངས་རྒྱས་ཉག་གཅིག་ལ་མངའ་བས་དེ་བཞིན་གཤེགས་པའི་སྤྱན་ལྔ་ཞེས་བྱ་སྟོང་གསུམ་གྱི་སྟོད་གཅིག་ཚུན་ཆད་ཀྱི་གཟུགས་ཐམས་ཅད་མཐོང་བ་ནི་ཤའི་སྤྱན་ནོ། །ནམ་མཁའ་ཨི་ཁམས་མཐས་གཏུགས་པའི་འཇིག་རྟེན་གྱི་གཟུགས་ཐམས་ཅད་མཐོང་པ ་ལྷའི་སྤྱན་ནོ། །ཆོས་ལ་བདག་མེད་པར་ཐུགས་སུ་ཆུད་པ་ན་ཤེས་རབ་ཀྱི་སྤྱན་ནོ། །གང་ཟག་ལ་བདག་མེད་པར་ཐུགས་སུ་ཆུད་པ་ནི་ཆོས་ཀྱི་སྤྱན་ནོ། །ཤེས་རབ་བྱ་བའི་ཡུལ་ལ་ཤེས་བྱ་ཐམས་ཅད་མ་ལུས་པར་ཐུགས་སུ་ཆུད་པ་ནི་སངས་རྒྱས་ཀྱི་སྤྱན་ནོ། ། ་བྱང་ཆུབ་སེམས་དཔའ་ཨི་བསམ་པ་ཉི་ཤུ་རྩ་གཅིག་ལ་ཞེས་བྱ་བ་ནི་སྒྱུ་གསོག་དང་གཞན་ལ་གནོད་པ་མེད་པའི་དོན་ཏེ། དེ་ཡང་སློབ་དཔོན་དང་བླ་མ་ཐམས་ཅད་ལ་ལ་མི་བསླུ་བའི་བསམ་པ་དང་ཞེས་བྱ་བ་ལ། ཁྱི་མེས་འབོགས་ཤིང་ཆོས་འཚད་པ་ནི ་སློབ་དཔོན་ནོ། །ཁྲིམས་དང་ཤེས་པས་རྒན་པའི་བླ་མའོ། །དེ་ལྟ་བུ་ལ་སོགས་པ་གང་ལ་ཡང་བརྫུན་སྒྱུ་ལ་སོགས་པ་ཐབས་ངན་པ་རྣམས་སྲོག་གི་ཕྱིར་ཡང་མི་བྱེད་བ་ནི་ཐམས་ཅད་ལ་མི་བསླུ་བ་སྟེ། དེ་ལྟ་བུ་སྐྱེ་བོ་སུ ་ལ་ཡང་མེད་པས་ན་ལྷག་པའི་བསམ་པའོ། །ཆོས་མཐུན་པའི་བྱང་ཆུབ་སེམས་པ་ལ་དེས་ཤིང་འགྲོགས་ན་བདེ་བའི་བསམ་པ་དང་ཞེས་བྱ་བ་ལ། བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཚུལ་ཁྲིམས་མ་ནོས་པ་ཐམས་ཅད་ནི། ཆོས་མཐུན་པའི ་བྱང་ཆུབ་སེམས་དཔའ་ཨོ། །ཁོང་ནས་ཞེ་སྡང་མེད་ཅིང་སེམས་དང་པ་ནི་ངེས་པའོ། །ལུས་ཀྱིས་རྡེག་འཚོག་མི་བྱེད། དག་གིས་ཚིག་རྩུབ་མི་སྨྲ་བ་ནི་འགྲོགས་ན་བདེ་བའི་བསམ་པའོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང། བདུད་ཀྱི ་ལས་ཟིལ་གྱིས་གནོན་པ་ལ་རང་གི་སེམས་ཀྱིས་དབང་བྱ་བའི་བསམ་པ་དང་ཞེས་བྱ་བ་ལ་འདོད་ཆགས་དང། ཁོང་ཁྲོ་བ་དང། ང་རྒྱལ་དང། མ་རིག་པ་དང། ལྟ་བ་དང། ཐེ་ཙོམ་དྲུག་ནི་ཉོན་མོངས་པའོ། །ཁྲོ་བ་དང། ཁོན་དུ་འཛིན་པ་དང། ་འཆབ་པ་དང། འཚིག་པ་དང། ཕྲག་དོག་དང། སེར་སྣ་དང། རྒྱུ་དང། གཡོ་དང། རྒྱགས་བ་དང། རྣམ་པར་འཚེ་བ་དང། ངོ་ཚ་མེད་པ་དང། ཁྲེལ་མེད་པ་དང། མུ་རྒོད་དང། མ་དད་པ་དང། ལེ་ལོ་དང། བག་མེད་པ་དང། བརྗོད་དེས་པ་དང། ་རྣམ་པར་གཡེང་བ་དང། ཤེས་བཞིན་མ་ཡིན་པ་དང། གཉིད་དང་རྟོག་སྤྱོད་དེ་ཉི་ཤུ་ནི་ཉེ་བའི་ཉོན་མོངས་པའོ། །འདོད་པའི་ཡོན་ཏན་ལྔ་ལ་ཆགས་པ་དང། ཉན་ཐོས་ཀྱི་ཞི་བ་ཕྱོགས་གཅིག་པ་ལ་དགའ་བ་ནི། གཅིག་ཏུ་འཁོར་བ་དང ་མྱ་ངན་ལས་འདས་པ་ལ་ཕྱོགས་པས་མི་གནས་པའི་མྱ་ངན་ལས་འདས་པ་ཐེག་པ་ཆེན་པོ་ལ་བར་དུ་གཅོད་པས་ན་བདུད་ཀྱི་ལས་ཞེས་བྱ་སྟེ། དེ་རྣམས་ཀྱི་དབང་དུ་མི་འགྲོ་ཞིང་རང་གི་སེམས་ཀྱི་དབང་དུ་བྱེད་པ་ནི་ཟིལ་གྱིས་གནོན་པ་ལ་རང་གི ་སེམས་ཀྱིས་དབང་བྱ་བའི་བསམ་བ་ཞེས་བྱའོ། །འདུ་བྱེད་ཐམས་ཅད་ལ་སྐྱོན་དུ་མི་ལྟ་བའི་བསམ་པ་དང། ཞེས་བྱ་བ་ལ་ཁམས་གསུམ་གྱི་ཆོས་རྣམས་ནི་འདུ་བྱེད་ཅེས་བྱ་སྟེ། དེ་དག་ཐམས་ཅད་རང་བཞིན་གྱི་སྟོང་པར་ཐུགས་སུ་ཆུད་པ་ཉིད་མྱ ་ངན་ལས་འདས་པ་ཡིན་གྱི། ཉན་ཐོས་ལྟང་འཁོར་བའི་སྐྱོན་སངས་ཏེ་མྱ་ངན་ལས་འདས་པ་གཞན་དུ་མི་ཚོལ་བས་ན་འདུ་བྱེད་ལ་སྐྱོན་དུ་མི་ལྟ་བའི་བསམ་པ་ཞེས་བྱའོ། །མྱ་ངན་ལས་འདས་པ་ལ་ཡོན་ཏན་དུ་མི་བལྟ་བའི་བསམ་པ་དང་ཞེས་བྱ་བ ་ནི། ཉན་ཐོས་ལྟར་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་དེ་ནི་བདེ་བ་ཡིན་གྱི། དེར་འཇུག་པར་བྱའོ་སྙམ་དུ་མི་སེམས་པ་ནི་མྱ་ངན་ལས་འདས་པ་ལ་ཡོན་ཏན་དུ་མི་ལྟ་བའི་བསམ་པའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དགེ་བ་རྣམས་རྟག་ཏུ ་བསྒོམ་པའི་བསམ་པ་དང་ཞེས་བྱ་བ་ནི། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་གྲོགས་དང་རྒྱུར་གྱུར་བ་ནི། བྱང་ཆུབ་ཀྱི་ཆོས་དགེ་བ་རྣམས་ཞེས་བྱ་སྟེ། དངོས་སུ་ན་དྲན་པ་ཉེ་བར་གཞག་པ་ལ་སོགས་ཏེ་ས་བཅུ་དང་ཕ་རོལ་ཏུ་ཕྱིན་པ་བཅུ་དག ་སྐད་ཅིག་རེ་རེ་ལ་ཡང་རྒྱུན་མི་འཆད་པར་འདྲིས་པར་བྱའོ། །སྙམ་དུ་སེམས་བ་ནི་རྟག་ཏུ་བསྒོམ་པའི་བསམ་པ་ཞེས་བྱའོ། །དེ་དག་ཉིད་བསྒོམ་པ་དང་འཐུན་པའི་དབེན་པའི་བསམ་པ་དང་ཞེས་བྱ་བ་ནི། དགེ་བ་དེ་ཉམས་སུ་བླངས་ནས་འདུ་འཛི་དང ་ཐེག་སྲིངས་ཏེ་དགོན་པའི་གནས་ལྟ་བུར་འགྲོ་བར་སེམས་པ་ནི་བསྒོམ་པ་དང་མཐུན་པའི་དབྱེན་པའི་བསམ་པའོ། །འཇིག་རྟེན་པའི་ཟང་ཟིང་ཐོབ་པ་དང། རྙེད་པ་དང་བཀུར་སྟི་ལ་མི་ལྟ་བའི་བསམ་པ་དང་ཞེས་བྱ་བ་ལ་བཟའ་བ་དང། བགོ ་ལ་སོགས་ཏེ་ལྷུང་བཟེད་དང་ཆོས་གོས་དག་ནི་འཇིག་རྟེན་པའི་ཟང་ཟིང་ཐོབ་པ་དང་རྙེད་པའོ། །ཕྱག་འཚལ་བ་དང་བསྙེན་བཀུར་བྱེད་པ་ནི་བཀུར་སྟི་སྟེ། སེམས་ཅན་ལ་ཆོས་འཆད་པ་ན་ཕན་གདགས་པའི་བསམ་པས་ཆོས་འཆད་ཀྱི། ཟང་ཟིང ་བསྒྲུབ་པའི་བསམ་པ་མེད་པའི་ཕྱིར་བཀུར་སྟི་ལ་མི་ལྟ་བའི་བསམ་པ་ཞེས་བྱའོ། །ཐེག་པ་དམན་པ་སྤངས་ཏེ་ཐེག་པ་ཆེན་པོ་རྟོགས་པར་བྱ་བའི་བསམ་པ་དང་ཞེས་བྱ་བ་ལ། བདག་རང་གི་དོན་དུ་ཞུགས་པ་ཉན་ཐོས་དང་རང་སངས ་རྒྱས་ཀྱི་སྤྱོད་པ་ལ་མི་འཇུག་པ་ནི་ཐེག་པ་དམན་པ་སྤངས་པའོ། །བདག་དང་གཞན་གཉིས་ཀས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་ས་དང་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་ནི་ཐེག་པ་ཆེན་པོའི་རྟོག་པར་བྱ་བའི་བསམ་པའོ། །སེམས་ཅན་ཐམས ་ཅད་ཀྱིས་དོན་ཐམས་ཅད་བྱ་བའི་བསམ་པ་དང་ཞེས་བྱ་བ་ལ། སྐྱེ་བ་རྣམ་པ་བཞི་ལས་སྐྱེས་ཤིང་ལམ་རྒྱུད་དྲུག་ཏུ་འཁོར་བ་ནི་སེམས་ཅན་ཐམས་ཅད་དོ། །དེ་དག་ཚེ་འདིར་དགེ་བ་ལ་བཀོད་དེ་ཚེ་ཕྱི་མར་ལྷ་དང་མིའི་འབྲས་བུ་དང། ཐར་པ་ཐོབ་པར ་བྱའོ་སྙམ་དུ་སེམས་པ་ནི་དོན་ཐམས་ཅད་བྱ་བའི་བསམ་པ་ཞེས་བྱའོ། །མཆོག་གི་བསམ་པ་དང་ཞེས་བྱ་བ་ནི་དཀོན་མཆོག་གསུམ་ནི་ལྷ་དང་མི་ཐམས་ཅད་ཀྱི་ནང་ན་ཡོན་ཏན་ཕུལ་ཏེ་མཆོག་ཡིན་ནོ་སྙམ་དུ་སེམས་པའོ། །ཚུལ་ཁྲིམས་ཀྱི་བསམ ་པ་དང་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་བླངས་ཏེ། དེ་དང་མི་འགལ་བར་བསྒྲུབ་བོ་སྙམ་དུ་སེམས་པའོ། །ཕ་རོལ་ཏུ་ཕྱིན་པའི་བསམ་པ་དང་ཞེས་བྱ་བ་ནི། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུ་བསྒྲུབ་པོ་ཞེས་བྱ་བར་སེམས ་པའོ། །དེ་ཁོ་ནའི་དོན་གྱིས་བསམ་པ་དང་ཞེས་བྱ་བ་ནི་ཆོས་དང་གང་ཟག་ལ་བདག་མེད་པའི་དོན་སྟོང་པ་ཉིད་ཀྱི་མཚན་ཉིད་རྟོགས་པར་བྱའོ་སྙམ་དུ་སེམས་པའོ། །མཐུའི་བསམ་པ་དང་ཞེས་བྱ་བ་ནི་ལྷའི་མིག་ལ་སོགས་པ་མངོན་པར་ཤེས་པ ་དྲུག་ཐོབ་པར་བྱའོ་སྙམ་དུ་སེམས་པའོ། །ཕན་པའི་བསམ་པ་དང་ཞེས་བྱ་བ་ནི་སེམས་ཅན་རྣམས་ཚེ་འདི་ལ་བདེ་བར་བྱའོ་སྙམ་དུ་སེམས་པའོ། །བདེ་བའི་བསམ་པ་ནི་སེམས་ཅན་རྣམས་ཚེ་ཕྱི་མ་ལ་སྐྱེད་པར་བྱའོ་སྙམ་དུ་སེམས་པའོ། ། ་ངེས་པར་གྲོལ་བའི་བསམ་པ་དང་ཞེས་བྱ་བ་ནི། སེམས་ཅན་རྣམས་ལ་ཕན་འདོགས་ན་ཡང། ཚེ་འདིར་ལེ་ལན་མི་རེ་སྟེ། ཚེ་ཕྱི་མར་རྣམ་པར་སྨིན་པ་ལ་རེ་བ་མེད་པའོ། །བརྟན་པའི་བསམ་པ་དང་ཞེས་བྱ་བ་ནི་བྱང་ཆུབ་ཏུ་དང་པོ་སེམས་བསྐྱེད་ཕྱིན་ཆད་དེ་ལས་བློ་འགྱུར་ལྡོག ་མེད་པའོ། །མི་བསླུ་པའི་བསམ་པ་དང་ཞེས་བྱ་བ་ནི། བདག་དང་གཞན་ལ་ཕན་པར་བྱ་བའི་སྒོར་ཐབས་མི་འཁྲུལ་ཅིང་ལམ་མི་ནོར་བར་ཤེས་རྒྱས་མཆོད་པའོ། །མ་དག་པའི་བསམ་པ་དང་ཞེས་བྱ་བ་ནི་མོས་པས་སྤྱོད་པའི་ས་བསྒྲུབ་པོ་སྙམ་དུ་སེམས་པའོ། །དག་པའི་བསམ ་པ་དང་ཞེས་བྱ་བ་ནི་ས་དང་པོ་ནས་ས་བདུན་པ་མན་ཆད་བསྒྲུབ་པོ་སྙམ་དུ་སེམས་པའོ། །ཤིན་ཏུ་དག་པའི་བསམ་པ་དང་ཞེས་བྱ་བ་ནི་ས་བརྒྱད་པ་ནས་ས་བཅུ་མན་ཆད་བསྒྲུབ་པོ་སྙམ་དུ་སེམས་པའོ། །བསྡམས་པའི་བསམས་པ་དང་ཞེས་བྱ་བ་ནི་ས་བརྒྱད?་པ་ལ ་གནས་པ་དེ་རྩོལ་བ་དང་འབད་པ་མི་འབྱུང་བར་ལྷུན་གྱིས་གྲུབ་པས་བསྡམས་པ་ཞེས་བྱ་སྟེ། དེ་ཐོབ་པར་བྱའོ་སྙམ་དུ་སེམས་པའོ། །ལྷན་ཅིག་སྐྱེས་པའི་བསམ་པ་དང་ཞེས་བྱ་བ་ནི་ས་བརྒྱད་པའི་དུས་དེ་ན་ཡེ་ཤེས་ཀྱང་རྣམ་པར་མི་རྟོག་པའི་རང་བཞིན་དུ་གྱུར་པའི ་ཕྱིར་ལྷན་ཅིག་སྐྱེས་པ་ཞེས་བྱ་སྟེ། དེ་ཐོབ་པར་བྱའོ་སྙམ་དུ་སེམས་པའོ། །བདུད་གཞི་གང་ཞེ་ན། ཕུང་པོའི་བདུད་དང་ཉོན་མོངས་པའི་བདུད་དང། ལྷའི་བུའི་བདུད་དང། འཆི་བདག་གི་བདུད་དོ་ཞེས་བྱ་བ་ལ། བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུ་དགེ་བའི་རྩ་བ་སྲོག་དང ་འདྲ་བའི་བར་དུ་གཅོད་པས་བདུད་བཞིའོ། །ལས་དང་ཉོན་མོངས་པས་བསྐྱེད་པའི་ཕུང་པོ་འདི་གྲུབ་ན་རང་དབང་མེད་པར་ན་བ་དང་རྒ་བ་དང། རྒུད་པ་ལ་སོགས་པའི་རྐྱེན་གྱིས་དགེ་བའི་བར་ཆད་བྱེད་པས་ན་ཕུང་པོའི་བདུད་དོ། །འདོད་ཆགས་དང་ཞེ་སྡང་ལ ་སོགས་པ་ཆེ་བའི་དབང་གིས་དགེ་བའི་བར་ཆད་བྱེད་པས་ན་ཉོན་མོངས་པའི་བདུད་དོ། །འདོད་པའི་ཁམས་ཀྱི་ལྷའི་བུ་རྣམ་ཕྲག?་དོག་གི་དབང་གིས་དགེ་བའི་བར་ཆད་བྱེད་པ་ནི་ལྷའི་བུའི་བདུད་དོ། །ཚེའི་འདུ་བྱེད་ཞིག་སྟེ་སྲོག་དང་བྲལ་ནས་དགེ་བ་བྱེད་པའི་རྒྱུན་? ་པ་ནི་འཆི་བདག་གིས་བདུད་ཅེས་བྱའོ། །འདོད་པའི་ཁམས་ཀྱི་ལྷའི་གནས་ཀྱི་རིམ་པའི་མིང་ལས་བླའི་གནམ་ནི་སའི་སྟེང་ན་ཤིང་དྲུང་དང་རྡོ་དྲུང་ལ་སོགས་པ་ན་གནས་པའོ། །བར་སྣང་གི་གནམ་ནི་ཉི་ཟླ་དང་སྐར་མ་ལ་སོགས་པ ་ནམ་མཁའ་ལ་རྒྱུ་བའོ། །རྒྱལ་ཆེན་བཞིའི་རིས་ཀྱི་གནམ་ནི་རི་རབ་ཀྱི་ངོས་བཞིའི་བྱང་ཕྱོགས་ན་ནི་སྐུ་བེ་ར། ཤར་ན་ཡུལ་འཁོར་སྲུང། ལྷོ་ན་འཕགས་སྐྱེས་བོ། །ནུབ་ན་མིག་མི་བཟང། དེའི་འཁོར་དུ་གཏོགས་པ་རྣམས་ནི་རིས་སོ། །སུམ་བཅུ་རྩ་གསུམ ་གྱི་གནས་ནི་རི་རབ་ཀྱི་རྩེ་ན་ལྷའི་རྒྱལ་པོ་ཕྱོགས་ན་བརྒྱད་བརྒྱད་དེ་སུམ་བཅུ་རྩ་གཉིས། དེ་རྣམས་སྤྱིར་རྒྱལ་པོ་ཆེན་པོ་གཅིག་སྟེ། སུམ་ཅུ་རྩ་གསུམ་ཡོད་པ་ལ་བྱའོ། །འཐབ་བྲལ་གྱི་གནམ་ནི་སུམ་ཅུ་གསུམ་གྱི་ལྷ་ནི་ལྷ་མ་ཡིན་དང་འཐབ་ལ། དེ་དག་ནི ་ལྷ་མ་ཡིན་དང་འཐབ་པ་དང་བྲལ་ཏེ་མི་འཐབ་པས་འཐབ་བ་ལ་ཞེས་བྱའོ། །དགའ་ལྡན་གྱི་གནམ་ནི་འོག་མ་ལས་ཁྱད་པར་དུ་ལོངས་སྤྱོད་ཆེ་ཞིང་ཉམས་བདེ་བའི་སྟེང་དུ་བྱམས་པས་ཆོས་བཤད་པའི་ལོངས་སྤྱོད་དང་ལྡན་པའི་ཕྱིར་དགའ་ལྡན་ནོ ་ཞེས་བྱའོ། །འཕྲུལ་དགའ་ཨི་གནམ་ནི་འདོད་པའི་ལོངས་སྤྱོད་ཅི་དགའ་དགུར་རང་གི་སྤྲུལ་ཞིང་སྤྱོད་པའི་ཕྱིར་རོ། །གཞན་འཕྲུལ་དབང་བྱེད་ཀྱི་གནམ་ནི་འདོད་པའི་ལོང་སྤྱོད་ཅི་དགའ་དགུར་གཞན་གྱི་སྤྲུལ་ཅིང་སྤྱོད་པའོ། །བསམ་གཏན་གཞི་ལས ་བསམ་གཏན་དང་པོའི་མིང་ནི་གཟུགས་ཀྱི་ཁམས་ཡན་ཆད་ན་གནས་པ་སྟེ། ཚངས་རིས་ཀྱི་གནས་དང་ཚངས་པའི་མདུན་ན་འདོན་པའི་གནམ་དང་ཚངས་འཁོར་གྱི་གནམ་སྟེ། དེ་ལ་གོང་མ་ཚངས་པ་ཆེན་པོའི་རིས་དང་གཡོག་འཁོར་དུ་སྐྱེས་པས ་ཚངས་རིས་ཀྱི་གནམ་ཞེས་བྱའོ། །ཚངས་པ་ཆེན་པོ་ལ་ནང་ནུབ་ཏུ་རིམ་གྲོ་བྱེད་ཅིང་འཁོར་ལྟ་བུར་ཉེ་བར་སྐྱེས་ཏེ་མདུན་དུ་སྨྲ་འདོན་པས་ན་ཚངས་ལྷ་ཉེ་ཕན་ཞེས་ཀྱང་བྱ་ཚངས་པའི་མདུན་ན་འདོན་ཞེས་ཀྱང་བྱའོ། །ཚངས་པ་འོག་མ་གཉིས་ལས་ཁྱད ་པར་དུ་ལུས་བཟང་ཞིང་ཚེ་རིང་ལ་དགེ་བའི་རྩ་བ་དང་མཐུ་མཆེ་བས་ཚངས་འཁོར་ཞེས་བྱ་སྟེ། ཚངས་པ་ཆེན་པོ་ཞེས་ཀྱང་ཟེར་རོ། །བསམ་གཏན་གཉིས་པའི་མིང་ལ། འོད་ཆུང་གི་གནམ་དང་ཚད་མེད་འོད་དང་འོད་གསལ་ལོ། །གནས་འདིར་སྐྱེས་པའི་ལྷ་ནི་གོང་མ་གཉིས་པས ་ལུས་ཀྱི་གཟི་བྱིན་དང་འོད་མདངས་ཆུང་བས་ན་འོད་ཆུང་གི་གནམ་མོ། །གནས་འདིར་སྐྱེས་པའི་ལྷ་ནི་ལུས་ཀྱི་འོད་འདི་ཙམ་མོ་ཞེས་ཚད་གཟུངས་དུ་མེད་པས་ན་ཚད་མེད་འོད་ཅེས་བྱའོ། །གནས་འདིར་སྐྱེས་པའི་ལྷ་ནི་ལྷ་གཞན་གྱིས་གནས་སུ་ཡང་འོད་གསལ་བར ་བྱེད་ན་འོད་གསལ་ཞེས་བྱའོ། །བསམ་གཏན་གསུམ་པའི་མིང་ལ། དགེ་ཆུང་དང་ཆད་མེད་དགེ་དང་དགེ་རྒྱས་སོ། །གནས་འདིར་སྐྱེས་པའི་ལྷའི་བསམ་གཏན་གྱི་བདེ་བ་ལ་དགེ་བ་ཞེས་བྱ་སྟེ། གོང་མ་གཉིས་པས་བདེ་བ་ཚུད?་པས་ན་དགེ་ཚུད?་ཞེས་བྱའོ། །གནས ་འདིར་སྐྱེས་པའི་བསམ་གཏན་གྱི་བདེ་བ་འདི་ཙམ་མོ་ཞེས་ཚད་གཟུང་དུ་མེད་པས་ཚད་མེད་དགེ་ཞེས་བྱའོ། །གནས་འདིར་སྐྱེས་པའི་ལྷ་རྣམས་ནི་འཇིག་རྟེན་གྱི་བསམ་གཏན་གྱི་བདེ་བ་མ་ལུས་པར་རྫོགས་པས་དགེ་རྒྱས་ཞེས་བྱ་སྟེ། དེ་ཡན་ཆད་བསམ་གཏན་བཞི་པ ་དག་ནི་བདེ་བ་སྤངས་ཏེ་བཏང་སྙོམས་ལ་གནས་པའི་ཕྱིར་རོ། །བསམ་གཏན་བཞི་པ་ལ་གནས་བརྒྱད་ལས་སོ་སོའི་སྐྱེ་བོ་གསུམ་གྱི་མིང་ལ་སྤྲིན་མེད་དང་བསོད་ནམས་འཕེལ་དང་འབྲས་བུ་ཆེའོ། །དེ་ཡང་གནས་འདིར་སྐྱེས་པའི་ལྷ་ནི་ནམ་མཁའ་ཨི་སྤྲིན་གྱིས ་མཆོད་ན་གསལ་བ་དང་འདྲ་བར་ལྷ་གཞན་གྱི་གཞལ་མེད་ཁང་གིས་མཆོད་ཅིང་སྒྲིབ་པ་མེད་དེ། ལྷ་དེ་དག་རང་གི་གཞལ་མེད་ཁང་དང། ལྷན་ཅིག་ཏུ་སྐྱེ་ཞིང་འཇིག་པས་ན་སྤྲིན་མེད་ཅེས་བྱའོ། །གནས་འདིར་སྐྱེས་པའི་ལྷ་ནི་སྐྱེ་བོ་རྣམས་ཀྱི་བསོད་ནམས་ཀྱི་མཆོག ་ཐོབ་པའི་གནས་ཡིན་པས་ན་བསོད་ནམས་འཕེལ་ཞེས་བྱའོ། །གནས་འདིར་སྐྱེས་པའི་ལྷ་རྣམས་ནི་དགེ་བའི་རྩ་བ་འོག་མ་གཞན་པས་ཆེར་བསྒྲུབས་པའི་འབྲས་བུ་སྟེ། འབྲས་བུ་ཡང་གཞན་འོག་མ་བས་ཆེ་བའི་ཕྱིར་འབྲས་བུ་ཆེའོ། །གནས་གཙང་མ་ལྔའི ་རིས་ཀྱི་མིང་ལ། མི་ཆེ་བ་དང། མི་གདུངས་བ་དང། གྱ་ནོམ་སྣང་བ་དང། ཤིན་ཏུ་མཐོང་བ་དང་འོད་མིན་ནོ། །དེ་ལ་རྣམ་པར་སྣང་མཛད་ལ་སོགས་པ་འཕགས་པ་རྣམས་གཙོ་བོར་བཞུགས་བས་ན་གནས་གཙང་མ་ཞེས་བྱའོ།། ་དེ་ཡང་གནས་གཙང་མའི་རིས་སུ་སྐྱེས་པའི་ནང་ན་ཡང་གོང་མ་གཞན་བསོད་ནམས་ཆུང་བས་ན་མི་ཆེ་བཞེས་བྱའོ། །གནས་འདི་སྐྱེས་པ་ནི་བསམ་གཏན་ཁྱད་བར་ཅན་ཐོབ་པས་ཉོན་མོངས་པས་གདུངས་བར་མི་ནུས་པའི་ཕྱིར་མི་གདུང་བའོ། །གནས ་འདིར་སྐྱེས་པས་ནི་བསམ་གཏན་ལ་ཇི་ལྟར་སྒོམ་ཡང་ཉོན་མོངས་པས་བསྒྲིབས་ཤིང་ཆོད་བ་མེད་པས་ན་གྱ་ནོམ་སྣང་ངོ། །གནས་འདིར་སྐྱེས་པའི་ལྷ་ནི་ལྷ་གཞན་ཕྱི་བ་ལྟས་ན་རབ་ཏུ་བདེ་ཞིང་ཞི་བའི་ཁྱད་པར་ཅན་དུ་མཐོང་བས་ན་ཤིན་ཏུ་མཐོང་ཞེས་བྱའོ ་གནས་འདི་བསྐྱེས་པའི་ལྷ་ནི་གཟུགས་ཀྱིས་ཁམས་ཀྱི་མཐར་ཐུག་ལ། དེ་ཡན་ཆད་གཟུགས་ཅན་གཞན་མེད་དེ། ཀུན་གྱི་གོང་དུ་གྱུར་བས་ན་འོག་མིན་ཞེས་བྱའོ། །འཇིག་རྟེན་གྱི་ཆོས་བརྒྱད་གང་ཞེ་ན། རྙེད་པ་དང། མ་རྙེད་པ་དང། བལྟོད་པ་དང། མ ་བསྟོད་པ་དང། གྲགས་པ་དང། མ་གྲགས་པ་དང། བདེ་བ་དང། མི་བདེ་བའོ། །དེ་ལ་འཇིག་རྟེན་ལས་འདས་པ་འཕགས་པ་རྣམས་ཀྱི་དགོངས་པ་ནི་རི་རབ་དང་འདྲ་བར་རྐྱེན་གང་གིས་ཀྱང་མི་གཡོ་མི་འཁྲགས་པ་ཡིན་གྱི། སྐྱེ་བོ་བྱིས་པ་ཆུང་ངུ་འདྲ་བ ་རྣམས་ཀྱི་སེམས་ནི་འདོད་པའི་རླུང་གི་རྩི་མཆོག་བཞིན་དུ་གཡེངས་ཏེ། ཕན་ཡོན་དང་ཉེས་དམིགས་ཕྲན་ཚོགས་ཙམ་གྱིས་རྐྱེན་གྱིས་ཀྱང་དགའ་བ་དང་མི་དགའ་བར་གྱུར་པའི་བྱེ་བྲག་ལ་ནི་འཇིག་རྟེན་གྱི་ཆོས་ཞེས་བྱའོ། །དེ་ལ་ལྷུང་བཟེད་དམ་ཆོས། ་གོས་ལ་སོགས་པ་ཟང་ཟིང་ཅུང་ཟད་ཐོབ་པས་དགའ་བར་གྱུར་པ་ནི་རྙེད་པའོ། །ཟང་ཟིང་དེ་དག་མ་ཐོབ་སྟེ་མི་དགའ་བ་ནི་མ་རྙེད་བའོ། །ཡོན་ཏན་མངོན་སུམ་དུ་བརྗོད་པས་དགའ་བ་ནི་བསྟོད་པའོ། །མངོན་སུམ་དུ་སྐྱོན་བརྗོད་དེ་སེམས་ལ་འཁྲུག་པ་ནི ་མ་བསྟོད་བའོ། །ལྐོག་ཏུ་ཡོན་ཏན་བརྗོད་པ་ཐོས་ཏེ་དགའ་བ་ནི་གྲགས་པའོ། །ལྐོག་ཏུ་སྐྱོན་བརྗོད་པ་ཐོས་ཏེ་མི་དགའ་བ་ནི་མ་གྲགས་པའོ། །ལུས་དང་སེམས་ལ་དབེན་པ་ཉམས་སུ་མྱོང་སྟེ། དགའ་བ་ནི་བདེ་བའོ། །ལུས་དང་སེམས་ལ་གནོད་པ་མྱོང་སྟེ་མི་དགའ་བ་ནི ་མི་བདེ་བ་སྟེ། །ཆོས་བརྒྱད་པོ་འདི་དག་གིས་མི་གོས་པར་སྐྱེ་བོ་རྣམས་ཀྱང་བཏང་སྙོམས་སུ་གནས་པར་ཅི་ནུས་སུ་བསླབ་བོ། །དགོད་པ་བཞིའི་མིང་ལ། ཐེག་པ་ལ་དགོད་བ་དང། བདེན་པ་ལ་དགོད་པ་དང། རིགས་པ་ལ་དགོད་པ་དང། ཆོས་ལ་དགོད་པའོ། །དེ་ལ་དགེ ་བ་བཅུ་དང། བསམ་གཏན་དང་སྙོམས་པར་འཇུག་པ་དག་ནི་ལྷ་དང་མའི་ཐེག་པ་དང། བདེན་པ་བཞི་དང། རྟེན་འབྲེལ་བཅུ་གཉིས་དང། ས་དང་ཕ་རོལ་ཏུ་ཕྱིན་པ་དག་ནི་འཕགས་པའི་ཐེག་པ་སྟེ། ཐེག་པ་དེ་དག་སྟོན་པ་ནི་ཐེག་པ་ལ་དགོད་པའོ། ། ་ཆོས་ཐམས་ཅད་སྐྱེ་བ་དང་འགག་བ་མེད་པ་ནི་བདེན་པ་གཅིག་གོ། ཀུན་རྫོབ་དང་དོན་དམ་པ་ནི་བདེན་པ་གཉིས་སོ། །སྡུག་བསྔལ་དང། ཀུན་འབྱུང་དང། འགོག་པ་དང། ལམ་ནི་བདེན་པ་བཞི་སྟེ། དེ་དག་སྟོན་པ་ནི་བདེན་པ་ལ་དགོད་བའོ། །བལྟོས ་པའི་རིགས་པ་དང། བྱ་བ་བྱེད་པའི་རིགས་པ་དང། འཐད་པ་སྒྲུབ་པའི་རིགས་བ་དང། ཆོས་ཉིད་ཀྱི་རིགས་པ་ངག་སྟོན་པ་ནི་རིགས་པ་ལ་དགོད་པའོ། །གསུང་རབ་བཅུ་གཉིས་འཇིག་རྟེན་དུ་བཞག་སྟེ་སྡེ་སྣོད་གསུམ་དུ་སྡུད་ཅིང་སྟོན་པ་ནི་ཆོས ་ལ་དགོད་པ་ཞེས་བྱའོ། །ནོར་བདུན་གྱི་མིང་ལ་དད་པའི་ནོར་དང། ཚུལ་ཁྲིམས་ཀྱི་ནོར་དང། བརྩོན་འགྲུས་ཀྱི་ནོར་དང། ཁྲེལ་ཡོད་པའི་ནོར་དང། ཐོས་པའི་ནོར་དང། གཏོད་བའི་ནོར་དང། ཤེས་པའི་ནོར་རོ། །དེ་ལ་ལས་དང་འབྲས་བུ་དང་བདེན ་པ་དང་དཀོན་མཆོག་ཡོད་པ་དང་ཡོན་ཏན་ཅན་དུ་ཡིད་ཆེས་པ་ནི་ཚུལ་ཁྲིམས་ཀྱིས་སྟེ། དད་པའི་ནོར་རོ། །སྲོག་གཅོད་པ་ལ་སོགས་པ་སྡིག་པ་མི་དགེ་བ་སྤངས་པ་ནི་ཐར་བ་དང་མཐོ་རིས་སུ་སྐྱེ་བའི་རྒྱུ་སྟེ། ཚུལ་ཁྲིམས་ཀྱི་ནོར་རོ། །དམ་པའི ་ཆོས་ཉན་བ་དང་སེམས་པ་དང་བསྒོམ་པ་རྒྱུན་མི་གཅོད་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱིས་ཚོགས་འཕེལ་བའི་རྒྱུ་སྟེ། བརྩོན་འགྲུས་ཀྱི་ནོར་རོ། །སྡིག་པ་མི་དགེ་བའི་ཆོས་ལ་བག་བྱེད་ཅིང་འཛེམ་པ་ནི་ཉེས་བ་མི་འབྱུང ་བའི་རྒྱུ་སྟེ། ཁྲེལ་ཡོད་པའི་ནོར་རོ། །དམ་པའི་ཆོས་ལ་ཆོག་པར་མི་འཛིན་ཅིང་མང་དུ་ཉན་པ་ནི་བསམ་པ་དང་བསྒོམ་པའི་ཤེས་རབ་འཕེལ་བའི་རྒྱུ་སྟེ། ཐོས་པའི་ནོར་རོ། །ཕྱི་ནང་གི་དངོས་པོ་ཅི་བདོག་པ་གཞན་ལ་སྦྱིན་པ་ནི་ལོངས་སྤྱོད་ཆེན་པོ ་འབྱོར་པའི་རྒྱུ་སྟེ། གཏོང་བའི་ནོར་རོ། །བསམ་པ་དང་བསྒོམ་པའི་ཤེས་རབ་ཀྱིས་ཆོས་ཀྱི་དོན་རྟོགས་པ་ནི་མྱ་ངན་ལས་འདས་པ་ཐོབ་པའི་རྒྱུ་སྟེ། ཤེས་པའི་ནོར་རོ། །ཅིའི་ཕྱིར་ནོར་ཞེ་ན། དགོས་པ་ཐམས་ཅད་མི་འབྱོར་བ་མེད་པའི་ཕྱིར་རོ།། ་སེམས་ཅན་གྱི་གནས་དགུ་ལ་ལུས་ཐ་དད་ཅིང་འདུ་ཤེས་ཀྱང་ཐ་དད་པ་ནི་བསམ་གཏན་དང་པོ་ཐོབ་མ་ཐག་ཏུ་བཀོལ་ཏེ་བསམ་གཏན་དང་པོ་པ་རྣམས་དང། འདོད་པའི་ཁམས་ཀྱིས་སེམས་ཅན་ལྷ་མན་ཆད་རིལ་ནི་ལུས་ཀྱང་འདྲ་ལ་འདུ ་ཤེས་ཀྱང་སོ་སོར་མི་འདྲ་བས། ལུས་ཐ་དད་ཅིང་འདུ་ཤེས་ཀྱང་ཐ་དད་ཅེས་བྱའོ། །ལུས་ཐ་དད་ལ་འདུ་ཤེས་གཅིག་པ་ནི་བསམ་གཏན་དང་པོར་སྔར་སྐྱེས་པའི་ཚངས་པ་རྣམས་ནི་ལུས་དང་ཁ་དོག་ཆེ་ཞིང་བཟང་ལ་ཚངས་པ་ཕྱི་མ་འདི་དག ་ངས་བསྐྱེད་དོ་སྙམ་ལ་སེམས། བསམ་གཏན་དང་པོ་ཐོབ་མ་ཐག་བའི་ཚངས་པ་ནི་ལུས་དང་ཁ་དོག་དེ་བས་ངན་ལ། བདག་ཅག་ནི་ཚངས་པ་ཆེན་པོས་བསྐྱེད་དོ་སྙམ་དུ་སེམས་པས་ན་ལུས་ཐ་དད་པ་འདུ་ཤེས་གཅིག་པ་ཞེས་བྱའོ། ། ་ལུས་གཅིག་ལ་འདུ་ཤེས་ཐ་དད་པ་ནི་བསམ་གཏན་གཉིས་པ་ཡན་ཆད། གསུམ་པ་མན་ཆད་ལ་གནས་པའི་ལྷ་རྣམས་ལུས་ཨི་འདྲ་སྟེ་ཚར་ཅིག་ལ། འདུ་ཤེས་ནི་ཁ་ཅིག་བདེ་བ་ལ་གནས། ཁ་ཅིག་བཏང་སྙོམས་ལ་གནས་པས་ལུས ་གཅིག་ལ་འདུ་ཤེས་ཐ་དད་ཅེས་བྱའོ། །ལུས་གཅིག་ལ་འདུ་ཤེས་ཀྱང་གཅིག་པ་ནི་བསམ་གཏན་བཞི་བ་ལ་གནས་པ་རྣམས་ཀྱིས་ལུས་ནི་ཚད་ཀྱང་གཅིག་ལ། འདུ་ཤེས་ཀྱང་ཚོར་བ་བཏང་སྙོམས་ལྡན་བའི་ཕྱིར་རོ། །ནམ་མཁའ་མཛའ་ཡས་སྐྱེ ་མཆེད་ནི། ཆོས་ཐམས་ཅད་ནམ་མཁའ་ཙམ་དུ་ཟད་ལ་ནམ་མཁའ་ནི་མཛའ་ཡས་སོ་སྙམ་དུ་སེམས་པའོ། །རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ནི་ཆོས་ཐམས་ཅད་ནམ་མཁའ་ལྟར་མཛའ་ཡས་པ་དེ་ལ་དམིགས་པའི་རྣམ་པར་ཤེས་པ་དེ་ཡང་མཛའ་ཡས ་སྙམ་དུ་སེམས་པའོ། །ཅི་ཡང་མེད་པའི་སྐྱེ་མཆེད་ནི་ཆོས་ཐམས་ཅད་ནམ་མཁའ་ལྟར་མཛའ་ཡས་ལ་དེ་ལ་དམིགས་པའི་རྣམ་པར་ཤེས་པ་ཡང་མཛའ་ཡས་ན། དེ་ལས་མ་གཏོགས་པའི་ཆོས་གཞན་ཅི་ཡོད་པར་མ་མཐོང་ནས་ཅི་ཡང ་མེད་དོ་སྙམ་སེམས་པའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སེམས་ཅན་ནི་ཆོས་ཐམས་ཅད་ནམ་མཁའ་ཙམ་དུ་ཟད་དེ་ཅི་ཡང་མེད་དོ་སྙམ་དུ་སེམས་པའི་འདུ་ཤེས་དེ་ཡང་ནད་དང་ཟུག་རྡུ་ལྟ་བུ་ཡིན་པས་སྤང་ངོ་ཞེས་ཇེ་ཕྲ་ཇེ་ཕྲར་བཀག་ནས ་ཤིན་ཏུ་ཕྲ་བར་གྱུར་པ་དང་འདུ་ཤེས་གཏན་མེད་བར་གྱུར་ན་ཡང་མི་རུང་བ་སྙམ་ནས་ཤིན་ཏུ་ཆ་ཕྲ་བ་དེ་ཙམ་ལ་གནས་པའོ། །རིགས་ལྔ་ལ། ཉན་ཐོས་ཀྱི་ཐེག་པའི་རིགས་ནི། བདེན་པ་བཞི་མཉན་ཅིང་བསྒོམས་པའི་བག་ཆགས་རྒྱུད་ལ་ཡོད ་པའོ། །རང་སངས་རྒྱས་ཀྱིས་ཐེག་པའི་རིགས་ནི་རྟེན་ཅིང་འབྲེལ་པར་མཉན་ཅིང་བསྒོམས་པའི་བག་ཆགས་ཡོད་པའོ། །དེ་བཞིན་གཤེགས་པའི་ཐེག་པའི་རིགས་ཀྱི་ས་དང་ཕ་རོལ་ཏུ་ཕྱིན་པ་གཉན་ཅིང་བསྒོམས་པའི་བག་ཆགས་ཡོད་པའོ།། ་མ་ངེས་པའི་རིགས་ནི་ཐེག་པ་ཆེ་ཆུང་གསུམ་ཆར་གྱི་ཆོས་ཉན་ཅིང་བསྒོམས་པའི་བག་ཆགས་འདྲེན་མར་ཡོད་པས་གཅིག་ཏུ་མ་ངེས་ཏེ། དགེ་བའི་བཤེས་གཉེན་གང་ཡང་རུང་སྟེ་སུ་སྔ་བའི་ཕྱོགས་ལ་འཇུག་པའོ། །རིགས་མེད་པ་ནི་ཐེག་པ ་ཆེ་ཆུང་གང་གིས་ཆོས་ལ་ཡང་མཉན་ཅིང་བསྒོམས་པའི་བག་ཆགས་མེད་པས་ཡུན་རིང་བོར་དགེ་བ་དང་ཕྲད་བའི་བསྐལ་པ་མེད་དེ་ངན་སོང་ན་འཁྱམ་པའོ། །ལན་བཞི་ལ། མངོན་པར་ཤེས་པར་བུལ་ལ་དཀའ་ ་བའི་ལམ་དང། མངོན་པར་ཤེས་བ་མྱུར་ལ་བཀའ་བའ་ཨི་ལམ་དང། མངོན་པར་ཤེས་པ་བུལ་ལ་བླ་བའི་ལམ་དང། མངོན་པར་ཤེས་པ་མྱུར་ལ་བླ་བའི་ལམ་མོ། །དེ་ལ་བསམ་གཏན་དང་པོ་ལ་འཇུག་པར་བྱེད་པའི་མི་ལྕོགས་པ་མེད་པ་བསམ་གཏན་ཁྱད་པར་ཅན ་ནི་ལྷག་མཐོང་གི་ཤས་ཆེ་སྟེ་དཀའ་བ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ནི་ཞི་གནས་ཀྱི་ཤས་ཆེ་སྟེ། དཀའ་བས་དེ་དག་ལ་གང་ཟག་དབང་པོ་བརྟུལ་པོ་ཞུགས་པ་ནི་མངོན་པར་ཤེས་པ་ཕུལ་ལ་དཀའ་བའི་ལམ་ཞེས་བྱའོ། །མི་ལྕོགས་མེད་དང ་བསམ་གཏན་ཁྱད་པར་ཅན་དང་གཟུགས་མེད་པར་སྙོམས་པར་འཇུག་པ་བཞི་པོ་དེ་ལ་དབང་པོ་རྣོན་པོ་ཞུགས་ན་ནི་མངོན་པར་ཤེས་པ་མྱུར་ལ་དཀའ་བའི་ལམ་ཞེས་བྱའོ། །བསམ་གཏན་བཞི་པོ་དེ་ལ་དབང་པོ་རྟུལ་པོ་ཞུགས་ནན་མངོན་གཤེས་པ་བུལ ་ལ་བླ་བའི་ལམ་ཞེས་བྱའོ། །གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་པོ་དེ་ནི་ཞི་གནས་དང་ལྷག་མཐོང་གི་ཆ་མཉམ་པས་ན་དེ་ལ་དབང་པོ་རྣོན་པོ་ཞུགས་ན་ནི་མངོན་པར་ཤེས་པ་མྱུར་ལ་བླ་བའི་ལམ་ཞེས་བྱའོ། །བསུང་བ་མེད་པ་བཞི་ལ་དེ ་བཞིན་གཤེགས་པའི་སྐུའི་འཕྲིན་ལས་ཀྱིས་སྤྱོད་པ་ཡོངས་སུ་དག་པ་སྟེ། སྐུའི་འཕྲིན་ལས་ཡོངས་སུ་དག་པ་མེད་པ་ནི་སྐུའི་འཕྲིན་ལས་འགྲོ་སྡོད་འདུག་ཉལ་གང་ཅི་མཛད་པ་ཡང་སྲོག་གཅོད་པ་ལ་སོགས་པའི་ཉེས་དམིགས་ཅུང་ཟད་ཀྱང་མི ་འབྱུང་བས་གཞན་གྱིས་དབྱག?་ཤིང་སྨད་བའི་དགོངས་པ་མི་མངའ་བའི་ཕྱིར་རོ། །དེ་བཞིན་གཤེགས་པའི་གསུང་གི་འཕྲིན་ལས་ཀྱི་སྤྱོད་བ་ཡོངས་སུ་དག་བ་སྟེ། གསུང་གི་འཕྲིན་ལས་ཡོངས་སུ་།དག་པ་མེད་པ་ནི་དག་གི་ཉེས་པ་བརྫུན་ལ་སོགས ་བཞི་སྤངས་པས་དམ་པའི་ཆོས་འཆད་པ་ལ་སོགས་པ་ནི་ཚིག་གི་སྐྱོན་གཞན་གྱིས་དབྱས་སུ་དོགས་པ་ཅུང་ཟད་ཀྱང་མི་མདའ་བའ་ཨོ། དེ་བཞིན་གཤེགས་པའི་ཐུགས་ཀྱི་འཕྲིན་ལས་ཀྱི་སྤྱོད་པ་ཡོངས་སུ་དག་པ་སྟེ། ཐུགས་ཀྱི་འཕྲིན་ལས་ཡོངས་སུ་མ་དག་པ ་མེད་བ་ནི་ཡིད་ཀྱིས་ཉེས་པ་གསུམ་སྤངས་པས་དམ་པའི་ཆོས་དང་སེམས་ཅན་གྱི་དོན་པ་དགོངས་པས་ན་གཞན་གྱིས་ཚོར་དུ་དོགས་པའི་འཁྲུལ་པ་མི་མདའ་བའ་ཨོ། །དེ་བཞིན་གཤེགས་པའི་ཚོར་བ་ཡོངས་སུ་དག་པ་སྟེ། འཚོ་བ་ཡོངས་སུ་མ་དག་པ་མེད ་པ་ནི་ཚུལ་འཆོས་ཤིང་སྐྱུ་གསོག་གིས་འཚོ་བ་སྤངས་ཤིང་ཤེས་རབ་ཀྱིས་ཆོས་བཞིན་དུ་འཚོ་བས་ན་གཞན་གྱིས་ཚོར་དུ་དགོས་ཤིང་བརྩེ་བ་དགོངས་པའི་སྐྱོན་མི་མངའ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཨི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་མ ་བསྟན་པའི་སྦྱིན་པ་ཅན་རྣམས་མ་བསྟན་པའི་ཚུལ་ཁྲིམས་ཅན་རྣམས་མ་བསྟན་པའི་བཟོད་བ་ཅན་རྣམས་མ་བསྟན་པའི་བརྩོན་འགྲུས་ཅན་རྣམས། མ་བསྟན་པའི་བསམ་གཏན་ཅན་རྣམས་མ་བསྟན་པའི་ཤེས་རབ་བྱ་བ། སོ་སོའི་སྐྱེ་བོ་རྣམས་ལ་ནི་ཕ ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་དང། ཡོན་ཏན་དང། འབྲས་བུ་རྣམས་དགེ་བའི་བཤེས་གཉེན་གྱིས་བསྟན་ཅིང་བསྐུལ་ན་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་གི་བྱང་ཆུབ་སེམས་དཔའ་རྣམས་ནི་སྔོན་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་སྤྱོད་པའི ་བག་ཆགས་དང་གོམས་པའི་ཤུགས་ཡོད་པས་གཏན་ཚིགས་ཀྱིས་མ་བསྟན་མ་བསྐུལ་ཀྱང་སྦྱིན་པ་ལ་སོགས་པ་ལ་རང་བཞིན་གྱིས་འཇུག་གོ་ཞེས་བྱ་བར་ཀུན་ལ་སྦྱར་རོ། །དེ་ལ་སྦྱིན་པའི་རང་བཞིན་ནི་ཕྱི་ནང་གི་དངོས་པོ་གཞན་ལ་གཏོད་པའོ། །ཡོན ་ཏན་ནི་བསོད་ནམས་སོགས་པའོ། །འབྲས་བུ་ནི་བདེ་འགྲོ་མཐོ་རིས་དང་སངས་རྒྱས་ཐོབ་པའོ། །ཚུལ་ཁྲིམས་ཀྱིས་རང་བཞིན་ནི་སྡིག་པ་མི་དགེ་བ་ལ་མི་འཇུག་པའོ། །ཡོན་ཏན་ནི་བསོད་ནམས་འཕེལ་བའོ། །འབྲས་བུ་ནི་མྱ་ངན་ལས་འདའ་བ་དང་བདེ་འགྲོར ་སྐྱེ་བའོ། །བཟོད་པའི་རང་བཞིན་ནི་གཞན་གྱིས་གནོད་པ་བྱས་ཀྱང་སེམས་མི་འཁྲོ་བའོ། །ཡོན་ཏན་དང་འབྲས་བུ་ནི་གོང་མ་དང་འདྲ་སྟེ། ཁྱད་པར་དུ་ཆ་ལུགས་སྡུག་ཅིང་མཛེས་པ་འཁོར་མང་དུ་འདུ་བའོ། །བརྩོན་འགྲུས་ཀྱི་རང་བཞིན་ནི ་མི་དགེ་བ་སྤོང་ཞིང་དགེ་བ་བསྒྲུབ་པའི་རྒྱུན་མི་གཅོད་པའོ། །ཡོན་ཏན་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་སོགས་པའོ། །འབྲས་བུ་ནི་བསམ་པ་ཐམས་ཅད་མཐར་ཕྱིན་ཅིང་སངས་རྒྱས་སུ་གྲུབ་པའོ། །བསམ་གཏན་གྱི་རང་བཞིན་ནི ་དམིགས་པ་སེམས་རྩེ་གཅིག་པའོ། །ཡོན་ཏན་གྱི་ཤེས་རབ་དང་ཡེ་ཤེས་ཀྱི་ཚོགས་སོགས་པའོ། །འབྲས་བུ་ནི་ཚེ་རབས་ཐམས་ཅད་སེམས་པ་དེ་ཞིང་ལུས་ལ་ནད་མེད་པ་དང་མཐར་འཚང་རྒྱ་བའོ། །ཤེས་རབ་ཀྱི་རང་བཞིན་ནི་ཆོས་རྣམས ་ཀྱི་རང་དང་སྤྱིའི་མཚན་ཉིད་ལ་མཁས་བའོ། །ཡོན་ཏན་ནི་ཡེ་ཤེས་ཀྱི་ཚོགས་པའོ། །འབྲས་བུ་ནི་ཚེ་རབས་ཐམས་ཅད་བུ་རིགས་པའི་གནས་ཐམས་ཅད་ལ་མཁས་ཤིང་འཚང་རྒྱ་བའོ། །བསྡུ་བའི་དངོས་པོས་སེམས་ཅན་རྣམས་སྡུད་པ་ཞེས་བྱ ་བ་ལ་གང་ཟག་སེར་ན་ཅན་ནི་སྦྱིན་པས་བསྡུས་ཏེ་དགེ་བ་ལ་འགོད། ཞེ་སྡང་ཅན་ནི་བྱམས་པས་བསྡུས་ཏེ་དགེ་བ་ལ་འགོད། ང་རྒྱལ་ཅན་ནི་སེམས་དང་མི་འགལ་བར་དོན་མཐུན་པས་བསྡུས། ལེ་ལོ་ཅན་རྣམས་ནི་ལས་ཀྱི་གྲོགས་བྱེད་ཏེ་དོན་སྤྱད ་བས་བསྡུས་ནས་དགེ་བ་ལ་འཛུད་བའོ། །ཡོངས་སུ་བསྔོ་བའི་ཆོག་ཤེས་པ་ནི་དགེ་བ་ཕྲན་ཚེགས་ཆུང་ངུ་ཡན་ལག་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་བསྔོས་པས་བསོད་ནམས་ཀྱི་ཚོགས ་དཔག་ཏུ་མེད་པ་འཕེལ་བའོ། །ཐབས་མཁས་པས་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པའི་དབང་གིས་ཐེག་པ་ཆོག་གིས་འབྱུང་བ་སྟོན་པ་ཞེས་བྱ་བ་ལ་སྙིང་རྗེ་དང་ཤེས་རབ་ལྡན་པ་ནི་ཐབས་མཁས་པ་ཞེས་བྱའོ། །ཐེག་པ་ཆུང་ངུ་དང་དུས ་དང་བག་ཆགས་དང་བསྐལ་བ་ཐ་དད་བ་ནི་སེམས་ཅན་གྱི་སྤྱོད་པའི་དབང་ཞེས་བྱ་སྟེ། ཤེས་རབ་ཀྱི་སྐལ་པ་ཆེ་ཆུང་བརྟགས་ནས་ཡིད་དང་མཐུན་པར་སྔར་ཐེག་པ་གསུམ་ལ་བཀོད་དེ་འཇུག་ཏུ་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པ་ནི། ཐེག་པ་མཆོག་གིས ་བྱུང་བ་སྟོན་པ་ཞེས་བྱའོ། །ཐེག་པ་ཆེན་པོ་ལས་མ་ཉམས་པ་ནི་སྙིང་རྗེ་དང་ལྡན་པས་ཉན་ཐོས་ཀྱི་ཐེག་པ་མི་སྤྱོད་དེ་འཁོར་བ་མི་གཏོང་ལ་ཤེས་རབ་དང་ལྡན་པས་འཁོར་བ་ན་གནས་ཀྱང་འཁོར་བའི་ཉེས་པས་མི་དགོས་ཏེ་མི་གནས་པའི་མྱ་ངན་ལས ་འདས་པ་ནི་ཐེག་པ་ཆེན་པོ་ལས་མཉམས་བ་ཞེས་བྱའོ། །འཁོར་བ་དང་མྱ་ངན་ལས་འདས་པའི་སྒོ་སྟོན་པ་ནི་དགའ་ལྡན་གྱི་ཕོ་བྲང་ནས་འཆི་འཕོ་བ་དང། ལྡུམས་སུ་གཤེགས་ཅིང། བལྟམ་ནས་གཞོན་ནུ་རོལ་ཅིང་ཁབ་ནས་བཞུགས་པའི ་བར་དག་སྟོན་པ་ནི་འཁོར་བའི་སྒོ་སྟོན་པའོ། །ཁབ་ནས་འབྱུང་བ་དང། དཀའ་བ་སྤྱད་དེ་བདུད་བཏུལ་ཅིང་འཚང་རྒྱ་བ་དང་སྐུ་ཚེ་འདས་པ་སྟོན་པ་ནི་མྱ་ངན་ལས་འདས་པའི་སྒོ་སྟོན་པའོ། །ཟུང་དང་སྣེལ་ཞིའི་རྒྱུད་ལ་མཁས་པ་ནི་ཀུན་རྫོབ་ཀྱི་བདེན ་པ་འགའ་ཞིག་འཚང་བའམ། ཡང་ན་དོན་དམ་པའི་བདེན་པ་འབའ་ཞིག་འཆང་བ་ནི་སྣེལ་ཞིང་རྒྱུད་ལ་མཁས་པའོ། །དོན་དམ་པའི་བདེན་པ་དང་ཀུན་རྫོབ་ཀྱི་བདེན་པ་གཉིས་ཀ་ཕྲུགས་སུ་འཆད་པ་ནི་ཟུང་གི་རྒྱུད་ལ་མཁས་པའོ། ་ཡང་ན་མེ་དང་ཆུ་གཉིས་ཀ་འབྱིན་པའམ། གང་ཡང་རུང་བ་གཅིག་ལུས་ལས་འབྱིན་པའི་རྫུ་འཕྲུལ་ལྟ་བུ་ནུས་པ་ལ་ཡང་བྱའོ། །ཡེ་ཤེས་སྔོན་དུ་འགྲོ་བས་མངོན་པར་འདུ་མི་བྱེད་ཅིང་ཁ་ན་མ་ཐོ་བ་མེད་པར་ཚེ་རབས་ཐམས་ཅད་དུ་མངོན ་པར་ཞུགས་པ་ནི། བྱང་ཆུབ་ཀྱི་སེམས་དཔའ་རྣམས་ལུས་དང་ངག་དང་ཡིད་ཀྱིས་སྤྱོད་པ་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་སྟེ་ཡེ་ཤེས་ཀྱིས་ཟིན་པས་སྡིག་པ་མི་བྱེད་ཅིང་དགེ་བ་ལ་འཇུག་པ་བཙལ། མི་དགོས་པར་འབྱུང་བས་མངོན་པར་འདུ\ ་བྱེད་པ་ཞེས་སོ་བྱ་ལ། དེ་ལྟར་ཁ་ན་མ་ཐོ་བའི་ཉེས་པ་མེད་བཞིན་དུ་སེམས་ཅན་གྱི་དོན་དུ་འཁོར་བར་སྐྱེ་བ་ནི་ཚེ་རབས་ཐམས་ཅད་དུ་མངོན་པར་ཞུགས་པ་ཞེས་བྱའོ། །ལུས་དང་ངག་དང་ཡིད་ཀྱི་མཛའ་དགེ་བ་བཅུ་དང་ལྡན་པ་ནི ་སྐྱེ་བོ་གཞན་ལྟར་དུས་འགའ་ཞིག་ཏུ་དགེ་བ་བྱས་པས་ཆོག་པར་འཛིན་ཅིང་གཏོང་བ་ལྟ་བུ་མ་ཡིན་གྱི། ནམ་སངས་རྒྱས་ཀྱི་བར་དུ་ལུས་དང་ངག་དང་ཡིད་གསུམ་གྱི་དགེ་བ་རྒྱུན་མི་གཅོད་པ་ནི་ལས་ཀྱི་མཛའ་དགེ་བ་བཅུ་དང་ལྡན་པ་ཞེས་བྱའོ།། ་སྡུག་བསྔལ་གྱི་ཕུང་པོ་ཐམས་ཅད་བཟོད་པའི་ལུས་ལེན་པས། སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་མི་གཏོང་པ་ནི་སྡུག་བསྔལ་ཉམས་སུ་ལེན་པ་དང། གནོད་པ་ལ་ཇི་མི་སྙམ་པའི་གཟོད་པ་གཉིས་ལས་སེམས་ཅན་གྱི་དོན ་བྱེད་པ་ནི་གྲང་བ་དང་ཚ་བ་དང། བཀྲེས་ཤིང་བསྐོམ་པ་དག་ནི་གནོད་པ་བྱུང་ཡང་མི་སྟོང་པ་ནི་སྡུག་བསྔལ་ཉམས་སུ་ལེན་པའི་བཟོད་པའོ། །སེམས་ཅན་རྣམས་ཀྱིས་བརྡེགས་པ་ལ་སོགས་པའི་གནོད་པ་བྱས་ཀྱང་མི་འཁྲུག་ཅིང ་སེམས་ཅན་གྱི་དོན་བྱེད་པ་མི་གཏོང་པ་ནི་གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་སྟེ། བཟོད་པ་དེ་གཉིས་དང་ལྡན་པའི་ལུས་དང་འགྲོགས་པས་དུས་ཐམས་ཅད་དུ་གནོད་པ་བྱུང་ཡང་སེམས་ཅན་གྱི་དོན་མི་འདོར་བས་ན་སྡུག་བསྔལ་གྱིས་ཕུང་པོ ་ཐམས་ཅད་བཟོད་པའི་ལུས་ལེན་པས་སེམས་ཅན་གྱི་ཁམས་ཐམས་ཅད་མི་གཏོང་པ་ཞེས་བྱའོ། །འགྲོ་བ་ཐམས་ཅད་མངོན་པར་དགའ་བར་སྟོན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་དང་ངག་གི་སྤྱོད་ལམ་ཐམས་ཅད་བསོད་ནམས ་དང་ཡེ་ཤེས་ཀྱིས་ཚོགས་ལས་བྱུང་བ་ཡིན་པས་ལུས་མཐོང་ཡང་རུང། སྨྲ་བའི་ཚེ་ཐོས་ཀྱང་རུང་གང་གི་སྒོ་ནས་ཀྱང་སེམས་ཅན་རྣམས་དད་པ་དང་དགའ་བ་སྐྱེ་ཞིང་ཡིད་དང་མི་འཐུན་པ་མི་འབྱུང་བས་འགྲོ་བ་དགའ་བར་སྟོན་པ་ཞེས་བྱ ་ཕྱིས་པ་དང་ཉན་ཐོས་ཀྱི་མི་བཟོད་པ་ཇི་སྙེད་གཅིག་གི་ནང་ན་ཡང་དགེ་བ་མང་པོ་རིན་པོ་ཆེའི་ཤིང་དཔག་བསམ་ལྟར་བསྟན་པའི་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སེམས་མ་ཉམས་པ་ནི་སྐྱེ་བོ་རྣམས་ལ་ཤེས་རབ་མེད་པས་འདོད་ཆགས་ལ་སོགས་པའི ་ཉོན་མོངས་པས་བཅིངས་ཤིང། སྐྱེ་རྒ་ན་འཆི་ལ་སོགས་པའི་སྡུག་བསྔལ་གྱིས་རྒྱུན་དུ་གཙེ་བ་ནི་བྱིས་པའི་མི་བཟད་པའོ། །ཉོན་མོངས་པས་སངས་པའི་ཤེས་རབ་ཡོད་ན་ཡང་སྙིང་རྗེ་ཆེན་པོ་མེད་པས་སེམས་ཅན་ཐམས་ཅད་ཀྱི་དོན་བཏང་སྟེ། བདག ་འབའ་ཞིག་མྱ་ངན་ལས་འདའ་བ་ནི་ཉན་ཐོས་ཀྱིས་མི་ཟད་པ་སྟེ། གཉིས་ཀྱི་ནང་གནས་ཀྱང་ཐབས་དང་ཤེས་རབ་ཏུ་ལྡན་པས་དགེ་བ་མང་པོ་འཕེལ་བའི་རྒྱུ་བདག་དང་གཞན་གཉིས་ཀའི་རྒྱུན་མི་སྤྱོད་ཅིང་བྱང་ཆུབ་ཀྱི་སེམས་ཅུང་ཟད་ཀྱང་མི་གཏོང་པ་ནི ་དགེ་བ་མང་པོ་རིན་པོ་ཆེའི་དཔག་བསམ་གྱིས་ཤིང་ལྟར་བསྟན་པའི་ཐམས་ཅད་མཁྱེན་པའི་སེམས་མ་ཉམས་པ་ཞེས་བྱའོ། །ཆོས་ཐམས་ཅད་ཀྱི་ཕབས་སྦྱིན་པས་དབང་བསྐུར་བ་ཐོབ་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཆོས་བཙལ་བ་བསྟན་པ་ལས་མི ་ལྡོག?་པ་ནི་འཇིག་རྟེན་རང་འཇིག་རྟེན་ལས་འདས་པ་དང། ཕྱི་ནང་གི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཀྱི་ཇི་སྙེད་པ་ཐམས་ཅད་མངོན་དུ་གྱུར་པས་ས་བཅུ་པའི་དུས་ན་ནི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་ཀྱི་རྒྱལ་པོའི ་རྒྱལ་ཚབས་ཏུ་དབང་བསྐུར་བ་མཛད་པས་ན་ས་བཅུའི་དུས་ན་ནི་ཆོས་ཐམས་ཅད་ཀྱི་ཐབས་སྦྱིན་པས་དབང་བསྐུར་བ་ཞེས་བྱའོ། །དེ་ལྟ་བུའི་གནས་ཐོབ་པར་བྱ་བའི་ཕྱིར་བདག་ཉིད་ཀྱང་སངས་རྒྱས་ཀྱི་ཆོས་ཉན་པ་ལ་སོགས་པའི་སྒོ་ནས་ཚལ་ཞིང་གཞན ་ལ་བསྟན་ཅིང་བཤད་པའི་རྒྱུན་མི་གཅོད་པ་ནི་སངས་རྒྱས་ཀྱི་ཆོས་བཙལ་བ་བསྟན་པ་ལས་མི་ལྡོག་པ་ཞེས་བྱའོ། །མཆོག་ཏུ་དགའ་བ་སྔོན་དུ་འགྲོ་བའི་ཆོས་དགུ་ལ་ཞེས་བྱ་བ་ལ་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ནི་མཆོག ་ཏུ་དགའ་བ་ཞེས་བྱའོ། །དེའི་སྔོན་དུ་འགྲོ་བ་ནི་དེ་ཐོབ་པའི་རྒྱུ་རོལ་པ་སྟེ། ལྷག་པའི་བསམ་པ་གསུམ་བདེ་བླག་ཏུ་སྲུང་བ་ལ་བྱའོ། །དེ་ཡང་དགུ་སྟེ། རབ་ཏུ་དགའ་བ་ལས་དག་པ་སྐྱེ་བོ་ཞེས་བྱ་བ་ལ། འདོད་ཆགས་དང། ་ཞེ་སྡང་གིས་སེམས་མ་བཀྲུགས་ཏེ་ལུས་ཀྱིས་དགེ་བ་གསུམ་བདེ་བླག་ཏུ་སྲུང་བ་ནི་རབ་ཏུ་དགའ་བ་ཞེས་བྱ་སྟེ། དགའ་བ་དེས་རྒྱུ་བྱས་ནས་ཡིད་ཀྱི་དགེ་བ་གསུམ་བདེ་བླག་ཏུ་སྲུང་ནུས་པ་ནི་དགའ་བ་སྐྱེ་བོ་ཞེས་བྱའོ། །ཡིད་དགའ་བས་ལུས ་ཤིན་ཏུ་སྦྱངས་པར་འགྱུར་རོ་ཞེས་བྱ་བ་ནི་ཡིད་དགའ་སྟེ། ཡིད་བྱིས?་དགེ་བ་གསུམ་བདེ་བླག་ཏུ་སྲུང་ནུས་ནི་དེའི་རྒྱུ་ལས་ལུས་ལས་སུ་རུང་སྟེ། ཅི་ཞིང་མི་བདེ་བ་མེད་པར་འགྱུར་པས་ཡིད་དགའ་བའི་ལུས་ཤིན་ཏུ་སྤངས་པར་འགྱུར་ས་ཞེས ་བྱའོ། །ལུས་ཤིན་ཏུ་སྦྱངས་པས་བདེ་བ་འབྱོར་བར་འགྱུར་རོ་ཞེས་བྱའོ། །འདི་ཡན་ཆད་བཞིས་ནི་ལྷག་པའི་ཚུལ་ཁྲིམས་ལ་གནས་པར་བསྟན་ཏོ། །བདེ་བར་གྱུར་པའི་སེམས་མཉམ་པར་འཇོག་གོ་ཞེས་བྱ་བ་ནི་སེམས་ལས་སུ་རུང་སྟེ ་བར་གྱུར་ན་དེའི་རྒྱུ་ལས་རྒོམ་པ་བོའི་རྒྱུད་ལ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་སྐྱེ་བར་འགྱུར་བོ་ཞེས་བྱ་བའི་དོན་ཏོ། །དེས་ནི་ལྷག་པའི་སེམས་ཀྱིས་བསླབ་པ་བསྟན་ཏོ། །སེམས་མཉམ་པར་བཞག་ཡང་དག་པ་ཇི་ལྟ་བ་བཞིན་དུར་བ ་ཡ་བར་སའ?་ཇི་ལྟ་བ་བཞིན་དུ་མཐོང་ངོ། །ཞེས་བྱ་བ་ནི་དཔེར་ན་ཆུ་ཀླུང་ལ་སོགས་པ་མ་བསྙོགས་པ་བསྐྱོད་ན་བཞིན་གྱི་གཟུགས་བརྙན་ལ་སོགས་པ་བསལ་བར་སྣང་དེ་དང་འདྲ་བར་སེམས་མཉམ་པར་བཞག་སྟེ། རྣམ་པར ་རྟོག་པའི། སྟགས་ན་བསྐྱོད་ན་ལྷག་མཐོང་དང་ཞི་གནས་ཟུང་དུ་འབྲེལ་ཏེ། བདེན་པ་བཞི་ལ་སོགས་པ་ཆོས་ཀྱི་མཚན་ཉིད་ལྕག་མཐོང་གིས་ཤེས་ཤིང། ཞི་གནས་ཀྱི་མཐོང་བ་ཕྱིན་ཅི་མ་ལོག་པ་ནི་གང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ ་དང། ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་ཞེས་བྱའོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ན་སྐྱོ་བར་འགྱུར་རོ་ཞེས་བྱ་བ་ནི་བདེན་པ་བཞི་ལ་སོགས་པའི་མཚན་ཉིད་མ་ནོར་བར་མཐོང་ཞིང་ཤེས་པའི་སྒོ་ནས་སྡུག་བསྔལ་གྱི་བདེན་བར་གཏོགས ་པ་འཁོར་བའི་ཉེས་དམིགས་མཐོང་ནས་འཁོར་བས་ཡིད་བྱུང་བ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ན་སྐྱེ་བར་འགྱུར་བའོ། །བ་དན་དང་མ་འདི་གཉིས་ནི་ལྷག་པའི་ཤེས་རབ་ཀྱིས་བསླབ་པར་བསྟན་ཏོ། །སྐྱོན་འདོད་ཆགས་དང་བྲལ་བ ་འགྱུར་རོ་ཞེས་བྱ་བ་ནི་དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ལ་སྐྱོ་བར་གྱུར་ན་སྡུག་བསྔལ་དེ་བསྐྱེད་པར་བྱེད་པའི་རྒྱུ་སུན་འབྱུང?་གིས་བདེན་པར་གཏོགས་པ། ཁམས་གསུམ་གྱི་ཉོན་མོངས་པ་རྣམས་སྤོབས་པར་བྱེད་པས་ན་སྐྱོན་འདོད་ཆགས་དང་གྲལ ་བར་འགྱུར་རོ་ཞེས་བྱའོ། །འདོད་ཆགས་དང་བྲལ་ན་རྣམ་པར་གྲོལ་བར་འགྱུར་རོ་ཞེས་བྱ་བ་ནི། དེ་ལྟར་ཁམས་གསུམ་གྱི་མཐོང་བསྒོམ་གྱིས་ཉོན་མོངས་པ་སྤངས་ན་མྱ་ངན་ལས་འདས་པ་འགོག་པ་བདེན་པ་མངོན་སུམ་དུ་འགྱུར་བས་ན་འདོད ་ཆགས་དང་བྲལ་ན་རྣམ་པར་གྲོལ་བར་འགྱུར་རོ་ཞེས་བྱའོ། །གོང་མ་འདི་གཉིས་ཀྱིས་ནི་རྣམ་པར་ག་བ?་པའི་འདུས་སོ་པ་ཐོས་པར་བསླན་ཏོ། །རྣམ་པར་གྲེལ་བ་ལ་བདག་རྣམ་པར་གྲོལ་བའོ་སྙམ་པའི་ཡེ་ཤེས་མཐོང་བ་འབྱུང་ངོ་ཞེས་བྱ་བ་ནི ་དེ་ལྟར་མྱ་ངན་ལས་འདས་པ་ཐོབ་པའི་འོག་ཏུ་ཡེ་ཤེས་འདི་ལྟ་བུ་སྐྱེ་སྟེ། སྡུག་བསྔལ་ཤོས་པར་བྱ་བ་ཤིས་པའོ་བྱ་བ་ཡིན་པའི་དེ་ཤེས་པར་བྱ་མི་དགོས། ཀུན་འབྱུང་བ་སྤང་བར་བྱ་བ་སྤངས་ཟིན་པས་དེ་སྤང་མི་དགོས། འགོག་པ་སྔོན་དུ་བྱ་བ ་མངོན་དུ་བྱས་ཟིན་པས་དེ་སྔོན་དུ་བྱ་མི་དགོས། ལམ་བསྒོམ་པར་བྱེ་བ་བསྒོམ་ཟིན་བྱས་པ་བསྒོམས་མ་དགོས་སོ་ཞེས་བྱ་བའི་ཡེ་ཤེས་བཞི་སྐྱེས་པ་ནི། རྣམ་པར་གྲོལ་བ་ལ་བདག་རྣམ་པར་གྲོལ་བའོ་སྙམ་པའི་ཡེ་ཤེས་མཐོང་བ་འབྱུང་སྟེ། རྣམ་པར ་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཐོབ་པ་ཞེས་བྱའོ། །སྤྱིར་ཚིག་དེ་དག་གི་ཟག་པ་མེད་པའི་ཕུང་པོ་ལྔ་ཐོབ་པར་བསྟན་ཏོ། །ཟད་པར་གྱི་སྐྱེ་མཆེད་བཅུ་སང་ཟད་པར་སྔོན་པོའི་སྐྱེ་མཆེ་དང། ཟད་པར་སེར་པོའི་སྐྱེ་མཆེ་དང། ཟད་པར་དམར་པོ? ་སྐྱེས་མཆེད་དང། ཟད་པར་དཀར་པོའི་སྐྱེ་མཆེད་དང། ཟད་པར་སའི་སྐྱེ་མཆེད་དང། ཟད་པར་ཆུའི་སྐྱེ་མཆེད་དང། ཟད་པར་མེའི་སྐྱེ་མཆེད་དང། ཟད་པར་རླུང་གི་སྐྱེ་མཆེད་དང། ཟད་པར་ནམ་མཁའ་ཨི་སྐྱེ་མཆེད་དང། ཟད་པར་རྣམ་པར་ཤེས་པའི ་སྐྱེ་མཆེད་དང། ལ་ལ་ཟད་པར་སའོ་ཞེས་སྟེང་དང་འོག་དང་ཐད་ཀར་གཉིས་སུ་མེད་ཅིང་ཚད་མེད་པར་འདུ་ཤེས་སུ་བྱེད། ལ་ལ་ཟད་པར་ཆུ་དང། མེ་དང། རླུང་དང། སྔོན་པོ་དང། སེར་པོ་དང། དམར་པོ་དང། དཀར་པོ་ཞེས་སྟེང་དང ་འོག་དང་ཐད་ཀར་གཉིས་སུ་མེད་ཅིང་ཚད་མེད་པར་འདུ་ཤེས་སུ་བྱེད་པའོ་ཞེས་བྱ་བ་ནི་བསམ་གཏན་གྱིས་སེམས་ལ་དབང་ཐོབ་པའི་རྣལ་འབྱོར་པས་ཇི་ལྟར་འདོད་པ་བཞིན་དུ་འབྱུང་བ་ཆེན་པོ་བཞི་དང་ཁ་དོག་བཞི་སྟེ་བརྒྱད། ནམ ་མཁའ་དང་དགུ་།རྣམ་པར་ཤེས་པ་དང་བཅུ་པོ་དེ་དག་གང་ཡང་རུང་བ་གཅིག་ལ་བསམས་ཏེ། ཕྱོགས་མཚམས་བླ་འོག་ཐམས་ཅད་མེ་ཕུང་དུ་བསྒྱུར་བ་དེ་བཞིན་དུ་མེའི་ཕུང་པོ་ཁོ་ནར་འགྱུར་རོ། །དེ་བཞིན་དུ་ཁ་དོག་ལ་སོགས་བཅུ་ཆར ་ལ་ཡང་ཇི་ལྟར་བསྒྱུར་བ་བཞིན་དུ་འགྱུར་བའི་རང་དབང་ཐོབ་པ་ནི། ཟད་པར་གྱི་སྐྱེ་མཆེད་བཅུ་ཞེས་བྱ་སྟེ། རེ་རེ་ལ་ཡང་དེ་བཞིན་དུ་སྦྱར་རོ། །ཟད་པར་སའོ་ཞེས་སྟེང་དང་འོག་དང་ཐད་ཀར་གཉིས་སུ་མེད་ཅིང་ཚད་མེད་པར ་འདུ་ཤེས་སུ་བྱེད་ཅེས་བྱ་བ་ནི་ས་དང་ཆུ་ལ་སོགས་པ་གང་ཡང་རུང་བ་གཅིག་བསྒྱུར་བའི་དུས་ན་དེ་ལས་གཞན་པའི་བྱེ་བྲག་ཐ་དད་པ་མེད་པས་གཉིས་སུ་མེད་ཅེས་བྱའོ། །ས་ཁྱོན་འདི་ཕན་ཆད་དང་ཚུན་ཆད་ཅེས་བྱེ་བྲག་དབྱེར་མེད་པ ་ཚད་མེད་ཅེས་བྱའོ། །ཐམས་ཅད་ཀྱང་ས་སྣ་དག་གི་གང་ངོ་སྙམ་པ་ལ་སོགས་པར་གང་ཡང་རུང་བ་གཅིག་ཁོ་ན་ལ་དམིགས་པ་ནི་འདུ་ཤེས་སུ་བྱེད་པ་ཞེས་བྱ་སྟེ། གཞན་ལ་ཡང་རེ་རེ་ཞི་དེ་བཞིན་དུ་སྦྱར་རོ། །མི་སྡུག་པ་བསྒོམ་པ་དགུ་ལ་རྣམ་པར་བསྔོས་པའི ་ཤེས་ནི་མི་རོ་ལྟ་བུ་པགས་པའི་ཕྱི་རོལ་མདོག་སྔོན་པོར་གྱུར་བའོ། །རྣམ་པར་བསྣགས་པའི་འདུ་ཤེས་ནི་པགས་པའི་ནང་ཅི་འདྲ་བ་བརྟགས་ན་རྣག་དང་ཁྲག་དང། ཆུ་སེར་དང། བད་ཀན་དང་ཀླད་རྒྱས་ལྟ་བུས་གང་བར་གྱུར་པའོ། །རྣམ་པར་འབུས་བཤིག་པའི་འདུ ་ཤེས་ནི་ནང་དུ་སྤྲང་མ་སོང་ནས་འབུ་ཞུགས་པའོ། །རྣམ་པར་བམ་པའི་འདུ་ཤེས་ནི་ཕྱི་ནང་ཐམས་ཅད་རུལ་བའོ། །རྣམ་པར་དམར་བའི་འདུ་ཤེས་ནི་བྱ་ཁྱི་དང་ཝ་སྤྱང་གིས་རྨ་བཏོང་ཅིང་ནང་གི་ཤ་ཁྲག་ལ་སོགས་པ་ཕྱི་རོལ་དུ་སྣང་བའོ། །རྣམ་པར ་ཟོས་པའི་འདུ་ཤེས་ནི་བྱ་ཁྱི་ཝ་སྤྱང་ལ་སོགས་པས་ཟོས་པའོ། །རྣམ་པར་འཐོར་བའི་འདུ་ཤེས་ནི་ཟུག་བཞི་དང་རུས་ཚིགས་སོ་སོར་གྱེས་པའོ། །རྣམ་པར་ཚིག་པའི་འདུ་ཤེས་ནི་རུས་པ་ལ་ཤ་དང་ཆུ་བར་རི་དང་བཅས་པ་ཉི་མ་དང་ལྷག་པས ་བསྐམས་ཤིང་པ་དུངས་པའོ། །རུས་གོང་གིས་འདུ་ཤེས་ནི་རུས་པ་དུང་གི་མདོག་ལྟར་དཀར་པོར་གྱུར་པའོ། །དེ་དག་ནི་ལུས་ལ་འདོད་ཆགས་པའི་གཉེན་པོར་བསྟན་པའོ། །དབང་པོ་ཉི་ཤུ་རྩ་གཉིས་ལ། མིག་གི་དབང་པོ་དང། རྣ་བའི་དབང་པོ་དང ་སྣའི་དབང་པོ་དང། ལྕེའི་དབང་པོ་དང། ལུས་ཀྱི་དབང་པོ་དང། ཡིད་ཀྱི་དབང་པོ་དང། ཕོའི་དབང་པོ་དང། མོའི་དབང་པོ་དང། སྡུག་བསྔལ་གྱི་དབང་པོ་དང། བདེ་བའི་དབང་པོ་དང། ཡིད་བདེ་བའི་དབང་པོ་དང། ཡིད་མི་བདེ་བའི་དབང་པོ་དང། བཏང ་སྙོམས་ཀྱི་དབང་པོ་དང། དད་པའི་དབང་པོ་དང། བརྩོན་འགྲུས་ཀྱི་དབང་པོ་དང། དྲན་པའི་དབང་པོ་དང། ཏིང་ངེ་འཛིན་གྱི་དབང་པོ་དང། ཤེས་རབ་ཀྱི་དབང་པོ་དང། མི་ཤེས་པ་ཀུན་ཤེས་པའི་དབང་པོ་དང། ཀུན་ཤེས་པའི་དབང་པོ་དང། ་ཀུན་ཤེས་པ་དང་ལྡན་པའི་དབང་པོ་དང་སྲོག་གི་དབང་པོའོ། །ཉི་ཤུ་རྩ་གཉིས་པོ་དེ་དག་ཀྱང་རྣམ་པ་ལྔར་བསྡུ་སྟེ། སེམས་ཀྱི་རྟེན་དང། དེར་རྣམ་པར་རྟོག་པ་དང། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱད་བའི་ཚོགས་དང། རྣམ ་པར་བྱད་བའོ་དེ་ལ་མིག་ནས་ཡིད་ཀྱིས་པར་དྲུག་དང། སྲོག་གི་དབང་པོ་ནི་སེམས་ཀྱིས་རྟེན་ཏོ། །སྐྱེས་པ་དང་བུད་མེད་ཀྱི་དབང་པོ་ནི་དེར་རྣམ་པར་རྟོག་པ་སྟེ། སྐྱེས་པའོ་བུད་མེད་དོ་ཞེས་བཞན་གྱིས་དེ་ལ་རྟོག་གོ་།བདེ་བ་དང་ཡིད་བདེ་བ ་ནི་འདོད་ཆོ་གས་སྐྱེད། སྡུག་བསྔལ་དང་ཡིད་མི་བདེ་བ་ཞེ་སྡང་སྐྱེད། བཏང་སྙོམས་ནི་གཏི་མུག་བསྐྱེད་པས་ཀུན་ནས་ཉོན་མོངས་པའོ། །དད་པ་ལ་སོགས་པའི་དབང་པོ་ལྔ་ནི་མྱ་ངན་ལས་འདས་པའི་རྒྱུ་བྱེད་པས་རྣམ་པར་བྱད་བའི་ཆོ་གས ་སོ། །མི་ཤེས་པ་ཀུན་ཤེས་པ་ལ་སོགས་པ་གསུམ་ནི་རྣམ་པར་བྱད་བའོ། །དེ་ལ་མིག་གི་དབང་པོ་ནི་ཟར་མ་ཁ་བྱེ་བ་འདྲའོ། །རྣ་བ་ནི་གྲོ་བ་བཅུས་པ་འདྲའོ། །སྣ་ནི་མོ་ཁ་བ་གཤིབས་པ་འདྲའོ། །ལྕེ་ནི་ཟླ་བ་བཀས་པ་འདྲའོ། ་ལུས་ཀྱི་ནི་སེན་མོའི་ཁྲབ་གྱོན་པ་འདྲའོ། །ཡིད་ཀྱི་དབང་པོ་ནི་རྣམ་པར་ཤེས་པ་དྲུག་འདས་མ་ཐག་པའོ། །ཕོའི་ནི་ཐེ་བོང་འདྲའོ། །མོའི་ནི་ལྔའི་ཁོག་པ་འདྲའོ། །སྡུག་བསྔལ་གྱི་ནི་རྣམ་པར་ཤེས་པ་དང་དབང་པོར་བཅས་པའི་ལུས་མི ་བདེ་བ་མྱོང་བའོ། །བདེ་བ་ནི་རྣམ་པར་ཤེས་པ་དང་དབང་པོར་བཅས་པའི་ལུས་ལ་སིམ་པ་མྱོང་བའོ། །ཡིད་བདེ་བ་ནི་ཡིད་ཀྱིས་རྣམ་པར་ཤེས་པ་ལ་དགའ་བ་མྱོང་བའོ། །ཡིད་མི་བདེ་བ་ནི་ཡིད་ཀྱིས་རྣམ་པར་ཤེས་པ་ལ་གདུང་བ་སྐྱེས་པའོ། ་བཏང་སྙོམས་ཀྱིས་དབང་པོ་ནི་ལུས་དང་སེམས་གཉི་ཀ་ལ་ལྷག་པར་བདེ་བ་ཡང་མ་བྱུང་སྡུག་བསྔལ་ཡང་མ་སྐྱེས་པའོ། །དད་པའི་དབང་པོ་ནི་ལས་དང་འབྲས་བུ་དང་བདེན་པ་དང་དཀོན་མཆོག་ལ་ཡོད་པ་དང་ཡོན་ཏན་ཅན་ཡིན་པར ་ཡིད་ཆེས་ཤིང་སེམས་དང་བའོ། །བརྩོན་འགྲུས་ཀྱི་དབང་པོ་ནི་ཉན་པ་དང་སེམས་པ་དང་བསྒོམ་པ་ལ་སོགས་པ་དེ་དགེ་བའི་ཕྱོགས་རྒྱུན་མི་གཅོད་པའོ། །དྲན་པའི་དབང་པོ་ནི་ཆོས་ཀྱི་མཚན་ཉིད་མཉན་ཅིང་ཐོས་པའི་ཚིག་དང་དོན་བསྐལ་བར ་ཡང་མི་བརྗེད་པའོ། །ཏིང་ངེ་འཛིན་གྱི་དབང་པོ་ནི་བསྒོམ་པའི་ཡུལ་ལ་སེམས་རྩེ་གཅིག་ཏུ་གནས་པ་ལས་མི་ཉམས་པའོ། །ཤེས་རབ་ཀྱི་དབང་པོ་ནི་ཆོས་རྣམས་ཀྱི་རང་དང་ཅིའི་མཚན་ཉིད་མ་ནོར་བར་ཤེས་པའོ། །མི་ཤེས་པ་ཀུན་ཤེས་པའི ་དབང་པོ་ནི་མཐོང་བས་སྤངས་པའི་ཉོན་མོངས་པ་སྤོང་བ་ན་དད་པའི་དབང་པོ་ནས། ཤེས་རབ་ཀྱི་དབང་པོའི་བར་དུ་དབང་པོ་ལྔ་དང་བདེ་བའི་དབང་པོ་དང་ཡིད་བདེ་བ་དང། བཏང་སྙོམས་དང། ཡིད་ཀྱི་དབང་པོ་བཞི་སྟེ་དབང་པོ་དགུ་པོ་དེ་དག་གིས་མཐོང ་བས་སྤང་བའི་ཉོན་མོངས་པ་སྤང་བའི་ས་སྔོན་མི་ཤེས་པ་ཀུན་ཤེས་པར་གྱུར་པའོ། །ཀུན་ཤེས་པའི་དབང་པོ་ནི་བསྒོམ་པས་སྤང་བའི་ཉོན་མོངས་པ་སྤོང་བའི་དུས་ན་དབང་པོ་དགུ་པོ་དེ་དག་ཉིད་ཀྱིས་མི་མཐུན་པ་དང་གཉེན་པོའི་ཕྱོགས་གསལ ་བར་བྱེ་བྲག་ཕྱེད་པའོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོ་ནི་དགྲ་བཅོམ་པ་ཐོབ་པའི་དུས་ན་དབང་པོ་དགུ་པོ་དེ་དག་ཉིད་མཐོང་བསྒོམ་གྱི་ཉོན་མོངས་པ་མ་ལུས་པར་སྤངས་ཏེ་ཟད་ལ་མ་སྐྱེ་བའི་ཡེ་ཤེས་དང་ལྡན་པ་ལ་བྱའོ། །སྲོག་གི་དབང་པོ་ནི་ཇི་སྲིད་མ ་ཤིའི་བར་དུ་ཚེ་དང་སྲོག་འཛིན་པའོ། །བསོད་ནམས་བྱ་བའི་དངོས་པོ་ལི། སྦྱིན་བ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང། བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང ་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོའོ་ཞེས་བྱ་བ་ནི་དོན་དུ་ལོངས་སྤྱོད་ཕུན་སུམ་ཚོགས་པའི་རྒྱུ་དང། བདེ་འགྲོར་སྐྱེ་བའི་རྒྱུ་དང། ངན་འགྲོ་དང་བདེ་འགྲོ་ཟློག་པར་བྱེད་པའི་རྒྱུ་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ལ་སྦྱིན་པ་དང་རྫས་ལ་བྱུང་བས ་གཉིས་ནི་ལོངས་སྤྱོད་ཀྱི་རྒྱུའོ། །ཚུལ་ཁྲིམས་ནི་བདེ་འགྲོའི་རྒྱུའོ། །བསྒོམ་པ་ནི་ངན་འགྲོ་དང་བདེ་འགྲོ་གཉིས་ལས་ཟློག་པའི་རྒྱུའོ། །དེ་ལ་སྦྱིན་པ་གང་གིས་ཤེ་ན། སྦྱིན་བའི་བདག་པོ་དེས་སོ། །གང་ལ་ཞེ་ན་ཕོངས་པའི་སེམས་ཅན ་རྣམས་ལའོ། །གང་སྦྱིན་ཞེ་ན། བཟའ་བ་དང། བགོབ་ལ་སོགས་པའི་ཡོ་བྱད་སྣ་སྣ་ནས་ཅི་འཁོ་བ་རྣམས་སྦྱིན་པ་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཞེས་བྱའོ། །ཚུལ་ཁྲིམས་ནི་གང་གིས། གང་གིས་ཕྱིར་གང་བསྲུང་ཞེ་ན། དད་པ ་དང་ལྡན་པའི་གང་ཟག་གིས། ཚེ་འདིར་བདག་དང་གཞན་ལ་མི་གནོད་པར་བྱ་བའི་ཕྱིར་བསླབ་པ་ལྔ་དང་བཅུ་དང། ཉིས་བརྒྱ་ལྔ་བཅུ་ལ་སོགས་པ་སྲུང་བ་ནི་ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཞེས་བྱའོ། །བསྒོམ་པ་ནི་གང ་གིས། གང་གིས་ཕྱིར་གང་བསྒོམ་ཞེ་ན། རྣལ་འབྱོར་ལ་དགའ་བའི་གང་ཟག་གིས། ཉོན་མོངས་པའི་དྲི་མ་དག་པར་བྱ་བའི་ཕྱིར་ཚད་མེད་པ་བཞི་དང། རྣམ་པར་ཐར་བའི་སྒོ་གསུམ་ལ་སོགས་པ་བསྒོམ་པ་ནི། བསྒོམ་པ་ལས་བྱུང་བའི་བསོད ་ནམས་བྱ་བའི་དངོས་པོ་ཞེས་བྱའོ། །རྫས་ལས་བྱུང་བ་ནི་གང་གིས་གང་ལ་གང་འཕུལ་ཞེས། དད་པའི་ཁྱིམ་བདག་དང། བྲམ་ཟེ་ལ་སོགས་པས་དཀོན་མཆོག་གསུམ་ལ། གཙུག་ལག་ཁང་དང། གནས་ཁང་དང། བསྐྱེད་མོས་ཚལ་དང། ཞལ ་ཟས་དང། ན་བཟའ་དང། སྨན་ལ་སོགས་པ་ཡོ་བྱད་སྣ་ཚོགས་ཕུལ་བ་ནི། རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཞེས་བྱའོ། བྱིན་གྱིས་བརླབས་པ་བཞི་བདེན་པའི་བྱིན་གྱིས་བརླབས་དང། གཏོང་བའི་བྱིན་གྱིས་བརླབས་དང ་ཉེ་བར་ཞི་བའི་བྱིན་གྱིས་བརླབས་དང། ཤེས་རབ་གྱིས་བྱིན་བརླབས་སོ་ཞེས་བྱ་བ་ནི་འཕགས་པའི་ལམ་ཆོས་ཀྱི་དོན་གང་ཡིན་པ་ལ་གནས་པའི་དབང་ཐོབ་འདི་ཐུ་ཡོད་པ་ནི་བྱིན་གྱིས་བརླབས་ཞེས་བྱ་སྟེ། དེ་ལ་སྡུག་བསྔལ་གྱི་བདེན་པ་ཤེས ་པར་བྱ་བ་ཤེས་པར་བྱས་ཟིན་པ་ནི་བདེན་པའི་བྱིན་གྱིས་བརླབས་སོ། །ཀུན་འབྱུང་གི་བདེན་པ་སྤང་བར་བྱ་བ་སྤངས་ཟིན་པ་ནི་གཏོང་བའི་བྱིན་གྱིས་བརླབས་སོ། །འགོག་པའི་བདེན་པ་ངག་མངོན་དུ་བྱ་བ་སྔོན་དུ་བྱས་ཟིན་པ་ཉེ་བར་ཞི་བའི་བྱིན?་གྱིས་བརླབས་སོ།། ་ལམ་གྱི་བདེན་པ་བསྒོམ་པར་བྱ་བ་བསྒོམས་ཟིན་པ་ནི་ཤེས་རབ་ཀྱི་བྱིན་གྱིས་བརླབས་སོ། །རྒྱུ་དྲུག་ལ། བྱེད་རྒྱུ་དང། ལྷན་ཅིག་འབྱུང་བའི་རྒྱུ་དང། མཚུངས་པར་ལྡན་པའི་རྒྱུ་དང། སྐལ་པ་མཉམ་པའི་རྒྱུ་དང། ཀུན་ཏུ་འགྲོ་བའི་རྒྱུ་དང། རྣམ་པར ་སྨིན་པའི་རྒྱུའོ་ཞེས་བྱ་བ་ནི་ས་ཅུ་མེ་རླུང་ལྟ་བུ་གཅིག་གི་ནང་ན་ཡང་བཞི་ཚར་ཚད་པར་ཡོད་དེ། གཅིག་གི་རྒྱུ་གཅིག་གིས་བྱས་ནས་ཕན་ཚུན་གཅིག་ལ་གཅིག་བརྟེན་ཏེ། མགོ་མཉམ་དུ་འབྱུང་བ་ནི་དཔེར་ན་མི་གཅིག་པུས་འཇིགས་པར་འགྲོ་ནི་ནུས ་ཀྱི། མི་དུ་མ་བསྡོངས་ཏེ་དོར་ན་འཇིགས་པ་ལས་གཅིག་གིས་གཅིག་གྲོགས་བྱས་ནས་ཐར་པ་ལྟ་བུ་ནི་ལྷན་ཅིག་འབྱུང་བའི་རྒྱུ་ཞེས་བྱའོ། །སེམས་དང་སེམས་ལས་བྱུང་བ་རྣམས་ཡུལ་ལ་འཇུག་ཅིང་གཅོད་པ་ན་གཅིག་པུས་འཇུག་ཅིང་གཅོད ་མ་ནུས་ཀྱི། སེམས་དང་སེམས་ལས་བྱུང་བ་དུ་མ་གཅིག་གི་རྒྱུ་གཅིག་གིས་ཕན་ཚུན་དུ་གྲོགས་བྱས་ནས་མགོ་མཉམ་དུ་འབྱུང་བ་སྟེ། དཔེར་ན་གོང་མ་ནི་རྣམས་སུ་གྲོགས་ཉི་ཚེ་ཙམ་བྱས་བར་ཟད་ཀྱི་འདི་ནི་གྲོགས་ཀྱང་བྱས་ལ། འགྲོ་མ་ནུས ་ན་ཡང་འདུག་མི་གནང་བར་རྒྱགས་འཐུད་ཀྱང་བྱས་ཏེ། ཁྲིད་པ་དང་འདྲ་པར་འབྱུང་བ་ནི་མཚུངས་པར་ལྡན་པའི་རྒྱུ་ཞེས་བྱའོ། །སེམས་དགེ་བ་ཞིག་སྐྱེས་ན་སེམས་ལས་བྱུང་བ་ཡང་དགེ་བར་སྐྱེ། སེམས་མི་དགེ་བ་ཞིག་བྱུང་ན་སེམས་ལས ་བྱུང་བ་ཡང་མི་དགེ་བ་འབྱུང་སྟེ། སེམས་ཇི་ལྟར་སྐྱེས་པ་དང་མཐུན་པར་སེམས་ལས་བྱང་བ་ཡང་དེ་ལྟ་བའི་བྱུང་བ་ནི་སེལ་པ་མཉམ་པའི་རྒྱུ་ཞེས་བྱའོ། །འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་དང། གཟུགས་མེད ་པའི་སྙོམས་པར་འཇུག་པ་བཞི་སྟེ། གནས་དེ་དགུར་སྔར་སྐྱེས་པ་ནི་ཕྱིས་ཉོན་མོངས་པ་ཅན་གྱིས་ཆོས་སྐྱེ་བར་འགྱུར་བས་ན་ཀུན་ཏུ་འགྲོ་བའི་རྒྱུ་ཞེས་བྱའོ། །ལས་དགེ་བའི་རྒྱུས་མཐོ་རིས་སུ་སྐྱེ་ལ་ལས་མི་དགེ་བའི་རྒྱུས ་ངན་སོང་དུ་སྐྱེ་ཞིང་ལུས་བཟང་ངན་དུ་སྐྱེ་བ་ནི་རྣམ་པར་སྨིན་པའི་རྒྱུ་ཞེས་བྱའོ། །ཆོས་གང་ཅི་ཡང་རུང་སྟེ་སྐྱེ་བ་ལ་མི་སྒྲིབ་ཅིང་གེགས་མི་བྱེད་པ་སྟེ། དཔེར་ན་མྱུ་གུ་སྐྱེ་བ་ལ་གཞན་གྱིས་བགེགས་མི་བྱེད་པའི་ཕྱིར་བྱེད་པའི་རྒྱུ་ཞེས་བརྟགས་སོ།། ་རྐྱེན་བཞི་ལ། རྒྱུའི་རྐྱེན་དང། བདག་པོའི་རྐྱེན་དང། དེ་མ་ཐག་པའི་རྐྱེན་དང། དམིགས་པའི་རྐྱེན་ནོ་ཞེས་བྱ་བ་ལ། ཀུན་བཞི་རྣམ་པར་ཤེས་པ་ནི་རྒྱུ་ཡང་བྱེད་རྐྱེན་དུ་ཡང་བྱེད་པས་རྒྱུ་རྐྱེན་ནོ། །མིག་ལ་སོགས་པའི་དབང་པོ་ལྔ་ནི་རང་རང ་གི་རྣམ་པར་ཤེས་པ་སྐྱེས་པའི་བདག་པོ་བྱེད་པའི་བདག་པོའི་རྐྱེན་ནོ། །ཡིད་ཀྱི་དབང་པོ་འགགས་མ་ཐག་པ་ནི་ཡིད་ཀྱིས་རྣམ་པར་ཤེས་པ་སྐྱེད་པས་དེ་མ་ཐག་པའི་རྐྱེན་ནོ། །གཟུགས་དང་སྒྲ་ལ་སོགས་པ་ཕྱིའི་ཡུལ་དྲུག་ནི་རྣམ་པར་ཤེས་པའི ་དམིགས་པའི་རྐྱེན་ནོ། །འབྲས་བུ་ལྔ་ལ། རྒྱུ་མཐུན་པའི་འབྲས་བུ་དང། བདག་པོའི་འབྲས་བུ་དང། སྐྱེས་བུ་བྱེད་པའི་འབྲས་བུ་དང། རྣམ་པར་སྨིན་པའི་འབྲས་བུ་དང། བྲལ་བའི་འབྲས་བུའོ་ཞེས་བྱ་བ་ལ། ཚེ་སྔ་མ་ལ་དགེ་བ་བྱེད་བྱེད་ན། ཚེ ་འདིར་ཡང་དགེ་བ་བྱེད་འདོད་ལ། ཚེ་སྔ་མ་ལ་སྡིག་པ་བྱེད་བྱེད་ནས་ཚེ་འདིར་ཡང་སྡིག་པའི་ལས་བྱེད་འདོད་པ་ནི་རྒྱུ་མཐུན་པའི་འབྲས་བུའོ། །ཚེ་རབས་སྔ་མ་ལ་སྡིག་པ་མི་དགེ་བ་བྱས་པས་ཚེ་འདིར་ཡང་ཡུལ་ཁམས་ངན་པར་སྐྱེས་པ་དང། ་དགེ་བ་བྱས་པ་ཡུལ་བཟང་པོར་སྐྱེས་ཏེ། ཡུལ་བཟང་ངན་གྱིས་བདག་པོར་སྐྱེ་བ་ནི་བདག་པོ་འབྲས་བུའོ། །ཞིང་ལ་སོ་ནམ་བྱས་པས་ནས་མང་དུ་རྙེད། ཚོད་བྱེས་པས་ཟོད་མང་དུ་རྙེད། རྫིའུ་བྱས་པས་བྱུགས་མང་དུ་རྙད་པ་ལྟ་བུ་བྱེད ་བའི་འབྲས་བུའོ། །སྦྱིན་པ་བྱས་པས་ཕྱུག་པོར་འགྱུར་བ་དང་རྐུ་འཕྲོགས་བྱས་པས་དབུལ་བོར་འགྱུར་བ་དང། །བསེད་རྐྱེན་དང་བརྡེག་འཚོག་བྱས་པས་ཚེ་ཐུང་ཞིང་ནད་མང་བར་འགྱུར་བ་ལ་སོགས་པ་ནི་རྣམ་པར་སྨིན་པའི་འབྲས་བུའོ། །འཕགས ་པའི་ལམ་བསྒོམས་ནས་ཉོན་མོངས་པ་ནི་བྲལ་བའི་འབྲས་བུའོ། །ཆོས་ཡང་དག་པར་ལེན་པ་བཞི་ལ་ད་ལྟར་བྱུང་བ་ལ་བདེ་ལ་ཕྱི་མ་ལ་རྣམ་པར་སྨིན་པ་སྡུག་བསྔལ་ནི་ཚེ་སྔ་མ་ལ་སོགས་པའི་ཤུགས་ཀྱི་རི་དགས་འཚོང་དུ་བཅུག་ན་དཀའ་བ་མེད་དེ་སྐྱེལ ་ཅིང་དགའ་བ་བཞིན་དུ་ཚོར་ནུས་ལ། རྒྱུ་དེས་ཚེ་ཕྱི་མ་ལ་ངན་སོང་གསུམ་དུ་སྐྱེ་བ་ལ་བྱའོ། །ད་ལྟར་བྱུང་བ་ལ་སྡུག་བསྔལ་ལ་ཕྱི་མ་ལ་རྣམ་པར་སྨིན་པ་བདེ་བ་ནི་ཚེ་སྔ་མ་ལ་གོམས་པ་མེད་པས་དགེ་བའི་ཕྱོགས་ལ་དཀའ་ཐུབ་སྣ་ཚོགས་མི ་ནུས་ཤིང་བཀའ་བཞིན་དུ་བྱེད་དེ། སྡུག་བསྔལ་ཆེ་ཡང་ཚེ་ཕྱི་མར་མཐོ་རིས་དང་ཐར་པའི་གནས་སུ་སྐྱེ་བ་ལ་བྱའོ། །ད་ལྟར་བྱུང་བ་ལ་ཡང་སྡུག་བསྔལ་ལ་ཕྱི་མ་ལ་རྣམ་པར་སྨིན་པ་ཡང་སྡུག་བསྔལ་བ་ནི་ཚེ་སྔ་མ་ལ་གོམས་པ་མེད་པར་རི་དགས ་འཚོར་དུ་བཅུག་པ་ལྟ་བུ་ཉམས་ཀྱིས་མི་ལྕོགས་ཏེ། འཕྲལ་དུ་ཡང་མི་ནུས་ཤིང་མི་བདེ་ལ་ཚེ་ཕྱི་མར་ཡང་ངན་སོང་གསུམ་དུ་སྐྱེ་བ་ལ་བྱའོ། །ད་ལྟར་བྱུང་བ་ལ་ཡང་བདེ་ལ་ཕྱི་མ་ལ་ཡང་རྣམ་པར་སྨིན་པ་བདེ་བ་བསམ་གཏན་ལ་གནས་པ་དག་ད་ལྟར ་ཡང་ལུས་དང་སེམས་བདེ་ལ། དེའི་འབྲས་བུ་ཡང་མཐོ་རིས་དང་མྱ་ངན་ལས་འདས་པ་ལ་ཐོབ་པ་ལ་བྱའོ། །སྡུག་བསྔལ་བརྒྱད་ལ། སྐྱེ་བའི་སྡུག་བསྔལ་ནི་ཁམས་གསུམ་དུ་སྐྱེ་བའི་ཕུང་པོ་གྲུབ་ན་སྡུག་བསྔལ་གསུམ་དང་བརྒྱད་ཀྱིས་བཞི་ལྟ་བུར་གྱུར ་ཏེ། སྡུག་བསྔལ་གྱི་སྡུག་བསྔལ་དང། །འགྱུར་བའི་སྡུག་བསྔལ་དང་འདུ་བྱེད་ཀྱི་སྡུག་བསྔལ་གྱི་ཁྱབ་པའི་ཕྱིར་སྐྱེ་བའི་སྡུག་བསྔལ་ཞེས་བྱའོ། །ལང་ཚེ་གཞོན་ནུ་མཐུ་རྩལ་དང་སྟོབས་དང་བྱད་བཞིན་གྱི་ཁ་དོག་དང་དབྱིབས་རྣམས་གཞོན་ནུ་ལས་ཉམས ་ཏེ་སྐྲ་དཀར་དང་གཉེར་མས་གང་ཞིང་བརྩོན་འགྲུས་དང་བློ་གྲོས་ལ་སོགས་པ་མེད་པར་གྱུར་པ་ནི། རྒ་བའི་སྡུག་བསྔལ་ཞེས་བྱའོ། །ལུས་ལ་བད་ཀན་དང་ཆུ་སེར་རམ་མཛེ་དང་ཤུ་བ་དང་རིམས་ཀྱིས་བཏབ་པ། བདག་གི་འཁོར ་གཉེན་གཤེས་དང་ནོར་རྫས་ལ་སོགས་པ་ལ་དམིགས་ཏེ་སེམས་ཀྱིས་ནང་དུ་གདུང་ཞིང་མྱ་ངན་སྐྱེས་པ་དག་ནི་ན་བའི་སྡུག་བསྔལ་ལོ། །ལས་དང་ཚེ་ཟད་དེ་དྲོད་དང་རྣམ་པར་ཤེས་པས་ལུས་གཏོང་བ་ན་ཉེ་དུ་གཉེན་གཤེས་སྡུག་པ་དང། ནོར་རྫས ་བཟང་པོ་རྣམས་ནི་བོར། གཤིན་རྗེ་ཐག་འབྲེང་དང་དབྱུག་ལྕག་ཐོག་བ་རྣམས་ཀྱིས་རང་དབང་མེད་པར་ཁྲིད་པ་ནི་འཆི་བའི་སྡུག་བསྔལ་ལོ། །སེམས་ཅན་ཡང་རུང་སེམས་ཅན་མ་ཡིན་པ་ནོར་རྫས་ཀྱང་རུང་བདག་ལ་མཁོ་ཞིང་གཅེས་པ་ལས་མེ་དང ་ཆུ་ལ་སོགས་པའི་སྒྲ་དག་གིས་ཕྲོག་པ། ཤི་བརླག་པར་གྱུར་པའི་སྒོ་ནས་མྱ་ངན་སྐྱེ་ཞིང་སེམས་གདུངས་པ་ནི་སྡུག་པ་དང་བྲལ་བའི་སྡུག་བསྔལ་ལོ། །གནས་མི་བདེ་བ་དང་གྲོགས་མི་སྲུན་པ་དང། ལས་མི་བདེ་བའི་འབྲས་བུ་ལ་སོགས་པ་ཡིད་དུ་མི ་འོང་བ་དང་འཕྲད་ནས་རྟག་ཏུ་ལུས་དང་སེམས་ལས་གནོད་ཅིང་ཞེ་སྡང་སྐྱེ་བར་བྱེད་པ་ནི། མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་ཞེས་བྱའོ། །གོང་མ་ལྟ་བུའི་སྡུག་པ་རྣམས་དང་འགྲོགས་པར་འདོད་ན་ནི་འགྲོགས་ས་མེད། མི་སྡུག་པ་དང་མི་ཕྲད་པར་འདོད་ན་ནི་ཕྲད ་པར་གྱུར་པ་ནི་འདོད་པ་བཙལ་གྱིས་མི་རྙེད་པའི་སྡུག་བསྔལ་ཞེས་བྱའོ། །ཡང་ན་དགེ་བ་བྱེད་བྱེད་བ་རྣམས་དགེ་བ་འཕེལ་བ་དང། མི་དགེ་བ་འགྲིབ་པར་འདོད་ན་དེ་ལྟར་མ་ནུས་པ་ལ་ཡང་བྱའོ། །མདོར་ན་ཞེས་བྱ་བའི་དོན་ནི་སྡུག་བསྔལ་བརྒྱད་པོ་རྣམས་གསུམ ་དུ་སྡུད་དེ། སྐྱེ་བ་དང། རྒ་བ་དང། ན་བ་དང། འཆི་བ་དང། མི་སྡུག་པ་དང་ཕྲད་པ་ལྔ་ནི་སྡུག་བསྔལ་གྱིས་སྡུག་བསྔལ་ལོ། །སྡུག་པ་དང་བྲལ་བ་དང་འདོད་པ་བཙལ་གྱིས་མི་རྙེད་པ་ནི་འགྱུར་བའི་སྡུག་བསྔལ་ལོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ ་ལོ། །ཞེས་བྱ་བ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཏེ། དེ་ལྟར་སྡུག་བསྔལ་གསུམ་གྱིས་ཚོར་བ་གསུམ་ལ་ཁྱབ་ལ། ཚོར་བ་གསུམ་གྱིས་ཁམས་གསུམ་ལ་ཁྱབ་སྟེ། ཁམས་གསུམ་དུ་སྐྱེས་པའི་ཉེ་བར་ལེན་པའི་ཕུང་པོ་ནི་སྡུག་བསྔལ་གྱིས་གཞི་ཡིན་པར་བསྟན་ཏོ། ། ་ཇི་ལྟ་ཞེ་ན། སྡུག་བསྔལ་རྣམ་པ་གསུམ་སྟེ། དང་པོའི་སྡུག་བསྔལ་དང། བར་གྱིས་སྡུག་བསྔལ་དང། ཐ་མའི་སྡུག་བསྔལ་ཏེ་གསུམ་མོ། །དེ་ལ་སྐྱེ་བའི་སྡུག་བསྔལ་ནི་དང་པོ་ཡིའོ། །རྒ་བ་ལ་སོགས་པ་ཕྱི་མ་དྲུག་ནི་བར་གྱི་སྡུག་བསྔལ་ལོ། །འཆི་བའི ་སྡུག་བསྔལ་ནི་ཐ་མ་སྟེ། སྡུག་བསྔལ་ཐམས་ཅད་ཕུང་པོ་ལྔས་ལེན་པའི་ཕྱིར་མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་ལོ་ཞེས་བྱ་བ་དང་སྦྱར་རོ། །མི་འཁོམ་པ་བརྒྱད་ལ་སེམས་ཅན་དམྱལ་བ་ནི་སྡུག་བསྔལ་སྣ་ཚོགས་ཀྱིས་གཟིར་ཅིང ་དམྱལ་བའི་བསྲུང་མས་བསྡམས་པས་དགེ་བ་བྱ་བའི་རང་དབང་མེད་དེ་མི་འཁོམ་པའོ། །དུད་འགྲོ་ནི་རང་བཞིན་གྱིས་བླུན་ཞིང་བརྡ་མི་འཕྲད་པས་དགེ་བ་བྱ་བའི་མཐུ་མེད་དེ་མི་ཁོམ་པའོ། །ཡི་དགས་ནི་བཀྲེས་བསྐོམ་གྱི་དབང་གིས་འདོད་པས་དབྱེན་སྤྱོས་ཤིང ་མི་དང་བསྟེན་པའི་སྐལ་པ་མེད་པས་དགེ་བ་བྱ་བའི་སྐབས་མེད་པས་མི་ཁོམ་པའོ། །ལྟ་ཚེ་རིང་པོ་ནི་འདུ་བྱེད་མེད་པའི་ཏིང་ངེ་འཛིན་བསྒོམས་བས་འབྲས་བུ་ཆེ་གནམ་གྱི་ཕྱོགས་གཅིག་ན་སྡོར་དུམ་བཞིན་གནས་ཏེ། འདུ་ཤེས་གཏན་འགགས་པའི ་ཕྱིར་དགེ་བ་སྐལ་བ་མེད་པས་མི་འཁོམ་པའོ། །མཛའ་འཁོབ་ཀྱི་མི་ནི་བླུན་ཞིང་བརྡ་སྐད་མི་འཕྲད་བས་ཆོས་ཀྱིས་དོན་གོ་ཞིང་སྒྲུབ་པའི་མཐུ་མེད་པས་མི་ཁོམ་པའོ། །དབང་པོ་མ་ཚང་བ་ནི་མིག་དང་རྣ་བ་ལ་སོགས་པ་མེད་ན་དགེ་བའི་གཤེས ་གཉེན་གྱི་གན་དུ་འགྲོ་ཞིང་དམ་པའི་ཆོས་མཉན་དུ་མེད་པས་མི་འཁོམ་པའོ། །ལོག་པར་ལྟ་བ་ནི་ལས་དགེ་སྡིག་དང། ཚེ་སྔ་ཕྱི་ལ་སོགས་པ་མེད་པར་འདོད་དེ། དགེ་བའི་བཤེས་གཉེན་སུས་ཀྱང་མི་བཟློག་པས་དགེ་བ་བྱ་བའི་སྐལ་བ་མེད་དེ་མི་ཁོམ ་པའོ། །དེ་བཞིན་གཤེགས་པ་རྣམས་མ་བྱུང་བར་སྐྱེས་པ་ནི་སངས་རྒྱས་དང་སངས་རྒྱས་ཀྱི་བསྟན་པ་སྔ་མ་ནི་ནུབ། སངས་རྒྱས་ཀྱི་ཕྱི་མ་ནི་མ་བྱུང་བའི་སྐབས་སུ་སྐྱེས་ན་དགེ་བའི་བཤེས་གཉེན་མེད་པས་དགེ ་བ་བྱ་བའི་དམིགས་མེད་པས་མི་ཁོམ་པའོ། །དབང་བཅུ་ཞེས་བྱ་བ་ནི། སེམས་ཅན་གྱི་དུས་ན་རང་དབང་མེད་པར་གནོད་པ་བཅུ་དང་རྒྱུན་ཏུ་ལྡན་ལ། བྱང་ཆུབ་སེམས་དཔའ་ནི་དེའི་གཉེན་པོ་དབང་བཅུ་དང་ལྡན་པས་གནོད་པ་བཅུ་མི་འབྱུང་ངོ།། ་དེ་ཡང་ཚེ་ལ་དབང་བ་ནི་བསྐལ་པ་བརྗོད་དུ་མེད་པར་གཡུང་དྲུང་དུ་བཞུགས་ཤིང་སྐྱེ་ཤི་དང་གཏན་བྲལ་བས་འཆི་བའི་གནོད་པ་མེད་པའོ། །ཡོ་བྱད་ལ་དབང་བ་ནི་འཇིག་རྟེན་གྱི་ཁམས་ནམ་མཁའ་ཨི་དབྱིངས་ཐམས་ཅད་རྒྱན་གྱིས་བརྒྱན་པར ་བྱིན་གྱིས་རློམ་པས་དབུལ་བའི་གནོད་པ་མི་འབྱུང་བའོ། །སེམས་ལ་དབང་བ་ནི་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་གྲངས་མེད་པ་ལ་ཡེ་ཤེས་ཀྱི་འཇུག་བའི་ཕྱིར། འདོད་ཆགས་ལ་སོགས་པ་བྱིང་རྒོད་ཀྱི་ཉོན་མོངས་པའི་གནོད་པས་མི་ཚུགས་པའོ ་ལས་ལ་དབང་བ་ནི་ལས་མི་དགེ་བ་བྱས་ཀྱང་མཐོ་རིས་སུ་སྐྱེ་ལ། དགེ་བ་བྱས་ཀྱང་ངན་སོང་དུ་སྐྱེ་བ་ལྟ་བུར་དབང་བསྒྱུར་བས་ན་ཉེས་པར་སྤྱད་བའི་གནོད་པ་མི་འབྱུང་བའོ། །སྐྱེ་བ་ལ་དབང་བ་ནི་འཇིག་རྟེན་གྱི་ཁམས་སྣ་ཚོགས་ལས ་མ་ཚོགས་ཀྱི་སྐྱེ་བ་ཀུན་ཏུ་སྟོན་ཏེ་ཅི་དགའ་སྐྱེ་བའི་ཕྱིར་ངན་སོང་དུ་སྐྱེས་ཀྱང་ངན་འགྲོའི་གནོད་པ་མི་འབྱུང་ངོ། །མོས་པ་ལ་དབང་བ་ནི་དཀོན་མཆོག་གསུམ་ལ་ངན་དུ་སྨོད་ཅིང་རིང་དུ་སྤོང་ལ། ཆོས་འཇིག་པ་ལྟ་བུ་ཆོས་ཀྱིས ་འོངས་བར་འགྱུར་པའི་ལས་བྱེད་པ་ལ་འཇིག་རྟེན་གྱིས་ཁམས་ཐམས་ཅད་སངས་རྒྱས་ཀྱི་གང་བར་སྟོན་ཏེ། ཆོས་སྟོན་པའི་དགེ་བའི་གཤེས་གཉེན་མང་པོ་དང་ཕྲད་བར་སྟོན་བས་ན། མོས་བ་ལ་དབང་བ་སྟེ། ཆོས་ཀྱིས་ཕོངས་པའི ་གནོད་པ་མི་འབྱུང་ངོ། །ཁ་ཅིག་ན་རེ་ཟད་པར་གྱི་སྐྱེ་མཆེད་ཐོ་པའོ་ཕྱིར་མོས་པ་ལ་དབང་བའོ་ཞེས་ཀྱང་བཤད་དོ། །སྨོན་ལམ་ལ་དབང་བ་ནི་དུས་ནམ་གྱི་ཚེ་གང་ཡང་རུང་བ་ན་སངས་རྒྱས་ཀྱི་ཞིང་གར་དགའ་བར་མངོན་པར་བྱང་ཆུབ་པར་ཀུན་ཏུ་སྟོན་པར་སྨོན ་ལམ་བསྟབ་སྟེ། དེ་ལྟར་སྨོན་ལམ་བཞིན་དུ་སྟོན་པའི་དབང་ཐོབ་པས་འདོད་པ་མི་འགྲུབ་པའི་གནོད་པ་མི་འབྱུང་ངོ། །རྫུ་འཕྲུལ་ལ་དབང་བ་ནི། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འབར་བ་དང་འཕུལ་བ་ལ་སོགས་པ་ཀུན་ཏུ་སྟོན་པས་རྫུ་འཕྲུལ་ཐོགས་པ་མེད་དེ། སྐད་ཅིག་གིས ་ཀྱང་གང་ཡང་འགྲོ་བའི་ཕྱིར་ཆོས་ཀུན་ཏུ་ཚོལ་བ་ལ་དབང་མེད་པའི་གནོད་པ་མི་འབྱུང་ངོ། །ཆོས་ལ་དབང་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དང་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་མ་ལུས་པར་ཐུགས་སུ་ཆུད་དེ། ཇི་ལྟ་བཞེད་པ་བཞིན་དུ་དབང་སྒྱུབ ་བས་ཆོས་མི་ལ་སོགས་པ་གཞན་གྱིས་ཁྲེལ་དུ་དོགས་པའི་གནོད་པ་མི་འབྱུང་ངོ། །ཡེ་ཤེས་ལ་དབང་བ་ནི་སྟོབས་དང་མི་འཇིགས་པ་དང། མ་འདྲེས་པ་ལ་སོགས་པའི་ཡོན་ཏན་ཐམས་ཅད་དང་ལྡན་པས་གཞན་རྒོལ་བར་དོགས་པའི་གནོད་པ་མི་འབྱུང ་ངོ། །དབྱིབས་བརྒྱད་ལ། ཐུང་ངུ་ལ་བལྟོས་ནས་མདུང་ཁྱིམ་ལྟ་བུ་ནི་རིང་པའོ། །རིང་པོ་ལ་བལྟོས་ནས་མདའ་ལྟ་བུ་ཐུང་ངུའོ། །གྲུ་བཞི་ལྟ་བུ་ནི་ལྷམ་པའོ། །ཟླུམ་བུ་ལྟ་བུ་ནི་དཀྱིལ་འཁོར་རོ། །ས་གཞི་ཐག་ཐུག་མེད་པ་ལྟ་བུ་ནི་མཉམ་པའོ། ས་? ་ཐག་ཐུབ་ཅན་ལྟ་བུ་ནི་མི་མཉམ་པའོ། །དེའུ་དང་བོག་རི་ལྟ་བུ་ནི་སྒང་ངོ། །རྫིང་གི་ནང་ལྟ་བུ་ནི་གཤོད་དོ། །མཚུངས་པ་བཞི་གང་ཞེ་ན། དུས་གསུམ་དུ་གཤེགས་པའི་སངས་རྒྱས་རྣམས་ཀྱི་ཡོན་ཏན་མཉམ་པ་ལྟ་བུ་སྟེ། སངས་རྒྱས་ཞེས་བྱ་བའི ་ཡིག་འགྲོ་མང་ཉུང?་མེད་པ་ནི་ཡི་གེ་མཚུངས་པའོ། །གསུང་གི་དབྱངས་ཡན་ལག་དྲུག་བཅུ་དང་ལྡན་ཞིང་ཚངས་པའི་སྒྲ་སྐད་ལྟ་བུ་དང་ལྡན་བར་འདྲ་བ་ནི་གསུངས་མཚུངས་པའོ། །ཆོས་ཐམས་ཅད་སྐྱེ་བ་དང་འགག་པ་མེད་ཅིང་བདག་མེད་པ་རྣམས ་གཉིས་སུ་ཐུགས་སུ་ཆུད་པར་འདྲ་བ་ནི་ཆོས་མཚུངས་པའོ། །སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུར་མཉམ་སྟེ་བྱེ་བྲག་ཆེ་ཆུང་མེད་པ་ནི་སྐུ་མཚུངས་པའོ། །བདེན་པ་བཞི་གཅིག་ཅིང་ཡང་གཞི་བཞིར་བརྟག་པ་ལ། འགོག་པ་ལ་ནི་འགོག ་བ་དང་ཞི་བ་དང་གྱ་ནོམ་པ་དང་ངེས་པར་འབྱུང་བའོ། །ལམ་ལ་ནི་ལམ་དང་རིག་པ་དང། སྒྲུབ་པ་དང། ངེས་པར་འབྱིན་པའོ། །སྡུག་བསྔལ་ལ་ནི་མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང། བདག་མེད་པའོ། །ཀུན་འབྱུང་ལ་ནི་རྒྱུ་དང་ཀུན་འབྱུང་བ་དང ་རྐྱེན་དང་འབྱུང་བའོ། །དེ་ལ་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་དང། སྲོག་གཅོད་བ་ལ་སོགས་པ་སྡིག་པ་མི་དགེ་བའི་ལས་རྣམས་སྤངས་ཏེ། མི་འབྱུང་བ་ནི་འགོག་པའོ། །ལས་དང་ཉོན་མོངས་པས་བསྐྱེད་པའི་འབྲས་བུ་སྡུག་བསྔལ ་ཅི་ཡང་མི་འབྱུང་བ་ནི་ཞི་བའོ། །ཕྱིས་ཀྱང་ཁམས་གསུམ་དུ་སྐྱེ་ཞིང་སྡུག་བསྔལ་མྱོང་བར་མི་འགྱུར་བས་ན་གྱ་ནོམ་པའོ། །ཁམས་གསུམ་བརྩོན་ར་དང་འདྲ་བ་ནས་ཐར་ཅིང་མྱ་ངན་ལས་འདས་པའི་གནས་བདེ་བར་ཕྱིན་བས་ན་འབྱུང་བའོ། །ལམ་གྱི ་སོ་སོའི་སྐྱེ་བོའི་ས་ནས་འཕགས་པའི་གནས་སུ་འགྲོ་བས་ན་ལམ་མོ། །མི་རིག་པ་ཉོན་མོངས་པ་སྤངས་པའི་གཉེན་པོར་གྱུར་པས་ན་རིགས་པའོ། །སེམས་ཕྱིན་ཅི་ལོག་སྤངས་ཏེ་ཕྱིན་ཅི་མ་ལོག་པར་སྦྱར་ནས་ན་བསྒྲུབ་པའོ། །འཁོར་བའི་ཉེས་པ་དང ་གཏན་བྲལ་ཞིང་མྱ་ངན་ལས་འདས་པའི་གནས་སུ་ཕྱིན་པར་བྱེད་པ་ན་ངེས་པར་འབྱུང་བའོ། །སྡུག་བསྔལ་ནི་སྐད་ཅིག་མ་རེ་རེ་ལས་སྐྱེས་ཤིང་འཆི་བའི་ཆོས་ཅན་ཡིན་པས་ན་མི་རྟག་པའོ། །སྡུག་བསྔལ་གསུམ་དང་བརྒྱད་ཀྱིས་རྒྱུན་མི་འཆད་པར་འཚེ་བས ་ན། སྡུག་བསྔལ་བའོ། །ཕུང་པོ་ལྷའི་ནང་ན་མུ་སྟེགས་ཀྱི་བརྟགས་པའི་བདག་བརྟག་པ་མེད་པས་ན་སྟོང་བའོ། །ཕུང་པོ་ལྔ་པོ་ཉིད་ཀྱང་མུ་སྟེགས་ཀྱིས་རྟགས་པའི་བདག་བརྟགས་བ་མ་ཡིན་པས་བདག་མེད་པའོ། །ཀུན་འབྱུང་ནི་འདོད་ཆགས་དང། ཞེ་སྡང ་ལ་སོགས་པའི་ཉོན་མོངས་པ་རྣམས་དང། དེ་ལས་འཕྲོས་བ་འཇིག་རྟེན་པའི་ལས་དགེ་སྡིག་རྣམས་ནི་རྒྱུའོ། །ཉོན་མོངས་བ་དང་ལས་དེ་བདག་གིས་བག་ཆགས་སེམས་ཀྱི་རྒྱུད་ལ་སོགས་ཏེ། ཁམས་གསུམ་རྒྱུད་ལྔའི་སྐྱེ་བའི་ས་བོན་དུ་གནས་པ་ནི ་ཀུན་འབྱུང་བའོ། །ཕྱི་མའི་ལས་དགེ་བས་ནི་དགེ་བའི་བག་ཆགས་རྟས། ལས་མི་དགེ་བས་ནི་མི་དགེ་བའི་བག་ཆགས་རྟས་ཤིང་འབྲས་བུ་སྨིན་པར་བྱེད་པའི་རྐྱེན་ཅེས་བྱའོ། །དེ་ལྟར་རྒྱུ་དང་རྐྱོན་གཉིས་ཚོགས་ཏེ། དགེ་བ་དང་མི་དགེ་བའི་བག་ཆགས ་སོ་སོར་བརྟས་ནས་ཁམས་གསུམ་གྱི་གནས་མཐོན་དམན་དུ་སྡུག་བསྔལ་ཀྱི་ཕུང་པོ་མངོན་པར་བསྒྲུབ་པ་ནི་འབྱུང་བ་ཞེས་བྱའོ། །དགེ་སློང་རྣམ་པ་ལྔ་ལ་ལོང་སྦྲང་ལྟ་བུ་ནི་སློང་བའི་དགེ་སློང་ངོ། །ཁྱིམ་པའི་མིང་དགེ་སློང་ཞེས་བརྟག་བ་ལྟ་བུ་ནི་མིང་གི ་དགེ་སློང་ངོ། ཁྲིམས་མ་མནོས་སམ། ཡང་ན་མནོས་ཀྱང་ཁྲིམས་རལ་ཏེ་མེད་པར་གནས་བ་ནི་ང་ཡང་དགེ་སློང་ཡིན་ནོ་ཞེས་ཟེར་བས། ཁས་འཆེས་བའི་དགེ་སློང་ངོ། །མཁན་པོ་དང་སློབ་དཔོན་ལས་ཚུལ་ཁྲིམས་གཙང་མར་མནོས་པ་ནི་གསོལ ་བ་དང་གཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་ངོ། །རྒྱུན་ཏུ་ཞུགས་པ་ནས་དགྲ་བཅོམ་པའི་བར་དུ་གང་ཟག་ཟུང་བཞི་ཡ་བརྒྱད་པོ་རྣམས་ནི་ཉོན་མོངས་པ་དང་དྲལ་བའི་དགེ་སློང་ངོ། །སྒྲིབ་པ་ལྔ་ནི་འདོད་ཆགས་དང། གནོད་སེམས་དང། ་རྨུགས་པ་དང། གཉིད་དང། འགྱོད་པ་དང། གཡེང་བ་དང། ཐེ་ཚོམ་མོ་དེ་དག་ཅི་ལ་སྒྲིབ་ཅེ་ན། ལྷག་པའི་བསླབ་པ་གསུམ་ལ་སྒྲིབ་སྟེ་འདོད་པའི་འདོད་ཆགས་ནི་འདོད་པའི་ཡོན་ཏན་གཏོང་མི་འཕོད་སྟེ། འཕྱོ་གཡེ་མ་དང། རྐུ་འཕྲོག་ལ ་སོགས་པ་བྱེད་པ་ཡིན་ལ་གནོད་སེམས་ནི། ཁྲོ་ཞིང་ཞེ་སྡང་གཏོང་མི་འཕོད་ནས་སྲོག་གཅོད་ཅིང་གཞན་ལ་འཆིང་བརྡེག་ལ་སོགས་པའི་ཉེས་པ་མང་པོ་བྱེད་པས་ལྷག་པའི་ཚུལ་ཁྲིམས་ལ་སྒྲིབ་པར་བྱེད་དོ། །རྨུགས་པ་ནི་སེམས་གློང་སྟེ་མི ་གསལ་བ་ཡིན་ལ་གཉིས་ནི། སེམས་ནང་དུ་འདུས་ནས་ཡུལ་ལ་འཇུག་པའི་རང་དབང་མེད་པར་ཡིན་ཞིང། འགྱོད་བ་ནི་ལེགས་ཉེས་ཀྱིས་ལས་ཅི་བྱས་སོ་ཙོག་ལ་ཉེས་སོ། །བར་དུ་འཁྲིག་པ་སྟེ། ཆམ་ལ་མི་འཕེབས་པ་ཡིན ་ལ་གཡེང་བ་ནི་འདོད་པའི་ཡོན་ཏན་ལྔ་འམ། སྔོན་གྱི་སྤྱོད་ལམ་དྲན་པའི་རྗེས་སུ་ཡན་པར་སོང་སྟེ་བཏང་སྙོམས་སམ་རྩེ་གཅིག་ཏུ་འཇོག་མི་ནུས་པས་ལྷག་པའི་སེམས་ལ་སྒྲིབ་པར་བྱེད་དོ། །ཐེ་ཚོམ་ནི་ཟབ་ཅིང་རྒྱ་ཆེ་བའི་ཆོས་རྣམས་ཀྱིས ་རང་དང་སྤྱིའི་མཚན་ཉིད་ཐ་དད་པ་ཇི་ལྟ་བ་བཞིན་མི་རྟོགས་ཏེ། ལམ་ཁ་བྲག་ཏུ་བྱུང་ན་གར་འགྲོ་མི་ཤེས་པ་དང་འདྲ་བས་ལྷག་པའི་ཤེས་རབ་ལ་སྒྲིབ་པར་བྱེད་དེ། དེ་ལྟར་བསླབ་པ་གསུམ་ལ་སྒྲིབ་བོ། །ཟས་བཞི་གང་ཞེ་ན། ཁམ་གྱི་ཟས་དང། རེག་པའི ་ཟས་དང། ཡིད་ཀྱི་ཟས་དང། རྣམ་པར་ཤེས་པའི་ཟས་སོ། །ཞེས་བྱ་བ་ལ། འདོད་པའི་ཁམས་ཀྱི་ལྷ་དང་མི་རྣམས་དང། བྱོལ་སོང་གི་རྒྱུད་ཕྱུགས་ལ་སོགས་པ་རྣམས་ལས་ཕལ་ཆེར་ཁམས་ཀྱི་ཟས་ཀྱིས་འཚོ་ཞིང་དེས་སྲོག་འཛིན་པ་ཁམ་གྱི་ཟས ་སོ། །བྱ་ལ་སོགས་པ་སྒོ་ངའོ་ཅོག་རྣ་མིའི་དྲོད་ཀྱིས་རེག་པས་འཚོ་སྟེ། དེས་སྲོག་འཛིན་པས་རེག་པར་ཟས་ཞེས་བྱའོ། །རུ་སྦལ་རྒྱ་མཚོ་ན་འདུག་པའི་བུ་སྐམ་ལ་བཞག་པ་དེ་མའི་སེམས་ཇི་སྲིད་བུ་བུ་ལ་དྲན་པ་དེ་སྲིད་དུ་བུའི་སྲོག་འཛིན་པ་ནི་ཡིད ་ཀྱིས་ཟས་ཞེས་བྱའོ། །ལོ་ཉེས་བྱུང་སྟེ་?་མེད་ནས་མས་བུ་རྣམས་ལང་དོན་གཉེར་དུ་འགྲོ་སྟེ་སླར་འོངས་དང་ཕྱེ་འདིའི་ཟན་སྤྲུལ་ཏེ་སྦྱིན་ནོ། །ཞེས་བྲིད་ནས་ཐལ་བའི་ཐུམ་བུ་གཅིག་གདུང་མ་ལ་བརྟགས་ཏེ་བཞག་ནས་མ་ནི་ཐལ་བྱུང་ཤིང ་སོང། བུ་རྣམས་ནི་ཐལ་བའི་ཐུམ་པོ་ལ་ལྟ་ཞིང་མ་འོངས་ན་ཟན་སྦྲུས་ཏེ་བཟའ་བའི་བསམ་པ་དང་མ་བྲལ་བའི་རྒྱུས་ཡུན་རིང་མེ་ཞིག་ཏུ་མ་ཤི་བར་སྲོག་འཛིན་ནུས་པ་ལྟ་བུ་ནི་རྣམ་པར་ཤེས་པའི་ཟས་ཞེས་བྱའོ། །ཐེག་པ་ཆེན་པོའི་བསམ ་བཏང་བཞི་ལ། བྱིས་པ་ཉེར་སྤྱོད་བསམ་གཏན་དང། དོན་རབ་འབྱོར་བའི་བསམ་གཏན་དང། དེ་བཞིན་ཉིང?་དམིགས་བསམ་གཏན་དང། དེ་བཞིན་གཤེགས་པའི་དགེ་བས་བསམ་གཏན་ཞེས་བྱ་བ་ལ། ཐེག་པ་ནི་གང་ཟག་སོ་སོར་རང་གི་ཤེས་རབ་ལ་བྱ་སྟེ། ཤེས ་རྒྱ་ཆུང་ཞིང་གང་ཟག་ལ་བདག་མེད་པ་ཉིད་ཚེ་ཙམ་འཆད་པ་ནི་ཐེག་པ་ཆུང་ངུ་ཞེས་བྱ་ལ། འདིར་ནི་ཆོས་གང་ཟག་རྣམས་གཉིས་ལ་སྟོང་པ་ཉིད་དུ་ཆུང་བའི་ཤེས་རབ་ཆེན་པོ་ལ་ཐེག་པ་ཆེན་པོ་ཞེས་བྱའོ། །བསམ་གཏན་ཞེས་བྱ་བ་ནི་སེམས་མ་གཡེང་ཞིང ་ཉོན་མོངས་པའི་དྲི་མ་དང་མ་འདྲེས་པར་རྩེ་གཅིག་ཏུ་གནས་པ་ནི་ངེས་པ་འམ་གཏན་ལ་བབ་པ་སྟེ། དེ་ལྟ་བུའི་རྒྱུ་ལས་ཐེག་པ་ཆེ་ཆུང་ཤེས་རབ་ཆེད་མ་ཐམས་ཅད་འབྲས་བུར་འབྱུང་བས་ན་བསམ་གཏན་ལ་བབ་པའི་ཕྱིར་བསམ་གཏན་ཞེས་བྱ་སྟེ། བཞི ་ནི་མིང་གིས་སྨོས་པ་རྣམས་སོ། །དེ་ཡང་བརྟག་པ་དང། བདེ་བ་དང། ད་ཡོད་པ་དང། གཙང་སྦྲར་ལྟ་བའི་ཁོ་བོ་རྣམས་ནི་བྱིས་པ་ཞེས་བྱ་སྟེ། ཕྱིན་ཅི་ལོག་དེ་དག་སྤང་པའི་དོན་ནི་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་མི་གཙང་བ་དག་བསྒོམ་པ་ནི ་བྱིས་པ་གཉེར་སྤྱོད་བསམ་གཏན་ཞེས་བྱའོ། །མོས་པ་སྤྱོད་པའི་སར་ཕུང་པོ་ལྔ་ལ། གཟུགས་ཀྱི་ཕུང་པོ་ལ་དབུ་བ་ལྟ་བུ་དང། ཚོར་བ་ལ་ཆུ་བུར་ལྟ་བུ་དང། འདུ་ཤེས་ལ་སྨིག་རྒྱུ་ལྟ་བུ་དང། འདུ་བྱེད་ཆུ་ཤིང་ལྟ་བུ་དང། རྣམ་པར་ཤེས་པ་ལ་སྒྱུ་མ ་ལྟ་བུ་འཛིན་ཅིང་བསྒོམ་བ་ནི་དོན་རབ་འབྱེད་པའི་བསམ་གཏན་ཞེས་བྱའོ། །ས་དང་པོ་ཡན་ཆད་ས་བཅུ་པ་མན་ཆད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་ཀྱི་དབྱིངས་སྟོང་པའི་དོན་ས་རེ་རེ་ཞིང་ཡེ་ཤེས་ཀྱི་ཁྱད་པར་གྱིས་རིམ་པར་བསྒོམ་པ་ནི་དེ་བཞིན ་ཉིད་དམིགས་བསམ་གཏན་ཞེས་བྱའོ། །ཤེས་བྱ་ཐམས་ཅད་མ་ལུས་པར་ཐུགས་སུ་ཆུད་ཅིག་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་མ་ལུས་པར་སྤངས་པས་ཅི་ལ་ཡང་རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་ཅེས་བདག་དང་གཞན་གྱིས་དོན་མ་ལུས་པར་འཛིན ་པ་ནི་དེ་བཞིན་གཤེགས་པའི་དགེ་བསམ་གཏན་ཞེས་བྱའོ། །ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱད་ཞེས་བྱ་བ་ལོ་ཙཱ་བ་ཆེན་པོ། །དཔལ་བརྩེགས་པ་ཀཱི་ཏ་ལ་སོགས་པ་རྣམས་ཀྱིས་མཛད་པ་རྫོགས་སོ།། །། ་