| Wylie | e-texts based on the ACIP/ALL Input |
ཤོག། །འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་རྫོགས་སོ།། །། *། (།ལོ་ཙྪ་བ་ཡེ་ཤེས་སྡེས་མཛད་པའི་བཟང་སྤྱོད་ཀྱི་འགྲེལ་པ་བཞིའི་དོན་བསྡུས་ནས་བརྗེད་བྱད་དུ་བྱས་པ།)་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང ་པོ་དང། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ། ཨཱ་ཙརྱ་ཏི་ག་ནཱ་གས་མཛད་པ་དང། ཤཱཀྱ་མི་ཏ་དང། བུདྡྷ་ཀཱི་རྟི་དང། བྷ་དྲ་བ་ཧསྟི་ཀས་མཛད་པ་རྣམ་པ་བཞིའི་དོན་དང། འཕྲལ་དུ་འཁན་པོ་དག་ལས་ཐོ ་བ་དང། མདོ་སྡེ་ལས་བྱུང་བ་དང་སྦྱར་ཏེ་བཤད་པ་བརྡ་ཕྲད་སླ་བ་བརྗེད་བྱང་དུ་བྱས་པ། ཀུན་ཏུ་བཟང་པོའི་སྨོན་ལམ་འམ། བཟང་པོ་སྤྱོད་པའི་སྨོན་ལམ་ཞེས་བྱ་བ་ནི་མིང་དོན་དང་འཐུན་པ་ཡིན་ཏེ། ཀུན་ཏུ་བཟང་པོ་ནི་དེ་བཞིན་གཤེགས་པ་ལ་བྱ་སྟེ། ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པས་ཀུན་ནས་མཛེས་པས་སོ། །དེའི་སྤྱོད་པའི་སྨོན་ལམ་མོ། །ཡང་སྤྱོད་པ་ཉིད་ནི་ཀུན་ཏུ་བཟང་པོ་སྟེ། ཁ་ན་མ་ཐོ་བ་མེད་ཅིང་སྐྱོན་ཐམས་ཅད་དང་བྲལ་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་ཐམས་ཅད་ཀྱི་སྨོན་ལམ་ཡིན་པའི ་ཕྱིར་རོ། །ཐོག་མར་ཐོས་པའི་དུས་ན་དགེ་།བར་དུ་སེམས་ཞིང་བསྒོམ་པའི་དུས་ན་དགེ། ཐ་མར་འབྲས་བུ་སངས་རྒྱས་པའི་དུས་ན་དགེ་སྟེ། བཟང་བའི་ཕྱིར་བཟང་པོ་སྤྱོད་པའི་སྨོན་ལམ་ཞེས་བྱའོ། །ཡང་ན་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཞེས་བྱ་བ་རབས་ཀྱི་མང ་པོ་ཅིག་།སྤྱོད་པ་སྟེ། དེའི་སྤྱོད་པའི་སྨོན་ལམ་འདི་ལྟ་བུས་ས་དང་ཕ་རོལ་ཏུ་ཕྱིན་པ་རྣམས་བདག་དང་གཞན་གྱི་དོན་ན་ཕུན་སུམ་ཚོགས་པར་སྤྱོད་པས་བཟང་པོ་སྤྱོད་པའི་སྨོན་ལམ་ཞེས་བྱའོ། །ཡང་ན་བཟང་པོ་སྤྱོད་པའི་སྨོན་ལམ་ཞེས་མི་སྦྱར་གྱི། སྤྱོད་པ་བཟང ་པོའི་སྨོན་ལམ་ཞེས་བྱ་བར་སྦྱར་ཏེ། སྤྱོད་པ་བཟང་པོ་རབ་མཆོག་གོང་དུ་སྨོས་པ་དེ་ཐོབ་པར་མ་དེར་སྨོན་པར་བྱ་བ་ཡིན་པས་བཟང་པོ་སྤྱོད་པའི་སྨོན་ལམ་ཞེས་བྱའོ། །དེ་ལ་ཕྱག་བྱ་བ་ལ་སོགས་པ་ཁ་ཅིག་སྨོན་ལམ་མ་ཡིན་པ་ཡང་ཡོད་མོད་ཀྱི་ཕལ ་ཆེར་སྨོན་ལམ་ཡིན་པས་སྨོན་ལམ་མོ། །ཡང་ན་ཕྱག་བྱ་བ་དང། མཆོད་པ་དང། སྡིག་པ་བཤགས་པ་དང། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང། སེམས་ཅན་གྱི་དོན་མཛོད་ཅིག་ཅེས་བཞུགས་པར་གསོལ་བ་དང། དགེ་བའི ་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བའི་བྱང་ཆུབ་ཀྱི་སྤྱོད་པ་དེ་ལྟ་བུ་ཉིད་བཟང་པོ་སྟེ། སྨོན་པར་བྱ་བ་ཡིན་པ་དང། འཇུག་ནས་ཕན་ཡོན་འབྱུང་བ་དང། འབྲས་བུ་བཟང་པོ་དེ་ལྟ་བུ་འདོད་ཅིང་སྨོན་པར་བྱ་བ་ཡིན་པས་སྨོན་ལམ་མོ། །དེ་ལྟར་སྣོན་ལས་འདི་མིང ་དོན་དང་ལྡན་པ་ཡིན་ནོ། །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་ལ་དོན་བཅུས་སྟོན་སྟེ། དེ་བཞིན་གཤེགས་པ་ལ་ཕྱག་བྱ་བ་དང། དེ་ལ་མཆོད་པ་བྱ་བ་དང། ཉེས་བ་བཤགས་པ་དང། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང། ཆོས་ཀྱི་འཁོར་ལོ་བསྐོར་བ་དང། མྱ་ངན་ལས་མི ་འདའ་བར་བཞུགས་སུ་གསོལ་བ་དང། དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་དང། སྨོན་ལམ་གྱི་རབ་ཏུ་དབྱེ་བ་དང། སྨོན་ལམ་གྱི་མཛའ་དང། སྨོན་ལམ་གྱི་ཕན་ཡོན་ནོ། །སྤྱིར་ནི་སངས་རྒྱས་སུ་གྲུབ་པ་མན་ཆད་ངན་སོང་གསུམ་སྐྱེས་པ་ཡན་ཆད་གནས་མཐོན་དམན་གང་སུ་སྐྱེ་བའི་དབང་ནི་བདག ་ལ་ཡོད་དོ། །དེ་ཡང་རང་གི་སེམས་བཅོས་ལེགས་མ་ལེགས་ལས་འགྱུར་ཏེ། སེམས་ཆོས་ལེགས་ནས་དགེ་བ་ལ་ཞུགས་ན་ནི་སངས་རྒྱས་མན་ཆད་དུ་ཡང་འགྲུག་སེམས་བཅོས་མ་ལེགས་ཏེ་མི་དགེ་བ་ལ་ཞུགས་ན་ནི་ངན་སོང་གསུམ་དུ་སྐྱེ་ཞིང་ལྟུང་བས། བདག་བདེ་ལེགས་སུ ་འདོད་ཅིང་གཞན་ལ་ཡང་ཕན་པ་དང་བདེ་བར་བྱ་བར་འདོད་པས་ནི་རང་གི་སེམས་ལེགས་པར་བཅོས་ཤིང་སྦྱང་དགོས་སོ། །དེ་ལྟ་བས་ན་ངན་སོང་གསུམ་དུ་མི་ལྟུང་ཞིང་རྟག་ཏུ་བདེ་སྐྱིད་ལས་སངས་རྒྱས་སུ་གྲུབ་པ་དང། གཞན་ལ་ཕན་གདགས་པར་འདོད་པས་ཐོག་མར་ཇི་ལྟར་བྱ་ཞེ་ན། ་དང་པོར་ཕྱག་བྱ་བའི་འོས་མཆོད་པའི་གནས་རྣམས་ལ། ཕྱག་བྱ་བ་དང་མཆོད་པའི་བསམ་པས་སེམས་སྦྱངས་ཏེ། སྡིག་པ་བཤགས་ལ་དགེ་བ་གཞན་གྱི་སྣོད་དུ?་རུང་བར་བྱའོ། །དེ་ལྟར་སེམས་སྦྱང་བར་བྱ་བའི་ཕྱིར་ཕྱག་བྱ་བའི་གནས་སངས་རྒྱས་མངོན་སུམ་དུ་བཞུགས་པ་དང། སེམས ་ཀྱིས་ལྷག་པར་མང་དུ་དམིགས་ཏེ། ཕྱག་བྱ་བར་ཐོག་མར་གསུངས་སོ། །དེ་ལ་དེ་བཞིན་གཤེགས་པ་ལ་ཕྱག་བྱ་བ་ནི་རྣམ་པ་བཞི་སྟེ། ལུས་དང་ངག་དང་ཡིད་གསུམ་ཅར་གྱིས་ཕྱག་བྱ་བ་དང། ལུས་ཀྱིས་ཕྱག་བྱ་བ་དང། ངག་གིས་ཕྱག་བྱ་བ་དང། ཡིད་ཀྱིས་ཕྱག་བྱའོ། །དེ་ལ་དང་པོ་ནི་ཇི་སྙེད་སུ་ ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །ཞེས་བྱ་བ་ཡིན་ཏེ། ཇི་སྙེད་དམ་གང་དག་སུ་དག་ཕྱོགས་འགའ་ན་བཞུགས་པ་དང། འཇིག་རྟེན་གྱི་ཁམས་འགའ་ན ་བཞུགས་པའི་དེ་བཞིན་གཤེགས་པ་འགའ་ལ་ཕྱག་བྱ་བ་མ་ཡིན་གྱི། ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བཞུགས་པ་ལ་ཕྱག་བྱའོ། །འདས་པ་དང་ད་ལྟར་དང་མ་འོངས་པའི་དུས་འབའ་ཞིག་ན་བཞུགས་པ་ལ་ཕྱག་བྱ་བ་མ་ཡིན་གྱི། དུས་གསུམ་དུ་གཤེགས ་པ་ལ་ཏེ། འདས་པའི་དུས་ན་སངས་རྒྱས་པར་གཤེགས་པར་གྱུར་པ་དང། ད་ལྟར་གྱི་དུས་སུ་སངས་རྒྱས་ཏེ་གཤེགས་པ་དང། མ་འོངས་པའི་དུས་ན་སངས་རྒྱས་ཏེ་གཤེགས་པར་འགྱུར་བའི་སངས་རྒྱས་མིའི་སེངྒེ་གང་དག་ཇི་སྙེད་པ་དེ་དག་མ་ལུས་པ་ཐམས་ཅད་ལ་བདག་ལུས ་བཏུང་ཅིང་ཚིག་གིས་བསྟོད་ལ་ཡིད་ཀྱིས་དམིགས་གུས་པས་ཕྱག་བྱ་བའོ། །མིའི་སེང་གེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་དགའ་ལྡན་གྱི་གནས་ནས་སེམས་ཅན་གྱི་དོན་དུ་མིའི་ལུས་སུ་བསྟན་པ་དཔེར་ན་སེང་གེས་གཅན་ཟན་དང་རི་དགས་ཐམས་ཅད་ཟིལ་གྱིས་མནན་ཏེ ་བག་ཚ་བ་མེད་པ་ལྟར། དེ་བཞིན་གཤེགས་པས་ཀྱང་བདུད་དང་མུ་སྟེགས་ཅན་ཕྱིར་རྒོལ་བ་ལྷ་དང་མི་ཐམས་ཅད་ཟིལ་གྱིས་མནན་ཏེ་སུ་ལ་ཡང་བག་ཚ་བ་འམ། བསྙེངས་པ་མི་མངའ་སྟེ། མཁྱེན་པའི་མཐུའི་ཡོན་ཏན་ཐམས་ཅད་ཀྱིས་འཕགས་པ་ལ་བྱའོ། །ལུས་དང ་ངག་ཡིད་དང་བས་ཞེས་པ་ནི་གཞན་གྱི་ཡམས་ལ་བྱ་བ་མ་ཡིན་གྱི། བདག་ཉིད་དང་བས་སངས་རྒྱས་ཀྱི་སྐུ་ལ་ཡིད་ཀྱིས་སེམས་ཤིང་དག་གིས་བསྟོད་ལུས་བཏུད་ནས་གུས་པས་ཕྱག་འཚལ་ལོ། །གལ་ཏེ་ཅིའི་ཕྱིར་མིའི་སེང་གེ་མང?་པོ ་དེ་སྙེད་ལ་ཕྱག་བྱ་ཞེ་ན། ཡོན་ཏན་ཕུན་སུམ་ཚོགས་པ་མངའ་བ་དང་ཕྱག་བྱ་བའི་གནས་སུ་གྱུར་པས་གཅིག་ལ་ཕྱག་བྱས་ན་ཡང་བསོད་ནམས་ཆེན་པོ་ཐོབ་ན་མང་པོ་ལ་ཕྱག་བྱས་ན་བསོད་ནམས་ཆས་མང་དུ་ཐོབ་པས་དེའི་ཕྱིར་དེ་དག་ཐམས་ཅད་ལ་ཕྱག ་བྱའོ། །གཉིས་པ་ལུས་ཀྱི་ཕྱག་བྱ་བ་ནི། བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས་བྱ་བ་ལ་སོགས་པ་ཡིན་ཏེ། ལུས་ཀྱིས་ཕྱག་བྱ་བའི་ཚུལ་ཡང་ཇི་ལྟ་བུ་ཞེ་ན། བཟང་པོ་སྤྱོད་པའི་སྨོན་ལམ་ནི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་གསུངས་པའི་སྨོན་ལམ་མོ།། ་སྟོབས་ནི་མན་ངག་སྟེ། སྨོན་ལམ་འདི་ལས་འབྱུང་བའི་མན་ངག་གོ་།ཡང་ན་བཟང་པོ་སྤྱོད་པ་ལ་སྨོན་པའི་སྟོབས་ཀྱིས་ཕྱག་བྱ་བར་བཤད་དེ། བཟང་པོ་སྤྱོད་པ་ནི་གོང་དུ་བཤད་ཟིན་ཏོ། །དེར་སྨོན་པའི་ནི་དེར་སེམས་འདུན་པའོ། །སྨོན་པའི་སྟོབས་ཀྱིས་ནི་མི ་མཐུན་པའི་ཕྱོགས་རྣམ་བར་གཡེང་བ་སྤངས་ནས་སེམས་རྩེ་གཅིག་ཏུ་བྱ་བ་ལ་ཞུགས་པར་རོ། །རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ་ཞེས་པ་ནི་ཉོན་མོངས་པའི་སྒྲ་ལས་རྒྱལ་བའི་སངས་རྒྱས་ཏེ། ཡི་དམ་སེམས་ཀྱིས་ཕྱོགས་བཅུ་དང་དུས་གསུམ་དུ་གཤེགས་པའི་སངས ་རྒྱས་ཐམས་ཅད་མངོན་སུམ་དུ་མཐོང་བ་དང་འདྲ་བར་དམིགས་སོ། །ཞིང་གི་རྡུལ་སྙེད་ལུས་རབ་ཏུ་བཏུང་བ་ཡིས་ཞེས་བྱ་བ་ནི་རྒྱལ་བ་དེ་དག་གིས་ཞིང་ཐམས་ཅད་ཀྱི་ཇི་སྙེད་ཡོད་པ་དེ་སྙེད་དུ་བདག་གི་ལུས་མང་པོར་གྱུར་པར་བསམ་པའོ། །རྒྱལ་བ་ཀུན་ནས་ལ་རབ་ཏུ་ཕྱག་འཚལ་ལོ་ཞེས ་བྱ་བ་ནི་ཡིད་ཀྱིས་མངོན་སུམ་དང་འདྲ་བར་དམིགས་པའི་དེ་དག་ཐམས་ཅད་ལ་བདག་གི་ལུས་དེ་སྙེད་དུ་རབ་ཏུ་བཏུང་དེ་ཕྱག་བཙལ་བར་བསམ་མོ། །རྒྱལ་བ་ཞེས་པ་ནི་ཉོན་མོངས་པ་སྒྲ་ལས་རྒྱལ་བའི་ཕྱིར་དང། །བདུད་ལས་རྒྱལ་བའི་ཕྱིར་དང། སྡིག་པ་མི་དགེ་བ་ཐམས་ཅད་ལས་རྒྱལ ་བ་སྟེ། བྲམ་ཟེ་ཉེར་འགྲོ་ཞེས་པས་ཁྱོད་སུ་ཞིག་ཅེས་ཞུས་པ་དང་ལན་དུ་འདི་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྡིག་པ་མི་དགེའི་ཆོས་ལས་ང་རྒྱལ་ཏེ། དེའི་ཕྱིར་ཉེར་འགྲོ་ང་ནི་རྒྱལ་བ་ཡིན་ཞིག་གསུངས་པ་ལྟ་བུའོ། །འོ་ན་ལུས་མང་པོས་ཕྱག་བྱས་པ ་ལ་ཡོན་ཏན་ཅི་ཡོད་ཅེ་ན། ལུས་མང་པོས་ཕྱག་བྱ་བར་བསམས་ཤིང་མོས་པ་ན་ལུས་གཅིག་གིས་ཕྱག་བྱ་བར་མོས་ན་ཡང་བསོད་ནམས་ཆེན། ཡང་ལུས་མང་པོས་ཕྱག་བྱ་བར་མོས་པས་ལྟ་བསོད་ནམས་ཆེ་བས་དེ་ལྟར་མོས་པར་བྱའོ། །གསུམ་པ་ཡིད་ཀྱིས་ཕྱག་བྱ་བ་ནི་རྡུལ ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག་།ཅེས་བྱ་བ་ནི་རྡུལ་ཕྲ་རབ་གཅིག་གི་ངོས་འབའ་ཞིག་ན་སངས་རྒྱས་ཀྱི་ཞིང་མ་ལུས་པའི་རྡུལ་སྙེད་ཀྱི་སྐུ་ཐ་མལ་པའི་ཚད་མ་ཤ་སྟག་བཞུགས་པར་བསམ་པར་བྱ་སྟེ། དེ་ཡང་སངས་རྒྱས་ཉག ་གཅིག་བཞུགས་པར་བསམ་པར་བྱ་བ་མ་ཡིན་གྱི། སངས་རྒྱས་རེ་རེ་ཡང་འཁོར་བྱང་ཆུབ་སེམས་དཔའ་མང་པོས་བསྐོར་ཏེ་ཆོས་སྟོན་ཅིང་བཞུགས་པར་བསམས་ཏེ་མོས་པར་བྱའོ། །སངས་རྒྱས་ཞེས་བྱ་བ་ནི་གཏི་མུག་གི་གཉིད་སངས་པས་ན་མི་གཉིད་སངས་པ་བཞིན་ཞེས་པ་སྟེ། ཐམས ་ཅད་གསལ་བ་ལ་ཐུགས་སུ་ཆུད་པ་ལ་བྱའོ། །ཡང་ན་བློའི་པདྨ་ཁ་བྱེ་ཞིང་རྒྱས་པ་བཞིན་ཞེས་བྱ་སྟེ། པདྨ་རྒྱས་པ་ནི་ཁ་དེ་ལས་རྒྱས་པ་མེད་པ་བཞིན་དུ་མཁྱེན་པ་སངས་རྒྱས་ཏེ་མི་མཁྱེན་པ་རྡུལ་ཙམ་ཡང་མི་མངའ་བས་ན། སངས་པ་དང་རྒྱས་པ་དུས་གཅིག་བསྡུས་ཏེ་སངས་རྒྱས ་ཞེས་བྱའོ། །སྲས་ནི་མོས་པ་སྤྱོད་པའི་སར་ཆུད་པ་ཡན་ཆད་དེ་བཞིན་གཤེགས་པའི་གདུང་རྒྱུན་མི་འཆད་པར་བྱེད་པ་དེ་དག་ལ་བྱ། ཡང་ནས་དང་པོ་བསྙེད་པ་ཡན་ཆད་ལ་བྱ་སྟེ། འཕགས་པ་ས་བཅུ་པའི་མདོ་ལས། ས་དང་པོ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་དེ་བཞིན་གཤེགས་པའི ་རིགས་སུ་སྐྱེས་པ་ཡིན་ནོ་ཞེས་གསུངས་པ་ལྟ་བུ་སྟེ། མདོར་ན་སངས་རྒྱས་ཀྱི་གསུང་མན་ངག་ལས་སྐྱེས་པའི་སྲས་ཞེས་བྱའོ། །གལ་ཏེ་རྡུལ་གཅིག་གི་སྟེང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་རྙེད་ཤོད་བར་ཇི་ལྟར་རུང་ཞེ་ན། དེ་ནི་སེམས་ཀྱིས་དེ་ལྟར་བསམས་ཤིང་དེ་ལྟར་མོས་པར ་བྱ་བ་ཆོས་ཡིན་ཏེ་རྣལ་འབྱོར་པའི་སེམས་དེ་ལྟར་སྣང་བ་ཡིན་གྱི། ཕྱི་རོལ་གྱི་རྡུལ་སྙེད་ནི་མ་ཡིན་ཏེ། དཔེར་ན་རྣལ་འབྱོར་བས་ཟད་པར་ས་དང། ཟད་པར་ཆུ་དང། མེ་དང། རླུང་དང། ཟད་པར་སྔོན་པོ་དང། སེར་པོ་དང། དམར་པོ་དང། དཀར་པོ་དང། ནམ ་མཁའ་དང། ཟད་པར་རྣམ་པར་ཤེས་པར་མོས་ན་ཡང་དེ་བཞིན་མཐོང་བ་དང་འདྲ་སྟེ། ཆོས་ཐམས་ཅད་ཡོངས་སུ་གྲུབ་པའི་རང་བཞིན་མ་ཡིན་པས་ཇི་ལྟར་བརྟགས་པ་དེ་ལྟར་སྣང་ངོ། །རྣལ་འབྱོར་པའི་སེམས་དེ་ལྟར་སྣང་བས་ཡང་མཉམ་པར་མ་བཞག་པའི་སེམས་དེ་མ་གོམས ་བའི་སེམས་ལས་ནི་དེ་ལྟར་སྣང་དུ་ཡང་མི་རུང་གི་།མཉམ་པར་བཞག་པ་ལ་གོམས་པ་ལ་ནི་དེ་ལྟ་བུར་མི་རུང་བ་མེད་དེ། བཅོམ་ལྡན་འདས་ཀྱིས་བསམ་གྱིས་མི་ཁྱབ་པ་བཞི་བཀའ་སྩལ་པ་ལས། རྣལ་འབྱོར་བའི་མཐུ་བསམ་ཀྱིས་མི་ཁྱབ་ཞེས་གསུངས་པ་ལྟ་བུའོ། །དེ ་ལ་དཔེ་ཅི་ཡོད་ཞེ་ན། དཔེར་ན་སྣོད་ཆུང་ངུའི་ནང་དུ་ཆུ་བླུག་ན་དེའི་ནང་དུ་ཉི་ཟླ་གཟའ་སྐར་ལ་སོགས་པའི་གཟུགས་ཆེན་པོ་མང་པོ་སྣང་དུ་རུང་བ་དང། ཡང་སྒྱུ་མ་མཁན་གྱི་རྒྱུ་རྐྱེན་ཆུང་ངུ་ལས་མི་རྟ་ལ་སོགས་པའི་གཟུགས་ཆེན་པོ་མང་པོ་སྤྲུལ་ཏེ་སྟོན་པ་དང། རྨི་ལམ ་ན་གནས་ཆུང་ངུ་དོག་པའི་ནང་གཟུགས་ཆེན་པོ་སྣང་བ་འབྱུང་བ་དང་འདྲ་སྟེ་མི་རུང་བ་མེད་དོ། །དེ་ལྟར་མོས་པས་ཅི་ཞིག་བྱ་ཞེ་ན། དེ་བཞིན་གཤེགས་པའི་མཐུ་ཕུན་སུམ་ཚོགས་པ་མང་པོ་ལ་དམིགས་པའི་སྒོ་ནས་བསོད་ནམས་མང་དུ་འཕེལ་བས་དེ་ལྟར་དགོས་སོ། །རྡུལ ་ཅིག་གི་སྟེང་ན་ཇི་ལྟ་བ་བཞིན་དུ་རྡུལ་ཐམས་ཅད་ཀྱི་སྟེང་དུ་ཡང་དེ་དང་འདྲ་བར་བསམ་པའི་ཕྱིར། དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པར། ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས་ཞེས་བ་སྟེ། དེ་ལྟར་ཞེས་བྱ་བ་ནི་རྡུལ་ཅིག་ལ་ཇི་ལྟ་བ་དེ་ལྟར་རོ། །ཆོས་ཉིད་ཅེས་བྱ་བ་ནི་དེ ་བཞིན་ཉིད། དབྱིངས་ཞེས་བ་ནི་འབྱུང་གནས་ཏེ། དེ་བཞིན་ཉིད་ལ་དམིགས་ནས་སངས་རྒྱས་ཀྱི་ཡོན་ཏན་གྱི་ཆོས་རྣམས་འབྱུང་བས་ཆོས་ཉིད་ཀྱི་ཆོས་ཀྱི་དབྱིངས་ཏེ། ཆོས་ཀྱི་དབྱིངས་ཀྱིས་ཀླད་པ་ནམ་མཁའ་ཨི་ཁམས་ཀྱི་མཛའ་གཏུགས་པ་མ་ལུས་པའི་རྡུལ་ཕྲ་རབ་རེ་རེའི་སྟེང་ན་རྒྱལ ་བ་འཁོར་དང་བཅས་པ་དེ་སྙེད་གཞུགས་པར་བསམ་ཞིང་མོས་པ་སེམས་སྦྱང་བར་བྱའོ། །བཞི་པ་དག་གིས་ཕྱག་བྱ་བ་ནི། དེ་དག་སྔགས་པ་མི་ཟད་རྒྱ་མཚོ་རྣམས་ཞེས་པ་ནི། རྒྱལ་བ་དེ་དག་གིས་བསྔགས་པ་ནི། དུས་གསུམ་ཀུན་ཏུ་གཤེགས་པ་ཉིད་དམོས་པ་བསམ་ནས་རྡུལ་ཅིག་གི ་སྟེང་དུ་རྡུལ་སྙེད་བཞུགས་པ་ལ། རྡུལ་རེ་རེའི་སྟེང་ན་ཡང་དེ་ཉིད་བཞུགས་པར་མོས་པའི་རྒྱལ་བ་དེ་དག་ཐམས་ཅད་ཀྱི་བསྔགས་པ་ནི་སྙན་པར་བསྟོད་པའོ། །མི་ཟད་རྒྱ་མཚོ་ཞེས་པ་ནི་བསྔགས་པ་ཟད་མི་ཤེས་པ་སྟེ། རྒྱ་མཚོ་མང་བ་ལྟར་བསྔགས་པ་མང་པོ་ཟད་མི་ཤེས་པའོ། །དབྱངས་ཀྱི ་ཡན་ལག་ཞེས་པ་ནི། དབྱངས་སམ་ཚིག་འབྱུང་བྱུང་བའི་རྒྱུ་ནི་ལྕེ་ཡིན་ཏེ། དེ་ཡང་ཁུངས་ནི་ཕུང་པོ་གསུམ་པའི་མདོ་ལས། དེ་བཞིན་གཤེགས་པ་རེ་རེ་ལ་ལུས་ཐོབ་པའི་འགྲོ་བ་ཐམས་ཅད་ཀྱི་སེམས་ཇི་སྙེད་ཀྱིས་ཞབས་ཀྱི་འོག་ཏུ་གཏུགས་ཏེ་ཕྱག་བྱ། ལུས་ཐོབ་པ་རེ་ལ་ཡང ་ལྕེའི་རྩེ་མོ་ཕྲ་རབ་མགོ་གང་གིས་ལམ་ངེས་པའི་ཚིག་དེ་སྙེད་ལྷག་པར་མོས་སོ། །མགོ་རེ་རེ་ལ་ཡང་ཁའི་སྒོ་ཞིང་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་དབྱེ་བ་ནམ་དུ་ལྷག་པར་མོས་སོ། །ཁའི་སྒོ་རེ་རེ་ལ་ཡང་ཞིང་ཐམས་ཅད་ཀྱི་རྡུལ་ཕྲ་རབ་སྙེད་དུ་ལྷག་པར་མོས་སོ་ཞེས་འབྱུང་བ་ཡིན་ཏེ་ལྕེ ་དེ་སྙེད་དུ་མོས་པ་ཡིན་ནོ། །རྒྱ་མཚོ་ཞེས་པ་ནི་མང་པའི་གྲངས་མཚོ་ཡས་པ་ལ་བྱ་སྟེ། གླིང་གཞི་པ་བྱེ་བ་ཕྲག་བརྒྱ་ལ་སྟོང་གསུམ་གྱི་སྟེང་ཆེན་པོའི་འཇིག་རྟེན་གྱི་ཁམས་སོ། །དེ་གཅིག་ཏུ་བརྩིས་ལ་བྱེ་བ་ཕྲག་བརྒྱ་ལ་འཇིག་རྟེན་ཁམས་རབ་འབྱམ་གཅིག་གོ་།དེ་བྱེ་བ་བྲག ་བརྒྱ་ལ་མཚོ་ཡེས་ཅིག་གོ་།ཞེས་བྱ་བ་དང་འཇིག་རྟེན་གྱི་ཁམས་ཀྱི་གོ་རིམ་ལས་ཀྱང། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམས་ལ་བྱ་བ་དུང་ཕྱུར་ཐེར་འབུམ་ཤུག་དོག་མཆོག་ཉལ་ཀྱང་འཕྱེས་བྱེ་མ་ནུབ་ནུབ་མཚོ་ཡས་ཞེས་བྱ་བ་ལ་སོགས་པ་འབྱུང་བས་གྲངས་ཀྱི་མིང་ལ་བྱ ་སྟེ་སྒྲ་སྐད་འབྱུང་བའི་ལྕེ་མང་པོ་མཚོ་ཡས་སྙེད་དོ། །ཡང་ན་རྒྱ་མཚོ་ནི་གྲངས་དང་མི་སྦྱར་གྱི། མཚོ་ཉིད་ལ་ཡང་བྱར་རུང་སྟེ། དཔེར་ན་རྒྱ་མཚོ་རྒྱ་ཆེ་གཏིང་ཟབ་པ་ལྟར། སྒྲ་སྐད་འབྱུང་བའི་ལྕེ་ཡང་མང་བ་ལ་བྱའོ། །འོག་ནས་རྒྱ་མཚོ་འབྱུང་བ་རྣམས་ཀྱང་འདི་དང་འདྲ་པར ་བཤད་པར་བྱའོ། །སྒྲ་སྐད་ཀྱིས་ཞེས་པ་གོང་མ་ལྟ་བུའི་ལྕེ་མང་པོ་དེ་དག་ལས་འབྱུང་བའི་སྒྲ་སྐད་ཐམས་ཅད་ཀྱིས་སོ། །རྒྱལ་བ་ཀུན་གྱི་ཞེས་པ་ནི་དུས་གསུམ་གཤེགས་པའི་རྒྱལ་བ་ཉིད་དང། མོས་པར་བསམས་ནས་རྡུལ་སྙེད་བཞུགས་པ་དེ་ལྟ་བུའི ་རྡུལ་རེ་རེ་ལ་ཡང་དེ་སྙེད་བཞུགས་པར་མོས་པའི་རྒྱལ་བ་དེ་དག་ཐམས་ཅད་ཀྱི་བསྔགས་པ་ནི་སྙད་པར་བསྟོད་པའོ། །ཡོན་ཏན་ནི་ཡང་དང་ཡང་དུ་བཟླས་པར་བྱ། ཉམས་སུ་བླངས་པར་བྱ་བ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་མི་ཟད་པའི་ཡོན ་ཏན་དང་སངས་རྒྱས་སུ་གྲུབ་པ་ལ་མངའ་བའི་ཡོན་ཏན་དང་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ཏིང་ངེ་འཛིན་གྱི་ཕུང་པོ་དང། ཤེས་རབ་ཀྱི་ཕུང་པོ་དང། རྣམ་པར་གྲོལ་བའི་ཕུང་པོ་དང། རྣམ་པར་གྲོལ་བའི་ཡེ་ཤེས?་མཐོང་བའི་ཕུང་པོ་དང་སྟོབས་བཅུ་དང། མི་འཇིགས་པ་བཞི་དང། ་སོ་སོ་ཡང་དག་པར་རིག་པ་བཞི་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པའོ། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད་ཞེས་བྱ་བ་ནི་མཛེས་པར་གཤེགས་པས་ན་འང་ལེགས་པར་གཤེགས་པ་སྟེ་དཔེར་ན་གཟུགས་བཟང་པ་ལ་གཟུགས ་ལེགས་ཞེས་བྱ་བ་ལྟ་བུའོ། །ཡང་ན་ལས་དང་ཉོན་མོངས་པའི་དབང་གིས་འཁོར་བར་སླར་མི་ལྡོག་པར་གཤེགས་པ་སྟེ། དཔེར་ན་རིམས་ནད་ལེགས་པར་བྱང་བ་བཞིན་ནོ། །ཡང་ན་བགྲོད་པར་བྱ་བ་མཐར་ཕྱིན་པར་གཤེགས་པ་སྟེ། དཔེར་ན་སྣོད་ལེགས་པར་གང ་བ་བཞིན་ནོ། །ཡང་ན་བཅོམ་ལྡན་འདས་བདེ་བར་གྱུར་ཅིང་མཐོ་རིས་ཀྱི་བདེ་བ་དང་ལྡན་པ་གནོད་པ་མི་མངའ་ཞིང་གནོད་པ་མེད་པའི་ཆོས་དང་ལྡན་པས་ན་བདེ་བར་གཤེགས་པའམ། བདེ་བར་བརྙེད་པ་ཞེས་བྱ་སྟེ། བདེ་བར་གཤེགས་པ་དེ་ལ་བསྟོད་པར་བགྱིའོ། །དེ ་ནི་སྤྱིའི་དོན་གཉིས་པ་མཆོད་པ་སྟོན་ཏེ། དེ་ལ་གཉིས་ཏེ། བླ་ན་ཡོད་པ་དང། བླ་ན་མེད་པའོ། །དེ་ལ་བླ་ན་ཡོད་པ་ནི་མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་སྟོན་ཏེ། མེ་ཏོག་དམ་པ་ནི་ལྷ་ཡུལ་མན་ཆད་ཀྱིས ་འཇིག་རྟེན་ན་མེ་ཏོག་དངོས་སུ་ཡོད་པ་ཇི་སྙེད་པ་དང། ཀུན་གྱི་མཆོག་གོ་།མཆོད་པ་འོག་མ་རྣམས་ཀྱི་དམ་པ་ཡང་འདི་ལས་ཤེས་པར་བྱའོ། །འཕྲེང་བ་དམ་པ་ནི་མེ་ཏོག་སྣ་ཚོགས་བརྒྱུས་པ་དང། སྣ་ཚོགས་སྤེལ་ཏེ་བརྒྱུས་པའི་མཆོག་གོ་།ཡང་ན་རིན་པོ་ཆེ་སྣ་ཚོགས་ཀྱིས་ཕྲེང་བ་བརྒྱུས ་པའི་དམ་པའོ། །མེ་ཏོག་དང་ཕྲེང་བ་ཡང་མི་ཏོག་ཐ་མལ་པ་འབའ་ཞིག་ལ་བྱ་བར་མ་ཟད་ཀྱིས་བརྡུངས་པ་དང་བླུགས་པ་དང། རི་མོར་བྲིས་པ་དང། དྲས་པ་ལ་སོགས་པའི་བཅོས་མ་རྣམས་ལ་ཡང་བྱའོ་ཞེས་འཆད་དོ་གསིལ་སྙན་ནི་རོལ་མོ་ལ་བྱ་སྟེ། རྒྱུད་ཅན་དང་བུད་པ་དང། བརྡུང་ཞིང ་དགྲོལ་བ་ཐམས་ཅད་དེ། དེ་དག་ཀྱང་སྙན་པའི་ཕུལ་དུ་ཕྱིན་པ་ཤ་སྟག་གོ་།བྱུག་པ་ནི་སྤོས་དྲི་ཞིམ་པའི་འདི?་གུས་ལུས་ལ་བྱུགས་པ་སྟེ། དེ་ཡང་མཆོག་ཏུ་ཕྱིན་པའོ། །གདུགས་མཆོག་ནི་གདུགས་ཀྱི་རྣམ་པ་ཇི་སྙེད་ཡོད་པའི་མཆོག་གོ་།མར་མེ་མཆོག་ནི་སྤོས་མར་ལ་སོགས་པ་དྲི་ཞིམ ་འོད་གསལ་བྱའི་ནོར་བུའི་འོད་ཆེ་ཞིང་རིན་པོ་ཆེ་ལྟ་བུའོ་བདུག་སྤོས་དམ་པ་ནི་བདུག་སྤོས་སྦྱར་མ་འམ། སྣ་ཅིག་ཏུ་ཡང་རུང་སྟེ། མཆོག་ཏུ་ཕྱིན་པའོ། །ན་བཟའ་དམ་པ་ནི་གོས་ཐམས་ཅད་ཀྱི་མཆོག་ཀ་ཙལ་ནི་དི་ཀ་ལ་སོགས་པ་རིན་ཐང་དཔག་ཏུ་མེད་པ་ལ་སོགས་པའོ། །དྲི་མཆོག ་ནི་སྤོས་ཆུ་ལེན་ཆབ་དུ་གསོལ་བ་འམ། སྤོས་ཆུས་ཆག་ཆག་ཏུ་བཏབ་པའི་དམ་པ་ཨ་ཀ་རུ་དང། དུ་རུ་ཀ་དང། ན་ལ་ན་དང། སོའུ་གནདེ་ལ་སོགས་པའོ། །ཕྱེ་མའི་ཕུར་མ་རི་རབ་མཉམ་པ་དང། ཞེས་པ་ནི་རྣམ་པ་གཉིས་སུ་བཤད་དོ་གཅིག་ཏུ་ན་སྤོས་དྲི་ཞིམ་པ་སྣ་ཚོགས་ཀྱི་ཕྱེ ་མ་གཏོར་ཞིང་གང་བ་རུ་རུང་བ་ཐུམ་པོར་བྱ་སྟེ། བཞག་པའི་རིམ་པ་རྒྱ་ཆེར་ཁེངས་པ་དང། བརྩིགས་པའི་འཕངས་མཐོ་བ་རི་རབ་ཀྱི་གཏོས་དང་མཉམ་པ་ཙམ་ཡོད་པའོ། །ཡང་ན་དཀྱིལ་འཁོར་བྲིས་པའི་མཚོན་ཕྱེ་སྤེལ་བའི་རིམ་པའི་རྒྱ་དང། རྡམ་རི་རབ་ཀྱི་བལྟོས ་དང་འཕངས་ཙམ་ཡོད་པ་ལ་བྱའོ། །དེ་ལ་ཕྱེ་མའི་མཆོག་ནི་ཚོན་བཟང་བ་དང་དྲི་ཞིམ་པ་དང་རི་རབ་དང་མཉན་པའོ། །བཀོད་པའི་ཁྱད་པར་འཕགས་པའི་མཆོག་ཀུན་གྱི་ཞེས་པ་ནི་རྣམ་པ་མང་དུ་འདྲེན་ཏེ། ཕལ་ཆེ་བ་ལ་ཡང་བྱ། བརྒྱན་པ་ལ་ཡང་བྱ། སྣ་ཚོགས་པ་ལ་ཡང ་བྱའོ། །འདི་ནི་གསུམ་ཆར་ལ་ཡང་སྦྱར་ཞིང་གོང་དུ་སྨོས་པ་རྣམས་ལ་བསྙག་ཏུ་ཡང་རུང་སྟེ། མེ་ཏོག་དང་ཕྲེང་བ་དང། རོལ་མོའི་སྒྲ་ཡང་བྱུག་པ་དང། བདུག་སྤོས་ལ་སོགས་པ་ཕལ་ཆེ་བ་དང། དེ་དག་གི་ལེགས་པར་བརྒྱན་པ་དང། རྣམ ་གྲངས་མང་པོའོ། །ཡང་སྣ་ཚོགས་ཞེས་བྱ་བ་འབའ་ཞིག་དང་སྦྱར་དུ་རུང་སྟེ་འདིར་མཆོད་པའི་ཡོ་བྱད་མིང་གིས་སྨོས་པ་དང། མིང་གིས་མ་སྨོས་པའི་ཞལ་ཟས་སྣ་ཚོགས་དང། གཟིམས་ཆ་དང། སྟན་དང་ཕོ་བྲང་ཁང་པ་སྣ་ཚོགས་དང། བཀྲམ་པ་དང་སྦྱར་བ་དང། ་བཟང་པོ་སྣ་ཚོགས་ལྷ་དང་མི་དང་ཀླུ་དང་དྲི་ཟ་དང། མི་འམ་ཅི་ལ་སོགས་པའི་ཡུལ་ན་ཡོད་པའི་མཆོག་དམ་པ་རྣམས་ལ་བྱའོ། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ཞེས་པ་ནི་གོང་དུ་སྨོས་པའི་མཆོད་པ་ཐམས་ཅད་ཀྱིས་ཕྱོགས་བཅུ་དག་ན་དུས་གསུམ་གཤེགས ་པའམ་བཞུགས་པའི་ཁྱད་པར་རྣམས་དང། ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ནམ་མཁའ་ཨི་མཛའ་གཏུགས་པའི་ཁྱོན་ནི་རྡུལ་ཕྲ་རབ་རེ་རེ་སྟེང་ན་ཡང་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་རྒྱལ་བ་བྱང་ཆུབ་སེམས་དཔའ་བཞུགས་པར་བསམས་པ་དེ་དག་ཐམས་ཅད་ལ་མཆོད ་པར་མོས་པར་བྱ་བ་ཡིན་ཏེ། མཆོད་པ་བླ་ན་ཡོད་པ་འདི་ནི་འཇིག་རྟེན་པ་ཡིན་ནོ། །གཉིས་པ་མཆོད་པ་བླ་ན་མེད་པ་ནི། མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ་ཞེས་བྱ་བ་ནི་ཡིན་ཏེ། བླ་ན་མེད་པ་ལྷ་ཡུལ་མན་ཆད་ཀྱི་དེ་དག་ལས་ཁྱད་པར་དུ་འཕགས་པ་དཔེ་ཟླ་མེད ་པ་སྟེ། བྱང་ཆུབ་སེམས་དཔའ་མཐུ་ཅན་རྣམས་ཀྱིས་མཆོད་པ་བཟང་རྒུར་སྤྲུལ་པའོ། །རྒྱ་ཆེ་བ་ནི་འཇིག་རྟེན་གྱི་ཁམས་མང་པོར་ཁྱབ་ཅིང་རྒྱས་པའོ། །མདོ་སྡེ་ལས་མཆོད་པ་སྣ་ཚོགས་བླ་ན་མེད་པ་མཆོད་པ་རྒྱ་ཆེ་བ་དག་པ་ཐོས་ཤིང་མཐོང་བ་ལྟ་བུ་དག་དང། བདག ་ཉིད་ཀྱི་སེམས་ཀྱིས་ཅི་ནུས་ཀྱི་མཆོད་པའི་ཡོ་བྱད་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་མང་པོར་རྒྱས་པར་བཀང་སྟེ་མཆོད་པ་བྱ་བར་བསམ་མོ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས་ཞེས་པ་ནི་མཆོད་པ་བླ་ན་མེད་པའི་དཔེ་དང་ལྷག་པ་མེད་པ་དེ་དག་གི་གོང་དུ་སྨོས་པའི ་རྒྱལ་བ་ཐམས་ཅད་ལ་ཡང་དང་པ་དང། ཤེས་རབ་ལྡན་པའི་སེམས་ཀྱིས་མཆོད་པ་བསམ་པ་ལ་བྱའོ། །ཡང་ན་མཆོད་པ་བླ་ན་མེད་པའི་ཡོ་བྱད་འཕགས་པ་དེ་བཞིན་གཤེགས་པའི་གསང་བསྟན་པའི་མདོ་ལས་འབྱུང་བ་འདི་ལྟ་བུ་ལ་ཡང་བྱ་སྟེ། དེ་ནས་བཅོམ་ལྡན་འདས ་ཀྱིས་ཚངས་པ་གཙུག་འཕན་ལ་བཀའ་སྩལ་པ། ཚངས་པ་གསུམ་པོ་འདི་དག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང། རིམ་གོ་བྱ་བ་བླ་ན་མེད་པའོ། །མཆོད་པའི་ལས་བླ་ན་མེད་པའི་བསོད་ནམས་ཚད་མེད་པ་འབྱུང་བའོ། །གསུམ་གང་ཞེ་ན། བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་སེམས་བསྐྱེད་པ་དང། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་འཛིན་པ་དང། ཇི་ལྟར་ཐོས་པའི་ཆོས་རྣམས་དེ་བཞིན་དུ་སྒྲུབ་པ་སྟེ། ཚངས་པ་དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བྱ་བ་དང། བླ་ན་མེད་པའི་མཆོད་པ་བྱེད་འདོད་པས་མཆོད་པའི ་དངོས་པོ་འདི་དག་གིས་མཆོད་པར་བྱ་བ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས་ཞེས་པ་ནི། སྟེང་འོག་གཉིས་པར་སྦྱར་ཏེ། བཟང་པོ་སྤྱོད་ལ་དད་པའི་སྟོབས་ཀྱི། མཆོད་པ་བླ་ན་མེད་པ་རྒྱ་ཆེན་པོས་རྒྱལ་བ་རྣམས་ལ་མཆོད་པར་བྱའོ ་ཞེས་བྱ་བར་ཡང་སྦྱར་རོ། །འོག་མ་རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི་ཞེས་དང་ཡང་སྦྱར་ཏེ། བཟང་པོ་སྤྱོད་པ་ལ་དད་ཅིང་མོས་པའི་སྟོབས་ཀྱིས་བཟང་པོ་སྤྱོད་པའི་མན་ངག་བཞིན་དུ། གོང་དུ་སྨོས་པའི་ཕྱག་བྱ་བ་རྣམ་པ་བཞི་དང། མཆོད་པ་རྣམ་པ་གཉིས་ཀྱིས ་རྒྱལ་བ་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ་ཞེས་ཚིག་གོང་མ་རྣམས་ཀྱི་མཇུག་སྡུད་པ་ཡིན་ནོ། །སྤྱི་དོན་གསུམ་པ་ཉེས་དམིགས་བཤགས་པ་ནི། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ན་ཞེས་པ་ལ་སོགས་པ་ལ་ཤལོ་ཀ་གཅིག་གིས་སྟོན་ཏེ་དེ་ཡང་བཞི་ཉེས་པའི་རྒྱུ་དང། བཞི་དང། ་རང་བཞིན་དང། སྤྱི་དང། རྣམ་པ་བཞིའི་སྒོ་ནས་བཤགས་པ་བྱའོ། །དེ་ལ་ཉེས་པའི་འདོད་ཆགས་ཞེ་སྡང་གཏི་མུག་གོ་།ཉེས་པའི་གཞི་ནི་ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་སོ། །ཉེས་པའི་རང་བཞིན་ནི་སྡིག་པ་དག་གིས་བགྱིས་པ་ཅི་མཆིས་པ་ཞེས་པ་སྟེ། ཚེ་འདི་དང་ཚེ་རབས ་གཞན་རྣམས་སུ་བདག་གིས་སྡིག་པ་མི་དགེ་བའི་ལས་བྱས་པ་རྣམས་སོ། །ཉེས་པའི་སྤྱི་ནི་མཆིས་ཞེས་པ་སྟེ། བདག་ཉིད་ཀྱིས་བྱས་པ་དང་གཞན་བྱེད་དུ་བཅུག་པ་དང། གཞན་དག་སྡིག་པ་བྱེད་པ་མཐོང་ན་དགའ་བ་དང་རྗེས་སུ་ཡི་རང་བ་ལ་བྱ་སྟེ། འདོད་ཆགས ་ཞེ་སྡང་གཏི་མུག་དབང་གིས་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས། སྡིག་པ་བདག་གིས་བྱས་པ་དང། བྱེད་དུ་བཅུག་པ་ལ་རྗེས་སུ་ཡི་རང་བ་ཅི་ཡོད་པ་དེ་དག་ཐམས་ཅད་འགྱོད་པ་དང་མི་དགའ་ཞིང་གནོད་བཀུར་པའི་སེམས་ཀྱིས་བཤགས་པར་བྱ་སྟེ། གོང་དུ་བདེ་བར་གཤེགས ་པ་ལ་བསྟོད་པའི་སྐབས་ནས་འབྱུང་བ་བཞིན་དུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོའི་སྤྱན་སྔར་བདག་གིས་ལུས་མང་པོར་འདུག་ལ། མགོ་དང་ལྕེ་མང་པོས་སྐད་ཅིག་རེ་རེ་ལ་ཡང་སྡིག་པ་བཤགས་པར་བསམ་ཞེང་མཐོལ་བ་དང་བཤེགས་པར་བྱའོ། །དེ་བཞིན་དུ ་ཞེས་པ་ནི་སྔོན་དུ་ཡིད་དང་མི་སྦྱར་གྱི་ཉེས་པ་ཅི་དང་ཇི་ལྟར་བྱས་པ་དེ་དག་དེ་བཞིན་དུ་བཤགས་སོ་ཞེས་སྦྱར་རོ། །དེ་ལ་རྒོལ་ཏེ། ཉེས་པ་མ་བཤགས་ན་ཉེས་པ་ཅི་ཡོད་བཤགས་པ་ལ་རོགས་པ་ཅི་ཡོད་ཞེ་ན། དགོས་ཏེ་སྡིག་པ་ལ་མི་འཛེམ་པར་སྤྱོད་ཅིང་མི་མཐོལ་མི ་བཤགས་པ་ལ་རུང་བར་འཛིན་ན་རྒྱུན་དུ་འཕེལ་ཏེ། སེམས་ཀྱི་རྒྱུད་ལ་ཞེན་པས་འཁོར་བ་ནས་འཁོར་བའི་མཆོག་།ལྷ་དང་མིར་སྐྱེ་བ་ཡང་ཤིན་ཏུ་དཀའ་ན། འཁོར་བ་ལས་ཐར་བར་ལྟ་ག་ལ་འགྱུར། སྡིག་པ་བཤགས་པ་ཡང་ཉེས་པ་ལ་ཉེས་པར་མཐོང་ན་མི་དགའ་ ་སྟེ། འགྱོད་ཅིང་བཤགས་ན། སྔ་མའི་རྒྱུན་མི་འཕེལ་ཞིང་བྱང་བར་འགྱུར་ལ། མི་དགའ་ཞིང་ལྡོག་ན་འཛེམ་ཞིང་ལྡོག་པར་འགྱུར་ཏེ། ཕྱིས་མི་བྱེད་པར་འགྱུར་ཞིང། མི་སོག་པས་མི་དགེ་བ་རྒྱུན་འཆད་པར་འགྱུར་ཏེ། འཕགས་པ་བྱམས་པ་སེངྒེ་སྒྲ་ཆེན་པོའི་མདོ ་ལས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་ནི་སྔོན་བྱས་པའི་སྡིག་པའི་ལས་ཟད་པར་བྱ་བའི་ཕྱིར་ཕུང་པོ་གསུམ་པའི་ཆོས་ཀྱི་རྣམ་གྲངས་བསྟན་པ་ཡིན་ཏེ། དེ་ལ་མི་བླུན་པོ་དག་ནི་ལྷག་པར་ལྟུང་བ་མངོན་པར་འདུ་བྱ་བ་མངོན་པར་འདུ་བྱས་ནས་ཉེས་པ་བཤགས་ཤིང ་སྤྱད་པ་ཙམ་གྱིས་དག་པར་འགྱུར་བ་སེམས་ཤིང། ཕྱིན་ཆད་སྡོམ་པར་ནི་མི་བྱེད་དོ་ཞེས་གསུངས་སོ། །དེ་ལྟ་བས་ན་སྡིག་པའི་ལས་སྔོན་བྱས་པ་བཤགས་པས་སྤྱད། ཕྱི་མ་ནི་སྡོམ་ཤིང་མི་བྱེད་པས་རྒྱུན་འཆད་དོ། །སྡིག་པ་བཤགས་པ་ནི་བར་སྐབས་གང་དུ་ཡང་རུང་སྟེ ་ཕུང་པོ་གསུམ་པོའི་མདོ་སྡེ་དང། ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པ་ལ་སོགས་པའི་མདོ་ཀླག་གོ་།ཡང་ན་སྐུ་གསུང་ཐུགས་ཀྱི་སྤྱན་སྔར་ཉེས་པ་ཅི་བྱས་པ་དམིགས་ཀྱིས་བཤགས་པར་བྱའོ། །ད་ནི་སྤྱི་དོན་བཞི་པ་བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་ནི། ཕྱོགས་བཅུའི་རྒྱལ ་བ་ཀུན་དང་སངས་རྒྱས་སྲས་ཞེས་པ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་རྒྱལ་བ་སངས་རྒྱས་སྲས་རྣམ་པ་གསུམ་དང་བཅས་པ་གོང་དུ་ཕྱག་བྱ་བའི་སྐབས་སུ་བཤད་པ་དང་འདྲའོ། །རང་རྒྱལ་རྣམས་དང་ཞེས་ནི་རང་སངས་རྒྱས་ཏེ། བདག་ཉིད་ཞི་བར་བྱ་བ་དང། བདག་ཉིད་དུལ་བར་བྱ་བའི ་ཕྱིར་ཉོན་མོངས་པ་ལས་འབྱུང་བའི་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་རྒྱལ་བའོ། །སློབ་པ་འཕགས་པ་རྒྱན་དུ་ཞུགས་པ་ལ་སོགས་པའི་གང་ཟག་བདུན་ཏེ། ད་དུང་བསླབ་པའི་མཐར་ཕྱིན་པར་བྱ་བ་ཡོད་པའོ། །མི་སློབ་པ་ནི་འཕགས་པ་དགྲ་བཅོམ་པའི་འབྲས་བུ་སྟེ། ་རང་གི་བྱ་བ་མཐར་བྱིན་ཅིང་དགྲ་བཅོམ་པ་ཟག་པ་ཟད་པ་བྱ་བ་བྱས་པ་འདི་ལ་སྲིད་པ་གཞན་མེད་དོ་ཞེས་ཟེར་བ་ལྟ་བུ། འགྲོ་བ་རྣམས་ཀྱི་བསོད་ནམས་གང་ལ་ཡང་ཞེས་པ་ནི། འགྲོ་བ་ཞེས་བྱ་བའི་སྒྲ་ནི་མ་ལུས་པ་ལ་སྙེགས་ཏེ། རིགས་ལྔ་ལ་བྱའོ། །རྣམས་དང་ཀུན ་འདྲ་སྟེ་ཐམས་ཅད་ལ་བྱ་སྟེ། དུས་གསུམ་གྱི་སེམས་ཅན་ཀུན་དང། དུས་གསུམ་གྱི་སློབ་པ་དང། མི་སློབ་པ་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང། སངས་རྒྱས་ཀྱི་བསོད་ནམས་ལ་རྗེས་སུ་ཡི་རང་བར་བྱ་སྟེ། གཞན་གྱི་དགེ་བ་བྱས་པ་ལ་བདག་གིས་དགའ་བར་བསམས་པས་བདག ་གིས་ཐོབ་ཅེས་བྱ་བར་བསྟན་ཏོ། །དེ་ལྟར་བྱས་ན་དགེ་བ་བྱེད་པ་ཡང་སྙིང་ཐག་པ་ནས་བྱས་ན་བསོད་ནམས་ཆེའོ། །བསམ་པ་འབྲིང་ན་བསོད་ནམས་འབྲིང་ངོ། །བསམ་འཆུང་ན་བསོད་ནམས་ཆུང་ངོ། །རྗེས་སུ་ཡིད་རང་བར་བྱེད་པ་ཡང་དེ་དང་འདྲ་སྟེ། བདག་གིས་བྱར་སྙིང ་ནས་མི་ནུས་མི་འབྱོར་ན། གཞན་བྱེད་པ་ལ་བསམ་པ་ཐག་པས་རྗེས་སུ་ཡི་རང་བ་ནས་བྱས་ན་བསོད་ནམས་ཆེ་བར་འགྱུར་བ་ཡང་ཡོད་དོ། །དེ་བཞིན་དུ་བསམ་པ་འབྲིང་དང་ཆུང་ངུས་ཡི་རང་བས་བསོད་ནམས་མཉམ་པ་དང། ཆུང་ངུར་འགྱུར་པ ་ཡང་ཡོད་དོ། །དེ་ལྟར་གཞན་གྱིས་དགེ་བ་བྱས་པ་ལ་བྲི་བ་ཡང་མེད་ལ། བདག་གིས་ཆེར་ཐོག་ཏུ་རུང་བས། རྟག་ཏུ་བསོད་ནམས་ལ་རྗེས་སུ་ཡི་རང་བར་བྱ་སྟེ། སྐད་ཅིག་རེ་རེ་ལ་ཡང་འབྱང་ཞིང་དགེ་བའི་ཚོགས་སུ་བསྡུའོ།། །།དེ་ནི་སྤྱི་དོན་ལྔ་པ་དེ་བཞིན་གཤེགས ་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་བསམ་པ་སེམས་སྦྱང་བ་ནི་གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག་ཅེས་པ་ལ་སྤྱི་དོན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སྒྲོན་མ་བླ་ན་མེད་པའི་བྱང་ཆུབ་ཁྱད་པར་ཅན་མངོན་པར་ཐུགས་སུ ་ཆུད་ནས་ཆགས་ཤིང་ཐོགས་པ་མི་མངའ་བའི་ཡེ་ཤེས་བརྙེས་ཏེ། སེམས་ཅན་མགོན་མེད་པ་རྣམས་ཀྱི་མགོན་མཛད་པ་གང་ཡིན་པ་དེ་དག་ཐམས་ཅད་ལ་བདག་གིས་ཆོས་ཀྱི་འཁོར་ལོ་བླ་ན་མེད་པར་བསྐོར་བར་བསྐུལ་ཏེ། ཆོས་བཤད་པར་གསོལ་བ་གདབ་བོ། །དེར་གལ? ་ཏེ། དུས་གསུམ་གྱི་སངས་རྒྱས་གང་ལ་གསོལ་བ་གདབ་ཅེ་ན། འདས་པ་དང་ད་ལྟར་གྱི་ཁ་ཅིག་ལ་ནི་གཞན་གྱིས་གསོལ་བ་བཏབ་ཟིན་པས་དེ་དག་ལ་གདབ་པར་མི་བྱའོ། །འོ་ན་གང་ལ་གདབ་ཅེ་ན། གང་དག་སྡོད་དོ་སངས་རྒྱས་ཤིང་མི་གསུང་བའི་ས་ལ་བཞུགས ་པ་རྣམས་ལ་གསོལ་བ་གདབ་དགོས་པ་དང་སྦྱར་རོ། །ཚིག་འབྲུ་བཤད་ནས་གང་རྣམས་ཞེས་པ་ནི་ད་ལྟར་གྱི་དུས་ན་སངས་རྒྱས་མ་ཐག་པ་དང། མ་འོངས་པའི་དུས་ཀྱི་སངས་རྒྱས་རྣམས་ཀྱི་སྤྱིར་སྙིགས་སོ། །འཇིག་རྟེན་སྒྲོན་མ་ཞེས་པ་ནི་སྐུ་ལས་འོད་ཟེར་འགྱེད་ཅིང་མུན་པ་སེལ ་བ་དང། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སོགས་པའི་ཆོས་བསྟན་པའི་གསུང་གི་འོད་ཟེར་གྱིས། སེམས་ཅན་གྱི་མི་ཤེས་པ་མུན་ནག་སེལ་བ་སྟེ། སྣོད་ཀྱི་འཇིག་རྟེན་གྱི་དང། སེམས་ཅན་གྱི་འཇིག་རྟེན་གཉིས་ཀ་ལ་སྣང་བ་མཛད་པས་དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས ་ཀྱི་མཛད་པ་བཅུ་གཉིས་ལ་སོགས་པ་རྣམས་ནི། འཇིག་རྟེན་གྱི་སྒྲོན་མ་ཞེས་བྱའོ། །ཡང་ན་འཇིག་རྟེན་ན་གང་ཟག་དང་ཆོས་ལ་གདག་ཏུ་ལྟ་བ་སེལ་བར་མཛད་པས་ན་ཡང་དེ་སྐད་དོ། །བྱང་ཆུབ་ཅེས་པ་ནི་སྤངས་པ་ཕུན་སུམ་ཚོགས་པ་དང། ཡེ་ཤེས་ཕུན་སུམ་ཚོགས ་པའོ། །དེ་སྤངས་པ་ནི་རྣམ་པ་གཉིས་ཏེ། ཉོན་མོངས་པའི་སྒྲིབ་པ་སྤངས་པ་དང། ཤེས་བྱའི་སྒྲིབ་པ་སྤངས་པའོ། །ཡེ་ཤེས་ཀྱང་རྣམ་པ་གཉིས་ཏེ། ཐམས་ཅད་མཁྱེན་པ་དང། ཐོགས་པ་མེད་པའོ། །མདོར་ན་ཡེ་ཤེས་བླ་ན་མེད་པ་ལ་བྱའོ། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས ་བརྙེས་ཞེས་པ་ལ་ནི། བླ་ན་མེད་པའི་བྱང་ཆུབ་རིམ་པར་རམ། ས་བཅུ་དག་ལས་རྣམ་པར་སངས་རྒྱས་པ་ནི་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནས། མངོན་པར་རྫོགས་པར་སངས་རྒྱས་ཏེ། མྱ་ངན་ལས་མ་འདས་ཀྱི་བར་དུ་མཛད་པ་བཅུ་གཉིས་ལ་སོགས་པ་རིམ་གྱི་མཛད ་ནས། བླ་ན་མེད་པར་བྱང་ཆུབ་ཀྱི་གཏེར་ཆེན་པོ་བརྙེས་པ་ལ་བྱའོ། །མ་ཆགས་ཞེས་པ་ནི་ད་ལྟར་གཏེར་བསྙེས་ཀྱང་དེ་ལ་སོ་སོའི་སྐྱེ་བོ་ལྟར་ཆགས་ཤིང་ཞེན་པ་མི་མངའ་བས་མ་ཆགས་བརྙེས་ཞེས་བྱའོ། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ་ཞེས་པ་ལ། ་མགོན་ནི་སེམས་ཅན་ཐམས་ཅད་ཀྱི་སྐྱབས་དང་དཔུང་གཉེན་ཏོ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སེམས་ཅན་སྐྱེ་བ་དང། རྒས་པ་དང་ན་བ་དང། འཆི་བ་ལ་སོགས་པའི་སྡུག་བསྔལ་རྣམས་ཀྱིས་ཉེན་པ་མགོན་དང་སྐྱབས་མེད་པ་རྣམས་ལ་འཕྲལ་དང་ཡུལ་དུ་ཕན་པ་དང། བདེ་བར་འགྱུར ་བའི་མགོན་མཛད་པའོ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ་ཞེས་པ་ལ། འཁོར་ལོ་ནི་དཔེར་ན་ཤིང་རྟའི་འཕང་ལོ་འདྲིལ་ཞིང་འགྲོ་བ་ལ་ཡང་འཁོར་ལོ་འགྲོ་བ་དང་འདྲ་བར་ཆོས་སྟོན་པ་དང། ཕ་རོལ་ཉན་པ་ངག་གི་རྒྱུད་ལ་ཡང་དག་པའི་དོན་གོ་བར་བྱེད ་པའོ། །བླ་ན་མེད་པ་ཞེས་པ་ནི། འདྲ་བ་འམ་གོང་ན་མེད་པའོ། །བསྐོར་བ་ཞེས་པ་ནི་ཆོས་བཤད་པ་སྟེ། གཞན་གྱི་སེམས་ལ་གོ་བར་བྱེད་པའོ། །སྐུལ་བ་ནི་ཆོས་བཤད་དུ་སྐུལ་དགོས་པས། སངས་རྒྱས་མངོན་སུམ་དང་འདྲ་བར་དམིགས་ཏེ། བདག་ཉིད་ཀྱང་ཐོས་པ་དང། གཞན ་ལ་ཡང་ཕན་གདགས་པའི་ཕྱིར། ངག་དང་ཡིད་ཀྱི་གུས་པས་ཆོས་བཤད་དུ་གསོལ་གདབ་བོ། །རྒྱལ་བ་སངས་རྒྱས་ལ་ནི་མི་མཁྱེན་པའམ། མི་གཟིགས་པ་འམ་ཟང་ཟིང་ལ་ཆགས་པ་དང་ཐུགས་རྗེ་མི་མངའ་བ་མ་ཡིན་པས་སྐུ་ལ་ཅི་དགོས ་ཤེ་ན། ཆོས་བཙུན་པ་དང་ཆོས་ལ་གུས་ཤིང་རག་ལུས་པར་བྱ་བའི་ཕྱིར་བསྐུལ་བ་ལ་བཞེས་སོ་དེའི་ཕྱིར་བསྐུལ་དགོས་སོ།། །།ད་ནི་སྤྱི་དོན་དྲུག་པ་མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ་བ་ནི། མྱ་ངན་འདས་སྟོང་གང་བཞེད་དེ་དག་ལ། ་འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པ་ཡང། །བདག་གི་ཐལ་མོ་རབ་སྦྱར་གསོལ་བར་བགྱི་ཞེས་པ་སྟེ། ཡང་དག་པར་ན་སངས་རྒྱས་ཡོངས་སུ་མྱ་ངན་ལས་མི་འདའ་མོད་ཀྱི། མྱ་ངན་ལས་འདའ་བར་བསྟན་པས་འདུལ ་བ་རྣམས་ལ་ད་ལྟ་བུར་སྟོན་པར་བཞེད་པས། དེ་དག་ལ་བཞུགས་པར་གསོལ་བ་གདབ་བོ། །སུའི་དོན་དུ་གསོལ་བ་གདབ་ཅེ་ན། འགྲོ་བ་ཀུན་ལ་སྨན་པ་དང་བདེ་བའི་སླད་དུ་ཞེས་བྱ་སྟེ། སེམས་ཅན་མ་ལུས་པའི་དོན་མཛད་ཅིང་བཞུགས་པར་གསོལ་ལོ།། ་དོན་ཅི་འདྲ་བར་ཞེ་ན། འཕྲལ་དུ་ཕན་པ་དང། ཡུན་དུ་བདེ་བ་སྟེ། དངོས་སུ་ན་མྱ་ངན་ལས་འདས་པའོ། །བདེ་བ་ནི་མངོན་པར་མཐོ་བ་སྟེ། མཐོ་རིས་དང་དབང་ཕྱུག་ལ་སོགས་པ་ནི་འཕྲལ་དུ་བདེ་བའོ། །དོན་དེ་གཉིས་གང་གི་ཡོན་ཏན་ལ་ཞེ་ན། དེ་བཞིན་གཤེགས ་པ་ལ་བཞུགས་པར་མཐོང་བའོ། །དེས་གསུངས་པའི་ཆོས་ཐོས་པ་ལས་གྲུབ་པས། དེའི་ཕྱིར་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་གདབ་བོ། །དེ་ལྟར་བཞུགས་པ་དེ་དུས་ཇི་སྲིད་དུ་གསོལ་བ་གདབ་ཅེ་ན། དུས་གསུམ་དུ་བཞུགས་པའི་སངས་རྒྱས? ་ཀྱི་ཞིང་ཐམས་ཅད་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་བསྐལ་པར་བཞུགས་སུ་གསོལ་བར་བསམ་མོ། །དེ་ལྟ་བུ་ཐམས་ཅད་དེ་ཇི་ལྟ་བུར་གསོལ་བ་གདབ་ཅེ་ན། སངས་རྒྱས་དེ་དག་གི་སྤྱན་སྔར་བདག་པུས་མོ་བཙུགས་ཐལ་མོ་སྦྱར་ཏེ། གུས་པར་གསོལ་བ་འདེབས་པར ་བསམ་མོ།། །།སྤྱི་དོན་བདུན་པ་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་ནི། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ་ཞེས་བྱ་སྟེ། གོང ་དུ་སྨོས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་མང་པོ་ལ་ལུས་དང་ངག་དང་ཡིད་ཀྱིས་ཕྱག་བྱས་པ་དང། དེ་དག་ལ་མཆོད་པའི་ཡོ་བྱད་སྣ་ཚོགས་ཀྱི་མཆོད་པ་དང། དེ་དག་གི་སྤྱན་སྡང་སྡིག་པ་བཤགས་པ་དང། འཕགས་པ་དང་འཕགས་པ ་མ་ཡིན་པ་ཐམས་ཅད་ཀྱིས་བསོད་ནམས་ལ་རྗེས་སུ་ཡི་རང་བ་དང། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བར་བསམ་པ་དང། མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་གདབ་པའི་བསམ་པའི་སྒོ་ནས་བདག་གིས་དགེ་བ་ཅི་བསགས་པ་དེ་དག་ཐམས་ཅད་བདག ་དང་སེམས་ཅན་ཐམས་ཅད་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། དགེ་བ་འདིས་བདག་དང་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་གྲུབ་པར་ཤོག་ཅིག་ཅེས་སྨོན་ལམ་གདག་གོ་།གལ་ཏེ་མ་སྔོས་ན་དེ་གང་ནས་ཟད་པར་འགྱུར་རོ།། ་ཉན་ཐོས་དང་སངས་རྒྱས་སུ་བསྔོས་ན་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཟད་པར་འགྱུར་རོ། །འོ་ན་ཇི་ལྟར་བསྔོ་ཞེ་ན། བླ་ན་མེད་པའི་བྱང་ཆུབ་ཆེན་པོར་བསྔོ་སྟེ། ནམ་སངས་རྒྱས་སུ་མ་གྱུར་གྱི་བར་དུ་ཡང་མིའི་བདེ་སྔ་གྱི་ཞོར་ལ་ཐོབ་ཅིང། སངས་རྒྱས ་ནས་མི་གནས་པའི་མྱ་ངན་ལས་འདས་པ་ལ་བཞུགས་ཏེ། མཐར་ཐུག་པ་མེད་པར་སེམས་ཅན་གྱི་དོན་ལྷུན་གྱིས་གྲུབ་པར་མཛད་པས། བསོད་ནམས་ཀྱི་འབྲས་བུ་ནམ་ཡང་ཟད་པར་མི་འགྱུར་རོ།། །།སྤྱི་དོན་བརྒྱད་པ་སྨོན་ལམ་གྱི་བར་དུ་དབྱེ་བ་ལ་དོན ་བཅུ་དྲུག་སྟེ། བསམ་པ་བྱང་ཆུབ་ཀྱི་སེམས་མི་བརྗེད་པར་བྱ་བ་དང། མི་ཆགས་པར་སྦྱོར་བ་དང་སེམས་ཅན་ལ་ཕན་གདགས་པ་དང། གོ་ཆ་བགོ་བ་དང། བྱང་ཆུབ་སེམས་དཔའ་ཨི་སྐལ་བ་འཐུན་པ་དང་འགྲོགས་པར་བྱ་བ་དང། དགེ་བའི་བཤེས་གཉེན་མགུ་བར་བྱ་བ་དང།། ་དེ་བཞིན་གཤེགས་པ་མངོན་སུམ་དུ་བྱ་བ་དང། དམ་པའི་ཆོས་ཡོངས་སུ་གཟུང་བ་དང། མི་ཟད་པའི་མཛོད་བརྙེས་པ་དང། འཇུག་པ་དང། སྟོབས་དང། གཉེན་པོ་དང། ལས་དང། རྗེས་སུ་སློབ་པར་ཡོངས་སུ་བསྔོ་བ་དང། འཇུག་བསྡུ་བའོ། །དེ་ལས ་དང་པོ་བསམ་པ་ལ་བཞི་སྟེ། དེ་བཞིན་གཤེགས་པ་ལ་མཆོད་པར་བསམ་པ་དང། དགོངས་པ་ཡོངས་སུ་བསྐང་བར་བསམ་པ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བསམ་པ་དང། སེམས་ཅན་ཐམས་ཅད་ལ་ཕན་གདགས་པ་དང། བདེ་བར་བསམ་པའོ། །དེ་བཞིན ་གཤེགས་པ་ལ་མཆོད་པར་བསམ་པ་དང། དགོངས་པ་ཡོངས་སུ་བསྐང་བར་བསམ་པ་ནི། འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །འཇིག་རྟེན་དག་ན་གང་བཞུགས་མཆོད་པར་འགྱུར། །གང་ཡང་མ་བྱོན་དེ་དག་རབ་མྱུར་བར། །བསམ་རྫོགས་བྱང ་ཆུབ་རིམ་པར་སངས་རྒྱས་སྦྱོན་ཞེས་པས་སྟོན་ཏེ། ཚིགས་རྐང་གོང་མ་གཉིས་ཀྱིས་ནི་འདས་པའི་དུས་ན་སྔར་སངས་རྒྱས་ཏེ་ཡོངས་སུ་མྱ་ངན་ལས་འདས་པ་དང། ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སྣ་ཚོགས་དག་ན་སངས་རྒྱས་ནས་སེམས་ཅན་གྱི་དོན་མཛད ་ཅིང་བཞུགས་པ་རྣམས་ལ་མཆོད་པ་བླ་ན་མེད་པ་རྣམ་པ་གཉིས་གོང་དུ་སྨོས་པ་ལྟ་བུས་མཆོད་པར་བྱ་བའི་བསམ་པ་བསྟན་ཏོ། །ཚིགས་རྐང་འོག་མ་གཉིས་ཀྱིས་ནི་གང་དག་མ་བྱོན་པ་རྣམས་ཀྱི་སོ་སོའི་དགོངས་པ་རྣམས་ཡོངས་སུ་རྫོགས་ནས་རྐྱེན་དུ ་གྲུབ་ཏེ། མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག་ཅེས་སྨོས་པ་སྟེ། དེ་ལྟར་དེ་བཞིན་གཤེགས་པའི་དགོངས་པ་ཡོངས་སུ་བསྐང་བར་བསམ་པས། བསམ་པ་སྦྱང་བ་བསྟན་ཏོ།། །།སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ནི། ཕྱོགས་བཅུ་གམ་གའི ་ཞིང་རྣམས་ཇི་སྙེད་པ། །དེ་དག་རྒྱ་ཆེར་ཡོངས་སུ་དག་པར་གྱུར། བྱང་ཆུབ་ཤིང་དབང་དྲུང་གཤེགས་རྒྱལ་བ་དང། །སངས་རྒྱས་སྲས་ཀྱིས་རབ་ཏུ་གང་བར་ཤོག་ཅེས་པ་སྟེ། ཕྱོགས་བཅུ་དག་ན་སངས་རྒྱས་ཀྱི་ཞིང་ཐ་དད་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཡོངས་སུ་དག་པར ་གྱུར་ཅིག་སྙམ་དུ་བསམ་པ་ལ། དེ་ཡང་ཡོངས་སུ་དག་པ་གཉིས་ཏེ། རྟེན་གྱི་སྒོ་ནས་ཡོངས་སུ་དག་པར་བསྟན་པའི་སྒོ་ནས་ཡོངས་སུ་དག་པར་བསམ་པའོ། །དེ་ལ་རྟེན་གྱི་སྒོ་ནས་ཡོངས་སུ་དག་པར་བསམ་པ་ནི་འཇིག་རྟེན་གྱི་ཁམས་ན་ངམ་གྲོག་དང། གཡང་ས་དང། ཆེ? ་བ་དང། ཁྲག་ཁྲོག་དང། མི་གཙང་བ་ལ་སོགས་པ་མིང་ཡང་མི་གྲག་ཅིང། ས་གཞི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ལག་མཐིལ་ལྟར་མཉམ་ཞིང་ཉམས་དགའ་བ་ལ་སོགས་པ་དང་ལྡན་པ། སངས་རྒྱས་ཀྱི་ཞིང་དེ་ཉིད་ཀྱང་ཡོངས་ལ་རྒྱ་ཆེ་ཞིང་དེ་ན་ཡོད་པའི་ཡོ་བྱད་ཀུན ་ཀྱང་མང་ལ་བཟང་བ་ཡོད་པ་སྟེ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོའི་སངས་རྒྱས་ཀྱི་ཞིང་མི་འཛུམས་པ་ཞེས་བྱ་བ་དེ་ན། ངན་སོང་གསུམ་དང་མི་ཁོམ་པ་དང་སྡུག་བསྔལ་གྱི་སྒྲ་ཡང་མེད། ལྟུང་བའི་འཁྲུལ་བ་དང་ཉོན་མོངས ་པའི་སྒྲ་ཡང་མེད་ཅེས་བྱ་བ་ནས། ལོག་པར་བསླབ་པ་དང་བསླབ་པ་འདས་པའི་སྒྲ་ཡང་མེད། བུད་མེད་དུ་གྱུར་པའི་སྒྲ་ཡང་མེད། སེར་སྣ་དང་འཆལ་པའི་ཚུལ་ཁྲིམས་དང། གནོད་སེམས་དང། ལེ་ལོ་དང་རྣམ་པར་གཡེང་བ་དང། འཆལ་བའི་ཤེས་རབ་ཀྱི་སྒྲ་ཡང་མེད་ཅེས་བྱ ་བ་ནས་བཀྲེས་པ་དང། སྐོམ་པའི་སྒྲ་ཡང་མེད་ཅེས་བྱ་བ་དང། འཇིག་རྟེན་གྱི་ཁམས་དེ་ཡང་ལག་མཐིལ་ལྟར་མཉམ་ཞིང་བཻཌཱུརྱ་སྔོན་པོའི་ས་གཞི་ལ། རིན་པོ་ཆེ་ཐམས་ཅད་ཀྱི་པདྨས་རབ་ཏུ་སྤྲས་ཏེ། ཀན་ཙ་ལནདི་ལྟར་འཇམ་ཞིང་རེག་ན་བདེ་བ། རིན་པོ་ཆེའི་མིག་མངས་རིས་སུ ་བྲིས་ཤིང། རིན་པོ་ཆེའི་ཤིང་ལྗོན་བའི་ར་བས་ལེགས་པར་བརྒྱན་པ་རྟག་ཏུ་མེ་ཏོག་རྒྱས་པས་མཛེས་པར་བྱས་པ། རྡོ་བ་དང་གསེག་མ་དང་བོང་བ་མེད་པ་རི་ནག་པོ་མེད་དེ་རི་རབ་ཀྱིས་ལེགས་པར་བརྒྱན་པ། ལྷ་དང་མིའི་ལོངས་སྤྱོད་བྱེ་བྲག་མེད་ཅིང། སེམས་ཅན་དེ་དག ་གི་ནས?་ཀྱང་ཆོས་ཉིད་ཀྱི་དགའ་བ་དང། བསམ་གཏན་གྱི་ཟས་ཡིན་ཞེས་བྱ་བ་དང། འཇིག་རྟེན་གྱི་ཁམས་དེ་ནི་ཡངས་ཤིང་རྒྱ་ཆེ་བ་སྟེ། གླིང་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་དྲུག་ཅུ་ཡོད་དེ། བྱང་ཆུབ་སེམས་དཔའ་ཨི་སྨོན་ལམ་གྱི་ཉི་མ་དང་ཟླ་བ་གཅིག་གི་འོད་ཀྱིས་ཀུན་ཏུ་སྣང་ཞེས ་བྱ་བ་དང། མི་འཁྲུགས་པ་བཀོད་པའི་མདོ་དང། འོད་དཔག་ཏུ་མེད་པའི་ཞིང་བཀོད་པའི་མདོ་ལས་འདི་སྐད་གསུངས་པ་ལྟ་བུའོ། །བརྟེན་པའི་སྒོ་ནས་ཡོངས་སུ་དག་པ་ནི། ཞིང་གི་རྒྱལ་པོ་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་ནས་སངས་རྒྱས་པར་གྱུར ་པའི་སངས་རྒྱས་རྣམས་དང། སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞིང་དེ་རབ་ཏུ་གང་བ་སྟེ། དེ་ལྟར་གྱུར་ཅིག་པར་བསམ་མོ། །བྱང་ཆུབ་ཀྱི་ཤིང་དབང་དྲུང་ཞེས་པ་ནི་བྱང་ཆུབ་ནི་བླ་ན་མེད་པའི་ཡེ་ཤེས་ཏེ། དེ་ཤིང་གི་དྲུང་དུ་བཞུགས་ནས་བརྙེས་པའི་ཤིང་དེ་ནི་བྱང་ཆུབ་ཀྱི་ཤིང ་ཡིན་ལ། དེ་ནི་ཤིང་ཐམས་ཅད་ཀྱི་མཆོག་ཡིན་པས་བྱང་ཆུབ་ཀྱི་ཤིང་དབང་ཞེས་བྱའོ། །སེམས་ཅན་ལ་ཕན་པ་དང་བདེ་བར་བསམ་པ་ནི། ཕྱོགས་བཅུའི་སེམས་ཅན་མ་ལུས་པ་བསྡུས་པ་ཇི་སྙེད་པ་དེ་དག་ཐམས་ཅད་རྟག་ཏུ་ནད་མེད་པར་གྱུར་ཅིག་ཅེས་བྱ་བ་ནི་གེ་རྟག་ཏུ་ལུས་དང་སེམས ་ལ་གནོད་པའི་ནད་དང། སྡུག་བསྔལ་མེད་པར་གྱུར་ཅིག་པའོ། །བདེ་བར་གྱུར་ཞེས་བྱ་བ་ནི་དེ་དག་རྟག་ཏུ་ངན་སོང་གི་སྡུག་བསྔལ་ལ་སོགས་པ་ཀུན་དང་བྲལ་བ་སྟེ། བདེ་སྐྱིད་དམ་པར་དང་བྲལ་བར་མ་གྱུར་ཅིག་པའོ། །འགྲོ་བ་ཀུན་གྱི་ཆོས་སྤྱོད་ཀྱི་དོན་རྣམས་ནི་ཞེས་པ་ནི་འགྲོ ་བ་སེམས་ཅན་གྱི་དོན་གོས་དང་ཟས་དང་ནོར་ལ་སོགས་པ་གཞན་ལ་གནོད་ཅིང་ཆོས་དང་མི་མཐུན་པས་སྒྲུབ་པ་མ་ཡིན་གྱི་དགེ་བ་བཅུ་དང་མི་འགེལ་བར་གྱུར་ཅིག་པའོ། །མཐུན་པར་གྱུར་ཅིར་ཞེས་པ་ནི་བདག་དང་གཞན་ལ་མི་གནོད་པར་འབྱོར་ཅིང་བསྲུང་བའི་གནོད་པ་མེད་པར ་གྱུར་ཅིག་བའོ། །རེ་བ་ཡང་གྲུབ་པར་ཤོག་ཅེས་པ་ནི་ཡིད་ལ་ཅི་འདོད་པ་དེ་བཞིན་དུ་གྲུབ་པར་གྱུར་ཅིག་པའོ། །གཉིས་པ་བྱང་ཆུབ་ཀྱི་སེམས་མི་བརྗེད་པར་བྱ་བ་ནི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་བསྟན་པ་དང། མི་མཐུན་པའི་ཕྱོགས་སྤངས་པའི་སྒོ་ནས་ཚིགས་སུ་བཅད་པ ་བཞིས་བསྟན་ཏེ། བྱང་ཆུབ་སྤྱོད་པ་དག་ནི་བདག་སྤྱོད་ཅིང་ཞེས་པ་ནས་དེ་དག་མ་ལུས་བྱང་བར་ཤོག་ཅེས་བྱ་བའི་བར་དུའོ། །དེ་ལ་བྱང་ཆུབ་ཅེས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ་གོང་དུ་བཤད་པ་དང་འདྲའོ། །སྤྱོད་པ་ཞེས་པ་ནི་བྱང་ཆུབ་དེ་ཐོབ་པར ་བྱ་བའི་ཕྱིར་སྤྱོད། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་རླབས་པོ་ཆེ་ཕ་རོལ་ཏུ་ཕྱིན་པ་དང། བསྡུ་བའི་དངོས་པོ་དག་བདག་སྤྱོད་དེ། དེ་གྲུབ་ཅིང་འགྲོ་བ་ཀུན་ཏུ་སྐྱེ་བ་དྲན་པར་འགྱུར་ཞེས་པ་ནི་ལྷ་དང་མི་ལ་སོགས་པའི་འགྲོ་བ་གང་དུ་སྐྱེས་ཀྱང་ཚེ་རབས་དྲན་པར་གྱུར་ཅིག་པའོ། །ཚེ་རབ ་ཀུན་ཏུ་འཆི་འཕོ་སྐྱེ་བ་ན། རྟག་ཏུ་བདག་ནི་རབ་ཏུ་འབྱུང་བར་ཤོག་ཅེས་པ་ནི་སྐྱེ་བ་གཅིག་ནས་ཤི་འཕོས་ཏེ་སྐྱེ་བ་གཅིག་ཏུ་སྐྱེ་བའི་སྐྱེ་བ་ཐམས་ཅད་ཁྱིམ་གྱི་གནས་ལ་མ་ཆགས་ཤིང། རྟག་ཏུ་རབ་ཏུ་འབྱུང་བར་གྱུར་ཅིག་ཅེས་སྨོས་ཏེ། ཚིགས་སུ་བཅད་པ་གཅིག ་པོ་དེ་ནི་བྱང་ཆུབ་ཀྱི་སེམས་མི་བརྗེད་པར་བྱ་བའི་རྒྱུ་དང་པོ་ཡིན་ནོ། །དེ་བཞིན་དུ་རྒྱལ་བ་ཀུན་གྱི་རྗེས་སུ་སློབ་འགྱུར་ཏེ། ཞེས་པ་ནི་དུས་གསུམ་དུ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས་ཇི་ལྟར་བསླབས་པ་དང། སློབ་པ་དང། སློབ་པར་འགྱུར་བ་དང། མཐུན་པར་རྗེས་སུ་སློབ་པའོ།། ་བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་ཞེས་པ་ལ་སོགས་པ་ནི། བཟང་པོ་སྤྱོད་པ་ནི་གོང་དུ་བཤད་པ་དང་འདྲ་སྟེ། སྤྱོད་པ་དེ་ཡོངས་སུ་རྫོགས་པ་ཤིང་མཐར་ཕྱིན་པར་བྱ་བའོ། །ཡོངས་སུ་རྫོགས་པར་བྱེད་པས་ཅི་ཞིག་བྱ་ཞེ་ན། ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པར།། ་རྟག་ཏུ་མཉམས་སྐྱོན་མེད་སྤྱོད་པར་ཤོག་ཅེས་བྱ་བའི་སྤྱོད་པ་དེ་ལྟ་བུ་ལ་བྱའོ། །ཚུལ་ཁྲིམས་ནི་བདག་གཞན་གྱི་ལུས་དང་སེམས་ཀྱི་ཡོངས་སུ་གདུང་བའི་ཉོན་མོངས་པ་སེལ་བ་སྟེ། བསིལ་བར་བྱེད་པས་བསིལ་བྱེད་ཅེས་བྱའོ། །ཚུལ་ཁྲིམས་ནི་སྤྱད ་པར་བྱ་བ་ཡིན་པས་ན་ཚུལ་ཁྲིམས་སྤྱོད་པ་སྟེ། ཚུལ་ཁྲིམས་ཀྱི་མཚན་ཉིད་ནི་སྤྱོད་པའོ། །འདོད་ཆགས་ཞེ་སྡང་གཏི་མུག་ལས་འབྱུང་བའི་འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་དང་བྲལ་བས་ན་དྲི་མ་མེད་པའོ། །ཐེག་པ་དམན་པར་སེམས་བསྐྱེད་པ་དང་བྲལ་ཞིང་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད ་པ་དང་ལྡན་པས་ཡོངས་སུ་དག་པའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་བསླབ་པ་ལ་གུས་པར་བྱེད་སྟེ་རང་བཞིན་གྱིས་ཁ་ན་མ་ཐོ་བ་མེད་པས། མི་འདྲལ་བས་མ་ཉམས་པའོ། །བཅས་པའི་ཁ་ན་མ་ཐོ་བ་མེད་པས་སྐྱོན་མེད་པའོ། །ཡང་ན་ཉམས་སུ་མྱོང་བའི་ཡུལ་ལ་དགའ་བ་དང། མ་འོངས་པའི་ཡུལ ་སྨོན་ཅིང་རེ་བ་དང། ད་ལྟར་བྱུང་བ་ལ་ལྷག་པར་ཆགས་པའི་མཚན་ཉིད་ཀྱི་སྲིད་པས་རྨ་མ་བྱུང་བས་ན་སྐྱོན་མེད་པའོ། །ཚུལ་ཁྲིམས་དེ་ལྟ་བུ་ནི་བྱང་ཆུབ་ཀྱི་བར་དུ་སྲུང་དགོས་པ་ན། རྟག་ཏུ་སྤྱོད་པར་གྱུར་ཅིག་ཅེས་པ་སྟེ། ཚིགས་སུ་བཅད་པ་འདི་དག་ནི ་བྱང་ཆུབ་ཀྱི་སེམས་མི་བརྗེད་པར་བྱ་བ་གཉིས་པའོ། །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད་ཅེས་པ་ནས་ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ་ཞེས་པའི་ཚིགས་སུ་བཅད་པ་ནི་ཚིག་གོང་མ་གཉིས་ཀྱི་རབ་ཏུ་འབྱུང་བ་དང། ཚུལ་ཁྲིམས་བསྲུངས་པས་བདག་གིས་སེམས་ཀྱི ་རྒྱུད་དག་པར་བྱས་ནས་དེ་གཞན་ལ་ཕན་བདགས་པར་བསྟན་པ་སྟེ། སེམས་ཅན་ཐ་དད་པ་ཇི་སྙེད་ཡོད་པའི་སྐད་མཛའ་དག་ཤེས་ནས་དེ་དག་སོ་སོའི་སྐད་ཀྱིས་དེ་དག་ཐམས་ཅད་ལ་རྟག་ཏུ་ཆོས་སྟོན་པར་གྱུར་ཅིག་པའོ། །འདི་ནི་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་རྒྱུ ་གསུམ་པའོ། །དེས་ཤིང་ཕ་རོལ་ཕྱིན་ལ་རབ་བརྩོན་ཏེ་ཞེས་བ་ནི། དེས་པ་ནི་སེམས་ཅན་རྣམས་ལ་སེམས་མཉན་པ་སྟེ། སྙིང་རྗེ་ཞིང་འགྲོགས་ན་བདེ་བའོ། །ཕ་རོལ་ཕྱིན་པ་ནི་སྦྱིན་པ་ལ་སོགས་པ་བཅུའོ། །དེ་ལ་བརྩོན་པ་ནི་ཡོངས་སུ་མི་སྐྱོ་བར་དེ་ལ་སྦྱོར་བར་གྱུར་ཅིག་པའོ།། ་བྱང་ཆུབ་སེམས་ནི་ནམ་ཡང་བརྗེད་མ་གྱུར་ཞེས་པ་ལ་བྱང་ཆུབ་ཀྱི་སེམས་ནི་བླ་ན་མེད་པའི་བྱང་ཆུབ་གོང་དུ་སྨོས་པ་ལྟ་བུ་འདོད་ཅིང། སེམས་ཅན་རྣམས་ལ་ཕན་པ་དང། བདེ་བར་བྱ་བར་སྨོན་པའོ། །དེའི་རྩ་བ་ནི་སྙིང་རྗེའོ། །སེམས་དེ་ཡང་ཀུན་རྫོབ་བྱང་ཆུབ་ཀྱི ་སེམས་དང། དོན་དམ་པ་བྱང་ཆུབ་ཀྱི་སེམས་གཉིས་ཏེ། དེ་ལ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི་སེམས་ཅན་འཁོར་བ་ལས་མ་བསྒྲལ་བ་རྣམས་བསྒྲལ་བ་དང། ཉོན་མོངས་པ་ལས་མ་གྲེལ་བ་རྣམས་སྒྲོལ་བ་དང། སྡུག་བསྔལ་གྱིས་གཟིར་བ་རྣམས་དབུག ་དབྱུང་བ་དང། མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་ཐོབ་པ་རྣམས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱའོ། །སྙམ་དུ་སེམས་ཤིང། འགྲོ་བ་ལ་ཕན་པའི་ཕྱིར་བདག་སངས་རྒྱས་སུ་གྲུབ་པར་ཤོག ་ཅིག་ཅེས་སྨོན་པའོ། །དོན་དམ་པའི་སེམས་ནི་ཆོས་ཐམས་ཅད་བདག་མེད་པའི་མཉམ་པ་ཉིད་ཀྱིས་རང་གི་སེམས་གཟོད་མ་ནས་མ་སྐྱེས་ལ། སྟོང་པ་ཉིད་ཀྱི་རང་བཞིན་དུ་སྨོས་པ་དང། རྟོགས་ཤིང་མངོན་པར་འགྱུར་ཏེ། དེས་ཤིང་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བརྩོན་པར་བྱེད་པས ་བྱང་ཆུབ་ཐོབ་ཀྱི་བར་དུ་བྱང་ཆུབ་ཀྱི་སེམས་དེ་ལྟ་བུ་རྩ་བ་དང་བཅས་པ་རྣམ་པར་བརྗོད་པར་མ་གྱུར་ཅིག་པའོ། །ཚིག་རྐང་པ་གཉིས་པོ་དེས་ནི་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་རྒྱུ་གཞི་པ་ཡིན་ཏེ། དེ་ལྟར་ཚིགས་སུ་བཅད་པ་ཕྱེད་དང་བཞིས་ནི་བྱང་ཆུབ་ཀྱི་སེམས་མི་བརྗེད་པར་བྱ ་བ་ནི་མི་མཐུན་པའི་ཕྱོགས་སྒྲིབ་པ་རྣམས་ཀྱི་གཉེན་པོ་བསྟན་ཏོ། །སྡིག་པ་གང་རྣམས་སྒྲིབ་པར་གྱུར་པ་དག་།དེ་དག་མ་ལུས་ཡོངས་སུ་བྱང་བར་ཤོག་ཅེས་པའི་ཚིག་རྐང་གཉིས་པོ་དེ་ནི་བྱང་ཆུབ་ཀྱི་སེམས་ཀྱི་མི་མཐུན་པའི་ཕྱོགས་སྤངས་པ་བསྟན་ཏེ། བྱང་ཆུབ་ཀྱི་སེམས ་ལ་སྒྲིབ་ཅིང་བར་ཆད་བྱེད་པའི་སྡིག་པ་ནི་འདོད་ཆགས་ཞེ་སྡང་ལ་སོགས་པ་ཡིན་པས་དེ་དག་ཐམས་ཅད་མ་ལུས་པར་བྱང་བར་གྱུར་ཅིག་པའོ།། །།གསུམ་པ་མི་ཆགས་པར་སྦྱོར་བ་ནི། གང་ལ་མི་ཆགས་པར་སྟོན་ཏེ། གང་ལ་མི་ཆགས་པར་སྦྱོར་ཞེ་ན། ལས་དང་ཉོན་མོངས ་བདུད་ཀྱི་ལས་རྣམས་ལས་ཞེས་པ་ནི། ལས་ནི་དགེ་བ་དང་མི་དགེ་བ་དང་ནི་གཡོ་བ་དང་གསུམ་པོ་དན་ལས་མི་དགེ་བ་ལ་བྱའོ། །ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པ་ལུས་དང་སེམས་ཉོན་མོངས་པར་བྱེད་པ་རྣམས་སོ། །བདུད་ནི་དགེ་བའི་སྲོག་གི་བར་ཆད་བྱེད་པ་བྱང་ཆུབ་དང་མི་མཐུན ་བར་བྱེད་ཅིང་དམ་པའི་ཆོས་ལོག་པར་བྱེད་པ་སྟེ། ཆོས་ཀྱི་འཚོར་བའི་བར་ཆོད་བྱེད་ཅིང་བསོད་པས་བདུད་དོ། །དེའི་ལམ་མམ་ལས་ནི་ཕན་པ་དང་བདེ་བ་མེད་པར་ཞུགས་པ་དང། ཕན་པའི་དངོས་པོར་རྒྱུས་རྣམ་པར་ཐོ་འཚམ་ཞིང་འདོད་པའི་ཡོན་ཏན་ལྔ་པོ་དག་ལ་སྤྱོད་དུ ་འཇུག་པ་སྟེ། དེ་ལྟར་ན་ལས་དང་ཉོན་མོངས་པ་དང་བདུད་ཀྱི་ལམ་ནི་འཁོར་བར་འཆིང་བ་ཡིན་པས། འཇིག་རྟེན་གྱི་འགྲོ་བ་དག་ལ་གནས་པའི་ཚེ་དེ་ལས་གྲོལ་ཞིང་དེ་དག་གིས་མི་ཆགས་པར་དེ་དག་དབང་དུ་མི་འགྱུར་བར་སྤྱོད་པར་གྱུར་ཅིག་པའོ། །གང་དུ་ཞེ་ན། ་འཇིག་རྟེན་འགྲོ་བ་རྣམས་སུ་ཡང་ཞེས་པ་ནི་འཇིག་རྟེན་གྱི་འགྲོ་བ་ལྷ་ལ་སོགས་པ་འགྲོ་བ་ལྔ་པོ་དག་ན་གནས་པའི་ཚེའོ། །ཇི་ལྟར་མི་ཆགས་པར་སྦྱོར་ཞེ་ན། ཇི་ལྟར་པདྨ་ཆུས་མི་ཆགས་པ་བཞིན་ཞེས་པ་ནི་སྤྱོད་པར་ཤོག་ཅིག་པར་སྦྱར་ཏེ། ་དཔེར་ན་པདྨ་ཆུ་ལས་སྐྱེས་ཀྱང་ཆུ་དང་འདམ་རྫབ་ཀྱིས་མི་གོས་པ་བཞིན་དུ། འཇིག་རྟེན་གྱི་འགྲོ་བ་དག་ན་གནས་ཀྱང་མི་དགེ་བའི་ལས་དང་ཉོན་མོངས་པ་དང་བདུད་ཀྱི་ལམ་གྱིས་མི་གོས་པར་སྤྱོད་པར་གྱུར་ཅིག་པའོ། །ལས་དགེ་བ་དང་མི་གཡོ་བའི་འབྲས་བུ་རྣམ ་པར་སྨིན་པ་ལ་རེ་བ་མེད་ཅིང་ཆག་པ་མེད་པར་འགྲོ་བ་རྣམས་ཀྱི་དོན་འབའ་ཞིག་བྱེད་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཡིན་ཏེ། དཔེར་ན་ཉི་ཟླ་ནམ་མཁར་ཐོགས་པ་མེད་ལྟར་སྤྱོད་ཅེས་སྦྱར་བ་ཡིན་ཏེ། དཔེར་ན་ཉི་ཟླ་ནི་གཞན་གྱི་དོན་བྱེད་ཅིང་རྟག་ཏུ་ནམ་མཁའ་ལ་ཐོག? ་བ་མེད་ཅིང་ལན་ལ་མི་རེ་བ་བཞིན་དུ་བདག་ཀྱང་སེམས་ཅན་ལ་ཕན་པ་དང་བདེ་བའི་དོན་སྤྱད་ཀྱང་ལན་ལ་མི་རེ་ཞིང་ཆགས་པ་མེད་པ་ཁོ་ནར་སྤྱོད་པར་གྱུར་ཅིག་པའོ།། །།ད་ནི་བཞི་པ་ཚེ་འདི་དང་ཚེ་ཕྱི་མར་སེམས་ཅན་མ་ལུས་པ་ལ་ཕན་གདགས་པ་ནི་ཞིང་གི་ཁྱོན? ་དང་ཕྱོགས་རྣམས་ཇི་ཙམ་པར་ངན་སོང་སྡུག་བསྔལ་རབ་ཏུ་ཞི་བར་བྱེད་ཅེས་པ་ལ་སོགས་ཏེ། སངས་རྒྱས་ཀྱི་ཞིང་གི་ཁྱོན་ཕྱོགས་བཅུ་ཇི་ཙམ་ཡོད་པ་དེ་དག་ཐམས་ཅད་དུ་ངན་སོང་གི་སྡུག་བསྔལ་དག་ཞི་བར་གྱུར་ཅིག་པའོ། །ངན་སོང་ནི་བདེ་འགྲོ་ལས་ལྟུང་སྟེ་འོག ་ཏུ་སོང་བ་དེའི་སྡུག་བསྔལ་མི་བཟད་ཅིང་དྲག་པས་དེ་ཞི་བར་བྱ་བའི་ཕྱིར་སྨོས་སུ་ཟིན་ཀྱང་ཁམས་གསུམ་སྡུག་བསྔལ་ཀུན་ཞི་བར་བྱ་བ་སྙམ་པའོ། །བདེ་བ་དག་ལ་འགྲོ་བ་ཀུན་བགོད་ཅིང་ཞེས་བྱ་བས་ཀྱང་སྡུག་བསྔལ་ཞི་བར་བྱས་ནས། ཡང་ཚེ་འདི་ལ་འགྲོ་བ ་ཐམས་ཅད་བདེ་བར་གྱུར་ཅིག་པའོ། །འགྲོ་བ་ཐམས་ཅད་ལ་ནི་ཕན་པར་སྤྱད་ཅེས་པ་ནི་མ་འོངས་པའི་དུས་ན་ཡང་སེམས་ཅན་ཀུན་ལ་ཕན་པར་སྤྱད་པར་བྱ་སྟེ། བླ་ན་མེད་པ་བྱང་ཆུབ་ལ་དགོད་པ་བྱ་ཞིང། ཡོངས་སུ་མི་སྐྱོ་བར་བྱང་ཆུབ་ཐོབ་པར་གྱུར་ཅིག་པའོ།། །།ལྡང་གོ་ཆེ་བའོ། ་བ་ལ་གསུམ་སྟེ། སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱ་བ་དང། སེམས་ཅན་གྱི་སྤྱོད་པ་དང་འཐུན་པར་འཇུག་པར་བྱ་བ་དང། དམ་པའི་ཆོས་རབ་ཏུ་བསྟན་པར་བྱའོ། །དེ་ལ་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱ་བ་ནི་བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་ཞེས ་བྱ་བ་སྟེ། བྱང་ཆུབ་ཀྱི་སྤྱོད་པ་ནི་སྔར་བཤད་པ་བཞིན་ནོ། །དེ་ཡོངས་སུ་རྫོགས་པར་བྱ་བ་ནི་བསྒྲུབ་པའོ། །སེམས་ཅན་གྱི་སྤྱོད་པ་དང་འཐུན་པར་འཇུག་པ་ནི་སེམས་ཅན་ཀུན་གྱི་སྤྱོད་པ་དང་འཐུན་པར་འཇུག་ཅེས་པ་སྟེ། སེམས་ཅན་རྣམས་ལ་ཚེ་རབས་ཐམས་ཅད་དུ་གཡོ་སྒྱུ་མེད་པའི་རང་བཞིན ་དང་བཀའ་བློ་བ་དེ་བ་ཡིད་དང་འཐུན་པར་སྤྱོད་པའོ། །དམ་པའི་ཆོས་རབ་ཏུ་བསྟན་པར་བྱ་བ་ནི། བཟད་པོ་སྤྱོད་པ་དག་ནི་རབ་སྟོན་ཅིང་ཞེས་པ་སྟེ། སྤྱོད་པ་བཟང་པོ་རླབས་པོ་ཆེ་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་རབ་ཏུ་སྟོན་ཅིང་སྒྲོགས་པར་བྱེད་པའོ། །མ་འོངས་བསྐལ་པ་ཀུན་ཏུ་སྤྱོད་པར ་འགྱུར་ཞེས་པ་ནི་གསུམ་ཅར་དང་སྦྱར་ཏེ། དུས་དེ་སྲིད་དུ་མི་སྐྱོ་བར་རྟག་ཏུ་སྤྱོད་པར་བྱའོ། །བསྐལ་པ་ཞེས་པ་ནི་བར་གྱི་བསྐལ་པ་ལ་སོགས་པ་བསྐལ་པ་མང་སྟེ། དེ་བསྐལ་པ་དང་པོ་ནི་མིའི་ཚེ་ལ་དཔག་ཏུ་མེད་པ་ནས་བཟུང་སྟེ། རིམ་གྱིས་ཚེ་ལོ་བཅུ་པའི་བར་དུ་མ ་འགྲིབ་པ་དེ་ནི་བར་གྱི་བསྐལ་པ་གཅིག་གོ་།ཡང་དེ་ནས་ཚེ་ལོ་བརྒྱད་ཁྲིའི་བར་དུ་གྱུར་ལ། འགྲིབ་པའི་རིམ་གྱིས་ཚེ་ལོ་བཅུ་པར་གྱུར་པའི་བར་དེ་ནི་ཡར་སྐྱེ་བ་དང་མར་འགྲིབ་པར་ཞེས་བྱ་བ་བར་གྱི་བསྐལ་པ་གཉིས་པ་སྟེ། བར་གྱི་བསྐལ་པ་བརྒྱད་ཅུ་ལ་བསྐལ་པ་ཆེན་པོ ་གཅིག་གོ་།དེ་ལ་སོགས་པ་བསྐལ་པ་ཆེན་པོ་དཔག་ཏུ་མེད་པར་གྱུར་ཅིག་པའོ།། །།ད་ནི་དྲུག་པ་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་དང་སྨོན་ལམ་དག་གིས་བསྐལ་པ་འཐུན་པའི་བྱང་ཆུབ་སེམས་དཔའ་དང་འགྲོགས་པར་བྱ་བ་ནི། བདག་གི་སྤྱོད་པ་ཞེས་པ་བྱང་ཆུབ་སེམས་དཔའ་ ་གང་དག་བདག་དང་སྤྱོད་པ་མཚུངས་ཤིང་འདྲ་བ་དེ་དག་བདག་ཀྱང་བྱང་ཆུབ་ཀྱི་བར་དུ་རྟག་ཏུ་ལྷན་ཅིག་ཕྲད་ཅིང་འགྲོགས་པར་ཤོག་ཅིག་པའོ། །ལུས་དང་ངག་དང་ཡིད་ཀྱིས་ཀྱང་དེ་དག་ཁོ་ན་དང་ལྷན་ཅིག་ཁོང་ཁྲོ་བ་ལ་སོགས་པ་ཀུན་ནས་ཉོན་མོངས་པ་མེད་པའི? ་གནས་པས་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་གཅིག་པ་དང། སྨོན་ལམ་གཅིག་ཏུ་སྤྱད་པར་བྱའོ་ཞེས་བྱ་བ་ཡིན། །བདུན་པ་ཕན་པར་སེམས་པའི་གདམས་ངག་བཞིན་དུ་སྒྲུབ་པ་དག་གིས་དགེ་བའི་བཤེས་གཉེན་མགུ་བར་བྱ་བ་ནི་བདག་ལ ་ཐན་པར་འདོད་པའི་གྲོགས་པོ་གང་ཞེས་པ་ལ་སོགས་པ་སྟེ། བདག་ལ་ཕན་པར་འདོད་པའི་གྲོགས་དགེ་བའི་བཤེས་གཉེན་དང་པོ་སྤྱོད་པ་སྟོན་ཅིང་འཆད་པར་བྱེད་པ་ཆོས་སྨྲ་བ་གང་དག་ཡིན་པ་དེ་དག་དང་རྟག་ཏུ་འགྲོགས་པ་དང། དེ་དག་རྣམས་ཀྱང་རེ་འགའ་ཡང ་ཅུང་ཟད་ཀྱང་ཡིད་མི་འབྱུང་ཞིང་བྱང་ཆུབ་ཀྱི་བར་དུ་དུས་ཐམས་ཅད་དུ་འཐུན་པར་འཇུག་པར་གྱུར་ཅིག་ཅེས་བྱ་བ་ཡིན་ནོ། །བརྒྱད་པ་དེ་བཞིན་གཤེགས་པ་མངོན་སུམ་དུ་བྱ་བ་ནི་འཁོར་དང་དུས་དང་མི་སྐྱོ་བ་དང། མཆོད་པར་བྱ་བ་དག་གིས་སོ། །དེ་དང་པོ་འཁོར་ནི། སངས་རྒྱས ་སྲས་ཀྱི་བསྐོར་བའི་མགོན་པོ་རྣམས། །མངོན་སུམ་རྟག་ཏུ་བདག་གིས་རྒྱལ་བ་བལྟ་ཞེས་པ་སྟེ། ཕྱོགས་བཅུ་ཀུན་གྱི་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཨི་ཚིགས་ཀྱི་བསྐོར་བའི་མགོན་པོ་འགྲོ་བའི་གཉེན་གཅིག་ཕུལ་རབ་རིབ་ལ་སོགས ་པ་མེད་པའི་ལྷའི་མིག་གིས་རྟག་ཏུ་མངོན་སུམ་དུ་ལྷག་གེར་བལྟ་ཞིང། ལྟ་བ་འབའ་ཞིག་གིས་མཆོག་གི། དེ་དག་རེ་རེ་ལ་ཡང་རྒྱུན་ཏུ་སྐད་ཅིག་གཅིག་ལ་མཆོད་པ་རྒྱ་ཆེན་པོ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། ནམ་མཁའ་ཨི་གཏོགས་དང་མཉམ་པ། ཆོས ་ཀྱི་དབྱིངས་ཀྱིས་ཁྱབ་པས་མཆོད་པར་བྱའོ་ཞེས་པས་མཆོད་པ་བསྟན་ཏོ། །དུས་ཇི་སྲིད་དུ་མཆོད་ཅེ་ན། མ་འོངས་བསྐལ་པ་ཀུན་ཏུ་སྟེ། མ་འོངས་པའི་བསྐལ་པ་ཕྱི་མའི་མཐར་ཐུག་པར་རོ། །ཅི་ཞེ་ན། མི་སྐྱོ་བར་ཏེ། དེ་སྲིད་དུ་སྐྱོ་བ་མེད་པའི་ཡིད་ཀྱིས་མཆོད་པ ་བླ་ན་མེད་པ་དག་གིས་མཆོད་ཅིང་ལྟ་བར་བྱའོ་ཞེས་བྱ་བ་ཡིན་ནོ། །ད་ནི་དགུ་པ་དམ་པའི་ཆོས་ཡོངས་སུ་གཟུང་བ་ནི་འཛིན་པ་དང། སྟོན་པ་དང་སྦྱོར་བ་དག་གིས་ཏེ། །དེ་གཟུང་བ་ནི་རྒྱལ་བ་དག་གིས་དམ་པའི་ཆོས་འཛིན་ཅིང་ཞེས་པ་ལ། དུས་གསུམ་གྱི་རྒྱལ་བ་རྣམས་ཀྱིས ་བཤད་པའི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་པོ་གང་ཡིན་པ་དེ་དག་ཐམས་ཅད་བདག་ཉིད་མི་བརྗེད་པའི་གཟུངས་ཀྱིས་སྟོབས་ཀྱིས་ཚིག་འཛིན་ཅིང་ཡང་དག་པར་དོན་འཛིན་པ་དང། སྟོན་པ་ནི་བྱང་ཆུབ་སེམས་དཔའ་ཀུན་ཏུ་སྣང་བར་བྱེད་ཅེས་པ་སྟེ། བྱང་ཆུབ་ཀྱི་སྤྱོད ་པ་ཆོས་བཤད་པའི་ངོ་བོ་ཉིད་ཀྱང་འགྲོ་བ་ལ་ཀུན་ཏུ་སྣང་བར་བྱེད་དེ། ཡོངས་སུ་སྣང་བར་བྱེད། སྟོན་པར་བྱེད། ཡང་དག་པར་རབ་ཏུ་སྟོན་པར་བྱེད་པའོ། །འདི་ལྟར་བྱང་ཆུབ་སྤྱོད་པ་ཞེས་པ་ནི་དེ་ལྟར་དུ་སྟོན་པར་བྱེད་པའི་ཚིག་རྣམས་ལ་བྱའོ། །སྦྱོར་བ་ནི་བཟང་པོ་སྤྱོད་པ ་རྣམ་པར་སྦྱང་བ་ཡང་ཞེས་པ་སྟེ། བཟང་པོ་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པའོ། །དེ་ལ་རྣམ་པར་སྦྱོང་བ་ནི་སྐྱོན་མ་ལུས་པ་ཐག་སྲིད་པས་དྲི་མ་དང་བྲལ་བར་བྱེད་པའོ། །དེ་ཡང་ཇི་སྲིད་དུ་བཞུགས་ཞེ་ན། མ་འོངས་བསྐལ་པ་ཀུན་ཏུ་སྤྱོད་པར་བགྱི་ཞེས་པ ་སྟེ། མ་འོངས་པའི་བསྐལ་པ་ཐམས་ཅད་ཀྱི་མཛའ་ཨི་བར་དུ་སྤྱད་པར་བྱ་འབད་པར་བྱའོ་ཞེས་བྱ་བ་ཡིན་ནོ། །ད་ནི་བཅུ་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་སོགས་པ་ཡང་དག་པར་བསྒྲུབས་པས་མི་ཟད་པའི་མཛོད་ཐོབ་པར་བྱ་བའི་ཕྱིར་སྨོན་ལམ་བསམ་པ ་ནི་སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན། བསོད་ནམས་ཡེ་ཤེས་དག་ནི་མི་ཟད་བསྙེས་ཞེས་པ་ལ། སྲིད་པ་ནི་འབྱུང་བ་སྟེ། ཁམས་གསུམ་ཐམས་ཅད་དུ་སྨོན་ལམ་གྱི་དབང་དང། ལས་ཀྱི་དབང་གིས་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཉམས་སུ་མྱོང་བ་ནི་འཁོར་བའོ། དེ་ལ་བསོད ་ནམས་ནི་སྡིག་པ་སེལ་བ་དང། དགེ་བ་བྱེད་པ་དང། གཙང་མར་བྱེད་པ་སྟེ། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དེ་དགེ་བའི་ཕྱོགས་ནི། བསོད་ནམས་ཀྱི་ཚོགས་སུ་གཏོགས་པ་ཐམས་ཅད་དོ། །ཡེ་ཤེས་ནི་བདག་མེད་པར་རྟོགས་པ་སྟེ་སྤྲོས་པའི་རྟོག་པ་ཐམས་ཅད་དང་བྲལ་བ། རྣམ་པར ་མི་རྟོག་པ་སྟེ། སངས་རྒྱས་ཐོབ་པའི་རྒྱུ་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་དེ་ལྟ་བུ་ནམ་ཡང་ཟད་པར་མི་འགྱུར་བ་དེ་ལྟ་བུ་ཐོབ་ནས། ཤེས་རབ་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཀྱི་མཛོད་མི་ཟད་པ་ཐོབ་པར་ཤོག་ཅིག་ཅེས་བྱ་བ་དང་སྦྱར་རོ་ཐ་མ ་དང་ཤེས་རབ་ཏིང་འཛིན་རྣམ་ཐར་ཞེས་པ་ལ། ཐབས་ནི་ཤིངས?་རབ་ཀྱི་བྱེ་བྲག་ཉིད་དེ། རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོར་བྱེད་པ་དང། ཚོགས་ཆུང་ངུ་ལས་གྲུབ་པའི་དོན་ཆེན་པོར་བྱེད་པའོ། །དེ་རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོར་གྲུབ་པ་སྟེ། བྱང ་ཆུབ་སེམས་དཔའ་ཨི་སྤྱད་པ་སྤྱོད་པ་ན། དགེ་བའི་རྩ་བ་ཆུང་ངུ་ཡིས་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་བསྔོས་པས་ཟད་མི་ཤེས་པར་བྱེད་པས། གཞན་གྱི་དགེ་བའི་རྩ་བ་ཡང་བྱང་ཆུབ་ཆེན་པོར་བསྔོས་པར་འཇུག་པས་ཟད་མི་ཤེས་པ་སྟེ། བྱང་ཆུབ་ཆེན་པོ་ཐོབ་པར ་བྱེད་པའོ། །དེའི་ཚོགས་ཆུང་དུས་གྲུབ་པ་ནི། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྒྲུབ་པ་དག་སླ་བས་སྒྲུབ་པར་བྱེད་པའོ། །དེ་ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་དེ། དེ་ལ་རང་དང་སྤྱིའི་མཚན་ཉིད་ཕྱོགས་པར་བྱེད་པའོ། །ཏིང་ངེ་འཛིན་ནི་སེངྒེ? ་མཉམ་པར་འཇོག་ཅིང་རྩེ་གཅིག་པའི་མཚན་ཉིད། ནམ་མཁའ་མཛོད་དང་དྲི་མ་མེད་པའི་ཕྱག་རྒྱ་ལ་སོགས་པའོ། །རྣམ་པར་ཐར་པ་ནི་ཉོན་མོངས་པ་ལས་འགྲོལ་བའི་མཚན་ཉིད། བྱང་ཆུབ་སེམས་དཔའ་ཨི་རྣམ་པར་ཐར་པའི་སྙིང་རྗེ་ལ་བརྟེན་པ་དང། སྒྱུ་མ་ལྟ་བུ་ལ ་གྱུར་པ་ལ་ཞེས་པ་ལ་སོགས་པའོ།། །།བཅུ་གཅིག་པ་འཇུག་པ་ལ་བརྒྱད་དེ། སངས་རྒྱས་དང་དེའི་ཞིང་བལྟ་བ་ལ་འཇུག་པ་གཉིས་དང། སངས་རྒྱས་ཀྱི་གསུང་ལ་འཇུག་པ་དང། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་འཇུག་པ་དང། བསྐལ་པ་ལ་འཇུག་པ་དང། ་དེ་བཞིན་གཤེགས་པ་བལྟ་བ་དང། དེའི་སྤྱོད་ཡུལ་ལ་འཇུག་པ་དང། སངས་རྒྱས་ཀྱི་ཞིང་མངོན་པར་འགྲུབ་པ་ལ་འཇུག་པ་དང། དེ་བཞིན་གཤེགས་པའི་དྲུང་དུ་འགྲོ་བ་ལ་འཇུག་པའོ། །སངས་རྒྱས་དང་དེའི་ཞིང་བལྟ་བ་ལ་འཇུག་པ་གཉིས་ནི། རྡུལ་གཅིག་སྟེ་ཞི་རྡུལ་ཞིང ་ཀྱི་ཞིང་རྣམས་ཏེ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་སྤྱིར་བཤད་པར་བསྟེན་ཏོ། །དེ་ལ་རྡུལ་ཕྲ་རབ་གཅིག་གི་སྟེང་ན་ཡང་ཕྱོགས་བཅུ་དུས་གསུམ་དུ་བཞུགས་པའི་སངས་རྒྱས་ཀྱི་ཞིང་མཐོང་བར་གྱུར་ཅེས་སྨོན་པའོ། །ཞིང་དེར་བསམ་གྱིས་མི ་ཁྱབ་སངས་རྒྱས་རྣམས་སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག་ཅེས་པ་ནི། ཞིང་རེ་རེའི་སྟེང་སངས་རྒྱས་བསམ་གྱིས་མི་ཁྱབ་པ་བྱང་ཆུབ་སེམས་དཔའ་ཨི་དབུས་ན་བཞུགས་པ་དག་མཐོང་བར་གྱུར་པ་སྟེ། དེ་ལྟར་མོས་པའོ། །དུས་གང་གི་ཚེ་ན་མཐོང་བར ་སྨོན་ཅེ་ན། བྱང་ཆུབ་སྤྱོད་པ་དག་ནི་སྤྱད་ཅིང་བལྟ་བར་བགྱི་ཞེས་བྱ་སྟེ། གོང་དུ་སྨོས་པའི་བྱང་ཆུབ་ཀྱི་སྤྱོད་པ་ན། ཞིང་དེ་སྙེད་སངས་རྒྱས་འཁོར་དང་བཅས་པ་དེ་སྙེད་མཐོང་བར་ཤོག་ཅིག་པའོ། །སྐབས་འདིར་ཁ་ཅིག་འདི་སྐད་རྒོལ་ཏེ། རྡུལ་གཅིག་གི་སྟེང་ན་སངས་རྒྱས་ཀྱི ་ཞིང་གཅིག་རྣམ་པར་དབྱེ་བ་དེ་དག་དང་མཐོང་བར་མི་འགྱུར་ན། སངས་རྒྱས་ཀྱི་ཞིང་ཕྱོགས་བཅུ་དག་ཏུ་གཤེགས་པའི་སངས་རྒྱས་ཀྱི་ཞིང་རྡུལ་སྙེད་རྣམས་དང་ཞིང་རེ་རེ་ལ་ཡང་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཨི་དུས་ན་བཞུགས་པར་བསམ་གྱིས་མི་ཁྱབ་པ་དག ་མ་འབྲེས་པར་སོ་སོ་ན་བཞུགས་པ་མཐོང་བར་ག་ལ་རུང་སྟེ། བྱང་ཆུབ་སེམས་དཔའ་ཨི་ནི་དོན་མེད་པར་སྨོན་པ་མ་ཡིན་ན། མི་སྲིད་པ་འདི་ལྟ་བུར་སྨོན་ཀྱང་མི་ཕན་ཟེར་ན། དེ་ནི་དེ་ལྟར་མ་ཡིན་ཏེ། དཔེར་ན་ལས་ཀྱི་སྤྲུལ་པ་འཇིག་རྟེན་གྱི་ཁམས་སྒྲེལ་བཞི་དང་སྤྱི་ཚུགས་ལ ་སོགས་པ་ཐ་དད་པ་ཡོད་པ་བཞིན་ཡེ་ཤེས་ཀྱི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་འདི་ཡོད་དུ་མི་རུང་བ་ཅི་ཡོད་དེ། དེ་ཁུངས་ཀྱང་བཅོམ་ལྡན་འདས་ཀྱིས་བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ། འཇིག་རྟེན་མགོན་པོ་སྐྱོབས་པ་ཡིས། བསམ་གཏན་ལས་དང་ཀླུ་རྣམས་དང། ་སངས་རྒྱས་བདག་ཉིད་ཆེ་རྣམས་ཀྱི། །བསམ་གྱི་མི་ཁྱབ་བཞིར་བཤད་དོ་ཞེས་བསམ་གཏན་དང། ལས་དང་ཀླུ་དང་སངས་རྒྱས་ཀྱི་མཐུ་ཡང་བསམ་གྱིས་མི་ཁྱབ་ཅེས་བཀའ་སྩལ་ལ། སངས་རྒྱས་ཀྱི་གསུང་རབ་ལས་བྱུང་བའི་དོན་མངོན་སུམ་དུ་མ་གྱུར་པ་ལ་ཐེ་ཚོམ ་བར་རྣམས་ཀྱིས་ནི་ཚུལ་བཟང་པོ་ལ་རྟོག་པ་མཉམ་པ་ལ་བྱུང་བ་བསམ་པའི་ཤེས་རབ་བསྐྱེད་པར་བྱའོ་ཞེས་ཀྱང་བཤད་པའི་སྟེང་དུ་ཕ་ལ་བོ་དག་གི་མིག་ལམ་ན་ཡང་སྨོད་ཆུང་ངུའི་ནང་དུ་ཉི་ཟླ་དང་སྐར་མ་ལ་སོགས་པས་བརྒྱན་པའི་ནམ་མཁའ་ཐམས་ཅད་ཀྱི་གཟུགས ་བརྙན་དུ་རུང་སྟེ། གཏན་ཚིགས་དེའི་ཕྱིར་ཏེ། ཆོས་ཐམས་ཅད་གཟུགས་བརྙན་དང་སྤྲུལ་པ་དང། རྨི་ལམ་དང་འདྲའོ་ཞེས་བཀའ་སྩལ་ཏེ། དེ་རྨི་ལམ་དང་འདྲ་བའི་དོན་ནི་གོང་དུ་བཤད་པ་བཞིན་ནོ། །དེ་ལྟ་བས་ན་དེ་ཡང་མི་སྲིད་པ་མིན་ཏེ། དེ་ལྟར ་སེམས་སྦྱངས་ནས་མོས་བ་བྱའོ། །དེ་ལྟར་མ་ལུས་ཐམས་ཅད་ཕྱོགས་སུ་ཡང་ཞེས་པ་ནི། ཇི་ལྟར་རྡུལ་ཕྲ་རབ་གཅིག་གི་སྟེང་དུ་ཡང། དེ་སྙེད་མཐོང་བར་སྨོས་པ་དེ་བཞིན་དུ། ཕྱོགས་བཅུ་མ་ལུས་པ་ཐམས་ཅད་དུ་ཡང་རྡུལ་ཕྲ་རབ་རེ་རེའི་སྟེང་དུ་སྐྱེད་ཀྱི་ཞིང་དང། དེ་སྙེད་ཀྱི་སངས ་རྒྱས་དང། བྱང་ཆུབ་སེམས་དཔའ་འཁོར་གྱི་དབུས་ན་བཞུགས་པ་དག་མཐོང་བར་གྱུར་ཅིག་བ་སྟེ། འདི་ནི་འཇུག་པ་སྟེ་ཕྱོགས་ལ་བྱ་བ་བསྟོན་ཏེ། སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་ཀྱི། སངས་རྒྱས་མཚོ་ཞིང་རྣམས་རྒྱ་མཚོ་དང། །བསྐལ་པ་རྒྱ་མཚོ་སྤྱོད་ཅིང་རབ་ཏུ་འཇུག ་ཅེས་བྱ་བ་ནི་སྤུ་ཉག་མ་ཅིག་གི་ཁྱོན་ཙམ་ན། དུས་གསུམ་དུ་ཐུགས་པ་མེད་པའི་ཚད་གྱི་སངས་རྒྱས་རྒྱ་མཚོའམ་མཚོ་ཡས་རྙེད་དག་བཞུགས་པ་དང། སངས་རྒྱས་རྒྱ་མཚོ་འམ་མཚ་བྱས་སྙེད་མང་པོ་དག་ཡོད་པ་བསྐལ་པ་རྒྱ་མཚོ་འམ་མཚོ་ཡས་སྙེད་དུ་བྱང་ཆུབ་སེམས ་དཔའ་ཨི་སྤྱད་པ་སྤྱད་པ་ན་མཐོང་བར་འགྱུར་རོ། །ཡང་ན་སྐྲ་ཙམ་ཁྱོན་ཞེས་པ་ནི་བྱིས་པའི་ལམ་ཞེས་ཀྱང་བྱ་སྟེ། བྱིས་པ་ནི་དགེ་བ་མི་ཤེས་ཏེ་བསྟན་དགོས་པའོ། །དེའི་ལམ་ནི་འཇིག་རྟེན་གྱི་ཁམས་མ་དག་པ་སྟེ། ཉིན་མཚན་དང་ལོ་ཟླ་ཡོད་པས་དུས་གསུམ་དུ་རྣམ་པར་བཞག་པ ་དེ་ཁ་ཅིག་གིས་འཛམ་བུའི་གླིང་འབའ་ཞིག་བྱིས་པའི་ལམ་ཞེས་བཤད་དོ། །དེས་ནི་སངས་རྒྱས་དང་དེའི་ཞིང་བལྟ་བ་ལ་འཇུག་པ་སྟེ་དུས་ལ་ཁྱབ་པར་འཇུག་པ་བསྟན་ཏོ། །གཉིས་པ་སངས་རྒྱས་ཀྱི་གསུང་ལ་འཇུག་པ་ནི། གསུང་གཅིག་ཡན་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས ་ཞེས་བ་ལ། གསུང་གི་ཆ་གཅིག་ནི། གསུང་གི་ཆ་ཤས་ཅིག་སྟེ། སེམས་ཅན་གྱི་སྐད་སྣ་ཚོགས་ལས་སྐད་གང་ཡང་རུང་བ་གཅིག་པ་ལ་ཚིག་ཅིག་བརྗོད་བྱའི་ཐ་ཚིག་གོ། རྒྱ་མཚོ་ཞེས་པ་ནི་རྒྱ་མཚོ་འམ་མཚོ་ཡས་སྙེད་ཀྱིས་གསུང་གཅིག་བརྗོད་པ་ན་གསུང་གཅིག་པ་ལས་སེམས་སོ ་སོའི་སྐད་ཐ་དད་པ་མང་པོ་རྒྱ་མཚོ་སྙེད་ཡོད་པའོ། །རྒྱལ་བ་ཀུན་དབྱངས་ཡན་ལག་རྣམ་དག་པ་ཞེས་པ་ནི། དེ་ལྟར་གསུང་གཅིག་ལ་སྐད་མཛའ་དག་འབྱུང་བས་རྣམ་པར་དག་པའོ། །འགྲོ་བ་ཀུན་གྱི་བསམ་པ་ཇི་བཞིན་དབྱང་ཞེས་པ་ནི། སེམས་ཅན་བསམ་པ་ཐ་དད་དག ་གིས་ཞུས་པའི་དོན་ཐ་དད་པ་མང་པོའི་སྐད་དང། ཡི་གེ་ཐ་དད་པ་གཅིག་གིས་དུས་གསུམ་དུ་གཅིག་པར་བཞུགས་པ་རྣམས་ཀྱི་གསུང་ལན་གཅིག་བརྗོད་པ་ལས་ཡིད་བཞིན་དུ་སོ་སོའི་སྐད་དུ་ཡང་ཐོས། དོན་ལ་གོ་ཐེ་ཚོམ་ཡང་གཅོད། དགའ་མགུ་ཡི་རང་སྟེ། སངས་རྒྱས་ལ ་བསྟོད་པ་ལས། མོས་པ་དུ་མར་ལྡན་པའི་འཁོར། མང་པོ་འདུན་པར་གྱུར་པ་ལ། །གསུང་གཅིག་བརྗོད་པ་མཛད་མོད་ཀྱི། །རྣམ་པ་དུ་མ་གོ་གྱུར་པ། །བདག་གི་ཆེད་དུ་སྙམ་དུ་ཡང། །སྐྱེ་བོ་ཀུན་གྱི་ཁོང་དུ་ཆུད། །རྨད་འབྱུང་དེ་ལས་ཆེ་ཅི་ཡོད། །དེ་ལས་ངོ་མཚར་ཆེ་ཅི་ཡོད ་ཅེས་འབྱུང་བ་ལྟ་བུའོ། །སངས་རྒྱས་གསུང་ལ་རྟག་ཏུ་འཇུག་པར་བགྱི་ཞེས་པ་ནི། རྒྱལ་བ་ཐམས་ཅད་ཀྱི་གསུང་རྣམ་པར་དག་པ་ནི་འགྲོ་བ་ཀུན་གྱི་བསམ་པ་དང་འཐུན་པར་འབྱུང་བ་ཐམས་ཅད་བདག་གིས་དུས་གཅིག་ཏུ་ཐོས་ཤིང་དོན་ཡང་གོ་།གཟུགས་སུ་ཡང་འཛིན་པར་གྱུར་ཅིག ་པ་སྟེ། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་འབྱུང་བ། ལྷའི་རྣ་བའི་མངོན་པར་ཤེས་པའི་ཡེ་ཤེས་དེས་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་ཐོས་ཏེ། དེ་བཞིན་གཤེགས་པ་གཅིག་གི་ཆོས་གཉན་ན། དེ་བཞིན་གཤེགས་གཉིས་པའི་ཆོས་བསྟན་པ་ལ་སྒྲིབ་པར་མི ་བྱེད་དེ། སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་ལ་སྔ་ཕྱི་མེད་པར་འཛིན་ཏོ། །ཞེས་གསུངས་པ་དེ་ལྟ་བུར་ཐོབ་པར་གྱུར་ཅིག་ཅེས་སྨན་པའོ། །གསུམ་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་འཇུག་པ་ནི། དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་དག་།འཁོར་ལོའི་ཚུལ་ནི ་རབ་ཏུ་བསྐོར་བ་བགྱི་ཞེས་བྱ་བ་སྟེ། འདས་པ་དང། དེ་ལྟར་དང། མ་འོངས་པ་འམ། ཡང་ན་སྐད་ཅིག་མ་ལ་སོགས་པའི་དུས་ལ་བྱའོ། །གཤེགས་པ་ནི་སེམས་ཅན་དང་འཐུན་པར་གཤེགས་པ་སྟེ། བྱ་དང་རི་དགས་ལ་སོགས་པ་ཡང་མི་སྐྲག་པར་གཤེགས་པའོ། ། ་འཁོར་ལོ་ནི་ཤིང་རྟའི་འཁོར་ལོ་འདྲིལ་ཞིང་འགྲོ་བ་དང་འདྲ་བར་སེམས་ཅན་གྱི་ཤེས་པའི་རྒྱུད་ལ་ཆོས་བསྟན་པ་ཡང། ཕ་རོལ་ཉན་པ་དག་ཏི་རྒྱུད་ལ་གོ་བར་བྱེད་པས་འཁོར་ཞེས་བྱ་བའོ། །ཚུལ་ཞེས་པ་ནི་སེམས་ཅན་མོས་པ་ཐ་དད་པ ་དག་ལ་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལམ། ཀུན་བརྗོད་པའི་ཆོ་འཕྲུལ་ལམ། རྗེས་སུ་བསྟན་པའི་ཆོ་འཕྲུལ་བསྟན་པའི་འདུལ་བ་འམ། ཚིག་དྲག་པོས་འདུལ་བ་འམ། འཇམ་པོས་འདུལ་བ་འམ། དྲག་ངལ་གཉིས་ཀས་འདུལ་བ་ལ་སོགས་པ་ཐབས་གང ་དང་གང་དུ་འདོད་ཆགས་ལ་སོགས་པ་སྤྱོད་པ་ལ། མི་གཡེང་པར་བསྟན་པ་ལ་སོགས་པ་དང། སེར་སྣ་ཅན་ལ་སྦྱིན་པའི་གཏམ་བརྗོད་པ་ལ་སོགས་པའི་ཆོས་བསྟན་པ་དག་དང། གང་དུ་ཡོངས་སུ་སྦྱིན་པར་བྱ་བ་དང། རྣམ་པར་གྲོལ་བའི་དུས་ལ་བབ་པའི ་དུས་གང་དང་གང་དུ་བཤད་ནས་འདུལ་བར་གྱུར་པའི་ས་གང་ནས་གང་དུ་བཅས་པར་མཛད་ནས། རིག་པའི་ཐབས་དེ་དག་དང། ཆོས་བསྟན་པ་དེ་དག་དང། ཡུལ་དེ་དག་དུ་འཁོར་ལོ་བསྐོར་བའོ། །བསྐོར་བར་བགྱི་ཞེས་པ་ནི་ཕྱི་རོལ་ཉན་ཐོས་པ་དག་ལ་གོ ་བར་མཛད་པའོ། །བློ་ཡི་སྟོབས་ཀྱིས་བདག་ཀྱང་རབ་ཏུ་འཇུག་ཞེས་པ་ནི་ཡེ་ཤེས་ཀྱིས་སྟོབས་ཀྱིས་འཇུག་པར་གྱུར་པའོ། །འཇུག་བ་ནི་དུས་གཅིག་ཏུ་གོ་བར་གྱུར་ཅིག་པའི་ཐ་ཚིག་གོ་།དེ་ནི་མདོར་ན་དུས་གསུམ་དུ་གཤེགས་པའི་ཆོས་ཀྱི་འཁོར་ལོའི་ཚུལ་བསྐོར ་བར་མཛད་པ་རྣམས་ཀྱི་གསུང་དང་དབྱངས་ཟད་མི་ཤེས་པ་དེ་དག་བདག་གིས་དུས་ཅིག་གོ་ནས་ཁོ་ཞིང་བརྡ་འཛིན་ནུས་པར་གྱུར་ཅིག་པའོ། །བཞི་པ་བསྐལ་པ་ལ་འཇུག་པ་ནི། མ་འོངས་བསྐལ་པ་ཀུན་ཏུ་འཇུག་པར་ཡང། སྐད་ཅིག་ཅིག་གིས་བདག་ཀྱང་འཇུག་བར ་བགྱི། གང་ཡང་བསྐལ་པ་དུས་གསུམ་ཚད་དེ་དག་།སྐད་ཅིག་ཆ་ཤས་ཀྱིས་ནི་འཇུག་པར་སྤྱད་ཅེས་བྱ་བ་ནི་མ་འོངས་པའི་བསྐལ་པ་ཐམས་ཅད་དུ་འཇུག་པར་བྱ་བ་ནི་མ་འོངས་པའི་བསྐལ་པ་ཐམས་ཅད་ནི་ཡེ་ཤེས་ཀྱིས་སྐད་ཅིག་ཅིག་གིས་ཤེས་པར་གྱུར་ཅིག་པའོ། །ཡེ་ཤེས་སྐད ་ཅིག་ཅིག་ལ་སྣང་ཞིང་མཐོང་བར་གྱུར་ཅིག་པའོ། །མ་འོངས་པའི་དུས་ལྟ་བ་དེ་བཞིན་དུ། དུས་གསུམ་དུ་བགྲང་བའི་བསྐལ་པ་ཐམས་ཅད་ཀྱང། ཡེ་ཤེས་ཀྱི་སྐད་ཅིག་གིས་ཆ་ཤས་གཅིག་སྟེ། ཡེ་ཤེས་ཀྱི་སྐད་ཅིག་ཅིག་གི་ཡུལ་གཅིག་ཏུ་ཆུ་དེ་འདུས་པར་བྱེད་པར་གྱུར ་ཅིག་པའོ། །ལྔ་པ་དེ་བཞིན་གཤེགས་པ་ལ་ལྟ་བ་དང། དྲུག་པ་དེའི་སྤྱོད་ཡུལ་ལ་འཇུག་པ་ནི། དུས་གསུམ་གཤེགས་པ་ནི་མི་སེང་གེ་གང། །དེ་དག་སྐད་ཅིག་ཅིག་ལ་བདག་གིས་བལྟ། །རྟག་ཏུ་དེ་དག་གི་ནི་སྤྱོད་ཡུལ་ལ། །སྒྱུ་མར་གྱུར་པའི་རྣམ་ཐར་སྟོབས་ཀྱིས་འཇུག ་ཅེས་བྱ་བ་ནི། ཕྱོགས་བཅུ་དག་ན་དུས་གསུམ་དུ་གཤེགས་པའི་མི་ཡི་སེངྒེ་གང་དག་ཇི་སྙེད་པ་དེ་དག་གི་ཡེ་ཤེས་ཀྱི་སྐད་ཅིག་མ་གཅིག་ལ་མཐོང་བར་ཤོག་ཅིག་།དེ་དག་གི་སྤྱོད་ཡུལ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་ལ་ཡང། བྱང་ཆུབ ་སེམས་དཔའ་རྣམ་པར་ཐར་པའི་སྒྱུ་མར་གྱུར་པ་ཞེས་བྱ་བ་དེས་བདག་དུས་ཐམས་ཅད་དུ་འཇུག་པར་གྱུར་ཅིག་པའོ། །དེ་ལ་རྣམ་ཐར་པར་པ་ཞེས་པ་ནི་ཉོན་མོངས་པ་དང་སྒྲིབ་པ་ལས་རྣམ་པར་ཐར་པར་བྱེད་པའོ། །སྒྱུ་མ་ཞེས་པ་ནི་ཏིང་ངེ་འཛིན་ལ་གནས་ན་དངོས་པོ་ཐམས་ཅད་སྒྱུ་མ་ལྟ་བུར་མཐོང ་ན་རྗེས་སུ་ཆགས་པ་མེད། ཁོང་ཀྲོ་བ་ཡང་མེད་པ་ལྟ་བུའོ། །ཡང་ན་སྒྱུ་མ་མཁན་གྱི་དངོས་པོ་གཅིག་ལ་རྣམ་པ་དུ་མར་སྟོན་པར་ནུས་པ་བཞིན་དུ་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་རྣམ་པར་བསྒྲུབ་པ་ལ་གནས་པའི་སྟོབས་ཀྱི་ཇི་ལྟར་མངོན་པར་མོས་པ་བཞིན་དུ་བདག་གིས་ལུས་བསྒྱུར ་ནུས་སོ། །བདུན་པ་སངས་རྒྱས་ཀྱི་ཞིང་མངོན་པར་བསྒྲུབ་པ་ལ་འཇུག་པ་ནི། གང་ཡང་དུས་གསུམ་དག་གི་ཞིང་བཀོད་པ། །དེ་དག་རྡུལ་གཅིག་སྟེང་དུ་མངོན་བར་བསྒྲུབ། །དེ་ལྟར་མ་ལུས་ཕྱོགས་རྣམས་ཐམས་ཅད་དུ། །རྒྱལ་བ་དག་གི་ཞིང་རྣམས་བཀོད་ལ་འཇུག་།ཅེས་བྱ་བ ་ནི། དུས་རྣམ་གསུམ་ནི་བརྡ་ཕྲད་པར་ཟང་ངོ། །ཞིང་བཀོད་པ་ཞེས་པ་ནི་ཞིང་རྣམ་པ་མང་པོ་སྣ་ཚོགས་ལ་བྱའོ། །ཡང་ན་བཀོད་པ་ནི་རྣམ་པར་སྒྲས་པ་ལ་བྱ་སྟེ། དུས་གསུམ་དུ་གཏོགས་པ་ཐམས་ཅད་ཀྱི་ཞིང་མང་པོ་འམ་སྤྲས་པ་རྣམས་རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས ་རྡུལ་གཅིག་གི་སྟེང་དུ་མངོན་པར་སྒྲུབ་ནུས་པ་སྟེ། གྲུབ་པར་གྱུར་ཅིག་པ་ནི་གཞན་ལ་སྟོན་ནུས་པར་གྱུར་ཅིག་པའོ། །རྡུལ་ཅིག་གི་སྟེང་ན་ཇི་ལྟ་བ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པར་རྡུལ་རེ་རེའི་སྟེང་དུ་ཡང་དུས ་གསུམ་གྱིས་ཞིང་བཀོད་པ་རྣམས་ཡེ་ཤེས་ཀྱི་སྐད་ཅིག་གིས་གཞན་ལ་སྟོན་ནུས་པར་གྱུར་ཅིག་ཅེས་བྱ་བར་སྦྱོར་རོ། །དེར་རྒོལ་ཏེ། དེ་ལྟར་གྱི་སངས་རྒྱས་ཀྱི་ཞིང་རྣམས་ཀྱི་རང་བཞིན་དང་ཆད་དང། ཁ་དོག་དང། དབྱིབས་དང་སོ་སོ་ཐ་དད་པ་རྣམས་ཀྱང ་མ་འདྲེས་པར་རྡུལ་གཅིག་གི་སྟེང་དུ་གནས་པར་མི་རུང་ན་དུས་གསུམ་གྱི་ཞིང་མ་ལུས་པ་རྣམས་མ་འདྲེས་པར་རྡུལ་གཅིག་གི་སྟེང་དུ་གནས་པ་ཇི་ལྟར་རུང་ཞེ་ན། དེ་ནི་མི་རུང་བ་མེད་དེ། གོང་དུ་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་རྣམས་ཞེས་པའི་སྐབས་སུ ་བཤད་པ་དང་འདྲ་བའོ། །འཕགས་པ་དྲི་མ་མེད་པར་གྲགས་པའི་མདོ་ལས་ཀྱང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་ཅེས་བྱ་བ་ཡོད་དོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། རིའི་རྒྱལ་པོ་རི་རབ་དེ་ཙམ་དུ་མ་ཐོབ ་དེ་ཙམ་དུ་ཆེ་བ་འཕགས་པ་ཙམ་དུ་ཡངས་པ་ཡང་ཡུངས་འབྲུའི་ནང་དུ་འཇུག་སྟེ། ཡུངས་འབྲུ་དེ་སྐྱེས་པ་ཡང་མེད་རི་རབ་བསྒོངས་པ་ཡང་མེད་ཅེས་བྱ་བ་ཡང་སྟོན་ཏོ། །རྒྱལ་ཆེན་བཞིའི་རིགས་ཀྱི་ལྷ་རྣམས་དང། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་བདག ་ཅག་གང་དུ་བཅུག་ཀྱང་མི་ཤེས་སོ། །རྫུ་འཕྲུལ་གྱིས་འདུལ་བའི་སེམས་ཅན་གྱིས་རིའི་རྒྱལ་པོ་རི་རབ་ཡུངས་འབྲུའི་ནང་ན་བཅུག་པར་ཤེས་ཤིང་མཐོང། རྒྱ་མཚོ་ཆེན་པོའི་ཆུའི་ཕུང་པོ་རྣམས་སྤུའི་གུང་དུ་གཅིག་ཏུ་ལྷགས་ཏེ། ཉ་དང་རུ་སྦལ་དང་ཆུ་སྲིན ་བྱིས་པ་གསོད་པ་དང། སྦལ་པ་དང། ཆུ་ལས་སྐྱེས་པའི་སྲོག་ཆགས་གཞན་དག་ལ་ཡང་གནོད་པར་འགྱུར་བ་མེད་དོ། ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་རྣམས་འདི་སྙམ་དུ་བདག་ཅག་གར?་བཅུག་སྙམ་ཡང་མི་སེམས་ལ། བྱ་བ་དེ་ཡང་སྣང་ཞིང་སེམས་ཅན ་དེ་དག་ལ་གནོད་ཅིང་འཁྲུགས་པར་བྱ་བ་མེད་དོ་ཞེས་གསུངས་པ་ལྟ་བུ་སྟེ། དེ་ལྟ་བུ་སྟོན་ནུས་པར་གྱུར་ཅིག་པའོ། །དེ་ལྟར་བསྟན་པ་དེ་ཡང་ཅི་དགོས་ན་དེ་ལྟ་བུའི་དེ་མཚར་བསྟན་པས། དམ་པའི་ཆོས་ལ་མ་དད་པ་རྣམས་དད་པ་བསྐྱེད་པ་དང། བྱང་ཆུབ་སེམས་དཔའ་ ་ཉིད་དགའ་བ་བསྐྱེད་པ་དང། གཞན་དག་ལ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བསྟན་པས། དེར་སྐྱེ་བར་སྨོན་ལམ་འདེབས་ཤིང་དགེ་བ་སྦྱོང་བར་འགྱུར་བས་དེ་ལྟར་དོགས་ཏེ། དཔེར་ན་འཕགས་པ་དྲི་མ་མེད་པར་གྲགས་པའི་མདོ་ལས། དེ་ནས་ལ་ཙི་བྱི་དྲི་མ་མེད ་པར་གྲགས་པ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་ལྟ་བུའི་རྫུ་འཕྲུལ་འདུ་མཛད་པ་མངོན་པར་མཛད་དོ། །འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེ་ཉི་ཚེར་བཤད་ནས། ལག་པ་གཡས་པས་བླངས་ནས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར ་བཅུག་གོ་།འདིར་བཅུག་ཀྱང་འཇིག་རྟེན་གྱི་ཁམས་འདི་བྲི་བ་འམ་གང་བར་མ་གྱུར་ཏེ། དོག་ཅིང་འཛེར་བ་ཡང་མེད་དོ། །འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེ་ན་བྲི་བ་ཡང་མེད་དོ། །སྔ་མ་ཇི་ལྟ་བ་བཞིན་དུ་ཕྱི་མ་ཡང་སྣང་ངོ། །དེ་ལྟར་འཇིག་རྟེན་གྱི་ཁམས་མངོན་པར ་དགའ་བ་བསྟན་པའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང། དེ་བཞིན་གཤེགས་པ་མི་འཁྲུགས་པ་བསྟན་པས་འཇིག་རྟེན་གྱི་ཁམས་མི་མཇེད་འདིའི་ལྷ་དང་མིའི་སྐྱེ་དགུ་ལས། ཁྲི་ཕྲག་བཅུ་བཞི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཀུན་གྱིས ་ཀྱང་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེར་སྐྱེ་བར་སྨོན་ལམ་བཏབ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་ཐམས་ཅད་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེར་སྐྱེ་བར་ལུང་བསྟན་ཏོ་ཞེས་གསུངས་པ་ལྟ་བུའོ།། །།བརྒྱད་པ་དེ་བཞིན་གཤེགས་པའི་ཟུང་དུ་འགྲོ ་བ་ལ་འཇུག་པ་ནི། གང་ཡང་མ་བྱོན་འཇིག་རྟེན་སྒྲོན་མ་རྣམས། །དེ་དག་རིམ་པར་སངས་རྒྱས་འཁོར་ལོ་བསྐོར། །མྱ་ངན་འདས་པ་རབ་ཏུ་ཞི་བར་སྟོན། །མགོན་པོ་ཀུན་གྱི་དྲུང་དུ་བདག་མཆིའོ། །ཞེས་པ་ལ། གང་ཡང་མ་བྱོན་ཞེས་པ་ནི་ཕྱིས་འབྱུང་བ་རྣམས་ཏེ། ཕྱི་མའི་མཐར་ཐུག་པ་རྣམས ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་ཏུ་འབྱུང་བར་འགྱུར་བ་དག་གོ་།སྒྲོན་མ་ཞེས་བྱ་བ་ནི་གོང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་སྐབས་སུ་བཤད་པ་དང་འདྲའོ། །དེ་དག་རིམ་པར་སངས་རྒྱས་ཞེས་པ་ནི་རིམ་པ་དང་རྣམ་པ་འདྲ ་སྟེ། བླ་ན་མེད་པའི་བྱང་ཆུབ་མངོན་པར་འཚང་རྒྱའོ། །འཁོར་ལོ་ཞེས་པ་ནི་འཕགས་པའི་བདེན་པ་བཞི་ལ་སོགས་པའི་ཆོས་སྟོན་པའོ། །མྱ་ངན་འདས་པ་རབ་ཏུ་ཞི་མཛའ་སྟོན་ཞེས་པ་ནི་ཐོག་མར་དགའ་ལྡན་གྱི་གནས་ནས་བབས་ཏེ། ཡུམ་གྱི་ལྷུམ?་སུ་གཤེགས་པ ་དང། བལྟམ་པ་དང། གཞོན་ནུ་རོལ་རྩེད་མཛད་པ་དང། ཁབ་ནས་བྱུང་བ་དང། དཀའ་ཐུབ་མཛད་པ་དང། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང། བདུད་བཏུལ་བ་དང། མངོན་པར་རྫོགས་པར་སངས་རྒྱས་པ་དང། ཆོས་ཀྱི་འཁོར་ལོ་བསྐོར་བ་དང། ཐ་མ་མྱ་ངན་ལས ་འདས་པ་སྟོན་པ་ཐམས་ཅད་མྱ་ངན་ལས་འདས་པ་ལ་བསྐུལ་བར་སྟོན་པའོ། །དགའ་ལྡན་གྱི་གནས་ནས་ཇི་ལྟར་གཤེགས་པ་དང། ཆོས་ཀྱི་འཁོར་ལོ་བསྐོར་བའི་ལོ་རྒྱུས་ནི། འཕགས་པ་རྒྱ་ཆེར་རོལ་པའི་མདོ་ལས་ཞིབ་ཏུ་གསུངས་པ་ཡིན་ནོ། །ཇི་ལྟར་མྱ་ངན་ལས་འདས ་པ་ནི་འཕགས་པ་མྱ་ངན་ལས་འདས་པའི་མདོ་ལས་གསུངས་པ་ཡིན་ནོ། །མགོན་པོ་ཞེས་པ་གོང་དུ་བཤད་པ་དང་འདྲའོ། །ཀུན་གྱི་དྲུང་དུ་བདག་མཆིའོ་ཞེས་པ་ནི་ཕྱེས་འབྱུང་བའི་སངས་རྒྱས་དེ་དག་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་དང། ཆོས་ཀྱི་འཁོར? ་ལོ་བསྐོར་བའི་དུས་ལ་སོགས་པ་རྣམས་སུ། བདག་ཅག་མཆོད་པ་སྣ་ཚོགས་ཐོགས་ཏེ། དེ་བཞིན་གཤེགས་པ་ལ་ལྟ་བ་དང། ཕྱག་བྱ་བ་དང། མཆོད་ཅིང་བསྟོད་པ་དང། ཆོས་ཉན་པ་དང། རིམ་གྲོ་དང། བསྙེན་བཀུར་བྱ་བའི་ཕྱིར། དེ་དག་ཀུན་གྱི་དྲུང་དུ་བདག་ཡིད ་ལྟར་མགྱོགས་པ་དང། རྫུ་འཕྲུལ་གྱི་སྟོབས་ཀྱིས་ཇི་ལྟར་འགྲོ་བར་གྱུར་ཅིག་པའོ།། །།སྤྱི་དོན་བཅུ་གཉིས་པ་སྟོབས་ལ་རྣམ་པ་བཅུ་སྟེ། རྫུ་འཕྲུལ་གྱི་སྟོབས་དང། ཐེག་པའི་སྟོབས་དང། ཡོན་ཏན་གྱི་སྟོབས་དང། བྱམས་པའི་སྟོབས་དང ་བསོད་ནམས་ཀྱི་སྟོབས་དང། ཡེ་ཤེས་ཀྱི་སྟོབས་དང། ཤེས་རབ་ཀྱི་སྟོབས་དང་ཐབས་ཀྱི་སྟོབས་དང། ཏིང་ངེ་འཛིན་གྱི་སྟོབས་དང། བྱང་ཆུབ་ཀྱི་སྟོབས་ཏེ་བཅུའོ། །དེ་ལ་རྫུ་འཕྲུལ་གྱི་སྟོབས་ལ་སོགས་པ་ནི་ཀུན་ཏུ་མྱུར་བ་ཞེས་པ་ནས་བྱང་ཆུབ ་སྟོབས་རྣམས་ཡང་དག་གྲུབ་པར་བྱེད་ཅེས་པའི་བར་དུའོ། །དང་པོ་རྫུ་འཕྲུལ་གྱི་སྟོབས་སྟོན་ཏེ། ཀུན་ཏུ་མྱུར་བའི་རྫུ་འཕྲུལ་སྟོབས་དང་ཞེས་པ་ལ། ཀུན་ཏུ་མྱུར་བ་ནི་གོང་དུ་འདོད་པ་དང། ཇི་ལྟར་འདོད་པ་བཞིན་དུ་ཐམས་ཅད་ལ་ཐོགས་པ་མེད་པའོ། །རྫུ་འཕྲུལ་ནི ་འབྱོར་པ་སྟེ། ནམ་མཁའ་ལ་འགྲོ་བ་དང། འདུག་པ་དང། རི་དང་རྩིག་པ་ལ་མི་ཐོགས་པར་འགྲོ་བ་དང། གཟུགས་བསྒྱུར་ཞིང་འཕྲུལ་པའོ། །དེའི་སྟོབས་ནི་རྫུ་འཕྲུལ་སྟོན་ཅིང་སེམས་ཅན་དག་དགའ་བར་བྱེད་ནུས་པའོ། །གཉིས་པ་ཐེག་པའི་སྟོབས་ནི་ཀུན་ནས་སྒོའི་བ? ་ཐེག་པའི་སྟོབས་དག་དང་ཞེས་པ་ལ། ཐེག་པ་ནི་ཐེག་པ་དེས་བླ་ན་མེད་པའི་བྱང་ཆུབ་འདེབས་པས་ན་ཐེག་པ་སྟེ། ས་དང་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དང། སངས་རྒྱས་ཐོབ་པར་བྱེད་པའི་ལམ་བསྟོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བདག་ཉིད་དོ། །དེའི་སྟོབས་ནི་འཁོར ་བ་དང་མྱ་ངན་ལས་འདས་པ་གཉིས་ལ་མི་གནས་ཤིང། སངས་རྒྱས་ཀྱི་མཛད་པ་རྒྱུན་མི་འཆད་པར་བྱེད་ནུས་པའོ། །ཡང་ན་ཀུན་ནས་སྒོ་ཞེས་བྱ་བ་ནི་སྤྱོད་པ་རླབས་པོ་ཆེ་དང་ལྡན་པས་དུས་ཀུན་ཏུ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་ཅིང་ཐབས་ལ་མཁས་པ་དང་ལྡན ་པས། སྤྱོད་པ་ཐམས་ཅད་བདག་དང་གཞན་ལ་ཕན་པའི་དོན་དུ་འགྱུར་བའོ། །ཡང་ན་ཀུན་ནས་དགེ་བ་སྣ་ཚོགས་འགྲུབ་པའི་རྒྱུ་གྱུར་པ་སྟེ། དཔེར་ན་ལམ་ནས་འགྲོ་བ་ཞིག་མཐོང་ན་སེམས་ཅན་ཐམས་ཅད་འཕགས་པའི་ལམ་དུ་ཞུགས་པར་ཤོག་ཅིག་།འདུག་པའི་ཚེ ་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོར་འདུག་པར་ཤོག་ཅིག་།སྒོ་གཅོད་པའི་དུས་སུ་ངན་སོང་གསུམ་དང་མི་དགེ་བ་ཐམས་ཅད་ཀྱི་སྒོ་གཅད་པར་ཤོག་ཅིག་།སྒོ་འབྱེད་པའི་ཚེ་ན་མཐོ་རིས་དང་ཐར་པའི་སྒོ་ཕྱེ་བར་ཤོག་ཅིག་ཅེས་པ་ལ་སོགས་པ་དང། མཐོང་བ་དང་ཐོས་པ་དང། ་དགེ་བའི་ཕྱོགས་སུ་འགྱུར་བར་སྨོན་ཅིང་ཡོངས་སུ་བསྔོ་བ་སྟེ་འཕགས་པ་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལས་གསུངས་པ་ལྟ་བུའོ། །གསུམ་པ་ཡོན་ཏན་གྱི་སྟོབས་ནི་ཀུན་ཏུ་སྤྱོད་པའི་སྟོབས་རྣམས་དང། ཞེས་པ་ལ། དེ་ལ་ཀུན་ཏུ་ཡོན་ཏན་ནི་ཐོག ་མར་སྤྱོད་པར་གསོལ་བ་དང། ཉམས་སུ་ལེན་ཅིང་སྤྱོད་པ་དང། འབྲས་བུར་གྲུབ་པའི་མཐུས་དུས་ཐམས་ཅད་དུ་དགེ་བའོ། །སྤྱོད་པ་ཞེས་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དང། བསྡུ་བའི་དངོས་པོ་དང། ཚད་མེད་པ་བཞི་ལ་སོགས་པའོ། །དེའི་སྟོབས་ནི་ཕ ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པ་ཟིལ་གྱིས་མནན་ཅིང་གཞན་ཟིལ་གྱིས་གནོན་པ་ལ་སོགས་པའི་ནུས་པའོ། །བཞི་པ་བྱམས་པའི་སྟོབས་ཀུན་ནས་ཁྱབ་པ་བྱམས་པ་དག་གི་སྟོབས་ཞེས་པ་ལ། ཀུན་ནས་ཁྱབ་པ་ནི་ཕྱོགས་བཅུར་སེམས་ཅན ་རྣམས་ལ་ཁྱབ་པར་བྱེད་པའོ། །བྱམས་པ་ནི་སེམས་ཅན་ཐམས་ཅད་ལ་བྱམས་པ་དང། བདེ་བ་སྒྲུབ་པའི་བསམ་པ་དང་མཚན་ཉིད་ཅན་ནོ། །དེའི་སྟོབས་ནི་འཁོར་བ་ལ་སོགས་པ་སེམས་ཅན་རྣམས་ལ་འཚེ་བ་དང། གནོད་པའི་ལས་མི་བྱེད་པར་འདོད་མ་ནུས་པའོ། །ལྔ་པ་བསོད་ནམས་ཀྱི ་སྟོབས། ཀུན་ཏུ་དགེ་བའི་བསོད་ནམས་སྟོབས་རྣམས་དང་ཞེས་པ་ནི་ཀུན་ཏུ་དགེ་བ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་བའི་བསམ་པ་དང་ལྡན་པའི་ཕྱིར། ཐམས་ཅད་ཁ་ན་མ་ཐོ་བ་མེད་པའོ། །བསོད་ནམས་ནི་བསོད་ནམས་ཡེ་ཤེས་དག་ནི་མི་ཟད་རྙེད་ཅེས་པའི ་སྐབས་སུ་བཤད་པ་དང་འདྲའོ། །དྲུག་པ་ཡེ་ཤེས་སྟོབས་ནི་ཆགས་པ་མེད་པ་ནི་དུས་གསུམ་པོ་ཐམས་ཅད་ལ་ཆགས་པ་འམ་ཐོག་པ་མེད་པའོ། །ཡེ་ཤེས་དེའི་སྟོབས་ནི་ཤེས་བྱའི་སྒྲིབ་པ་དང་བྲལ་བ་སྟེ། ཤེས་བྱ་ཐམས་ཅད་ཤེས་པར་ནུས་པའོ། །བདུན་པ་ཤེས་རབ་ཀྱི ་སྟོབས་དང། བརྒྱད་པ་ཐབས་ཀྱི་སྟོབས་དགུ་པ་ཏིང་ངེ་འཛིན་གྱི་སྟོབས་ཤེས་རབ་ཐབས་དང་ཏིང་ངེ་འཛིན་སྟོབས་དག་གིས་ཞེས་པ་ལ། ཤེས་རབ་དང་ཐབས་དང་ཏིང་ངེ་འཛིན་ནི་གོང་དུ་ས0ཧེས་རབ་ཐབས་དང་ཏིང་ངེ་འཛིན་རྣམ་ཐར་དང་ཞེས་པའ་སྐབས་སུ་བཤད་པ་ཡིན་ནོ། ་ཡང་དེ་ལ་ཤེས་རབ་ཀྱི་སྟོབས་ནི། བསོས་པོ་ཐམས་ཅད་ཀྱི་དོན་མངོན་པར་རྟོགས་པར་ནུས་པའོ། །ཐབས་ཀྱི་སྟོབས་ནི་དོན་སྒྲུབ་པ་བདེ་བླག་དུ་འཐུན་པར་བསྒྲུབ་པོའོ། །ཏིང་ངེ་འཛིན་གྱི་སྟོབས་ནི་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་རྣམས་ཐོབ་པར་བྱེད་ནུས ་པའོ། །རྫུ་འཕྲུལ་གྱི་སྟོབས་ནས་ཏིང་ངེ་འཛིན་གྱི་བར་སྟོབས་དགུས་བྱང་ཆུབ་ཀྱི་སྟོབས་རྣམས་ཡང་དག་པར་བསྒྲུབ་པར་བྱ་བ་དེ་ནི། བཅུ་པ་བྱང་ཆུབ་ཀྱི་སྟོབས་བྱང་ཆུབ་སྟོབས་རྣམས་ཡང་དག་གྲུབ་པར་བྱེད་ཅེས་བྱ་བ་ཡིན་ཏེ། དེ་བྱང་ཆུབ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་སྟེ། གོང་དུ་བཤད་པ་དང་འདྲའོ། །དེའི་སྟོབས་ནི་སྤངས་པ་དང། ཡེ་ཤེས་ཕུན་སུམ་ཚོགས་པ་མ་ཡིན་པ་ལས་རྒྱལ་ཏེ། གྲུབ་པའི་མཐར་ཕྱིན་པར་ནུས་པའོ། །ཡང་དག་གྲུབ་པར་བྱེད་ཅེས་པ་ནི། ནན་ཏན་གྱི་ཉམས་སུ་ལེན་པར་བྱེད་པའོ། །ད་ནི་སྤྱི་དོན་བཅུ་གསུམ་པ ་གཉེན་པོ་སྟོན་ཏེ་དེ་ཡང་གོང་དུ་སྨོས་པའི་སྟོབས་བཅུ་དང། མི་མཐུན་པའི་ཕྱོགས་ལས་དང་ཉོན་མོངས་གི་བདུད་ཀྱི་སྟོབས་དང། གསུམ་གཞོམ་པའི་ཕྱིར་གཉེན་པོ་གསུམ་གསུངས་ཏེ། དང་པོ་ནི་ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་བྱེད་ཅིང། ཞེས་པ་ལ། ལས་ནི་དགེ་བ་དང ་མི་དགེ་བ་དང། མི་གཡོ་བའི་བྱེ་བྲག་གི་རྣམ་པ་གསུམ་སྟེ། མི་དགེ་བའི་ལས་ནི་མྱོང་བར་ངེས་པའོ། །དེའི་སྟོབས་ནི་མངོན་སུམ་དུ་སྐྱེ་པར་བྱེད་པའོ། །དེའི་སྟོབས་དག་པར་བྱེད་པ་ནི། སྨད་པ་དང། བཤགས་པ་དང། བསྡམ་པ་དང། དཀོན་མཆོག་གསུམ་ལ་སྐྱབས་སུ ་འགྲོ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་པས། ཕྱག་དར་བཞིན་དུ་བསལ་བར་བྱ་སྟེ། འཕགས་པ་ཆོས་བཞི་པའི་མདོ་ལས་ཀྱང་འབྱུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། སྡིག་པ་བྱས་ཤིང་བསགས་པ་ཡང་ཟིལ་གྱིས་གནོན་པར་མི་འགྱུར ་ཏེ། དེ་བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་སུན་འབྱིན་པས་ཀུན་ཏུ་སྤྱོད་པ་དང། གཉེན་པོས་ཀུན་ཏུ་སྤྱོད་པ་དང། སོར་ཆུད་པར་བྱེད་པའི་སྟོབས་དང། རྟེན་གྱི་སྟོབས་སོ། །དེ་ལ་རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་ནི་མི་དགེ་བའི་ལས་སྤྱོད་ན་དེ་ལ་འགྱོད་པ་མང་བ་ཡིན་ནོ།། ་དེ་ལ་གཉེན་པོ་ཀུན་ཏུ་སྤྱོད་པ་ནི་མི་དགེ་བའི་ལས་བྱས་ཀྱང། དགེ་བའི་ལས་ལ་ཤིན་ཏུ་བརྩོན་པའོ། །དེ་ལ་སོར་ཆུད་པར་བྱེད་པའི་སྟོབས་ནི། སྡོམ་པ་ཡང་དག་པར་བླངས་པས་མི་བྱེད་པའི་སྡོམ་པ་ཐོབ་པའོ། །དེ་ལ་རྟེན་གྱི་སྟོབས་ནི་སངས་རྒྱས ་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་བ་དང། བྱང་ཆུབ་ཀྱི་སེམས་མི་གཏོང་བ་སྟེ། སྟོབས་དང་ལྡན་པ་ལ་བརྟེན་པས་ཟིལ་གྱིས་གནོན་པར་མི་ནུས་པའོ་ཞེས་གསུངས་པ་ལྟ་བུའོ། །དེ་ལ་རྣམ་པར་སུན་འབྱིན་པ་དང། འགྱོད་ཅིང་ཆགས་པ་དང། སྡོམ་པ ་ལེན་པར་བྱེད་པ་ནི། ལུང་ལས་ཤིན་ཏུ་མི་བཟད་ལས་རྣམས་བྱས་པ་དག་།བདག་ལ་ཅུང་ཟད་སྨད་པས་བསྲབས་པར་འགྱུར། །བཤགས་པར་བྱས་དང་སྡོམ་པ་བྱས་པས་ནི། དེ་དག་ཤིན་ཏུ་བརྩད་ནས་འབྱིན་པར་བྱེད་ཅེས་གསུངས་སོ། །དེ་ལ་དཀོན་མཆོག ་གསུམ་ལ་སྐྱབས་སུ་འགྲོ་བས་འབྱད་བ་ནི། ཕག་མོའི་རྟོགས་པ་བརྗོད་པའི་མདོ་ལས། ལྷའི་བུ་ཞིག་འཆི་འཕོ་བའི་ཆོས་སུ་གྱུར་ཏེ། ཕག་མོའི་མངལ་དུ་སྐྱེ་བའི་ལས་མྱོང་བར་འགྱུར་བའི་ལས་མི་སྡུག་པའི་འབྲས་བུ་འབྱིན་པར་མངོན་དུ་གྱུར་པ་ལས། དཀོན ་མཆོག་གསུམ་ལ་སྐྱབས་སུ་སོང་བ་ཙམ་གྱིས་ལས་ཐམས་ཅད་ཤིན་ཏུ་རྩད་ནས་བཅད་དེ་བཏོན་ཏེ། སུམ་ཅུ་རྩ་གསུམ་པའི་ལྷའི་ནང་ནས་ཤི་འཕོས་ཏེ་དགའ་ལྡན་གྱི་ལྷར་སྐྱེས་སོ་ཞེས་གསུངས་པ་ལྟ་བུའོ། །བྱང་ཆུབ་ཀྱི་སེམས་བསྐྱེད་པས་འབྱད་པ་ནི་མེ་དྲ་ཀན ་སང་མ་ལ་བརྙས་པས། ཀུན་ནས་བསླང་བའི་མི་དགེ་བའི་ལས། ཞིང་གི་བྱེ་བྲག་གིས་ཚེ་འདི་ལ་འབྲས་བུ་རྣམ་པར་སྨིན་པར་གྱུར་པ་ཡང་ཅུང་ཞིག་སྨིན་ནས་ལྷག་པའི་བསམ་པས་སྨོན་ལམ་བཏབ་ཅིང་སེམས་བསྐྱེད་ནས། མ་ལུས་པར་རྩད་ནས་སྟོན་ཏེ། ་བསམ་པར་གྱུར་པ་ལྟ་བུའོ། །སེམས་ཅན་གྱི་དོན་དུ་སྨོན་ལམ་བཏབ་ཅིང། སེམས་ཇི་ལྟར་བསྐྱེད་ཅེ་ན། དེའི་མགོ་ལ་འཁོར་ལོས་འདྲུང་ཅིང་སྡུག་བསྔལ་ཆེན་པོ་མྱོང་བ་ན། དེ་འདི་སྙམ་དུ་གཞན་སུ་དག་མ་ལ་བརྙས་པ་འདི་ལྟ་བུ་མྱོང་བར་འགྱུར་བའི་སྡུག ་བསྔལ་ཐམས་ཅད་བདག་གིས་མྱོང་ལ། དེ་དག་བདེ་བ་མཆོག་དང་ལྡན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ཅིང་སེམས་བསྐྱེད་དོ། །ཆོས་ལ་བདག་མེད་པར་རྟོགས་པས་ནི་ཤིན་ཏུ་གཏན་ནས་འབྱིན་པར་འགྱུར་ཏེ། འཕགས་པ་ལས་ཀྱི་སྒྲིབ་པ་རྣམ་པར་དག་པའི་མདོ་ལས། ་དགེ་སློང་དྲི་མ་མེད་པའི་འོད་ཅེས་བྱ་བ་ལ་མི་ཚངས་པར་སྤྱོད་པའི་ཕམ་པར་བྱུང་བ་ལས། དེ་འགྱོད་ཅིང་མི་དགའ་བ་ལས། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཐོས་ནས། དེ་རྟོགས་ཏེ་ལྷག་པའི་བསམ་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། དགེ་སློང་དཔལ ་སྦྱིན་ཞེས་བྱ་བ་མི་ཚངས་པར་སྤྱོད་པ་དང། མི་བསད་པའི་ཕ་མ་གཉིས་བྱས་ནས། མི་དགའ་ཞིང་འགྱོད་པ་ལས། དེ་བཞིན་གཤེགས་པའི་སྐུ་གཟུགས་དག་མཐོང་ཞིང། དེ་དག་གིས་ཆོས་ཟབ་མོ་བསྟན་པ་ཐོས་ནས། བྱང་ཆུབ་ཀྱི་ཚུལ་དང་ལྡན་པའི་སེམས ་ཀྱིས། ཆོས་ཀྱི་རང་བཞིན་རྣམ་པར་ཕྱེད་པས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་པས། གཉི་ག་ཡང་སངས་རྒྱས་སུ་འགྲུབ་པར་ལུང་བསྟན་པ་ལྟ་བུའོ། །ཆོས་ཟབ་མོ་ལ་མོས་པ་འདི་ནི་ལྟུང་བ་དང་འགྱོད་པ་ཐམས་ཅད་སེལ་བ་དང། སྒྲིབ་པ་ཐམས་ཅད་སྤྱོད་པ་ཡིན་ནོ་ཞེས ་བྱ་བ་དེ་ལྟར་དད་པ་བྱ་སྟེ། ཇི་སྐད་དུ་འཕགས་པ་དེ་བཞིན་གཤེགས་པ་མཛོད་ཀྱི་མདོ་ལས། འོད་སྲུང་ཕ་ཡང་ཡིན་ལ་རང་སངས་རྒྱས་ཀྱང་ཡིན་པ་དེ་ནི་སྲོག་བཅད་པའི་ནང་ནས་མ་རུངས་པའོ། །འདི་ལྟ་སྟེ། དཀོན་མཆོག་གསུམ་གྱི་ནོར་ཕྲོགས་པ་ནི་མ ་བྱིན་པར་བླངས་པའི་ནང་ནས་མ་རུངས་པའོ། །འདི་ལྟ་སྟེ་མ་ཡང་ཡིན་ལ་དགྲ་བཅོམ་པ་ཡང་ཡིན་པ་དེ་ལ་མི་ཚངས་པར་སྤྱོད་པ་དེ་ནི། འདོད་པས་ལོག་པར་གཡེམ་པའི་ནང་ན་མ་རུངས་པའོ། །འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་ནི་བརྫུན་དུ ་སྨྲ་བའི་ནང་ན་མ་རུངས་པའོ། །འདི་ལྟ་སྟེ། དགེ་འདུན་གྱི་དབྱེན་བྱས་པ་ནི་ཕྲ་མའི་ནང་ན་མ་རུངས་པའོ། །འདི་ལྟ་སྟེ། འཕགས་པ་རྣམས་ལ་མི་སྙན་པ་བརྗོད་པ་འདི་ནི་དག་རྩུབ་པའི་ནང་ན་མ་རུངས་པའོ། །འདི་ལྟ་སྟེ། ཆོས་འདོད་པ་རྣམས་ལ་རྣམ་པར་གཡང་བར ་བྱེད་པ་ནི། ཚིག་འཁྱལ་བའི་ནང་ན་མ་རུངས་པའོ། །འདི་ལྟ་སྟེ། ཡང་དག་པར་ཞུགས་པ་རྣམས་ཀྱི་རྙེད་པ་ཕྲོག་པ་སེམས་པ་དེ་ནི། བརྣབ་སེམས་ཀྱི་ནང་ན་མ་རུངས་པའོ། །འདི་ལྟ་སྟེ། མཚམས་མེད་པར་བྱེད་པར་སེམས་པ་ནི། གཅོད ་སེམས་ཀྱི་ནང་ན་མ་རུངས་པའོ། །འདི་ལྟ་བ་ཤིན་ཏུ་འཛིན་པ་དེ་ནི། ལོག་པར་ལྟ་བའི་ནང་ན་མ་རུངས་པ་སྟེ། མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་དེ་དག་ཐམས་ཅད་ནི་ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པ་སྟེ། འོད་སྲུངས་གལ་ཏེ་སེམས་ཅན་ལ་ལ་ཞིག་ལ། མི་དགེ་བའི་ལས་ཀྱི་སེམས་ཅན ་བཅུ་པོ་དེ་ལྟར་ཁ་ན་མ་ཐོ་བ་དང་བཅས་པ་ཆེན་པོ་དང་ལྡན་པར་གྱུར་ལ། དེ་ཡང་དེ་བཞིན་གཤེགས་པའི་ཆོས་བསྟན་པ་ལ་ཡང་འཇུག་སྟེ། འདི་ལ་ནམ་བདག་གམ་སེམས་ཅན་མ། སྲོག་གམ་གང་ཟག་གམ། གང་བྱེད་པ་འམ། གང་མྱོང་བ་ཡང་མེད་དོ།། ་འདི་ལྟར་ཆོས་ཐམས་ཅད་ནི་མ་བྱས་པ། མངོན་དུ་བྱ་བ་མེད་པ། སྒྱུ་མའི་ཆོས་ཉིད་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ། རང་བཞིན་གྱི་འོད་གསལ་བར་རྟོགས་ལ། ཆོས་ཐམས་ཅད་གཟོད་མ་ནས་རྣམ་པར་དག་ཅིང། ཡིད་ཆེས་པར་མོས་ན་སེམས་ཅན་དེ་ངན ་སོང་དུ་འགྲོ་བར་མི་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། ཡང་དག་པར་ཉོན་མོངས་པ་རྣམས་ལ་ཕུང་པོའི་དངོས་པོ་མེད་དེ། ཉོན་མོངས་པ་ཐམས་ཅད་བྱུང་ནས་ཞིག་ཅིང་ཞུ་བའོ། །རྒྱུ་དང་རྐྱེན་གྱི་ཚོགས་པ་ལས་བྱུང་ལ། བྱུང་མ་ཐག་ཏུ་འགག་པའོ་ཞེས་གསུངས་པའོ། །བྱང་ ་ཆུབ་ཀྱི་སེམས་མངོན་དུ་བྱས་པས་ཀྱང། སྒྲིབ་པ་ལས་འབྱུང་བ་མི་ཤེས་པ་རྣམས་གཏན་ནས་འབྱིན་པར་འགྱུར་ཏེ། ཉེ་བ་འཁོར་གྱིས་ཞུ་བ་ལས། གལ་ཏེ་བྱང་ཆུབ་སེམས་དཔའ་སྔ་དྲོ་ཉེས་པ་བྱུང་ནས། ཉི་མའི་གུང་ལ་བྱང་ཆུབ་ཀྱི་སེམས་མངོན་དུ་བྱེད ་ན་དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་དཔག་ཏུ་མེད་དོ། །དེ་བཞིན་དུ་ཉི་མ་གུང་ལ་ལྟུང་བ་ལ་དེའི་ཕྱི་དྲོ་བྱང་ཆུབ་ཀྱི་སེམས་མངོན་དུ་བྱས་ནས། བྱང་ཆུབ་སེམས་དཔའ་དེ་ཚུལ་ཁྲིམས་ཀྱི་ཕུང་པོ་དག་དཔག་ཏུ་མེད་པ་ཁོ་ནར་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་གསུངས ་པ་ལྟ་བུའོ། །ཡང་ན་མདོ་སྡེ་ལས་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་བཤད་པ། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་ཉེས་པ་ཐམས་ཅད་སྲེག་པའི་ཕྱིར། སྲེག་པ་མེའི་བསྐལ་པ་ལྟ་བུའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །ཁ་ཅིག་འདི་སྐད་དུ་སྡིག་པའི་ལས ་ཆུང་ངུ་དང་འབྲིང་དག་ནི་བཤགས་པ་ལ་སོགས་པའི་མཐུས་གཏན་དུ་རྩད་ནས་འབྱིན་པར་བྱེད?་རུང་བགྲད་ན། མཚམས་མེད་པའི་ལས་ལ་སོགས་པ་ལྕི་བ་རྣམས་ཇི་ལྟར་གཏན་ནས་འབྱིན་པར་འགྱུར་ཞེ་ན་ཞེས་ཟེར་བ་དག་ཡོད་དེ། ལན་དུ་འགལ་བ ་མེད་དོ། །ཇི་ལྟར་ཞེ་ན། མ་སྐྱེས་དགྲ་ལ་སོགས་པ་མཚམས་མེད་པ་དག་གིས། བསམ་པ་ཆུང་ངུ་དང་འབྲིང་དང། ཆེན་པོའི་རིམ་པས་མནར་མེད་པའི་སེམས་ཅན་དམྱལ་བར་བསྐལ་པ་རངས་པར་རམ། བསྐལ་པ་ཕྱེད་དུ་གནས་པར་འགྱུར་བ་ལས་དེ་དག་གི་ཤིན་ཏུ ་འགྱིད་པའི་སེམས་རང་བའི་སེམས་ཀྱི་ཤིན་ཏུ་མི་དགའ་བར་གྱུར་ནས་མཐོལ་ཞིང་བཤེགས་པ་དང་ཆོས་ཟབ་མོ་ཐོས་ཏེ་མོས་ནས་སུ་རྟོགས་པའི་དབང་གིས་ལས་དེ་བསྲབས་པར་འགྱུར་ནས། ལ་ལ་ནི་ཚེ་འདི་ཉིད་ལ་སྡུག་བསྔལ་ཅུང་ཟད་ཅིག་མྱོང་ནས། དགྲ ་བཅོམ་པ་ཐོབ་པ་ཡང་ཡོད་ལ། ལ་ལ་ནི་ཚེ་ཕྱི་མ་ལ་ཉི་ཚེ་བའི་དམྱལ་བར་ཕོ་ལོང་བརྡབས་པའི་སྲིད་པ་ཙམ་ཞིག་སྡུག་བསྔལ་གྱི་འབྲས་བུ་མྱོང་བར་བྱེད་པ་ཡང་ཡོད་དེ། འཕགས་པ་མ་སྐྱེས་དགྲའི་འགྱོད་པ་གསལ་བའི་མདོ་ལས་འབྱུང་བ་ཡིན་ནོ། །འོ་ན ་ལུང་ལས་བསྐལ་པ་བརྒྱ་དག་སྙེད་དུ་ཡང། ལས་རྣམས་ཆུད་ཟར་མི་འགྱུར་ཏེ། །ཚོགས་ཤིང་དུས་དང་ལྡན་པ་ན། །ལུས་ཅན་རྣམས་ལ་འབྲས་བུར་སྨིན་ཞེས་གསུངས་པ་ཇི་ལྟར་སྤྱད་ཞེ་ན། དེ་ནི་མི་འགྱོད་ཅིང་ལས་དེ་ལ་མི་སྨོད་ལ། གཉེན་པོ་མི་བསྟེན་པས་ལས ་མ་སྦྱངས་ཤིང། བསླབ་པ་མ་བྱས་པ་ལས་དགོངས་ཏེ་གསུངས་པ་ཡིན་ནོ། །གཉེན་པོ་བསྟེན་ན་ལས་འབྱད་དུ་རུང་སྟེ། མི་མཁས་པས་ནི་སྡིག་པ་ཆུང་ངུ་བྱས་ཀྱང་ངན་འགྲོར་འགྲོ་མཁས་པ་གནོད་པ་ཆེན་པོ་བྱས་ཀྱང་སྤོང་བར་འགྱུར། དེ་ཡང་གཞུང་ལས་ལྕགས ་ཀྱི་གོང་བུ་ཆུང་ཡང་ཆུའི་བཏིང་དུ་འགྲོ་།དེ་ཉིད་རྣོད་དུ་བྱས་ན་ཆེ་ཡང་ཁ་ན་འཕྲོ་ཞེས་བཤད་པ་ལྟ་བུའོ། ཏ།དེ་མ་ཁས་པས་ཉེས་པ་བྱས་པའི་འོག་ཏུ་མི་དགའ་སྟེ་འགྱོད་ཅིང་བཤགས་པ་ལ་སོགས་པའི་གཉེན་པོས་སྤྱངས་ན། བྱང་བར་འགྱུར ་བ་ལ་བྱའོ། །མི་མཁས་པས་མི་དགེ་བ་བབ་ཅོལ་དུ་བྱས། སྡིག་པར་མི་འགྱུར་བར་བ་ཤྱ་པ་ནི་མ་ཡིན་ནོ། །མི་གཡོ་བའི་ལས་ནི་བསམ་གཏན་དང་སྙོམས་པར་འཇུག་པ་སྟེ། དེའི་སྟོབས་ནི་གཟུགས་ཀྱི་ཁམས་མི་ཟ་བར་འཇུག་པ་དང། གཟུགས་མེད་པའི་ཁམས་སུ་སྐྱེ་བར ་བྱེད་དོ། །དེ་དག་པར་བྱེད་པ་ནི་ལས་དེ་ཡང་བྱང་ཆུབ་ཆེན་པོར་བསྔོས་ལ། ལས་ལ་དབང་པས་སེམས་ཅན་གྱི་དོན་དུ་གར་དགའ་སྐྱེ་བར་བྱེད་པའོ། །དགེ་བ་ནི་འདོད་པའི་ཁམས་སུ་བདེ་བ་མྱོང་བར་འགྱུར་བའི་ལས་ཏེ། དེའི་སྟོབས་ནི་གདོན་མི་ཟ་བར་དེར་སྐྱེ་བར་འགྱུར་བ་སྟེ ་དེ་ཡོངས་སུ་དག་པར་བྱེད་པ་ནི་དགེ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཏེ། སྨོན་ལམ་ཆེན་པོ་ལ་བརྟེན་པའི་མཐུས་རྣམ་པར་སྨིན་པའི་འབྲས་བུ་བྲལ་ཏེ་འཁོར་བའི་སྒྱུར་མི་འགྱུར་གྱི། གདོན་མི་ཟ་བར་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པའོ། ་དེ་ལྟར་མི་དགེ་བའི་ལས་དང་མི་གཡོ་བའི་ལས་དང། དགེ་བའི་ལས་དང་ཡོངས་སུ་དག་པར་བྱེད་པའོ། །གཉིས་པ་ཉོན་མོངས་པའི་གཉེན་པོ་བསྟན་པ་ནི། ཉོན་མོངས་སྟོབས་རྣམས་ཀུན་ཏུ་ཕམ་པར་བྱེད་ཅེས་པ་སྟེ། ཉོན་མོངས་པ་ནི་ལུས་དང་སེམས་ལ་གནོད ་ཅིང་ཉོན་མོངས་པར་བྱེད་པ་སྟེ། འདོད་ཆགས་ལ་སོགས་པའོ། །དེ་དག་སྟོབས་ན་དེ་དག་གི་མཐུས་སེམས་ཅན་ཐམས་ཅད་རིག་པ་དང་མ་རིག་པ་དང། ཕན་པ་དང། གནོད་པ་དང། ལྕི་བ་དང་ཡང་པ་ལ་སོགས་པ་མི་ཤེས་པ་ནི་གཏི་མུག་ཡིན་ལ་ཤེས་བཞིན་དུ་བྱེད། ་འདོད་ཆགས་ལ་སོགས་པར་བྱེད་པའོ། །ཀུན་ཏུ་འཇོམ་པར་བགྱིད་པ་ནི་གཉེན་པོ་བསྟེན་པའི་སྟོབས་ཏེ། འདོད་ཆགས་ཀྱི་གཉེན་པོ་མི་གཙང་བ་དང། མི་སྡུག་པ་བསྒོམ་པ་དང། ཞེ་སྡང་གི་གཉེན་པོར་བྱམས་པ་བསྒོམ་པ་དང། གཏི་མུག་གི་གཉེན་པོར་རྟེན ་ཅིང་འབྲེལ་པར་འབྱུང་བ་བརྟགས་པ་ལ་སོགས་པ་ལ་གཞོལ་བའོ། །མདོར་ན་ཉོན་མོངས་དབང་དུ་གྱུར་པར་བྱ་སྟེ། བྱང་ཆུབ་ཀྱི་ཡན་ལག་ཏུ་སྒོམ་པར་བྱེད་དོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོ་འོད་སྲུངས་ཀྱི་ལེའུ་ལས་འབྱུང་བ། འོད་སྲུངས་འདི་ལྟ ་སྟེ། དཔེར་ན་སྔགས་དང་སྨན་གྱིས་ཡོངས་སུ་ཟིན་པའི་དུག་གིས་ནི་འཆི་བར་བྱེད་མི་ནུས་སོ། དེ་བཞིན་དུ་ཡེ་ཤེས་དང་ཐབས་མཁས་པས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི། ཉོན་མོངས་པའི་དུག་གིས་ཀྱང་ཡོངས་སུ་ལྟུང་བར་བྱེད་མི་ནུས་སོ། འོད་སྲུངས་འདི་ལྟ་སྟེ། དཔེར་ན་གྲོང ་ཁྱེར་ཆེན་པོའི་ལུང་གང་ཡིན་པ་དེ་ནི། བུ་རམ་ཤིང་གི་ཞིང་དག་དང། རྒུན་གྱི་ཞིང་དག་ལ་ཕན་པར་འགྱུར་བ་ཡིན་ནོ། །འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་ཉོན་མོངས་པའི་ལུང་གང་ཡིན་པ་དེ་ཡང་ཐམས་ཅད་མཁྱེན་པ་ཉིད་ལ་ཕན་པར་འགྱུར་བ་ཡིན་ནོ་ཞེས་གསུངས་པ ་ལྟ་བུ་སྟེ། བྱང་ཆུབ་སེམས་དཔའ་ནི་ཉན་ཐོས་ལྟར་ཉོན་མོངས་པ་འཕྲལ་བུ་མི་སྤོང་གི་ཤེས་རབ་དང་ཐབས་ཀྱིས་ཉོན་མོངས་པ་ཟིལ་གྱིས་མནན་ནས། ཉོན་མོངས་པ་ཡོད་པ་བཞིན་དུ་སྤྱོད་པ་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཀྱི་རྒྱུར་འགྱུར་བ་མཛད་དེ། དཔེར་ན་དུག་འཐུངས ་པས་སྨན་བཟང་པོ་འཐུངས་ན། དུག་མི་སྡང་བ་དང། སྔགས་ཀྱི་བཏབ་སྟེ། དུག་གི་མཐུ་བསད་པའི་དུག་ཟོས་ན་གནོད་པར་མི་འགྱུར་གྱི་ཕན་པར་འགྱུར་བ་དང་འདྲའོ། །ཐེག་པ་ཆེན་པོ་བསྡུས་པ་ལས་ཀྱང། ཉོན་མོངས་ཐུལ་ལ་སྤངས་པ་མེད། །སྔགས ་ཀྱི་བསད་པའི་དུག་དང་འདྲ། །སངས་རྒྱས་རྣམས་ཀྱི་ཉོན་མོངས་ལས། །ཉོན་མོངས་ཟད་པ་ཀུན་མཁྱེན་བརྙེས་ཞེས་བཤད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཨི་གནས་སྐབས་ན་ཉོན་མོངས་པ་རྣམས་ཀུན་ཏུ་སྤྱོད་པ་ནི་མ་ཡིན་གྱི། ཉན་ཐོས་ཀྱི་ཐེག་པས་ཡོངས་སུ་མྱ་ངན ་ལས་འདས་ན་མི་རུང་ངོ་སྙམ་ནས་བག་ལ་ཉལ་ལྷག་མ་འཇོག་སྟེ། དེའི་ཕྱིར་ཉོན་མོངས་པ་ཉིད་ཉོན་མོངས་པ་ཟད་པ་ཐམས་ཅད་མཁྱེན་པའི་རྒྱུར་འགྱུར་རོ། །གསུམ་པ་བདུད་ཀྱི་སྟོབས་ཀྱི་གཉེན་པོ་བསྟོད་པ་ནི། བདུད་ཀྱི་སྟོབས་རྣམས་སྟོབས་མེད་རབ་བྱེད་ཅིང་ཞེས་པ་ནི། བདུད་བཞི ་ཉོན་མོངས་པའི་བདུད་གཞོམ་པ་གོང་དུ་བཤད་པའི་ལྷག་མ། ཕུང་པོའི་བདུད་དང། འཆི་བདག་གི་བདུད་དང། ལྷའི་བུའི་བདུད་དོ། །དེ་དག་གི་སྟོབས་ནི་སྡུག་བསྔལ་མྱོང་བར་བྱེད་པ། འཁོར་བ་ལས་མི་འདའ་བ་དང། བྱང་ཆུབ་སེམས ་དཔའ་ཨི་སྤྱོད་པ་ལ་བར་ཆད་བྱེད་པའོ། །ཕུང་པོའི་བདུད་ཀྱི་སྟོབས་མེད་པར་བྱེད་པ་ནི་ཤེས་རབ་ཀྱི་ཕུང་པོ་ལ་མཁས་པར་བྱ་བའི་སྟོབས་ཀྱི་སྟོབས་མེད་པར་བྱེད་པ་སྟེ། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས། དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཕུང་པོ་ལ་མཁས ་པ་གང་ཞེ་ན། གང་འདི་ལྟར་དཔེར་བྱ་བས་བསྟན་པ་དང། ཆུའི་ཆུ་བུར་བསྟན་པ་དང། སྨིག་རྒྱུ་བསྟན་པ་དང། ཆུ་ཤིང་གི་སྡོང་བུ་བསྟན་པ་དང། སྒྱུ་མ་བསྟན་པ་དང། རྨི་ལམ་བསྟན་པ་དང། བྲག་ཆ་བསྟན་པ་དང། མིག་ཡོར་བསྟན་པ་དང། གཟུགས་བརྙན ་བསྟན་པ་དང། སྤྲུལ་པ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ནི་དབུ་བ་རྡོས་པ་ལྟ་བུ་སྟེ། དབུ་བ་རྡོས་པ་ནི་བདག་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། གསོ་བ་ཡིན། སྐྱེས་བུ་མ་ཡིན། གང་ཟག་མ་ཡིན་ནོ། །སྒྱུ་མའི་རང་བཞིན་གང་ཡིན་པ་དེ་ནི་རྣམ ་པར་ཤེས་པའི་རང་བཞིན་ཡང་དེ་ཡིན་ཏེ། གང་འདི་ལ་མཁས་པ་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའ་ཨི་ཕུང་པོ་ལ་མཁས་པ་ཞེས་བྱའོ། །ཕུང་པོ་རྣམས་ནི་རྨི་ལམ་ལྟ་བུ། མིག་ཡོར་ལྟ་བུ། གཟུགས་བརྙན་ལྟ་བུ། སྤྲུལ་པ་ལྟ་བུ་སྟེ། སྤྲུལ་པ་ལ་ཡང་བདག་མ་ཡིན ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པ་དང། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། གཟུགས་ནི་གཟུགས་ཀྱིས་སྟོང་ངོ། །ཚོར་བ་ནི་ཚོར་བས་སྟོང་ངོ། །འདུ་ཤེས་ནི་འདུ་ཤེས་ཀྱིས་སྟོང་ངོ། །འདུ་བྱེད་ནི་འདུ་བྱེད་ཀྱིས་སྟོང་ངོ། །རྣམ་པར་ཤེས་པ་ནི་རྣམ ་པར་ཤེས་པས་སྟོང་ངོ་ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་ཕུང་པོ་རྣམས་ལ་བདག་མེད་ཅིང་སྟོང་པར་རྟོགས་པས། གནོད་པ་དང་སྡུག་བསྔལ་ཐམས་ཅད་ཀྱིས་མི་ཚུགས་པས་བདུད་ཀྱི་སྟོབས་མེད་པར་བྱེད་དོ། །འཆི་བདག་གི་བདུད་ནི་འཆི་འཕོ་བའི་ཆོས་སོ། །དེའི་སྟོབས ་ནི་རང་དབང་མེད་པར་འཆི་བའོ། །འཆི་བདག་གི་བདུད་ཀྱི་སྟོབས་མེད་པར་བྱེད་པ་ནི་ཚེ་དང་སྐྱེ་བ་ལ་དབང་ཐོབ་པ་སྟེ། འཕགས་པས་བཅུ་པའི་མདོ་ལས། བསྐལ་པ་བརྗོད་དུ་མེད་པར་ཚེ་བྱིན་གྱིས་རློབས་པའི་ཕྱིར་ཚེ་ལ་དབང་རབ་ཏུ་ཐོབ་བོ། །འཇིག་རྟེན་གྱི་ཁམས་ཐམས་ཅད ་སྐྱེ་བ་ཀུན་ཏུ་སྟོན་པས་སྐྱེ་བ་ལ་དབང་ཐོབ་བོ་ཞེས་གསུངས་པ་ལྟ་བུའོ། །ལྷའི་བུའི་བདུད་ནི་བྱང་ཆུབ་སེམས་དཔའ་དགེ་བ་སྤྱོད་པ་དང། མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་ཡང་བར་ཆད་མེད་དོ། །དེའི་སྟོབས་མེད་པར་བྱེད་པ་ནི་བདུད་བསླུ་ཞིང་འོང་ཞིང་ཡང་དེ་ལྟར་རིག་ནས ་བསླུར་མི་ཚུགས་སྲན་ཐུབ་སྟེ། དགེ་བ་སྤྱོད་པ་ལས་མི་ཉམས་པ་དང། མངོན་པར་རྫོགས་པར་བྱང་ཆུབ་པའི་ཚེ་བདུད་དཔུང་དང་བཅས་ཏེ་ལྷགས་པ་ན་ཡང། དེ་བཞིན་གཤེགས་པ་བྱམས་པའི་ཏིང་ངེ་འཛིན་ལ་ཞུགས་ནས་བཏུལ་བ་སྟེ། འཕགས་པ་རྒྱ་ཆེ་རོལ་པ་དང། ་རིན་པོ་ཆེ་རྟོག་གི་མདོ་ལས་གསུངས་པ་བཞིན་ནོ། །བཟང་པོ་སྤྱོད་པའི་སྟོབས་ནི་རྫོགས་པར་བྱེད་ཅེས་བྱ་བ་ལ། བཟང་པོ་སྤྱོད་པ་ནི་གོང་དུ་བཤད་པ་བཞིན་ནོ། །དེའི་སྟོབས་ནི་དེའི་མི་མཐུན་པའི་ཕྱོགས་ལ་འབད་ཅིང་རྩོལ་བ་དང་བཅས་པ་ཟིལ་གྱིས་མནན་ནས། རང་གི ་དང་དུ་གྱུར་ཏེ། ལྷུན་གྱི་གྲུབ་པར་བྱེད་པ་ཡིན་ནོ། །རྫོགས་པར་བྱེད་པ་ནི་གོང་དུ་རྫུ་འཕྲུལ་གྱི་སྟོབས་ཞེས་པ་ནས། བྱང་ཆུབ་སྟོབས་ནི་ཡང་དག་པར་གྲུབ་པར་བྱེད་ཅེས་པའི་བར་གྱི་སྟོབས་བཅུ་དང། ལས་ཀྱི་སྟོབས་དང། ཉོན་མོངས་པའི་སྟོབས་དང། བདུད་ཀྱི་སྟོབས་གཞོན ་པའི་གཉེན་པོ་གསུམ་གྱིས་རྫོགས་པར་བྱེད་པར་གྱུར་ཅིག་པའོ།། །།ད་ནི་སྤྱི་དོན་བཅུ་བཞི་པ་ཕྲིན་ལས་སྟོན་ཏེ། ཞིང་རྣམས་རྒྱ་མཚོ་ཞེས་པ་ནས་བསྐལ་པ་རྒྱ་མཚོ་མི་སྐྱེ་སྤྱད་པར་བགྱི་ཞེས་པའི་བར་ཚིགས་བཅད་གཉིས་ཀྱིས་སྟོན་ཏེ། དེ་ཡང་དོན ་བརྒྱད་ལས། དང་པོ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ནི་ཞིང་རྣམས་རྒྱ་མཚོ་ཡོངས་སུ་དག་བྱེད་ཅིང་ཞེས་པ་ལ། ཞིང་ནི་སངས་རྒྱས་ཀྱི་ཞིང་ངོ། །རྒྱ་མཚོ་ནི་མང་བ་ལ་བྱའོ། །དེ་རྣམས་རྣམ་པར་དག་པར་བྱ་བ་ནི་བདེ་བ་ཅན་དང། པདྨ་ཅན་ལ་སོགས་པ་བཞིན། ལུ ་མཐིལ་ལྟར་མཉམ་པ། དམ་གྲོག་དང་གཡང་ས་ལ་སོགས་པ་མེད་པ། རིན་པོ་ཆེ་སྣ་ཚོགས་ཀྱི་ཤིང་མེ་ཏོག་དང་འབྲས་བུ་ཡིད་དུ་འོང་བ་དག་གིས་མཛེས་པར་བྱས་པ། མི་གཅོད་པའི་མིང་ཡང་མི་གྲག་པ། ངན་སོང་མེད་པ་ཞེས་བྱ་བ་ལ་སོགས ་པ་དང་འདྲ་བར་སངས་རྒྱས་ཀྱི་ཞིང་མང་པོ་ཡོངས་སུ་དག་པར་བྱེད་པའོ། །ཡང་ན་ཞིང་ནི་སེམས་ལ་བྱ་སྟེ། ཉོན་མོངས་པའི་ཐབ་མ་ཡིན་པ། བྱམས་པ་དང་སྙིང་རྗེའི་སེམས་ཀྱིས་བརླན་པའི་སེམས་ལས་སངས་རྒྱས་ཀྱི་མྱུ་གུ་འཁྲུངས་པས་ན་ཞིང་ངོ། །རྒྱ་མཚོ་ནི་མང་པོ ་ལ་བྱ་སྟེ། དེ་དག་རྣམ་པར་དག་པར་བྱེད་པ་ནི་ཉོན་མོངས་པ་དང། ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་བ་ཡང་མ་ལུས་པར་གཏན་ནས་འབྱིན་པའི་ལམ་སྟོན་ཅིང་སྒྲུབ་དུ་གཞུགས་པའོ། །སེམས་ཅན་རྒྱ་མཚོ་དག་ནི་རྣམ་པར་གྲོལ་ཞེས་བྱ་བ་ལ། སེམས་ཅན་ནི་འཁོར་བ་ལ ་ཆགས་པ་དང། འཁོར་བར་འབྱུང་བའི་ཕྱིར་སེམས་ཅན་ནོ། །རྒྱ་མཚོ་ནི་མང་བའོ། །རྣམ་པར་དག་པར་བྱ་བ་ནི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང། ཀུན་ནས་བརྗོད་པའི་ཆོ་འཕྲུལ་བསྟན་པས་འདུན་པར་བྱས་ལ། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་མོས་པ་ཇི་ལྟ་བ་བཞིན་དུ་མན ་ངག་བྱིན་ཏེ། སྒྲུབ་ཏུ་བཅུག་པས་ཉོན་མོངས་པའི་འཆིང་བ་དམ་པོ་གཅོད་པར་བྱེད་དོ། །ཆོས་རྣམས་རྒྱ་མཚོ་རབ་ཏུ་མཐོང་བྱེད་ཅིང་ཞེས་བྱ་བ་ལ། ཆོས་ནི་ཐོབ་པའི་ཆོས་ལ་བྱ་སྟེ། བཤད་པའི་ཆོས་རྒྱ་མཚོ་དང། རྟོགས་པའི་ཆོས་རྒྱ་མཚོ་དག་སྐད་ཅིག་རེ་རེ་ལ་ཤེས་རབ་ཀྱི ་མིག་གིས?་རབ་ཏུ་མཐོང་བར་བྱེད། རྣམ་པར་མཐོང་བར་བྱེད་ཅིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་ཐུགས་ཀྱི་རྒྱུད་མངའ་བ་ཤིན་ཏུ་རྣམ་པར་དག་ཅིང་མཐར་ཕྱིན་པ། ཐུགས་རྗེ་ཆེན་པོ་དང་སྟོབས་དང་མི་འཇིགས་པ་ལ་སོགས་པ་ལ་སོགས་པ་གྲངས་དཔག་ཏུ་མེད་པ ་རྣམས། རབ་ཏཱུམ་རྣམ་པར་མཐོང་བར་བྱེད་པ་ནི། ཤེས་རབ་ཀྱི་མིག་གིས་ཡོན་ཏན་གྱིས་ཆོས་མང་པོ་དག་ལ་མཐོང་བར་བྱེད་པའོ། །ཡེ་ཤེས་རྒྱ་མཚོ་རབ་ཏུ་རྟོགས་པར་བྱེད་ཅེས་བྱ་བ་ལ། ཡེ་ཤེས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། རྒྱ་མཚོ་ནི་ཤེས་པར་བྱ་བའི ་ཡུལ་མང་པོས་ནས་མཁྱེན་པ་ཡང་མང་བའོ། །རྟོགས་པར་བྱེད་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཤེས་བྱའི་ཡུལ་མང་པོ་མཁྱེན་པའི་ཚུལ་རྟོག་པར་བྱེད་པའོ། །སྤྱོད་པ་རྒྱ་མཚོ་རྣམ་པར་དག་བྱེད་ཅིང་ཞེས་པ་ལ། སྤྱོད་པ་ནི་བདག་དང་གཞན་ལ་ཕན་པའི་བསོད ་ནམས་དང། ཡེ་ཤེས་ཀྱི་ཚོགས་སུ་གྱུར་པ་ཕ་རོལ་ཏུ་ཕྱིན་པ་རྣམས་དང། བསྡུ་བའི་དངོས་པོ་རྣམས་དང། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་དཔག་ཏུ་མེད་པའི་མདོ་སྡེ་དག་ལས་འབྱུང་བ་དང། བཟང་པོ་སྤྱོད་པ་འདི་ཉིད་ལ་བྱའོ། །རྣམ་པར་དག་པར་བྱེད་པ་ནི་བྱང་ཆུབ་སེམས ་དཔའ་ཨི་སྤྱོད་པ་དང་མི་མཐུན་པ་ཐམས་ཅད་བསལ་ཏེ་དྲི་མ་མེད་པར་བྱེད་པའོ། །སྨོན་ལམ་རྒྱ་མཚོ་རབ་ཏུ་རྫོགས་པར་བྱེད་ཅེས་བྱ་བའོ། །སྨོན་ལམ་ནི་བདག་དང་གཞན་ལ་མཛའ་ཡུན་དུ་ཕན་པ་དང་བདེ་བར་སྨོན་པའོ། །རྒྱ་མཚོ་ནི་བདེ་ཞིང་ལེགས་པར་སྨོན་པའི་རྣམས ་གྲངས་མང་པོ་ལ་བྱའོ། །རྫོགས་པར་བྱེད་པ་ནི་ཚུལ་ཁྲིམས་རྣམ་པར་དག་པར་བྱ་བ་སྟེ། མདོ་དག་ལས་ཚུལ་ཁྲིམས་དང་ལྡན་པའི་སྨོན་ལམ་གྲུབ་བོ་ཞེས་གསུངས་པ་ལྟ་བུའོ། །ཡང་ན་སྨོན་ལམ་ལ་དབང་ཐོབ་པར་བྱེད་པ་སྟེ། འཕགས་པ་ས་བཅུ་པའི་མདོ་ལས ་སངས་རྒྱས་ཀྱི་ཞིང་གང་གང་དུས་གང་དུ་ཅི་དགའ་བ་མངོན་པར་རྫོགས་པ་བྱང་ཆུབ་པ་ཀུན་ཏུ་སྨོན་ལམ་ལ་དབང་བ་རབ་ཏུ་ཐོབ་བོ་ཞེས་གསུངས་པ་དང། བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་སྟོབས་ཅན་རྣམས་སྨོན་ལམ་ཁྱད་པར་ཅན་གྱིས་རྣམ་འཕྲུལ་ཏེ། བདག་གི་ལུས་མ ་འོད་དམ་རྫུ་འཕྲུལ་ལམ། མིག་མ། སྤྱོད་ལམ་ཡུལ་མ། དབྱངས་སམ་སྤྱོད་པ་འམ། བཀོད་པ་ལས་བྱིན་གྱིས་བརླབས་སམ། མོས་པ་འམ་མངོན་པར་འདུ་བྱེད་པ་དག་ཀྱང། བསྐལ་པ་བྱ་བ་ཁྲག་ཁྲིག་འབུམ་ཇི་སྙེད་པ་དེ་སྙེད་དུ་ཡང་བརྗོད་པར་སླ་བ་མ་ཡིན་ནོ་ཞེས་གསུངས་པ་དེ? ་རྫོགས་པར་བྱེད་པའོ། །སངས་རྒྱས་རྒྱ་མཚོ་རབ་ཏུ་མཆོད་བྱེད་ཅིང་ཞེས་པ་ནི། གོང་དུ་མཆོད་པ་བཤད་པའི་སྐབས་སུ་མཆོད་པ་མོས་པ་རྣམས་ཀྱིས། སངས་རྒྱས་ཐམས་ཅད་ལ་རྟག་ཏུ་མཆོད་པར་བྱའོ། །དེ་ཡང་མདོ་སྡེ་དག་ལས། སངས་རྒྱས་གཅིག་གི་དྲུང་ནས་ཀྱང་མ་གཡོས་ལ? ་སངས་རྒྱས་ཐམས་ཅད་ཀྱི་དྲུང་དུ་ཡང་ཕྱིན་ཏེ། མཆོད་ཅིང་རིམ་གྲོར་བྱེད་དོ་ཞེས་གསུངས་པ་ལྟ་བུའོ། །བསྐལ་པ་རྒྱ་མཚོར་མི་སྐྱོ་སྤྱད་པར་བགྱི་ཞེས་བྱ་བ་ནི་བསྐལ་བ་མང་པོ་དཔག་ཏུ་མེད་པ་ཡང། སེམས་ཅན་གྱི་དོན་དུ་སེམས་པ་ན་དམྱལ ་བར་འཇུག་ཅིང་སེམས་ཅན་དམྱལ་བར་སྡུག་བསྔལ་མྱོང་བ་ཡང་ཆོད་ཀྱིས་མི་སྐྱོ་བར་སྤྱོད་པར་གྱུར་ཅིག་པའོ།། །།ད་ནི་སྤྱོད་དོན་བཅོ་ལྔ་པ་རྗེས་སུ་སློབ་པར་ཡོངས་སུ་བསྔོ་བ་བསྟན་ཏེ། དེ་ལ་ཡང་གཉིས་ཏེ་སངས་རྒྱས་ཀྱིས་རྗེས་སུ་སློབ་པར་བསྔོ་བ་དང། བྱང ་ཆུབ་སེམས་དཔའ་ཨི་རྗེས་སུ་སློབ་པར་བསྔོ་བའོ། །དེ་ལ་དད་པ་ནི། གང་ཡང་དུས་གསུམ་གཤེགས་པ་རྒྱལ་བ་ཡི་ཞེས་པ་ནས། དེ་དག་མ་ལུས་བ་དག་གིས་རྫོགས་པར་བགྱི། ཞེས་པའི་བར་གྱིས་ཏེ། དུས་གསུམ་གཤེགས་པའི་རྒྱལ་བ་རྣམས་ཀྱིས་བླ་ན་མེད་པའི ་སྤྱོད་པ་དང། སྨོན་ལམ་གྱི་བྱང་བ་གང་ཡིན་པ་དེ་དག་ཐམས་ཅད་མ་ལུས་པར། བདག་གིས་བཟོད་པོ་སྤྱོད་པ་རྫོགས་པར་བྱས་ལ། བླ་ན་མེད་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག་པའོ། །གཉིས་པ་བྱང་ཆུབ་སེམས་དཔའ་ཨི་རྗེས་སུ་སློབ ་པར་ཡོངས་སུ་བསྔོ་བ་ནི་གཉིས་ལས། དང་པོ་འཕགས་པ་ཀུན་ཏུ་བཟང་པོའི་རྗེས་སུ་སློབ་པར་བསྔོ་བ་ནི། རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་བ་ཞེས་པ་ལ་སོགས་ཏེ། རྒྱལ་བ་དང་སྲས་ཀྱི་དོན་ནི་དུས་གསུམ་གོང་དུ་བཤད་པ་བཞིན་ནོ། །ཐུ་བ་ནི་སེམས་བསྐྱེད་པས་སྔ་བ་དང། ་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་ཇི་སྙེད་པ་ཡོངས་སུ་རྫོགས་ཤིང་རྣམ་པར་དག་པའོ། །དེ་གང་ཞེ་ན། གང་གིས་མིང་ནི་ཀུན་ཏུ་བཟང་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཉིད་ལ་བྱའོ། །མཁས་པ་དེ་དང་མཚུངས་པར་སྤྱད་པའི་ཕྱིར། དགེ་བ་འདི་དག ་ཐམས་ཅད་རབ་ཏུ་བསྔོ་ཞེས་པ་ནི། འཕགས་པ་ཀུན་ཏུ་བཟང་བོ་བདག་དང། གཞན་གྱི་དོན་ཕུན་སུམ་ཚོགས་པར་མཛད་པ་ལ་མཁས་པ་དེ་དང་མཚུངས་པར་སྤྱད་པའི་ཕྱིར། བདག་ལ་དགེ་བ་ཅི་ཡོད་པ་ཐམས་ཅད་དེའི་རྗེས་སུ་བསྔོ་བར་བྱའོ། །ལུས་དང་ངག་དང ་ཡིད་ཀྱང་རྣམ་དག་ཅིང་ཞེས་པ་ལ། ལུས་རྣམ་པར་དག་པ་ནི་ལུས་ཇི་ལྟ་བུས་འདུལ་པའི་སྐྱེ་བ་རྣམས་དང་འཚམ་པར་ལུས་སྣ་ཚོགས་དེ་ལྟ་བུར། ཅིག་ཅར་སྟོན་པ་དང། ལུས་གཅིག་གི་སངས་རྒྱས་ཀྱི་ཞིང་ཐམས་ཅད་འགེངས་པ་ལ་སོགས་པའོ། །དག་རྣམ་པར ་དག་པ་ནི་སྒྲ་སྐད་ཅིག་ལས་སྒྲ་སྐད་ཐམས་ཅད་འབྱུང་བ་དང་སྐད་ཅིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཛའ་ཡས་པར་གོ་བར་བྱེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །ཡིད་རྣམ་པར་དག་པ་སྐད་ཅིག་གཅིག་ལ་སྤྱོད་པ། རླབས་པོ་ཆེ་ཐམས་ཅད་མངོན་སུམ ་དུ་བྱེད་པ་དང། ཕྱོགས་དང་དུས་ཐམས་ཅད་དུ་གཤེགས་པའི་སངས་རྒྱས་ཐམས་ཅད་མངོན་སུམ་དུ་བྱེད་པ་དང། ཏིང་ངེ་འཛིན་མང་པོ་མངོན་སུམ་དུ་བྱེད་ནུས་པ་ལ་སོགས་པ་དང་ལྡན་པའོ། །སྤྱོད་པ་རྣམ་དག་ཞིང་རྣམས་ཡོངས་སུ་དག་པར་ཞེས་པ་ལ། སྤྱོད་པ་རྣམ་པར་དག ་པ་ནི་ཕ་རོལ་ཏུ་ཕྱིན་པ་དང། ས་ལ་སོགས་པ་ཡོངས་སུ་རྫོགས་ཤིང་ཡོངས་སུ་དག་པའི་ཞིང་རྣམ་པར་དག་པ་ནི་སྣོད་དང་བཅུད་ཐ་གྲུ་ཆེ་ལ་ཞིང་མཉམ་ཞིང་ཉམས་དགའ་བའི་ཡོན་ཏན་མང་པོ་དག་དང་ལྡན་པའོ། །བསྔོ་བ་དང་པོས་ནི། བསྔོ་བ་བཟང་པོ་མཁས་པ་ཅི་འདྲ་བ ་དེ་འདྲ་བ་བདག་ཀྱང་དེ་དང་མཚུངས་པ་ཤོག་ཅེས་པའི་དོན་ནི་ལུས་དང་ངག་དང་ཡིད་དང་སྤྱོད་པ་དང་ཞིང་རྣམ་པར་དག་པ་དེ་ལྟ་བུ་ཐོབ་པར་བྱ་བ་དང། སྐུ་གསུང་ཐུགས་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་དང་ལྡན་པ་ཐོབ་པར་བྱ ་བའི་ཕྱིར་དགེ་བ་ཐམས་ཅད་ཡོངས་སུ་བསྔོ་བ་སྟེ། འཕགས་པ་ཀུན་ཏུ་བཟང་པོའི་སྐུ་དང་གསུང་དང་ཐུགས་དང་སྤྱོད་པ་དང། ཞིང་ཡོངས་སུ་དག་པ་ཡ་མཚན་ཆེ་ཞིང་སྤྱོད་པ་རྨད་དུ་བྱུང་བ་དང་ལྡན་པ་དང། བསྔོ་བ་རྒྱ་ཆེན་པོ་ཅི་འདྲ་བ་དང། བདག་གིས་ལུས་དང་རེག་དང་ཡིད ་དང་སྤྱོད་པ་དང་ཞིང་རྣམ་པར་དག་པ་དང། བསྔོ་བ་ཡང་དེ་དང་འདྲ་བར་གྱུར་ཅིག་པའོ། །གཉིས་པ་འཕགས་པ་འཇམ་དཔལ་གྱིས་རྗེས་སུ་སློབ་པར་བསྔོ་བ་ནི། ཀུན་ནས་དགེ་བ་བཟང་པོ་སྤྱོད་པའི་ཕྱིར། །འཇམ་དཔལ་གྱིས་ནི་སྨོན་ལམ་སྤྱད་པར་བགྱི། ཞེས་པ་ལ། ཀུན་ན ་དགེ་བའི་དུས་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པའོ། །བཟང་པོ་སྤྱོད་པ་ནི་གོང་དུ་བཤད་པ་དང་འདྲའོ། །འཇམ་དཔལ་ནི་གཞོན་ནུའི་སྐུར་སྟོན་པས་གཞོན་ཤ་ཆགས་ཏེ་སྐུ་འཇམ་པ་དང། ཡུན་རིང་པོ་ནས་ཞེ་སྡང་སྤངས་པས་ཐུགས་ཀྱི་རྒྱུད་མཉེན ་ཞིང་ཡིད་དུ་འོང་བའོ། །དཔལ་ནི་ཀུན་གྱིས་བསྟེན་ཞིང་བསྙེན་པའི་འོས་སུ་གྱུར་པ་དང། དེ་བསྟེན་པ་རྣམས་ཀྱིས་ཀྱང་མཐོ་རིས་དང་ཐར་བའི་དགེ་བ་འཕེལ་བར་འགྱུར་པའོ། །དེའི་སྨོན་ལམ་ནི་འཕགས་པ་འཇམ་དཔལ་སྔོན་གྱི་རྒྱལ་པོ་ནམ་མཁའ་ཞེས་བྱ་བར་གྱུར་བས ་འདི་སྐད་དུ་འཁོར་བའི་མཛའ་ཇི་ཙམ་པ་དེ་སྲིད་དུ་སེམས་ཅན་ལ་ཕན་པར་སྤྱད་པར་བྱའོ། །ཞེས་སྨོན་ལམ་རྒྱ་ཆེར་བཏབ་པ་སྟེ། ཕྱི་མའི་མུའི་བར་དུ་སེམས་ཅན་མ་ལུས་པ་ལ་ཕན་པ་དང། བདེ་བར་བྱ་བ་སྣ་ཚོགས་ཀྱི་མཐོ་རིས་དང་ཐར་པ་ཐོབ་པར་འགྱུར་བའི་དོན ་སྤྱོད་པར་གྱུར་ཅིག་པའོ། །མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར། །དེ་ཡི་བྱ་བ་མ་ལུས་རྫོགས་པར་བགྱི་ཞེས་བྱ་བ་ནི་མ་འོངས་བའི་བསྐལ་པ་མ་ལུས་པ་ཐམས་ཅད་དུ་སྐྱོ་བ་མེད་ཅིང། གཞན་དུ་མི་སེམས་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི ་ཕྲིན་ལས་དེ་དག་རྫོགས་ཤིང་བསྒྲུབ་པར་བགྱིའོ་ཞེས་བའོ།། །།ད་ནི་སྤྱི་དོན་བཅུ་དྲུག་པ་འཇུག་བསྡུ་བ་བསྟན་བ་ནི་སྤྱོད་པ་དག་ནི་ཚད་ཡོད་མ་གྱུར་ཅིག་།ཅེས་བྱ་བ་ལ་སོགས་ཤལོ་ཀ་གཅིག་སྟེ། དེའི་སྤྱོད་པ་དང་ཡོན་ཏན་དང། སྤྱོད་པ་ཚད་མེད ་པ་ལ་གནས་པའི་ཁྱད་པར་གྱིས་བསྡུས་ཏེ། སྤྱོད་བ་རླབས་པོ་ཆེ་དཔག་ཏུ་མེད་པ་དང། ཡོན་ཏན་གྱི་ཁྱད་པར་དཔག་ཏུ་མེད་པར་གྱུར་ཅིག་།སྤྱོད་པ་དང་ཡོན་ཏན་ཚད་མེད་པ་དེ་དག་ལ་གནས་ནས་ཀྱང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་རྣམ་པར་སྤྲུལ ་པ་ངོ་མཚར་རྨད་དུ་བྱུང་བ་ཐམས་ཅད་ཤེས་པར་གྱུར་ཅིག་པའོ།། །།ད་ནི་བཟོད་པ་སྤྱོད་པ་སྤྱི་དོན་བཅུ་ཡོད་པ་ལས། དགུ་པ་སྨོན་ལམ་གྱི་མཛའ་བསྟན་པ་ནི། ནམ་མཁའ་ཨི་མཐས་བཏུགས་གྱུར་བ་ཇི་ཙམ་བར། །སེམས་ཅན་མ་ལུས་མཛའ་ཡང་དེ་བཞིན ་ཏེ། །ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཛའ་ཡས་དེ་ཙམ་མོ་ཞེས་པ་སྟེ་ནམ་མཁའ་ཨི་མཛའ་ལ་ནི་ཐུག་པ་མེད་ཅིང་བསམ་གྱིས་མི་ཁྱབ་པའོ། །སེམས་ཅན་གྱི་ཁམས་དང། དཔག་ཏུ་མེད་དེ། འཕགས་པ་དེ་བཞིན་གཤེགས་པའི་ཐུགས་རྗེ་བསྟན་པའི་མདོ་ལས ་ཤིང་རྟའི་འཕང་ལོ་ཙམ་གྱི་ཕྱོགས་ན་སྣང་བར་མ་གྱུར་པའི་སེམས་ཅན་གང་དག་དེ་བཞིན་གཤེགས་པ་སྣང་བར་གྱུར་བ་དེ་དག་ནི་ཆེས་མང་གི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ལྷ་དང་མི་རྣམས་ནི་དེ་ལྟར་མ་ཡིན་ཏེ། དེ་ལྟར་སྣང་བར་མ་གྱུར་པའི་སེམས ་ཅན་ནི་ཚད་མེད་དོ་ཞེས་གསུངས་པ་ལྟ་བུའོ། །སེམས་ཅན་རྣམས་ཀྱི་ལས་དང་ཉོན་མོངས་པ་དང་ལྡན་པ་ཡིན་པས། སེམས་ཅན་གྱི་མཛའ་ཇི་ཙམ་པར་སེམས་ཅན་རྣམས་ཀྱི་ལས་དགེ་བ་དང། མི་དགེ་བའི་འཁོར་བའི་རྐྱེན་དུ་གྱུར་པ་དང། འདོད་ཆགས་ལ་སོགས་པའི་ཉོན་མོངས ་པའི་རྒྱུར་གྱུར་པ་ཀུན་ནས་ཉོན་མོངས་པའི་ཕྱོགས་སུ་གྱུར་པ་ཡང་དེ་ཙམ་སྟེ། མི་མཐུན་པའི་ཕྱོགས་དེ་དག་གཉེན་པོར་འཕགས་པའི་ལམ་གྱིས་བསྲངས་པའི་ཕྱིར་ལས་དང་ཉོན་མོངས་པའི་མཛའ་ཇི་ཙམ་བར། བདག་གི་སེམས་ཅན་གྱི་དོན་བྱ་བ་སྨོན་ལམ་གྱི་མཛའ་ཡང ་དེ་ཙམ་པར་གྱུར་ཅིག་པའོ།། །།ད་ནི་སྤྱི་དོན་བཅུ་པ་སྨོན་ལམ་གྱི་ཕན་ཡོན་བསྟན་ཏོ། །དེ་ལ་ཡང་གཉིས་ཏེ་ཚེ་འདི་དང། ཚེ་ཕྱི་མའི་ཕན་ཡོན་ནོ། །ཚེ་འདིའི་ཕན་ཡོན་ལ་བཞི་སྟེ། བསོད་ནམས་ཁྱད་པར་དུ་འཕགས་པ་ཡོངས་སུ་སྡུད་པ་དང། དེ་བཞིན་གཤེགས་པ་མཐོང་བ ་དང། བྱང་ཆུབ་སེམས་དཔའ་བསྐལ་བ་མཉམ་པར་ཐོབ་པ་དང། ལས་ཀྱི་སྒྲིབ་པ་ཡོངས་སུ་བྱང་བར་སྨོན་པའོ། །དེ་ལ་དང་པོ་ལ་མང་བ་དང། རྒྱ་ཆེ་བ་དང། སྣ་ཚོགས་པ་དང། ཕན་པར་བྱེད་པའི་དངོས་པོ་དང། ཞིང་ཁྱད་པར་དུ་འཕགས་པའི་བསོད་ནམས་བརྗོད་པ་དེ་བས་བྱང ་ཆུབ་དོན་དུ་གཉེར་བས་སྨོན་ལམ་ལ་མོས་པ་དང་ལྡན་པའི་བསོད་ནམས་མཆོག་ཏུ་འཕགས་པ་ཡོངས་སུ་སྡུད་པ་ནི། གང་ཡང་ཕྱོགས་བཅུའི་ཞིང་རྣམས་མཛའ་ཡས་པ། །རིན་ཆེན་རྒྱན་དེ་རྒྱལ་བ་རྣམས་ལ་ཕུལ། །ལྷ་དང་མི་ཡི་བདེ་བ་མཆོག་རྣམས་ཀྱང། །ཞིང་བའི་རྡུལ ་སྙེད་བསྐལ་བར་ཕུལ་བ་བས། །གང་གིས་བསྔོ་བའི་རྒྱལ་པོ་འདི་ཐོས་ནས། །བྱང་ཆུབ་མཆོག་གི་རྗེས་སུ་རབ་མོས་ཤིང། །ལན་ཅིག་ཙམ་ཡང་དད་པ་སྐྱེས་པ་ནི། བསོད་ནམས་དམ་པའི་ཕྱོགས་འདི་འགྱུར་རོ། ཞེས་བྱ་བ་ཡིན་ཏེ། དེ་ལ་ཕྱོགས ་བཅུའི་ཞིང་རྣམས་ཞེས་པ་ནི་མང་བ་ལ་བྱའོ། །མཛའ་ཡས་ཞེས་པ་ནི་རྒྱ་ཆེ་བ་ལ་བྱའོ། །རིན་ཆེན་རྒྱན་ཏེ་ཞེས་བ་ནི་སྣ་ཚོགས་པ་སྟེ། རིན་པོ་ཆེ་སྣ་ཚོགས་ཀྱི་ཞིང་དེ་མཛེས་པར་བྱས་པའོ། །ལྷ་དང་མིའི་བདེ་བའི་མཆོག་རྣམས་ཞེས་པ་ནི་ཕན་བར་བྱེད་པའི་དངོས ་པོ་སྟེ། ལྷ་དང་མིའི་ཡུལ་ན་ཡོད་པའི་མཆོད་བའི་ཡོ་བྱད་དང་སྤྱད་པའི་ཡོ་བྱད་མཆོག་རྣམས་སོ། །རྒྱལ་བ་རྣམས་ལ་ཕུལ་ཞེས་པ་ནི་ཞིང་ཁྱད་པར་དུ་འཕགས་པ་སྟེ། བསོད་ནམས་ཀྱི་ཞིང་གི་མཆོག་སངས་རྒྱས་བཅོམ་ལྡན་འདས་དང་བཅས་པ་ལ་ཕྱོགས་བཅུའི ་ཞིང་མཛའ་ཡས་པ་རིན་པོ་ཆེ་སྣ་ཚོགས་པས་བརྒྱན་བ་དང། ལྷ་དང་མིའི་བདེ་བ་ཡོ་བྱད་མཆོད་པ་རྣམས། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཕྲ་རབ་སྙེད་ཀྱི་བསྐལ་པར་ཕུལ་བའི་བསོད་ནམས་ནི་དེ་ཙམ་དུ་མི་ཆེ་སྟེ། བསོད་ནམས་དེ་ཡང་ཟག་པ་དང་བཅས་པ་ཡིན་ལ། བླ་ན་མེད ་པའི་བྱང་ཆུབ་དུ་མ་བསྔོས་ན། རྣམ་པར་སྨིན་པ་མྱོང་ནས་ཟད་པར་འགྱུར་བའི་ཕྱིར་རོ། །བསྔོ་བའི་རྒྱལ་པོ་ནི་བསྔོ་བ་ཐམས་ཅད་ཀྱི་མཆོག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱེད་པ་སྟེ། གང་གིས་འདི་ཐོས་ནས་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ལས་ཁྱད་པར ་དུ་འཕགས་པའི་བྱང་ཆུབ་མཆོག་རྣམ་པ་ཐམས་ཅད་མཁྱེན་བའི་ཡེ་ཤེས་ཐོབ་པར་སྨོན་ལམ་འདེབས་ཤིང་སྔོ་བའི་རྒྱལ་པོ་འདི་ཁོ་ན་བཞིན་དུ་གྱུར་པ་ཡིན་ནོ་ཞེས་ཡིད་ཆེས་ཏེ། ལན་ཅིག་ཙམ་མོས་པ་བསྐྱེད་དེ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའ་གང་ཟག་དེའི་བསོད་ནམས ་པས་ཆེས་མཆོག་ཏུ་གྱུར་ཏེ་བྱང་ཆུབ་ཐོབ་ཀྱི་བར་དུ་ཟད་པར་མི་འགྱུར་རོ།། །།གཉིས་པ་ངན་སོང་དང་མི་དགེ་བའི་གྲོགས་པོ་སྤངས་པ་དེ་བཞིན་གཤེགས་པ་མཐོང་བ་ནི། གང་གིས་བཟང་སྤྱོད་སྨོན་ལམ་འདི་བཏབ་པ། དེས་ནི་ངན་སོང་ཐམས་ཅད་སྤངས་པར་འགྱུར། །དེས་ནི ་གྲོགས་པོ་ངན་པ་སྤངས་པ་ཡིན། །སྣང་བ་མཛའ་ཡས་དེ་ཡང་དེར་མྱུར་མཐོང་ཞེས་པ་ལ། །གང་ཞིག་བཟང་པོ་སྤྱོད་པའི་སྨོན་ལམ་འམ། ཀུན་ཏུ་བཟང་པོའི་སྨོན་ལམ་འདིས་དོན་དང་ཚིགས་གིས་རྟག་ཏུ་སྨོན་ལམ་དུ་འདེབས་ན་དེས་ནི་ངན་སོང་གསུམ་དུ་སྐྱེ་བར་མི་འགྱུར་ཞིང་གྲོགས་པོ་ངན ་པ་ཉན་ཐོས་ཀྱི་ཐེག་པ་དང། རང་སངས་རྒྱས་ཀྱི་ཐེག་པ་དང། འཇིག་རྟེན་རྒྱང་བན་པ་དང། ཆོས་ཀྱིས་སྡུད་པ་དང་མི་མཐུན་པ་ཟང་ཟིང་གིས་སྡུད་པར་བྱེད་པ་དང། ལོག་པར་སྤྱོད་པ་ཐམས་ཅད་དུ་སྤངས་ཏེ་མི་འགྲོགས་པའོ། །དེས་འཆི་ཀར་ཡང་དེ་བཞིན་གཤེགས་པ་དེ་སྣང་བ་མཛའ་ ་ཡས་སམ་འོད་དཔག་ཏུ་མེད་པ་མཐོང་བར་འགྱུར་རོ། །དེ་ལ་འོད་དཔག་མེད་ཅེས་བྱ་བ་ནི། བདེ་བ་ཅན་གྱི་བཀོད་པའི་མདོ་ལས། ཤཱ་རིའི་བུ་དེ་བཞིན་གཤེགས་པ་འོད་དཔག་མེད་དེའི་འོད་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་དེ། དེའི་ཕྱིར་དེ་བཞིན་གཤེགས་པའི་འོད་དཔག ་མེད་ཅེས་བྱའོ་ཞེས་བྱ་བ་ལ་སོགས་པ་འོད་དཔག་མེད་ཀྱི་བཀོད་པའི་མདོ་ལས་རྒྱ་ཆེར་གསུངས་སོ། །གསུམ་པ་བསྔགས་པ་རྙེད་པའི་བྱང་ཆུབ་སེམས་དཔའ་ཨི་སྐལ་བ་དང་མཉན་པ་ཐོབ་པ་ནི། དེ་དག་རྙེད་པ་དེ་བར་འཚོ། །མི་ཚེ་འདི་ཡང་དེ་དག་ལེགས་པར་འོངས་ཞེས་བྱ ་བ་སྟེ་དེ་དག་ཞེས་པ་ནི་སུ་དག་བཟང་པོར་སྤྱོད་པའི་སྨོན་ལམ་འདེབས་པའི་གང་ཟག་གང་ཡང་རུང་བའོ། །རྙེད་པ་ཞེས་པ་ནི་སྨོན་ལམ་བླ་ན་མེད་པ་རྙེད་པའོ། །བདེ་བར་འཚོ་འམ་རབ་བརྙེད་དམ་ལེགས་པར་རྙེད་ཞེས་བྱ་བ་ནི། དེ་དག་གིས་ཤིན་ཏུ་རྙེད་པའོ། །བདེ་བར་འཚོ་ཞེས་པ་ནི ་ལེགས་པར་འཚོ་ཞེས་པའི་སྨོན་ལམ་རྙེད་པའི་ཕྱིར། བདེ་བར་འཚོ་བ་དེ་ཉིད་ཀྱི་ཕྱིར་དེའི་ཡོན་ཏན་གྱིས་མིར་སྐྱེ་བའི་དོན་ཡོད་པའི་ཕྱིར་རོ། །སྨོན་ལམ་འདི་རྙེད་ཅིག་བསྒྲུབས་པའི་མཐུ་འཕགས་པ་ཀུན་ཏུ་བཟང་པོ་དེ་ཡང་ཅི་འདྲ་བ་དེ་དང་འདྲ་བར། དེ་དག་གི་རིང་པོར་མི་ཐོགས་པར ་དེ་བཞིན་དུ་འགྱུར་རོ། །བཞི་པ་ལས་ཀྱི་སྒྲིབས་པ་ཡོངས་སུ་འབྱང་བར་འགྱུར་བ་ནི། མཚམས་མེད་ལྔ་པོ་དག་གི་སྒྲིབ་པ་རྣམས། །གང་གིས་མི་ཤེས་དབང་གིས་བྱས་པ་དག། དེ་ཡིས་བཟང་པོ་སྤྱོད་པ་འདི་བརྗོད་ན། །མྱུར་དུ་མ་ལུས་ཡོངས་སུ་བྱང་བར་འགྱུར་ཞེས་བྱ་བ་ལ། མཚམས་མེད ་པ་ལྔ་ནི་ཕ་བསད་པ་དང། མ་བསད་པ་དང། དགྲ་བཅོམ་པ་བསད་པ་དང། དགེ་འདུན་གྱི་དབྱེན་བྱས་པ་དང། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའོ། །དེ་ལ་མཚམས་མེད་པ་ལྔ་ཞེས་བྱ་བ་ནི། ལུས་འདི་ལས་སྣ་འགའ་ཞིག་བྱས ་པས། གཞན་གྱིས་བར་མི་ཆོད་པ་ལས་དེ་ཉིད་ཀྱི་འབྲས་བུ་ཐོག་མ་སྨིན་པར་འགྱུར་བས་མཚམས་མེད་པ་ཞེས་བྱའོ། །གང་གིས་མ་ཤེས་དབང་གིས་བྱས་པ་དག། ཞེས་པ་ནི་དགེ་སྡིག་གིས་ལས་རྒྱུ་འབྲས་མི་ཤེས་པའི་དབང་གིས་བྱས་པའོ། །འདོད་ཆགས་ཞེ་སྡང ་ཡང་མི་ཤེས་པའི་རྒྱུ་ལས་འབྱུང་བའི་ཕྱིར་རོ། །དེ་དག་གིས་བྱས་པ་ཡང་མི་ཤེས་པའི་དབང་གིས་བྱས་པ་ཞེས་བྱའོ། །དེ་ལྟ་བུ་ལས་མི་ཟད་པ་བྱས་པ་དེས། བཟང་པོ་སྤྱོད་པའི་སྨོན་ལམ་འདི་ལ་ཡིད་ཆེས་པས་དད་པའི་ཚུལ་སེམས་བརླན་པར་བྱས་ནས། ཡིད ་ཆེས་པར་བྱས་ལ་འདི་བརྗོད་པ་དང་ཀླག་པ་དང། ལུང་འབོག་པ་དང། འཆད་པ་དང། སེམས་དཔའ་དང། བསྒྲུབ་པར་བྱས་ན། བྱང་ཆུབ་ཀྱི་སེམས་དང་ལྡན་ཞིང་བྱང་ཆུབ་ཀྱི་སྤྱོད་པ་ལ་ཆུགས་ཏེ། དེའི་གཉེན་པོར་བསྙན་པའི་ཕྱིར་དེ་དག་མ་ལུས་ཡོངས་སུ་བྱང་བར ་འགྱུར། སྡིག་པ་དེ་དག་མྱུར་དུ་འབྱུང་བར་འགྱུར་རོ། །དོན་གཉིས་པ་ཚེ་ཕྱི་མའི་ཕན་ཡོན་ལ་གཉིས་ཏེ། རྒྱུ་རུ་བསྡུས་པ་དང། འབྲས་བུར་བསྡུས་པའོ། །དེ་ལ་རྒྱུད་བསྡུས་པ་ནི། ཡེ་ཤེས་དང། གཟུགས་དང། མཚན་དང། དཔེ་བྱད་བཟང་པོ་དང། རིགས་དང། ཁ་དོག ་དང། གནོད་པ་མེད་པའི་ལུས་ཀྱི་མཚན་ཉིད་དོ། དེ་ཡང་ཡེ་ཤེས་དང་ནི་གཟུགས་དག་མཚན་རྣམས་དང། །རིགས་དང་ཁ་དོག་རྣམས་དང་ལྡན་པར་འགྱུར། །འདུད་དང་མུ་སྟེགས་མང་པོས་དེ་མི་ཐུབ། །འཇིག་རྟེན་གསུམ་པོས་ཀུན་ནས་མཆོད་པར་འགྱུར། ཞེས་བྱ་བ ་ཡིན་ཏེ། དེ་ལ་ཡེ་ཤེས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །གཟུགས་ནི་མཛེས་ཤིང་ཡིད་དུ་འོང་བའོ། །མཚན་ནི་དབུ་གཙུག་ཏོར་དང་ལྡན་པ་ལ་སོགས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་སོ། །མཚན་གྱི་འཁོར་ནི་དཔེ་བྱད་ཡིན་པ་སེན་མོ་ཟངས་ཀྱི་མདོག་ལྟ ་བུ་ལ་སོགས་དཔེ་བྱེད་བརྒྱད་ཅུ་ཡང་ལྡན་པར་རིག་པར་བྱའོ། །རིགས་ནི་རིགས་ཀྱི་མཆོག་ལ་བྱ་སྟེ། རྒྱལ་རིགས་དང་བྲམ་ཟེའི་རིགས་ལ་བྱའོ། །ཁ་དོག་ནི་རུས་ལ་སྟེ། རུས་བྱེ་ཞིང་བཙུན་པའོ། །ལྡན་པ་ནི་གོང་མ་ཀུན་ལ་ཡང་སྦྱར་ཏེ། ཡེ་ཤེས་དང་ལྡན། གཟུགས་དང་ལྡན ་མཚན་དང་ལྡན། རིགས་དང་ལྡན། རུས་དང་ལྡན་པར་གྲུབ་པའོ། །བདུད་ནི་དགེ་བའི་ཕྱོགས་ཀྱི་བར་ཆད་བྱེད་པའོ། །མུ་སྟེགས་ནི་དཔེར་ན་ཆུའི་རྫིང་བུ་འམ། མཚའུར་འཇུག་པའི་མུར། ཐེམ་སྐས་སུ་བྱས་པའམ། རང་རྒྱལ་བའི་རབ་ཀ་བདེ་བ་ལ་མུ་སྟེགས་ཞེས་བྱའོ། ། ་དེ་བཞིན་དུ་མྱ་ངན་ལས་འདས་པའི་མཚོར་འཇུག་པའི་མུ་སྟེགས་ཏེ། འཁོར་བའི་ཆུ་བོ་ལས་རྒལ་བའི་བར་གྱི་ལམ་གྱི་རབ་ཀ་ལ་ཡང་མུ་སྟེགས་ཞེས་བྱ་སྟེ། གང་སུ་དག་ལ་ལམ་དེ་ཡོད་ཅིང་སྤྱོད་པ་དེ་དག་མུ་སྟེགས་ཞེས་བྱའོ། །སངས་རྒྱས་པ་ཐམས་ཅད ་ཐར་པར་འདོད་ཅིང་སོ་སོའི་ལྟ་བ་ལ་ཐར་པའི་ལམ་འབྱུང་ལ། ཐར་པའི་ལམ་ཡིན་སྙམ་དུ་འཛིན་ཅིང་སྤྱོད་ཅོག་ལ་ཡང་མུ་སྟེགས་ཅན་ཞེས་བྱ་མོད་ཀྱི། སངས་རྒྱས་པའི་ཐར་པའི་ལམ་ནི་བདག་མེད་པ་རྣམས་གཉིས་རྟོགས་པ་ཟག་པ་མེད་པ་ཡིན་པས་ཐར་པར་འགྱུར་རོ།། ་འདི་ལ་ཕྱི་རོལ་པ་རྣམས་ཀྱི་ལམ་ནི་བདག་ཏུ་ལྟ་བ་དང་ལྡན་པ་ཉོན་མོངས་པ་དང་ཟག་བཅས་ཡིན་པས་ཐར་པར་མི་འགྱུར་རོ། །སྐབས་འདིར་མུ་སྟེགས་ཞེས་བྱ་བ་སངས་རྒྱས་པ་ལ་མ་གཏོགས་པ་མུ་སྟེགས་ཅན་གཞན་ལ་བྱ་སྟེ། བདུད་ཀྱི་ཚོགས་དང་མུ་སྟེགས་ཀྱི་ཚོགས་མང ་པོ་དེ་མི་ཐུབ་སྟེ། དེའི་ཡུལ་ལ་གནོད་པར་བྱ་བར་མི་ནུས་སོ། །བཟང་པོ་སྤྱོད་པའི་ལམ་གྲུབ་པ་ནི་ཡོན་ཏན་འདི་ལྟ་བུ་དག་དང་ལྡན་པར་འགྱུར་ལ། དེར་ཡང་མ་ཟད་དེ་དེ་ནི་ཁམས་གསུམ་ཐམས་ཅད་ན་མཆོག་ཏུ་ཕྱིན་པར་གྱུར་པ་ཡིན་པས་འཇིག་རྟེན་གསུམ་པོ་ཀུན་ནས་ལྷ ་དང་མི་རྣམས་ཀྱིས་མཆོད་པར་འགྱུར་རོ། །གཉིས་པ་འབྲས་བུས་བསྡུས་པ་ནི་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང། སེངྒེའི་ཁྲི་ལ་བཞུགས་པར་བསྟན་པ་དང། བདུད་འཕམ་པར་བྱེད་པ་དང། མངོན་པར་རྫོགས་པར་འཚང་རྒྱ་བ་དང། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི ་མཚན་ཉིད་དེ། བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་འགྲོ་།སོང་ནས་སེམས་ཅན་ཕན་ཕྱིར་དེར་འདུག་སྟེ། བྱང་ཆུབ་འཚང་རྒྱ་འཁོར་ལོ་རབ་ཏུ་བསྐོར། །བདུད་རྣམས་སྡེ་དང་བཅས་པ་ཐམས་ཅད་བཏུལ་ཞེས་བྱ་བ་ཡིན་ཏེ། སུ་ཞིག་བཟང་པོར་སྤྱོད་པའི ་སྨོན་ལམ་འདི་འཆད་པ་དང། ཀློག་པ་དང་སྒྲུབ་པའི་བསོད་ནམས་དང་ཡེ་ཤེས་ཀྱི་འབྲས་བུ་ནི་འདི་ཡིན་ཏེ། ཤིང་གི་རྒྱལ་པོ་བྱང་ཆུབ་ཀྱི་ཤིང་དྲུང་དུ་མྱུར་དུ་འགྲོ་བ་དང། དེར་སོང་ནས་ཀྱང་སེམས་ཅན་ལ་ཕན་པའི་དོན་དུ་འཚང་རྒྱ་བའི་ཕྱིར་སེང་གེའི་ཁྲི་ལ་འདུག་པ ་དང། བླ་ན་མེད་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང། བདུད་དང་བགེགས་ཀྱི་མི་ཚུགས་པར་བྱ་བའི་ཕྱིར་བདུད་སྡེ་དང་དཔུང་དུ་བཅས་པ་ཐམས་ཅད་བཏུལ་བ་སྟེ། དེ་དག་གི་དོན་ནི་གོང་དུ་བཤད་པ་དང་འདྲའོ། །མདོར་ན་འཇིག་རྟེན ་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་མ་ལུས་པ་ཐོབ་པའི་ཕན་ཡོན་ནོ། །གང་ཡང་བཟང་པོར་སྤྱོད་པའི་སྨོན་ལམ་འདི་ཞེས་བྱ་བ་ལ་སོགས་པའོ། །འཆང་བ་དང་ནི་ཞེས་པ་ནི། ཚིག་དང་དོན་མ་ལུས་པར་མི་བརྗེད་པར་འཛིན་ཅིང་འཆད་པའོ། །སྟོན་ཏེ་ཀློག་པའི་ཞེས ་པ་ནི་བརྡ་ཕྲད་པར་ཟད་དོ། །དེ་ཡི་རྣམ་པར་སྨིན་པ་སངས་རྒྱས་མཁྱེན་ཞེས་བྱ་བ་ལ། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་གཞན་གྱིས་མི་ཤེས་སོ་ཞེས་བྱ་བའི་ཐ་ཚིག་གོ་།རྣམ་པར་སྨིན་པ་ཞེས་པ་ནི་འཛིན་པ་དང་སྟོན་པ་དང་ཀློག་པའི་འབྲས་བུ་ལྷ་དང་མིའི་ནང་དུ་རུས ་རང་རིགས་དང། མདངས་བྱེད་དང། ཉམ་རྩལ་དང་ལོངས་སྤྱོད་དང། ནད་མེད་པ་དང་ཡིད་གཞུངས་པ་དང། ཡིད་རྣོ་བ་དང། སྙིང་རྗེ་ཆེ་བ་དང། གཏོང་ཕོད་པ་ལ་སོགས་པའི་ཡོན་ཏན་མང་པོའི་རྣམ་པར་སྨིན་པའོ། །དེའི་རྣམ་པར་སྨིན་པ་དམ་པ་ནི། བྱང་ཆུབ་མཆོག་ལ་སོམ་ཉིད་མ ་བྱེད་ཅིག་ཅེས་བྱ་བ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་མཆོག་ཏུ་གྱུར་པས། སངས་རྒྱས་ཀྱི་བྱང་ཆུབ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་པ་ལ་ཐེ་ཚོམ་མ་ཟ་ཞིག་ཅེས་བྱ་བའི་ཐ་ཚིག་གོ།། །།ང་ནི་བསྔོ་བ་བསྡུས་པ་དོན་བདུན་ཏེ། བྱང་ཆུབ་སེམས་དཔའ་ཨི་བསྔོ་བ་དང། ་དེ་བཞིན་གཤེགས་པའི་ལྟར་བསྔོ་བ་དང། སྒྲིབ་པ་དང་བྲལ་བ་དང། ཕ་རོལ་ཏུ་ཕྱིན་པའི་ལུས་འཛིན་པ་དང། ལུང་བསྟན་པ་ཐོབ་ཅིང་སེམས་ཅན་གྱི་དོན་བསྒྲུབ་པ་དང་བསྟན་པའི་དགེ་རྩ་བསྔོ་བ་དང། སེམས་ཅན་ཐམས་ཅད་འོད་དཔག་མེད་ཀྱི་གནས་སུ་སྐྱེ་བར་བསྔོ་བ་པའོ། །དེ ་ལ་དང་པོ་བྱང་ཆུབ་སེམས་དཔའ་ཨི་ཡོངས་སུ་བསྔོ་བ་སྟེ། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ། འཇམ་དཔལ་ནི་གོང་དུ་བཤད་པ་བཞིན་ནོ། །དཔའ་བ་ནི་དགྲ་ལ་ཚམ་ཚོམ་མེད་པ་སྟེ། ཤེས་རབ་དྲི་མ་མེད་པའི་རལ་གྲི་རྣོན་པོས། དངོས་པོ་ལ ་མངོན་པར་ཞེན་པའི་དགྲའི་དངོས་པོའི་ཚོགས་ཀྱི་ལྟ་བ་ངན་པ་གཅོད་པའོ། །ཇི་ལྟར་མཁྱེན་པ་ཞེས་པ་ནི། འཕགས་པ་འཇམ་དཔལ་དཔའ་བོས་ཡོངས་སུ་བསྔོ་བའི་ཚུལ་ཇི་ལྟར་ཐུགས་སུ་ཆུད་པ་དེ་བཞིན་དུ་ཡོངས་སུ་བསྔོ་བར་བྱའོ། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། ཞེས ་པ་འཇམ་དཔལ་ཞག?་གཅིག་ཏུ་མ་བས་ཀྱི། ཀུན་ཏུ་བཟང་པོ་ཇི་ལྟར་ཡོངས་སུ་བསྔོས་པའི་ཆོ་གའི་ཚུལ་བཞིན་དུ་ཡང་བསྔོ་བར་བྱ་སྟེ། དེ་དག་གི་ནི་རྗེས་སུ་བདག་སློབ་ཅིང། དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ་ཞེས་པ་ནི་འཕགས་པ་འཇམ་དཔལ་དང་ཀུན་ཏུ་བཟང་པོ་གཉིས ་ཀྱི་རྗེས་སུ་བདག་སློབ་ཅིང་ཡོངས་སུ་བསྔོ་བ་ལ་མཁས་པ་དེ་གཉིས་ཀྱིས་ཇི་ལྟར་ཡོངས་སུ་བསྔོས་པ་དེ་བཞིན་དུ། བདག་གིས་ཀྱང་དགེ་བའི་རྩ་བ་ཅི་བྱས་པ་དེ་ཀུན་ཡོངས་སུ་བསྔོ་བར་བྱའོ།། །།ད་ནི་གཉིས་པ་དེ་བཞིན་གཤེགས་པ་ལྟར་ཡོངས་སུ་བསྔོ་བས་ཡོངས་སུ་བསྔོ ་བ་ནི། དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི་ཞེས་བྱ་བ་སྟེ། དུས་གསུམ་དུ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། ་བསྔོ་བ་གང་ལ་མཆོག་ཏུ་བསྔགས་ཤིང་བསྟོད་པ་དེ་ནི། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་ལས་དང་ཁྲི་བརྒྱད་སྟོང་པས་ངེས་ཏེ། སྦྱིན་པ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་དེ། དེས་ཡོངས་སུ་བསྔོས་པས་ན་ཅི་ནས་མཚན་མར་ཡང་དག་པར་ཡོངས་སུ་མི་མཐོབ་སྟེ། དེ་ལྟ་བུའི་ཚུལ་གྱིས་ཡོངས་སུ་སྔོ་བར་བྱེད་དེ། བདག་གི་ཅི་ཞིག་སྦྱིན་པར་བྱེད། སུ་ཞིག་སྦྱིན་པར་བྱེད། ཅི་ཞིག་ཡོངས་སུ་བསྔོ་བར ་བྱ། གང་གི་ཡོངས་སུ་སྔོ་བར་བྱེད། གང་དུ་བསྔོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་པའི་དངོས་པོ་དེ་ཡང་དག་པར་རྗེས་སུ་མ་མཐོང་ངོ། །དེ་ཅིའི་ཕྱིར་ཞེ་ན། ནང་སྟོང་པ་ཉིད་ཀྱིས་སྟོང་པ་དང། དེ་བཞིན་དུ་སྦྱར་ཏེ། རང་གི་མཚན་ཉིད་ཀྱི་སྟོང ་པའི་ཕྱིར་རོ། །དེས་གང་དུ་ཡོངས་སུ་བསྔོ་བར་འགྱུར། །ཅི་ཞིག་ཡོངས་སུ་བསྔོ་བར་འགྱུར། །གང་གི་ཡོངས་སུ་བསྔོ་བར་འགྱུར་ཞེས་དེ་ལྟར་མཐོང་སྟེ། དེ་ལྟར་ཡོངས་སུ་བསྔོས་ན་ལེགས་པར་ཡོངས་སུ་བསྔོས་པར་འགྱུར་ཞེས་འབྱུང་བ་དང། འཕགས་པ་ཕུང་པོ་གསུམ་པའི་མདོ ་ལས་ཀྱང་རིགས་ཀྱི་བུ་གཞན་བྱང་ཆུབ་སེམས་དཔའ་དེས་དེ་བཞིན་དུ་འདུག་ནས། ཚིག་འདི་སྐད་དུ། འདི་སྐད་མགོས་མ་མཆིས་པར་ཕྱག་བགྱི་བ་དང། བཤགས་པ་དང། རྗེས་སུ་ཡི་རང་བ་དང། བསྐུལ་བ་དང། གསོལ་བ་འདེབས་པ་དེ་ཡང་མ་མཆིས་པར་འདུས ་མ་བགྱིས་པའོ། །དེ་ལྟར་ཕྱག་བཙལ་བ་དང། བཤགས་པ་དང། རྗེས་སུ་ཡི་རང་བ་དང། བསྐུལ་བ་དང། གསོལ་བ་འདེབས་པ་གང་ལགས་པ་དེ་ཡང་མ་མཆིས། ལེན་པ་མ་མཆིས་འདུས་མ་བགྱིས་པ་སྟེ། དེ་བཞིན་དུ་བྱང་ཆུབ་ཀྱང་ལེན་པ་མ་མཆིས་འདུས་མ་བགྱིས ་པ་སྟེ། ཆོས་ཉིད་དེ་ཡང་མ་ཆགས་པ་དང། མ་ལྷག་པ་དང། མ་སྨད་པ་དང། མཉམ་པ་མ་མཆིས་པ་དང། མི་མཐོ་བ་དང། མི་དམའ་བའ་ཨི་ཡོངས་སུ་བསྔོ་བས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆོས་ཕྲ་རབ་ཀྱང་མི་དམིགས་པར་ཡོངས་སུ་བསྔོ་བར ་བྱའོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང། འཕགས་པ་འཇམ་དཔལ་གྱི་སྒྲིབ་པ་རྒྱུན་གཅོད་པའི་མདོ་ལས་ཡོངས་སུ་བསྔོ་བ་འབྱུང་བ་དང། སངས་རྒྱས་ཕལ་པོ་ཆེའི་མདོ་ལས་ཀྱང་རྡོ་རྗེ་རྒྱལ་མཚན་གྱི་མདོ་རྒྱ་ཆེར་འབྱུང་སྟེ། ་དངོས་པོ་ལྟ་བུ་དེ་དག་གིས་བདག་ལ་དགེ་བའི་རྩ་བ་ཅི་ཡོད་པ་རྣམས་ཀྱང། བཟང་པོ་སྤྱོད་པ་ཕུལ་དུ་ཕྱིན་པ་སྒྲུབ་ཅིང་ཉམས་སུ་ལེན་པར་བྱེད་པའི་ཕྱིར་ཡོངས་སུ་བསྔོ་བར་བྱའོ་ཞེས་ཡོངས་སུ་བསྔོ་བར་བྱའོ།། །།ད་ནི་གསུམ་པ་སྒྲིབ་པ་དང་བྲལ་ཞིང་ཕ་རོལ་ཏུ ་ཕྱིན་པ་དང་འཐུན་པའི་ལུས་ཡོངས་སུ་འཛིན་པ་བསྟན་ཏེ། བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། ཞེས་པས་སྒྲིབ་པ་དང་བྲལ་བ་བསྟན་ཏོ། །སྒྲིབ་པ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དགེ་བའི་ཆོས་སྒྲུབ་པ་ཐམས ་ཅད་ལ་བར་ཆད་བྱེད་ལ། ལས་ཀྱི་སྒྲིབ་པ་དང། ཉོན་མོངས་པའི་སྒྲིབ་པ་དང། རྣམ་པར་སྨིན་པའི་སྒྲིབ་པ་སྟེ། བདག་འཆི་བའི་དུས་བྱེད་པ་ན་སྒྲིབ་པ་དེ་རྣམས་དང་བྲལ་ཞིང་མེད་པར་གྱུར་ཅིག་པའོ། །སྒྲིབ་པ་དེ་རྣམས་དང་བྲལ་ཞེས་མེད་པར་གྱུར་ནས་ཇི ་ལྟར་བྱ་ཞེ་ན། ཕ་རོལ་ཏུ་ཕྱིན་པ་དང་འཐུན་པའི་ལུས་ཡོངས་སུ་གཟུང་བར་བྱ་སྟེ། དེ་ནི་མངོན་སུམ་སྣང་བ་མཛའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེ་རབ་ཏུ་འགྲོ་ཞེས་པས་སྟོན་ཏེ། དེ་ལྟར་འཆི་བར་སྒྲིབ་པ་ཐམས་ཅད་བསལ་ཏེ། དེ་བཞིན་གཤེགས ་པ་སྣང་བ་མཛའ་ཡས་དེའི་སངས་རྒྱས་ཀྱི་ཞིང་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ། མཆོག་བདེ་ཞིང་ཡིད་བདེ་བ་འབའ་ཞིག་གི་གནས་སུ་འགྱུར་པ། ངན་སོང་གསུམ་ལ་སོགས་པ་སྡུག་བསྔལ་མིང་ཡང་མི་གྲག་ཅིང། བདེ་བླག་ཏུ་ཕ་རོལ་ཏུ ་ཕྱིན་པ་རྣམས་སྤྱད་དུ་ཡོད་པ་བདེ་བ་དང་ལྡན་པ་དེ་ལ་བདེ་བ་ཅན་ཞེས་བྱ་སྟེ། དེ་ལྟ་བུའི་ཞིང་དེར་འགྲོ་བར་གྱུར་ཅིག་པའོ། །དེ་ཡན་ཆད་སྒྲིབ་པ་དང་བྲལ་བ་བསྟན་ནས། ང་ནི་བཞི་པ་ཕ་རོལ་ཏུ་ཕྱིན་པ་དང་འཐུན་པའི་ལུས་ཡོངས་སུ་འཛིན་པ་བསྟན་ཏེ། དེང ་སོང་ནས་ནི་སྨོན་ལམ་འདི་དག་ཀྱང། ཞེས་པ་ནི་དེར་སྟེ་བདེ་བ་ཅན་གྱི་ཞིང་དེར་སོང་ནས་སམ། སྐྱེས་ནས་སོ། སྨོན་ལམ་འདི་དག་ནི་གོང་དུ་སྨོས་པ་རྣམས་སོ། །ཐམས་ཅད་མ་ལུས་མངོན་དུ་གྱུར་པར་ཤོག་སྟེ། སྨོན་ལམ་གོང་དུ་སྨོས་པ་རྣམས་མཛའ་ཡས ་དག་པར་རྫོགས་པའི་སེམས་ལ་སྣང་བར་གྱུར་ཅིག་པའོ། །དེ་དག་བདག་གིས་མ་ལུས་ཡོངས་སུ་བསྐང། །འཇིག་རྟེན་ཇི་སྲིད་སེམས་ཅན་ཕན་པར་བགྱི། ཞེས་པ་ནི་སེམས་ལ་སྣང་བ་ཙམ་དུ་མ་ཟད་ཀྱི། བདག་གི་སྨོན་ལམ་དེ་དག ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད། སེམས་ཅན་གྱི་འཇིག་རྟེན་ཡོད་ཀྱི་བར་དུ། སེམས་ཅན་མ་ལུས་པ་ལ་ཕན་པར་གྱུར་ཅིག་པར་སྨོན་པ་སྟེ། གོང་དུ་སེམས་ཅན་རྣམས་ལ་ཕན་པ་མང་པོ་བགྱིད་པར་གྱུར་ཅིག་ཅེས་འབྱུང་བ་སྟེ། དུས་ཇི་སྲིད་ཀྱི ་བར་དུ་ཕན་པར་བྱ་བའི་དུས་ཀྱི་ཚད་བསྟན་པའོ།། །།ལྷག་མ་རྣམས་ཀྱིས་ནི་ལྔ་པ་ལུང་བསྟན་པ་ཐོབ་ཅིང་སེམས་ཅན་གྱི་དོན་བསྒྲུབ་པ་བསྟན་ཏེ། གང་ཞེ་ན། རྒྱལ་བའི་དཀྱིལ་འཁོར་དེར་ཞེས་པ་ནི་དེ་བཞིན་གཤེགས་པའི་འཁོར་གྱི ་དཀྱིལ་འཁོར་དེར། བཟང་ཞིང་དག་པ་ནི་སྐྱིད་ཅིང་བདེ་བའོ། །པདྨ་དམ་པ་ནི་རིན་པོ་ཆེ་སྣ་ཚོགས་ཀྱི་པདྨ་མཆོག་གོ། ཤིན་ཏུ་མཛེས་པ་ལས་ཞེས་པ་ནི་གསལ་ཞིང་འོད་ཟེར་དྲ་བ་སྣ་ཚོགས་འབྱུང་བ་ལས་སོ། །སྐྱེས་པ་ནི་འཁྲུངས་པའོ། །ལུང ་བསྟན་པ་ནི་ལུང་སྟོན་པ་སྟེ། བདག་གིས་དེར་བཅོམ་ལྡན་འདས་འོད་དཔག་མེད་པས་མངོན་སུམ་དུ། འདི་སྲིད་ཅིག་ན་འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཏུ་དེ་བཞིན་གཤེགས་པ་འདི་ཞེས་བྱ་བར་འགྱུར་རོ་ཞེས་དེ་ལྟ་བུའི་ལུང་བསྟན་པ་ཐོབ ་པར་ཤོག་ཅིག་པའོ། །སེམས་ཅན་གྱི་དོན་བསྒྲུབ་པ་ནི་དེར་ནི་བདག་གི་ལུང་བསྟན་པ་ཐོབ་པའི་འོག་ཏུ་སྤྲུལ་པ་མང་པོ་སྟེ། སྤྲུལ་པའི་སྤྲིན་མང་པོ་གྲངས་ལས་འདས་པས་ཕྱོགས་བཅུར་ཁྱབ་སྟེ། ཕྱོགས་བཅུར་འགྲོ་བའི་དོན་དུ་འཁོར་བ་ཇི ་སྲིད་པར་སེམས་ཅན་ལ་སྐད་ཅིག་རེ་རེ་ཞིང་ཕན་པ་མང་པོ་བགྲང་བ་ལས་འདས་པ་བྱེད་ཅིང་སྒྲུབ་པར་གྱུར་ཅིག་པའོ། །བློའི་སྟོབས་ཀྱིས་ཞེས་པ་ནི་ཡེ་ཤེས་ཀྱི་མཐུ་སྟེ། ཡེ་ཤེས་ཀྱི་ཆེ་བའི་བདག་ཉིད་ཆགས་པ་མེད་ཅིང་ཐོགས་པ་མེད་པས ་སོ། །ད་ནི་དྲུག་པ་བཟང་པོ་སྤྱོད་པ་གཏོན་པར་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་སྟོན་ཏེ། ང་ནི་བཟང་པོ་སྤྱོད་པའི་སྨོན་ལམ་བཏབ་པ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །དེས་ནི་འགྲོ་བའི་སྨོན་ལམ་དགེ་བ་རྣམས། །སྐད་ཅིག་གཅིག་གིས་ཐམས་ཅད་འབྱོར ་བར་ཤོག་ཅེས་བྱ་བ་ཡིན་ཏེ། བཟང་པོ་སྤྱོད་པའི་སྨོན་ལམ་ནི་ཐོག་མར་བཤད་པ་བཞིན་ནོ། །གཏོན་པ་ནི་གླེགས་བམ་གླག་པ་དང། ཁ་ཏོན་གཏོན་པ་སྟེ། ལྷག་མ་གོ་བར་ཟད་དོ། །ད་ནི་བདུན་པ་བཟང་པོ་སྤྱོད་པ་བསྔོས་པའི་བསོད་ནམས་ཀྱིས་སེམས་ཅན་རྣམས་ཀྱང་དེ ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་གནས་སུ་སྐྱེ་བར་གྱུར་ཅིག་ཅེས་ཡོངས་སུ་བསྔོ་བ་སྟོན་ཏེ། དེ་ནི་གང་ཡང་བཟང་པོ་སྤྱོད་པ་བསྔོ་བ་ཡི། །བསོད་ནམས་མཛའ་ཡས་དམ་པ་གང་ཐོབ་དེས། །འགྲོ་བ་སྡུག་བསྔལ་ཆུ་བོར་བྱིང་བ་རྣམས། །འོད་དཔག་མེད་པའི ་གནས་རབ་ཐོབ་པར་ཤོག་།ཅེས་བྱ་བ་ཡིན་ཏེ། ཀུན་ཏུ་བཟང་པོའི་སྤྱོད་པ་སྤྱད་པའི་དགེ་བའི་རྩ་བ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ལས་བྱུང་བའི་བསོད་ནམས་ཡུན་རིང་པོ་ནས་བསགས་ཤིང། སེམས་ཅན་མང ་པོའི་དོན་དུ་བསྔོས་སམ། བསྒྲུབས་པས་མཛའ་ཡས་པ་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་དགེ་བའི་རྩ་བ་ཐམས་ཅད་ལས་མཆོག་ཏུ་འཕགས་པ་བདག་གིས་གང་ཅི་ཐོབ་པ་དེས་འཁོར་བར་འཁོར་བའི་སྐྱེ་བ་དང། རྒ་བ་དང། ན་བ་དང་འཆི་བ ་ལ་སོགས་པའི་སྡུག་བསྔལ་གྱི་ཆུ་བོར་བྱིང་སྟེ། ཕ་རོལ་ཏུ་བརྒལ་མ་ནུས་པ་རྣམས་སྡུག་བསྔལ་གྱི་ཆུ་བོ་ལས་བརྒལ་ནས། དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་གནས་འཇིག་རྟེན་གྱི་གནས་འཇིག་རྟེན་གྱི་ཁམས། བདེ་བ་ཅན་ཞེས་བྱ་བ་སྡུག ་བསྔལ་ཐམས་ཅད་ཀྱི་མིང་ཡང་མི་གྲག་ཅིང། ལུས་དང་སེམས་བདེ་བ་ཐམས་ཅད་དང་ལྡན་པའི་གནས་དེར་འགྲོ་བ་ཐམས་ཅད་ཀྱིས། འགྲོ་བར་གནས་པར་གྱུར་ཅིག་།སྐྱེ་བར་གྱུར་ཅིག་པའི་ཐ་ཚིག་གོ་།འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་ཐ? ་སློབ་དཔོན་ཕྱོགས་ཀྱི་གླང་པོས་འགྲེལ་པ་མཛད་པ་དང། སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་འགྲེལ་པ་མཛད་པ་དང། སངས་རྒྱས་གྲགས་པས་འགྲེལ་པ་མཛད་པ་དང། རྒྱན་བཟང་པོས་ཊཱིཀ་མཛད་པ་རྣམ་པ་བཞིའི་དོན་དང། ་འཕྲལ་དུ་མཁན་པོ་དག་ལས་ཐོས་པ་དང། མདོ་སྡེ་ནས་འབྱུང་བ་དང་ཡང་སྦྱར་ཏེ། བཤད་པ་བརྡ་ཕྲད་སླ་བར་རྗེད་བྱང་དུ་བྱས་པ་རྫོགས་སོ།། །།ལྟ་བའི་ཁྱད་པར་མཁན་པོ་ཡེ་ཤེས་སྡེས་མཛད་པ་བཞུགས་སོ། །ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་ལ ་