CLOSE WINDOW

N4643: 'phags pa dgongs pa nges par 'grel pa'i mdo'i rnam par bshad pa
Wyliee-texts based on the ACIP/ALL Input

text in 2 volumes

volume 1 (dgongs pa nges 'grel (co)) - volume 2 (mdo sde (cho)) -

རྒྱ་གར་སྐད་དུ། ཨཱརྱ་སནདྷ་ནི་རྨོ་ཙ་ནཾ་སཱུ་ཏྲ་སྱ་བྱཱ་ཁྱཱ་ནཱ་མ། བོད་སྐད་དུ། འཕགས་པ་དགོངས་པ་ངེས་པར ་འགྲེལ་བའི་མདོའི་རྣམ་པར་བཤད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཕགས་པ་དགོངས་པ་ངེས ་པར་འགྲེལ་པའི་མདོ་འདི་ནི་མདོར་བསྡུ་ན་དོན་རྣམ་པ་ལྔས་བསྟན་ཏེ། བསྡུས་པའི་དོན་དང། དགོས་པ་དང། ཚིག་གི་དོན ་དང། མཚམས་སྦྱར་བ་དང། བརྒལ་བའི་དོན་ཏོ། །དེ་ལ་རེ་ཞིག་བསྡུས་པའི་དོན་རྣམ་པ་གཉིས་ཏེ། གླེང་གཞིའི ་ཁྱད་པར་རྣམ་པར་བཞག་པ་དང། མདོ་སྡེའི་ལུས་རྣམ་པར་བཞག་པའོ། །དེ་ལ་གླེང་གཞིའི་ཁྱད་པར་རྣམ་པར་བཞག་པ ་ཡང་རྣམ་པ་གཉིས་ཏེ། ཐུན་མོང་གི་གླེང་གཞིའི་ཁྱད་པར་རྣམ་པར་བཞག་པ་དང། ཐུན་མོང་མ་ཡིན་པའི་གླེང་གཞིའི་ཁྱད་པར་རྣམ་པར ་བཞག་པའོ། །དེ་ལ་ཐུན་མོང་གི་གླེང་གཞིའི་ཁྱད་པར་རྣམ་པར་བཞག་པ་ནི་གང་གི་དུས་ན། གང་གིས་བཤད་པས་མདོ་སྡེ་ཐམས་ཅད་ཀྱི ་ཐུན་མོང་གི་གླེང་གཞིའི་ཁྱད་པར་རྣམ་པར་བཞག་པའོ། །དེ་ཡང་ཕུན་སུམ་ཚོགས་པ་རྣམ་པ་གཉིས་ཀྱིས་བསྟན་ཏེ། དུས་ཕུན་སུམ་ཚོགས ་པ་དང། སྟོན་པ་ཕུན་སུམ་ཚོགས་པའོ། །དེ་ལ་གང་གི་དུས་ན་བཤད་ཅེ་ན། དུས་ཕུན་སུམ་ཚོགས་པ་ན་སྟེ། དེ་ནི་མདོ་ལས། འདི་སྐད་བདག་གིས་ཐོས་པ་དུས ་གཅིག་ན་ཞེས་གསུངས་པས་བསྟན་ཏེ། དེའི་ཕུན་སུམ་ཚོགས་པ་ནི་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ཞིང་མདོ་སྡེ་དཀོན་མཆོག་འདི་ལྟ་བུ་དག་མངོན་སུམ ་དུ་ཐོས་པའི་སྐབས་ཡོད་པའོ། །གང་གིས་བཤད་ཅེ་ན་སྟོན་པ་ཕུན་སུམ་པ་སྟེ། དེ་ཡང་མདོ་ལས། བཅོམ་ལྡན་འདས་ཞེས་གསུངས་པས་བསྟན་ཏེ། དེའི་ཕུན་སུམ ་ཚོགས་པ་ནི་ལེགས་པ་དྲུག་དང་ལྡན་པ་དང། བདུད་བཞི་བཅོམ་པ་ལ་སོགས་པ་བཅོམ་ལྡན་འདས་ཉིད་ཀྱི་རྒྱུད་ལ་མངའ་བའི་ཡོན་ཏན་དང་ལྡན་པའོ། །དེ་གཉིས ་ནི་མདོ་སྡེ་ཐམས་ཅད་ལ་སྤྱིར་འདྲ་བར་བསྟན་པ་ཡིན་པས་ཐུན་མོང་གི་གླེང་གཞིའི་ཁྱད་པར་རྣམ་པར་བཞག་པ་ཞེས་བྱའོ། །དེ་ལ་ཐུན་མོང་མ་ཡིན་པའི་གླེང ་གཞིའི་ཁྱབ་པར་རྣམ་པར་བཞག་པ་ནི་གང་ན་ཅི་འདྲ་བ་ཞིག་ཇི་ལྟ་བུ་དག་དང་བཞུགས་པའི་རིམ་གྱིས་མདོ་འདིའི་གླེང་གཞིའི་ཁྱད་པར་རྣམ་པར་བཞག ་པའོ། །དེ་ནི་ཕུན་སུམ་ཚོགས་པ་རྣམ་པ་གསུམ་གྱིས་བསྟན་ཏེ། བཅོམ་ལྡན་འདས་ཀྱིས་གནས་ཕུན་སུམ་ཚོགས་པ་དང། ཡོན་ཏན་ཕུན་སུམ་ཚོགས་པ་དང། འཁོར་ཕུན ་སུམ་ཚོགས་པའོ། །དེ་ལ་གང་ལ་བཞུགས་ཤེ་ན། གནས་ཕུན་སུམ་ཚོགས་པ་སྟེ། དེ་ནི་མདོ་ལས་གཞལ་མེད་ཁང་ཆེན་པོ་ཞེས་གསུངས་པས་བསྟན་ཏོ། །དེའི་ཕུན་སུམ ་ཚོགས་པ་ནི་མདོ་ལས། རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་རྒྱ་ཆེན་པོ་རབ་ཏུ་འབྱུང་པ་ཞེས ་བྱ་བ་ནས་རིན་པོ་ཆེའི་པདམོའི་རྒྱལ་པོ་ཆེན་པོ་ཡོན་ཏན་མཛའ་ཡས་པས་བརྒྱན་པའི་བཀོད་པ་ལ་བརྟེན་ནས་བཞུགས་ཏེ་ཞེས་གསུངས་པའི་བར་གྱི་ཡོན་ཏན་དང་ལྡན ་པའོ། །ཅི་འདྲ་བ་ཞིག་བཞུགས་ཤེ་ན། ཡོན་ཏན་ཕུན་སུམ་ཚོགས་པས་ཏེ། དེ་ནི་མདོ་ལས་བཅོམ་ལྡན་འདས་ཞེས་གསུངས་པས་བསྟན་ཏོ། །དེའི་ཕུན་སུམ་ཚོགས་པ་ནི་མདོ་ལས། ལེགས་པར་ཐུགས་སུ ་ཆུད་པའི་བློ་དང་ལྡན་པ་ཞེས་བྱ་བ་ནས། ནམ་མཁའ་ཨི་ཁམས་ཀྱིས་མཐས་གཏུགས་པ་དེ་ཞེས་གསུངས་པའི་བར་གྱི་ཡོན་ཏན་དང་ལྡན་པའོ། །དེ་ཇི་ལྟ་བུ་དག་དང་བཞུགས་ཤེ་ན། འཁོར་ཕུན་སུམ་ཚོགས ་པ་དག་དང་སྟེ། དེ་ལ་འཁོར་ཕུན་སུམ་ཚོགས་པ་ནི་རྣམ་པ་གཉིས་ཏེ། ཉན་ཐོས་ཀྱི་འཁོར་ཕུན་སུམ་ཚོགས་པ་དང། བྱང་ཆུབ་སེམས་དཔའ་ཨི་འཁོར་ཕུན་སུམ་ཚོགས་པའོ། །དེ་ལ་ཉན་ཐོས་ཀྱི ་འཁོར་ཕུན་སུམ་ཚོགས་པ་ནི་མདོ་ལས། ཉན་ཐོས་ཀྱི་དགེ་འདུན་ཚད་མེད་པ་ཐམས་ཅད་ཀྱང་ཅང་ཤེས་པ་ཞེས་གསུངས་པས་བསྟན་ཏོ། །དེའི་ཕུན་སུམ་ཚོགས་པ་ནི་མདོ་ལས། སངས་རྒྱས་ཀྱི་སྲས་ཞེས ་པ་ནས། དེ་བཞིན་གཤེགས་པའི་བཀའ་ལ་ཤིན་ཏུ་ཞུགས་པ་ཤ་སྟག་ཅེས་གསུངས་པའི་བར་གྱི་ཡོན་ཏན་དང་ལྡན་པའོ། །བྱང་ཆུབ་སེམས་དཔའ་ཨི་འཁོར་ཕུན་སུམ་ཚོགས་པ་ནི་མདོ་ལས། སངས ་རྒྱས་ཀྱི་ཞིང་ཐ་དད་པ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ཐམས་ཅད་ཀྱང་གནས་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བྱ་བ་བསྟན་ཏོ། །དེའི་ཕུན་སུམ་ཚོགས་པ་ནི་མདོ་ལས། ་ཐེག་པ་ཆེན་པོའི་ཆོས་ཀྱི་ངེས་པར་འབྱུང་བ་ཞེས་བྱ་བ་ནས་སེམས་ཅན་ཐམས་ཅད་ཀྱིས་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ས་མངོན་དུ་གྱུར་པ་ཤ་སྟག་ཅེས་གསུངས ་པའི་བར་གྱི་ཡོན་ཏན་དང་ལྡན་པའོ། །དེ་ནི་མདོ་སྡེ་ཐམས་ཅད་ལ་སྤྱིར་འདྲ་བར་བསྟན་པ་མ་ཡིན་གྱི། འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་འདི་ལ་སོགས་པ་ཁ་ཅིག་གི་གླེང་གཞིའི་ཁྱད་པར ་ཅན་ཡིན་པས་ན། ཐུན་མོང་མ་ཡིན་པའི་གླེང་གཞིའི་ཁྱད་པར་རྣམ་པར་བཞག་པ་བསྡུས་པའི་དོན་བསྟན་པ་ཡིན་ནོ། །དེ་ལ་མདོ་སྡེའི་ལུས་རྣམ་པར་བཞག་པ་ནི། འཕགས་པ་དགོངས་པ་ངེས་པར ་འགྲེལ་པའི་མདོ་འདིའི་ལུས་རྣམ་པར་བཞག་པ་མཛའ་དག་གི་བདེན་པ་གཉིས་པོ་དོན་དམ་པའི་བདེན་པ་དང་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བ་བསྟན་པའོ། །དེ་ལ་དོན་དམ ་པའི་བདེན་པ་ནི་མཚན་ཉིད་ལྔ་དང་ལྡན་པར་ཤེས་པར་བྱས་ཏེ། བརྗོད་དུ་མེད་པའི་མཚན་ཉིད་དང། གཉིས་སུ་མེད་པའི་མཚན་ཉིད་དང། རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་མཚན ་ཉིད་དང། ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ཉིད་ལ་ཡང་དག་པར་འདས་པའི་མཚན་ཉིད་དང། ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དོ། །ཀུན་རྫོབ་ཀྱི་བདེན་པ་ནི་མཚན་ཉིད་དྲུག་དང་ལྡན་པར ་ཤེས་པར་བྱ་སྟེ། སེམས་ཀྱི་མཚན་ཉིད་དང། ཆོས་རྣམས་ཀྱི་མཚན་ཉིད་དང། ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པའི་མཚན་ཉིད་དང། ཆོས་གདགས་པ་རྣམ་པར་བཞག་པ་ལས་བརྩམས་ནས་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞིང? ་གནས་དང་ལྷག་མཐོང་གི་ལམ་གྱིས་རབ་ཏུ་དབྱེ་བ་དང་ཐེག་པ་རྣམ་པར་བཞག་པ་ལས་བརྩམས་ནས་ཐེག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་དབྱེ་བ་བསྟན་པ་དང། ཐེག་པ་གདགས་པ་རྣམ་པར་བཞག་ལ་ཁོ་ན་ལས་བརྩམས་ནས་དེ ་བཞིན་གཤེགས་པའི་བྱ་བ་སྒྲུབ་པའི་རབ་ཏུ་དབྱེ་བས་བསྟན་པ་སྟེ། མཚན་ཉིད་བཅུ་གཅིག་པོ་དེ་དག་ནི་མདོ་ལས། དེ་རྣམ་བྱང་ཆུབ་སེམས་དཔའ་ཚུལ་བཞིན་ཀུན་འདྲིས་ཀྱིས་བརྗོད་དུ་མེད་པ་དང། གཉིས་སུ་མེད་པའི་མཚན་ཉིད་དོན ་དམ་པ་ལས་བརྩམས་ཏེ། བྱང་ཆུབ་སེམས་དཔའ་དོན་ཟབ་དགོངས་པ་ངེས་པར་འགྲེལ་པ་ལ་དྲི་བ་དྲིས་པ་ཞེས་གསུངས་པ་ལ་སོགས་པ་མདོ་སྡེའི་ལུས་རྣམ་པར་བཞག་པའི་ལེའུ་བཅུ་འབྱུང་བ་ལས་དོན་དམ་པའི་མཚན་ཉིད་དང་པོ་གཉིས ་ནི་ལེའུ་དང་པོ་སྦྱར་རོ། །མཚན་ཉིད་ལྷག་མ་དགུ་ནི་ལེའུ་ལྷག་མ་དགུ་དང་གོ་རིམ་བཞིན་དུ་འོག་ནས་རྒྱ་ཆེར་སྟོན་ཏེ། དེ་ནི་མདོ་སྡེའི་རྣམ་པར་བཞག་པས་བསྡུས་པའི་དོན་བསྟན་པ་ཡིན་ནོ། །དེ་ལ་དགོས་པ་ནི་འཕགས་པ་དགོངས་པ་ངེས ་པར་འགྲེལ་པའི་མདོ་བསྟན་པ་འདིས་དེ་བཞིན་གཤེགས་པའི་དགོངས་པ་ངེས་པར་འགྲེལ་བ་དང་བདེ་བ་གཉིས་ཀྱི་མཚན་ཉིད་ལ་མཁས་པར་བྱ་བ་དང། ཚོགས་གཉིས་རྫོགས་པར་བྱ་བ་དང། བདག་མེད་པ་གཉིས་ཆུང་པར་བྱ་བ ་དང་སྒྲིབ་པ་གཉིས་སྤོང་བ་དང། འབྲས་བུ་ཕུན་སུམ་ཚོགས་པ་གཉིས་ཐོབ་པར་འགྱུར་བ་སྟེ། དེས་ནི་དགོས་པའི་ངོ་བོ་ཉིད་དང། རྒྱུ་དང་འབྲས་བུ་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ལ་ཚིག་གི་དོན་ནི་འདི་སྐད་བདག་གིས་ཐོས ་པ་དུས་གཅིག་ན་ཞེས་བྱ་བ་ལ་སོགས་པ་མདོ་སྡེའི་ལུང་མཛའ་དག་གི་མིང་དང་ཚིག་དང་ཡི་གེའི་ཚོགས་རྣམས་ཀྱི་ཚིག་གི་དོན་སོ་སོར་སྟོན་པའོ། །དེ་ལ་མཚམས་སྦྱར་བ?་ནི་ཚིག་གི་དོན་དེ་དག་གི་སྔ་མ ་དང་སྦྱོར་བ་དང། ཚིག་ཕྱི་མ་དང་སྦྱོར་བའི་གོ་རིམ་སྔ་ཕྱི་མི་འགལ་བར་མཚམས?་སྦྱོར་བའོ། །བརྒལ་བའི་ལན་ནི་རིགས་པ་དང་མི་འགལ་བར་བསྟན་པའི་གཞན་གྱིས་དྲིས་པའི་ལན་གདབ་པ་དང། ཉིད་ཀྱིས་དོགས་པ་བསུ་ཞིང ་གཏན་ཚིགས་ཀྱིས་དགྲོལ་བ་ལ་སོགས་པས་ཐེ་ཚོམ་གྱི་རྣམ་པ་ཐམས་ཅད་གཅོད་པ་སྟེ། དེ་ལྟར་ན་དགོས་པ་དང། ཚིག་གི་དོན་དང། མཚམས་སྦྱར་བ་དང། བརྒལ་བའི་ལན་ནི་དེ་དག་ནི་མདོ་སྡེའི་མགོ་མཇུག་གི་ལུས་མཛའ་དག་དང ་སྤྱིར་མཐུན་མཐུན་དུ་སྦྱར་ཏེ་བསྟན་པ་ཡིན་གྱི་གནས་སྐབས་སོ་སོར་དབྱེ་བ་ནི་མེད་དོ། །དེ་ལ་དང་པོར་བསྡུས་པའི་དོན་མ་བསྟན་ན་མདོ་སྡེའི་དོན་བདེ་བླག་ཏུ་ཁོང་དུ་ཆུད་པར་མི་འགྱུར་བས་དེའི་ཕྱིར་དེ་རྣམ་པར་བསལ་བའི་ཕྱིར ་དང་པོར་བསྡུས་པའི་དོན་བསྟན་ཏོ། །དེའི་འོག་ཏུ་དགོས་པ་མ་བསྟན་ན་ཉན་པ་པོ་རྟོག་པ་སྔོན་དུ་གཏོང་བ་དག་ནན་ཏན་གྱིས་ཉན་པ་པོ་ལ་སོགས་པར་ཁས་མི་ལེན་པས་དེའི་ཕྱིར་དེ་རྣམ་པར་བསལ་བའི་ཕྱིར་དེའི་འོག་ཏུ་དགོས ་པ་བསྟན་ཏོ། །དེའི་འོག་ཏུ་ཚིག་དོན་མ་བསྟན་ན་ཉན་པོ་ཤེས་རབ་རྟུལ་པོ་དེ་དག་ལ་རྨོངས་པར་འགྱུར་བས་དེའི་ཕྱིར་དེ་རྣམ་པར་གསལ་བའི་ཕྱིར་དེའི་འོག་ཏུ་ཚིག་གི་དོན་བསྟན་ཏོ། །དེའི་འོག་ཏུ་མཚམས་སྦྱར་བ་མ་བསྟན་ན ་སྨྱོན་ཚིག་ལྟར་སྔ་ཕྱི་འབྲེལ་པ་མེད་པར་འགྱུར་བས་དེའི་ཕྱིར་དེ་རྣམ་པར་བསལ་བའི་ཕྱིར་དེའི་འོག་ཏུ་མཚམས་སྦྱར་བ་བསྟན་ཏོ། །དེའི་འོག་ཏུ་བརྒལ་བའི་ལན་མ་བརྗོད་ན་རིགས་པས་མ་གྲོལ་བས་ཐམས་ཅད་ཐེ་ཚོམ་ཟ་བར ་འགྱུར་བས་དེའི་ཕྱིར་རྣམ་པར་བསལ་བའི་ཕྱིར་དེའི་འོག་ཏུ་བརྒལ་བའི་ལན་བརྗོད་དེ། དེ་ལྟར་རྣམ་པ་ལྔ་པོ་དེ་དག་ནི་ངེས་པ་ཁོ་ནར་བརྗོད་པར་བྱ་བའི་རྩིས་མགོ་ཡིན་ནོ། །དེ་ལ་མདོ་སྡེ་འདིའི་མིང་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ཞེས་བྱ་བ་ནི་དོན ་བཞིན་མདོ་སྡེའི་མིང་དུ་བཏགས་པ་ཡིན་ཏེ། དེ་ཡང་གསུང་རབ་ཏུ་གཏོགས་པའི་མདོ་སྡེ་ཐམས་ཅད་ཀྱི་མིང་མདོར་བསྡུ་ན་གནས་སྐབས་རྣམ་པ་བཞི་ལ་བཏགས་པ་ཡིན་ཏེ། ཡུལ་དང་གང་ཟག་དང། དཔེ་དང། དོན་གྱི་གནས་སྐབས་ལས། དེ་ལ་ཡུལ་གྱི་? ་སྐབས་ལས་བཏགས་པ་ནི་ཡུལ་གང་དུ་བཤད་པའི་གནས་སྐབས་ལས་མདོ་སྡེའི་མིང་དུ་བཏགས་པ་སྟེ། དཔེར་ན་ལཾ་ཀི?་འགྲོང་རྡལ་དང། གཡ་མགོའི་རིར་བཤད་པས་འཕགས་པ་ལངཀར་གཤེགས་པ་དང། ག་ལ་མགོའི་རི་ཞེས་མདོ་སྡེའི་མིང ་དུ་བཏགས་པ་ལ་སོགས་པ་ལྟ་བུའོ། །གང་ཟག་གི་གནས་སྐབས་ལས་བཏགས་པ་ནི་གང་ཟག་གང་གིས་ཞུས་པ་དང་བསྟན་པའི་གནས་སྐབས་ལས་མདོ་སྡེའི་མིང་དུ་བཏགས་པ་སྟེ། དཔེར་ན་བྱང་ཆུབ་སེམས་དཔའ་གཙུག་ན་རིན་པོ་ཆེས་ཞུས་པ་དང། ་དྲི་མ་མེད་པར་གྲགས་པས་བསྟན་པས་འཕགས་པ་གཙུག་ན་རིན་པོ་ཆེས་ཞུས་པ་དང། དྲི་མ་མེད་པར་གྲགས་པས་བསྟན་བ་ཞེས་མདོ་སྡེའི་མིང་དུ་བཏགས་པ་ལ་སོགས་པ་ལྟ་བུའོ། །དཔེའི་གནས་སྐབས་ལ་བཏགས་པ་ནི་དཔེ་གང་གིས་དོན ་མཚོན་པའི་གནས་སྐབས་ལས་མདོ་སྡེའི་མིང་དུ་བཏགས་པ་སྟེ། དཔེར་ན་སྭ་ལུ་ལྗང་པ་དང། རྡོ་རྗེ་རྣོན་པོའི་དཔེས་མཚོན་ཏེ་བཤད་པས་འཕགས་པ་སཱ་ལུ་ལྗང་པ་དང། རྡོ་རྗེ་གཅོད་པ་ཞེས་མདོ་སྡེའི་མིང་དུ་བཏགས་པ་ལ་སོགས་པ་ལྟ་བུའོ། །དོན་གྱི་གནས? ་སྐབས་ལས་བཏགས་པ་ནི་དོན་གང་གིས་བསྟན་པའི་གནས་སྐབས་ལས་མདོ་སྡེའི་མིང་དུ་བཏགས་པ་སྟེ། དཔེར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། སངས་རྒྱས་ཀྱིས་བསྟན་པས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། སངས་རྒྱས་ཀྱི་ ་ས་ཞེས་མདོ་སྡེའི་མིང་དུ་བཏགས་པ་ལྟ་བུའོ། །འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་འདི་ཡང་དོན་གྱི་གནས་སྐབས་ལས་བཏགས་པ་ཡིན་ཏེ། འདིས་དེ་བཞིན་གཤེགས་པའི་དགོངས་བ་དང་ལྡེམ ་པོར་དགོངས་པ་ཟབ་མོའི་དོན་ངེས་པར་གཏན་ལ་འབེབས་ཤིང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་མདུད་པ་མ་ལུས་པ་གཅོད་པས་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ཞེས་མདོ་སྡེའི་མིང་དུ་བཏགས་པ་ཡིན་ཏེ། དཔེར ་ན་རྟེན་ཅིང་འབྲེལ་པར་འབྱུང་བ་དང་།རིན་པོ་ཆེ་ཕྲོགས་པ་ཞེས་བྱ་བ་ལ་སོགས་པའི་མདོ་དང་འདྲ་བར་བལྟ་བར་བྱའོ། །དེ་ལ་འཕགས་པ་ཞེས་བྱ་བ་ནི་སྡིག་པ་མི་དགེ་བའི་ཆོས་ཐམས་ཅད་ལས་རིང་དུ་གྱུར་པ་ཞེས་བྱ་བའི་དོན་ཏོ།། ་དགོངས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་དགོངས་པ་དང་ལྡེམ་པོར་དགོངས་པ་ཟབ་མོ་དག་གོ། ཡང་ཚིག་གི་དོན་རྣམ་པ་གཅིག་ཏུ་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་མདུད་པ་ལ་ཡང་བྱའོ། །ངེས་པར་འགྲེལ་པ་ཞེས་བྱ་བ་ནི ་ངེས་པར་གཏན་ལ་འབེབས་པ་སྟེ། དེ་བཞིན་གཤེགས་པའི་དགོངས་པ་དང་ལྡེམ་པོར་དགོངས་པ་ཟབ་མོའི་དོན་ངེས་པར་གཏན་ལ་འབེབས་པ་ཞེས་བྱ་བའི་ཐ་ཚིག་གོ། ཡང་ཚིག་གི་དོན་རྣམ་ཅིག་དུ་ན་མ་ལུས་པར་གཅོད་པའི ་དོན་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་མདུད་པ་མ་ལུས་པ་གཅོད་པ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལ་ཚིག་གི་དོན་སྤྱིར་བསྡུ་ན་དེ་བཞིན་གཤེགས་པའི་དགོངས་པ་ཟབ་མོ་ངེས་པར་བཀྲོལ་བས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ ་པའི་མདུད་པ་མ་ལུས་པར་གཅོད་བས་ན་།དེ་ནི་དགོངས་པ་ངེས་པར་འགྲེལ་པ་ཡང་ཡིན་ལ། མདུད་པ་མ་ལུས་པར་གཅོད་པ་ཡང་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཐེག་པ་ཆེན་བོའི་མདོ་ཞེས་བྱ་བ་ནི་མདོ་སྡེ་གཞན་དང་ལས་གྲགས་པ་དང། ་འདྲ་བར་སྦྱར་ཏེ། ཐེག་པ་ཞེས་བྱ་བ་ནི་འདི་ལས་གྲོལ་བར་བྱེད་པས་ཐེག་པ་འམ་བགྲོད་པར་བྱ་བ་ཡིན་པས་ཐེག་པ་སྟེ་།ལམ་དང་འབྲས་བུར་འབྲེལ་པའི་ཐེག་པ་ཞེས་བྱ་བར་སྦྱར་རོ། །ཆེན་པོ་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་ཐེག་པ་ལS ་ཆེན་པོ་རྣམ་པ་བདུན་པོ་ཆོས་ཆེན་པོ་དང་།སེམས་བསྐྱེད་པ་ཆེན་པོ་དང། མོས་པ་ཆེན་པོ་དང་།ལྷག་པའི་བསམ་པ་ཆེན་པོ་དང་།ཚོགས་ཆེན་པོ་དང་།དུས་ཆེན་པོ་དང་།ཡང་དག་པར་འགྲུབ་པ་ཆེན་པོས་ཁྱད་དུ་འཕགས་པས་ན་བྱང་ཆུབ་སེམས་དཔའ་ ་རྣམས་ཀྱི་ཐེག་པ་ནི་ཐེག་པ་ཆེན་པོ་ཞེས་བྱའོ། །ཆེན་པོ་བདུན་པོ་དེ་དག་ལས་དང་པོ་དྲུག་ནི་ཐ་མའི་རྒྱུར་གྱུར་པ་ཡིན་ལ། ཐ་མ་ནི་དང་པོ་དྲུག་གི་འབྲས་བུར་གྱུར་པར་རིག་པར་བྱའོ། །མདོ་སྡེ་ཞེས་བྱ་བ་ནི་དོན་མདོ་ཙམ་དུ་སྟོན་པར་བྱེད་པས་མདོའོ། །ཡང་གཅིག ་ཏུ་ན་སྐུད་པའི་གཟུངས་ཀྱི་མེ་ཏོག་ཕྲེང་མང་པོའི་རྒྱུན་འཛིན་པ་བཞིན་དུ་དོན་མདོ་ཙམ་དུ་སྟོན་པའི་མདོ་སྡེ་འདིས་ཆོས་མངོན་པའི་དོན་གླག་གླག་པོ་མང་པོ་དག་འཛིན་པས་ན་མདོ་ཞེས་བྱའོ། །དེ་ལྟར་ན་མདོ་སྡེའི་མིང་བསྟན་པའི་སྐབས་འདི་ཉིད ་ཀྱིས་རྗོད་བར་བྱ་བ་དང་།དགོས་པའི་ཡང་དགོས་པ་དང། འགྲེལ་པའི་ཡང་འབྲེལ་པ་བསྟན་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་དུ་གཏོགས་པ་ཐེག་པ་ཆེན་པོའི་མདོ། །འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ཞེས་བྱ་བའི་ཚིག་གི ་དོན་ཇི་སྐད་བསྟན་པ་དེ་ཉིད་རྗོད་པར་བྱ་བ་ཡིན་པས་བརྗོད་པར་བྱ་བའི་དོན་མེད་པའི་མདོ་སྟོང་པ་ལེའུ་བཅུ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་ཡང་མ་ཡིན་ལ། དེ་བཞིན་གཤེགས་པའི་དགོངས་པ་ཟབ་མོ་ངེས་པར་བཀྲོལ་བས་ཉོན་མོངས ་པ་དང་ཤེས་བྱའི་སྒྲིབ་པའི་མདུད་པ་མ་ལུས་པར་གཅོད་པ་དེ་ཉིད་དགོས་པའི་ཡང་དགོས་པ་ཡིན་པས་དགོས་པའི་འབྲས་བུ་མེད་བའི་ཚིག་བཀྱལ་པ་བྱ་རོག་གི་སོ་བརྟག་པ་ལྟ་བུ་ཡང་མ་ཡིན། འགྲོ་བར་བྱེད་པའི་ཐེག་པའི་ཐབས་དང་བགྲོད?་པར ་བྱ་བའི་ཐེག་པའི་ཐབས་ལས་བྱུང་བར་འབྲེལ་པ་དེ་ཉིད་འབྲེལ་པ་ཡིན་པས་བརྗོད་པར་བྱ་བ་དང་།དགོས་པར་འབྲེལ་པ་མེད་པ་ཀླུ་འཇོག་པོའི་གཙུག་གི་ནོར་བུ་ལྟ་བུ་ཡང་མ་ཡིན་ཏེ། དེ་ལྟར་ན་མདོ་འདི་ནི་བརྗོད་པར ་བྱ་བའི་དོན་ཀྱང་ཡོད་ལ། དགོས་པའི་འབྲས་བུ་ཡང་ཡོད། །ཐོབ་པའི་བྱ་བ་ཐབས་ཀྱི་འབྲེལ་པ་ཡང་ཡོད་པ་ཡིན་པས། རྣལ་འབྱོར་དམ་པ་པ་དག་ལ་ཕན་པར་འདོད་པ། འགྲོ་བ་མཛའ་དག་གི་དོན་གཙོ་བོར་བྱེད་པ། བླ་ན་མེད་པཱི ་བྱང་ཆུབ་ཀྱི་འབྲས་བུ་མཆོག་འདོད་པ་རྣམས་ཀྱིས་འདི་ལ་དད་པ་མཆོག་གིས་གནས་ཡིན་པར་མོས་པ་བསྐྱེད་ཅིང་མི་གཡོལ་བར་ནན་ཏན་གྱིས་སྙིང་པོར་བསྒྲུབ་པར་བྱའོ། །དེ་ལྟར་མི་བསླུ་བའི་གཏམ་གླེངས་ནས། ད་ནི་གླེང ་གཞིའི་ཁྱད་པར་གཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ་།དེ་ལ་གླེང་གཞི་ནི་གང་དུ་དོན་འབྲེལ་པར་བྱེད་ཅིང་སྦྱོར་བར་བྱེད་པ་འམ་།ཡང་ན་ཕན་ཚུན་ངེས་པར་སྦྱིན་པ་འབྱུང་བར་འགྱུར་བ་ནི་གླེང་གཞི་ཞེས་བྱའོ ་དེ་ཡང་གང་གིས་དུས་ན་གང་གི་བཤད་པས་ཐུན་མོང་གི་གླེང་གཞིའི་ཁྱད་བར་རྣམ་པར་བཞག་པ་དང། གང་ན་ཅི་འདྲ་བ་ཞིག་ཇི་ལྟ་བུ་དག་དང་བཞུགས་པའི་རིམ་གྱིས་ཐུན་མོང་མ་ཡིན་པའི་གླེང་གཞིལ་ཁྱད་པར་རྣམ་པར་བཞག ་པ་གང་ཡིན་པའོ། །དེ་ལ་དང་པོར་གང་གིས་དུས་ན་གང་གིས་བཤད་པས་ཐུན་མོང་གི་གླེང་གཞིའི་ཁྱད་པར་རྣམ་པར་བཞག་པ་བཤད་པར་བྱ་སྟེ། དེ་ཡང་ཕུན་སུམ་ཚོགས་པ་རྣམ་པ་གཉིས་ཀྱིས་བསྟན་ཏེ། དུས་ཕུན་སུམ་ཚོགS ་པ་དང་།སྟོན་པ་ཕུན་སུམ་ཚོགས་པའོ། །དེ་ལ་གང་གི་དུས་ན་བཤད་ཅེ་ན་དུས་ཕུན་སུམ་ཚོགས་པ་ན་ཏེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེS་བྱ་བ་གསུངས་ཏེ། དེ་ལ ་འདི་སྐད་ཅེས་བྱ་བའི་ཚིག་གི་ཕྲད་འདི་དཔེ་དང། ལུང་འབོག་པ་དང། དྲིས་པ་གཏན་ལ་རྣམ་པར་འབེབས་པ་དང། ཁས་ལེན་པ་དང། ཚིག་གི་ལན་དག་ལ་འབྱུང་བར་འགྱུར་ཏེ། དེ་ལ་དཔེ་ལ་ནི་ཕྱུག་པ་ལ་རྣམ་ཐོས་ཀྱི་བུ་ལྟ་བུ་ཞེས་བྱུང? ་ན་རྣམ་ཐོས་ཀྱི་བུ་དང་འདྲ་བར་ཤེས་པ་ལྟ་བུའོ། །ལུང་འབོག་པ་ལ་ནི། འདི་སྐད་ལྷོགས་ཤིག་ཅེས་བྱ་བ་ལྟ་བུའོ། །དྲིས་པ་རྣམ་པར་གཏན་ལ་འབེབས་པ་ལ་ནི་བདག་གིས་འདི་སྐད་ཐོས་ཏེ་དེ་བཞིན་དུ་བཤད་དོ་ཞེས་བྱ་བ་ལྟ་བུའོ།། ་ཁས་ལེན་པ་ལ་ནི་དེ་བཞིན་བྱའོ་ཞེས་བྱ་བ་ལྟ་བུའོ། །ཚིག་གི་ལན་ལ་ནི་དེ་དེ་ལྟའོ་ཞེས་བྱ་བ་ལྟ་བུ་སྟེ། དེ་ལྟར་རྣམ་པ་མང་དུ་ཡང་འདྲེན་མོད་ཀྱི་སྐབས་འདིར་ནི་འདི་སྐད་ཅེས་བྱ་བའི་ཚིག་གིས་ཕྲད་འདི་ཁས་ལེན་པ་ལ་བྱ་བར ་ཤེས་པར་བྱ་སྟེ། དེ་ཡང་ཡང་དག་པར་སྡུད་པར་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ལ་ཁྱོད་ཀྱིས་ཇི་སྐད་ཐོས་པ་དེ་བཞིན་བཤད་བར་གསོལ་ཞེS་གསོལ་བ་བཏབ་པ་དང་།དེས་བདག་གིས་ཇི་སྐད་ཐོས་པ་དེ་བཞིན ་བཤད་པར་བྱའོ་ཞེས་ཁས་བླངས་བའོ། །ཡང་ན་ཇི་སྐད་སྨྲས་པ་དེ་ཁོ་ན་བཞིན་དུ་བདག་གིས་འདི་སྐད་ཐོས་ཏེ་དེ་བཞིན་བསྟན་པར་བྱའོ། །གཞན་དུ་མ་ཡིན་ནོ་ཞེས་ངེས་པར་བྱ་བ་སྟེ་།དེས་ནི་ཡན་ལག་གཞན་གྱིས་སྒྲོ་འདོགས་པ་དང་།སྐུར་པ་འདེབS ་པའི་མཛའ་བསལ་བར་དགོངས་པ་ཡིན་ནོ། །བདག་གིས་ཞེས་བྱ་བ་ནི་བདག་ཉིད་ཀྱིས་བཅོམ་ལྡན་འདས་ལས་མངོན་སུམ་དུ་སྟེ། གཞན་ལས་གཅིག་ནས་གཅིག་ཏུ་རྒྱུད་པ་མ་ཡིན་པའོ། །ཐོས་པ་ཞེས་བྱ་བ་ཉན་ནུས་པའི་རྣ་བོའི་དབང ་པོ་ཟིན་པ་སྟེ། འདིས་ཀྱང་ཡན་ལག་གཞན་གྱི་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་ངེས་པ་སེལ་ཏེ། བྱིས་པ་གང་དག་ཉན་མ?་ནུས་པ་དེ་དག་ནི་ཡན་ལག་ལ་སྒྲོ་འདོགས་པ་འམ། སྐུར་པ་འདེབས་པར་བྱེད་ཀྱི་འདི་ནི་དེ་ལྟ་མ་ཡིན་པའི ་ཕྱིར་རོ། དུས་གཅིག་ན་ཞེས་བྱ་བ་ནི་དུས་གཅིག་གི་ཚེ་སྟེ། དེ་ཡང་ཉན་པའི་ཚེ་བར་ཆད་མེད་པའི་རྒྱུན་ལ་བྱས་གཅིག་ཅེས་བྱའི་གཞན་དུ་ན་ཡི་གེ་དང་།རྩ་བ་དང་།ཚིག་བཟུང་བའི་དུས་ཐ་དད་པའི་ཅིག་ངེས ་བྱར་མི་རུང་ངོ། །ཡང་ན་གཟུངས་ཐོབ་པས་ཡི་གེ་འབྲུ་གཅིག་ལ་ཆོས་ཐམས་ཅད་ཀྱི་རྣམ་གྲངས་ཡང་དག་པར་འཛིན་པའི་ཕྱིར་དུས་གཅིག་ཁོ་ན་ཡང་ཡིན་ནོ། །གང་གཅིག་ཏུ་ན་རྣ་བའི་དབང་པོ་རྣམ་པར་དག་པ་ཐོས་པར ་ཡི་གེ་འབྲུ་གཅིག་ཡོངས་སུ་རྟོགས་པས་གཞན་ལ་ཡང་ཐོགས་པ་མེད་པའི་ཕྱིར་ཡང་དུས་ཅིག་ཁོ་ན་ཡིན་ནོ། །ཡང་རྣམ་གྲངས་གཞན་དུ་ན་དུས་ཞེས་བྱ་བའི་ཚོགས་པ་ལ་བྱ་སྟེ་།དུས་གཅིག་ན་བཅོམ་ལྡན་འདས་འཁོར་དང ་བཅས་པ་ཚོགས་ཞེས་ཚིག་འོག་མ་དང་སྦྱར་རོ། །དེ་ནི་དུས་ཕུན་སུམ་ཚོགས་པ་ཡིན་ནོ། །དེའི་ཕུན་སུམ་ཚོགས་པ་ནི་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ཞིང་།མདོ་སྡེ་དཀོན་མཆོག་འདི་ལྟ་བུ་དག་མངོན་སུམ་དུ་ཐོས ་པའི་སྐབས་ཡོད་པའོ། །གལ་ཏེ་དེ་ལྟར་ན་ཡང་རྫོགས་ལྡན་གྱི་དུས་ལ་སོགས་པ་ནི་སྐྱེ་དགུའི་ཚེ་ལོ་དཔག་ཏུ་མེད་ཅིང་ལོངས་སྤྱོད་ཀྱི་འབྱོར་པ་ཕུན་སུམ་ཚོགས་པས་ཡང་ཡིན་པས་དུས་ཕུན་སུམ་ཚོགས་པ་ཞེས ་གདགས་སུ་རུང་གི། འདིའི་ཚེ་ནི་རྩོད་པའི་དུས་ལ་བབ་སྟེ། སྙིགས་མ་ལྔ་བདོག་ཡིན་ན་ཇི་ལྟར་དུས་ཕུན་སུམ་ཚོགས་པ་གདགས་རུང་ཞེ་ན་རྫོགས་ལྡན་གྱི་དུས་ལ་སོགས་པའི་ཚེ་ན་སྐྱེ་དགུའི་ཚེ་ལ་དཔག་ཏུ་མེད་ཅིང་ལོངས ་སྤྱོད་ཀྱི་འབྱོར་པ་ཕུན་ཚོགས་བ་ཡིན་ཡང་སྐྱེ་དགུ་ཅིག་དུ་བག་མེད་པར་སྤྱོད་ཅིང་།དཀོན་མཆོག་གསུམ་གྱི་མཚན་ཡང་མི་གྲག་པ་ཡིན་པས་དུད?་ཕུན་སུམ་ཚོགས་པ་ཞེས་མི་གདགས་ལ། དུས་མཛའ་ཨི་ཚེ་ན་ནི་ནང་ལ་སོགས ་བའི་བར་གྱི་བསྐལ་བས་གཡོན་སྦྱོང་ཞིང་དག་བའི་མིང་ཡང་མི་གྲགས་པས་དེ་ནི་དུས་ཀྱི་མཐ?་ཆད་ཡིན་གྱི། འདིའི་ལ?་རྩོད་པའི་དུས་ལ་བབ་ཏུ་ཟིན་ཀྱང་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ཞིང་མདོར་དཀོན་མཆོག་འདི་ལྟ་བུ་དག་མངོན་སུམ་པ་ཐོས་པའི་སྐབས་ཡོད་པ་དང། མངོན་པར ་རྫོགས་པ་མང་བ་དང། གང་གི་དཀོན་མཆོག་གསུམ་གྱི་མཚན་ཐོས་པ་ཙམ་དང། སེ་གོལ་གཏོགས་པའི་ཡུད་ཙམ་ཞིག་དགེ་བའི་སེམས་བསྐྱེད་པ་དེ་དག་ཐམས་ཅད་ཀྱང་དུས་གཞན?་ན་བླ་ན་མེད་པ་ཡང་དག་པར་རྫོགས་པ་ལ་བྱང་ཆུབ་ཏུ་མངོན་པར་རྫོགས ་པར་སངས་རྒྱ་བར་འགྱུར་རོ་ཞེས་དེ་བཞིན་གཤེགས་པས་ལུང་བསྟོན་པའི་གནས་སྐབས་ཡིན་པས་གཅིག་ཏུ་སྙིགས་མ་ལྔ་བོང་བ་ཡང་མ་ཡིན་པས་དེའི་ཕྱིར་།དུས་ཕུན་སུམ་ཚོགས་པ་ཞེས་གདགས་སུ་ཕུང་པོ། །གང ་ལས་བཤད་ཅེ་ན། །སྟོན་པ་ཕུན་སུམ་ཚོགས་པ་སྟེ་།དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཞེས་བྱ་བ་གསུངས་སོ། །དེ་ལ་བཅོམ་ལྡན་འདས་ཞེས་བྱ་བ་ནི་ལེགས་པ་རྣམ་པ་དྲུག་པ་རང་དབང་དང། རབ་ཏུ ་སྦྱངས་པ་དང། གཟུགས་བཟང་བ་དང། གྲགས་པ་དང་དབལ་དང། ཆེ་བ་ཉིད་སོགས་པ་ལ་བྱ་སྟེ། སྒྲ་ངེས་པར་སྦྱོར་བ་ལས་ཇི་སྐད་དུ། རང་དབང་དང་ནི་རབ་སྦྱངས་དང། གཟུགས་བཟང་བ་དང་གྲགས་པ་དང། །དཔལ་དང་ཆེ་བ་ཉིད ་སོགས་པ། །དྲུག་པོ་རྣམས་ལ་ལེགས་བཤད་ནི་ཞེས་འབྱུང་བ་ལྟ་བུའོ། །དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་ལ་རྣམ་པ་ཐམས་ཅད་དུ་བྲལ་བ་མེད་དེ་མངའ་བས་ན་དེའི་ཕྱིར་དེ་བཞིན་གཤེགས་པ་ལ་བཅོམ་ལྡན་འདས་ཞེས་བྱའོ། །དེ་ལ་རང་དབང ་ཇི་ལྟ་བུ་ན་ཉོན་མོངས་པས་གཞན་གྱི་དབང་དུ་འགྱུར་བ་མེད་པའི་ཕྱིར་རོ། །རབ་ཏུ་སྦྱངས་པ་ནི་ཡེ་ཤེས་གྱི་མའི་གདུང་བས་ཉོན་མོངས་པའི་བུད་ཤིང་རབ་ཏུ་བསྲེགས་པའི་ཕྱིར་རོ། །གཟུགས་དང་བ་ནི་སྐྱེས་བུ་ཆེན་པོའི་མཚན་མཆོག་སུམ་ཅུ་རྩ་གཉིས ་ལ་སོགས་པ་མངའ་བའི་ཕྱིར་རོ། །གྲགས་པ་ནི་ཡོན་ཏན་གྱི་ཁྱད་པར་ཐམས་ཅད་ཕུན་སུམ་ཚོགས་པ་མངའ་བའི་ཕྱིར་རོ། །དཔལ་ནི་འགྲོ་བ་ཐམས་ཅད་ཀྱིས་བརྟེན་པར་བྱ་བ་ཡིན་པའི་ཕྱིར་རོ། །ཆེ་བ་ཉིད་ནི་སེམས་ཅན ་ཐམས་ཅད་ལས་རྣམ་པ་ཐམས་ཅད་དུ་ཕན་པ་དང་།བདེ་བ་མཛད་པ་རྒྱུན་མི་འཆད་པར་སྦྱོར་བའི་ཕྱིར་རོ། །ཚོགས་པ་ཞེས་བྱ་བ་ནི་ལྡན་པའི་དོན་ཏེ། རང་དབང་ལ་སོགས་པ་དྲུག་ཆར་དང་སྦྱར་རོ། །ཡང་ཚིག་གི་དོན་རྣམ་པ་ཅིག ་ཏུ་ན་བདུད་བཞི་བཅོམ་པས་ན་བཅོམ་ལྡན་འདས་ཞེས་བྱ་སྟེ། བདུད་བཞི་ནི་ཕུང་པོའི་བདུད་དང་།འཆི་བདག་གི་བདུད་དང། ཉོན་མོངས་པའི་བདུད་དང་།ལྷའི་བུའི་བདུད་དོ། །བཅོམ་ལྡན་འདས་ནི་ཟག་པ་བཞི་པོ་ལྟ་བའི་ཟག་པ་དང། ་སྲེད་པའི་ཟག་པ་དང་།མ་རིག་པའི་ཟག་པ་དང། འདོད་པའི་ཟག་པ་ཟད་པས་དེ་དག་གོ་རིམ་བཞིན་དུ་བཅོམ་པར་རིག་པར་བྱའོ། །དེ་ནི་སྟོན་པ་ཕུན་སུམ་ཚོགས་པ་ཡིན་ཏེ། དེའི་ཕུན་སུམ་ཚོགས་པ་ནི་ལེགས་པ་དྲུག་དང་ལྡན་པ་དང་བདུད ་བཞི་བཅོམ་པ་ལ་སོགས་པ་བཅོམ་ལྡན་འདས་ཉིད་ཀྱི་རྒྱུད་ལ་མངའ་བའི་ཡོན་ཏན་དང་ལྡན་པའོ། །དེ་ལྟར་དུས་ཕུན་སུམ་ཚོགས་པ་དང་།སྟོན་པ་ཕུན་སུམ་ཚོགས་པ་དེ་གཉིས་ནི་མདོ་སྡེ་ཐམས་ཅད་སྦྱིར་འདྲ་བར་བསྟན་པ་ཡིན་པས་ན་ཐུན་མོང་གི ་གླེང་གཞིའི་ཁྱད་པར་རྣམ་པར་བཞག་པ་ཞེས་བྱའོ།། ཐུན་མོང་གི་གླེང་གཞིའི་ཁྱད་བར་རྣམ་པར་བཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། དེ་ལྟར་ཐུན་མོང་གི་གླེང་གཞིའི་ཁྱད་པར་རྣམ་པར་གཞག་པ་བསྟན་ནས། དེ་ནི་ཐུན་མོང་མ ་ཡིན་པའི་གླེང་གཞིའི་ཁྱད་པར་རྣམ་པར་བཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ་།དེ་ཡང་གང་ན་ཅི་འདྲ་བ་ཞིག་ཇི་ལྟ་བུ་དག་དང་བཞུགས་པའི་རིམ་གྱིས་མདོ་འདིའི་གླེང་གཞིའི་ཁྱད་པར་རྣམ་པར་བཞག་པའོ། །དེ་ནི་ཕུན་སུམ་ཚོཌ ་པ་རྣམ་པ་གསུམ་གྱིས་བསྟན་ཏེ། བཅོམ་ལྡན་འདས་ཀྱིས་གནས་སུམ་ཚོགས་པ་དང་ཡོན་ཏན་ཕུན་སུམ་ཚོགས་པ་དང། འཁོར་ཕུན་སུམ་ཚོགས་པ་དང་།དེ་ལགས་ན་བཞུགས་ཤེ་ན་།གནས་ཕུན་སུམ་ཚོགས་པ་ན་སྟེ་།དེའི་ཕྱིར་དེ་བསྟན་པའི་དབང་བུ ་མཛད་ནས་གཞལ་མེད་ཁང་ཆེན་པོ་ཞེས་བྱ་བ་གསུངས་སོ། །དེ་ལ་བཅོམ་ལྡན་འདས་ཀྱི་གནས་ཕུན་སུམ་ཚོགས་བ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་སྟེ། གཞལ་མེད་ཁང་ཆེན་པོ་བྱ་བའི་སྒྲ་ཉིད་ཀྱིས་བསྟན་ཏོ། །དེ་ནི་དང་པོ་ཁོ་ནས་བསྟན་དག་སོ་ཏེ། འཇིག་རྟེན ་པ་ཐམས་ཅད་ལས་འདས་པ་ཐམས་ཅད་མཁྱེན་པའི་གནས་ཡིན་ནོ་ཞེས་ཡང་དག་པར་བསྟན་པའི་ཕྱིར་རོ། །དེ་བསྟན་པ་ཡང་གདུལ་བྱ་རྣམས་དེ་ལ་མོས་པ་བསྐྱེད་པ་དང་།སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བར་སྨོན་ལམ་འདེབས་པ་དང་།རྒྱ་ཆེན ་བོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་རྣམས་དགའ་བ་ཡང་དག་པར་བསྐྱེད་པ་དང། ལྷག་བའི་བསམ་པ་ལ་མོས་པ་རྣམས་ཀྱི་ལྷག་པའི་བསམ་པའི་ཁམས་བསྟན་པར་བྱ་བ་དང་།གང་དུ་བཞུགས་ཏེ། ཆོས་དཀོན་མཆོག་འདི་བཤད་བའི་གནས་དེ་ཡང ་དག་པར་བསྟན་པའི་ཕྱིར་ཏེ་།གཞན་དུ་ན་གང་དུ་བཞུགས་ཏེ་བཤད་པ་མི་ཤེས་པས་ཀུན་ལ་ཐེ་ཚོམ་དུ་འགྱུར་རོ། །དེའི་ཕུན་སུམ་ཚོགས་པ་ནི་རྣམ་པ་བཅོ་བརྒྱད་དུ་རིག་པར་བྱ་སྟེ་།ཁ་དོག་ཕུན་སུམ་ཚོགས་པ་དང་དབྱིབས་ཕུན་སུམ་ཚོགས་པ་དག་ཚད་ཕུན་སུམ ་ཚོགས་པ་དང་།ཡུལ་ཕུན་སུམ་ཚོགས་པ་དང་།རྒྱུ་ཕུན་སུམ་ཚོགས་པ་དང་།རང་བཞིན་ཕུན་སུམ་ཚོགས་པ་དང། བདག་པོ་ཕུན་སུམ་ཚོགས་པ་དང་།ཞམ་འབྲིང་བ་ཕུན་སུམ་ཚོགས་པ་དང་།ཕྱོགས་ཕུན་སུམ་ཚོགས་པ་དང་།ལོངས་སྤྱོད་ཕུན་སུམ་ཚོགས ་པ་དང་།བྱ་བ་སྒྲུབ་པ་ཕུན་སུམ་ཚོགས་པ་དང་།འཚེ་བ་མེད་པ་ཕུན་སུམ་ཚོགས་པ་དང་།ཕྱིར་རྒོལ་བ་མེད་པ་ཕུན་སུམ་ཚོགས་པ་དང་།གནས་ཕུན་སུམ་ཚོགས་པ་དང་།བདག་པོའི་གནས་ཀྱི་བྱེ་བྲག་ཕུན་སུམ་ཚོགས་པ་དང་།བཞོན་བ་ཕུན ་སུམ་ཚོགས་པ་དང་།སྒོ་ཕུན་སུམ་ཚོགས་པ་དང། རྟེན་ཕུན་སུམ་ཚོགས་པའོ། །ཕུན་སུམ་སོགས་པ་རྣམ་པ་བཅོ་བརྒྱད་པོ་དེ་དག་ནི་མདོ་ལས། རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ། འཇིག་རྟེན་གྱི་ཁམས ་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་ཆེན་པོ་རབ་ཏུ་བྱུང་ཞེས་བྱ་བ་ནས་།རིན་པོ་ཆེའི་པདྨའི་རྒྱལ་པོ་ཡོན་ཏན་མཛའ་ཡས་པས་བརྒྱན་པའི་བཀོད་པ་ལ་བརྟེན་པ་ན་བཞུགས་ཏེ་ཞེས་གསུངས་པའི་བར་གྱི་ཚིག་བཅུ་དགུ ་ལས་ཁ་དོག་ཕུན་སུམ་ཚོགས་པ་ནི་མདོའི་ཚིག་དང་པོ་གཉིས་དང་སྦྱར་རོ། །དབྱིབས་ཕུན་སུམ་ཚོགས་པ་ལ་སོགས་པ་ལྷག་མ་རྣམས་ནི་མདོའི་ཚིག་ལྷག་མ་རྣམས་དང་གོ་རིམ་བཞིན་དུ་སྦྱར་རོ། །དེ་ལ་དང་པོ་ཁ་དོག་ཕུན་སུམ་ཚོགས ་པ་བསྟན་པའི་དབང་དུ་མཛད་ནས། རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་ཆེན་པོ་རབ་ཏུ་འབྱུང་བ་ཞེས་བྱ་བ་གསུངས་སོ། །དེ་ལ་རིན་པོ་ཆེ་སྣ་བདུན་ཞེས་བྱ ་བ་ནི་གསེར་དང་།དངུལ་དང། བཻ་ཌཱུརྱ་དང། སྤུག་དང་།རྡོའི་སྙིང་པོ་དག་དང། མུ་ཏིག་དམར་པོ་དང། ཀེ་ཀེ་རུའོ། །མཆོག་ཏུ་འབར་བ་ཞེས་བྱ་བ་ནི་རིན་པོ་ཆེ་སྣ་བདུན་པོ་དེ་དག་ཉིད་ཁ་དོག་མཆོག་ཏུ་འབར་བའོ། །ཡང་ན་གཞལ་མེད་ཁང ་ཆེན་པོའི་ཁྱད་པར་དེ་ཉིད་རིན་པོ་ཆེ་སྣ་བདུན་པོ་དེ་དག་གི་ཁ་དོག་མཆོག་ཏུ་འབར་བ་ལ་ཡང་བྱའོ། །བཀོད་པ་ཞེས་བྱ་བ་ནི་རྒྱན་གྱི་ཁྱད་པར་གཞན་ཏེ། གཞལ་མེད་ཁང་ཆེན་པོ་དེ་ཉིད་རྒྱན་གྱི་ཁྱད་བར་གཞན་དང་ཡང་ལྡན་ནོ་ཞེས་བྱ་བར ་སྦྱར་རོ། །འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་ཞེས་བྱ་བ་ནི་དེ་ལྟར་མཆོག་ཏུ་འབར་བ་དེ་ལས་འོད་ཟེར་གང་དག་བྱུང་བས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་དག་སྣང་བས་ཁྱད ་པར་བྱེད་པའོ། །ཆེན་པོ་ཞེས་བྱ་བ་ནི་དེ་ལྟར་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་དེ་དག་ཆེ་བ་ཡིན་ཏེ། དེ་ལྟར་ན་འོད་ཟེར་དེ་དག་ནི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པར་རྒྱས་པར་འགེངས་པ་? ་ཡིན་ལ། འོད་ཟེར་ཆེན་པོ་ཡང་ཡིན་ནོ། །ཞེས་བྱ་བར་སྦྱར་རོ། །རབ་ཏུ་འབྱུང་བ་ཞེས་བྱ་བ་ནི་གཞལ་མེད་ཁང་ཆེན་པོ་དེ་ཉིད་ལ་འོད་ཟེར་ཆེན་པོ་དེ་དག་རབ་ཏུ་བྱུང་ངོ་ཞེས་བྱ་བའི་ཐ་ཚིག་སྟེ། ཚིག་དེ་ཉིད་ཀྱིས་ནི་ཁ་དོག་ཕུན་སུམ་ཚོགས ་པ་བསྟན་ཏོ། །དེ་ལྟར་ཁ་དོག་ཕུན་སུམ་ཚོགས་པ་བསྟན་ནས་།དེའི་དབྱིབས་ཅི་འདྲ་ཞེ་ན། དེའི་ཕྱིར་དབྱིབས་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས་།གནས་ཐ་དད་པ་ཤིན་ཏུ་རྣམ་པར་ཕྱེ་བ་མཛའ་ཡས་པར་རྣམ་པར་གནས་པ་ཞེས་གསུངS ་ཏེ་།དེའི་དབྱིབས་ནི་གནས་ཐ་དད་པ་ཤིན་ཏུ་རྣམ་པར་ཕྱེ་བ། མཛའ་ཡས་པར་རྣམ་པར་གནས་པ་ཡིན་ནོ་ཞེས་བྱ་བར་སྦྱར་བར་བྱའོ། །དེ་ལ་གནས་ཐ་དད་པ་ཞེས་བྱ་བ་ནི་གཅིག་ཏུ་ཟད་པ་མ་ཡིན་གྱི་གནས་ཀྱི་བྱེ་བྲག་ཐ་དད་པ་རྣམ་པ་སྣ་ཚོགས་མང ་དུ་ཡོད་པའི་དོན་ཏོ།། ཤིན་ཏུ་རྣམ་པར་ཕྱེ་བ་ཞེས་བྱ་བ་ནི་བློ་སྔོན་དུ་བཏང་ནས་ཆ་རྣམ་པར་བཞག་པས་བརྒྱན་པའོ། །ཇི་ལྟར་སེམས་ཡོངས་སུ་དག་པའི་རང་བཞིན་གྱི་སངས་རྒྱས་ཀྱི་ཞིང་བློ་སྔོན་དུ་བཏང་ནས་ཆ་རྣམ་པར་བཞག་པ་སྲིད་པར་འགྱུར ་ཞེ་ན། དེ་ནི་གྱི་རོལ་གྱི་སྒྲུབ་པས་ཡོངས་སུ་གྲུབ་པ་མ་ཡིན་གྱི། བཅོམ་ལྡན་འདས་ལས་སྔོན་བྱང་ཆུབ་སེམས་དཔར་གྱུར་བ་ན་མངོན་པར་འདུ་བྱེད་པ་དང་བཅས་པས་འཇུག་པའི་ཤེས་རབ་ཀྱི་རྣམ་པ་ལ་དཔྱོད་པའི་ཚེ་སྨོན་ལམ་གྱི་དབང་གི་དེ་དེ་ལྟར ་མངོན་བར་འདུས་བྱས་པའི་དབང་གིས་ན་དེ་ལྟར་སྤྲོས་པ་མེད་པ་ལྷུན་གྱིས་གྲུབ་པའི་གནས་སྐབས་ན་ཡང་ཆ་རྣམ་པར་བཞག་པའི་རྣམ་པར་རིག་པ་འབྱུང་པའི་ཕྱིར་རྣམ་པར་རིག་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ ་ཡང་སྣང་སྟེ་འགལ་བ་མེད་དོ། །མཛའ་ཡས་པར་ཞེས་བྱ་བ་ནི་།གྲངས་མཛའ་ཡས་པ་དང་།ཡུལ་མཛའ་ཡས་པའོ། །རྣམ་པར་གནས་པ་ཞེས་བྱ་བ་ནི་ཁྱད་པར་དུ་འཕགས་བར་གནས་པ་འམ་།རྣམ་པ་སྣ་ཚོགས་སུ་གནས་པ ་འམ། འབྱམས་ཀླས་པར་གནས་པའི་དོན་ཏེ་དེ་ནི་དབྱིབས་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལྟར་དབྱིབས་ཕུན་སུམ་ཚོགས་པ་བསྟན་ནས། དེའི་ཚད་ཇི་ཙམ་ཞེ་ན་།དེའི་ཕྱིར་ཚད་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། རྒྱ་ཡོངས ་སུ་མ་ཆད་པ་ཞེས་བྱ་བ་གསུངས་ཏེ། དེའི་ཚད་ནི་རྒྱ་འདི་ཙམ་ཞེས་ཚད་བཟུང་དུ་མེད་པའི་ཕྱིར་རོ། །དེ་ལ་རྒྱ་ཞེས་བྱ་བ་ནི་ཐ་གྲུའི་ཁྱོན་ནོ། །ཡོངས་སུ་མ་ཆད་པ་ཞེས་བྱ་བ་ནི་དེའི་རྒྱ་འདི་ཙམ་ཞེས་ཚད་བཟུང་དུ་མེད་པའོ། །ཡང་ན་རྒྱ་ཆེ་ཞེས་བྱ་བ་ནི་ཐ ་གྲུའི་ཁྱོན་མ་ཡིན་གྱི། ཤར་ཕྱོགས་ཁ་སོགས་པའི་ཕྱོགས་ཆ་སྟེ། ཕྱོགས་ཆ་ཐ་དད་པའི་ཆ་ཡོངས་སུ་བཅད་མི་ནུས་པའི་རྒྱ་ཡོངས་སུ་མ་ཆད་པ་ཞེས་བྱ་སྟེ། དེ་ནི་ཚད་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལྟར་ཚད་ཕུན་སུམ་ཚོགས་པ་བསྟན་ནས་སོ། །ཡོངས ་སུ་མ་ཆད་པ་དེ་ཁམས་གསུམ་པར་གཏོགས་པ་ཞིག་ཡིན་ནམ་ཞེ་ན་།མ་ཡིན་ཏེ་དེའི་ཕྱིར་ཡུལ་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། ཁམས་གསུམ་པ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ་ཞེས་བྱ་བ་གསུངས་ཏེ། ་གནས་ཕུན་སུམ་ཚོགས་པ་དེ་ཉིད་ཁམས་གསུམ་པ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ་ཅན་ཡིན་པའི་ཕྱིར་རོ། །དེ་ལ་སྤྱོད་ཡུལ་ཞེས་བྱ་བ་ནི་གནས་སམ་ཡུལ་ལ་བྱ་སྟེ། དངོས་སུ་ན་གཞལ་མེད་ཁང་ཆེན་པོ་དེ་ཉིད་ཡིན ་པར་བལྟའོ། །དེ་བས་ན་སྤྱོད་ཡུལ་དེ་ཉིད་ཁམས་གསུམ་པ་ལས་ཡང་དག་པར་འདས་པ་ཡིན་ཏེ། དེ་ནི་སྤྱོད་ཡུལ་ཡང་ཡིན་ལ་ཁམས་གསུམ་པ་ལས་ཡང་དག་པར་འདས་པ་ཡང་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར་ཞེ་ན། ཁམས་གསུམ ་པ་ནི་རང་གིས་པའི་སྲེད་པ་དག་གིས་བྱས་པ་ཡིན་པས་དམིགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་རྟས་པར་འགྱུར་བ་དང་དལ་རྣམ་པར་སྨིན་པ་ཡིན་གྱི། སྤྱོད་ཡུལ་དེ་ནི་ཁམས་གསུམ་པའི་སྲིད་པ་དག་གིས་བདག་གིར་བྱས་པ་མ་ཡིན་ན ་པས་དམིགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་རྟས་པར་འགྱུར་པ་ཡང་མ་ཡིན་ལ། རྣམ་པར་སྨིན་པའི་ས་ལས་ཡང་དག་པར་འདས་པའི་ཕྱིར་དེ་ནི་རྣམ་པར་སྨིན་བ་ཡང་མ་ཡིན་ཏེ། མྱ་ངན་ལས་འདས་པ་དང་འདྲ་བས་ན་དེའི་ཕྱིར་ཁམས ་གསུམ་པ་ལས་ཡང་དག་པར་འདས་པ་ཞེས་བྱ་སྟེ། དེ་ནི་ཡུལ་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལྟར་ཡུལ་ཕུན་སུམ་ཚོགས་པ་བསྟན་ནས། གལ་ཏེ་དེ་ཁམས་གསུམ་པའི་སྲེད་པ་དག་གིས་བདག་གིར་མ་བྱས་པ་དང་རྣམ་པར་སྨིན་པའི་ས ་ལས་འདས་པའི་ཕྱིར་དེའི་རྣམ་པར་སྨིན་པ་ཡང་མ་ཡིན་ཏེ། མྱ་ངན་ལས་འདས་པ་དང་འདྲ་བ་ཡིན་ན་།དེ་ལྟ་ན་མྱ་ངན་ལས་འདས་པ་དང་འདྲ་པར་རྒྱུ་མེད་པའི་སྐྱོན་དུ་འགྱུར་རོ། །ཅི་སྟེ་རྒྱུ་ཅན་ཞིག་ཡིན་ན་ནི་ཁམས་གསུམ་བའི་སྤྱོད་ཡུལ་དུ་འགྱུར་བས ་དེའི་རྒྱུ་ཁམས་གསུམ་པ་ལས་གཞན་པ་འགའ་ཞིག་བརྗོད་དགོས་སོ་ཞེ་ན་།དེའི་ཕྱིར་རྒྱུ་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས་།འཇིག་རྟེན་ལས་འདས་པ་དེའི་བླ་མའི་དགེ་བའི་རྩ་བ་ལས་བྱུང་བ་ཞེས་གསུངས་སོ། །དེ་ལ་འཇིག ་རྟེན་ལས་འདས་པ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དེའི་བླ་མའི་དགེ་བ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་དེའི་རྗེས་ལས་ཐོབ་བ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཏེ། དེ་ཉིད་དགེ་བའི་རྩ་བ་ཡིན་ནོ། །ལས་བྱུང་བ་ཞེས ་བྱ་བ་ནི་དག་པ་འཇིག་རྟེན་པའི་ཡེ་ཤེས་གྱི་དགེ་བའི་རྩ་བ་དེ་ལ་གནས་ཕུན་སུམ་ཚོགས་པར་སྣང་བའི་རྣམ་པར་རིག་བ་དེ་བྱུང་བ་སྟེ་།དག་པ་འཇིག་རྟེན་པའི་ཡེ་ཤེས་དེ་ཉིད་གནས་ཕུན་སུམ་ཚོགས་པའི་རྣམ་པར་རིག་པར་སྣང་? ་དོན་ཏོ། །དེ་བས་ན་དེ་ནི་རྒྱུ་མེད་པ་ཡང་མ་ཡིན་ལ་དབང་པོ་ལ་སོགས་པ་རྒྱུ་མི་མཐུན་པ་ལས་བྱུང་བ་ཡང་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཡང་རྣམ་པར་མི་རྟོག་པའི་རྗེས་ལས་ཐོབ་པ་དག་པ་འཇིག་རྟེན་པའི ་ཆོས་དེ་ཁམས་གསུམ་པ་ལས་ཡང་དག་པར་འདས་བའི་རྣམ་པར་སྨིན་པའི་རྒྱུར་ཇི་ལྟར་འགྱུར་ཞེ་ན། དེ་ནི་རྣམ་པར་སྨིན་པའི་རྒྱུ་ཞེས་མི་བྱའི་དེ་ལས་གཞན་གང་འབྱུང་བ་ལས་བལྟོས་ནས་རྒྱུ་ཞེས་བརྗོད་བ་ཙམ་དུ ་ཟད་དེ། དཔེར་ན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་བ་ནས་ལམ་ལ་རྗེས་སུ་ཤེས་པའི་བར་གྱི་ཚོགས་བཅུ་དྲུག་པོ་དག་ལས་འཇིག་རྟེན་པའི་ཆོས་ཀྱི་མཆོག་འབྱུང་བ་དང་འདྲའོ། །ཡང་རྣམ་གྲངས་གཞན་དུ་ན་ཚིག ་གི་དོན་དེ་འདི་ལྟར་ཡང་བཤད་དེ་།འཇིག་རྟེན་ལས་འདས་པ་ཞེས་བྱ་བ་ནི་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་མོ། །དེའི་བླ་མའི་དགེ་བའི་རྩ་བ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་དགེ་བའི་རྩ་བ་ཟག་པ ་མེད་པ་ཉིད་དོ། །ལས་བྱུང་བ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་དགེ་བའི་རྩ་བ་དེའི་དབང་གི་རྣམ་པར་རིག་པ་དེ་ལྟ་བུ་སྣ་བ་ལས་བྱ་སྟེ་།དེ་ནི་རྒྱུ་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལྟར་རྒྱུ་ཕུན་སུམ་ཚོགས་པ་བསྟན་ནས་དེའི་རང ་བཞིན་ཅི་འདྲ་ཞེ་ན། དེའི་ཕྱིར་རང་བཞིན་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས་ཤིན་ཏུ་རྣམ་པར་དག་ཅིང་དབང་སྒྱུར་བའི་རྣམ་པར་རིག་པའི་མཚན་ཉིད་ཅེས་བྱ་བ་གསུངས་ཏེ། དེའི་རང་བཞིན་ནི་ཤིན་ཏུ་རྣམ་པར་དག་ཅིང་དབང་སྒྱུར ་བའི་རྣམ་པར་རིག་པའི་མཚན་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལ་ཤིན་ཏུ་རྣམ་པར་དག་ཅིང་ཞེས་བྱ་བ་ནི་གནས་ཕུན་སུམ་ཚོགས་པར་སྣང་བའི་རྣམ་པར་རིག་པ་དེ་ཉིད་བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུ་ཤིན་ཏུ་སྦྱངས ་པ་བྱས་ཏེ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་གསལ་ཅིང་བཟུང་བ་དང་འཛིན་པ་རྣམ་པར་སྤངས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཤིན་ཏུ་རྣམ་པར་དག་པ་ཡིན་ནོ། །དབང་སྒྱུར་བ་ཞེས་བྱ་བ་ནི་ཟད་པར་གྱི་སྐྱེ་མཆེད་ལ་སོགས་པ་གྲུབ ་པའི་རྣལ་འབྱོར་བ་དངོས་པོ་རྣམས་ལ་འདོད་དགུར་དབང་སྒྱུར་བ་དང་འདྲ་བར་ཤིན་ཏུ་རྣམ་པར་དག་པའི་རྣམ་པར་རིག་པ་དེས་རྣམ་པར་རིག་པ་ཙམ་གྱི་སྤྱོད་ཡུལ་རྣམ་པར་རིག་པའི་ངོ་བོ་ཉིད་དེ་ལ་དགྱེས་དགུར་དབང་སྒྱུར་ཞིང་མངལ ་མཛད་བའི་དོན་ཏོ། །རྣམ་པར་རིག་པའི་མཚན་ཉིད་ཅེས་བྱ་བ་ནི་གནས་ཀྱི་རྣམ་པ་ལྟ་བུར་སྣང་བ་དེ་ཉིད་ཀྱི་སེམས་ཀྱི་རྣམ་པར་རིག་པ་ཙམ་གྱི་མཚན་ཉིད་ཡིན་ཏེ། རྣམ་པར་རིག་པ་ལ་གཞན་པའི་ཕྱི་རོལ་ན་རིན་བོ་ཆེ་ལ་སོགས་པའི་དངོས་པོ ་གཞན་མེད་བའི་ཐ་ཚིག་གོ། སོ་སོའི་སྐྱེ་བོ་རྣམས་ཀྱི་སྤྱོད་ཡུལ་དུ་སྣང་བ་ལུས་ལོངས་སྤྱོད་དང་།གནས་ཀྱི་རྣམ་པར་སྣང་བ་དག་ཀྱང་རང་རང་གི་རྣམ་པར་རིག་པའི་མཚན་ཉིད་ཡིན་མོད་ཀྱི། དེ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་བས ་བསྐྱེད་པ་བཟུང་བ་དང་།འཛིན་བའི་རྣམ་པར་སྣང་བ་ཡིན་པས་ཤིན་ཏུ་རྣམ་པར་དག་ཅིང་དབང་སྒྱུར་བ་མ་ཡིན་གྱི། འདི་ནི་དེ་ལས་ཟློག་པ་ཡིན་པས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཞེས་བྱའོ།། ཤིན་ཏུ་རྣམ་པར་དག་ཅིང་དབང་སྒྱུར་བའི ་རྣམ་པར་རིག་པའི་མཚན་ཉིད་འདི་ནི་རྒྱུ་ཕུན་སུམ་ཚོགས་པ་ལྟར་བསྟན་པ་དེའི་འབྲས་བུ་ཕུན་སུམ་ཚོགས་པ་ཞེས་ཀྱང་བྱ་སྟེ་།དེ་ལ་ཅིའི་ཕྱིར་འབྲས་བུ་བྱ་ཞེས་ན། རྣམ་པར་རིག་པ་ལས་ཐ་མི་དད་ཀྱང་ཡུལ་གྱི་རྣམ་པ་ལྟ་བུར་སྣང་བས ་འབྲས་བུ་ཞེས་བྱ་སྟེ། དཔེར་ན་ཟད་པར་སྔོན་པོ་ལ་སོགས་པར་སྙོམས་པར་ཞུགས་པ་རྣམས་ཀྱིས་དེའི་རྣམ་པའི་རྣམ་པར་རིག་པ་ལ་སྣང་བ་བཞིན་ཏེ། དེ་ནི་རང་བཞིན་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལྟར་རང་བཞིན་ཕུན་སུམ་ཚོགས ་བ་བསྟན་ནས། གནས་ནི་བདག་པོས་ཡོངས་སུ་ཟིན་པ་ཡིན་པའི་ཕྱིར་དེའི་བདག་པོ་གང་ཞེ་ན་།དེའི་ཕྱིར་བདག་པོ་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། དེ་བཞིན་གཤེགས་པའི་གནས་ཞེས་བྱ་བ ་གསུངས་ཏེ་།དེ་ནི་བདག་པོའི་ཁྱད་པར་སངས་རྒྱས་བཅོམ་ལྡན་འདས་ཀྱི་གནས་ཡིན་གྱི་གཞན་གྱི་མ་ཡིན་ནོ། །ཡང་ན་དེས་དེ་བྱིན་གྱིས་བརླབས་ཏེ་ཟིན་པ་དང། ཡོངས་སུ་བཟུང་བ་ཡིན་གྱི་གཞན་གྱིས་མ་ཡིན་ནོ་ཞེས་བྱ་པར་སྦྱར་ཏེ། དེ ་ནི་བདག་པོ་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལྟར་བདག་པོ་ཕུན་སུམ་ཚོགས་པ་བསྟན་ནས། བདག་པོས་ནི་ཞམ་འབྲིང་བ་ཡོངས་སུ་ཟིན་པའི་ཕྱིར་བདག་པོ་ཕུན་སུམ་ཚོགས་པ་ལ་ཞམ་འབྲིང་བ་ཡང་དགོས་པས་དེའི་ཕྱིར་ཞིམ ་འབྲིང་བ་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས་།བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་དགེ་འདུན་དང་ལྡན་པ་ཞེས་བྱ་བ་གསུངས་ཏེ། དེ་ལྟར་བདག་པོ་ཕུན་སུམ་ཚོགས་པ་དང་ལྡན་པའི་གནས་དེ་ནི་ཞམ ་འབྲིང་བ་ཕུན་སུམ་ཚོགས་པ་དང་ལྡན་པ་ཡང་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཞམ་འབྲིང་བ་ཞེས་བྱ་བ་ནི་གང་གི་རྗེས་སུ་གང་འགྲོ་བ་དེ་ནི་དེའི་ཞམ་འབྲིང་བ་ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའ་གྲངས་ལས་འདས་པ་དག་དེ་ན་ཡོད ་པའི་དོན་ཏོ། །འོན་ཞམ་འབྲིང་བ་ཉན་ཐོས་ལ་སོགས་པ་དག་མ་སྨོས་པར་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ཨི་དགེ་འདུན་ཉི་ཚེ་སྨོས་ཤེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདུད་བཞི་ལ་སོགས་པ་དགྲའི་རྣམ་པ་ཐམས་ཅད ་ཕྱིར་ཟློག་ནུས་པས་དེ་དག་ནི་དེའི་ཞམ་འབྲིང་བ་ཡིན་གྱི་ཉན་ཐོས་ལ་སོགས་པས་ནི་དེ་ལྟ་མ་ཡིན་པའི་ཕྱིར་ཏེ་།དེ་ནི་ཞམ་འབྲིང་བ་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལྟར། ཞམ་འབྲིང་བ་ཕུན་སུམ་ཚོགས་པ་བསྟན་ནས་།ཞམ ་འབྲིང་བ་ཕུན་སུམ་ཚོགས་པ་དང་ལྡན་པ་ལ་ཕྱོགས་ཕུན་སུམ་ཚོགས་པ་ཡང་དགོས་པས། དེའི་ཕྱིར་ཕྱོགས་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། ལྷ་དང་།ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་།ལྷ་མ་ཡིན་དང་ནམ ་མཁའ་ལྡིང་དང། མི་འམ་ཅི་དང། ལྟོ་འཕྱེ་ཆེན་པོ་དང་།མི་དང་མི་མ་ཡིན་པ་མཛའ་ཡས་པ་རྣམ་པར་རྒྱུ་བ་ཞེས་བྱ་བ་གསུངས་ཏེ། ལྷ་ལ་སོགས་པ་ཉིད་དེ་ནས་ཕྱོགས་ཡིན་ཏེ་གཞན་མ་མི་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གནས་དེ ་ནི་ཁམས་གསུམ་པ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ་ཡིན་ནོ་ཞེས་སྔར་བསྟན་པ་ལ་ལྷ་ལ་སོགས་པ་དེ་དག་ནི་ཁམས་གསུམ་པར་གཏོགས་པ་ཡིན་ན་།དེ་ཇི་ལྟར་ལྷ་ལ་སོགས་པ་ཕྱོགས་སུ་འགྱུར་རོ་ཞེ་ན་།ལྷ་ལ་སོཌ ་པ་འདི་དག་ཀྱང་གནས་ཕུན་སུམ་ཚོགས་པའི་ཁྱད་པར་དེ་ལྟ་བུར་སྣང་བའི་རྣམ་པར་རིག་བ་མཐོང་བར་ནུས་པ་ཤ་སྟག་ཡིན་པས་འགལ་བ་མེད་དོ། །ཡང་ན་ལྷ་ལ་སོགས་པ་དེ་ལྟ་བུ་བསྟན་པས་འདུལ་བའི་སེམས་ཅན་ཡོངས་སུ ་སྨིན་པར་བྱ་བའི་ཕྱིར་དེ་དག་ལྟ་བུར་སྤྲུལ་པ་སྟེ། དཔེར་ན་རྒྱལ་པོ་ཀ་བི་ན་འདུལ་བའི་ཕྱིར་བཅོམ་ལྡན་འདས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་བསྟན་བ་བཞིན་ནོ། །ཡང་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་བཞིན ་གཤེགས་པ་ལ་མཆོད་པ་བྱ་བའི་དོན་དུ་རང་རང་གི་ལུས་ལྷ་ལ་སོགས་པའི་ཆ་བྱད་སྣ་ཚོགས་དང་ལྡན་པར་སྤྲུལ་པ་ཡིན་པས་ཉེས་ཕ་མེད་དོ། །དེ་ནི་ཕྱོགས་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལྟར་ཕྱོགས་ཕུན་སུམ་ཚོགས་པ ་བསྟན་ནས། ཕྱོགས་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་དག་ལོངས་སྤྱོད་ཇི་ལྟ་བུར་བསྟན་ཏེ་གནས་ཤེ་ན་།དེའི་ཕྱིར་ལོངས་སྤྱོད་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས་།ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆེན་པོའི་ལོངས་སྤྱོད ་ཀྱི་བསྟན་ཏེ་དེ་ན་གནས་སོ་ཞེས་བྱ་བར་སྦྱར་རོ། །སྟོན་བ་ཞེས་བྱ་བ་ནི་ཟས་དེ་གནས་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆེན་པོ་དེས་ཀྱང་དེ་དག་གནས་པར་འགྱུར་བའི་ཕྱིར་དེ་ནི་དེ་དག་གི་སྟོན་པ ་ཡིན་ནོ། །འོ་ན་གནས་དེ་ནི་ཁམས་གསུམ་ལ་ཡང་དག་བར་འདས་པའི་སྤྱོད་ཡུལ་ཡིན་ནོ་ཞེས་སྔར་བསྟན་དེ་ན་ཟས་ཡོད་པ་རེ་ཇི་ལྟར་འགྱུར་།གལ་ཏེ་ཟག་པ་མེད་པའི་ཆོས་དེ་དག་གི་ཟས་ཡིན་ནོ་ཞེ་ན། དེ་ཡང་མི་རུང་སྟེ། ཟས་ནི་སྲིད ་པ་བསོ་བ་བྱེད་པ་ཡིན་གྱི་དེ་ནི་སྲིད་པ་གཅོད་པ་བྱེད་པ་ཡིན་པས་དེ་དག་ཟས་ཀྱིས་གནས་ཞེས་བྱར་མི་རུང་ངོ་ཞེ་ན། དེ་ནི་དཔེར་ན་གཟུགས་ལ་སོགས་པའི་ཁམས་སུ་འཕགས་པ་དག་ཟག་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་པ་ན་དེས་དེ་དག་གི་ལུས་གནས་པར་གྱུར་པ་དང་འདྲ་བར་ཟག་པ་མེད་པའི་ཆོས་ནི་དེ་དག་གི་ཟས་དང་འདྲ་བར་སྟོན་པ་ཡིན་པས་འགལ་བ་མེད་དོ། །གལ་ཏེ་འཕགས་པ་དག་གཟུགས་ལ་སོགས་པའི་གནས་སུ་ཟག་པ ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི་ཟག་པའི་ཏིང་ངེ་འཛིན་དེས་གནས་པ་མ་ཡིན་གྱི་སྔོན་འདས་དུས་སུ་ཟས་གང་ཡང་རུང་བ་སྟོན་པའི་ཟས་དེ་ད་ལྟར་གནས་བ་ཡིན་པས་དཔེ་དེ་མི་རུང་ངོ་ཞེ་ན། དེ་དག་འདས་པའི་ཟས ་དང་ལྡན་ཞེས་བྱར་མི་རུང་སྟེ་།འདས་པ་ནི་མེད་པ་ཡིན་པའི་ཕྱིར་རོ། །དེ་དང་འདྲ་བར་འདིར་ཡང་གལ་ཏེ་དེ་དག་དེ་ན་ཟག་པ་མེད་པའི་ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆེན་བོས་བསྟན་པ་མ་ཡིན་གྱི་འདས་བའི་དུས་ཀྱི་ཟས་གཞན་གྱིས ་བསྟན་ཏེ་གནས་པར་གྱུར་ན་མེད་པས་བསྟན་ཏེ་གནས་པའི་སྐྱོན་དུ་འགྱུར་བས་།དེའི་ཕྱིར་དེ་དག་ནི་འདས་བའི་ཟས་ཀྱིས་བསྟན་ཏེ་གནས་པ་མ་ཡིན་གྱི་ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆེན་པོ་བསྟན་བ་ཡིན་ཏེ་དེ་ནི་ལོང་སྤྱོད་ཕུན་སུམ་ཚོཌ་པ་ཡིན་ནོ། །དེ་ལྟར་ལོངས་སྤྱོད? ་སུམ་ཚོགས་པ་བསྟན་ནས། ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པ་དེའི་ཕྲིན་ལས་ཅི་མཛད་ཅེ་ན། དེའི་ཕྱིར་བྱ་བ་སྒྲུབ་པ་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། སེམས་ཅན་གྱི་དོན་ཐམས་ཅད་ཡང་དག་པར ་ཐོབ་པར་བྱེད་པར་ཉེ་བར་གནས་པ་ཞེས་བྱ་བར་གསུངས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་ཐམས་ཅད་ཡང་དག་པར་ཐོབ་པར་བྱེད་པས་དེའི་ཉེ་བར་གནས་པ་ཞེས་བྱ་བར་སྦྱར་རོ། །དོན་ཐམས་ཅད་ཅེས་བྱ་བ་མི་ཕན ་པ་དང་བདེ་བའི་དོན་ཏོ། །ཚེ་འདི་ལ་ཕན་པ་དང་ཚེ་ཕྱི་མ་ལ་བདེ་བའོ། །ཡང་ན་འཇིག་རྟེན་པའི་དོན་ནི་ཕན་པའོ། །འཇིག་རྟེན་ལས་འདས་པའི་དོན་ནི་བདེ་བའོ། །འོ་ན་གནས་དེ་ནི་མི་གཡོ་བའི་མཚན་ཉིད་དེ་མངོན་པར་འདུ་བྱེད་པ་ཡིན་ནོ། ་ཇི་ལྟར་ན་སེམས་ཅན་གྱི་དོན་ཐམས་ཅད་ཡང་དག་པར་ཐོབ་བར་བྱེད་ཅེ་ན། དེ་ནི་དཔེར་ན་འཕགས་པ་རྣམས་ཞི་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཀྱང་སྔོན་གྱི་མངོན་པར་འདུ་བྱེད་པའི་དབང་གིས་སེམས་ཅན་གྱི་དོན་མཛོད་བ་རྒྱུན་མི ་འཆད་པ་དང་འདྲ་བར་ལྟ་བར་བྱ་སྟེ། དེ་ནི་བྱ་བ་སྒྲུབ་པ་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལྟར་བྱ་བ་སྒྲུབ་ལ་ཕུན་སུམ་ཚོགས་ལ་བསྟན་ནས་བྱ་བ་སྒྲུབ་པ་ཕུན་སུམ་ཚོགས་པ་དེ་ལ་འཚེ་བ་མེད་བ་ཡང་དགོས་པས་དེའི་ཕྱིར་འཚེ་བ་མེད་པ་ཕུན ་སུམ་ཚོགས་པ་བསྟན་བའི་དབང་དུ་མཛད་ནས། ཉོན་མོངས་པའི་དྲི་མའི་གནོད་པ་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་གསུངས་ཏེ། དེས་ནི་ནང་གི་རྒྱུད་ལས་བྱུང་བའི་གནོད་པ་མེད་པར་སྟོན་ཏོ། །དེ་ལ་ཉོན་མོངས་པ་ཞེས་བྱ་བ་ནི་འདོད་ཆགS ་ལ་སོགས་པའོ། །དྲི་མ་ཞེས་བྱ་བ་ནི་ཉོན་མོངས་པ་དེ་དག་ཉིད་དྲི་མའོ། །གནོད་པ་ཞེས་བྱ་བ་ནི་ཉོན་མོངས་པའི་དྲི་མ་ལས་བྱུང་བའི་གནོད་པ་སྟེ། སྡུག་བསྔལ་སྣ་ཚོགས། །ཉོན་མོངས་པའི་དྲི་མ་དེ་དག་ནི་གནོད་པའི་རྒྱུ་ཡིན་ཏེ། དེ་དག ་མེད་པས་དེ་ལས་བྱུང་བའི་གནོད་པ་ཡང་མེད་དོ། །འོ་ན་དེ་ཇི་ལྟར་འཚེ་བ་མེད་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན་ཉོན་མོངས་པའི་དྲི་མས་བྱས་པའི་གནོད་པ་མེད་པ་གང་ཡིན་པ་དེ་ཉིད་འཚེ་བ་མེད་པ་ཡང་ཡིན་ཏེ། དཔེར་ན ་བདག་པོས་ཕན་མ་བཏགས་ཀྱང་མ་གཅེས་པའི་ཕྱིར་བདག་གི་རྗེའོ་དཔོན་གྱིས་མ་གཅོས?་སོ་ཞེས་ཟེར་བ་ལྟ་བུ་སྟེ། དེ་ནི་འཚོ་བ་མེད་པ་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལྟར་འཚེ་བ་མེད་པ་ཕུན་སུམ་ཚོགས་པ་བསྟན་ནས། རྐང་གི་གནོད་པ ་མེད་པས་འཚེ་བ་མེད་པ་ཕུན་སུམ་ཚོགས་པ་ལ་ཕྱི་རོལ་གྱི་གནོད་པའི་རྒྱུ་ཡང་མེད་པས་དེའི་ཕྱིར་ཕྱིར་རྒོལ་བ་མེད་པ་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས་བདུད་ཐམས་ཅད་ཡོངས་སུ་སྤངས་བ་ཞེས་གསུངས་ཏེ་།ངེས་ནི་ཕྱི་རོལ་གྱི་གནོད་པ ་མེད་པར་སྟོན་ཏོ། །དེ་ལ་བདུད་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་དང་ཉོན་མོངས་པ་དང་འཆི་བདག་དང་ལྷའི་བུའི་བདུད་རྣམས་སོ། །ཡོངས་སུ་སྤངས་པ་ཞེས་བྱ་བ་ནི་དེ་དག་གིས་ཡོངས་སུ་སྤངས་ཏེ། དེ་དག་གིས་དེར་མི་ཇི་བའམ་དྲེས་དེ་དག ་ཡོངས་སུ་སྤངས་ཏེ་།དེ་ན་དེ་དག་མེད་པའོ། །བདུད་དེ་དག་ནི་ཕྱིར་རྒོལ་བ་ཡིན་ཏེ་དེ་དག་ལས་རྒྱལ་ནས་ནི་དེའི་ཕྱིར་རྒོལ་བ་མེད་པ་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལྟར་ཕྱིར་རྒོལ་བ་མེད་པ་ཕུན་སུམ་ཚོགས་པ་བསྟན་ནས། ཕྱིར་རྒོལ་བ ་མེད་པ་དེའི་ཕུན་སུམ་ཚོགས་པ་དེའི་གནས་ཀྱི་ཁྱད་པར་ཅི་འདྲ་ཞེ་ན། དེའི་ཕྱིར་གནས་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས་ཐམས་ཅད་ཀྱི་བཀོད་པ་ལས་ལྷག་པ་དེ་བཞིན་གཤེགས་པའི་བཀོད་པའི་གནས་ཞེས་བྱ་བ ་གསུངས་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་མ་གཞན་དག་གི་བཀོད་པ་ལས་ལྷག་པ་སྟེ། དེ་བཞིན་གཤེགས་པའི་བཀོད་པ་དང་ལྡན་པའི་གནས་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པའི་གནས་ཉིད་དེ་ལྟར་གནང? ་ངོ་ཞེས་བྱ་བའི་ཐ་ཚིག་སྟེ། ཐམས་ཅད་ཀྱི་གནས་པས་ཁྱད་པར་དུ་འཕགས་པས་ན་དེ་ནི་གནས་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལྟར་གནས་ཕུན་སུམ་ཚོགས་པ་བསྟན་ནས། འགྲོ་བའི་ལམ་ཅི་འདྲ་བ་ཞེ་ན། དེའི་ཕྱིར་བདག་པོའི་གནས ་ཀྱི་བྱེ་བྲག་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། དྲན་པ་དང། བློ་གྲོས་དང་།རྟོགས་པ་ཆེན་པོས་དེས་པར་འབྱུང་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་དྲན་པ་ཞེས་བྱ་བ་ནི་ཐོས་བ་ལས་བྱུང་བའི་ཤེས་རབ་སྟེ། ཐོས་ན་ཕྱིན་ཅི་མ་ལོག ་པར་མང?་མ?་པར་བརྗོད་པའི་ཕྱིར་རོ། །བློ་གྲོས་ཞེས་བྱ་བ་ནི་བསམ་པ་ལས་བྱུང་བའི་ཤེས་རབ་སྟེ་།བོས་པའི་དོན་རིགས་པས་ངེས་པར་རྟོགས་པར་བྱེད་པ་ལ་ངེས་པའི་བློ་གྲོས་སྐྱེ་བའི་ཕྱིར་རོ། །རྟོགས་པ་ཞེས་བྱ་བ་ནི་བསྒོམ་པ་ལས་བྱུང ་པའི་ཤེས་རབ་སྟེ། བསྒོམ་པའི་སྟོབས་ཀྱིས་དེ་ཁོ་ན་རྟོགས་པའི་ཕྱིར་རོ། །ཆེན་པོ་ཞེས་བྱ་བ་ནི་དྲན་པ་ལ་སོགས་པ་གསུམ་ཆར་དང་སྦྱར་ཏེ། དེ་ཡང་ཐེག་པ་ཆེན་པོའི་ཆོས་ལ་དམིགས་པ་ལས་བྱུང་བའི་ཕྱིར་དང་ཐེག་པ་ཆེན་པོའི་ལས? ་བུ་ཡིན་པའི་ཕྱིར་དང་།ཐེག་པ་ཆེན་པོས་བསྡུས་པ་ཡིན་པའི་ཕྱིར་ཆེན་པོ་ཞེས་བྱའོ། །ངེས་པར་འབྱུང་བ་ཞེས་བྱ་བ་ནི་འདིས་ངེས་པར་འབྱུང་བ་སྟེ་ལམ་མོ། །དེ་ཡང་བྱང་ཆུབ་སེམས་དཔའ་དེ་དག་དྲན་པ་ལ་སོགས་པའི་ལས་འདིས་གནས ་དེས་ངེས་པར་འབྱུང་བས་དྲན་པ་ལ་སོགས་པས་ངེས་པར་འབྱུང་བར་སྦྱར་ཏེ། དེ་ནི་བདག་པོའི་གནས་ཀྱི་བྱེ་བྲག་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལྟར་བདག་པོའི་གནས་ཀྱི་བྱེ་བྲག་ཕུན་སུམ་ཚོགས་པ་བསྟན་ནས་གང་ལ་ཞོན་ནས་དེར ་འཇུག་པའི་བཞོན?་པ་ཡང་དགོས་པས་དེའི་ཕྱིར་བཞོན་པ་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། ཞི་གནས་དང་ལྷག་མཐོང་ཆེན་པོ་བཞོན་པ་ཡིན་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་ཞིག་ནས་ཤེས་བྱ་བ་ནི་སེམས་རྩེ་གཅིག་ ་པ་སྟེ་ཏིང་ངེ་འཛིན་ཏོ། །ལྷག་མཐོང་ཞེས་བྱ་བ་ནི་ཁྱད་པར་དུ་མཐོང་བ་སྟེ་ཤེས་རབ་བོ། །ཆེན་པོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་གཉིས་མཉམ་པར་འཇུག་པ་ནི་བཞོན་པ་ཡིན་ཏེ། དེ་གཉིས་ཀྱིས་ལམ་དེ་ནས་གནས? ་དེར་འགྲོ་བའི་ཕྱིར་ཏེ། དེ་ནི་བཞོན་པ་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལྟར་བཞོན་པ་ཕུན་སུམ་ཚོགས་པ་བསྟན་ནས། བཞོན་པ་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་སྒོ་གང་ནས་དེར་འཇུག་པར་འགྱུར་པའི་སྒོ་ཡང་དགོས་པས། དེའི ་ཕྱིར་སྒོ་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། རྣམ་པར་ཐར་པའི་སྒོ་ཆེན་པོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ནས་འཇུག་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་རྣམ་པར་ཐར་པ་ཞེས་བྱ་བ་ནི་རྣམ་པར་གྲོལ ་བ་སྟེ་མྱ་ངན་ལས་འདས་པའོ། །སྒོ་ཞེས་བྱ་བ་ནི་སྒོ་མོ་སྟེ་མྱ་ངན་ལས་འདས་པ་ཐོབ་པའི་ཐབས་སོ། །ཆེན་པོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ཡང་དངོས་སུ་ན་སྟོང་པ་ཉིད་ལ་སོགས་པ་ཉིད་རྣམ་པར་ཐར་པའི་སྒོ་ཆེན་པོ་ཡིན་ཏེ། ་སྒོ་དེ་ནས་དེར་འཇུག་པར་སྦྱར་རོ། །དེ་ལ་སྟོང་པ་ཉིད་ཅེས་བྱ་བ་ནི་ཆོས་བདག་མེད་པ་སྟེ། ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་ཆོས་མེད་པའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་རྣམ་པར་ཐར་བའི་སྒོ་ཆེན་པོ་སྟོང་པ་ཉིད་ཅེས་བྱའོ།། ་མཚན་མ་མེད་པ་ཞེས་བྱ་བ་ལ་མཚན་མ་ནི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་དང་སྐྱེས་པ་དང་བུད་མེད་དང། སྐྱེ་བ་དང། རྒ་བ་དང་ན་བ་དང་འཆི་བ་ལ་སོགས་པ་སྟེ། དེ་དག་གང་ལ་མེད་པ་དེ་ནི་མཚན་མ་མེད ་པའོ་དེ་ཡང་གང་ཞེ་ན་མྱ་ངན་ལས་འདས་པ་སྟེ། དེ་ནི་མཚན་མ་ཐམས་ཅད་བསལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་རྣམ་པར་ཐར་པའི་སྒོ་ཆེན་མོ་མཚན་མ་མེད་པ་ཞེས་བྱའོ། །སྨོན་པ་མེད་པ ་ཞེས་བྱ་བ་ལ་སྨོན་པ་ནི་སྨོན་ལམ་དེ་འདོད་པའོ། །དེ་གང་ལ་མེད་པ་ནི་སྨོན་པ་མེད་པ་སྟེ། དེ་ཡང་གང་ཞེ་ན་ཁམས་གསུམ་པ་སྡུག་བསྔལ་བར་མཐོང་ན་དེ་ལ་སྨོན་པར་བྱ་བ་མེད་པོ་སྙམ་ནས་དེར་སྨོན་ལམ་མི་འདེགས་པ་ནི་སྨོན་པ ་མེད་པའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་རྣམ་པར་ཐར་པའི་སྒོ་ཆེན་པོ་སྨོན་པ་མེད་པ་ཞེས་བྱའོ། །ནས་འཇུག་པ་ཤེས་བྱ་བ་ནི་སྟོང་པ་ཉིད་ལ་སོགས་པ་རྣམ་པར་ཐར་པའི་སྒོ་ཆེན་པོ་དེ་དག་ནས་དེར་འཇུག་པར་འགྱུར་རོ་ཞེས ་བྱ་བར་སྦྱར་ཏེ། དེ་ནི་སྒོ་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལྟར་སྒོ་ཕུན་སུམ་ཆོགས་པ་བསྟན་ནས། སྒོ་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་གཞལ་མེད་ཁང་གཞན་དག་བཞིན་དུ་གང་ལ་བརྟེན་པའི་རྟེན་ཀྱང་དགོས་པ་དེའི་ཕྱིར་རྟེན་ཕུན ་སུམ་ཚོགས་པ་བརྟན་པའི་དབང་དུ་མཛད་ནས། རིན་པོ་ཆེའི་པདྨའི་རྒྱལ་པོ་ཆེན་པོ་ཡོན་ཏན་མཛའ་ཡས་པས་བརྒྱན་པའི་བརྐོད་བལ་བརྟེན་པ་ཞེས་བྱ་བ་གསུངས་ཏེ། དཔེར་ན་ཆུའི་དཀྱིལ་འཁོར་ལ་སོགས་པ་སའི་དཀྱིལ ་འཁོར་ལ་སོགས་པ་བརྟེན་པ་དང། འཇིག་རྟེན་པའི་གཞལ་མེད་ཁང་དག་ས་དང་ནམ་མཁའ་ལ་བརྟེན་པ་བཞིན་དུ་གཞལ་མེད་ཁང་འདི་ཡང་རིན་པོ་ཆེའི་པདྨའི་རྒྱལ་པོ་ཆེན་པོ་ཡོན་ཏན་མཛའ་ཡས་པས་བརྒྱན་པའི་བཀོད་པ་ལ ་བརྟེན་ཏེ་ཞེས་བྱ་བར་སྦྱར་རོ། །དེ་ལ་རིན་པོ་ཆེའི་པདྨ་ཞེས་བྱ་བ་ནི་པདྨ་དེ་ཉིད་རིན་པོ་ཆེ་ཡང་ཡིན་ལ་པདྨ་ཡང་ཡིན་ཏེ། །རིན་པོ་ཆེའི་རང་བཞིན་གྱི་པདྨ་ཞེས་བྱ་བའི་ཐ་ཚིག་གོ་།རྒྱལ་པོ་ཆེན་པོ་ཞེས་བྱ་བ་ནི་དེ་ཉིད་རིན་པོ་ཆེ་བི? ་རྒྱལ་པོ་ཆེན་པོ་ཡང་ཡིན་ལ་པདྨའི་རྒྱལ་པོ་ཆེན་པོ་ཡང་ཡིན་པའོ། །ཡང་ན་རིན་པོ་ཆེའི་པདྨ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་བརླབས་ལས་བྱུང་བ་འཁོར་གྱི་པདྨ་དག་ཡི་རྟོ། །རྒྱལ་པོ་ཆེན་པོ་ཞེས་བྱ་བ་ནི་བྱང ་ཆུབ་སེམས་དཔའ་ལ་སོགས་པ་དེ་དག་གི་བླ་མ་སྟེ། ཆོས་ཀྱི་རྒྱལ་པོ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགེ་བའི་རྩ་བ་ལས་བྱུང་བའི་པདྨ་ཆེན་པོ་ཉིད་ཡིན་པར་སྦྱར་རོ། །ཡོན་ཏན་མཛའ་ཡས་པས ་བརྒྱན་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཆེ་པའི་ཡོན་ཏན་ལས་རྒྱན་སྣ་ཚོགས་སུ་གྲུབ་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའོ། །བཀོད་པ་ཞེས་བྱ་བ་ནི་རྒྱན་དེའི་ཁྱད་པར་རོ། །ལ་བརྟེན་པ་ཞེས ་བྱ་བ་ནི་རྒྱན་དེའི་ཁྱད་པར་གྱི་བཀོད་པ་ཆེན་པོ་དེ་ལ་གཞལ་མེད་ཁང་དེ་བརྟེན་ཅེས་བྱ་བའི་ཐ་ཚིག་སྟེ། དེ་ནི་རྟེན་ཕུན་སུམ་ཚོགས་པ་ཡིན་ནོ། །ན་བཞུགས་ཏེ་ཞེས་བྱ་བ་ནི་བརྒྱན་གྱི་བཀོད་པ་ཆེན་པོ་ལ་བརྟེན་པའི་གཞལ་མེད ་ཁང་ཆེན་པོ་དེ་ན་བཅོམ་ལྡན་འདས་བཞུགས་ཞེས་བྱ་བར་སྦྱར་རོ། །བཞུགས་ཞེས་བྱ་བ་ནི་སྤྱོད་ལམ་དང། ལྷ་དང། ཚངས་པ་དང། འཕགས་པའི་བཞུགས་པ་བླ་ན་མེད་པ་དག་གིས་བཞུགས་པ། གནས་ཕུན་སུམ་ཚོགས ་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ། །ཅི་འདྲ་བ་ཞིག་ན་བཞུགས་ཤེ་ན། ཡོན་ཏན་ཕུན་ཚོགས་པ་སྟེ། དེའི་ཕྱིར་དེ་དབང་དུ་མཛད་ནས་བཅོམ་ལྡན་འདས་ཞེས་བྱ་བ་གསུངས་སོ། །དེ་ལ་བཅོམ་ལྡན་འདས་ཀྱི་ཡོན་ཏན ་ཕུན་སུམ་ཚོགས་པ། །བསྟན་པ་ནི་དེ་ལས་གཞན་པའི་སྟོན་པ་རྣམས་ལས་ཁྱད་པར་དུ་བྱ་བ་དང། གཞན་དག་ཀྱང་དང་བ་རབ་ཏུ་བསྐྱེད་པའི་ཕྱིར་རོ། །དེའི་ཕུན་སུམ་ཚོགས་པ་ནི་ཡོན་ཏན་གྱི་ཁྱད་པར་རྣམ་པ་ཉི་ཤུ་རྩ་གཅིག་ཏུ་རིག་པར ་བྱ་སྟེ། མངོན་པར་བྱང་ཆུབ་པའི་ཡོན་ཏན་གྱི་ཁྱད་པར་དང། སྒྲིབ་པ་མི་མངའ་པའི་ཡོན་ཏན་གྱི་ཁྱད་པར་དང། འདུལ་བའི་ཐབས་ཀྱི་ཡོན་ཏན་གྱི་ཁྱད་པར་དང། འདུལ་བ་ལ་སོ་སོར་རྟོག་པའི་ཡོན་ཏན་གྱི་ཁྱད་པར་དང། སངས་རྒྱས་ཐམས་ཅད ་དང་ཕྲིན་ལས་ཀྱི་མཛད་པ་མཐུན་པའི་ཡོན་ཏན་གྱི་ཁྱད་པར་དང། མི་མཐུན་པའི་ཕྱོགས་སྤང་བའི་ཡོན་ཏན་གྱི་ཁྱད་པར་དང། མུ་སྟེགས་ཅན་ཟིལ་གྱིས་གནོན་པའི་ཡོན་ཏན་གྱི་ཁྱད་པར་དང། བདུད་ཟིལ་གྱིས་གནོན་པའི་ཡོན་ཏན་གྱི ་ཁྱད་པར་དང། ཆོས་བསྟན་པ་རྣམ་པར་འཇོག་པའི་ཡོན་ཏན་གྱི་ཁྱད་པར་དང། དུས་གསུམ་ལུང་སྟོན་པ་ཡོན་ཏན་གྱི་ཁྱད་པར་དང། དགའ་ལྡན་གྱི་ཕོ་བྲང་ནས་འབབ་པ་ལ་སོགས་པ་ཀུན་ཏུ་སྟོན་པའི་ཡོན་ཏན་གྱི་ཁྱད་པར་དང། ཐེ་ཚོམ་ཀྱི་རྣམ་པ ་ཐམས་ཅད་གཅོད་བའི་ཡོན་ཏན་གྱིས་ཁྱད་པར་དང། ཐེག་པ་ཐམས་ཅད་ཀྱིས་འདུལ་བ་དེ་དག་ལ་སྣང་བའི་སྐུ་ཀུན་ཏུ་སྟོན་བའི་ཡོན་གྱི་ཁྱད་པར་དང། ཤིན་ཏུ་རྣམ་པར་མཁྱེན་ནས་ཅི་རིག་པར་གདམས་ངག་སྩོལ་པའི་ཡོན་ཏན་གྱི ་ཁྱད་པར་དང། ཀུན་ནས་ཉོན་མོངས་པ་མེད་པའི་སྐུ་ཡོངས་སུ་འཛིན་བའི་ཡོན་ཏན་གྱིས་ཁྱད་པར་དང། སངས་རྒྱས་ཀྱི་གདུད་མི་འཆད་པར་སྦྱོར་བའི་ཡོན་ཏན་གྱི་ཁྱད་པར་དང། སངས་རྒྱས་ཀྱི་རང་བཞིན་གྱི་སྐུ་ལ་བཞུགས་པའི་ཡོན་གྱི་ཁྱད་པར ་དང། སངས་རྒྱས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ལ་བཞུགས་པའི་ཡོན་ཏན་གྱི་ཁྱད་པར་དང། མཚན་ཉིད་ཀྱི་ཡོན་ཏན་གྱི་ཁྱད་པར་དང། འབྲས་བུ་ཐོབ་པའི་ཡོན་ཏན་གྱི་ཁྱད་པར་དང། ཡོན་ཏན་མི་ཟད་པའི་ཡོན་ཏན་གྱི་ཁྱད་པར་རོ། །ཕུན་སུམ ་ཚོགས་པ་ཉི་ཤུ་ཅིག་པོ་དེ་དག་ནི་མདོ་ལས། ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཞེས་བྱ་བ་ནས། ནམ་མཁའ་ཨི་ཁམས་ཀྱི་མཛའ་གཏུགས་པ་དེ་ཞེས་གསུངས་པའི་ཚིག་ཉི་ཤུ་རྩ་གཅིག་དང་གོ་རིམ་བཞིན་དུ་སྦྱར་རོ་དེ་ལ་དང་བོར་མངོན་པར ་རྫོགས་པར་བྱང་ཆུབ་པའི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་དབང་དུ་མཛད་ནས། ལགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཞེས་བྱ་བ་གསུངས་ཏེ། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཇི་སྙེད་ཡོད་པ་ཉིད་དང། ཇི་ལྟ་བ་བཞིན ་དུ་ཡོད་པ་ཉིད་ཐུགས་སུ་ཆུད་པའི་བློ་དང་ལྡན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལ་ལེགས་པར་བྱ་བའི་ཚིག་གི་དོན་ནི་རྟོགས་པར་བྱ་བ་ལེགས་པར་རྟོགས་པ་དང། ཡོངས་སུ་རྫོགས་པར་རྟོགས་པ་དང། མ་ལུས་པར་རྟོགས ་པའི་དོན་ཏོ། །ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཞེས་བྱ་བ་ནི་ཇི་སྙེད་པ་ཉིད་དང་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་རྟོགས་པར་ཐུགས་སུ་ཆུད་པའི་མཁྱེན་པ་མངའ་བ་སྟེ། དེ་ནི་མངོན་པར་རྫོགས་པའི་བྱང་ཆུབ་པའི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ། །དེའི་འོག་ཏུ ་སྒྲིབ་པ་མི་མངའ་པའི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་དབང་དུ་མཛད་ནས། ཀུན་ཏུ་སྤྱོད་པ་གཉིས་མི་མངའ་བ་ཞེས་བྱ་བ་གསུངས་ཏེ། བྱིས་པ་དག་ཉན་ཐོས་ཀྱི་སྤྱོད་པ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་མི་མངའ་བ་ཞེས་བྱ་བར་སྦྱོར ་རོ། །དེ་ལ་བྱིས་པའི་ཀུན་ཏུ་སྤྱོད་པ་ནི་འཁོར་པའི་ཀུན་ནས་ཉོན་མོངས་པ་སྟེ། དེའི་བདག་ཉིད་གནས་པའི་ཕྱིར་རོ། །ཉན་ཐོས་ཀྱི་ཀུན་ཏུ་སྤྱོད་པ་ནི་མྱ་ངན་ལས་འདས་པ་ལ་ཅིག་ཏུ་ངེས་པ་སྟེ། གཞན་གྱི་དོན་བྱ་བ་ལ་རྒྱབ་ཀྱིས་ཕྱོགས་བའི་ཕྱིར་རོ།། ་དེ་ལྟར་ན་བྱིས་པའི་ཀུན་ཏུ་སྤྱོད་པ་ནི་ཉོན་མོངས་པའི་སྒྲུབ་པའི་རང་བཞིན་ཡིན་ལ་ཉན་ཐོས་ཡི་ཀུན་ཏུ་སྤྱོད་པ་ནི་ཤེས་བྱའི་སྒྲིབ་པའི་རང་བཞིན་ཡིན་པས་དེ་གཉིས་ནི་སྒྲིབ་པ་མེད་པའི་ཡོན་ཏན་དང་ལྡན་པའི་ཁྱད་པར་དང་ལྡན་པ་མ་ཡིན་གྱིས། ་བཅོམ་ལྡན་འདས་ནི་མི་གནས་པའི་མྱ་ངན་ལས་འདས་པ་ལ་བཞུགས་པ་ཡིན་པས་དེ་ལ་ཀུན་ཏུ་སྤྱོད་པ་དེ་གཉིས་མི་མངའ་སྟེ། དེ་ནི་སྒྲིབ་པ་མི་མངའ་བའི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ། །དེའི་འོག་ཏུ་འདུལ་པའི་ཐབས་ཀྱི་ཡོན ་ཏན་གྱི་ཁྱད་པར་བསྟན་པའི་དབང་དུ་མཛད་ནས། མཚན་ཉིད་མེད་པའི་ཆོས་ལ་མཆོག་ཏུ་གཞོལ་པར་མཛད་བ་ཞེས་བྱ་བ་བཞུགས་ཏེ། དེ་ལ་མཚན་ཉིད་མེད་པའི་ཆོས་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའོ། །མཆོག་ཏུ་གཞོལ་བར ་མཛད་པ་ཞེས་བྱ་བ་ནི་སྐལ་པ་ཇི་ལྟ་བ་བཞིན་དུ་ཐེག་པ་གསུམ་གྱིས་སེམས་ཅན་རྣམས་དེར་འདུལ་བའི་ཐབས་ཡོངས་སུ་མཁྱེན་ནས་དེ་བཞིན་དུ་སྟོན་ཅིང་དེ་དག་དེར་གཞོལ་བ་དང། འབབ་པ་དང། བབ་པར་མཛད་པ་སྟེ། དེ་ནི་འདུལ་བའི་ཐབས་ཀྱི? ་ཡོན་ཏན་གྱི་ཁྱད་པར་ཡིན་ནོ། །དེའི་འོག་ཏུ་འདུལ་བ་ལས་སོ་སོར་རྟོག་པའི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་དབང་དུ་མཛད་ནས། སངས་རྒྱས་ཀྱི་གནས་པས་གནས་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་སངས་རྒྱས་ཀྱི་གནས་པ་ཞེས་བྱ་བ་ནི་སྐབས ་འདིར་ཐུགས་རྗེ་ཆེན་པོས་ཉིན་མཚན་དུ་ལན་དྲུག་ཏུ་འཇིག་རྟེན་ལ་གཟིགས་པ་དང་སྦྱར་རོ། །གནས་པ་ཞེས་བྱ་བ་ནི་དེ་ལྟ་བུའི་གནས་པས་རྟག་ཏུ་གནས་པ་སྟེ། དེ་ནི་འདུལ་བ་ལ་སོ་སོར་རྟོག་པའི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ། །དེའི་འོག་ཏུ་སངས ་རྒྱས་ཐམས་ཅད་དང། ཕྲིན་ལས་ཀྱི་མཛད་པ་མཐུན་པའི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་དབང་དུ་མཛད་ནས། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་བརྙེས་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་ཅེས་བྱ ་བ་དེ། སངས་རྒྱས་ཐམས་ཅད་དང་ཕྲིན་ལས་མཐུན་པར་མཛད་པའོ། །བརྙེས་པ་ཞེས་བྱ་བ་ནི་དེ་དག་དང་ཕྲིན་ལས་མཉམ་པ་ཉིད་བརྙེས་པ་སྟེ། དེ་ནི་སངས་རྒྱས་ཐམས་ཅད་དང་ཕྲིན་ལས་ཀྱི་མཛད་པ་མཐུན་པའི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ། །དེའི ་འོག་ཏུ་མི་མཐུན་པའི་ཕྱོགས་སྤངས་པའི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་དབང་དུ་མཛད་ནས། །སྒྲིབ་པ་མེད་པའི་རྟོག་པ་ཐུགས་སུ་ཆུད་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་སྒྲིབ་པ་མེད་པའི་རྟོགས་པ་ཞེས་བྱ་བ་ནི་ཉོན་མོངས་པ་དང། ཤེས་བྱའི་སྒྲིབ ་པ་མ་ལུས་པ་དང་བྲལ་པའི་ཡེ་ཤེས་སོ། །ཐུགས་སུ་ཆུད་བ་ཞེས་བྱ་བ་ནི་སྒྲིབ་པ་མ་ལུས་པར་སྤངས་པ་དང། སྒྲིབ་པ་མེད་པའི་ཡེ་ཤེས་མངོན་སུམ་དུ་མཛད་པ་སྟེ། དེ་ནི་མི་མཐུན་པའི་ཕྱོགས་སྤངས་པའི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ། །དེའི་ཐོག་ཏུ ་མུ་སྟེགས་ཅན་ཟིལ་གྱིས་གནོན་པའི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་དབང་དུ་མཛད་ནས། ཕྱིར་མི་ཟློག་པའི་ཆོས་དང་ལྡན་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་ཕྱིར་མི་ཟློགས་པའི་ཆོས་ཞེས་བྱ་བ་ནི་མུ་སྟེགས་ཅན་དག ་གིས་ཕྱིར་ཟློག་མི་ནུས་པའི་ཆོས་དེ་དག་ཟིལ་གྱིས་མནན་ནས་ཡང་དག་པའི་ལམ་སྟོན་པར་མཛད་པའི་ཆོས་སོ། །ལྡན་པ་ཞེས་བྱ་བ་ནི་དེ་ལྟ་བུའི་ཆོས་ཀྱི་ཁྱད་པར་བརྙེས་པ་སྟེ། དེ་ནི་མུ་སྟེགས་ཅན་ཟིལ་གྱིས་གནོན་པའི་ཡོན་ཏན་གྱི ་ཁྱད་པར་ཡིན་ནོ། །དེའི་འོག་ཏུ་བདུད་ཟིལ་གྱིས་གནོན་པའི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་དབང་དུ་མཛད་ནས་སྤྱོད་ཡུལ་གྱིས་མི་འཕྲོགས་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་སྤྱོད་ཡུལ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ཡུལ་རྣམས ་ཏེ། དེ་དག་ནི་སེམས་འཁྲུལ་པར་བྱེད་པའི་རྒྱུ་ཡིན་པ་དང། དགེ་བའི་སྲོག་གི་བར་ཆད་བྱེད་པ་ཡིན་པའི་ཕྱིར་བདུད་ཅེས་བྱའོ། །མི་འཕྲོགས་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ཟིལ་གྱི་གནོན་པའི་སྐྱེ་མཆེད་རྣམས་ཤིན་ཏུ་ཡོངས་སུ ་རྫོགས་པར་བསྒོམས་པས་ཡུལ་ཤིན་ཏུ་ཡིད་དུ་འོང་བས་ཀྱང་བར་ཆད་བྱེད་པ་མི་ནུས་ཏེ། ཡུལ་དེ་དག་ཟིལ་གྱི་གནོན་ཅིང་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བར་མི་འགྱུར་བས་སྤྱོད་ཡུལ་གྱིས་མི་ཕྲོགས་པ་ཞེས་བྱ་སྟེ། དེ་ནི་བདུད་ཟིལ ་གྱི་གནོན་པའི་ཡོན་ཏན་གྱི་ཁྱད་པར་ཡིན་ནེ། །དེའི་འོག་ཏུ་ཆོས་བསྟན་པ་རྣམ་པར་འཇོག་པའི་ཡོན་ཏན་གྱི་ཁྱད་པ་བསྟན?་པའི?་དབང་དུ་མཛད་ནས། བསམ་གྱིས་མི་ཁྱབ་པ་རྣམ་པར་འཇོག་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་བསམ ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་དང། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་མ་གཏོགས་པར་རྟོག་གེའི་སྤྱོད་ཡུལ་ལས་ཤིན་ཏུ་འདས་པའོ། །རྣམ་པར་འཇོག་པ་ཞེས་བྱ་བ་ནི་གདགས་པ་རྣམ་པར་བཞག ་པ་རྣམ་པ་བཞི་རྣམ་པར་འཇོག་པར་མཛད་པ་སྟེ། ཆོས་གདགས་པ་རྣམ་པར་བཞག་པ་དང། ཐེག་པ་གདགས་པ་རྣམ་པར་བཞག་པ་དང། བདེན་པ་གདགས་པ་རྣམ་པར་བཞག་པ་དང། རིགས་པ་གདགས་པ་རྣམ་པར་བཞག ་པ་བསམ་གྱིས་མི་ཁྱབ་པ་དག་རྣམ་པར་འཇོག་པར་མཛད་པ་སྟེ། དེ་ནི་ཆོས་བསྟན་པ་རྣམ་པར་འཇོག་པའི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ། །དེའི་འོག་ཏུ་དུས་གསུམ་ལུང་སྟོན་པའི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་དབང་དུ་མཛད ་ནས། དུས་གསུམ་ལ་མཉམ་པ་ཉིད་ཆར་ཕྱིན་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་དུས་གསུམ་ཞེས་བྱ་བ་ནི་འདས་པ་དང། མ་འོངས་པ་དང་ད་ལྟར་བྱུང་བའི་དུས་རྣམས་སོ། །མཉམ་པ་ཉིད་ཚར་ཕྱིན་པ་ཞེས་བྱ་བ་ནི་ལྟར་བྱུང་བའི་དུས་ལ ་ཇི་ལྟ་བ་བཞིན་དུ་འདས་པ་དང་མ་འོངས་པའི་དུས་ལའང་དེ་བཞིན་དུ་ཁྱད་པར་ལུང་སྟོན་པ་སྟེ། དེ་ནི་དུས་གསུམ་ལུང་སྟོན་པའི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ?། །དེའི་འོག་ཏུ་དགའ་ལྡན་གྱི་ཕོ་བྲང་ནས་འབབ་པ་ལ་སོགས་པ་ཀུན་ཏུ ་སྟོན་པའི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་དབང་དུ་མཛད་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཞུགས་པའི་སྐུ་དང་ལྡན་པའི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་དབང་དུ་མཛད་ནས། དེ་བཞིན་གཤེགས་པ་མ་འདྲེས་པའི ་རྣམ་པར་ཐར་པར་མཛད་པའི་ཡེ་ཤེས་ཀྱི་མཐར་ཕྱིན་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་དེ་བཞིན་གཤེགས་པ་མ་འདྲེས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ཐ་དད་པ་ལ་བྱ་སྟེ། དེ་དག ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ན་འཁོར་སྣ་ཚོགས་ཀྱི་དཀྱིལ་ན་བྱང་ཆུབ་སེམས་དཔའ་རྣམས་ཆོས་ཀྱི་ལོངས་སྤྱོད་རྫོགས་པར་མྱོང་བར་མཛད་ཅིང་རྒྱུད་ཐ་དད་པར་བཞུགས་པས་ན་མ་འདྲེས་པ་ཞེས་བྱའོ། །རྣམ་པར་ཐར ་པར་མཛད་པ་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ངེས་སེམས་ཅན་རྣམས་རྣམ་པར་ཐར་པར་མཛད་པའོ། །ཡེ་ཤེས་མཐར་ཕྱིན་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཉིད་ལོངས་སྤྱོད་རྫོགས་པའི་སྤུས? ་སེམས་ཅན་རྣམས་རྣམ་པར་ཐར་བར་མཛད་པའི་ཡེ་ཤེས་གང་ཡིན་དེའི་མཐར་བྱོན་ཅིང་དེ་ལྟ་བུའི་སྐུ་ལ་རྟག་ཏུ་བཞུགས་སོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་སངས་རྒྱས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ལ་བཞུགས་པའི་ཡོན ་ཏན་གྱི་ཁྱད་པར་ཡིན་ནོ། །དེའི་འོག་ཏུ་མཚན་ཉིད་ཀྱི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་དབང་དུ་མཛད་ནས་མཛའ་དང་དབུས་མེད་པའི་སངས་རྒྱས་ཀྱིས་མཉམ་པ་ཉིད་ཐུགས་སུ་ཆུད་པ་ཞེས་གསུངས་ཏེ། དེ་ལ་མཛའ་དང་དབུས ་མེད་པའི་སངས་རྒྱས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་སྟེ། འདུས་བྱས་དང་འདུས་མ་བྱས་ཀྱི་མཛའ་ཡོངས་སུ་སྤངས་བའི་མཚན་ཉིད་ཀྱིས་ནི་མཛའ་མེད་པ་ཡིན་ལ། ཡུལ་ཡོངས་སུ་མ་ཆད་པའི་མཚན་ཉིད་ཀྱིས་ནི་དབུས་མེད་པ ་ཡིན་ནོ། །ཡང་ན་སྔོན་དང་ཕྱི་མའི་མཛའ་སྤངས་པའི་མཚན་ཉིད་ཀྱིས་ནི་མཛའ་མེད་པ་ཡིན་ལ། ད་ལྟར་མི་གནས་པའི་མཚན་ཉིད་ཀྱིས་ནི་དབུས་མེད་པ་ཡིན་ནོ། །མཉམ་པ་ཉིད་ཅེས་བྱ་བ་ནི་མཛའ་དང་དབུས་མེད་པའི་སངས ་རྒྱས་དེའི་ས་སྟེ། འདུས་བྱས་དང་འདུས་མ་བྱས་མཉམ་པ་ཉིད་དོ། །ཐུགས་སུ་ཆུད་པ་ཞེས་བྱ་བ་ནི་ས་མཉམ་པ་ཉིད་གང་ཡིན་པ་དེ་ཐུགས་སུ་ཆུད་པ་སྟེ། དེ་ཡང་འདུས་བྱས་དང་འདུས་མ་བྱས་མཉམ་པ་ཉིད་དུ་ཡོངས་སུ་མཁྱེན་པ་དང། དེ་ལ ་བྱིས་པ་དང་ཉན་ཐོས་ཀྱི་ཀུན་ཏུ་སྤྱོད་པའི་སྒྲིབ་པ་ཉིད་མི་མངའ་བའི་ཕྱིར་ཏེ། དེ་ནི་དེ་བཞིན་གཤེགས་པའི་མཚན་ཉིད་ཀྱི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ། །དེའི་འོག་ཏུ་འབྲས་བུ་ཐོབ་པའི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་དབང་དུ་མཛད་ནས ་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའོ། །ཀླས་པ་ཞེས་བྱ་བ་ནི་གཏིང་སླེབས་པའམ་མཐར་ཐུག་པའམ་གཏོགས་པ་ཞེས་བྱ་བའི་ཐ་ཚིག་གོ་།དེ་རྟོགས ་པ་ཡང་ལམ་བསྒོམས་པས་མཐར་ཐུག་པའི་འབྲས་བུ་ཐོབ་བ་ཉིད་ཡིན་པའི་ཕྱིར་དེའི་འབྲས་བུ་ཐོབ་པའི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ། །དེའི་འོག་ཏུ་ཡོན་ཏན་མི་ཟད་པའི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་དབང་དུ་མཛད་ནས། ནམ་མཁའ་ཨི་ཁམས ་ཀྱི་མཐས་གཏུགས་པ་དེ་ཞེས་བྱ་བ་གསུངས་ཏེ། དཔེར་ན་ནམ་མཁའ་ནི་འཇིག་པ་དང་ཆགས་པའི་དུས་དག་ན་ཡང་ཟད་མི་ཤེས་པས་མི་ཟད་པ་དང། དངོས་པོ་དང་དངོས་པོ་མ་ཡིན་པ་མཛའ་དག་ལ་ཁྱབ་པས་ཐམས་ཅད་དུ་སོང་བ་དང། འཁོར ་བའི་མཛའ་ཨི་བར་དུ་མུ་ཐུག་པ་མེད་པར་རྒྱ་ཆེ་བ་དེ་བཞིན་དུ། དེ་བཞིན་གཤེགས་པའི་ཡོན་ཏན་ཐམས་ཅད་འབྱུང་བ་དང། འཇིག་པའི་དུས་དག་ན་ཡང་ཟད་མི་ཤེས་པས་མི་ཟད་པ་དང། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི ་ཡོན་ཏན་མཛའ་དག་ལ་ཁྱབ་པས་ཐམས་ཅད་དུ་སོང་བ་དང། འཁོར་བའི་མཛའ་ཨི་བར་དུ་མུ་ཐུག་པ་མེད་པར་སེམས་ཅན་གྱི་དོན་མཛད་པས་རྒྱ་ཆེ་བ་ཡང་ཡིན་ཏེ། དེའི་ཕྱིར་རྣམ་པར་མཁྱེན་ནས་ཅི་རིགས་པར་གདམས་དག་སྩོལ་བ ་ཡོན་ཏན་གྱི་ཁྱད་པར་ཡིན་ནོ། །དེའི་འོག་ཏུ་ཀུན་ནས་ཉོན་མོངས་པ་མེད་པའི་སྐུ་ཡོངས་སུ་འཛིན་པའི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་དབང་དུ་མཛད་ནས་རྣམ་པར་མ་བརྟགས་པའི་སྐུ་མངའ་བ་ཞེས་བྱ་བ་གསུངས་ཏེ། དེ་ལ་རྣམ་པར་མ ་བརྟག་པའི་སྐུ་ཞེས་བྱ་བ་ལ་སོ་སོའི་སྐྱེ་བོའི་ལུས་ནི་རྣམ་པར་རྟོག་པ་ལས་བྱུང་བ་ཡིན་ཏེ། དེ་ཡང་སྤྲོས་པ་ལས་ནི་རྣམ་པར་རྟོག་བ་སྐྱེ་ལ་།རྣམ་པར་རྟོག་པ་ལས་ནི་ལས་དང་ཉོན་མོངས་པ་འབྱུང། ལས་དང་ཉོན་མོངས་པ་ལས་ནི་སྡུག་བསྔལ་གྱི ་ལུས་བསྐྱེད་ལུས་དེ་ནི་ཀུན་ནས་ཉོན་མོངས་པ་ཅན་གྱི་ལུས་ཡིན་གྱི་དེ་བཞིན་གཤེགས་པ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་རྣམ་པར་རྟོག་པ་མི་མངའ་བ་ཡིན་པས། ལས་དང་ཉོན་མོངས་པས་བསྐྱེད ་པའི་ལུས་ཅན་མ་ཡིན་ཏེ། རྣམ་པར་མ་བརྟགས་པའི་སྐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ཡིན་པས་ན་དེ་ནི་ཀུན་ནས་ཉོན་མོངས་པ་མེད་པའི་སྐུ་ཡོངས་སུ་འཛིན་པའི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ། །དེའི་འོག་ཏུ་སངས་རྒྱས་ཀྱི་གདུང ་མི་འཆད་པར་སྦྱོར་བའི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་དབང་དུ་མཛད་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་ཡང་དག་པར་བླངས་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཞེས་བྱ་བ ་ནི་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་གདུང་མི་འཆད་པར་སྦྱོར་བ་ཡིན་གྱི་ཉན་ཐོས་ལ་སོགས་པ་གཞན་ནི་མ་ཡིན་པའི་ཕྱིར་རོ། །ཡེ་ཤེས་ཡང་དག་པར་བླངས་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཡེ་ཤེས་བྱང་ཆུབ་སེམས ་དཔའ་རྣམས་ཀྱིས་བདག་གི་ཡེ་ཤེས་སུ་ཡང་དག་པར་བླངས་པ་སྟེ། དེ་ཡང་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་གདགས་པའི་དམ་པས་ཕན་བཏགས་པ་དང། ཡོངས་སུ་གཏད་པའི་དམ་པས་ཡོངས་སུ ་གཏད་དེ། བྱང་ཆུབ་སེམས་དཔའ་ཡོངས་སུ་སྨིན་པ་རྣམས་ནི་རྣམ་པར་གྲོལ་བར་མཛད་དེ། ཕན་གདགས་པའི་དམ་པས་ཕན་གཏགས་ལ་ཡོངས་སུ་མ་སྨིན་པ་རྣམས་ནི་ཕན་གདགས་པ་རྣམས་ལ་ང་ཡོངས་སུ་མྱ་ངན་ལས་འདས་པའི ་ཕྱིན་ཁྱེད་ཀྱིས་འདི་དག་ཡོངས་སུ་སྨིན་པར་གྱིས་ཤིག་ཅེས་ཡོངས་སུ་གཏད་པའི་དམ་པས་ཡོངས་སུ་གཏད་པའི་སྒོ་ནས་དེ་དག་ཀྱང་སེམས་བསྐྱེད་པ་དང། གསུམ་པ་སྐྱབས་སུ་འགྲོ་བ་དང། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས ་སྒྲུབ་པ་དང། མངོན་པར་རྟོགས་པ་དང། ལུང་སྟོན་པ་དང་དབང་བསྐུར་བ་ལ་སོགས་པའི་རིམ་གྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡང་དག་པར་འཐོབ་ཅིང། སངས་རྒྱས་ཀྱི་གདུད་མི་འཆད་པར་འགྱུར་ཏེ། དེ་ཡང་བཅོམ་ལྡན་འདས ་ཉིད་ཀྱིས་དེ་ལྟར་སྦྱོར་བར་མཛད་པས་ནེ་ད་ནི་སངས་རྒྱས་ཀྱི་གདུང་མི་འཆད་པར་སྦྱོར་བའི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ། །དེའི་འོག་ཏུ་སངས་རྒྱས་ཀྱི་རང་བཞིན་གྱི་སྐུ་ལ་བཞུགས་པའི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་དབང་དུ་མཛད ་ནས། སངས་རྒྱས་ཀྱི་གནས་པ་གཉིས་སུ་མེད་པ་དམ་པའི་ཕ་རོལ་ཏུ་སྦྱོན་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་སངས་རྒྱས་ཀྱི་གནས་པ་གཉིས་སུ་མེད་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་རང་བཞིན་གྱི་སྐུ་སྟེ། ཆོས་ཀྱི་སྐུའོ་དེ་ཐ་དད་པ་ཚད་པའི་མཚན ་ཉིད་ཀྱི་གཉིས་སུ་མེད་པ་ཡིན་ཏེ། ཀུན་ཏུ་སྤྱོད་པ་གཉིས་སུ་མ་ལུས་པར་སྤངས་པའི་ཕྱིར་རོ། །དམ་པའི་ཕ་རོལ་ཏུ་སྐྱོན་པ་ཞེས་བྱ་བ་ནི་དེ་ལ་དམིགས་པའི་ཏིང་ངེ་འཛིན་གྱིས་དེ་ལ་གཞོལ་ཞིང་དེ་ལ་རྟག་ཏུ་གནས་པའི་དོན་ཏེ། དེ་ནི་སངས ་རྒྱས་ཀྱི་རང་བཞིན་གྱི་སྐུ་ལ་བཞུགས་པའི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ། །དེའི་འོག་ཏུ་སངས་རྒྱས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ལ་བཞུགས་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཅེས་བྱ་བ་ནི་སྟོང་གསུམ་གྱི ་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་གླིང་བཞི་པ་བྱེ་བ་ཁྲག་བརྒྱས་བསྡུས་པ་གཅིག་གི་འཛམ་བུའི་གླིང་ཐམས་ཅད་ལ་བྱའོ། །ཡང་གཅིག་ཏུ་ན་དེ་ནི་མཚོན་པ་ཙམ་དུ་ཟད་ཀྱི་སངས་རྒྱས་ཀྱི་ཡུལ་དང་སྤྱོད་ཡུལ་ནི་འཇིག་རྟེན་གྱི་ཁམས་དང ་གདུལ་བའི་ཁམས་མཛའ་ཡས་པ་ཐམས་ཅད་ཡིན་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཛའ་ཡས་མུ་མེད་པ་ཐམས་ཅད་ལ་ཡང་བྱའོ། །ཞུགས་པའི་སྐུ་དང་ལྡན་པ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་དེ་དག་གི་གླིང་བཞི་པའི་འཇིག་རྟེན ་གྱི་ཁམས་ཐཾས་ཅད་དུ་སྤྲུལ་པའི་སྐུ་དང་པོ་དགའ་ལྡན་གྱི་གནས་ནས་འབབ་པ་ནས། ཐ་མ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པའི་བར་གྱི་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ལ་སོགས་པ་ཅིག་ཅར ་སྟོན་པ་སྟེ། དེ་ནི་དགའ་ལྡན་གྱི་ཕོ་གྲང་ནས་འབབ་པ་ལ་སོགས་པ་ཀུན་ཏུ་སྟོན་པའི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ། །དེའི་འོག་ཏུ་ཐེ་ཚོམ་གྱི་རྣམ་པ་ཐམས་ཅད་གཅོད་པའི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་དབང་དུ་མཛད་ནས་།ཆོས ་ཐམས་ཅད་ལ་ཐེ་ཚོམ་མེད་པའི་མཁྱེན་པ་མངའ་བ་ཞེས་བྱ་བ་གསུངས་ཏེ། དེ་ལ་ཆོས་ཐམས་ཅད་ཅེས་བྱ་བ་ནི་ཤེས་བྱའི་རྣམ་པའི་ཆོས་ཇི་སྙེད་ཡོད་པ་ཉིད་དང་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཐམས་ཅད་དོ། །ཐེ་ཚོམ་མེད་པའི་མཁྱེན་པ ་མངའ་བ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་ཐེ་ཚོམ་ཟ་བ་མ་ལུས་པར་བསལ་པའི་ཡེ་ཤེས་བརྙེས་པའི་ཕྱིར་ཏེ། དེ་ནི་ཐེ་ཚོམ་གྱི་རྣམ་པ་ཐམས་ཅད་གཅོད་པའི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ། །དེའི་འོག་ཏུ་ཐེག་པ་ཐམས་ཅད་ཀྱི ་འདུལ་བ་དེ་དག་ལ་སྣང་བའི་སྐུ་ཀུན་ཏུ་སྟོན་པའི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་དབང་དུ་མཛད་ནས། སྤྱོད་པ་ཐམས་ཅད་དང་ལྡན་པའི་བློ་མངའ་བ་ཞེས་བྱ་བ་གསུངས་ཏེ། །དེ་ལ་སྤྱོད་པ་ཐམས་ཅད་ཅེས་བྱ་བ་ནི་གདུལ་བྱ་རྣམས་ཀྱི ་སྤྱོད་པ་སྟེ་འདོད་ཆགས་སྤྱད་པ་དང། ཞེ་སྡང་སྤྱད་པ་དང། གཏི་མུག་སྤྱད་པ་དང། ང་རྒྱལ་སྤྱད་པ་དང། རྣམ་པར་རྟོག་པའི་སྤྱད་པ་ལ་སོགས་པའི་སྤྱོད་པ་ཐམས་ཅད་དོ། །ལྡན་པའི་བློ་མངའ་བ་ཞེས་བྱ་བ་ནི་གདུལ་བ་དེ་དག་གི ་འདོད་ཆགས་སྤྱད་པ་ལ་སོགས་པའི་སྤྱོད་པ་ཐམས་ཅད་མཁྱེན་ནས་དེ་དག་ལ་མི་སྡུག་པའམ་བྱམས་པའམ་རྐྱེན་འདི་པ་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་འམ། ཁམས་རབ་ཏུ་དབྱེ་བ་འམ། དབུགས་རྡུབ་པ་དང། དབུགས་འབྱུང་བ ་དྲན་པ་ལ་སོགས་པ་ཐེག་པ་གང་གིས་འདུལ་བར་འགྱུར་པའི་སྐུ་དང་ཐབས་ཀུན་ཏུ་སྟོན་པར་མཛད་པའི་མཁྱེན་པ་མདང?་བ་སྟེ། དེ་ནི་ཐེག་པ་ཐམས་ཅད་ཀྱི་འདུལ་བ་དེ་དག་ལ་སྣང་བའི་སྐུ་ཀུན་ཏུ་སྟོན་པའི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ།། ་དེའི་འོག་ཏུ་ཤིན་ཏུ་རྣམ་པར་མཁྱེན་ནས་ཅི་རིགས་པར་གདམས་ངག་སྩོལ་བའི་ཡོན་ཏན་གྱི་ཁྱད་པར་སྟོན་པའི་དབང་དུ་མཛད་ནས། ཆོས་ཤེས་པ་ལ་ནེམ་ནུར་མི་མངའ་བ་ཞེས་བྱ་བ་གསུངས་ཏེ། དེ་ལ་ཆོས་ཤེས་པ་ཞེས་བྱ་བ་ནི་བཅོམ་ལྡན ་འདས་ཉིད་ཀྱིས་རྟོགས་པར་ཐུགས་སུ་ཆུད་པའི་མཁྱེན་པ་ལ་བྱའོ། །ནེམ་ནུར་མི་མངའ་བ་ཞེས་བྱ་བ་ནི་ཐེ་ཚོམ་མི་མངའ་ཞིང་ངེས་པར་གྱུར་པ་སྟེ། དེ་ཡང་ཚེས་རྣམས་ལ་ནེམ་ནུར་ཅན་དག་ལ་ནི་གཞན་ལ་ཅི་རིགས་པར་གདམས་ངག་སྦྱིན་པའི ་མཐུ་མེད་ཀྱི་གང་གིས་ཆོས་གང་རྟོགས་པའི་ཤེས་པ་དེ་བདག་ཉིད་ལ་ཐེ་ཚོམ་མེད་ཅིང་ཤིན་ཏུ་ངེས་པར་གྱུར་ན་ངས་གཞན་དག་ལ་ཡང་ཕྱིན་ཅི་མ་ལོག་པར་གདམས་ངག་སྦྱིན་ནུས་པས་ན་འདིར་ཡང་བཅོམ་ལྡན་འདས་ནི་བདག་ཉིད་ཆོས ་མཁྱེན་པ་ལ་ཐེ་ཚོམ་མི་མངའ་ཤིང་ཤིན་ཏུ་ངེས་པ་ཡིན་པས་གཞན་ལ་ཡང་ཅི་རིག་པར་ཕྱིན་ཅི་མ་ལོག་པའི་གདམས་ངག་སྩོལ་བར་མཛད་དེ། དེ་ནི་ཤིན་ཏུ་མདོ་ཁ་ཅིག་ལས་ནི་ཕྱི་མའི་མཛའ་ཨི་མུར་ཐུག་པ་ཞེས་ཀྱང་འབྱུང་སྟེ། དེ་ནི་ཡོན་ཏན ་མི་ཟད་པའི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ། །དེ་ཞེས་བྱ་བ་ནི་དེ་ལྟར་ཡོན་ཏན་གྱི་ཁྱད་པར་ཉི་ཤུ་རྩ་གཅིག་དང་ལྡན་པའི་བཅོམ་ལྡན་འདས་དེ་སྟེ། དེ་འཁོར་ཕུན་སུམ་ཚོགས་པ་འོག་ནས་འབྱུང་བ་དག་དང་ཐབས་གཅིག་ཏུ་བཞུགས་ཞེས་བྱ ་བར་ཚིག་འོག་མ་དང་སྦྱར་རོ། །ཡང་རྣམ་གྲངས་གཞན་དུ་ན་བཅོམ་ལྡན་འདས་ཀྱི་ཡོན་ཏན་གྱི་ཁྱད་པར་ཉི་ཤུ་རྩ་གཅིག་པོ་དེ་དག་ནི་བསྟན་པ་དང་བཤད་པའི་ཚིག་ཡིན་ཏེ། ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཞེས་བྱ་བ་ནི་བསྟན ་པའི་ཚིག་ཡིན་ནོ། །ཀུན་ཏུ་སྤྱོད་པ་གཉིས་མི་མངའ་བ་ཞེས་བྱ་བ་ལ་སོགས་པ་ལྷག་མ་རྣམས་ནི་བཤད་པའི་ཚིག་ཡིན་ཏེ། དེ་ལྟར་ན་ཆོས་ཉིད་ལེགས་པར་བཤད་པ་ཡིན་ནོ། །དེ་ཡང་ཇི་ལྟ་བུ་ཞེ་ན། ལེགས་པར་ཐུགས་སུ ་ཆུད་པའི་བློ་དང་ལྡན་པ་ཞེས་བྱ་བ་ནི་ཡོན་ཏན་གྱི་ཁྱད་པར་རྣམ་པ་ཉི་ཤུ་ན་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཞེས་བྱ་བ་སྟེ། ཤེས་བྱི་ལ་གཅིག་ཏུ་སྒྲིབ་པ་མེད་པའི་ཡེ་ཤེས་འཇུག་པའི་ཡོན་ཏན་དང། མཆོག་ཏུ་རྣམ་པར་དག་པ? ་རྟོགས་པའི་ཡོན་ཏན་དང། སངས་རྒྱས་ཀྱི་མཛད་པ་རྒྱུན་མི་གཅོད་པར་གནས་པའི་ཡོན་ཏན་དང་ཆོས་ཀྱི་སྐུ་ལ་སྐུ་དང་དགོངས་པ་དང་ཕྲིན་ལས་ཐ་དད་པར་མ་མངའ་བའི་ཡོན་ཏན་དང། སྒྲིབ་པ་ཐམས་ཅད་ཀྱི་གཉེན་པ་བསྒོམས་པའི ་ཡོན་ཏན་དང། མུ་སྟེགས་ཅན་ཐམས་ཅད་ཀྱིས་མི་ཐུབ་པའི་ཡོན་ཏན་དང། འཇིག་རྟེན་དུ་སྐྱེས་ཀྱང་འཇིག་རྟེན་གྱི་ཆོས་ཀྱི་མི་འགྲོགས་པའི་ཡོན་ཏན་དང། ཆོས་རྣམ་པར་འཇོག་པའི་ཡོན་ཏན་དང། ལུང་སྟོན་པའི་ཡོན་ཏན་དང ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལོངས་སྤྱོད་རྫོགས་པ་དང་?་པའི་སྐུ་ཀུན་ཏུ་སྟོན་པའི་ཡོན་ཏན་དང་ཐེ་ཚོམ་གཅོད་པའི་ཡོན་ཏན་དང་སྤྱོད་པ་སྣ་ཚོགས་ཀྱིས་འཛུད་པའི་ཡོན་ཏན་དང། ཕྱིས་ཆོས་འབྱུང་བ་མཁྱེན་པའི་ཡོན་ཏན ་དང། མོས་པ་ཇི་ལྟ་བ་བཞིན་ཀུན་ཏུ་སྟོན་པའི་ཡོན་ཏན་དང། ལུས་ཚད་མེད་པས་སེམས་ཅན་འདུལ་བར་སྦྱོར་བའི་ཡོན་ཏན་དང། ཆོས་ཀྱི་སྐུ་མཉམ་པ་ལ་ཕ་རོལ་ཏུ་ཕྱིན་པ་གྲུབ་པའི་ཡོན་ཏན་དང། མོས་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས ་ཀྱི་ཞིང་མ་འདྲེས་པ་ཀུན་ཏུ་སྟོན་པའི་ཡོན་ཏན་དང། སངས་རྒྱས་ཀྱི་སྐུ་གསུམ་གྱི་ཡུལ་ཡོངས་སུ་མ་ཆད་པའི་ཡོན་ཏན་དང། འཁོར་བའི་མཛའ་ཨི་བར་དུ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་མཛད་པར་ཉེ་བར་གནས་པའི་ཡོན་ཏན ་དང། མི་ཟད་པའི་ཡོན་ཏན་གྱིས་སོ། །ཡོན་ཏན་རྣམ་པ་ཉི་ཤུ་པོ་དེ་དག་ནི་མདོ་ལས་།ཀུན་ཏུ་སྤྱོད་པ་གཉིས་མི་མངའ་བ་ཞེས་བྱ་བ་ནས་ནམ་མཁའ་ཨི་ཁམས་ཀྱི་མཐས་གཏུགས་པ་དེ་ཞེས་བྱ་བའི་བར་གྱི་ཚིག་ཉི་ཤུ་དང་གོ་རིམ་བཞིན་དུ་སྦྱར་རོ།། ་དེ་ལ་དང་པོར་ཞེས་བྱ་བ་ལ་གཅིག་ཏུ་སྒྲིབ་པ་མེད་པའི་ཡེ་ཤེས་འཇུག་པའི་ཡོན་ཏན་གྱིས་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པར་བསྟན་པའི་དབང་དུ་མཛད་ནས། ཀུན་ཏུ་སྤྱོད་པ་གཉིས་མི་མངའ་བ་ཞེས་བྱ་བ་གསུངས་ཏེ། ཇི ་ལྟར་ཉན་ཐོས་རྣམས་ཀྱིས་ཤེས་པ་ཡུལ་དང་དུས་ཀྱིས་བསྐུལ་པའི་དུས་རྣམས་ལས་ཁ་ཅིག་ལ་ཐོགས་པ་དང་སངས་རྒྱས་ཀྱི་ཆོས་རབ་ཏུ་དབྱེ་བ་མཛའ་ཡས་པ་དག་ལ་ཤེས་པ་མི?་འཇུག་པ་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱིས ་མཁྱེན་པ་ནི་དེ་ལྟ་མ་ཡིན་ཏེ། ཡུལ་དང་དུས་ཐམས་ཅད་དུ་དངོས་པོ་རྣམ་པ་ཐ་དད་པ་ལ་ཆགས་པ་མེད་པ་དང། ཐོགས་པ་མེད་པའི་མཁྱེན་པ་འཇུག་པས་དངོས་པོའི་རང་གི་ངོ་བོ་ཡོངས་སུ་ཤེས་པ་དང། ཡོངས་སུ་མི་ཤེས་པའི་ཀུན་ཏུ་སྤྱོད་པ་གཉིས ་མི་མངའ་བའི་ཕྱིར་ཤེས་བྱ་ལ་གཅིག་ཏུ་སྒྲིབ་པ་མེད་པའི་ཡེ་ཤེས་འཇུག་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེས་ན་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཡིན་ནོ། །དེའི་འོག་ཏུ་མཆོག་ཏུ་རྣམ་པར་དག་པ་རྟོགས་པར་མཛད་པའི་ཡོན ་ཏན་གྱི་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པར་བསྟན་པའི་དབང་དུ་མཛད་ནས། མཚན་ཉིད་མེད་པའི་ཆོས་ལ་མཆོག་ཏུ་གཞོལ་བར་མཛད་པ་ཞེས་བྱ་བ་གསུངས་ཏེ། མཚན་ཉིད་མེད་པའི་ཆོས་ཞེས་བྱ་བ་ནི་དངོས་པོ་དང ་དངོས་པོ་མེད་པའི་མཚན་ཉིད་ཀྱི་དྲི་མ་མ་ལུས་པར་བསལ་བའི་དེ་བཞིན་ཉིད་དམ་པ་ཆོས་བདག་མེད་པ་སྟེ། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་ངོ་བོ་ཉིད་ཡིན་ནོ། །མཆོག་ཏུ་གཞོལ་བར་མཛད་བ་ཞེས་བྱ་བ་ནི་དེའི་ངོ་བོ་ཉིད། ་རང་བཞིན་གྱིས་རྟོག་པར་ཐུགས་སུ་ཆུད་ནས་གཞན་ངག་ལ་ཡང་གོ་བར་མཛད་པ་སྟེ། དེ་ལྟར་མཚན་ཉིད་མེད་པའི་ཆོས་ལ་མཆོག་ཏུ་གཞོལ་བར་མཛད་པའི་ཕྱིར་མཆོག་ཏུ་རྣམ་པར་དག་པ་རྟོགས་པར་མཛད་པའི ་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེས་ཀྱང་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཡིན་ནོ། །དེའི་འོག་ཏུ་སངས་རྒྱས་ཀྱི་མཛད་པ་རྒྱུན་མི་གཅོད་པར་གནས་པའི་ཡོན་ཏན་གྱི་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པར ་བསྟན་པའི་དབང་དུ་མཛད་ནས། སངས་རྒྱས་ཀྱི་གནས་པས་གནས་པ་ཞེས་བྱ་བ་གསུངས་ཏེ། ལྷུན་གྱི་གྲུབ་པར་སེམས་ཅན་གྱི་དོན་མཛད་པ་རྒྱུན་མི་གཅོད་པས་འཕགས་པ་དང། ལྷ་དང་ཚངས་པའི་གནས་པ་བླ་ན་མེད་པས་རྟག ་ཏུ་གནས་པའི་ཕྱིར་སངས་རྒྱས་ཀྱི་མཛད་པ་རྒྱུན་མི་གཅོད་པར་གནས་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེས་ཀྱང་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཡིན་ནོ། །དེའི་འོག་ཏུ་ཆོས་ཀྱི་སྐུ་ལ་སྐུ་དང་དགོངས་པ་དང། ཕྲིན ་ལས?་ཐ་དད་པ་མི་མངའ་པའི་ཡོན་ཏན་གྱིས་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པར་བསྟན་པའི་དབང་དུ་མཛད་ནས། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་བརྙེས་པ་ཞེས་བྱ་བ་གསུངས་ཏེ། སངས་རྒྱས་ཐམས་ཅད ་ཀྱི་ཆོས་ཀྱི་སྐུ་ལ་སྐུ་དང། དགོངས་པ་དང་ཕྲིན་ལས་ཐ་དད་པ་མི་མངའ་བས་སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་བརྙེས་པར་སྦྱར་རོ། །དེ་ཡང་སངས་རྒྱས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྣམ་པར་དག་པའི་ཡེ་ཤེས་ཀྱི ་སྐུ་ཐ་མི་དད་པ་དང། སེམས་ཅན་ཐམས་ཅད་ཕན་པ་དང། བདེ་པར་དགོངས་པ་ཐ་མི་དད་པ་དང། ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུས་གཞན་གྱི་དོན་མཛད་པའི་ཕྲིན་ལས་ཐ་མི་དད་པའི་ཕྱིར་ཆོས་ཀྱི་སྐུ་ལ་སྐུ་དང་དགོངས་པ་དང ་ཕྲིན་ལས་ཐ་དད་པ་མི་མངའ་བའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེས་ཀྱང་ལགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཡིན་ནོ། །དེའི་འོག་ཏུ་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོ་བསྒོམས་པའི་ཡོན་ཏན་གྱིས་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན ་པར་བསྟན་པའི་དབང་དུ་མཛད་ནས། །སྒྲིབ་པ་མེད་པའི་རྟོགས་པ་ཐུགས་སུ་ཆུད་པ་ཞེས་བྱ་བ་གསུངས་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོ་འཕགས་པའི་ལམ་གོམ་པར་མཛད་པས་སྒྲིབ་པ་ཐམས་ཅད་དང་བྲལ་བའི ་རྟོགས་པ་ཐུགས་སུ་ཆུད་ངོ་ཞེས་བྱ་བར་སྦྱར་རོ། །དེ་ལ་སྒྲིབ་པ་མེད་པའི་རྟོགས་པ་ཞེས་བྱ་བ་ནི་སྒྲིབ་པ་ལས་ད་པན?་པའི་གནས་སམ་རྟེན་པར་བྱེད་པ་དེ་མྱ་ངན་ལས་འདས་པའོ། །ཐུགས་སུ་ཆུད་པ་ཞེས་བྱ་བ་ནི་ཐོབ་པའི་དོན་ཡོད་པའི་ཕྱིར་སྒྲིབ ་པ་ཐམས་ཅད་ཀྱི་གཉེན་པོ་བསྒོམ་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེས་ཀྱང་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཡིན་ནོ། །དེའི་འོག་ཏུ་མུ་སྟེགས་ཅན་ཐམས་ཅད་ཀྱིས་མི་ཐུབ་པའི་ཡོན་ཏན་གྱི་ལེགས་པར་ཐུགས་སུ་ཆུད་པའི ་བློ་དང་ལྡན་པར་བསྟན་པའི་དབང་དུ་མཛད་ནས། ཕྱིར་མི་ལྡོག་པའི་ཆོས་དང་ལྡན་པ་ཞེས་བྱ་བ་གསུངས་ཏེ། བཤད་པ་དང་ཐུགས་སུ་ཆུད་པའི་ཆོས་རྣམས་དང་ལྡན་པས་གཞན་དུ་མུ་སྟེགས་ཅན་དག་གིས་ཕྱིར་མི་ལྡོག་པའི་ཕྱིར་མུ་སྟེགས་ཅན ་ཐམས་ཅད་ཀྱིས་མི་ཐུབ་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེས་ཀྱང་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཡིན་ནོ། །དེའི་འོག་ཏུ་འཇིག་རྟེན་དུ་སྐྱེས་ཀྱང་འཇིག་རྟེན་གྱི་ཆོས་ཀྱིས་མི་འཕྲོགས་པའི་ཡོན་ཏན་གྱི་ལེགས་པར་ཐུགས ་སུ་ཆུད་པའི་བློ་དང་ལྡན་པ་བསྟན་པའི་དབང་དུ་མཛད་ནས། སྤྱོད་ཡུལ་གྱི་མི་འབྲོགས་པ་ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ནི་འཇིག་རྟེན་དུ་བྱུང་ཡང་འཇིག་རྟེན་པའི་སྤྱོད་ཡུལ་གྱི་ཆོས་བརྒྱད་པོ་རྙེད་པ་དང་མ་རྙེད་པ་དང། ་བསྟོད་པ་དང་སྨད་པ་དང། གྲགས་བ་དང་མ་གྲགས་པ་དང། བདེ་བ་དང་སྡུག་བསྔལ་བ་དག་གིས་འཕྲོགས་པར་མི་འགྱུར་པའི་ཕྱིར་འཇིག་རྟེན་དུ་སྐྱེས་ཀྱང་འཇིག་རྟེན་གྱི་ཆོས་ཀྱིས་མི་འཕྲོགས་པའི། ་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེས་ཀྱང་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཡིན་ནོ། །དེའི་འོག་ཏུ་ཆོས་རྣམ་པར་འཇོག་པའི་ཡོན་ཏན་གྱི་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པར་བསྟན་པའི་དབང་དུ་མཛད ་ནས། བསམ་གྱིས་མི་ཁྱབ་པ་རྣམ་པར་འཇོག་པ་ཞེས་བྱ་བ་གསུངས་ཏེ། གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་པོ་རྟོག་གེའི་སྤྱོད་ཡུལ་ལས་ཤིན་ཏུ་འདས་པ་བྱིས་པ་མ་ཡིན་པའི་བརྟག་པར་བྱ་བའི་ཆོས་ཀྱི་རང་དང ་སྤྱིའི་མཚན་ཉིད་བསྟན་པ་དང་རྣམ་པར་འཇོག་པར་མཛད་པའི་ཕྱིར་ཆོས་རྣམ་པར་འཇོག་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེས་ཀྱང་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཡིན་ནོ། །དེའི་འོག་ཏུ་ལུང་སྟོན ་པའི་ཡོན་ཏན་གྱི་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་བསྟན་པའི་དབང་དུ་མཛད་ནས་དུས་གསུམ་དུ་མཉམ་པ་ཉིད་ཚར་ཕྱིན་པ་ཞེས་བྱ་བ་གསུངས་ཏེ། དུས་གསུམ་དུ་གཏོགས་པའི་དངོས་པོ་རྣམས་ཀྱི་བྱུང་བ ་བ་དང་འབྱུང་བས་འབྱུང་བར་འགྱུར་བའི་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལུང་སྟོན་པར་མཛད་པའི་ཕྱིར་ལུང་སྟོན་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེས་ཀྱང་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཡིན་ནོ། །དེའི ་འོག་ཏུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ནུ་ལོངས་སྤྱོད་རྫོགས་པ་དང། སྦྲུལ་པའི་སྐུ་ཀུན་ཏུ་སྟོན་པའི་ཡོན་ཏན་གྱིས་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པར་བསྟན་པའི་དབང་དུ་མཛད་ནས་དུས་འཇིག་རྟེན་གྱི་ཁམས ་ཐམས་ཅད་དུ་བཞུགས་པའི་སྐུ་དང་ལྡན་པ་ཞེས་བྱ་བ་གསུངས་ཏེ། འཇིག་རྟེན་གྱི་ཁམས་ཐཾས་ཅད་དུ་གཟུགས་ཀྱི་སྐུ་རྣམས་གཉིས་ཀྱི་འདུལ་བ་ཇི་ལྟ་བ་བཞིན་དུ་སྐུ་མདོག་བཻཌཱུརྱ་ལྟ་བུ་ལ་སོགས་པ་ཀུན་ཏུ་སྟོན་པར་མཛད་པའི ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལོངས་སྤྱོད་རྫོགས་པ་དང། སྤྲུལ་པའི་སྐུ་སྟོན་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེས་ཀྱང་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཡིན་ནོ། དེའི་འོག་ཏུ་ཐེ་ཚོམ་གཅོད་པའི་ཡོན ་ཏན་གྱི་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པར་བསྟན་པའི་དབང་དུ་མཛད་ནས། ཆོས་ཐམས་ཅད་ལ་ཐེ་ཚོམ་མེད་པའི་མཁྱེན་པ་མངའ་བ་ཞེས་བྱ་བ་གསུངས་ཏེ། མཁྱེན་པ་དེ་ནི་བདག་ལ་ངེས་པ་བཞིན་དུ་གཞན་ལ་ཡང་ངེས ་པ་བསྐྱེད་པའི་རྒྱུར་འགྱུར་བ་ཡིན་པའི་ཕྱིར་ཐེ་ཚོམ་གཅོད་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེས་ཀྱང་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཡིན་ནོ། །དེའི་འོག་ཏུ་སྤྱོད་པ་སྣ་ཚོགས་ཀྱིས་འཛུད་པའི་ཡོན་ཏན་གྱི་ལེགས ་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པར་བསྟན་པའི་དབང་དུ་མཛད་ནས། སྤྱོད་པ་ཐམས་ཅད་དང་ལྡན་པའི་བློ་མངའ་བ་ཞེས་བྱ་བ་གསུངས་ཏེ། གདུལ་བ་ཇི་ལྟ་བ་བཞིན་དུ་ལུས་འདྲ་བ་ཀུན་ཏུ་སྟོན་པ་ཐེག་པ་ལ་འཛུད་པར་མཛད ་པའི་ཕྱིར་སྤྱོད་པ་སྣ་ཚོགས་ཀྱིས་འཛུད་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེས་ཀྱང་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཡིན་ནོ། །དེའི་འོག་ཏུ་ཕྱིས་ཆོས་འབྱུང་བ་མཁྱེན་པའི་ཡོན་ཏན་གྱིས་ལེགས་པར་ཐུགས་སུ ་ཆུད་པའི་བློ་དང་ལྡན་པར་བསྟན་པའི་དབང་དུ་མཛད་ནས་།ཆོས་ཤེས་པ་ལ་ནེམ་ནུར་མི་མངའ་བ་ཞེས་བྱ་བ་གསུངས་ཏེ། ཉན་ཐོས་ལ་སོགས་པའི་ཡུལ་ལས་ཤིན་ཏུ་འདས་པ། དགེ་བའི་རྩ་བའི་ས་བོན་ཕྲ་མོ་རྔོ་བའི་ཕག་ན་གསེར་ཕྱེ ་ཡོད་པ་ལྟ་བུ་རྣམས་ཀྱང་ཕྱིན་ཅི་མ་ལོག་པར་མཁྱེན་པའི་ཕྱིར་ཕྱིས་ཆོས་འབྱུང་བ་མཁྱེན་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེས་ཀྱང་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཡིན་ནོ། །དེའི་འོག?་ཏུ་མོས་པ ་ཇི་ལྟ་བ་བཞིན་ཀུན་ཏུ་སྟོན་པའི་ཡོན་ཏན་གྱི་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པར་བསྟན་པའི་དབང་དུ་མཛད་ནས། རྣམ་པར་མ་བརྟགས་པའི་སྐུ་མངའ་བ་ཞེས་གསུངས་ཏེ། རྣམ་པར་མི་རྟོག་ཀྱང་ཡིད་བཞིན་གྱི་ནོར་བུ ་ལྟར་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་དང། རང་གི་མོས་པའི་དབང་གིས་དེ་བཞིན་གཤེགས་པ་གསེར་གྱི་ཁ་དོག་ལ་སོགས་པའི་གཟུགས་སུ་མཐོང་ཡང། དེ་བཞིན་གཤེགས་པ་ནི་མེ་རྟོག་རྣམ་པར་མི་རྟོག་གོ་ཞེས ་བྱ་བ་ལ་ལ་སོགས་པ་མདོ་སྡེ་ནས་ཇི་སྐད་གསུངས་པ་ལྟ་བུ་ཡིན་པའི་ཕྱིར་མོས་པ་ཇི་ལྟ་བ་བཞིན་དུ་ཀུན་ཏུ་སྟོན་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེས་ཀྱང་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཡིན་ནོ། །དེའི་འོག་ཏུ ་ལུས་ཚད་མེད་པས་སེམས་ཅན་འདུལ་བར་སྦྱོར་པའི་ཡོན་ཏན་གྱི་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པར་བསྟན་པའི་དབང་དུ་མཛད་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡེ་ཤེས་ཡང་དག་པར་བླངས་པ་ཞེས་བྱ་བ ་གསུངས་ཏེ། བྱང་ཆུབ་སེམས་དཔའ་ལུས་ཚད་མེད་པ་དག་གི་སེམས་ཅན་གདུལ་བའི་ཕྱིར་སྦྱོར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་དམ་པའི་ཆོས་ཉན་པ་དང། སེམས་པ་དང་སྒོམ་པའི ་རིམ་གྱིས་ཡེ་ཤེས་ཐོབ་པར་ཁྱད་པར་ཅན་གྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་གདགས་པ་དང། ཡོངས་སུ་གཏད་པ་ངག་གིས་རྒྱུན་མི་འཆད་པར་གཅིག་ནས་གཅིག་ཏུ་བརྒྱུད་དེ་འབྱུང་བའི་ཕྱིར་ལུས་ཚད་མེད་པས་སེམས་ཅན ་གདུལ་བར་སྦྱོར་བའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེ་བས་ཀྱང་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཡིན་ནོ། །དེའི་འོག་ཏུ་ཆོས་ཀྱི་སྐུ་མཉམ་པ་ལ་ཕ་རོལ་ཏུ་ཕྱིན་པ་གྲུབ་པའི་ཡོན་ཏན་གྱིས་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན ་པར་བསྟན་པའི་དབང་དུ་མཛད་ནས། སངས་རྒྱས་ཀྱི་གནས་པ་གཉིས་སུ་མེད་པ་དམ་པའི་ཕ་རོལ་ཏུ་བྱོན་པ་ཞེས་བྱ་བ་གསུངས་ཏེ། སངས་རྒྱས་ཀྱིས་ཆོས་ཀྱི་སྐུ་གཉིས་སུ་མེད་པ་ལ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མཚུངས ་པར་ཡོངས་སུ་གྲུབ་པའི་ཕྱིར་ཆོས་ཀྱི་སྐུ་མཉམ་པ་ལ་ཕ་རོལ་ཏུ་ཕྱིན་པ་གྲུབ་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེས་ཀྱང་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཡིན་ནོ། །དེའི་འོག་ཏུ་མོས་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་ཞིང་མ ་འདྲེས་པ་ཀུན་ཏུ་སྟོན་པའི་ཡོན་ཏན་གྱི་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པར་བསྟན་པའི་དབང་དུ་མཛད་ནས། དེ་བཞིན་གཤེགས་པ་མ་འདྲེས་པའི་རྣམ་པར་ཐར་པ་མཛད་པའི་ཡེ་ཤེས་ཀྱི་མཐར་ཕྱིན་པ་ཞེས་བྱ་བ་གསུངས ་ཏེ། སེམས་ཅན་གྱི་མོས་པ་དང་འཚམ་པར་སངས་རྒྱས་ཀྱི་ཞིང་གསེར་ལ་སོགས་པའི་རང་བཞིན་ལས་གྲུབ་པ་མ་འདྲེས་པ་ཐ་དད་པ་ཀུན་ཏུ་སྟོན་པའི་ཕྱིར་མོས་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་ཞིང་མ་འདྲེས་པ་ཀུན་ཏུ་སྟོན་པའི ་ཡོན་ཏན་དང་ལྡན་པ་ཡིན་ཏེ་ངེས་ཀྱང་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཡིན་ནོ། །དེའི་འོག་ཏུ་སངས་རྒྱས་ཀྱི་སྐུ་གསུམ་གྱི་ཡུལ་ཡོངས་སུ་མ་ཆད་པའི་ཡོན་ཏན་གྱིས་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པར་བསྟན ་པའི་དབང་དུ་མཛད་ནས། མཛའ་དང་དབུས་མེད་པའི་སངས་རྒྱས་ཀྱིས་མཉམ་པ་ཉིད་ཐུགས་སུ་ཆུད་པ་ཞེས་བྱ་བ་གསུངས་ཏེ། མཛའ་དང་དབུས་མེད་པ་ཞེས་བྱ་བ་ནི་སངས་རྒྱས་ཉིད་ཀྱིས་ཁྱད་པར་ཏེ། སྐུ་གསུམ་གྱི་བདག་ཉིད་ཀྱིས་སངས་རྒྱས ་ཐོག་མ་དང། ཐ་མ་དང། བར་དང། ཉལ་པ་རྣམས་སོ། །དེ་དག་གིས་ནི་སངས་རྒྱས་ཀྱི་ཞིང་སྟེ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སྐུ་གསུམ་གྱི་ཡུལ་དུ་ཐ་དད་བ་མེད་པའི་དངོས་པོས་མཉམ་པ་ཉིད་དུ་བཞུགས་པའི ་ཕྱིར་སངས་རྒྱས་ཀྱི་སྐུ་གསུམ་གྱི་ཡུལ་ཡོངས་སུ་མ་ཆད་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེས་ཀྱང་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཡིན་ནོ། །དེའི་འཁོར་བའི་མཛའ་ཨི་བར་དུ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ ་མཛད་པར་ཉེ་བར་གནས་པའི་ཡོན་ཏན་གྱིས་ལེགས་པར་ཐུགས་སུ་ཆུད་བའི་བློ་དང་ལྡན་པར་བསྟན་པའི་དབང་དུ་མཛད་ནས། ཆོས་ཀྱི་དབྱིངས་ཀྱིས་གླས་པ་ཞེས་བྱ་བ་གསུངས་ཏེ། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་འཁོར ་བ་ཇི་སྲིད་པར་གནས་པ་དང། དེའི་རྒྱུ་མཐུན་པ་མདོའི་སྡེ་ལ་སོགས་པའི་ཆོས་རྣམས་འདུལ་བའི་དུས་ཇི་ལྟ་བ་བཞིན་དུ་བཅོམ་ལྡན་འདས་བ་ཞུགས་པའི་དུས་དང། ཡོངས་སུ་མྱ་ངན་ལས་འདས་པའི་དུས་ན་ཡང་གནས་པའི ་ཕྱིར་འཁོར་བའི་བར་དུ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་མཛད་པའི་ཉེ་བར་གནས་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེས་ཀྱང་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཡིན་ནོ། །དེའི་འོག་ཏུ་མི་ཟད་པའི་ཡོན་ཏན ་གྱི་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པར་བསྟན་པའི་དབང་དུ་མཛད་ནས། ནམ་མཁའ་ཨི་ཁམས་ཀྱི་མཐས་གཏུགས་པ་དེ་ཞེས་བྱ་བ་གསུངས་ཏེ། ནམ་མཁའ་དང་འདྲ་བའི་ཆོས་ཀྱི་དབྱིངས་ལ་རྣམ་པར་བཀོད་པའི་ཡོན་ཏན ་རྣམས་ཀྱི་མཛའ་མེད་པས་ན་འཁོར་པ་ཇི་སྲིད་པའི་བར་དུ་ཆོས་ཀྱི་དབྱིངས་ཀྱིས་འགྲོ་བ་མཛའ་དག་གི་དོན་མཛད་པའི་རྒྱུན་མི་འཆད་པར་སྦྱོར་བས་ཡོན་ཏན་མི་ཟད་པའི་ཕྱིར་མི་ཟད་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེས་ཀྱང ་ལེགས་པར་ཐུགས་སུ་ཆུད་བའི་བློ་དང་ལྡན་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཡང་རྣམ་གྲངས་གཞན་དུ་ན་བཅོམ་ལྡན་འདས་ཀྱི་ཡོན་ཏན་གྱི་ཁྱད་པར་རྣམ་པ་ཉི་ཤུ་རྩ་གཅིག་པོ་དེ་དག་གིས་ནི་བཅོམ་ལྡན་འདས་ཀྱི་ཡེ་ཤེས་དང་སྤངས་པ་? ་མེད་པ་གཉིས་ཀྱི་རང་གི་དོན་ཕུན་སུམ་ཚོགས་པ་དང། བདག་དང་གཞན་གྱི་སྦྱོར་བ་གཉིས་ཀྱིས་གཞན་གྱིས་དོན་ཕུན་སུམ་ཚོགས་པ་སྟེ། ཡན་ལག་བཞིས་ཕུན་སུམ་ཚོགས་པ་གཉིས་བསྟན་ཏོ། །དེ་ལ་ཡན་ལག་དང་པོ་ནི་ཡེ་ཤེས་བླ་ན་མེད་པ ་སྟེ་མདོ་ལས། ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཞེས་གསུངས་པས་བསྟན་ཏེ། བློས་ཐུགས་སུ་ཆུད་པར་བྱ་བ་ཇི་སྙེད་པ་ཡོད་པ་དེ་སྙེད་དུ་ཐུགས་སུ་ཆུད་པའི་ཕྱིར་རོ། །དེ་ཡང་རྣམ་པ་བཞི་སྟེ། ལེགས་པར་ཐུགས་སུ་ཆུད་པའི་བློ་ཉིད་དང། ་དོན་ཟབ་མོ་ཐུགས་སུ་ཆུད་པའི་བློ་ཉིད་དང། ལེགས་པར་ཐུགས་སུ་ཆུད་པའི་བློ་ཉིད་དྲི་མ་མེད་པ་དང། ཐུགས་སུ་ཆུད་པའི་བློ་ཉིད་བླ་ན་མེད་པའོ། །དེ་ལ་ལེགས་པར་ཐུགས་སུ་ཆུད་པའི་བློ་ཉིད་ནི། ཀུན་ཏུ་སྤྱོད་པ་གཉིས་མི་མངའ་བ་ཞེས་གསུངས་པས ་བསྟན་ཏེ། ནང་དང་ཕྱིའི་སྐྱེ་མཆེད་ཀྱི་མཆན་མ་ཀུན་ཏུ་མི་སྤྱོད་པའི་ཕྱིར་རོ། །དོན་ཟབ་མོ་ཐུགས་སུ་ཆུད་པའི་བློ་ཉིད་ནི། མཚན་ཉིད་མེད་པའི་ཆོས་ལ་མཆོག་ཏུ་གཞོལ་པར་མཛད་པ་ཞེས་གསུངས་པས་བསྟན་ཏེ། ཆོས་བདག་མེད་པ་ལ་མཆོག་ཏུ ་གཞོལ་བའི་ཕྱིར་རོ། །ལེགས་པར་ཐུགས་སུ་ཆུད་པའི་བློ་ཉིད་དྲི་མ་མེད་པ་ནི། སངས་རྒྱས་ཀྱི་གནས་པས་གནས་པ་ཞེས་བྱ་བར་བསྟན་ཏེ། བྱང་ཆུབ་སེམས་དཔའ་ཨི་གནས་པ་ལས་ཡང་དག་པར་འདས་པའི་ཕྱིར་རོ། །ལེགས་པར་ཐུགས ་ཆུད་པའི་བློ་ཉིད་བླ་ན་མེད་པ་ནི། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་རྙེད་པ་ཞེས་བྱ་བས་བསྟན་ཏེ། སངས་རྒྱས་ཐམས་ཅད་དང་ཁྱད་པར་མེད་པའི་ཕྱིར་ཏེ། དེ་ནི་ཡེ་ཤེས་བླ་ན་མེད་པས་རང་གི་དོན་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ནོ། །ཡན ་ལག་གཉིས་པ་སྤངས་པ་བླ་ན་མེད་པ་སྟེ། མདོ་ལས་སྒྲིབ་པ་མེད་པའི་རྟོགས་པ་ཐུགས་སུ་ཆུད་པ་ཞེས་གསུངས་པས་བསྟན་ཏེ། རྟོགས་པར་བྱ་བ་ཇི་སྙེད་ཡོད་པ་རྟོགས་པའི་ཕྱིར་རོ། །དེ་ཡང་རྣམ་པ་གསུམ ་སྟེ། ཉོན་མོངས་པའི་སྒྲིབ་པ་མི་མངའ་བའི་རྟོགས་པ་དང། དེ་དག་ལ་རྣམ་པར་སྨིན་པའི་སྒྲིབ་པ་མི་མངའ་བས་རྟོགས་པ་དང། ཤེས་བྱའི་སྒྲིབ་པ་མི་མངའ་བས་རྟོགས་པའོ། །དེ་ལ་ཉོན་མོངས་པའི་སྒྲིབ་པ་མི་?་བས ་རྟོགས་པ་ནི། ཕྱིར་མི་ལྡོག་པའི་ཆོས་དང་ལྡན་པ་སྤྱོད་ཡུལ་གྱིས་མི་འཕྲོགས་པ་ཞེས་གསུངས་པའི་ཚིག་གཉིས་ཀྱིས་བསྟན་ཏེ། མ་འོངས་པའི་དུས་སུ་ཡང་སྤངས་པ་དེ་ཡོངས་སུ་ཉམས་པ་དང། ད་ལྟར་ཉོན་མོངས་པ ་མི་འབྱུང་བའི་ཕྱིར་ཏེ་གོ་རིམ་བཞིན་ནོ། །དེ་དག་ལ་རྣམ་པར་སྨིན་པའི་སྒྲིབ་པ་མི་མངའ་བས་རྟོགས་པ་ནི་།བསམ་གྱིས་མི་ཁྱབ་པར་རྣམ་པར་འཇོག་པ་ཞེས་གསུངས་པས་བསྟན་ཏེ། སྐུ་བསམ་གྱིས་མི་ཁྱབ་པ་རྣམ ་པར་འཇོག་པའི་ཕྱིར་རོ། །ཤེས་བྱའི་སྒྲིབ?་པ་མི་མངའ་བས་རྟོགས་པ་ནི། དུས་གསུམ་ལ་མཉམ་པ་ཉིད་ཚར?་ཕྱིན་པ་ཞེས་གསུངས་པས་བསྟན་ཏེ། དུས་གསུམ་ལ་ཆགས་པ་མེད་ཅིང་ཐོགས་བ་མེད་པར་ཡེ་ཤེས་མཉམ ་པ་ཉིད་ཚར་ཕྱིན་པའི་ཕྱིར་ཏེ། དེ་ནི་སྤངས་པ་བླ་ན་མེད་པས་རང་གི་དོན་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ནོ། །ཡན་ལག་གསུམ་པ་ནི་བདག་གིས་སྦྱོར་བས་སྟེ་མདོ་ལས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཞུགས་པའི ་སྐུ་དང་ལྡན་པ་ཞེས་གསུངས་པས་བསྟན་ཏེ། སེམས་ཅན་དཔག་ཏུ་མེད་པའི་དོན་མཛད་པའི་ཕྱིར་རོ། །ཞུགས་པའི་སྐུ་དེ་ནི་རྣམ་པ་བཞི་སྟེ། དགོས་པ་དང། ཐབས་དང། ཀུན་ནས་ཉོན་མོངས་པ་མེད་པ་དང། ངོ་བོ་ཉིད་ཀྱིས་བསྟན ་ཏོ། །དེ་ལ་དགོས་པ་ནི། ཆོས་ཐམས་ཅད་ལ་ཐེ་ཚོམ་མེད་པའི་མཁྱེན་པ་མངའ་བས་ཞེས་གསུངས་པས་བསྟན་ཏེ། ཐེ་ཚོམ?་ཐམས་ཅད་བཅད་པའོ། །ཐབས་ནི་སྤྱོད་པ་ཐབས་དང་ལྡན་པའི་བློ་མངའ་བ་ཞེས་གསུངས་པས་བསྟན་ཏེ ་དགའ་ལྡན་གྱི་གནས་སུ་སྐྱེ་བ་ལ་སོགས་པ་ཀུན་ཏུ་སྟོན་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་མེད་པ་ནི་ཆོས་ཤེས་པ་ལ་ནེམ་ནུར་མི་མངའ་བ་ཞེས་གསུངས་པས་བསྟན་ཏེ། འཇིག་རྟེན་གྱི་ཆོས་རྣམས་ཐོག་མ་ཉིད་དུ་སོ་སོར་རིག ་བའི་ཀུན་ནས་ཉོན་མོངས་པ་མེད་པ་ཉིད་ཡིན་ནོ། །ངོ་བོ་ཉིད་ནི་རྣམ་པར་མ་བརྟགས་པའི་སྐུ་མངའ་ལས་ཞེས་གསུངས་པས་བསྟན་ཏེ། ཉོན་མོངས་པའི་རྣམ་པར་རྟོག་པ་ཐམས་ཅད་ལས་མ་བྱུང་པའི་ཕྱིར་ཏེ། དེ་ནི་དེའི་བདག་གི་སྦྱོར་བས ་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ནོ། །ཡན་ལག་བཞི་པ་ནི་གཞན་གྱི་སྦྱོར་བ་སྟེ། མདོ་ལས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་ཡང་དག་པར་བླངས་པ་ཞེས་གསུངས་པས་བསྟན་ཏེ་བྱང་ཆུབ་སེམས ་དཔས་ཡེ་ཤེས་རྣམས་རང་གི་ཡེ་ཤེས་སུ་ཡང་དག་པར་བླངས་པའི་ཕྱིར་རོ། །ཡེ་ཤེས་ཡང་དག་པར་བླངས་པ་དེ་ནི་རྣམ་པ་གསུམ་སྟེ། ཁས་ལེན་པ་དང། འགྲུབ་པ་དང། རྟོགས་པ་བསྟན་པའོ། །དེ་ལ་ཁས་ལེན་པ་ནི། སངས་རྒྱས་ཀྱི་གནས ་པ་གཉིས་སུ་མེད་པ་དམ་པའི་ཕ་རོལ་ཏུ་བྱོན་པ་ཞེས་གསུངས་པས་བསྟན་ཏེ། བྱང་ཆུབ་སེམས་དཔའ་སངས་རྒྱས་སུ་འགྱུར་བའི་ཆོས་ཀྱི་སྐུ་དང་ཅིག་པ་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །འགྲུབ་པ་ནི་དེ་བཞིན་གཤེགས་པ་མ་འདྲེས ་པའི་རྣམ་པར་ཐར་པ་མཛད་པའི་ཡེ་ཤེས་ཀྱི་མཐར་བྱང?་བ་ཞེས་གསུངས་པས་བསྟན་ཏེ། དེ་བཞིན་གཤེགས་པའི་ཡེ་ཤེས་དང་སྤངས་པ་ཐ་དད?་བ་མེད་པ་འགྲུབ་པའི་ཕྱིར་རོ། །རྟོགས་པ་ནི་མཛའ་དང་དབུས་མེད་པའི་སངས་རྒྱས་ཀྱིས་མཉམ? ་པ་ཉིད་ཐུགས་སུ་ཆུད་པ་ཞེས་གསུངས་པས་བསྟན་ཏེ། དེ་གཉི་གའི་གནས་དེ་བཞིན་ཉིད་ཆོས་ཀྱི་དབྱིངས་རྟོགས་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་རྟོགས་པ་དེ་ཡང། ཆོས་ཀྱི་དབྱིངས་ཀྱིས་?་པ ་ཞེས་གསུངས་པས། ཉན་ཐོས་རྣམས་ལ་ཁྱད་པར་དུ་འཕགས་པ་བསྟན་ཏེ། ཉན་ཐོས་ནི་ཡོངས་སུ་མྱ་ངན་ལས་འདའ་ཨི། ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་དེ་ནི་ནམ་མཁའ་ཨི་ཁམས་ཀྱི་མཐས་གཏུགས་པ་ཡིན་ཏེ། དཔེར་ན་ནམ་མཁའ་ནི ་འཇིག་པའི་དུས་སམ་ཆགས་པའི་དུས་ངན་ཡང་ཟད་པ་མེད་པ་དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་མངོན་པར་རྫོགས་པར་བྱང་ཆུབ་པའི་དུས་སམ། ཡོངས་སུ་མྱ་ངན་ལས་འདས་པའི་དུས་ན་ཡང་འཁོར་བ་དང་མྱ ་ངན་ལས་འདས་པ་ལ་མི་གནས་པའི་ཕྱིར་ཉན་ཐོས་རྣམས་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ་དེ་ནི་དེའི་གཞན་གྱི་སྦྱོར་བས་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ནོ། །དངོས་པོ་བསྡུ་བའི་སྒོ་ནས་ཡང་རྣམ་གྲངས ་གཞན་ཏེ། དེ་བཞིན་གཤེགས་པའི་ཕུན་སུམ་ཚོགས་པ་ནི་འདིར་རྣམ་དང། གསུང་ཕུན་སུམ་ཚོགས་པ་དང། སྐུ་ཕུན་སུམ་ཚོགས་པ་མྱ་དང། གསུང་ཕུན་སུམ་ཚོགས་པ་དང། སྐུ་ཕུན་སུམ་ཚོགས་པ་མྱ་ངན་ལས་འདས་པ་མཚན ་ཉིད་མེད་པ་དང། བཞུགས་པ་ཕུན་སུམ་ཚོགས་པ་སྟོང་པ་ཉིད་དང། སོ་སོར་རྟོགས་པས་བཞུགས་པ་དང། ཡོན་ཏན་ཡོངས་སུ་འཛིན་པ་ཕུན་སུམ་ཚོགས་པ་དང། དྲིས་པ་ལུང་སྟོན་པ་ཕུན་སུམ་ཚོགས་པ་དང། རབ་ཏུ་རྒོལ་བཟིལ ་གྱིས་གནོན་པ་ཕུན་སུམ་ཚོགས་པ་དང། ཞིང་ཡོངས་སུ་དག་པ་ཕུན་སུམ་ཚོགས་པ་དང། གནས་ཕུན་སུམ་ཚོགས་པ་དང། སྤྱོད་ལམ་ཕུན་སུམ་ཚོགས་པ་དང། སྤྲུལ་པ་ཕུན་སུམ་ཚོགས་པ་དང། བསྟན་པ་ཕུན་སུམ་ཚོགས་པ ་དང། སེམས་ཅན་གྱི་སྤྱོད་པ་རྗེས་སུ་འཇུག་པ་ཕུན་སུམ་ཚོགས་པ་དང། ཐམས་ཅད་དུ་འགྲོ་བའི་ལམ་གྱིས་གདམས་ངག་ཕུན་སུམ་ཚོགས་པ་དང། ཕན་པ་གནོད་པ་ལ་ཀུན་ནས་ཉོན་མོངས་པ་མེད་པ་ཕུན་སུམ་ཚོགས་པ་དང། བཞི ་ཕུན་སུམ་ཚོགས་པ་དང། མི་མཐུན་པ་མེད་པ་ཕུན་སུམ་ཚོགས་པ་དང། ཆོ་འཕྲུལ་གྱི་རྣམ་པར་རོལ་བ་ཕུན་སུམ་ཚོགས་པ་དང། ཡོན་ཏན་མི་ཟད་པ་ཕུན་སུམ་ཚོགས་པ་དང། བདག་གི་དངོས་པོ་ཕུན་སུམ་ཚོགས་པ་དང། མྱ་ངན་ལས ་འདས་པ་ཕུན་སུམ་ཚོགས་པའོ། །ཕུན་སུམ་ཚོགས་པ་རྣམས་ཉི་ཤུ་རྩ་གཅིག་པོ་དེ་དག་ཀྱང་མདོ་ལས། ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཞེས་བྱ་བ་ནས། ནམ་མཁའ་ཨི་ཁམས་ཀྱིས་མཐས་གཏུགས་པ་ཞེས་བྱ་བ་གསུངས་པའི ་བར་གྱི་ཚིག་ཉི་ཤུ་རྩ་གཅིག་དང་གོ་རིམ་བཞིན་དུ་སྦྱར་ཏེ། ཚིག་གི་དོན་ལ་སོགས་པ་ནི་རྣམ་གྲངས་དག་གི་ལུས་བཞིན་དུ་ཅི་རིགས་པར་སྦྱར་རོ། །ཡོན་ཏན་ཕུན་སུམ་ཚོགས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏེ། །ཇི་ལྟ་བུ་དག ་དང་བཞུགས་ཤེ་ན། འཁོར་ཕུན་སུམ་ཚོགས་པ་དག་སྟེ། དེ་ལ་འཁོར་ཕུན་སུམ་ཚོགས་པ་ནི་རྣམ་པ་གཉིས་ཏེ། ཉན་ཐོས་ཀྱི་འཁོར་ཕུན་སུམ་ཚོགས་པ་དང། བྱང་ཆུབ་སེམས་དཔའ་ཨི་འཁོར་ཕུན་སུམ་ཚོགས་པའོ། །དེ་ལ་དང་པོར་ཉན ་ཐོས་ཀྱི་འཁོར་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། ཉན་ཐོས་ཀྱི་དགེ་འདུན་ཚད་མེད་པ་ཐམས་ཅད་ཀྱང་ཅང་ཤེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཅིའི་ཕྱིར་ཉན་ཐོས་ཀྱི་འཁོར་ཐོག་མར་སྨོས་ཤེ་ན། དེ་ནི་ཐེག ་པ་ཆེན་པོ་ལ་ཐེ་ཚོམ་ཟ་བ་རྣམས་གྱི་ཐེ་ཚོམ་བསལ་བ་དང། བྱང་ཆུབ་སེམས་དཔའ་ཨི་མ་ངེས་པའི་རིགས་ཅན་རྣམས་ཀྱི་རྐྱེན་ཉེ་བར་བསྒྲུབ་པ་དང། ཉན་ཐོས་རྣམ་པར་དག་པ་རྣམས་ཀྱི་ང་རྒྱལ་སྤང་བ་དང། འཁོར་དང་རྒྱུ་བ་རྣམས་ཀྱི? ་འཁོར་དེ་དག་གདུལ་བ་དང་།བྱང་ཆུབ་སེམས་དཔའ་རྣམས་ཉན་ཐོས་དག་ལ་གུས་པ་བསྐྱེད་པར་བྱ་བའི་ཕྱིར་ཏེ། བྱང་ཆུབ་སེམས་དཔས་ཀྱང་ཉན་ཐོས་ལ་མི་གུས་པར་མི་བྱའོ། །ཞེས་གསུངས ་བས་ན་དེའི་ཕྱིར་གཞན་དག་དེ་ལ་གུས་པ་བསྐྱེད་པའི་ཕྱིར་དེ་དག་གི་ཡོན་ཏན་ཐོགས་མར་བརྗོད་པའོ། །འོ་ན་གནས་དེ་ནི་ཤིན་ཏུ་རྣམ་པར་དག་ཅིང་དབང་སྒྱུར་པའི་རྣམ་པར་རིག་པའི་མཚན་ཉིད་ཡིན་ནོ་ཞེས་གསུངས་ན། དེ་ནི ་ཉན་ཐོས་རྣམས་ཇི་སྲིད་པར་གྱུར་ཏེ་འགལ་ལོ། །ཇི་ལྟར་འགལ་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་དང་ལྟ་བ་མཐུན་པའི་སྐྱོན་དུ་འགྱུར་རོ་ཞེས་ན། གལ་ཏེ་ཉན་ཐོས་རྣམས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་དག་བཞིན་དུ་གནས ་ཏེ་མཐོང་ངོ་ཞེས་སྨྲ་ན་ནི་འགལ་བར་ཡང་འགྱུར་གྲངས་ན། དེ་དག་དེ་ན་གནས་སུ་ཟིན་ཀྱང་དེ་མཐོང་བར་འགྱུར་བའི་འདུ་བྱེད་དང་བྲལ་བའི་ཕྱིར་དམུས་ལོང་དང་འདྲ་བར་འབྱོར་པ་དེ་ལྟ་བུ་དེ་མི་མཐོང་བས་འགལ་བ་མེད་དོ།། ་དཔེར་ན་གསེར་ལ་སོགས་པ་ལ་སོ་ལ་བ་ལ་སོགས་པར་མཐོང་བ་དང་འདྲ་སྟེ། རང་གི་འདུ་བྱེད་ཀྱི་དབང་གིས་གཞན་དུ་མཐོང་བའི་ཕྱིར་རོ། །ཡང་ན་ཅུང་ཟད་ཅིག་མཐོང་ན་ཡང་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཀྱིས ་མཐོང་བར་ཟད་ཀྱི་རང་གི་འདུ་བྱེད་ཀྱི་དབང་གིས་མཐོང་བ་མ་ཡིན་པས་འགལ་བ་མེད་དོ། །ཡང་ན་དེ་དག་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཤ་སྟག་སྟེ། ཉན་ཐོས་ཀྱི་ཆ་བྱད་དང་མིང་གིས་འདུལ་བའི་དབང་གི་ཕྱིར་དེ་ན་གནས ་པ་ཡིན་པས་འགལ་བ་མེད་དོ། །དེ་ལ་ཉན་ཐོས་ཀྱི་དགེ་འདུན་ཞེས་བྱ་བ་ལ་ཉན་ཐོས་ཞེས་བྱ་བའི་ཚིག་གི་དོན་ནི་ཉན་ཅིང་སྒྲོགས་པས་ན་ཉན་ཐོས་ཞེས་བྱའོ། །དགེ་འདུན་ཞེས་བྱ་བའི་ཚིག་གི་དོན་ནི་མང་པོ་འདུས་པ་སྟེ། དེ་ཡང་ཚུལ ་ཁྲིམས་མཐུན་པ་དང། ལྟ་བ་མཐུན་པ་དང། འཚོ་བ་མཐུན་པ་དང། སྤྱོད་པ་མཐུན་པའི་ཕྱིར་འདུད་ལ་སོགས་པས་མི་ཕྱེད་པས་ན་དགེ་འདུན་ཞེས་བྱའོ། །ཚད་མེད་པ་ཞེས་བྱ་བ་ནི་གྲངས་ཚད་མེད་པ་དང་ཡོན་ཏན་ཚད་མེད་པའོ ་དེ་ལ་གྲངས་ཚད་མེད་པ་ནི་བགྲང་བ་ལས་ཡང་དག་པར་འདས་པའི་ཕྱིར་རོ། །ཡོན་ཏན་ཚད་མེད་པ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་ཐམས་ཅད་ཀྱང་ཅང་ཤེས་པ་ཞེས་བྱ་པ་ལ་སོགས་པ་གསུངས་ཏེ། དེ་ལ་ཅང་ཤེས་པ་ཞེས་བྱ་བ་ནི་བསླབ་པ ་རྣམས་དང་འགལ་བར་མི་བྱེད་པ་སྟེ། མུ་རྒོད་མ་ཡིན་པའི་ཕྱིར་རྟ་ཅང་ཤེས་ལྟ་བུའོ། །ཡང་རྣམ་པ་གཅིག་ན་ཅང་ཤེས་པ་ཞེས་བྱ་བ་ནི་མི་འཇིགས་པ་སྟེ། འཇིགས་པ་མེད་པའི་ཕྱིར་མདོ་ལས་ཅང་ཤེས་པ་རྣམ་པ་ལྔར་གསུངས་ཏེ། ་ལྕེ་འབབ་པ་ལ་སོགས་པ་བག་ཚ་བ་འབྱུང་བར་དོགས་པ་མེད་པས་ཁྱུ་མཆོག་ཅང་ཤེས་དང། འཐབ་མོའི་འཇིགས་པ་མེད་བས་གླང་པོ་ཆེ་དང། རྟ་ཅང་ཤེས་དང། གཞན་གྱི་གནོད་པར་བྱེད་པའི་འཇིགས་པ་མེད་པས་སེང་གེ་ཅང་ཤེས ་དང། འཆི་བའི་འཇིགས་པ་མེད་པས་དགྲ་བཅོམ་པ་ཅང་ཤེས་སོ། །མདོར་ན་?་ཚ་བ་ནི་རྣམ་པ་བཞི་སྟེ། སྡུག་བསྔལ་གྱི་བག་ཚ་བ་དང། འཇིགས་པའི་བག་ཚ་བ་དང། འཇིག་རྟེན་ཀྱི་ཆོས་ཀྱིས་བག་ཚ་བ་དང། མི་ཤེས་པས་བག་ཚ ་བའོ། །དགྲ་བཅོམ་པ་ལ་ནི་བག་ཚ་བ་དེ་དག་མེད་པས་བདེ་བ་ཐོབ་པ་དང། མི་སྐྲག་པ་ཐོབ་པ་དང། མི་འཇིགས་པ་ཐོབ་པ་དང། དབུགས་དབྱུང་བ་ཐོབ་པ་ཞེས་བྱ་སྟེ་གོ་རིམ་བཞིན་ནོ། །དེ་ལ་མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ ་བ་དང། ཡིད་མི་བདེ་བ་རྣམས་མྱ་ངན་མེད་པའི་ཕྱིར་སྡུག་བསྔལ་གྱི་བག་ཚ་བ་མེད་དོ། །བདག་གིས་སྨད་པ་དང། གཞན་གྱི་སྨད་པ་དང། ངན་འགྲོ་དང། འཚོ་བ་མེད་པ་དང། ཆད་པས་བཅད་པ་དང། ཚིགས་སུ་བཅད་པ་མེད་པ་དང། འཚོ་བས་ ་འཇིགས་པ་རྣམས་མེད་པས་འཇིགས་པའི་བག་ཚ་བ་མེད་དོ། །རྙེད་པ་དང། མ་རྙེད་པ་དང། གྲགས་པ་དང། མ་གྲགས་པ་དང། བསྟོད་པ་དང། སྨད་པ་དང། བདེ་བ་དང་སྡུག་བསྔལ་གྱིས་གོས་པ་མེད་པས ་འཇིག་རྟེན་གྱི་ཆོས་ཀྱི་བག་ཚ་བ་མེད་དོ། །མི་ཤེས་པ་དང། ཐེ་ཚོམ་གྱིས་ཤེས་པ་དང། ལོག་པར་ཤེས་པའི་བར་དུ་གཅོང?་པ་རྣམས་མེད་པས། མི་ཤེས་པའི་བག་ཚ་བ་མེད་དེ། དེ་ལྟར་བག་ཚ་བ་མེད་པའི་ཕྱིར་ཅང་ཤེས་པ་ཞེས ་བྱའོ། །ཅང་ཤེས་པ་དེའི་ཕུན་སུམ་ཚོགས་པ་ནི་རྣམ་པ་བཅུ་གསུམ་དུ་རིག་པར་བྱ་སྟེ། གཉིས་སུ་མེད་པ་ཕུན་སུམ་ཚོགས་པ་དང། ཤིན་ཏུ་དུལ་བ་ཕུན་སུམ་ཚོགས་པ་དང། བསྔགས་པ་ཕུན་སུམ་ཚོགས་པ་དང། རྐྱེན་ཕུན ་སུམ་ཚོགས་པ་དང། རྒྱུ་ཕུན་སུམ་ཚོགས་པ་དང། མཐུན་པའི་ལམ་དུ་འགྲོ་བ་ཕུན་སུམ་ཚོགས་པ་དང། མྱུར་བ་ཉིད་དུ་ཕུན་སུམ་ཚོགས་པ་དང།?་རིང་དུ་འགྲོ་བར་ཕུན་སུམ་ཚོགས་པ་དང། འགྲོ་བ་མང་པོ་ཕུན་སུམ་ཚོགས་པ་དང། ་ཡོངས་སུ་སྤྱོད་པ་ཕུན་སུམ་ཚོགས་པ་དང། ཚོགས་པ་དང་ཉེ་བར་ཞི་བ་ཕུན་སུམ་ཚོགས་པ་དང། འགྲོ་གས་ན་བདེ་བ་ཕུན་སུམ་ཚོགས་པ་དང། དབང་དུ་གྱུར་པ་ཕུན་སུམ་ཚོགས་པའོ། །ཕུན་སུམ་ཚོགས་པ་བཅུ་གསུམ་པོ་དེ་དག ་ཀྱང་མདོ་ལས་སངས་རྒྱས་ཀྱི་སྲས་ཞེས་བྱ་བ་ནས་དེ་བཞིན་གཤེགས་པའི་བཀའ་ལ་ཤིན་ཏུ་ཞུགས་པ་ཤ་སྟག་ཅེས་གསུངས་པའི་བར་གྱི་ཚིག་ཉི་ཤུ་རྩ་བདུན་ལས། གཅིག་དང། གཉིས་དང། གཅིག་དང། གཅིག ་དང། གསུམ་དང། གསུམ་དང། བཅུ་དང། གཅིག་དང། གཅིག་དང། གཅིག་དང། གཅིག་དང་གོ་རིམ་བཞིན་དུ་སྦྱར་རོ། །དེ་ལ་དང་པོར་གཉིས་སུ་མེད་པ་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། སངས་རྒྱས་ཀྱི་སྲས ་ཞེས་བྱ་བ་གསུངས་ཏེ། སངས་རྒྱས་ཀྱི་སྲས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ལུང་གི་སྟོབས་ཀྱི་འཕགས་པའི་ལམ་ལས་སྐྱེས་པའི་ཕྱིར་ཡིན་གྱིས་།སངས་རྒྱས་ཀྱི་གདུང་ཡང་དག་པར་འཛིན་པ་ནི་མ་ཡིན་ཏེ། ཉན་ཐོས་རྣམས ་ནི་བཅོམ་ལྡན་འདས་ཀྱི་སྲས་ཞལ་ལས་སྐྱེས་པ་ཆོས་ལས་སྐྱེས་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་སངས་རྒྱས་ཀྱི་གདུང་ཡང་དག་པར་འཛིན་པ་མ་ཡིན་དུ་ཟིན་ཀྱང་ཞལ་ནས་སྐྱེས་པའི་སྒོ་ནས། བྱང་ཆུབ་སེམས་དཔའ་རྣམས ་དང་ཁྱད་པར་མེད་པར་སངས་རྒྱས་ཀྱི་སྲས་སུ་འདྲ་བས་ན། དེའི་ཕྱིར་གཉིས་སུ་མེད་པ་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེའི་འོག་ཏུ་ཤིན་ཏུ་དུལ་བ་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཤེས ་རབ་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་གསུངས་ཏེ། དེ་ལ་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་ཁམས་གསུམ་པའི་སྲེད་པའི་ཕྱོགས་ཀྱི་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ལས་རྣམ་པར་གྲོལ་བའོ། །ཤེས་རབ་ཤིན་ཏུ་རྣམ་པར་གྲོལ ་བ་ཞེས་བྱ་བ་ནི། ཁམས་གསུམ་པའི་མ་རིག་པའི་ཕྱོགས་ཀྱི་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ལ་རྣམ་པར་གྲོལ་བ་སྟེ། འདི་ལྟར་འདོད་ཆགས་དང་རྣམ་པར་བྲལ་བའི་ཕྱིར། སེམས་རྣམ་པར་གྲོལ་བས་སེམས་རྣམ་པར་གྲོལ ་བ་ཞེས་བྱའོ། །མ་རིགས་པ་དང་རྣམ་པར་བྲལ་བའི་ཕྱིར་ཤེས་རབ་རྣམ་པར་གྲོལ་བས་ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱའོ། །དེ་ལ་སྲེད་པའི་ཕྱོགས་ཀྱི་ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པ་སྤངས་པ་།ཏིང་ངེ་འཛིན་དང་ཉོན་མོངས ་པར་འཇུག་པ་ཐོབ་པ་ནི་སེམས་རྣམ་པར་གྲོལ་བ་ཞེས་བྱའོ། །ཉོན་མོངས་པ་ཐམས་ཅད་སྤངས་པས་ཐོབ་པར་བྱ་བ་དགྲ་བཅོམ་པའི་ལམ་གྱི་ཤེས་པ་ནི་ཤེས་རབ་རྣམ་པར་གྲོལ་བ་ཞེས་བྱའོ། །དེ་ལ་སེམས་རྣམ་པར་གྲོལ་བ་ཐོས་པ? ་ནི་སྙོམས་པར་འཇུག་པའི་སྒྲིབ་པ་ལས་རྣམ་པར་གྲོལ་པོ། །ཤེས་རབ་རྣམ་པར་གྲོལ་བ་ཐོབ་པས་ནི་ཉོན་མོངས་པའི་སྒྲིབ་པ་རྣམས་ལས་རྣམ་པར་གྲོལ་ལོ། །གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ ་དག་ནི་སེམས་ཤིན་ཏུ་རྣམ་པར་གྲོལ་བ་དང། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱའོ་།དེ་ལྟར་ཁམས་གསུམ་པའི་སྲེད་པའི་ཕྱོགས་དང་མ་རིགས་པའི་ཕྱོགས་ཀྱི་ཀུན་ནས་ཉོན་མོངས་པ་ཤིན་ཏུ་མ་དུས་པའི་མཚན ་ཉིད་དག་ལས་སེམས་དང་ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བས་ན་དེའི་ཕྱིར་ཤིན་ཏུ་དུལ་བ་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེའི་འོག་ཏུ་བསྔགས་པ་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། ཚུལ་ཁྲིམས ་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བ་གསུངས་ཏེ། ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བ་ནི་ཡན་ལག་དྲུག་དང་ལྡན་པའི་ཚུལ་ཁྲིམས་དང་ལྡན་པ་སྟེ། ཡན་ལག་དྲུག་ནི་ཚུལ་ཁྲིམས་དང་ལྡན་པར་གནས་པ་དང། ་སོ་སོར་ཐར་པའི་སྡོམ?་པས་བསྡམས་པ་དང་།ཆོ་ག་ཕུན་སུམ་ཚོགས་པ་དང། སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ལ་ཡང་འཇིགས་པར་ལྟ་བ་དང། བསླབ་པའི་གཞི་རྣམས་ཡང་དག་པར ་བླངས་ཏེ་སློབ་པར་བྱེད་པ་ཡིན་ནོ། །དེ་ལ་ཇི་ལྟར་ན་ཚུལ་ཁྲིམས་དང་ལྡན་པར་གནས་པས?་ནི་ཞེ་ན། བསླབ་པའི་གཞི་ཇི་ལྟར་ཡང་དག་པར་བླངས་པ་དག་ལ་ལུས་ཀྱི་ལས་ཀྱི་མཛའ་མ་ལོག་པ་དང། དག་གི་ལས་ཀྱི་མཛའ་མ་ལོག ་པར་གྱུར་ཅིང་མ་ཉམས་པར་བྱེད་པ་དང། སྐྱོན་མེད་པར་བྱེད་པ་ཡིན་ནོ། །ཇི་ལྟར་ན་སོ་སོར་ཐར་པའི་སྡོམ་པས་བསྡམས་པ་ཡིན་ན། སྡེ་ཚན་བདུན་པོ་དག་གི་ཚུལ་ཁྲིམས་ནི་སོ་སོར་ཐར་པའི་སྡོམ་པ་ཞེས་བྱ་སྟེ། སྐབས་འདིར ་ནི་དགེ་སློང་གི་སྡོམ་པ་ལས་བརྟེན་ནས། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་ཞེས་བྱའོ། །ཇི་ལྟར་ན་ཆོ་ག་ཕུན་སུམ་ཚོགས་པ་ཡིན་ཞེ་ན། སྤྱོད་ལམ་མན། །འཕྲལ་གྱི་བྱ་བ་འམ། དགེ་བའི་ཕྱོགས་ཀྱི་སྦྱོར་བ་ལས་བརྟེན ་ནས། འཇིག་རྟེན་དང་རྗེས་སུ་མཐུན་ཞིང་འཇིག་རྟེན་དང་མི་འགལ་བ་དང། འདུལ་བ་དང་རྗེས་སུ་མཐུན་ཞིང། འདུལ་བ་དང་མི་འགལ་བའི་ཆོ་ག་དང་ལྡན་པ་ཡིན་ནོ། །ཇི་ལྟར་ན་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཡིན་ཞེན། དགེ་སློང་གི་སྤྱོད ་ཡུལ་མ་ཡིན་པ་དེ་བཞིན་གཤེགས་པས་སྨད་པ་ལྔའོ། །བཤན?་པའི་གནས་དང། སྨད་འཚོད་མའི་གནས་དང། །ཆར་འཚོང་གི་གནས་དང། རྒྱལ་པོའི་ཕོ་བྲང་དང། གདོལ་པའི་ཁྱིམ་རྣམས་སྤངས་ནས ་སྤྱོད་ཡུལ་ཁ་ན་མ་ཐོ་བ་མེད་པ་གཞན་དག་ཏུ་སྤྱོད་པར་བྱེད་ཅིང་དེར་ཡང་དུས་སུ་སྤྱོད་པར་བྱེད་པ་ཡིན་ནོ། །ཇི་ལྟར་ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ལ་ཡང་འཇིགས་པར་ལྟ་བ་ཡིན་ཞེ་ན། བསླབ་པའི་གཞི་ཕྲ་བ་གང་དག་ལ་ལྟུང་བ ་འགྱུར་བ་དང། ལྟུང་བ་འབྱུང་བ་དེ་ལ་ཆེ་ཆུང་དུས་ལྡང་པར་འགྱུར་བའི་བསླབ་པའི་གཞི་ཕྲན་ཚེགས་ཕྲ་མོ་དེ་དག་ལ་ཡང་བདག་ལྟུང་བ་བྱུང་བར་བ་གཞི་དེས་བདག་ལ་མ་ལེགས་པར་འགྱུར་རོ་སྙམ་ནས། དེས་འཇིགས་པར་ལྟ་ཞིང ་སྲོག་གི་ཕྱིར་ཡང་བསླབ་པའི་གཞི་ཕྲན་ཚོགས་འཕྲ་མོ་དེ་དག་ལ་བསམ་བཞིན་དུ་ལྟུང་བ་འབྱིན་པར་མི་བྱེད་པ་ཡིན་ནོ། །ཇི་ལྟར་ན་བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཏེ་སློབ་པར་བྱེད་པ་ཡིན་ཞེ་ན་།སྔོན་སོ་སོར་ཐད་པཱི ་སྡོམ་པ་ཡང་དག་པར་ལེན་པའི་ཚེ?་གསོལ་བ་དང་གཞིའི་ལས་ཀྱིས་བསྙེན་པར་རྫོགས་པར་བྱེད་པ་ན་བསླབ་པའི་གཞི་ཆེ་ལོང་རྣམས་ཀྱི་རང་བཞིན་ཐོས་ཞིང། དེ་ལས་གཞན་པ་བསླབ་པའི་ལྷག་མ་སོ་སོར་ཐར་པའི་མེད་དོ་ལས་གསུངས ་པ་ཉིས་བརྒྱ་ལྔ་བཅུ་པོ་ལས་འཕྲལ་དུ་མ་ཐོས་པ་དག་ཀྱང་ཟླ་བ་ཕྱེད་ཕྱེད་བཞིན་སོ་སོར་ཐར་པའི་མདོ་འདོན་པའི་ཚེ་འམ། གནས་སྐབས་གཞན་དག་དུ་མཁན་པོ་འམ། སློབ་དཔོན་ནམ་ཚངས་? ་པར་སྤྱོད་པ་གཏམ་འདྲེས་པ་འམ་ཕེབས་པར་སྨྲ་པ་འམ། སྨོས་འདྲི་ན་སམ། འགྲོགས་བཤེས་དག་ལས་ཐོས་ནས་ཐམས་ཅད་ལ་བསླབ་པར་བྱའོ་ཞེས་དམ་བཅའ་བས་ཡང་དག་པར་བླངས་ཏེ། དེ་ཕྱིན་ཆད་བསླབ་པའི་གཞི་དྲེ ་དག་ལ་ལྷག་ཆད་མེད་པར་སློབ་ཅིང། དོན་དང་འཚིག་འབྲུ་ཕྱིན་ཅི་མ་ལོག་པར་ཡོངས་སུ་འཛིན་པར་བྱེད་པ་ཡིན་ཏེ། དེ་ལྟར་ཡན་ལག་དྲུག་དང་ལྡན་པའི་ཚུལ་ཁྲིམས་དང་ལྡན་པ་ནི་ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ་ཞེས་བྱའོ།། ་ཡང་ན་ཟག་པ་མེད་པའི་ཚུལ་ཁྲིམས་ཐོབ་པའི་ཕྱིར་ཏེ། དེ་ཡང་མཐོང་བའི་ལམ་ལ་ཚུལ་ཁྲིམས་མངོན་པར་རྟོགས་ནས་བཟུང་སྟེ། མི་སློབ་པའི་ལམ་ཐོབ་པའི་བར་གྱི་གནས་སྐབས་ན་འཕགས་པ་དགྱེས་པའི་ཚུལ་ཁྲིམས ་དང་ལྡན་པ་ལ་སོགས་པ་ཉིད་ཡིན་ནོ། །དེ་ལྟར་ཡན་ལག་དྲུག་དང་ལྡན་པ་དང། ཟག་པ་མེད་པའི་ཚུལ་ཁྲིམས་ནི་ཤིན་ཏུ་རྣམ་པར་དག་པ་ནི་ཡོན་ཏན་ཐམས་ཅད་ཀྱི་གཞིར་གྱུར་པ་ཡིན་པས་ན་དེའི་ཕྱིར་བསྔགས་པ་ཕུན་སུམ ་ཚོགས་པ་ཞེས་བྱའོ། །དེའི་འོག་ཏུ་དཀྱིལ་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། ཆོས་འདོད་པ་རྣམས་དང་བདེ་བར་ཕྲད་པ་ཞེས་བྱ་བ་གསུངས་ཏེ། ཆོས་འདོད་པ་རྣམས་དང་བདེ་བར་ཕྲད་པ་ཞེས་བྱ་བ་ནི་འཁོར ་ཆོས་འདོད་པ་རྣམས་བདག་གི་དྲུང་དུ་ཉེ་བར་འོངས་ནས་བདག་ཉིད་ཚེ་འདི་ལ་བདེ་བར་གནས་པའི་ལོངས་སྤྱོད་ལས་ཡོངས་སུ་ཉམས་པ་ལ་ཚེགས་མི་ལྟ་ཞིང་འཛུམ་པ་སྔར་གཏོང་བ་དང། ཚུར་ཤོག་འོངས་པ་ལེགས་སོ་ཞེས་བྱ་བ་ལ་སོགས ་པས་སོང་པོར་སྨྲ་ཞིང་དེ་དག་བདག་ཉིད་དང་བདེ་བར་སྤྱོད་པར་བྱེད་པའོ། །ཡང་ན་བདག་ཉིད་ཆོས་འདོད་པས་དགེ་བའི་བཤེས་གཉེན་དང་ཕྲད་པ་ན་ཀུན་ཤེས་པའི་སེམས་ཉེ་བར་འཇོག་ཀླན་ཀ་ཚོལ་བའི་བསམ་པ་མེད་པ་དང། སྤྱོད ་ལས་ངན་པ་ཡོངས་སུ་སྤངས་པས་བདག་ཉིད་དགེ་བའི་བཤེས་གཉེན་དང་བདེ་བར་ཕྲད་པར་བྱེད་པའོ། །དེ་ལྟར་འཁོར་ཆོས་འདོད་པ་རྣམས་བདག་ཉིད་དང་བདེ་བར་སྤྲོད་པ་འམ། བདག་ཉིད་ཆོས་འདོད་པས་དགེ་བའི་བཤེས་གཉེན་དང ་ཕྲད་པར་བྱེད་པ་ནི་ཡོན་ཏན་གྱི་དཀྱེལ་ཆ་བ་ཡིན་པས་ན་དེའི་ཕྱིར་དཀྱེལ་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེའི་འོག་ཏུ་རྒྱུ་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། མང་དུ་ཐོས་པ་།ཐོས་པ་འཛིན་པ། ཐོས་པ་བསགས་པ་ཞེས་བྱ་བ ་གསུངས་ཏེ། དེ་ལ་མང་དུ་ཐོས་པ་ཞེས་བྱ་བ་ནི་སྡེ་སྣོད་གསུམ་ལས་བརྩམས་པ་སྟེ། གཞུང་དུ་མ་དག་མགོ་མཇུག་ཆུ་བར་ཉན་ཅིང་གཟུང་བའི་ཕྱིར་རོ། །ཐོས་པ་འཛིན་པས་ཞེས་བྱ་བས་ནི་དེ་དག་གི་དོན་འཛིན་པ་སྟེ། ཐོས་པའི་དོན་ཀུན ་འཛིན་པའི་ཕྱིར་རོ། །ཐོས་པ་བསགས་པ་ཞེས་བྱ་བ་ནི་དེ་གཉི་གའི་དོན་བསྟན་པར་བྱེད་པའི་ཕྱིར་རོ། །དེ་ལྟར་སྡེ་སྣོད་གསུམ་ལས་བརྩམས་ཏེ། མང་དུ་ཐོས་པ་དང། ཐོས་པ་འཛིན་པ་དང། ཐོས་པ་བསགས་པའི་བློ་རྒྱ་ཆེ་བ་ཡིན་པས་ན ་དེའི་ཕྱིར་རྒྱུ་ཕུམ་སུམ་ཚོགས་པ་ཞེས་བྱའོ། །དེའི་འོག་ཏུ་མཐུན་པའི་ལམ་དུ་འགྲོ་བ་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། ལེགས་པར་བསམ་པ་སེམས་པ། ལེགས་པར་སྨྲ་བ་བརྗོད་པ་ལེགས་པར་བྱ ་པའི་ལས་བྱེད་པ་ཞེས་གསུངས་ཏེ། ཕྱིས་པ་རྣམས་ནི་ཡིད་ཀྱིས་ཉེས་པར་སྤྱོད་པ་གསུམ་དང། དག་གིས་ཉེས་པ་སྤྱོད་པ་བཞི་དང། ལུས་གྱི་ཉེས་པ་དགག་པ་གསུམ་སྤྱོད་པས། ཉེས་པར་བསམ་པ་སེམས་པ་ཉེས་པར་སྨྲ་བ་བརྗོད་པ། ་ཉེས་པར་བྱེད་པའི་ལས་བྱེད་པ་ཡིན་པའི་ཕྱིར་ངན་འགྲོ་དང་འཁོར་བའི་རྒྱུད་དུ་འགྲོ་བ་ཡིན་གྱི། འཕགས་པ་རྣམས་ནི་དེ་ལས་ཟློག་པ་ཡིན་པའི་ཕྱིར་མངོན་པར་མཐོ་བ་དང། ངེས་པར་ལེགས་པའི་ལམ ་དང་མཐུན་པར་གཤེགས་པས་ན་དེའི་ཕྱིར་མཐུན་ལམ་དུ་འགྲོ་བ་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེའི་འོག་ཏུ་མྱུར་བ་ཉིད་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། ཤེས་རབ་མྱུར་བ། ཤེས་རབ་མགྱོགས་པ། ་ཤེས་རབ་རྣོ་བ། ངེས་པར་འབྱུང་བའི་ཤེས་རབ་ཅན། ངེས་པར་རྟོགས་པའི་ཤེས་རབ་ཅན། ཤེས་རབ་ཆེ་བ། ཤེས་རབ་ཡངས་པ། ཤེས་རབ་ཟབ་པ། ཤེས་རབ་མཉམ་པ་མེད་པ། ཤེས་རབ་རིན་པོ་ཆེ་དང་ལྡན་པ་ཞེས་བྱ་བ ་གསུངས་ཏེ། དེ་ལ་ཤེས་རབ་མྱུར་བ་ཞེས་བྱ་བས་ནི་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བའི་དོན་ལ་མྱུར་དུ་འཇུག་པའི་ཕྱིར་རོ། །ཤེས་རབ་མགྱོགས་པ་ཞེས་བྱ་བ་ནི་དེ་དག་ཉིད་ཀྱི་དོན་མང་པོ་ལ་འཇུག་པའི ་ཕྱིར་ཏེ། མང་པོ་ལ་འགྲོ་བ་ནི་མགྱོགས་པ་ཞེས་བྱའོ། །ཤེས་རབ་རྣོ་བ་ཞེས་བྱ་བ་ནི་དོན་ཆ་ཕྲ་བ་ལ་འཇུག་པའི་ཕྱིར་རོ། །ངེས་པར་འབྱུང་བའི་ཤེས་རབ་ཅན་ཞེས་བྱ་བ་ནི་འཁོར་བ་ལས་ངེས་པར་འབྱུང་བའི་ཤེས་རབ་ཐག ་པ་མེད་པ་ཐོབ་པའི་ཕྱིར་རོ། །ངེས་པར་རྟོགས་པའི་ཤེས་རབ་ཅན་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་དགོས་པ་དང་ལྡན་པའི་ཕྱིར་ཏེ། ངེས་པར་རྟོགས་པ་ནི་གཏན་ལ་བབ་པར་རྟོགས་པ་སྟེ། མྱ་ངན་ལས་འདས་པ་ཡིན་ནོ། །དེའི་དགོངས ་དང་ལྡན་པའི་ཤེས་རབ་ནི་ངེས་པར་རྟོགས་པའི་ཤེས་རབ་སྟེ། དེ་གང་ལ་ཡོད་པའི་གང་ཟག་ནི་དེས་པར་རྟོགས་པའི་ཤེས་རབ་ཅན་ཞེས་བྱའོ། །ཤེས་རབ་ཆེ་བ་ཞེས་བྱ་བ་ནི་དྲིས་པ་ལན་གདབ་པ་ལ་མཛའ་ཐུག་པ་མེད་པའི་ཕྱིར་རོ། །ཤེས ་རབ་ཡངས་པ་ཞེས་བྱ་བ་ནི་མངོན་པར་ཤེས་པ་རྒྱ་ཆེན་པོ་ཡོངས་སུ་རྫོགས་པའི་ཕྱིར་རོ། །ཤེས་རབ་ཟབ་པ་ཞེས་བྱ་བ་ནི་གཞན་དག་གིས་གཏིང་དཔག་དཀའ་བའི་ཕྱིར་རོ། །ཤེས་རབ་མཉམ་པ་མེད་པ་ཞེས་བྱ་བ་ནི་ཉན་ཐོས་དབང་པོ་རྟུལ་པོ་དག ་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །ཤེས་རབ་རིན་པོ་ཆེ་དང་ལྡན་པ་ཞེས་བྱ་བ་ནི་དོན་གྱི་མཆོག་ཐོབ་པར་བྱེད་པས་རིན་པོ་ཆེ་དང་འདྲ་བའི་ཕྱིར་རོ། །དེ་ལྟར་ཤེས་རབ་མྱུར་བ་ལ་སོགས་པ་འཕགས་པ་ཉན་ཐོས་ཀྱི་ཤེས་རབ་རྣམ་བ་བཅུ ་པོ་དེ་དག་དང་ལྡན་པ་ནི་མངོན་པར་ཤེས་པ་མྱུར་བ་ཡིན་པས་ན་དེའི་ཕྱིར་མྱུར་བ་ཉིད་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེའི་འོག་ཏུ་རིང་དུ་འགྲོ་བ་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། རིག་པ་གསུམ་དང་ལྡན་པ་ཞེས་བྱ་བ ་གསུངས་ཏེ། རིག་པ་གསུམ་དང་ལྡན་པ་ནི་མི་སློབ་པའི་རིག་པ་གསུམ་ཐོབ་པའི་ཕྱིར་ཏེ། མི་སྒོ་བའི་རིག་པ་གསུམ་ནི་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པའི་རིག་པ་དང། འཆི་འཕོ་དང་སྐྱེ་བ་ཤེས་པ ་མངོན་དུ་བྱ་བའི་མངོན་པར་ཤེས་པའི་རིགས་པ་དང། ཟག་པ་ཟད་པ་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པའི་རིག་པའོ། །དེ་ལྟར་མི་སློབ་པའི་རིག་པ་གསུམ་གྱིས་སྔོན་དང་ཕྱི་མའི་མཛའ་དང་ཟག་པ་དང་བབས་པ་དང་ཟག་པ་མེད་པའི ་ཆོས་ཐམས་ཅད་ཀྱི་གཏིང་སླེབས་པར་འགྱུར་བས་ན་དེའི་ཕྱིར་རིང་དུ་འགྲོ་བ་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེའི་འོག་ཏུ་འགྲོ་བ་བཟང་པོ་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། ཚེ་འདི་ལ་བདེ་བ་གནས་པའི་མཆོག་ཐོབ་པ་ཞེས་བྱ་བ ་གསུངས་ཏེ། ཚེ་འདི་ལ་བདེ་བར་གནས་པ་ནི་བསམ་གཏན་གྱི་དངོས་གཞི་ཡོངས་སུ་དག་པ་ལ་གནས་པའོ། །དེ་དག་གི་མཆོག་ཐོབ་པ་ནི་ཡོངས་སུ་མི་ཉམས་པའི་བསམ་གཏན་དང་འགོག་པའི་སྙོམས་པར་འཇུག་པ་ཐོབ་པའོ། །དེ་ལྟར་བསམ ་གཏན་གྱི་དངོས་གཞི་དང་འགོག་པའི་སྙོམས་པར་འཇུག་པ་ཐོབ་པ་ནི་ཚེ་འདི་ལ་བདེ་བར་གནས་པའི་བགྲོད་པ་ཡིན་པས་ན་དེའི་ཕྱིར་འགྲོ་བ་བཟང་པོ་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེའི་འོག་ཏུ་ཡོངས་སུ ་སྤྱོད་པ་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ནས། ཡོན་ཡོངས་སུ་སྦྱོང་བ་ཆེན་པོ་བྱ་བ་གསུངས་ཏེ། གང་ཟག་ཚུལ་ཁྲིམས་འཆལ་པ་ཡོན་ཏན་དང་མི་ལྡན་པས་དད་པས་སྦྱིན་པ་ཡོངས་སུ་ལོངས་སྤྱད་པ་ནི་བུ་ལོན་དུ་གྱུར ་པ་ཡིན་ལ། གང་ཟག་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་གྱིས་ཡོངས་སུ་ལོངས་སྤྱོད་པ་ནི་སྤྱོད་དུ་དབང་བ་ཡིན་ན་ཡང་འབྲས་བུ་མྱུར་དུ་སྐྱེད་པ་མ་ཡིན་གྱི། འཇིག་རྟེན་གསུམ་གྱི་འདོད་ཆགས་དང་བྲལ་བ་དགྲ་བཅོམ་པར་རིབ? ་དང་འདྲ་བ་འདི་དག་ལ་ནི་ལྷ་དང་བཅས་པའི་འཇིག་རྟེན་ཀུན་གྱི་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ན་ཡང། ཞིང་གཤིན་པ་དང་འདྲ་བར་འབྲས་བུ་བཟང་པོར་མྱུར་དུ་འགྲུབ་པའི་ཕྱིར་ཡོན་ཡོངས་སུ་སྦྱོང་བ་ཆེན་པོ་ཡིན་ནོ།། ་དེ་ལྟར་བདག་ཉིད་ལ་བུ་ལོན་དུ་མི་འགྱུར་ལ་སྦྱིན་བདག་ལ་ཡང་འབྲས་བུ་མྱུར་ཞིང་བཟང་པའི་ཕྱིར་ཞིང་གཤིན་པ་ལྟ་བུ་ཡིན་པས་ན་དེའི་ཕྱིར་ཡོངས་སུ་སྤྱོད་པ་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེའི་འོག་ཏུ་ཉེ་བར་ཞི་བ་ཕུན་སུམ་ཚོགས ་པ་བསྟན་པའི་དབང་དུ་མཛད་ནས། སྤྱོད་ལམ་རབ་ཏུ་ཞིབ་ཕུན་སུམ་ཚོགས་པ་ཞེས་བྱ་བ་གསུངས་ཏེ། འགྲོ་བ་དང། བསྡོམ་པ་དང་།འདུག་པ་དང་ཉལ་བ་ལ་སོགས་པ་སྤྱོད་ལམ་ཐམས་ཅད་དུ་ཤེས་བཞིན་དུ་སྤྱོད་པ་གང་ཡིན་པ་དེ་ནི ་སྤྱོད་ལམ་རབ་ཏུ་ཞི་བ་དང་ལྡན་པ་ཡིན་ནོ། །དེ་ལྟར་སྤྱོད་ལམ་ཐམས་ཅད་དུ་ཤེས་བཞིན་དུ་སྤྱོད་པ་ནི་ཚུལ་ཞི་བ་དང་ལྡན་པ་ཡིན་པས་ན་དེའི་ཕྱིར་ཉེ་བར་ཞི་བ་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེའི་འོག་ཏུ་འགྲོགས་ན་བདེ་བ་ཕུན་སུམ ་ཚོགས་པ་ཞེས་བྱ་བ་བསྟན་པའི་དབང་དུ་མཛད་ནས། བཟོད་པ་དང་ངེས་པ་ཆེན་པོ་དང་ལྡན་པ་ཞེས་བྱ་བ་གསུངས་ཏེ། སྡུག་བསྔལ་ཇི་སྙེད་སྙམ་པའི་བཟོད་པ་ཆེན་པོ་དང། བཀའ་བློ་བདེ་བའི་དེས་པ་ཆེན་པོ་དང་ལྡན་པ་ནི་བཟོད་པ ་དང། ངེས་པ་ཆེན་པོ་དང་ལྡན་པ་ཡིན་ནོ། །དེ་ལྟར་བཟོད་པ་དང་ངེས་པ་ཆེན་པོ་དང་ལྡན་པ་ནི་བསྟེན་པར་བྱ་བའི་འོས་ཡིན་པས་ན་དེའི་ཕྱིར་འགྲོགས་ན་བདེ་བ་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེའི་འོག་ཏུ་དབང་དུ་གྱུར་པ་ཕུན་སུམ་ཚོགས་པ ་བསྟན་པའི་དབང་དུ་མཛད་ནས། དེ་བཞིན་གཤེགས་པའི་བཀའ་ལ་ཤིན་ཏུ་ཞུགས་པ་ཞེས་བྱ་བ་གསུངས་ཏེ། བསླབ་པ་དག་ལ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་དེ་བཞིན་གཤེགས་པའི་བཀའ་མི་འགལ་བར་སྤྱོད་པས་ན་བཀའ་ ་ལ་ཤིན་ཏུ་ཞུགས་པ་ཡིན་ནོ། །དེ་ལྟར་དེ་བཞིན་གཤེགས་པའི་བཀའ་ལ་ཤིན་ཏུ་ཞུགས་པ་ནི་ཉོན་མོངས་པ་གཞན་གྱི་དབང་དུ་མི་འགྱུར་བའི་ཕྱིར་བསླབ་པ་དག་ལ་བག་ཡངས་སུ་སྤྱོད་པ་ཡིན་པས་ན། དེའི་ཕྱིར་དབང་དུ་གྱུར་པ་ཕུན ་སུམ་ཚོགས་པ་ཞེས་བྱའོ། །ཤ་སྟག་ཞེས་བྱ་བ་ནི་ཉན་ཐོས་ཀྱི་འཁོར་ཕུན་སུམ་ཚོགས་པ་ཡོན་ཏན་ཚད་མེད་བ་དེ་ལྟ་བུ་དང་ལྡན་པ་གྲངས་ཚད་མེད་པ་ཤ་སྟག་དང། བྱང་ཆུབ་སེམས་དཔའ་ཨི་འཁོར་ཕུན་སུམ་ཚོགས་པ ་དང་ཡང་ཐབས་གཅིག་གོ་ཞེས་ཚིག་འོག་མ་དང་སྦྱར་རོ། །ཉན་ཐོས་ཀྱི་འཁོར་ཕུན་སུམ་ཚོགས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ། །དེ་ལྟར་ཉན་ཐོས་ཀྱི་འཁོར་ཕུན་སུམ་ཚོགས་པ་བསྟན་ནས། དེའི་འོག་ཏུ་བྱང་ཆུབ་སེམས ་དཔའ་ཨི་འཁོར?་ཕུན་སུམ་ཚོགས་པ་བསྟན་པའི་དབང་དུ་མཛད་ན། སངས་རྒྱས་ཀྱི་ཞིང་ཐ་དད་པ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ཐམས་ཅད་ཀྱང་གནས་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ ་ལ་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་བསྟན་པའི་དགོས་པ་ནི་དེ་དག་ལ་ཁ་ཅིག་བརྙས་པ་བཟློག་པའི་ཕྱིར་ཏེ། ཉན་ཐོས་ཡུན་རིང་དུ་ཚངས་པར་སྤྱད་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་དག་ལ་གདུད་པར་བྱའོ ་ཞེས་གསུངས་པའི་ཕྱིར་དང། ཁ་ཅིག་བྱང་ཆུབ་སེམས་དཔའ་དག་ཀྱང་ཡོན་ཏན་དེ་ལྟ་བུ་དང་ལྡན་པ་ཡིན་ན། དེ་བཞིན་གཤེགས་པ་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་དད་པ་བསྐྱེད་པའི་ཕྱིར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཕུན་སུམ་ཚོགS་པ ་ནི་ཆེན་པོ་རྣམ་པ་གསུམ་གྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེན་པོ་བརྗོད་དེ། གྲངས་ཆེན་པོ་དང། ཡོན་ཏན་ཆེན་པོ་དང། ལས་ཆེན་པོས་སོ། །དེ་ལ་གྲངས་ཆེན་པེ?་ནི། སངས་རྒྱས་ཀྱི་ཞིང་ཐ་དད་པ་ནས་འདུས་བའི་བྱང་ཆུབ་སེམས་དཔའ་ ་དཔག་ཏུ་མེད་པ་ཞེས་གསུངས་ནས་བསྟན་ཏོ། །དེ་ལ་སངས་རྒྱས་ཀྱི་ཞིང་ཐ་དད་པ་ནས་འདུས་པ་ཞེས་བྱ་བ་གསུངས་པ་ནི་དོན་དུ་མི་གཉེར་བས་ཆོས་ཉན་དུ་མི་འགྲོ་བ་དང། ལེ་ལོས་ཆོས་ཉན་དུ་མི་འགྲོ་བ་དང། ང་རྒྱལ་གྱི་དབང་གིས ་ཆོས་ཉན་དུ་མི་འགྲོ་བ་དེ་དག་གི་གཉེན་པོར་བསྟན་པའི་ཕྱིར་ཏེ། དེ་ལ་དོན་དུ་མི་གཉེར་བས་ཆོས་ཉན་དུ་མི་འགྲོ་བ་དེ་དག་གི་གཉེན་པོར་ནི་དེ་དག་ཀྱང་བདག་ཉིད་ཆོས་ཉན་པ་དོན་དུ་གཉེར་བས་སངས་རྒྱས་ཀྱི་ཐ་དད་པ་གཞན་དང་གཞན་ནས་འོངS ་པ་ཡིན་གྱི། གཞན་གྱི་དྲིང་འཇོག་པས་ནི་མ་ཡིན་པས་གཞན་དག་གིས་ཀྱང་ཅིའི་ཕྱིར་ཆོས་མཉན་པ་དོན་དུ་གཉེར་བར་མི་བྱ་ཞེས་བསྟན་པར་བྱ་བའི་ཕྱིར་རོ། །ལེ་ལོས་ཆོས་ཉན་དུ་མི་འགྲོ་བ་དག་གི་གཉེན་པོར་ནི་དེ་དག་ཀྱང་སངས་རྒྱས ་ཀྱི་ཞིང་ཐ་དད་པ་ཐག་རིང་པོ་དག་ནས་བརྩོན་འགྲུས་གྱི་སྟོབས་བསྐྱེད་པ་ཆེན་པོས་ཆོས་ཉན་པའི་ཕྱིར་འདིར་འོངས་པ་ཡིན་ན་གཞན་དག་ལེ་ལོས་ཉན་དུ་མི་འགྲོ་བ་དེ་དག་ནི་རིགས་པ་མ་ཡིན་ནོ་ཞེS་བསྟན་བར་བྱ་བའི་ཕྱིར་རོ། །ང་རྒྱལ་གྱི་དབང་གིS ་ཆོས་ཉན་དུ་མི་འགྲོ་བ་དག་གི་གཉེན་པོར་ནི་འབྱོར་པ་ཆེན་པོ་དང་ལྡན་པ་དེ་དག་ཀྱང་སངས་རྒྱས་ཀྱི་ཞིང་ཐ་དད་པ་གཞན་དག་ནས་ཆོས་མཉན་པའི་ཕྱིར་འོངས་ན་གཞན་དག་ཅིའི་ཕྱིར་འདོད་པར་མི་བྱ་སྙམ་དུ་སེམས་པར་བྱ་བའི་ཕྱིར་རོ། །བྱང ་ཆུབ་སེམས་དཔའ་ཞེས་བྱ་བ་ནི་ཚིག་གི་དོན་ནི་བླ་ན་མེད་པའི་བྱང་ཆུབ་དང་སེམས་ཅན་ཐམས་ཅད་ལ་དམིགས་ཏེ་སེམས་བསྐྱེད་པའོ། །ཡང་ཅིག་ཏུ་ན་བྱང་ཆུབ་ཅེས་བྱ་བ་ནི་རྟོགས་པ་དང་ལྡན་པ་ཡིན་ལ། སེམས་དཔའ་ཞེས་བྱ་བ་ནི་སྙིང་སྟོབས ་དང་ལྡན་པ་ལ་བྱའོ། །དཔག་ཏུ་མེད་པ་ཞེས་བྱ་བ་ནི་བགྲང་བ་ལས་ཡང་དག་པར་འདས་པ་སྟེ། དེ་ཉིད་ཀྱི་གྲངས་ཆེན་པོ་བསྟན་པ་ཡིན་ནོ། །ཡོན་ཏན་ཆེན་པོ་ནི་ཆེན་པོ་རྣམ་པ་དགུས་རིག་པར་བྱ་སྟེ། བརྩོན་འགྲུས་ཆེན་པོ་དང། རྒྱུ་ཆེན་པོ་དང ་དམིགས་པ་ཆེན་པོ་དང། དུས་ཆེན་པོ་དང། འདོད་པ་མེད་པ་ཆེན་པོ་དང། ཡིད་ལ་བྱེད་པ་ཆེན་པོ་དང། རྟོག་པ་ཆེན་པོ་དང། ཡོངས་སུ་དག་པ་ཆེན་པོ་དང། རྟོགས་པ་ཆེན་པོས་སོ། །དེ་ལ་བརྩོན་འགྲུས་ཆེན་པོ་ནི། ཐམས་ཅད་ཀྱང་གནས་ཆེན་པོ་ལ ་ཡང་དག་པར་ཞུགས་པ་ཞེས་གསུངས་པས་བསྟན་ཏེ། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་ཕྱིར་གནས་ཐཾས་ཅད་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལ་གནས་ཆེན་པོ་རྣམས་ཀྱི་གནས་གང་ཡིན་པ་སྟེ། དེ་ཡང་བྱང ་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་གནས་དེ་ཐེག་པ་ཆེན་པོ་ཡིན་ནོ། །དེའི་དོན་གྱི་ཕྱིར་ཡང་དག་པར་ཞུཌ་པ་རྣམས་ནི་བརྩོན་འགྲུས་དང་ལྡན་པས་ན་དེས་ནི་བརྩོན་འགྲུས་ཆེན་པོ་བསྟན་པ་ཡིན་ནོ། །རྒྱུ་ཆེན་པོ་ནི་ཐེག་པ་ཆེན་པོའི་ཆོས་ཀྱིས་ངེས་པར ་འབྱུང་བ་ཞེས་གསུངས་པས་བསྟན་ཏེ། ཐེག་པ་ཆེན་པོ་དང་ཕ་རོལ་ཏུ་ཕྱིན་པས་བསྡུས་པ་ལམ་གྱི་རང་བཞིན་གྱི་ཆོས་ལ་སོགས་པས་ཐོས་པ་དང། བསམས་པ་དང་བསྒོམས་པ་ལ་སོགས་པའི་རིམ་གྱིས་ངེས་པར་འབྱུང་བ་ཡིན་ནོ་ཞེས ་བྱ་བར་སྦྱར་རོ། །ཐེག་པ་ཆེན་པོའི་ཆོས་དང་ཕ་རོལ་ཏུ་ཕྱིན་པ་ནི་ལམ་གྱི་རང་བཞིན་ཡིན་ལ། ལམ་ནི་ངེས་པར་འབྱུང་བའི་རྒྱུ་ཡིན་པས་ན་དེས་ནི་རྒྱུ་ཆེན་པོ་བསྟན་པ་ཡིན་ནོ། །དམིགས་པ་ཆེན་པོ་ནི། སེམས་ཅན་ཐཾས་ཅད་ལ ་སེམས་མཉམ་པ་ཞེས་གསུངས་པས་བསྟན་ཏེ། སེམས་ཅན་ཐམས་ཅད་ལ་བདག་དང་གཞན་དུ་མཉམ་པའི་སེམས་ཐོབ་པས་བྱམས་པ་ཆེན་པོ་ལ་སོགས་པས་མཉམ་པ་ཉིད་དུ་སྦྱོར་བའི་ཕྱིར་ཏེ། སེམས་ཅན་ཐམས་ཅད ་ནི་བྱང་ཆུབ་སེམས་དཔའ་ཨི་དམིགས་པའི་ཡུལ་ཡིན་ལ། དེ་དག་ལ་ཚད་མེད་པའི་སེམས་ཀྱི་མཉམ་པ་ཉིད་དུ་དམིགས་པར་བྱེད་པས་ན། དེ་ནི་དམིཌ་པ་ཆེན་པོ་བསྟན་པ་ཡིན་ནོ། །དུས་ཆེན་པོ་ནི?། བསྐལ་པ་དང་བསྐལ་པ་མ་ཡིན་པའི ་ཡོངས་སུ་རྟོག་པ་ཐམས་ཅད་དང་བྲལ་བ་ཞེས་བྱ་བས་བསྟན་ཏེ། བླ་ན་མེད་པའི་བྱང་ཆུབ་དང་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པའི་ཕྱིར་ཕྱི་མའི་མཛའ་ཨི་མུར་ཐུག་པའི་དུས་ཐམས་ཅད་ལ་སྐད་ཅིག་གཅིག་དང་འདྲ་བར་འཇུག་གོ་ཞེས ་བྱ་བར་སྦྱར་ཏེ། འདི་ནི་བསྐལ་པ་ཡིན་ཏེ། བསྐལ་པ་གཅིག་གི་ཡུད་ཙམ་ཞིག་དུ་སྤྱད་པར་བྱའོ་ཞེས་སྙམ་པ་འམ་འདི་ནི་བསྐལ་པ་མ་ཡིན་ཏེ། བསྐལ་པ་བས་ཐུད་བ་འམ། བསྐལ་པ་ལས་ལྷག་པ་ཡིན་པས་དེ་དག་གི་ཡུད་ཙམ ་ཞིག་ཏུ་སྤྱོད་པར་བྱའོ་སྙམ་དུ་དུས་ལས་ཡོངས་སུ་རྟོག་པ་ཐམས་ཅད་དང་བྲལ་བའི་ཕྱིར་དུས་ལས་མཐར་ཐུག་པའི་བར་དུ་བདག་ཉིད་ཀྱིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་པ་དང། དུས་ཀྱི་མཐར་ཐུག་པའི་བར་དུ་ཕྱི ་རོལ་གྱི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ན་དེས་ནི་དུས་ཆེན་པོ་བསྟན་པ་ཡིན་ནོ། །ཡང་རྣམ་གྲངས་གཞན་དུ་ཚིག་གི་དོན་ནི་རྟོག་པ་དང་རྣམ་པར་རྟོག་པ་དང། ཡོངས་སུ་རྟོག་པ་ཐམས་ཅད་དང་བྲལ་བཞེས་བྱ་བར་ཡང་འདེན?་ཏེ། ་དེའི་ཚིག་གི་དོན་དུ་མ་རྟོག་པ་ཞེས་བྱ་བ་ནི་ངོ་བོ་ཉིད་དུ་རྟོག་པ་སྟེ། འདི་ནི་གཟུགས་སོ། །འདི་ནི་ཚོར་བའོ། །འདི་ནི་འདོད་ཆགས་སོ། །འདི་ནི་དད་པའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུར་ངོ་བོར་ཉིད་དུ་རྟོག་པའོ། །རྣམ་པར་རྟོག་བ་ཞེས་བྱ་བ་ནི་བྱེ་བྲག་ཏུ་རྣམ་པར་རྟོག་པ ་སྟེ་གཟུགས་འདི་ནི་ཟག་པ་དང་བཅས་པའོ། །གཟུགས་འདི་ནི་ཟག་པ་མེད་པའོ། །ཚོར་བ་འདི་ནི་སྲེད་པས་བརླན་པའོ། །འདི་ནི་སྲེད་པས་མ་རླན་པའོ། །འདོད་ཆགས་འདི་ནི་མཐོང་བས་སྤང་བར་བྱའོ། །འདི་ནི་བསྒོམ་པས་སྤང་བར་བྱའོ། །དད་བ་འདི་ནི་ལS ་དང་འབྲས་བུ་ལ་ཡིད་ཆེས་པའོ། །འདི་ནི་དཀོན་མཆོག་དང་བདེན་པ་ལ་སེམས་དང་བའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུར་བྱེ་བྲག་ཏུ་རྣམ་པར་རྟོག་པའོ། །ཡོངས་སུ་རྟོག་པ་ཞེས་བྱ་བའི་ངོ་བོ་ཉིད་དང་བྱེ་བྲག་ཏུ་ཡོངས་སུ་རྟོག་པ་སྟེ། འདི་ནི་གཟུགས་ཏེ། ་གཟུགས་འདི་ནི་ཟག་པ་དང་བཅས་པའོ། །འདི་ནི་ཟག་པ་མེད་པའོ། །འདི་ནི་ཚོར་བ་སྟེ། ཚོར་བ་འདི་ནི་སྲེད་པས་རླན་པའི། །འདི་ནི་སྲེད་པས་མ་བརླན་པའོ། །འདི་ནི་འདོད་ཆགས་ཏེ། འདོད་ཆགས་འདི་ནི་མཐོང་བས་སྤང་བར་བྱའོ། །འདི་ནི་སྒོམ་པས ་སྤང་བར་བྱའོ། །འདི་ནི་དང་པ་སྟེ། དད་པ་འདི་ནི་ལས་དང་འབྲས་བུ་ལ་ཡིད་ཆེས་པའོ། །འདི་ནི་དཀོན་མཆོག་བདེན་བ་ལ་སེམས་དང་པའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུར་ངོ་བོ་ཉིད་དང་བྱེ་བྲག་ཏུ་ཡོངས་སུ་རྟོག་པའོ། །དེ་དག་ཐམས་ཅད་བྲལ ་བ་ནི་སྤྱོད་པ་བཞི་ཡོངས་སུ་རྫོགས་པའི་ཕྱིར་ཏེ། རྣམ་པར་མི་རྟོག་བའི་ཕ་རོལ་ཏུ་ཕྱིན་པའི་ཡོངས་སུ་རྫོགས་པ་དང། ཉོན་མོངས་པ་མེད་བའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་སྤྱོད་པ་ཡོངས་སུ་རྫོགས་པ་དང། འཛིན་པ་མེད་པར་སེམས་ཅན་ཡོངས་སུ་སྨིན་བར ་བྱེད་པའི་སྤྱོད་པ་ཡོངས་སུ་རྫོགS་པ་དང། ཆགས་པ་མེད་པར་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་པའི་སྤྱོད་པ་ཡོངས་སུ་རྫོགས་པའི་ཕྱིར་རོ། །དེ་ལ་ཐབས་མཁས་པས་ནི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་འགྲུབ་བོ། །ཡོངས་སུ་འདྲིས་པའི་ཤེས ་པས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་སྤྱོད་པ་འགྲུབ་བོ། །སྙིང་རྗེས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་སྤྱོད་པ་འགྲུབ་བོ། །ཤེས་རབ་ཀྱིས་ནི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པའི་སྤྱོད་པ་འགྲུབ་སྟེ། དེ་ལྟར ་ན་བྱང་ཆུབ་སེམས་དཔའ་ནི་ཐབས་ལ་མཁས་པ་དང། ཡོངས་སུ་འདྲིས་པའི་ཤེས་པ་དང། སྙིང་རྗེ་དང། ཤེས་རབ་དང་ལྡན་པས་རྟོག་པ་ཐམས་ཅད་དང་བྲལ་བ་ཞེས་བྱའི་ཉན་ཐོས་ལྟར་འགོག་པའི་སྟོབས་ཀྱིས་བཀག་པ་མ་ཡིན ་ནོ། །ཚིག་གི་དོན་དེ་དག་གི་སྐབས་གཞན་དུ་ནི་ཡོན་ཏན་གཞན་ཡང་སྟོན་ཏོ། །སྐབས་འདིར་ནི་དེ་དག་གིས་ཀྱང་དུས་ཆེན་པོ་ཉིད་བསྟན་པ་ཡིན་ཏེ། དེ་ཡང་ཇི་ལྟ་བུ་ཞེ་ན། དེ་ལྟར་ཐབས་ལ་མཁས་པ་ལ་སོགས་པས་སྤྱོད་པ ་བཞི་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་རྟོག་པ་དང། རྣམ་པར་རྟོག་པ་དང། ཡོངས་སུ་རྟོག་པ་ཐམས་ཅད་དང་བྲལ་བ་ནི། འཁོར་བ་ཡང་མི་སྤོང། མྱ་ངན་ལས་འདས་པ་ཡང་མི་ལེན་པར་ཕྱི་མའི་མཛའ་ཨི་མུར་ཐུག་པའི་བར་དུ ་བདག་དང། གཞན་གྱི་དོན་ཕུན་སུམ་ཚོགས་པ་སྒྲུབ་པར་བྱེད་པས་ན་དེས་ཀྱང་དུས་ཆེན་པོ་བསྟན་པ་ཡིན་ནོ། །འདོད་པ་མེད་པ་ཆེན་པོ་ནི། བདུད་ཕྱིར་རྒོལ་བ་ཐམས་ཅད་ངེས་པར་བཅོམ་པ་ཞེས་གསུངས་པས་བསྟན་ཏེ། འདོད་པ་མེད་པ ་ནི་ཡོངས་སུ་འཛིན་པ་ཐམས་ཅད་ཡོངས་སུ་སྤངས་པ་ཡིན་པས་དེ་ཉིད་ཀྱིས་བདུད་ཕྱིར་རྒོལ་བ་ཐམས་ཅད་ངེས་པར་བཅོམ་པ་ཡིན་ཏེ། ཇི་སྐད་དུ་བློ་གྲོས་རྒྱ་མཚོ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཡོངས་སུ་འཛིན་པ་ཐམས་ཅད་མི ་འདོད་པར་འགྱུར་བ་དེའི་ཚེ་བདུད་ཕྱིར་རྒོལ་བ་ཐམས་ཅད་ངེས་པར་བཅོམ་པ་ཡིན་ན་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཡོངས་སུ་འཛིན་པ་ཐམས་ཅད་སྤངས་ཏེ། བདུད་ཕྱིར་རྒོལ་བ་དེས་པར་བཅོམ་པ་ཉིད་འདོད་པ་མེད་པ་ཡིན་པS ་ན་ངེས་ནི་འདོད་པ་མེད་པ་ཆེན་པོ་བསྟན་པ་ཡིན་ནོ། །ཡིད་ལ་བྱེད་པ་ཆེན་པོ་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་ཐམས་ཅད་ལས་རིང་དུ་གྱུར་པ་ཞེས་གསུངས་པས་བསྟན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་དང ་པོ་སེམས་བསྐྱེད་པ་ནས་ཐེག་པ་དམན་པའི་ཡིད་ལ་བྱེད་པ་ཐག་རིང་དུ་སྤངས་པ་ཡིན་པའི་ཕྱིར་ཏེ། འདི་ལྟར་ཐེག་པ་དམན་པའི་ཡིད་ལ་བྱེད་པ་ཐག་རིང་དུ་སྤང་བ་ཉིད་ཐེག་པ་ཆེན་པོའི་བསམ་པ་ཡིད་ལ་བྱེད་པ་ཡིན་པས་ན་རེས་ནི ་ཡིད་ལ་བྱེད་པ་ཆེན་པོ་བསྟན་པ་ཡིན་ནོ་རྟོགས་པ་ཆེན་པོ་ནི། ཆོས་ཀྱི་རོའི་དགའ་བ་དང། བདེ་བ་ཆེན་པོས་བསྟན་པ་ཞེས་གསུངས་བS་བསྟན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་ཐེག་པ་ཆེན་པོའི་ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆེན་པོས་བསྟན ་པ་ཡིན་པའི་ཕྱིར་ཏེ། དེ་ལྟར་ཐེག་པ་ཆེན་པོའི་ཆོས་ཀྱི་རོལ་དགའ་བ་དང། བེ་བ་ཆེན་པོས་བསྟན་པ་ཉིད་བྱང་ཆུབ་སེམས་དཔའ་ཨི་གནས་པ་དང། སངས་རྒྱས་ཀྱི་གནས་པ་ལ་གནས་པར་འགྱུར་བའི་རྒྱུ་ཡིན་པས་ན་དེས་ནི་རྟོགས་པ་ཆེན ་པོ་བརྟན་པ་ཡིན་ནོ། །ཡོངས་སུ་དག་པ་ཆེན་པོ་ནི་འཇིགས་པ་ཆེན་པོ་ནི་ལྔ་ལས་ཤིན་ཏུ་འདས་པ་ཞེས་གསུངས་པས་བསྟན་ཏེ། ལས་རྣམ་པ་གསུམ་དང་ལྷག་པའི་བསམ་པ་ཡོངས་སུ་དག་པས་འཇིགས་པ་ཐམས་ཅད་ལས་ཤིན་ཏུ་འདས་པ་སྟེ། ་ངན་འགྲོས་འཇིགས་པ་ལ་སོགས་པའི་རྒྱུ་ཚུལ་ཁྲིམས་འཆལ་པ་ལ་སོགས་པ་དྲི་མ་ཡོངས་སུ་དག་པའི་ཕྱིར་རོ། །འཇིགས་པ་ལྔ་ནི་འཚོ་བ་མེད་པས་འཇིགས་པ་དང། མི་བསྡུགས་པས་འཇིགས་པ་དང། འཆི་བས་འཇིགས་པ་དང ་ངན་འགྲོས་འཇིགས་པ་དང། འཁོར་གྱི་ནང་དུ་བག་ཚ་བས་འཇིགས་པ་སྟེ། དེ་དག་ནི་ལྷག་པའི་བསམ་པ་དག་པའི་ས་ཐོབ་ནས་མེད་པར་འགྱུར་རོ། །དེ་ལྟར་འཇིགས་པ་ལྔ་ལས་ཤིན་ཏུ་འདས་པ་ནི་ལས་རྣམ་པ་གསུམ་ཡོངས་སུ་དག་པ་དང ་ལྡན་པའི་བསམ་པ་ཡོངས་སུ་དག་པ་ཡིན་པས་ན་དེས་ནི་ཡོངས་སུ་དག་པ་ཆེན་པོ་བསྟན་པ་ཡིན་ནོ། །རྟོགས་བ་ཆེན་པོ་ནི། ཕྱིར་མི་ལྡོག་པའི་ས་བགྲོད་བ་གཅིག་པར་གྱུར་པ་ཞེས ་གསུངས་པས་བསྟན་ཏེ། ཐམས་ཅད་མཁྱེན་པ་ཉིད་དུ་ལུང་བསྟན་པའི་ས་ཐོབ་པས་བགྲོད་པ་གཅིག་པར་གྱུར་པ་ཞེས་བྱ་བར་སྦྱར་ཏེ། བྱང་ཆུབ་སེམས་དཔའ་ཨི་ས་བདུན་པོ་དག་ལ་ནི་མངོན་པར་འདུ་བྱེད་པས་འཇུག་པའི་ཕྱིར ་བགྲོད་པ་གཅིག་པར་གྱུར་པ་མ་ཡིན་ནོ། །ཕྱིར་མི་ལྡོག་པའི་ས་ནི་ས་བརྒྱད་པའོ། །བགྲོད་པ་ནི་ལམ་སྟེ་ས་བརྒྱད་པ་དེ་ཐོབ་བདེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ཐོབ་པ་གཞན་དག་དང་བགྲོད་པ་གཅིག་པར་གྱུར ་པ་ཡིན་ཏེ། ས་བརྒྱད་པ་བགྲོད་པ་གཅིག་པར་གྱུར་པ་གང་དག་ཡིན་པ་དེ་དག་ལ་དེ་སྐད་ཅེས་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་ཕྱིར་མི་ལྡོག་པའི་ས་ཐོབ་ཅིང་དེ་ཐོབ་པའི་བྱང་ཆུབ་སེམས་དཔའ་གཞན་དག་དང་བགྲོད་པ་གཅིག ་པར་གྱུར་པ་ཉིད་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཡིན་པས་ན། དེས་ནི་རྟོགས་པ་ཆེན་པོ་བསྟན་པ་ཡིན་ནོ། །དེ་ལ་ལས་ཆེན་པོ་ནི། སེམས་ཅན་ཐམས་ཅད་ཀྱི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ས་མངོན་དུ་གྱུར་པ ་ཤ་སྟག་ཅེས་གསུངས་པས་བསྟན་ཏེ། སེམས་ཅན་ཐམས་ཅད་ཀྱི་ནང་གི་མཚན་མ་ལ་སོགས་པའི་གནོད་པ་གང་དག་ཡིན་པ་དེ་དག་ས་གང་གིས་རབ་ཏུ་ཞི་བར་བྱེད་པའི་ས་དེ་མངོན་དུ་གྱུར་པ་གང་དག་ཡིན་བ་དེ་དག་ལ་འདི་སྐད ་ཅེས་བྱ་སྟེ། ས་དེ་ཡང་གང་ཞེ་ན། བྱམས་པ་ཆེན་པོ་དང། སྙིང་རྗེ་ཆེན་པོ་སྟེ། དེ་གཉིས་ཀྱི་བློ་མྱུར་དུ་བྱུང་བ་ལ་སོགས་པའི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་དང། དབུལ་བ་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་རབ་ཏུ ་ཞི་བར་བྱེད་པའི་ཕྱིར་རོ། །དེ་ལྟར་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དེ་གཉིས་ཀྱིས་སེམས་ཅན་བདེ་བ་ལ་བཀོད་པ་དང། སྡུག་བསྔལ་ལས་བསྐྱབ་པ་ལ་སོགས་པའི་དོན་བྱ་བ་ཕལ་ཆེར་བྱེད་ལ་དེའི་ས་མངོན་དུ་གྱུར་པས་ན་དེས་ནི་ལS? ་ཆེན་པོ་བསྟན་པ་ཡིན་ཏེ། དེ་ནི་རེ་ཞིག་རྣམ་གྲངས་གཞན་ཡིན་ནོ། །ཡང་རྣམ་གྲངས་གཞན་དུན་བྱང་ཆུབ་སེམས་དཔའ་ཨི་འཁོར་ཕུན་སུམ་ཚོགས་པ་ནི་མདོ་ལས། །སངས་རྒྱས་ཀྱི་ཞིང་ཐ་དད་པ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ ་ཐམས་ཅད་ཀྱང་གནས་ཆེན་པོ་ལ་ཡང་དག་པར་བཞུགས་པ་ཞེས་བསྟན་ཏོ། །གནས་ཆེན་པོ་ལ་ཡང་དག་པར་བཞུགས་པ་ཞེས་བྱ་བ་འདི་སྐབས་འདིར་ནི་གནས་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་མི་བྱའི། འཇུག་པ་ཆེན་པོ་ལ་ཡང་དག་པར ་ཞུགས་པ་ཞེས་བྱ་བར་བཤད་དེ། འཇུག་པ་ཆེན་པོ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་ལམ་གྱི་རང་བཞིན་ལ་བྱའོ། །དེ་ལ་འཇུག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དེ་ནི་ལམ་གྱི་སྐྱོན་རྣམ་པ་དགུ་ཡོངས་སུ་སྤོང་བར་ཡང་དག་པར་ཞུགས་པས ་འཇུག་པ་ཆེན་པོ་ལ་ཡང་དག་བར་ཞུགས་པ་ཞེས་བྱ་སྟེ། དེ་ཉིད་དེའི་ཕུན་སུམ་ཚོགས་པ་ཡང་ཡིན་ནོ། །དེ་ལ་ལམ་གྱི་སྐྱོན་རྣམ་པ་དགུ་གང་ཞེ་ན། འདི་སྐད་དུ་རྫོགས་པའི་བྱང་ཆུབ་མི་མཐུན་ལམ། །རྡུལ་བཅས་པ་དང་ཚེར་མར་བཅས། །ཆུད ་ཟ་འཇིག་དང་བདེ་མེད་དང། །འཇིགས་བཅས་རིས་མིན་ཕྱོགས་མིན་འགྲོ་ཞེས་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལམ་གྱི་སྐྱོན་རྣམ་པ་དགུ་ནི་རྫོགས་པའི་བྱང་ཆུབ་དང་མི་མཐུན་པའི་ལམ་དང། རྡུལ་དང་བཅས་པའི་ལམ་དང ་ཚེར་མ་དང་བཅས་པའི་ལམ་དང། ཆུད་ཟ་བའི་ལམ་དང། འཇིགས་པའི་ལམ་དང། བདེ་བ་མེད་པའི་ལམ་དང། འཇིགས་པ་དང་བཅས་པའི་ལམ་དང། རིས་མ་ཡིན་པའི་ལམ་དང། ཕྱོགས་མ་ཡིན་པའི་ལམ་དུ་འགྲོ་བའོ། །ལམ་གྱི་སྐྱོན་རྣམ ་པ་དགུ་པོ་དེ་དག་ཡོངས་སུ་སྤང་བར་ཡང་དག་པར་ཞུགས་པས་ནི་མདོ་ལས། ཐེག་པ་ཆེན་པོའི་ཆོས་ཀྱི་ངེས་པར་འབྱུང་བ་ཞེས་བྱ་བ་ནས་སེམས་ཅན་ཐམས་ཅད་ཀྱི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ས ་མངོན་དུ་གྱུར་པ་ཤ་སྟག་ཅེས་གསུངས་པའི་བར་གྱི་ཚིག་དགུ་དང། གོ་རིམ་བཞིན་དུ་སྦྱར་རོ། །དེ་ལ་རྫོགས་པའི་བྱང་ཆུབ་དང་མི་མཐུན་པའི་ལམ་དུ་འགྲོ་བའི་ཡོངས་སུ་སྤོང་བར་ཡང་དག་པར་ཟུགས་པ་ནི། ཐེག་པ་ཆེན་པོའི་ཆོས་ཡིས ་ངེས་པར་འབྱུང་པ་ཞེས་གསུངས་པས་བསྟན་ཏེ། དེ་ལ་རྫོགས་པའི་བྱང་ཆུབ་དང་མི་མཐུན་པའི་ལམ་དུ་འགྲོ་བ་ཞེས་བྱ་བ་ལ་རྫོགས་པའི་བྱང་ཆུབ་ཅེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དེ་དང་མི་མཐུན་པའི་ལམ་ནི ་ཐེག་པ་ཆེན་པོ་ས་དང་ཕ་རོལ་ཏུ་ཕྱིན་པས་བསྡུས་པ་ལམ་གྱི་རང་བཞིན་གྱི་ཆོས་རྣམས་ཀྱི་མཐུན་པའི་ཕྱོགས་ཀྱི་ཆོས་གང་དག་ཡིན་པ་དེ་ས་དང་པོའི་མི་མཐུན་པའི་ཕྱོགས་སོ་སོའི་སྐྱེ་བོ་ཉིད་ཅེས་བྱ་བ་ནས། ས་བཅུ་པའི་མི་མཐུན་པའི ་ཕྱོགས་ཆོས་ལ་དབང་མ་ཐོབ་པ་ཞེས་བྱ་བའི་བར་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་སེར་སྣ་ཞེས་བྱ་བ་ནས། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་བའི་མི་མཐུན་པའི་ཕྱོགས་ཞེས་བྱ་བ་མི་ཤེས་པ་ཞེས་བྱ་བའི་བར་གྱི་ཆོས ་རྣམས་སོ། །ལམ་གྱི་འགྲོ་བ་ལ་མི་མཐུན་བའི་ཕྱོགས་ཀྱི་ཆོས་དེ་དག་ལ་སྤྱོད་པ་ཡིན་ཏེ། དེ་ནི་རྫོགས་པའི་བྱང་ཆུབ་དང་མི་མཐུན་པའི་ལམ་དུ་འགྲོ་བ་ཡིན་པས་འཇུག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་མ་ཡིན་པའི་ཕྱིར་བྱང་ཆུབ་སེམས ་དཔའ་རྣམས་ཀྱི་ལམ་གྱི་སྐྱོན་ནི་ཡིན་ནོ། །དེ་ཡོངས་སུ་སྤོང་བར་ཡང་དག་པར་ཞུགས་པ་ནི། ཐེག་པ་ཆེན་པོ་ས་དང་ཕ་རོལ་ཏུ་ཕྱིན་པས་བསྡུས་པ་ལམ་གྱི་རང་བཞིན་གྱི་ཆོས་ཀྱི་ངེས་པར་འབྱུང་བ་སྟེ་དེའི་ཕྱིར་འཇུག་པ་ཆེན་པོ་ལ་ཡང་དག་པར་ཞུཌ ་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །རྡུལ་དང་བཅས་པའི་ལམ་དུ་འགྲོ་བ་ཡོངས་སུ་སྤོང་བར་ཡང་དག་པར་ཞུགས་པ་ནི། སེམས་ཅན་ཐམས་ཅད་ལས་མས་པ་ཞེས་གསུངས་པས་བསྟན་ཏེ། དེ་ལ་རྡུལ་དང་བཅས་པའི་ལམ་དུ་འགྲོ་བ་ཞེས་བྱ་བ ་ལ། རྡུལ་དང་བཅས་པའི་ལམ་ཞེས་བྱ་བ་ནི་ཉོན་མོངས་པ་དང་བཅས་པའི་སེམས་ཏེ། ཞེ་སྡང་དང། རྣམ་པར་འཚེ་བ་དང། མི་དགའ་བ་དང། འདོད་པ་དང། ཐེ་ཚོམ་དང། མཚན་མ་དང་བཅས་པའི་སེམས་གང་ཡིན་པའོ། །ལམ་དེར?་འགྲོ་བ་ནི་ཉོན་མོངས ་པའི་རྡུལ་དང་བཅས་པའི་སེམས་དེ་དག་ལ་འཇུག་པ་སྟེ། དེ་ནི་ཉོན་མོངས་པའི་རྡུལ་དང་བཅས་པའི་ལམ་དུ་འགྲོ་བ་ཡིན་པས་འཇུག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་མ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་སྐྱོན་ཡིན་ནོ།། ་དེ་ཡོངས་སུ་སྤོང་བར་ཡང་དག་པར་ཞུགས་པ་ནི་སེམས་ཅན་ཐམས་ཅད་ལས་འབྱུང་བར་འོས་པའི་ཁམས་དྲུག་པོ་གནོད་སེམས་ལས་འབྱིན་པ་བྱམས་པ་དང། རྣམ་པར་འཚེ་བ་ལས་འབྱིན་པ་སྙིང་རྗེ་དང། མི་དགའ་བ་ལས་འབྱིན་པ་དགའ་ ་བ་དང། འདོད་པ་ལས་འབྱིན་པ་བཏང་སྙོམས་དང། ཐེ་ཚོམ་ལས་འབྱིན་པ་ངའོ་སྙམ་པའི་ང་རྒྱལ་ཡང་དག་པར་འཇོམས་པ་དང། མཚན་མ་ལས་འབྱིན་པ་མཚན་མ་མེད་པ་དག་གིས་སེམས་མཉམ་པར་སྦྱོར་བ་སྟེ། དེའི་ཕྱིར་ཡང་འཇུག་བ་ཆེན ་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ། །ཚེར་མ་དང་བཅས་པའི་ལམ་དུ་འགྲོ་བ་ཡོངས་སུ་སྤོང་བར་ཡང་དག་པར་ཞུགས་པ་ནི། བསྐལ་པ་ཨདང་བསྐལ་པ་མ་ཡིན་པར་ཡོངས་སུ་རྟོག་པ་ཐམས་ཅད་བྲལ་བ་ཞེས་གསུངས་པས་བསྟན་ཏེ། དེ་ལ་ཚེར་མ་དང ་བཅས་པའི་ལམ་དུ་གྲོ་བ་ཞེས་བྱ་བ་ལ། ཚེར་མ་དང་བཅས་པའི་ལམ་ཞེས་བྱ་བ་ནི་རྟོག་པ་དང་བཅས་པའི་སེམས་ཏེ། བསྐལ་པ་དང་བསྐལ་པ་མ་ཡིན་པར་ཡོངས་སུ་རྟོག་པ་དང་ངོ་བོ་ཉིད་དང་བྱེ་བྲག་ཏུ་ཡོངས་སུ་རྟོག་པའི་སེམས་གང་ཡིན་པའོ། །ལམ ་དེར་འགྲོ་བ་ནི་རྟོག་པའི་ཚེར་མ་དང་བཅས་པའི་སེམས་དེ་དག་ལ་གནས་པ་སྟེ། དེ་ནི་རྟོག་པའི་ཚེར་མ་དང་བཅས་པའི་ལམ་དུ་འགྲོ་བ་ཡིན་པས་འཇུག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་མ་ཡིན་པའི་ཕྱིར་བྱང ་ཆུབ་སེམས་དཔའ་རྣམས་ལམ་གྱི་སྐྱོན་ཡིན་ནོ། །དེ་ཡོངས་སུ་སྤོང་བར་ཡང་དག་པར་ཞུགས་པ་ནི་བསྐལ་པ་དང་བསྐལ་པ་མ་ཡིན་པར་ཡོངས་སུ་རྟོག་པ་དང། ངོ་བོ་ཉིད་བྱེ་བྲག་ཏུ་ཡོངས་སུ་རྟོག་པ་ཐམས་ཅད་དང་བྲལ་བས་བདུད་ཀྱི་ཚེར་མ ་དཀྲུགས་པ་སྟེ། དེའི་ཕྱིར་ཡང་འཇུག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ། །ཆུད་ཟ་བའི་ལམ་དུ་འགྲོ་བ་ཡོངས་སུ་སྤོང་བར་ཡང་དག་པར་ཞུགས་པ་ནི། བདུད་ཕྱིར་རྒོལ་བ་ཐམས་ཅད་ངེས་པར་བཅོམ་པ་ཞེས་གསུངས་པར་བསྟན ་ཏེ། དེ་ལ་ཆུད་མི་ཟ་བའི་ལམ་དུ་འགྲོ་བ་ཞེས་བྱ་བ་ལ། ཆུད་ཟ་བའི་ལམ་ཞེས་བྱ་བ་ནི་རབ་ཏུ་ཉམས་པར་འགྱུར་བའི་སེམས་ཏེ། ལུས་ཀྱི་ཡོ་བྱད་དང་ཡོངས་སུ་གཟུང་བའི་དངོས་པོ་ལ་སོགས་པ་དག་ལ། ཡོངས་སུ་འཛིན་པའི་སེམས་གང ་ཡིན་པའོ། །ལམ་དེར་འགྲོ་བ་ནི་ཡོངས་སུ་འཛིན་པའི་ཆུད་ཟ་བ་དང་བཅས་པའི་སེམས་དེ་དག་དང་མ་བྲལ་བ་དེ་ནི་རབ་ཏུ་ཉམས་པར་ཆུད་ཟ་བའི་ལམ་དུ་འགྲོ་བ་ཡིན་པས་འཇུག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་མ་ཡིན་བའི ་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལམ་གྱི་སྐྱོན་ཡིན་ནོ། །དེ་ཡོངས་སུ་སྤོང་བར་ཡང་དག་པར་ཞུགས་པ་ནི། ཡོངས་སུ་འཛིན་པ་ཐམས་ཅད་སྤངས་པས་བདུད་ཕྱིར་རྒོལ་བ་ལ་ངེས་པར་བཅོམ་པ་སྟེ། དེའི་ཕྱིར་ཡང་འཇུག ་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ། །འཇིག་པའི་ལམ་དུ་འགྲོ་བ་ཡོངས་སུ་སྤོང་བར་ཡང་དག་པར་བཞུགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་ཐམས་ཅད་ལས་རིང་དུ་གྱུར་བ་ཞེས་གསུངས་པས་བསྟན་ཏེ། ་དེ་ལ་འཇིགས་པའི་ལམ་དུ་འགྲོ་བ་ཞེས་བྱ་བ་ལ་འཇིགས་པའི་ལམ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་བསམ་པ་མ་ཐོབ་པར་ཡོངས་སུ་ཉམས་པའི་སེམས་ཏེ། ཉན་ཐོས་དང། རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པའི་སེམས་གང་ཡིན་པའོ?། །ལམ་དེར ་འགྲོ་བ་ནི་དང་པོ་ཉིད་ནས་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་གནས་ཤིང་དེ་དག་གི་ཐེག་པར་སེམས་བསྐྱོད་པ་སྟེ། དེ་ནི་ཐེག་པ་དམན་པའི་ཡིད་ལ་བྱེད་པས་འཇིགས་པའི་ལམ་དུ་འགྲོ་བ་ཡིན་པས་འཇུག་པ་ཆེན་པོ་ལ་ཡང་དག་པར ་ཞུགས་པ་མ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་སྐྱོན་ཡིན་ནོ། །དེ་ཡོངས་སུ་སྤོང་བར་ཡང་དག་པར་ཡོངས་སུ་ཞུགས་པ་ནི། དང་པོ་ཉིད་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་རིགས་དང། སེམས་བསྐྱེད་པ་དང་མངོན་པར ་རྟོགས་པ་ལ་སོགS་པ་དང་ལྡན་པས་ཉན་ཐོས་དང། རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་ཐམས་ཅད་ལས་རིང་དུ་གྱུར་བ་སྟེ། དེའི་ཕྱིར་ཡང་འཇུག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ། །བདེ་བ་མེད་པའི་ལམ་དུ་འགྲོ་བ་ཡོངས་སུ ་སྤོང་བར་ཡང་དག་པར་ཞུགས་པ་ནི། ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆེན་པོས་བསྟན་པ་ཞེས་གསུངས་པས་བསྟན་ཏེ། དེ་ལ་བདེ་བ་མེད་པའི་ལམ་དུ་འགྲོ་བ་ཞེས་བྱ་བ་ལ། བདེ་བ་མེད ་པའི་ལམ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཉམས་སུ་མ་མྱོང་བའི་སེམས་ཏེ། མངོན་པར་རྟོགས་པའི་ལམ་མ་ཐོབ་པའི་སེམས་གང་ཡིན་པའོ། །ལམ་དེར་འགྲོ་བ་ནི་མངོན་པར་རྟོགས་པ་ཐོབ་པའི་ལམ ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དག་ལས་གཞན་པ་འཇིག་རྟེན་པའི་ལམ་ལ་སྤྱོད་པ་སྟེ། དེ་ནི་མངོན་པར་རྟོགས་པར་བདེ་བ་མེད་པའི་ལམ་དུ་འགྲོ་བ་ཡིན་པS་འཇུག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་མ་ཡིན་པའི་ཕྱིར་བྱང་ཆུབ་སེམS ་དཔའ་རྣམས་ཀྱི་ལམ་གྱི་སྐྱོན་ཡིན་ནོ། །དེ་ཡོངས་སུ་སྤོང་བར་ཡང་དག་པར་ཞུགས་པ་ནི་མངོན་པར་རྟོགས་པའི་ལམ་ལ་མངོན་པར་རྟོགས་པ་རྣམ་པ་དྲུག་པོ་བསམ་པ་མངོན་པར་རྟོག་པ་དང། དད་པ་མངོན་པར ་རྟོགས་པ་དང། ཚུལ་ཁྲིམས་མངོན་པར་རྟོགས་པ་དང། མངོན་པར་རྟོགས་པའི་ཤེས་པ་བདེན་པ་མངོན་པར་རྟོགས་པ་དང། མངོན་པར་རྟོགས་པའི་མཛའ་ལས་བྱུང་བའི་ཤེས་པ་བདེན་པར་རྟོགས་པ་དང། མཐར་ཐུག་པའི་མངོན་པར ་རྟོགས་པ་དང། བདག་མངོན་པར་རྟོགས་པ་ཡན་ཆད་ཐེག་པ་ཆེན་པོའི་ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆེན་པོས་བརྟན་པ་སྟེ། དེའི་ཕྱིར་ཡང་འཇུག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ། །འཇིགས་པ་དང་བཅས་པའི་ལམ་དུ་འགྲོ་བ ་ཡོངས་སུ་སྤོང་བར་ཡང་དག་པར་ཞུགས་པ་ནི་འཇིགས་པ་ལྔ་ལས་ཤིན་ཏུ་འདས་པ་ཞེས་གསུངས་པས་བསྟན་ཏེ། དེ་ལ་འཇིགས་པ་དང་བཅས་པའི་ལམ་དུ་འགྲོ་བ་ཞེས་བྱ་བ་ལ། འཇིགས་པ་དང་བཅས་པའི་ལམ་ཞེས་བྱ་བ་ནི། འཇིགས་པར ་ལྔ་ལས་མ་འདས་པའི་སེམས་ཏེ། སོ་སོའི་སྐྱེ་བོའི་འཇིག་རྟེན་པའི་སེམས་གང་ཡིན་པའོ། །ལམ་དེང?་འགྲོ་བ་ནི་འཇིགས་པ་ལྔ་དག་གི་རྒྱུ་སེར་སྣ་དང། རིམ་གྲོ་ལ་ཆགས་པ་དང། བདག་ཏུ་ལྟ་བ་དང། ཉེས་པར་སྤྱོད་པ་དང། བསམ་བ? ་དམན་པ་དག་ལ་སྤྱོད་པ་སྟེ། དེ་ནི་འཇིགས་པ་དང་མ་བྲལ་བས་འཇིགས་པ་དང་བཅས་པའི་ལམ་དུ་འགྲོ་བ་ཡིན་པས་འཇུག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་མ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱོན་ཡིན་ནོ།། ་དེ་ཡོངས་སུ་སྤོང་བར་ཡང་དག་པར་ཞུགས་པ་ནི་ལས་རྣམ་པ་གསུམ་དང། ལྷག་པའི་བསམ་པ་ཡོངས་སུ་དག་པའི་གནས་སྐབས་ན་འཇིགས་པ་ལྔའི་རྒྱུ་ཡང་དག་པར་རྗེས་སུ་མཐོང་བས་འཇིགས་པ་ལྔ་ལས་ཤིན་ཏུ་འདས ་བ་སྟེ། དེའི་ཕྱིར་ཡང་འཇུག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ། །རིགས་མ་ཡིན་པའི་ལམ་དུ་འགྲོ་བ་ཡོངས་སུ་སྤོང་བར་ཡང་དག་པར་ཞུགས་པ་ནི། ཕྱིར་མི་ལྡོག་པའི་ས་བགྲོད་པ་གཅིག་པར་ཞེས་གསུངས་པས་བསྟན་ཏེ། ་དེ་ལ་རིགས་མ་ཡིན་པའི་ལམ་དུ་གྲོ་བ་ཞེས་བྱ་བ་ལ། རིགས་མ་ཡིན་པའི་ལམ་ཞེས་བྱ་བ་ནི་མཚན་མ་མེད་པ་ལ་གནས་པ་མེད་པ་ལ་གནས་པ་མངོན་པར་འདུ་བྱེད་པ་མེད་ཅིང་ལྷུན་གྱིས་གྲུབ་པའི་ལམ་དང་རིགས་མི་མཐུན་པའི ་སེམས་ཏེ། བྱང་ཆུབ་སེམས་དཔའ་ཨི་ས་བདུན་པོ་མངོན་པར་འདུ་བྱེད་པ་དང་བཅས་པས་འཇུག་པ་དག་གི་སེམས་གང་ཡིན་པའོ། །ལམ་དེར་འགྲོ་བ་ནི་མངོན་པར་འདུ་བྱེད་པ་དང་བཅས་པས་འཇུག་པའི་ལམ་ལ་སྤྱོད་པ་སྟེ། དེ་ནི་མཚན་མ ་མེད་པ་ལྷུན་གྱིས་གྲུབ་པའི་རིགས་མ་ཡིན་པའི་ལམ་དུ་འགྲོ་བ་ཡིན་པས་སྣང་བ་མེད་པའི་ས་ལྷུན་གྱིས་གྲུབ་པ་ཉིད་ལས་བལྟོས་ན་འཇིགས་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་པའི་ཕྱིར། དེ་ཡང་ས་གོང་མ་ལས་བལྟོས་ནས་བྱང ་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་སྐྱོན་ཡིན་ནོ། །དེ་ཡོངས་སུ་སྤོང་བར་ཡང་དག་པར་ཞུགས་པ་ནི་ཕྱིར་མི་ལྡོག་པའི་ས་ཐོབ་ཅིང་བགྲོད་པ་གཅིག་པར་གྱུར་པ་སྟེ། དེའི་ཕྱིར་ཡང་འཇུག་པ་ཆེན་པོ་ལ་ཡང་དག་བར་ཞུགས་པ་ཡིན་ནོ།། ་ཕྱོགས་མ་ཡིན་པའི་ལམ་དུ་འགྲོ་བ་ཡོངས་སུ་སྤོང་བར་ཡང་དག་པར་ཞུགས་པ་ནི། སེམས་ཅན་ཐམས་ཅད་ཀྱི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ས་མངོན་དུ་གྱུར་པ་ཤ་སྟག་ཅེས་གསུངས་པས་བསྟན་ཏེ། དེ་ལ་ཕྱོགས ་མ་ཡིན་པའི་ལམ་དུ་འགྲོ་བ་ཞེས་བྱ་བ་ལ་ཕྱོགས་མ་ཡིན་པའི་ལམ་ཞེས་བྱ་བ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་ལམ་གྱི་ཕྱོགས་མ་ཡིན་པའི་སེམས་ཏེ་།སེམས་ཅན་གྱི་དོན་ཡལ་བར་འདོར་ཞིང། མྱ་ངན ་ལས་འདས་པ་ལ་མངོན་དུ་ཕྱོགས་པའི་སེམས་གང་ཡིན་པའོ། །ལམ་དེར་འགྲོ་བ་ནི་ཞི་བར་བགྲོད་པ་གཅིག་པ་ཉིད་ལ་ཞུགས་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་ཨི་ཆོས་ཉིད་དང་མི་གནས་པའི་མྱ་ངན ་ལས་འདས་པའི་ཕྱོགས་མ་ཡིན་པའི་ལམ་དུ་འགྲོ་བ་ཡིན་པས་འཇུག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་མ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་སྐྱོན་ཡིན་ནོ། །དེ་ཡོངས་སུ་སྤོང་བར་ཡང་དག་པར་ཞུགས ་པ་ནི་བྱམས་པ་ཆེན་པོ་དང། སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ཀྱི་ཕྱི་ནང་གི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ས་མངོན་དུ་གྱུར་བ་སྟེ་།དེའི་ཕྱིར་ཡང་འཇུག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བྱ ་བར་སྦྱར་རོ། །ཐབས་གཅིག་གོ་ཞེས་བྱ་བ་ནི་གནས་ཕུན་སུམ་ཚོགས་པ་དེ་ན་ཡོན་ཏན་ཕུན་སུམ་ཚོགས་པ་སྟེ། འཁོར་ཕུན་སུམ་ཚོགས་པ་དེ་དག་དང་ཐབས་གཅིག་ཏུ་བཞུགས་སོ་ཞེས་བྱ་བའི་ཐ་ཚིག་གོ་།བྱང་ཆུབ་སེམས་དཔའ་ཨི ་འཁོར་ཕུན་སུམ་ཚོགས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ། །ཐུན་མོང་མ་ཡིན་པའི་གླེང་གཞིའི་ཁྱད་པར་རྣམ་པར་བཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏེ། གླེང་གཞིའི་ཁྱད་པར་རྣམ་པར་བཞག ་པས་བསྡུས་པའི་དོན་བསྟན་པ་བཤད་ཟིན་ཏོ།། །།དེ་ལྟར་གླེང་གཞིའི་ཁང་བར་རྣམ་པར་བཞག་པས་བསྡུས་པའི་དོན་བསྟན་ནས། ད་ནི་མདོ་སྡེའི་ལུས་རྣམ་པར་བཞག་པས་བསྡུས་པའི་དོན་བསྟན་པའི་ཚིག ་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ལ་མདོ་སྡེའི་ལུས་རྣམ་པར་བཞག་པ་ནི་འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་འདིའི་མདོ་སྡེའི་ལུས་རྣམ་པར་བཞག་པ་མཛའ་དག་གིས་བདེན་པ་གཉིས་པོ་དོན་དམ་པའི་བདེན ་པ་དང། ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བ་བསྟན་པའོ། །དེ་ལ་དོན་དམ་པའི་བདེན་པ་ནི་མཚན་ཉིད་ལྔ་དང་ལྡན་པར་ཤེས་པར་བྱ་སྟེ། བརྗོད་དུ་མེད་པའི་མཚན་ཉིད་དང་གཉིས་མེད་པའི་མཚན་ཉིད་དང ་རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་མཚན་ཉིད་དང། ཐ་དད་པ་དང། ཐ་དད་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་དང། ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དོ། །ཀུན་རྫོབ་ཀྱི་བདེན་བའི་མཚན་ཉིད་དྲུག ་དང་ལྡན་པར་ཤེས་པར་བྱ་སྟེ། སེམས་ཀྱི་མཚན་ཉིད་དང། ཆོས་རྣམས་ཀྱི་མཚན་ཉིད་དང། ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པའི་མཚན་ཉིད་དང། ཆོས་གདགས་བ་རྣམ་པར་བཞག་པ་ལས་བརྩམས་ནས། རྣལ་འབྱོར་གྱིས་ཡོངས་སུ ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་རབ་ཏུ་དབྱེ་བ་དང། ཐེག་པ་རྣམ་པར་བཞག་པ་ལས་བརྩམས་ནས་ཐེག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་དབྱེ་བ་བསྟན་པ་དང། ཐེག་པ་གདགས་པ་རྣམ་པར་བཞག་པ་ཁོ་ན་ལ་བརྩམས་ནས ་དེ་བཞིན་གཤེགས་བའི་བྱ་བ་སྒྲུབ་བའི་རབ་ཏུ་དབྱེ་བ་བསྟན་ཏེ། མཚན་ཉིད་བཅུ་གཅིག་པོ་དེ་དག་ནི་མདོ་ལས་དེ་ནས་བྱང་ཆུབ་སེམས་དཔའ་ཚུལ་བཞིན་ཀུན་འདྲིས་ཀྱིས་བརྗོད་དུ་མེད་པ་དང། གཉིས་སུ་མེད་བའི་མཚན་ཉིད་དོན ་དམ་པ་ལས་བརྩམས་ཏེ། བྱང་ཆུབ་སེམས་དཔའ་དོན་ཟབ་དགོངས་པ་ངེས་པར་འགྲེལ་པ་ལ་དྲི་བ་དྲིས་པ་ཞེས་གསུངས་པ་ལ་སོགས་པ་མདོ་སྡེའི་ལུས་རྣམ་པར་གཞག་པ་ལ་སོགས་པའི་ལེའུ་བཅུ་འབྱུང་བ་ལས། དོན?་དམ ་པའི་མཚན་ཉིད་དང་པོ་གཉིས་ནི་ལེའུ་དང་པོ་དང་སྦྱར་རོ། །མཚན་ཉིད་ལྷག་མ་དགུ་ནི་ལེའུ་ལྷག་མ་དགུ་དང་གོ་རིམ་བཞིན་དུ་འོག་ནས་རྒྱ་ཆེར་སྟོན་ཏེ། དེ་ནི་མདོ་སྡེའི་ལུས་རྣམ་པར་བཞག་པས་བསྡུས་པའི་དོན་བསྟན་པ་ཡིན་ནོ།། ་དོན་དམ་པའི་མཚན་ཉིད་རྣམ་པ་ལྔ་བསྟན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་ལས་བསམ་གྱིས་མི་ཁྱབ་པ་དང། མཚུངས་པ་མེད་པ་དང། དཔག་ཏུ་མེད་པ་དང། གྲངས་མེད་པ་དང། མི་མཉམ་པ ་དང་མཉམ་པའི་དོན་རྣམ་པ་ལྔ་གསུངས་བ་དང། གོ་རིམ་བཞིན་དུ་སྦྱར་བར་རིག་པར་བྱའོ། །དེ་ལ་དང་པོར་བརྗོད་དུ་མེད་པའི་མཚན་ཉིད་དང། གཉིས་སུ་མེད་པའི་མཚན་ཉིད་ཀྱི་ཚིག་གི་དོན་ལ་སོགས་པ་དེ་བཤད་པར་བྱ་སྟེ། དེ་ཡང ་ལུང་རྟོག་པ་སྒྲོ་བཏགས་པ་མེད་པ་དང། སྐུར་པ་མེད་པ་ལ་རྨོངས་པའི་གཉེན་པོར་བསྟན་པ་ཡིན་ནོ། །དེའི་ཕྱིར་དེ་རྨོངས་པའི་དབང་དུ་མཛད་ནས། དེ་ནས་བྱང་ཆུབ་སེམས་དཔའ་ཚུལ་བཞིན་ཀུན་འདྲིས་བརྗོད་དུ་མེད་པ་དང། གཉིས་སུ ་མེད་པའི་མཚན་ཉིད་དོན་དམ་པ་ལས་བརྩམས་ཏེ། བྱང་ཆུབ་སེམས་དཔའ་ཨི་དོན་ཟབ་དགོངས་པ་ངེས་པར་འགྲེལ་པ་དྲི་བ་དྲིས་པ་ཞེས་བྱ་བ་ལ་སོགས་པ་འཕགས་པ་དོན་ཟབ་དགོངས་པ་ངེས་པར་འགྲེལ་གྱི་ལེའུ་དང་པོ་འདི་གསུངས་སོ།། ་དེ་ལ་ལེའུ་དང་པོ་འདིའི་བསྡུས་པའི་དོན་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། བརྗོད་དུ་མེད་པའི་མཚན་ཉིད་དང། གཉིས་སུ་མེད་པའི་མཚན་ཉིད་བསྟན་པ་ཡིན་ནོ། །དེ་ཡང་རྣམ་པར་དབྱེ་ན་རྣམ་པ་བཞི་སྟེ། མཚན་ཉིད་གཉིས་ཀྱིས་ལུས ་རྣམ་པར་བཞག་པ་དང། དེ་ཉིད་ཀྱི་དབང་དུ་མཛད་ནས་ངོ་བོ་ཉིད་གསུམ་རྣམ་པར་བཞག་པ་དང། དེ་རྣམ་པར་གཏན་ལ་དབབ་པའི་དཔེའི་དངོས་པོ་རྣམ་པར་བཞག་པ་དང། དེ་དག་གི་དངོས་པོ་བསྡུ་ན་རྣམ་པར་བཞག་པའོ། །དེ་ལ་མཚན ་ཉིད་གཉིས་ཀྱིས་ལུས་རྣམ་པར་བཞག་པ་ནི། རྒྱལ་བའི་སྲས་ཆོས་ཐམས་ཅད་གཉིས་སུ་མེད་པ། ཆོས་ཐམས་ཅད་གཉིས་སུ་མེད་པ་ཞེས་བྱ་བ་ནས། འདུས་མ་བྱས་ཀྱང་མ་ཡིན། འདུས་བྱས་ཀྱང་མ་ཡིན་ནོ་ཞེས་གསུངས་པའི་བར་གྱིས ་བསྟན་ཏོ། །དེ་ཉིད་ཀྱི་དབང་དུ་མཛད་ནས་ངོ་བོ་ཉིད་གསུམ་རྣམ་པར་བཞག་པ་ནི། ཀྱེ་རྒྱལ་བའི་སྲས་ཇི་ལྟ་ན་འདུས་བྱས་ནི། འདུས་བྱས་ཀྱང་མ་ཡིན། འདུས་མ་བྱས་ཀྱང་མ་ཡིན་ལ་ཞེས་བྱ་བ་ནས། བརྗོད་དུ་མེད་པའི་ཆོས་ཉིད་དེ་ཉིད་མངོན་བར་རྫོགས ་པར་རྟོགས་པར་བྱ་བའི་ཕྱིར་འདུས་མ་བྱས་ཞེས་མིང་དུ་བཏགས་སོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །དེ་རྣམ་པར་གཏན་ལ་དབབ་པའི་དངོས་པོ་རྣམ་པར་བཞག་པ་ནི། ཀྱེ་རྒྱལ་བའི་སྲས་ཇི་ལྟར་ན་འཕགས་པ་རྣམས་ཀྱི་དངོས་པོ་དེ་ཞེས་བྱ་བ ་ནས། བརྗོད་དུ་མེད་བའི་ཆོས་ཉིད་དེ་ཉིད་མངོན་པར་རྫོགས་པར་རྟོགས་པར་བྱ་བའི་ཕྱིར་འདུས་བྱས་དང། འདུས་མ་བྱས་ཞེས་མིང་དུ་བཏགས་པ་ཡིན་ནོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །དེ་དག་གི་དངོས་པོ་བསྡུ་ན་རྣམ་པར་བཞག ་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་དོན་ཟབ་དགོངས་པ་ངེས་པར་འགྲེལ་གྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བྱ་བ་ལ་སོགས་ཚིགས་སུ་བཅད་པ་གཉིས་ཀྱིས་དོན་མཛད་པ་བརྗོད་དུ་མེད་པའི་མཚན་ཉིད་དང། གཉིས་སུ་མེད་པའི ་མཚན་ཉིད་དང་ལྡན་པའི་ཚིག་གི་དོན་དེ་དག་གི་དངོས་པོ་བསྡུ་བ་བསྟན་པ་དང་སྦྱར་རོ། །དེ་ལ་དང་པོར་མཚན་ཉིད་གཉིས་ཀྱིས་ལུས་རྣམ་པར་བཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། མཚན་ཉིད་གཉིས་ཀྱིས་ལུས་རྣམ་པར་བཞག ་པ་ཞེས་བྱ་བ་ནི་དོན་དམ་པ་བརྗོད་དུ་མེད་པའི་མཚན་ཉིད་དང། གཉིས་སུ་མེད་པའི་མཚན་ཉིད་དང་ལྡན་པའི་མཚན་ཉིད་གཉིས་གནས་སྐབས་གཅིག་ཏུ་བསྡུས་ཏེ་རྣམ་པར་བཞག་པ་བསྟན་པ་གང་ཡིན་པའོ། །དེ་ཡང་གཉིས་སུ་མེད་པའི་མཚན ་ཉིད་གྲུབ་པར་བསྟན་པ་ཉིད་ཀྱི་བརྗོད་ད་མེད་པའི་མཚན་ཉིད་ཀྱང་ཞར་ལ་གྲུབ་པར་བསྟན་པར་དགེ་པར་བྱའོ། །དེ་ཅིའི་ཕྱིར་ཟེ་ན། བྱིས་པའི་བློ་ཅན་དག་ནི་གཉིས་ལས་བརྟེན་ནས་བརྗོད་པ་ལ་མངོན་པར་ཞེན་པར་བྱེད་ཀྱི། མཁས་པ་རྣམས་ཀྱིས་ནི? ་གཉིས་སུ་མེད་པའི་མཚན་ཉིད་ཁོང་དུ་ཆུད་བར་བརྗོད་པ་ལ་མངོན་པར་ཞེན་པར་མི་བྱེད་པའི་ཕྱིར་རོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། འདིར་འཕགས་པ་ཚུལ་བཞིན་ཡིད་ལ་ཀུན་འདྲིས་ཀྱིས། འཕཌ ་པ་དོན་ཟབ་དགོངས་པ་ངེས་པར་འགྲེལ་ལ། རྒྱལ་བའི་སྲས་ཆོས་ཐམས་ཅད་གཉིས་སུ་མེད་པ། ཆོས་ཐམས་ཅད་གཉིས་སུ་མེད་བྱ་ན་ཞེས་བྱ་བ་ལ་སོགས་པས་དྲིས་ཏེ། དེ་བཞིན་གཤེགས་པས་མདོ་སྡེ་དེ་དང་དེ་དག་ཏུ་ཆོས ་ཐམས་ཅད་གཉིས་སུ་མེད་པའི་གྲུབ་པ་བསྟན་པ་དེ་འདིར་འཕགས་པ་ཚུལ་བཞིན་ཀུན་འདྲིས་རང་གི་བློ་ལ་བཞག་སྟེ། གཉིས་སུ་མེད་པའི་མཚན་ཉིད་དྲི་བའི་གླེང་བསླང་བའི་ཕྱིར་ཆོས་ཐམས་ཅད་གཉིས་སུ་མེད་པ། ཆོས་ཐམས་ཅད་གཉིས ་སུ་མེད་པ་ཞེS་བྱ་ན་ཞེས་ལན་གཉིས་སུ་བཟླས་ཏེ། དྲིས་སོ། །དེ་ལ་དེ་བཞིན་གཤེགས་པས་མདོ་སྡེ་དེ་དང་དེ་དག་ཏུ་ཆོས་ཐམས་ཅད་གཉིས་སུ་མེད་པར་གྲུབ་པ་བསྟན་པ་དེ་ཡང་རིགས་པ་གང་གིས་གྲུབ་ཅེ་ན། དེའི་ཕྱིར་མིང་གི་སྔ་རོལ ་བློ་མེད་ཕྱིར། མང་བའི་ཕྱིར་དང་མ་ངེས་ཕྱིར། །ཆོས་རྣམས་དངོས་པོ་གང་བརྗོད་པ། དེ་ནི་གཉིས་སུ་མེད་པར་གྲུབ་ཅེས་བྱ་བ་བསྟན་ཏེ། བྱིས་པའི་བློ་ཅན་དག་གིས་ཆོས་རྣམས་ཀྱི་དངོས་པོ་གང་དག་བརྗོད་པ་དེ་དག་ནི་མིང་གི་སྔ་རོལ ་བློ་མེད་པའི་ཕྱིར་དང། མིང་མང་བའི་ཕྱིར་དང། མིང་མ་ངེས་པའི་ཕྱིར་མིང་གིས་དངོས་པོའི་ངོ་བོ་ཉིད་ཀྱི་ཐོག་ཏུ་མི་ཐོབས་པས་ན་འདུས་བྱས་དང་འདུས་མ་བྱས་ཞེས་བྱ་བ་ལ་སོགས་པ་ལྟ་བུར་གཉིས་སུ་མེད་པར་གྲུབ་པ་ཡིན་ཏེ། ་དེ་ལྟར་གཉིས་སུ་མེད་པར་གྲུབ་པའི་ཕྱིར་བརྗོད་དུ་མེད་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལ་ཇི་ལྟར་ན་མིང་གི་སྔ་རོལ་ན་བློ་མེད་པའི་ཕྱིར་གཉིས་སུ་མེད་པར་གྲུབ་པ་ཡིན་ཞེ་ན། ཆོས་རྣམས་ལ་འདུས་བྱས་ཤེ་འམ། འདུས་མ་བྱས་ཞེས ་མིང་དུ་བཏགས་པའི་སྔ་རོལ་ཏེ། མིང་དུ་བཏགས་པའི་ཚེ་ན་འདི་ནི་འདུས་བྱས་སོ། །འདི་ནི་འདུས་མ་བྱས་སོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའི་བློ་མི་འབྱུང་བའི་ཕྱིར། དེའི་གནས་སྐབས་ན་ཆོས་རྣམས་ཀྱིས་དངོས་པོའི་ངོ་བོ་ཉིད་ནི་འདུས ་བྱས་ཤེ་འམ་འདུས་མ་བྱས་ཞེས་བྱ་བ་ལ་སོགས་པ་ལྟ་བུ་གང་གི་ངོ་བོ་ཉིད་ཀྱང་མ་ཡིན་པས་ན་གཉིས་སུ་མེད་པ་གྲུབ་པ་ཡིན་ཏེ། དེ་ལྟར་གཉིས་སུ་མེད་པའི་འདུས་བྱས་དང་འདུས་མ་བྱས་ཞེས་བྱ་བ་ལ་སོགས་པ་ལྟ་བུར་བརྗོད་དུ་མེད ་པ་ཡིན་ནོ། །ཇི་ལྟར་ན་མིང་མང་བའི་ཕྱིར་གཉིས་སུ་མེད་པར་གྲུབ་པ་ཡིན་ཞེ་ན། ཆོས་རྣམས་ཀྱི་དངོས་པོའི་ངོ་བོ་ཉིད་གཅིག་ལ་ཡང་ཐ་སྙད་ཀྱི་མིང་མང་པོ་དུ་མར་བཏགས་པ་ཡོད་དེ། དཔེར་ན་རྒྱལ་པོའི་དངོས་པོ་གཅིག་ལ་ཡང་རྒྱལ་པོ ་དང། ས་བདག་དང། མིའི་བདག་པོ་དང། ས་སྐྱོང་དང། དབང་ཕྱུག་དམ་པའི་མངའ་བདག་ཅེས་བྱ་བ་ལ་སོགས་པ་མིང་མང་པོར་བརྗོད་པ་ལྟ་བུ་སྟེ། དེ་ལ་གལ་ཏེ་རྒྱལ་པོ་དེའི་དངོས་པོའི་ངོ་བོ་ཉིད་གང་ཡིན་པ་དེ་མིང་གི་ངོ་བོ་ཉིད་ཡིན་པར ་གྱུར་ན། མིང་ལ་རྣམ་པ་མང་པོ་ཐ་དད་པ་དུ་མ་ཡོད་པ་དེ་བཞིན་དུ་།རྒྱལ་པོ་དེའི་དངོས་པོ་ངོ་བོ་ཉིད་ཀྱང་དུ་མར་གྱུར་པའི་རིགས་ན་དེ་ལྟ་མ་ཡིན་ལ། ཆོས་ཐམས་ཅད་ཀྱང་དེ་དང་འདྲ་བས་དེའི་ཕྱིར་མིང་ནི་མང་ལ་དངོས་པོའི་ངོ་བོ་ཉིད་ནི ་གཅིག་ཏུ་ཟད་པས་དངོས་པོའི་ངོ་བོ་ཉིད་ནི་མིང་གི་ཇི་སྐད་བརྗོད་པ་དེ་ལྟ་བུའི་ངོ་བོ་ཉིད་མ་ཡིན་པས་ན་གཉིས་སུ་མེད་པར་འགྲུབ་པ་ཡིན་ཏེ། དེ་ལྟར་གཉིས་སུ་མེད་པའི་ཕྱིར་བརྗོད་དུ་མེད་པ་ཡིན་ནོ། །ཇི་ལྟར་ན་མིང་མ་ངེས་པའི་ཕྱིར་གཉིས་སུ་མེད་པར ་འགྲུབ་པ་ཡིན་ཞེ་ན། དངོས་པོ་རྣམས་ཀྱི་མིང་ནི་མ་ངེས་པ་ཡིན་ཏེ། དཔེར་ན་གང་ཟག་ཅིག་ལ་གང་སྔར་ལྟས་སྦྱིན་ཞེས་བྱ་བར་མིང་བཏགས་པ་ལས་བར་དུ་མེས་བྱིན་ཞེས་བྱ་བར་མིང་སྤོས་པ་དང། དེ་ཉིད་དུས་གཞན་ན་སངས་རྒྱས་བྱིན ་ཞེས་བྱ་བར་མིང་སྤོས་ནས། ཡང་དུས་གཞན་ན་ཡོན་ཏན་བཤེས་གཉེན་ཞེས་བྱ་བར་མིང་སྤོས་པ་ལྟ་བུ་སྟེ། དེ་ལ་གལ་ཏེ་གང་ཟག་དེའི་དངོས་པོའི་ངོ་བོ་ཉིད་གང་ཡིན་པ་དེ་མིང་གི་ངོ་བོ་ཉིད་ཡིན་པར་གྱུར་ན་མིང་མ ་ངེས་ཏེ། གཞན་དང་གཞན་དུ་འགྱུར་བ་དེ་བཞིན་དུ། གང་ཟག་དེའི་དངོས་པོའི་ངོ་བོ་ཉིད་ཀྱང་གཞན་དང་གཞན་དུ་འགྱུར་བའི་རིགས་ན། དེ་ལྟ་མ་ཡིན་ལ་ཆོས་ཐམས་ཅད་དང་དེ་འདྲ་བས་དེའི་ཕྱིར་མིང་ནི་མ་ངེས་ལ་དངོས་པོའི་ངོ་བོ་ཉིད་ནི ་མིང་བཞིན་མ་ངེས་པ་མ་ཡིན་པས་དངོས་པོའི་ངོ་བོ་ཉིད་དེ་ནི་མིང་གི་ཇི་སྐད་བརྗོད་པ་དེ་ལྟ་བུའི་ངོ་བོ་ཉིད་མ་ཡིན་པས་ན་གཉིས་སུ་མེད་པར་གྲུབ་པ་ཡིན་ཏེ། དེ་ལྟར་གཉིས་སུ་མེད་པའི་ཕྱིར་བརྗོད་དུ་མེད་པ་ཡིན་ནོ་ཞེས་བྱ་བ་ཡང་སྔ ་མ་བཞིན་དུ་སྦྱར་རོ། །ཆོས་ཐམས་ཅད་ནི་གང་ཇི་ལྟར་ན་གཉིས་སུ་མེད་པ་ཡིན་ཞེས་བྱ་བས་ན་ཇི་སྙེད་ཡོད་པ་ཉིད་དང་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཀྱི་དྲི་བ་རྣམ་པ་གཉིས་དྲིས་པ་ཡིན་ཏེ། འོག་ནས་ལན་རྣམ་པ་གཉིས་འབྱུང་བས་གོ ་རིམ་དུ་སྟོན་ཏོ། །རིགས་ཀྱི་བུ་ཆོས་ཐམས་ཅད་ཅེས་བྱ་བ་ནི་གཉིས་ཇི་ཙམ་པ་སྟེ། འདུས་བྱས་དང་འདུས་མ་བྱས་སོ་ཞེས་བྱ་བ་ནི་སྔར་ཆོས་ཐམས་ཅད་ནི་གང་ཞེས་དྲིས་པའི་ལན་བཏབ་པ་ཡིན་ནོ། །དེ་ལ་གཉིས་ཇི་ཙམ་པ་སྟེ་ཞེས་བྱ་བས་ན ་གཉིས་སུ་ཐམས་ཅད་འདུས་པར་སྟོན་ཏོ། །དེ་ཡང་གང་ཞེ་ན། འདུས་བྱས་དང་འདུས་མ་བྱས་སོ་ཞེས་བྱ་བས་བསྟན་ཏེ། དེས་ནི་ཇི་སྙེད་ཡོད་པ་ཉིད་བསྟན་པ་ཡིན་ནོ། །དེ་ལ་འདུས་བྱས་ནི་འདུས་བྱས་ཀྱང་མ་ཡིན། འདུས་མ་བྱས་ཀྱང་མ་ཡིན ་ནོ། །མདུས་མ་བྱས་ཀྱང་འདུས་མ་བྱས་ཀྱང་མ་ཡིན། འདུས་བྱས་ཀྱང་མ་ཡིན་ཞེས་བྱ་བས་ནི། སྔར་ཇི་ལྟར་གཉིས་སུ་མེད་པ་ཡིན་ཞེས་དྲིས་པའི་ལན་བཏབ་པ་ཡིན་ཏེ། ཆོས་ཐམས་ཅད་ཅེས་བྱ་བ་ནི་འདུས་བྱས་དང་འདུས་མ ་བྱས་གཉིས་ཀྱི་ཁོང་དུ་གཏོགས་པ་ཡིན་ལ་དེ་གཉིས་ནི་འདོགས་པའི་ཚིག་གིས་གློ་བུར་གྱི་མིང་དུ་བཏགས་པ་ཡིན་ཏེ། དངོས་པོའི་ངོ་བོ་ཉིད་མ་ཡིན་པས་བྱིས་པའི་བློ་ཅན་དག་གིས་ཆོས་རྣམས་ཀྱི་དངོས་པོ་གང་དག་བརྗོད་པ་དེ་དག ་ནི་མིང་གི་སྔ་རོལ་ན་བློ་མེད་པའི་ཕྱིར་དང། མིང་མ་ཡིན་པའི་ཕྱིར་དང། མིང་མ་ངེས་པའི་ཕྱིར་མིང་གིས་དངོས་པོའི་ངོ་བོ་ཉིད་ཀྱི་ཐོག་ཏུ་མི་ཕེབས་པས་ན་འདུས་བྱས་དང་འདུས་མ་བྱས་ཞེས་བྱ་བ་ལ་སོགས་པ་ལྟ་བུར་གཉིས་སུ་མེད་པར་གྲུབ་པ ་ཡིན་ནོ་ཞེས་སྔར་བསྟན་པ་ཡིན་ཏེ། ངེས་ནི་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་བསྟན་པ་ཡིན་ནོ། །དེ་ལྟར་གཉིས་སུ་མེད་པར་གྲུབ་པ་བསྟན་པ་ཉིད་ཀྱི་བརྗོད་དུ་མེད་པ་ཡང་ཞར་ལ་གྲུབ་པར་བསྟན་པས་ན་དེ་ནི་མཚན་ཉིད་གཉིས་ཀྱི་ལུས་རྣམ་པར། ་བཞག་པ་བསྟན་པ་ཡིན་ནོ། །དེའི་འོག་ཏུ་དེ་ཉིད་ཀྱི་དབང་དུ་མཛད་ནས་ངོ་བོ་ཉིད་གསུམ་རྣམ་པར་བཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ཉིད་ཀྱི་དབང་དུ་མཛད་ནས་ངོ་བོ་ཉིད་གསུམ་རྣམ་པར་བཤད་པ་ཞེས་བྱ་བ་ནི་དེ ་གཉིས་སུ་མེད་པའི་མཚན་ཉིད་གྲུབ་པར་བསྟན་པ་ཉིད་ཀྱི་བརྗོད་དུ་མེད་པའི་མཚན་ཉིད་ཀྱིས་ཞར་ལ་གྲུབ་པར་བསྟན་པའི་མཚན་ཉིད་ཀྱི་བརྗོད་དུ་མེད་པའི་མཚན་ཉིད་ཀྱང་ཞར་ལ་གྲུབ་པར་བསྟན་པའི་མཚན་ཉིད་གཉིས་ཀྱི་ལུས་རྣམ་པར་བཞག ་པ་དེ་ཉིད་ཀྱི་དབང་དུ་མཛད་ནས་འདིར་ཀུན་བརྟགས་པ་དང། གཞན་གྱི་དབང་དང། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གསུམ་རྣམ་པར་བཞག་པའི་སྒོནས་ཆོས་ཐམས་ཅད་གཉིས་སུ་མེད་པས་བརྗོད་དུ་མེད་པར་བསྟན་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན ་པ་གླེད་བསླང་པའི་དབང་དུ་མཛད་ནས་འདིར་འཕགས་པ་ཚུལ་བཞིན་ཀུན་འདྲིས། འཕགས་པ་དོན་ཟབ་དགོངས་པ་ངེས་པར་འགྲེལ་ལ་ཀྱེ་རྒྱལ་བའི་སྲས་ཇི་ལྟར་ན་འདུས་བྱས་ནི་འདུས་བྱས་ཀྱང་མ་ཡིན། འདུས་མ་བྱས་ཀྱང་མ་ཡིན་ལ། ་འདུས་མ་བྱས་ཀྱང་འདུས་མ་བྱས་ཀྱང་མ་ཡིན་འདུས་བྱས་ཀྱང་མ་ཡིན་ཞེས་བྱ་བ་དྲིས་ཏེ། སྔར་ཆོས་ཐམས་ཅད་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཁོངས་སུ་གཏོགས་བ་ཡིན་ལ། དེ་གཉིས་ནི་འདོགས་པའི ་ཚིག་གིས་གློ་བུར་དུ་བཏགས་པ་ཡིན་ཏེ། དངོས་པོའི་ངོ་བོ་ཉིད་མ་ཡིན་པས་བྱིས་པའི་བློ་ཅན་ངག་གི་ཆོས་རྣམས་ཀྱི་དངོས་པོ་གང་དག་བརྗོད་པ་དེ་དག་ནི་མིང་གི་སྔ་རོལ་ན་བློ་མེད་པའི་ཕྱིར་དང་།བློ་མང་བའི་ཕྱིར་དང་།བློ་མ་ངེས ་པའི་ཕྱིར་མིང་གིས་དངོས་པོའི་ངོ་བོ་ཉིད་ཀྱི་ཐོག་ཏུ་མི་ཕེབས་པས་ན་འདུས་བྱས་དང་འདུས་མ་བྱས་ཞེས་བྱ་བ་ལ་སོགས་པ་ལྟ་བུར་གཉིས་སུ་མེད་པར་གྲུབ་པ་ཡིན་ནོ་ཞེས་བསྟན་པ་དེ་ཉིད་བསྟན་ལ་དབབ་པའི་ཕྱིར་དེ་སྐད་ཅེས ་དྲིས་སོ། །དེ་ནས་འཕགས་པ་དོན་ཟབ་ངེས་པར་འགྲེལ་གྱིས་ཀྱང། དེ་ཉིད་ཀྱི་དབང་དུ་མཛད་ནས་ངོ་བོ་ཉིད་གསུམ་རྣམ་པར་བཞག་པའི་སྒོ་ནས་ཆོས་ཐམས་ཅད་གཉིས་སུ་མེད་པས་བརྗོད་དུ་མེད་པར་བསྟན་ཏེ། དེ་ལ་རིགས་ཀྱི་བུ་འདུས ་བྱས་ཞེས་བྱ་བ་དེ་ནི་སྟོན་པས་བཏགས་པའི་ཚིག་ཡིན་ཏེ་ཞེས་བྱ་བས་ནི་ཀུན་བརྟགས་པའི་ངོ་བོ་ཉིད་རྣམ་པར་བཞག་པ་བསྟན་ཏོ། །བརྗོད་པ་ནི་དངོས་པོ་མེད་པ་ཅན་ཡང་མ་ཡིན་ཏེ་ཞེས་བྱ་བས་ནི་གཞན་གྱི་དབང་གི་ངོ་བོ་ཉིད ་རྣམ་པར་བཞག་པ་བསྟན་ཏོ། །བརྗོད་དུ་མེད་པར་མངོན་པར་རྫོགས་པ་གང་ཡིན་པ་སྟེ། ཞེས་བྱ་བས་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་རྣམ་པར་བཞག་པ་སྟེ་རྣམ་པ་གསུམ་གྱིས་ནི་མཚན་ཉིད་གཉིས་ཀྱི་དབང་དུ་མཛད་པ་ལས་བརྗོད ་དུ་མེད་པའི་མཚན་ཉིད་གཙོ་བོར་བསྟན་པར་ཤེས་པར་བྱའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། སྟོན་པས་བཏགས་པའི་ཚིག་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཡིན་པས་དེ་ནི་མཚན་ཉིད་ཀྱི་ངོ་བོ་ཉིད་མེད་པ་ཡིན་པའི་ཕྱིར་གཏན་མེད་པ་ཡིན་ནོ།། ་ཀུན་ཏུ་རྟོགས་པ་སྣ་ཚོགས་ལས་བྱུང་བའི་ཐ་སྙད་དུ་བརྗོད་པ་ཀུན་བརྟགས་པའི་ངོ་བོ་ཉིད་ཡོངས་སུ་མ་གྲུབ་ཀྱང། བརྗོད་པར་བྱ་བའི་དངོས་པོ་གཞན་གྱི་ངོ་བོ་ཉིད་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་དང་།དོན་དམ་པ་ངོ་བོ ་ཉིད་མེད?་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ཡོད་དོ། །གཞན་གྱི་དབང་གི་ངོ་བོ་ཉིད་ཀྱིས་དངོས་པོ་ད་འཕགས་པ་རྣམས་ཀྱིས་དོན་དམ་པའི་ཤེས་པ་དང་མཐོང་བས་བརྗོད་དུ་མེད་པར་མངོན་པར་རྫོགས་པར་སངས ་རྒྱས་པ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་ཀྱི་ངོ་བོ་ཉིད་མེད་པ་ཡིན་ཏེ། དེ་ནི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་གཉིས་སུ་མེད་པའི་མཚན་ཉིད་ཡིན་པས་བརྗོད་དུ་མེད་པའི་མཚན་ཉིད ་ཀྱང་ཡིན་ཏེ། དེ་ཉིད་དོན་དམ་པ་བརྗོད་དུ་མེད་པའི་མཚན་ཉིད་དང་གཉིས་སུ་མེད་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་སྤྱིའི་དོན་བསྟན་ནས། ད་ནི་དེ་དག་གི་ཚིག་གི་དོན་བཤད་པར་བྱ་སྟེ། ད་ལ་སྟོན་པས་བཏགས ་པའི་ཚིག་ཡིན་ཏེ། ཞེས་བྱ་བ་ནི་སྟོན་པས་སེམས་ཅན་རྣམས་ལ་ཐ་སྙད་གདགས་པ་དང་གོ་བར་བྱ་བའི་ཕྱིར་བཀའ་སྩོལ་བའི་ཚིག་ཡིན་ནོ། །བཏགས་པའི་ཚིག་དེ་ནི་དང་པོའི་ངོ་བོ་ཉིད་མ་ཡིན་གྱི་འདོགས་པའི་ཚིག་གི་གློ་བུར་དུ་སྒྲོ་བཏགས ་པ་ཡིན་པས་དངོས་སུ་ཡོད་པ་མ་ཡིན་པའི་ཕྱིར་ཀུན་བརྟགས་པའི་ངོ་བོ་ཉིད་ཡིན་ཏེ། དེ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ངོ་བོ་ཉིད་མེད་པ་ཡིན་པའི་ཕྱིར་གཏན་མེད་པར་རིག་པར་བྱའོ། །སྟོན་པས་བཏགས་པའི་ཚིག་གང་ཡིན་པ་དེ་ནི ་ཞེས་བྱ་བ་ནི་སྟོན་པས་མདོ་སྡེ་དེ་དང་དེ་དག་ཏུ་འདུས་བྱས་ཞེས་མིང་དུ་བཏགས་པ་ལ་གླེངས་ཏེ། འདི་བཤད་པས་སྟོན་པ་གཙོ་ཆེར་སྨོས་པར་ཟད་ཀྱི་འདིར་སྟོན་པ་འགའ་ཞིག་གཟུང་བ་མ་ཡིན་གྱིས་ཇི་ཙམ་དུ་ཐ་སྙད་གདགས་པ ་དང་གོ་བར་བྱ་བའི་ཕྱིར་དེ་ལས་གཞན་པ་དག་གིས་སྨྲས་པའི་ཚིག་ཀྱང་དེ་བཞིན་གཟུང་བར་བྱའོ། །ཀུན་ཏུ་རྟོག་པ་ལས་བྱུང་བ་ཞེས་བྱ་བ་ནི་རྟོག་པས་ངག་ཀུན་ནས་སློང་ཞིང་དག་གི་ཐ་སྙད་དུ་བརྗོད་པར ་བྱེད་པའི་ཕྱིར་ཏེ། དེ་ཡང་ཤེས་བྱ་ལ་བརྗོད་པར་བྱ་བའི་རྣམ་པ་དང། སྒྲ་ལ་བརྗོད་པར་བྱ་བའི་རྣམ་པ་གཞན་ནས་དེ་གོ་བར་བྱེད་པའི་ཚིག་རྗོད་པའི་ཕྱིར་ཡིན་གྱི། བརྗོད་པར་བྱ་བ་དང། བརྗོད་པའི་རྣམ་པ་དག་དངོས་པོ་ལ་གནས ་པ་ནི་མ་ཡིན་ནོ། །ཐ་སྙད་དུ་བརྗོད་པ་ཡིན་ལ་ཞེས་བྱ་བའི་ཐ་སྙད་གདགས་པའི་ཕྱིར་བརྗོད་པ་སྟེ། ཐ་སྙད་ནི་རང་གི་བསམ་པ་གོ་བར་བྱེད་པ་ཡིན་ནོ། །ཀུན་ཏུ་རྟོག་པ་སྣ་ཚོགས་ཀྱི་ཐ་སྙད་དུ་བརྗོད་པ་ཞེས་བྱ་བ་ནི། ཀུན་ཏུ་རྟོགས་པ ་སྣ་ཚོགས་ལས་བྱུང་བའི་ཐ་སྙད་དུ་བརྗོད་པའོ། །གཏན་ཡོངས་སུ་མ་གྲུབ་པའི་ཕྱིར་ཞེས་བྱ་བ་ནི་བརྗོད་པས་ཡོངས་སུ་མ་གྲུབ་པའི་ཕྱིར་དང། ངོ་བོ་ཉིད་ཡོངས་སུ་མ་གྲུབ་པའི་ཕྱིར་ཏེ། དེའི་ཕྱིར་དེས་ནི་འདུས་བྱས་ཀྱི་སྒྲས་བསྐྱེད་པའི ་འདུས་བྱས་ཀྱི་རྣམ་པ་ཡོངས་སུ་མ་གྲུབ་པའི་ཕྱིར་འདུས་བྱས་ཞེས་བྱ་བའི་འདོགས་པའི་ཚིག་གང་ཡིན་པ་དེ་ནི་འདུས་བྱས་ཀྱི་དངོས་པོའི་ངོ་བོ་ཉིད་མ་ཡིན་པས་ན་འདུས་བྱས་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འོ་ན་དེ་དེ་ལྟར་འདུས ་བྱས་མ་ཡིན་ན་འདུས་བྱས་མ་ཡིན་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ་དེའི་ཕྱིར་རིགས་ཀྱི་བུ་འདུས་མ་བྱས་ཞེས་བྱ་བ་དེ་ཡང་ཐ་སྙད་ཀྱི་ཁོང་དུ་གཏོགས་པ་ཡིན་ལ་ཞེས་བྱ་བ་གསུངས་ཏེ། འདུས་མ་བྱས་ཞེས་བྱ་བའི་རྣམ་པའང་བརྗོད ་པས་བསྐྱེད་པའི་རྣམ་པ་ཡིན་པའི་ཕྱིར་གཏན་ཡོངས་སུ་མ་གྲུབ་པས་དེ་ནི་འདུས་མ་བྱས་ཀྱང་མ་ཡིན་ནོ། །དེ་ལྟར་ན་དེ་དེ་གཉི་ཀ་མ་ཡིན་པའི་ཕྱོགས་གཞན་ཞིག་ཡིན་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་འདུས་བྱས་དང་འདུས ་མ་བྱས་སུ་མ་གཏོགས་པ་གང་ཅི་བརྗོད་ཀྱང་ཞེས་བྱ་བ་གསུངས་ཏེ། དེ་གཉིས་ཀྱི་སྒྲ་ལ་མ་གཏོགས་པའི་མིང་ནི་བརྗོད་བྱང?་ཞེས་བྱ་བའི་ཐ་ཚིག་གོ། དེ་ཡང་དེ་དང་འདྲ་བ་ཉིད་དུ་འགྱུར་ཞེས་བྱ་བ་ནི་ཐ་སྙད་ཀྱི་ཁོང་དུ་གཏོགས་པ་ཉིད་དུ ་འགྱུར་བའོ། །དེ་ཡང་དེ་དང་འདྲ་བ་ཉིད་དུ་འགྱུར་རོ་ཞེས་ལན་གཉིས་སུ་བཟླས་པ་ནི་ཐམས་ཅད་ཀྱང་དེ་དང་འདྲའོ་ཞེས་བསྣན་པའི་ཕྱིར་རོ། །དེ་ལྟར་ན་བརྗོད་པའི་སྒྲ་ནི་ཀུན་བཏགས་པའི་ངོ་བོ་ཉིད་ཡིན་པས་དེ་ནི་མཚན་ཉིད་ངོ་བོ་ཉིད་མེད ་པ་ཉིད་ཀྱིས་ངོ་བོ་མེད་པ་ཡིན་པའི་ཕྱིར་གཏན་མེད་པས་ན་འདུས་བྱས་ཞེས། སྟོན་པས་བཏགས་པའི་ཚིག་དེ་ནི་འདུས་བྱས་ཀྱང་མ་ཡིན་འདུས་མ་བྱས་ཀྱང་མ་ཡིན་ཏེ། དེ་གཉིས་ལས་མ་གཏོགས་པ་གཞན་ཡང་མ་ཡིན་ནོ། །བརྗོད་པའི་སྒྲ ་དང་བརྗོད་པར་བྱ་བའི་རྣམ་པ་གཉིས་ཀས་སྟོང་པ་གང་ཡིན་པ་དེ་ལྟ་བུ་ནི་ཅི་ཡང་མེད་དེ། བརྗོད་པའི་སྒྲ་ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་གཏན་ཡོངས་སུ་མ་གྲུབ་ཀྱང་བརྗོད་པར་བྱ་བའི་དངོས་པོ་གཞན་གྱི་དབང་གི་ངོ་བོ་ཉིད་ནི་མེད་པ་མ་ཡིན ་པས་དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས་བརྗོད་པ་ནི་དངོས་པོ་མེད་པ་ཅན་མ་ཡིན་ཏེ་ཞེས་བྱ་བ་གསུངས་ཏེ། བརྗོད་པ་ཞེས་བྱ་བ་ནི་སྟོང་པས་བཏགས་པའི་ཚིག་ཅེས་སྔར་བསྟན་པ་སྟེ་ཀུན་བརྟགས་པའི་ངོ་བོ་ཉིད་ཡིན་ནོ། །དངོས་པོ ་ཞེས་བྱ་བ་ནི་བརྗོད་པར་བྱ་བའི་དངོས་པོ་སྟེ། གཞན་གྱི་དབང་གི་ངོ་བོ་ཉིད་ཡིན་ནོ། །མེད་པ་ཅན་ཡང་མ་ཡིན་ཏེ། ཞེས་བྱ་བ་ནི་བརྗོད་པའི་སྒྲ་ཀུན་བརྟགས་པའི་ངོ་བོ་ཉིད་གཏན་ཡོངས་སུ་མ་གྲུབ་ཀྱང། བརྗོད་པར་བྱ་བའི་དངོས་པོ་གཞན་གྱི ་དབང་གི་ངོ་བོ་ཉིད་མེད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ལྟར་ན་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱིས་གཟུང་བ་དང་འཛིན་པ་དང་བྲལ་བ་གཞན་གྱི་དབང་གི་ངོ་བོ་ཉིད་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་དང་དོན་དམ ་པའི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ཡོད་པར་རིག་པར་བྱའོ། །དངོས་པོ་དེ་ཡང་གང་ཞེ་ན་ཞེས་བྱ་བ་ནི་བརྗོད་པའི་སྒྲ་ཀུན་བརྟགས་པའི་ངོ་བོ་ཉིད་གཏན་ཡོངས ་སུ་མ་གྲུབ་ཀྱང་བརྗོད་པར་བྱ་བའི་དངོས་པོ་གཞན་གྱི་དབང་གི་ངོ་བོ་ཉིད་མེད་པ་མ་ཡིན་ནོ་ཞེས་བསྟན་པའི་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་དངོས་པོ་དེ་གང་ཞེ་ན་ཞེས་བྱ་བའི་ཐ་ཚིག་སྟེ། དངོས་པོ་དེ་ཉིད་ནི་གཞན་གྱི་དབང་གི་ངོ་བོ ་ཉིད་ཡིན་ལ། དེ་འཕགས་པ་རྣམས་ཀྱིས་དོན་དམ་པའི་ཤེས་པ་དང། མཐོང་བས་མངོན་པར་རྫོགས་པར་སངས་རྒྱས་པ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡིན་པར་སྦྱར་རོ། །འཕགས་པ་རྣམས་ཀྱིས་ཞེས་བྱ་བ་ནི་སངས་རྒྱས་ཀྱི ་ཉན་ཐོས་རྣམས་ཀྱིས་སོ། །འཕགས་པའི་ཞེས་བྱ་བ་ནི་འཕགས་པའི་དོན་དམ་པའི་ཤེས་པ་དང་མཐོང་བ་ཞེས་བྱ་བར་སྦྱར་རོ། །ཤེས་པ་ཞེས་བྱ་བ་ནི་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་གི་ཤེས་རབ་གང ་ཡིན་པ་སྟེ། དེ་ནི་རྣམ་པ་སྣ་ཚོགས་མ་ཡིན་པའི་ཕྱིར་རོ། །མཐོང་བ་ཞེས་བྱ་བ་ནི་མ་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཤེས་རབ་གང་ཡིན་པ་སྟེ། དེ་ནི་རྣམ་པ་སྣ་ཚོགས་ཡིན་པའི་ཕྱིར་རོ། །བརྗོད་དུ་མེད་པ ་མངོན་པར་རྫོགས་པར་སངས་རྒྱས་པ་གང་ཡིན་པ་སྟེ་ཞེས་བྱ་བ་ནི་དོན་དམ་པའི་ཤེས་པ་དང། མཐོང་བས་རྟོགས་པར་ཐུགས་སུ་ཆུད་པ་གང་ཡིན་པའོ། །དེ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་མེད་པ་གཉིས་ཀྱིས་ངོ་བོ་ཉིད་མེད ་པ་ཡིན་ཏེ། ཆོས་རྣམས་ཀྱི་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་གཉིས་སུ་མེད་པའི་མཚན་ཉིད་ཡིན་པས་བརྗོད་དུ་མེད་པའི་མཚན་ཉིད་ཀྱང་ཡིན་ཏེ། དེ་ཉིད་དོན་དམ་པ་བརྗོད་དུ་མེད་པའི་མཚན་ཉིད་དང་གཉིས་སུ་མེད ་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འོ་ན་དེ་བཞིན་གཤེགས་པས་འདུས་བྱས་དེ་ཅིའི་ཕྱིར་གདགས་པ་མཛད་ཅེ་ན། དེའི་ཕྱིར་བརྗོད་དུ་མེད་པའི་ཆོས་ཉིད་དེ་ཉིད་མངོན་པར་རྫོགས་པར་རྟོགས་པར་བྱ་བའི་ཕྱིར་འདུས་ཞེས་མིང? ་དུ་བཏགས་སོ་ཞེས་བྱ་བ་གསུངས་ཏེ། ཀུན་རྫོབ་ཀྱི་ཐ་སྙད་དུ་འདོགས་པ་ཚིག་གིས་དེ་སྐད་མ་བརྗོད་ན་ཆོས་ཉིད་དེ་རྟོགས་པར་ཁོང་དུ་ཆུད་པར་བྱ་བའི་ཐབས་གཞན་མེད་པའི་ཕྱིར་དེ་བཞིན་གཤེགས་པས་ཐབས་ལ་འཇུག་པ་ཆུང་མི་ཟབ་ལ ་མཁས་པའི་དབང་དུ་མཛད་ནས་དེ་སྐད་གདགས་པར་མཛད་དོ། །རིགས་ཀྱི་བུ་འདུས་མ་བྱས་ཞེས་བྱ་བ་དེ་ཡང་སྟོན་པས་བཏགས་པའི་ཚིག་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་འདུས་མ་བྱས་ཀྱི་ཚར་ལ་ཡང་སྔ་མའི་ཚུལ་བཞིན་དུ་སྦྱར ་ཞིང་བཤད་པར་བྱ་སྟེ། དེ་ནི་དེ་ཉིད་ཀྱི་དབང་དུ་མཛད་ནས་ངོ་བོ་ཉིད་གསུམ་རྣམ་པར་བཞག་པ་ཡིན་ནོ། །དེའི་འོག་ཏུ་རྣམ་པར་གཏན་ལ་དབབ་པའི་དཔེའི་དངོས་པོ་རྣམ་པར་བཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་རྣམ་པར ་གཏན་ལ་དབབ་པའི་དངོས་པོ་རྣམ་པར་བཞག་པ་ཞེས་བྱ་བ་ནི་དོན་དམ་པ་རྗོད་དུ་མེད་པའི་མཚན་ཉིད་དང། གཉིས་སུ་མེད་པའི་མཚན་ཉིད་དང་ལྡན་པ་བསྟན་པ་དེ་རྣམ་པར་གཏན་ལ་དབབ་པའི་ཕྱིར་བྱིས་པ་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར ་ཞེན་པ་གཞན་གྱི་དབང་གི་ངོ་བོ་ཉིད་མི་རྟོག་པས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་མི་མཐོང་བའི་དཔེ་དང། མཁས་པ་ཀུན་བརྟེགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པ་མེད་པས་གཞན་གྱི་དབང་གི་ངོ་བོ་ཉིད་རྟོགས་པས་ཡོངས་སུ་གྲུབ་པའི་ངོ ་བོ་ཉིད་མཐོང་ཞིང། གཞན་གྱི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་མཐོང་ཞིང་གཞན་གྱི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་རྟོགས་པར་བྱ་བའི་ཕྱིར་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའི་དཔེའི་དངོས་པོ་རྣམ་པར་བཞག་པ་རྣམ་པ་གཉིས་ཀྱི་དོན ་དེ་རྒྱ་ཆེར་སྟོན་པ་གང་ཡིན་པའོ། །དེའི་ཕྱིར་བསྟན་པ་གླེང་བསླང་པའི་དབང་དུ་མཛད་ནས། འདིར་འཕགས་པ་ཚུལ་བཞིན་ཀུན་འདྲིས་འཕགས་པ་དོན་ཟབ་དགོངས་པ་ངེས་པར་འགྲེལ་ལ། རྒྱལ་བའི་སྲས ་ཇི་ལྟར་ན་འཕགས་པ་རྣམས་ཀྱི་དངོས་པོ་དེ་འཕགས་པའི་ཤེས་པ་དང། འཕགས་པའི་མཐོང་བས་བརྗོད་དུ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་ཤིང། བརྗོད་དུ་མེད་པའི་ཆོས་ཉིད་དེ? ་ཉིད་མངོན་པར་རྫོགས་པར་རྟོགས་པར་བྱ་བའི་ཕྱིར་འདུས་བྱས་དང་འདུས་མ་བྱས་ཞེས་མིང་དུ་བཏགས་པ་ཡིན་ཞེས་བྱ་བ་དྲིས་ཏེ། དེ་ལ་དངོས་པོ་དེ་ཞེས་བྱ་བ་ནི་ཀུན་བརྟགས་པའི་ཐ་སྙད་དང་བྲེལ་བ་བརྗོད་པར་བྱ་བའི་དངོས་པོ ་སྟེ། གཞན་གྱི་དབང་གིས་ངོ་བོ་ཉིད་ཀྱི་དངོས་པོའོ། །འཕགས་པའི་ཤེས་པ་དང་འཕགས་པའི་མཐོང་བས་བརྗོད་དུ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་ཤིང་ཞེས་བྱ་བ་ནི་འཕགས་པ་རྣམས་ཀྱི་དངོས་པོ་དེ་ཇི་ལྟ་བུ་འཕགས ་པའི་རྒྱུད་ལ་མངའ་བའི་དོན་དམ་པའི་ཤེས་པ་དང་མཐོང་པས་རྟོགས་པར་ཐུགས་སུ་ཆུད་ཅེས་འདྲི་བ་སྟེ། ཇི་ལྟར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་མཐོ་བར་གྱུར་ཞེས་བྱ་བའི་ཐ་ཚིག་གོ་།བརྗོད་དུ་མེད་པའི་ཆོས་ཉིད་དེ་ཉིད་མངོན་པར་རྫོགས ་པར་རྟོགས་པར་བྱ་བའི་ཕྱིར་འདུས་བྱས་དང་འདུས་མ་བྱས་ཞེས་མིང་དུ་བཏགས་པ་ཡིན་ཞེས་བྱ་བ་ནི་དེ་ལྟར་འཕགས་པ་དོན་དམ་པའི་ཤེས་པ་དང། མཐོང་བས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གཟིགས་པ་རྣམས་ཡོངས་སུ་གྲུབ་པའི་ངོ་བོ ་ཉིད་དེ་ཉིད་གཞན་གྱིས་རྟོགས་པར་བྱ་བའི་ཐབས་སུ་ཀུན་རྫོབ་ཀྱི་ཤེས་པ་དང་མཐོང་བས་འདུས་བྱས་དང་འདུས་མ་བྱས་ཞེས་མིང་དུ་འདོགས་པར་མཛད་པ་སྟེ། ཇི་ལྟར་འདོགས་པར་མཛད་ཅེས་འདྲི་བ་སྟེ། ཇི་ལྟར་ཀུན་རྫོབ་ཀྱི་ཤེས ་པའི་མཐོང་བས་རྗེས་སུ་ཐ་སྙད་འདོགས་པར་མཛད་ཅེས་བྱ་བའི་ཐ་ཚིག་གོ། དེ་ནས་འཕགས་པ་དོན་ཟབ་དགོངས་པ་ངེས་པར་འགྲེལ་གྱིས་ཀྱང་དོན་དེ་ཉིད་ངེས་པར་གཏན་ལ་དབབ་པའི་ཕྱིར་རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་སྒྱུམ?་མཁན ་རྣམ་སྒྱུ་མ་མཁན་གྱི་སློབ་མ་མཁས་པ་ཞིག་ལམ་པོ་ཆེའི་གཞི་མདོང་འདུག་སྟེ་ཞེས་བྱ་བ་ལ་སོགས་པས་དེའི་དངོས་པོ་རྣམ་པར་བཞག་པ་བསྟན་ཏོ། །དེ་ལ་དཔེའི་དངོས་པོ་རྣམ་པར་བཞག་པ་ནི་རྣམ་པ་གཉིས་ཏེ། ཀུན་ནས་ཉོན་མོངས ་པའི་ཕྱོགས་དང་མཐུན་པའི་དཔེའི་དངོས་པོ་རྣམ་པར་བཞག་པ་དང། རྣམ་པར་བྱང་བའི་ཕྱོགས་དང་མཐུན་པའི་དབེའི?་དངོས་པོ་རྣམ་པར་བཞག་པའོ། །དབེས་མཚོན་པའི་དོན་ཀྱང་རྣམ་པ་གཉིས་ཏེ། བྱིས་བ་ཀུན་བརྟགས་པའི་ངོ ་བོ་ཉིད་ལ་མངོན་པར་ཞེན་པས་གཞན་གྱི་དབང་གི་ངོ་བོ་ཉིད་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་དང། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་མི་རྟོགས་བས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོན་དམ་པ་ངོ་བོ་ཉིད ་མེད་པ་ཉིད་ཀྱི་ངོ་བོ་ཉིད་མེད་པ་མི་མཐོང་བ་དང། མཁས་པ་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པ་མེད་པས་གཞན་གྱི་དབང་གི་ངོ་བོ་ཉིད་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་དང། དོན་དམ་པའི་ངོ་བོ་ཉིད་མེད ་བ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་རྟོགས་པས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོན་དམ་པའི་ངོ་བོ་ཉིད་མེད་པའི་ངོ་བོ་ཉིད་ནི?་མེད་པ་མཛད་ཞིང་གཞན་གྱིས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་དེ་ཉིད་རྟོགས་པར ་བྱ་བའི་ཕྱིར་རྗེས་སུ་ཐ་སྙད་འདོགས་པར་བྱེད་བའོ། །དེ་ལ་དཔེའི་དངོས་པོ་རྣམ་པར་བཞག་པ་རྣམ་པ་གཉིས་ཀྱིས་མདོ་ལས། དེ་ལ་སེམས་ཅན་གང་དག་བྱིས་པའི་རང་བཞིན་ཅན་ཞེས་བྱ་བ་ལ་སོགས་པ་དང། དེ་ལ་སེམས་ཅན་གང་ ་ངག་བྱིས་པའི་རང་བཞིན་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དག་གོ་རིམ་བཞིན་དུ་སྦྱར་རོ། །དཔེས་མཚོན་པའི་དོན་རྣམ་པ་གཉིས་ནི་མདོ་ལས། དེ་བཞིན་དུ་སེམས་ཅན་གང་དག་བྱིས་པའི་རང ་བཞིན་ཅན། སོ་སོའི་སྐྱེ་བོར་གྱུར་པ་ཞེས་བྱ་བ་ལ་སོགས་པ་དང། དེ་ལ་སེམས་ཅན་གང་དག་བྱིས་པའི་རང་བཞིན་ཅན་མ་ཡིན་པ་བདེན་པ་མཐོང་བ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་གོ་རིམ་བཞིན་དུ་སྦྱར་རོ།། ་སྐབས་འདིར་ནི་དཔེས་མཚོན་པའི་དོན་ཐ་མ་ཉིད་གཟུང་བར་བྱ་སྟེ། ཀུན་བརྟགས་པའི་ངོ་བོ་ཉིད་དང་བྲལ་བ་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་དངོས་པོ་དེ་ཞེས་པ་དང། མཐོང་བས་རྟོགས་པ་ཉིད་ཡོངས་སུ་གྲུབ་པའི་ངོ་བོ ་ཉིད་མངོན་པར་རྫོགས་པར་རྟོགས་པ་ཡིན་པས་དེ་ནི་འཕགས་པ་རྣམས་ཀྱིས་དངོས་པོ་དེ་འཕགས་པའི་ཤེས་པ་དང་འཕགས་པའི་མཐོང་བས་བརྗོད་དུ་མེད་པར་མངོན་པར་སངས་རྒྱས་པ་ཞེས་བྱ་སྟེ། དེ་ཉིད་ཆོས་རྣམས་ཀྱི ་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་གཉིས་སུ་མེད་པའི་མཚན་ཉིད་ཡིན་པས་བརྗོད་དུ་མེད་པའི་མཚན་ཉིད་ཀྱང་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་སྦྱིའི་དོན་བསྟན་ནས། དེ་ནས་དེ་དག་གི་ཚིག་གི་དོན་བཤད་པར ་བྱ་སྟེ། དེ་ལ་སེམས་ཅན་དག་བྱིས་པའི་རང་བཞིན་ཅན། རྨོངས་བའི་རང་བཞིན་ཅན། ཤེས་རབ་འཆལ་པའི་རང་བཞིན་ཅན་ཞེས་བྱ་བ་ནི་ལུང་དང་རྗེས་སུ་དཔག་པ་དང་མངོན་སུམ་གྱི་ཚད་མའི་རྗེས་སུ་འབྲང་པའི་བློ་མེད་པ ་སྟེ། གོ་རིམ་བཞིན་དུ་སྦྱར་རོ། །སྣང་བ་གང་ཡིན་པ་འདི་ནི་ཡོད་དོ་སྙམ་དུ་སེམས་ཤིང་ཞེས་བྱ་བ་ནི་དེ་མི་བསླུ་བར་བྱེད་པའི་རྒྱུ་མ་ཡིན་པ་མི་ཤེས་ཤིང། གླང་པོ་ཆེ་ལ་སོགས་པ་དངོས་ཉིད་ཡིན་པར་འཛིན་པའོ། །ནན ་གྱིས་ཞེས་བྱ་བ་ནི་རང་གིས་བློས་བྱེ་བྲག་ཕྱེད་པ་མེད་པར་གཟུ་ལུམ་སུ་ཞེས་བྱ་བའི་ཐ་ཚིག་གོ། མཆོག་ཏུ་གཟུང་ཞིང་ཞེས་བྱ་བ་ནི་རབ་ཀྱི་ལྟ་བ་མཆོག་ཏུ་གཟུང་ནས་གནས་པའོ། །མངོན་པར་ཞེན་ནས་ཞེས་བྱ་བ་ནི་གཞན་དག་གིས ་དེ་ལས་ཟློག་པ་ན་དེ་འཛིན་མི་འདོར་བའོ། །འདིནི་བདེན་གྱིས་ཞེས་བྱ་བ་ནི་མངོན་པར་ཞེན་པའི་དབང་གིས་དེ་ལ་ཆགས་ནས་དེ་ཉིད་བདེན་པར་འཛིན་པའོ། །གཞན་ནི་བརྫུན་པའོ་ཞེས་བྱ་བ་ནི་འདི་ལས་བདེན་པའི་ལྷག་པ་ལོགས ་ཤིག་ན་མེད་དོ་ཞེས་ཟེར་བ་ནི་དེ་ནི་དེ་དག་གིས་ཕྱིས་ཉེ་བར་བརྟག་པར་བྱ་དགོས་པ་ཡིན་ནོ་ཞེས་བྱ་བ་ནི་དེའི་ཚེ་ན་ལོག་པར་རྟོག་པའི་ཕྱིར་རོ། །དེ་ལ་སེམས་ཅན་གང་དག་བྱིས་པའི་རང་བཞིན་ཅན་མ་ཡིན་པ། རྨོངས་པའི་རང་བཞིན་ཅན ་མ་ཡིན་པ། ཤེས་རབ་དང་ལྡན་པའི་རང་བཞིན་ཅན་ཞེས་བྱ་བ་ནི་སྔ་མ་ལས་ཟློག་པ་ཡིན་ནོ། །སྣང་བ་གང་ཡིན་པ་འདི་ནི་མེད་དོ་ཞེས་བྱ་བ་ཡང་སྔ་མ་ལས་བཟློག་པ་ཡིན་ནོ། །རྣམ་གྲངས་ཀྱི་འདུ་ཤེས་བྱ་བ་ནི་དེ་དག་གི་དངོས་པོ ་གཅིག་ལ་ཡང་མིང་གི་རྣམ་གྲངས་ཐ་དད་པ་དུ་མང་འདོགས་པའི་འདུ་ཤེས་འབྱུང་བའོ། །སྒྱུ་མ་བྱས་པ་འདི་ནི་ཡོད་ཅེས་བྱ་བ་ནི་གླང་པོ་ཆེ་ལ་སོགས་པའི་མཚན་མ་སེམས་ལས་བྱུང་བ་སྣང་བ་ཙམ་གྱིས་མཚན་མ་སྟེ། དེས་ནི་སྒྱུ ་མ་ལ་ཡང་གླང་པོ་ཆེ་ལ་སོགས་པ་ལོག་པར་མི་འཛིན་པ་བསྟན་ཏོ། །མི་སླུ་བར་བྱེད་པ་འདི་ནི་ཡོད་དོ་ཞེས་བྱ་བས་ནི་སྒྱུ་མའི་སྒྱུ་རྩལ་ལ་སོགས་པ་དེ་དག་ལ་ཡང་ཕྱི་རོལ་གྱི་དངོས་པོ་ལེག་པར་མི་འཛིན་པ་བསྟན་ཏོ། །རྗེས་སུ་ཐ ་སྙད་མི་འདོགས་ཀྱི་ཞེས་བྱ་བས་ནི་དཔེས་མཚོན་པའི་དོན་གྱི་མཇུག་ནས་འཕགས་པའི་ཤེས་པ་དང། འཕགས་པའི་བདེན་པས་བརྗོད་དུ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་ཤིང་ཞེས་འབྱུང་བའི་དོན་དེ་མཚན་པར་བྱེད་དོ། །འདི ་ལྟར་དོན་རྣམ་པར་རིག་པར་བྱ་བའི་ཕྱིར་རྗེས་སུ་ཐ་སྙད་འདོགས་པར་བྱེད་དེ་ཞེས་བྱ་བས་ནི་དཔེས་མཚོན་པའི་དོན་གྱི་མཇུག་ནས་བརྗོད་དུ་མེད་པའི་ཆོས་ཉིད་དེ་ཉིད་མངོན་པར་རྫོགས་པར་རྟོགས་པར་བྱ་བའི་ཕྱིར ་འདུས་བྱས་དང་འདུས་མ་བྱས་ཞེས་མིང་དུ་བཏགས་པ་ཡིན་ནོ་ཞེས་འབྱུང་བའི་དོན་དེ་མཚན་པར་བྱེད་དེ། འདི་ལྟར་དོན་རྣམ་པར་རིག་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་དོན་གང་ཡིན་པ་ཉིད་ལ་མིང་དེ་སྐད་བཏགས་པའི་དོན་དེ་རྣམ་པར་རིག་པར ་བྱ་བའི་ཕྱིར་མིང་དེ་སྐད་ཅེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་དོ་ཞེས་བྱ་བར་སྦྱར་རོ། །དེ་ནི་དེ་དག་གི་ཕྱིས་ཉེ་བར་བརྟག་པར་བྱ་མི་དགོས་པ་ཡིན་ནོ་ཞེས་བྱ་བ་ནི་དེའི་ཚེ་ན་གཏན་ལ་བབ་པར་རྟོགས་པར་བྱ་བའི་ཕྱིར་རོ། །དེ་དག་ནི་དཔེའི་དངོས ་པོ་རྣམ་པར་བཞག་པ་རྣམ་པ་གཉིས་ཚིག་གི་དོན་བཤད་པ་ཡིན་ནོ། །དེ་ནི་དཔེས་མཚོན་པའི་དོན་རྣམ་པ་གཉིས་ཀྱི་ཚིག་གི་དོན་བཤད་པར་བྱ་སྟེ། དེ་ལ་དེ་བཞིན་དུ་སེམས་ཅན་གང་དག་བྱིས་པའི་རང་བཞིན་ཅན་སོ་སོའི་སྐྱེ་བོར ་གྱུར་པ་ཤེས་རབ་འཕགས་པ་འཇིག་རྟེན་ལས་འདས་པ་མ་ཐོབ་པ་སྟེ། ཆོས་ཐམས་ཅད་ཀྱི་བརྗོད་དུ་མེད་པ་མེད་པའི་ཆོས་ཉིད་མངོན་པར་མི་ཤེས་པ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་ཤེས་རབ་མེད་པ་དང་སྦྱོར་བ་ལས་བྱུང་བའི ་ཤེས་རབ་མཐོང་བའི་ལམ་དང་སྒོམ་པའི་ལམ་དང་མཐར་ཐུག་པའི་ལམ་གྱིས་བསྡུས་པ་ཐོབ་པ་སྟེ། གོ་རིམ་བཞིན་དུ་སྦྱར་རོ། །འདུས་བྱས་དང་འདུས་མ་བྱས་དེ་མཐོང་ངམ། ཐོས་ན་ཞེས་བྱ་བ་ནི་འདུས་བྱས་ཀྱི་མཚན་མ་དང་འདུས་བྱས ་ཀྱི་མཚན་མ་རྣམ་པར་རིག་པ་ཙམ་དེ་མཐོང་ངམ་ཐོས་ནས་ཞེས་བྱ་བར་སྦྱར་རོ། །སྣང་བ་གང་ཡིན་པ་དེ་ནི་ཡོད་དོ་སྙམ་དུ་སེམས་ཤིང་ཞེས་བྱ་བས་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པ་བསྟན་ཏོ། །དེ་དག་ཇི་ལྟར་མཐོང་བ་དང ་ཇི་ལྟར་ཐོས་པ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ལ་ལོག་པར་མངོན་པར་ཞེན་པ་བསྟན་ཏོ། །དེ་ནི་དེ་དག་གིས་ཕྱིས་ཉེ་བར་བརྟག་པར་བྱ་དགོས་པ་ཡིན་ཞེས་བྱ་བས་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་མ་མཐོང་བ ་བསྟན་ཏོ། །དེ་ལ་སེམས་ཅན་གང་དག་བྱིས་པའི་རང་བཞིན་ཅན་མ་ཡིན་པ་བདེན་པ་མཐོང་བ་ཤེས་རབ་འཕགས་པ་འཇིག་རྟེན་ལས་འདས་པ་ཐོབ་པ་ཆོས་ཐམས་ཅད་ཀྱི་བརྗོད་དུ་མེད་པའི་ཆོས་ཉིད་མངོན་པར་ཤེས་བ་ཞེས་བྱ་བ་ནི་སྔ ་མ་ལས་བཟློག་པ་ཡིན་ནོ། །འདུས་བྱས་དང་འདུས་མ་བྱས་སྣང་བ་གང་ཡིན་པ་འདི་ནི་མེད་ཀྱི་ཞེས་བྱ་བ་ནི་ཕྱི་རོལ་ན་རྫས་སུ་གྲུབ་པའི་ཡུལ་དུ་གྱུར་པ་མེད་པའོ། །འདིར་གང་ལ་བརྗོད་པ་འཇུག་པར་འགྱུར་བ་དེ་ཉིད་ཀྱི་དབང་དུ་བྱས་པའི ་ཕྱིར་འདུས་བྱས་དང་འདུས་མ་བྱས་ཞེས་བྱ་བ་ལ་སོགས་པ་བཏགས་པའི་ཡོད་པ་གང་ཡིན་པ་དེ་དག་མེད་པར་བསྟན་ཏོ། །རྫས་སུ་ཡོད་པ་དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པ་ལྟ་བུ་ཡིན་ཡང་རྣམ་པར་རིག་པ་ཙམ་དུ་ཡོད་པར་འདོད་ན་གནོད ་པ་མེད་དོ། དེའི་ཕྱིར་གང་ལ་འདུས་བྱས་དང་འདུས་མ་བྱས་ཀྱི་འདུ་ཤེས་ངང་།འདུས་བྱས་དང་འདུས་མ་བྱས་ཀྱི་རྣམ་གྲངས་ཀྱི་འདུ་ཤེས་འབྱུང་བ་ཞེས་བྱ་བ་གསུངས་ཏེ། དེ་བཞིན་ཉིད་ལ་ནི་འདུ་ཤེས་འབྱུང་བ་འགྱུར་བ་མེད་དེ། འབྱུང་ན་ཡང་དེའི ་མཚན་མ་ལ་འབྱུང་བས་དེ་ཡང་རྣམ་པར་རིག་བ་ཙམ་ཉིད་ཡིན་ཏེ། དེའི་ཕྱིར་རྣམ་པར་རྟོག་པ་ལས་བྱུང་བ་ཞེས་བྱ་བ་གསུངས་སོ། །འདུ་བྱེད་ཀྱི་མཚན་མ་ཞེས་བྱ་བ་ནི་དངོས་པོ་ལ་གཟུགས་དང། སྒྲ་དང། དྲི་དང། རོ་དང། རེག་བྱ་དང། ་སྐྱེས་པ་དང། བུད་མེད་དང། སྐྱེ་བ་དང། རྒ་བ་དང་།ན་བ་དང། འཆི་བ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་ལྷག་པར་སྒྲོ་བཏགས་པ་གང་ཡིན་པ་སྟེ། དེ་ཉིད་རྣམ་པར་རིག་པ་ཙམ་གྱི་མཚན་མ་ཡིན་ནོ། །དེ་བཞིན་ཉིད་ཀྱི་མཚན་མ་གང་ཡིན་པ་དེ་ཡང ་འདུ་བྱེད་ཀྱི་མཚན་མ་ཁོ་ན་སྟེ། འདུས་བྱས་པའི་ཕྱིར་རོ། །སྒྱུ་མ་ལྟ་བུ་འདི་ནི་ཡོད་ཅེས་བྱ་བ་ནི་ཕྱི་རོལ་གྱི་དངོས་པོར་ཡོད་པ་མ་ཡིན་གྱི་རྣམ་པར་རིག་པ་ཙམ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། བློ་རྣམ་པར་རྨོངས་བར་བྱེད ་པ་འདི་ནི་ཡོད་དོ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཏེ། དེ་དག་གིས་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པ་མེད་པར་བསྟན་ཏོ། །དེ་དག་ཇི་ལྟར་མཐོང་བ་དང། ཇི་ལྟར་ཐོས་པ་བཞིན ་དུ་ཞེས་བྱ་བ་ལ་སོགས་པས་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ལ་ལོག་པར་མངོན་པར་ཞེན་པ་མེད་པར་བསྟན་ཏོ། །འདི་ལྟར་དོན་རྣམ་པར་རིག་པའི་བྱ་བའི་ཕྱིར་རྗེས་སུ་ཐ་སྙད་འདོགས་པར་བྱེད་དེ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པའི ་ཀུན་ཏུ་རྟོག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཏེ་།དེ་དག་གིས་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པ་མེད་པར་བསྟན་ཏོ། །དེ་དག་ཇི་ལྟར་མཐོང་བ་དང་ཇི་ལྟར་ཐོས་པ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་ནི་གཞན་གྱི ་དབང་གིས་ངོ་བོ་ཉིད་ལོག་པར་མངོན་པར་ཞེན་པ་མེད་པར་བསྟན་ཏོ། །འདི་ལྟར་དོན་རྣམ་པར་རིག་པར་བྱ་བའི་ཕྱིར་རྗེས་སུ་ཐ་སྙད་འདོགས་པར་བྱེད་དེ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་ཤེས་པ་དང་མཐོང་བ་སྟེ། འོག་ནས་བརྗོད་དུ་མེད་པའི ་ཆོས་ཉིད་དེ་ཉིད་མངོན་པར་རྫོགས་པར་རྟོགས་པར་བྱ་བའི་ཕྱིར་འདུས་བྱས་དང་འདུས་མ་བྱས་ཞེས་མིང་དུ་བཏགས་པ་ཡིན་ནོ་ཞེས་འབྱུང་བ་དང་སྦྱར་རོ། །དེ་ནི་དེ་དག་གིས་འཕྱིས་ཉེ་བར་བརྟག་པ་བྱ་མི་དགོས་པ་ཡིན་ནོ། །ཞེས་བྱ་བས ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་འགྲུབ་པར་བསྟན་ཏོ། །རིགས་ཀྱི་བུ་དེ་ལྟར་ན་ཞེས་པ་ལ་སོགས་པས་ནི་དོན་གྱིས་མཇུག་བསྡུས་བསྟན་ཏེ། དེ་ལྟར་ཀུན་བརྟགས་པའི་ངོ་བོ་ཉིད་དང་བྲལ་བ་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱིས་དངོས་པོ་དེ ་གཉིས་སུ་མེད་པའི་མཚན་ཤེས་པ་དང་མཐོང་བས་རྟོགས་པ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་མཐོང་བ་ཡིན་པས་དེ་ནི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཉིད་གཉིས་སུ་མེད་པའི་མཚན་ཉིད་ཡིན་པས་བརྗོད་དུ་མེད་པའི་མཚན ་ཉིད་ཀྱང་ཡིན་ཏེ། དེ་ནི་རྣམ་པར་གཏན་ལ་དབབ་པའི་དཔེའི་དངོས་པོ་རྣམ་པར་བཞག་པ་ཡིན་ནོ། །དེའི་འོག་ཏུ་དེ་དག་གི་དངོས་པོ་བསྡུ་པའི་རྣམ་པར་བཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་དག་གི་དངོས་པོ་བསྡུ་བ་རྣམ ་པར་བཞག་པ་ཞེས་བྱ་བ་ནི་དོན་དམ་པ་བརྗོད་དུ་མེད་པའི་མཚན་ཉིད་དང་ལྡན་པ་སྔར་བསྟན་པའི་ཚིག་གི་དོན་དེ་དག་གི་དངོས་པོ་ཚིགས་སུ་བཅད་པས་མདོར་བསྡུ་པའི་མཚན་ཉིད་རྣམ་པར་བཞག་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི ་དབང་དུ་མཛད་ནས། དེ་ནས་བྱང་ཆུབ་སེམས་དཔའ་དོན་ཟབ་དགོངས་པ་ངེས་པར་འགྲེལ་གྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། ཚིགས་སུ་བཅད་པ་གཉིས་ལས ་ཚིགས་སུ་བཅད་པ་དང་པོའི་རྩ་བ་གོང་མ་གཉིས་ཀྱིས་ནི་རྣམ་པར་བྱང་པའི་ཕྱོགས་བསྟན་ཏོ། །རྩ་བ་འོགམ་གཉིས་ཀྱིས་ནི་ཀུན་ནས་ཉོན་མོངས་བའི་ཕྱོགས་བསྟན་ཏོ། །ཚིགས་སུ་བཅད་པའི་གཉིས་པས་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས ་ལ་གནས་པ་རྣམས་ཀྱིས་ཉེས་དམིགས་བསྟན་ཏོ། །དེ་ལ་ཚིགས་སུ་བཅད་པ་དང་པོའི་རྩ་བ་གོང་མ་གཉིས་ནི། ཟབ་མོའི་བྱིས་པའི་སྤྱོད་ཡུལ་མ་ཡིན་པ། བརྗོད་མེད་གཉིས་མེད་རྒྱལ་བས་བསྟན་མཛད་ཀྱང་ཞེས་གསུངས་པ་ཡིན་ཏེ། དེ་ནི ་དོན་དམ་པའི་ཟབ་མོའི་སྤྱོད་ཡུལ་མ་ཡིན་པར་བརྗོད་དུ་མེད་པའི་མཚན་ནི?་དང། གཉིས་སུ་མེད་པའི་མཚན་ཉིད་དང་ལྡན་པ། རྒྱལ་བ་སྟོབས་བཅུ་དང་ལྡན་པ། ཐུགས་རྗེ་དམ་པ་མངའ་བས་བསྟན་པའི་སྒོ་ནས་མཚན་ཉིད་གཉིས་ཀྱི་དངོས ་པོ་བསྡུ་བ་བསྟན་ཏེ། དེ་གཉིས་ཀྱིས་རྣམ་པར་བྱང་བའི་ཕྱོགས་ཀྱང་བསྟན་པ་ཡིན་ནོ། །རྩ་བ་གོང་མ་གཉིས་ནི་བྱིས་པ་གཏི་མུག་རྨོངས་པ་འདི་དག་ནི། སྨྲ་བའི་སྤྲོས་ལ་འགའ་ཞིབ་གཉིས་ལ་གནས་ཞེས ་གསུངས་པ་ཡིན་ཏེ། དེས་ནི་བྱིས་པ་གཏི་མུག་གིས་པ་འདི་དག་ནི་དོན་དམ་པས་བརྗོད་དུ་མེད་པའི་མཚན་ཉིད་དང་ལྡན་པ་མི་ཤེས་པས་སྨྲ་བའི་སྤྲོས་པ་ལ་དགའ་བ་དང་།གཉིས་སུ་མེད་པའི་མཚན་ཉིད་དང་ལྡན་པ་མི་ཤེས་པས་གཉིས ་ལ་གནས་པའི་སྒོ་ནས་མཚན་ཉིད་གཉིས་ཀྱིས་མི་མཐུན་པའི་ཕྱོགས་ཀྱི་དངོས་པོ་བསྡུ་བ་བསྟན་ཏེ། དེ་གཉིས་ཀྱིས་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱང་བསྟན་པ་ཡིན་ནོ། །ཚིགས་སུ་བཅད་པ་གཉིས་པོ་ནི། མ་རྟོགས་པ་འམ ་ལོག་པར་རྟོག་པ་དག། ལུག་དང་བ་གླང་དག་ཏུ་ཡང་སྐྱེ་ཞིང། དེ་དག་ཤེས་པའི་སྨྲ་བའི་ངོ་བོར་ནས། ཤིན་ཏུ་ཡུན་རིང་འཁོར་བ་འདིར་འཁོར་འགྱུར་ཞེས་གསུངས་པ་སྟེ། དེས་ནི་བྱིས་པ་གཏི་མུག་གིས་རྨོངས་པའི་དོན་དམ ་པ་བརྗོད་དུ་མེད་པ་དང། གཉིས་སུ་མེད་པའི་མཚན་ཉིད་དང་ལྡན་པ་མ་རྟོགས་པ་དང། ལོག་པར་རྟོགས་པ་དེ་དག་ནི་ལུག་དང་བ་ལང་ལ་སོགས་པ་ངན་སོང་གསུམ་པོ་དག་ཏུ་ཡང་དང་ཡང་དུ་སྐྱེ་ཞིང་ཆོས་ཐམས་ཅད་རྣམ་པར་ཤེS ་པ་ཙམ་དུ་སྨྲ་བ་དེ་པོར་ནས་ཡུན་རིང་པོར་འཁོར་བ་འདིར་འཁོར་བར་འགྱུར་རོ་ཞེས་བསྟན་ཏེ། དེ་ཉིད་ཀྱི་ཀུན་ནས་ཉོན་མོངས་པའི་ཕྱོགས་ལ་གནས་པ་རྣམས་ཀྱིས་ཉེས་དམིགས་བསྟན་པ་ཡིན་ནོ། །ལེའུ་དང་པོའི་ཚིག་གི ་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེ་ལྟར་བརྗོད་དུ་མེད་པའི་མཚན་ཉིད་གཉིས་སུ་མེད་པའི་མཚན་ཉིད་ཀྱི་དོན་དམ་པའི་བདེན་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བ་བསྟན་ནས་།དེ་ནི་རྟོག་གེའི་སྤྱོད ་ཡུལ་ལས་ཡང་དག་པར་འདས་པའི་མཚན་ཉིད་ཀྱིས་དོན་དམ་པའི་བདེན་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དེ་ནས་བཅོམ་ལྡན་འདས་ལ ་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པ་འཕགས་པ་ཆོས་འཕགས་ཀྱི་ལེའུ་གཉིས་པ་འདི་གསུངས་སོ། །དེ་ལ་ལེའུ་གཉིས་པ་འདིའི་བསྡུས་པའི་དོན་ནི་མདོར་བསྡུ་ན་རྟོག་གེའི་སྤྱོད ་ཡུལ་ལས་ཡང་དག་པར་འདས་པའི་མཚན་ཉིད་བསྟན་པ་ཡིན་ནོ། །དེ་ཡང་རྣམ་པར་དབྱེ་བ་རྣམ་པ་བཞི་སྟེ་རྟོག་གེ་བའི་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་བཞག་པ་དང། དོན་དམ་པའི་མཚན་ཉིད་མངོན་པར་བསྒྲུབ་པའི ་ཚུལ་རྣམ་པར་བཞག་པ་དང། དཔེའི་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་གཏག་པ་དང། དེ་དག་གི་དངོས་པོ་བསྡུ་པའི་མཆན་ཉིད་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་བཞག་པའོ། །དེ་ལ་རྟོག་གེ་པའི་མཚན་ཉིད་མངོན་པར ་བསྒྲུབ་པའི་ཚུལ་རྣམ་པར་བཞག་པ་ནི། བཅོམ་ལྡན་འདས་སྔོན་གྱི་གདུགས་རྣམས་ཀྱི་ཤིན་ཏུ་སྔ་བ་ཞིག་ན་ཞེས་བྱ་བ་ནས། ངོ་མཚར་རྨད་དུ་བྱུང་བ་ལེགས་སོ་སྙམ་བགྱིད་ལེགས་སོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །དོན་དམ ་པའི་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་བཞག་པ་ནི་དེ་སྐར་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཆོས་འཕགས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནས། ཆོས་འཕགས་དེའི ་ཕྱིར་རྣམ་གྲངས་ངེས་ཀྱང་ཁྱོད་ཀྱིས་རྟོག་གེའི་སྤྱོད་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པའི་མཚན་ཉིད་གང་ཡིན་པ་ནི་དོན་དམ་པ་ཡིན་པར་རིག་པར་བྱའོ་ཞེས་གསུངས་པའི་ཚར་ཐ་མའི་བར་གྱིས་བསྟན་ཏོ། །དཔེའི་མཚན་ཉིད་མངོན ་པར་བསྒྲུབ་པའི་ཚུལ་རྣམ་པར་བཞག་པ་ནི་ཆོས་འཕགས་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནས། ཆོས་འཕགས་དེ་བཞིན་དུ་རྟོག་གེ་ལ་ཐམས་ཅད་ཀྱིས་ཀྱང་དོན་དམ་པ་རྟོག་གེ་ཐམས་ཅད་ལས་ཡང་དག ་པར་འདས་པའིམཚན་ཉིད་ལ་བརྟག་པ་འམ། རྗེས་སུ་དཔག་པ་འམ་མོས་པར་མི་ནུས་སོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །དེ་དག་གི་དངོས་པོ་བསྡུས་པའི་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་བཞག ་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅང་བ་གཅིག་གིས་དོན་དམ་པ་རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་མཚན་ཉིད་དང ་ལྡན་པའི་ཚིག་གི་དོན་དེ་དག་གི་དངོས་པོ་བསྡུ་བ་བསྟན་པ་དང་སྦྱར་རོ། །དེ་ལ་དང་པོ་རྟོག་གེ་པའི་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་བཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། རྟོག་གེ་པའི ་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་བཞག་པ། ཞེས་བྱ་བ་ནི་དགེ་སྦྱོང་དང་བྲམ་ཟེ་རྟོག་གེ་པ་དང་ལྡན་པ་རྟོག་གོར?་གཏོགས་པའི་ས་རང་གི་སྤྲོ་བས་པ་ལས་བྱུང་པ། སོ་སོའི་སྐྱེ་བོ་པ་སྤྱོད་པའི་རྗེས་སུ་སྤྱོད་པ་ལ ་གནས་པ། ཐམས་ཅད་མཁྱེན་པ་མ་ཡིན་པར་ཐམས་ཅད་མཁྱེན་པར་མངོན་པའི་ང་རྒྱལ་ཅན་བདག་དང། སེམས་ཅན་དང་སྲོག་དང། གང་ཟག་ལ་སོགས་པར་མཐོང་བ་ཆོས་རྣམས་ཀྱི་དོན་དམ་པ་ཡིན་པར་ལྟ་ཞིང་དོན ་དམ་པ་རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་ལྡན་པ་ཁོང་དུ་ཆུང་པ་དེ་དག་གི་མཚན་ཉིད་ཇི་འདྲ་བ་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་བཞག་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད ་ནས། འདིར་འཕགས་པ་ཆོས་འཕགས་ཀྱིས་བཅོམ་ལྡན་འདས་ལ་བཅོམ་ལྡན་འདས་སྔོན་གྱི་གདུགས་རྣམས་ཀྱི་ཤིན་ཏུ་སྔ་བ་ཞིག་ན་ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། རྒྱས་པར་མདོ་ཉིད་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ།། ་ད་ནི་དེ་དག་གི་ཚིག་གི་དོན་བཤད་པར་བྱ་སྟེ། དེ་ལ་སྔོན་གྱི་གདུགས་རྣམས་ཞེས་བྱ་བ་ནི་གང་དག་ལ་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་དག་སྟེ། དེ་ཡང་དང་པོར་བྱང་ཆུབ་ལ་གཞོལ་བ་ནས་ཐ་མ་མངོན་བར ་རྫོགས་པར་བྱང་ཆུབ་པའི་བར་ཀྱི་དུས་རྣམས་ལ་སྤྱིར་བ་སྙགས་པའི་ཕྱིར་གདུགས་རྣམས་ཞེས་མང་བོའི་ཚིག་ཏུ་བྱས་སོ། །ཤིན་ཏུ་སྔ་བ་ཞིག་ན་ཞེས་བྱ་བ་ནི་གང་དག་ལ་བཅོམ་ལྡན་འདས་ཀྱིས་སྔར་སངས་རྒྱས་གཞན་དག་མངོན ་པར་རྫོགས་པར་སངས་རྒྱས་པའི་དུས་ནའོ། །འདི་ན་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་གནས་ཕུན་སུམ་ཚོགས་པ་སྔར་བསྟན་པ་དེ་ནས་སམ། འཇིག་རྟེན་གྱི་ཁམས་མི་མཇེད་འདི་ནས་སོ། །དེ་ན་ཞེས་བྱ་བ་ནི། འཇིག་རྟེན་གྱི་ཁམས ་གྲགས་པ་ཅན་དེ་ནའོ། །མུ་སྟེགས་པ་རང་རང་གི་སྟོན་པ་ལ་སོགས་པ་ཞེས་བྱ་བ་ནི་རྟོག་གེ་པ་གྲུབ་པའི་མཛའ་དང་གཞུང་ལུགས་ཐ་དང་བར་རང་རང་གི་མཁན་པོ་དང་དགེ་འདུན་གྱི་ཚོགས་དང་བཅས་པ་དག་གོ། ཆོས་རྣམས ་ཀྱི་དོན་དམ་པའི་མཚན་ཉིད་བསམ་པ་ལས་བརྩམས་ནས་ཞེས་བྱ་བ་ནི་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་གཏན་ལ་དབབ་པར་འདོད་ནས་ཞེས་བྱ་བའི་ཐ་ཚིག་གོ་།མཆིས་ཤིང་ཞེས་བྱ་བ་ནི་གང་དག་དངོས་པོ་དེ་ཇི་ལྟ་བ་བཞིན་གཏན ་ལ་འབབ་པའི་ཕྱིར་སྔར་དེར་འཁོད་པ་དག་གོ། འདུས་ནས་ཞེས་བྱ་བས་ནི་གང་དག་གིས་སྔ་མ་དེ་དག་མཐོང་ནས་དེའི་འོག་ཏུ་དེར་ལྷགས་པ་རྣམས་སོ། །སེམས་པར་བགྱིད་ཅེས་བྱ་བ་ནི་བསྟན་པའི་ཐ་ཚིག་གོ། འཇལ་བར་བགྱིད་ཉེ་བར་ ་རྟོག་པར་བགྱིད་ཅེས་བྱ་བ་གཉིས་ནི་བཤད་པའི་ཚིག་སྟེ་།དེ་ཡང་རང་གི་གཞུང་ལུགས་ཀྱི་སྒྲོ་འདོགས་པ་དང། སྐུར་པ་དང་བྲལ་བས་སེམས་པར་བྱེད་པ་ནི་འཇལ་བར་བགྱིད་ཅེས་བྱ་བས་བསྟན་ཏོ།། ་རིགས་པ་ལ་བརྟེན་ནས་སེམས་པར་བྱེད་པ་ནི་ཉེ་བར་རྟོག་པར་བགྱིད་ཅེས་བྱ་བས་བསྟན་ཏེ། དེ་ལྟར་ན་དེ་གཉིས་ཀྱིས་ནི་ཇི་ལྟར་སེམས་པར་བྱེད་པ་དང་།གང་གི་སེམས་པར་བྱེད་པ་བསྟན་པ་ཡིན་ཏེ་གོ་རིམ་བཞིན་དུ་སྦྱོར་དུ? ་ཡངས་སུ་ཚོལ་བར་བགྱིད་ཀྱང་ཞེས་བྱ་བ་ནི་དེ་ལྟར་བསྟན་པ་དང་བཤད་པའི་ཚིག་དེ་དག་ཉིད་ཀྱིས་གཏན་ལ་འབེབས་པར་བྱེད་ཞེས་བྱ་བར་སྦྱར་རོ། །མ་རྟོགས་ནས་ནི་ཞེས་བྱ་བ་ནི་གཏན་ལ་མ་ཕེབས་ནས་ཞེས་བྱ་བའི་ཐ་ཚིག་གོ།? ་བློ་གྲོས་ཐ་དད་པ་ཞེས་བྱ་བ་ནི་བློ་གྲོས་སོ་སར་གྱུར་པའོ། །ཡིད་གཉིས་ཅན་ཞེས་བྱ་བ་ནི་གང་དག་སོམ་ཉི་ཟ་བ་དག་གོ་།བློ་གྲོས་ངན་པ་ཞེས་བྱ་བ་ནི་དེ་དག་ལས་གང་དག་ལོག་པར་དེས་བདེ་དག་གོ་།རྩོད་པ་ཞེས་བྱ་བ་ནི་སེམས ་ཀྱིས་སོ། །འགྱེད་པར་གྱུར་པ་ཞེས་བྱ་བ་ནི་ཚིག་གསོ། །གཅིག་ལ་གཅིག་ཁ་སྟབས་ཀྱིས་གནོད་པ་བགྱིས་ཞེས་བྱ་བ་ནི་བསྟན་པའི་ཚིག་གོ། ཞེར་འདེབས་པར་བགྱིས། གབ་གབ་ཀྱིས་མནན་པ་བགྱིས་ཚོར་བཅད་བར་བགྱིས ་ཏེ་ཞེས་བྱ་བ་དག་ནི་བཤད་བའི་ཚིག་སྟེ་།དེ་ཡང་མི་རིགས་པར་སྨྲས་ན་དག་རྩུབ་པོ་འབྱིན་པས་གནོད་པར་བྱས་པ་ནི་།ཞེར་འདེབས་པར་བགྱིས་ཞེས་བྱ་བས་བསྟན་ཏོ། །རིགས་པར་སྨྲས་ན་སྤོང་བ་ལ་སོགས་པས་གནོད ་པར་བྱས་པ་ནི། གབ་གབ་ཀྱིས་མནན་པ་བགྱིས་ཞེས་བྱ་བས་བསྟན་ཏོ། །དེ་གཉིས་ཀའི་དུས་ན་གཉིས་ཀས་གནོད་པ་བྱས་པ་ནི། ཚར་བཅད་པ་བགྱིས་ཏེ་ཞེས་བྱ་བས་བསྟན་ཏེ། །སོ་སོར་མཆིས་པ་དག་གཅིག་མཐོང་ནས ་ཞེས་བྱ་བས་ནི་ཕྱོགས་སོ་སོར་དོང་བ་སྟེ་།དེ་ལྟར་ཚིག་གི་དོན་དེ་དག་གིས་ནི་རྟོག་གེ་པའི་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་བཞག་པ་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་བདག་འདི་སྙམ་བགྱིད་ངོ་ཞེས་པ་ལ་སོགས་བས ་ནི་དེ་ལྟར་རྟོག་གེ་བའི་མཚན་ཉིད་མངོན་པར་བསྒྲུབ་བའི་ཚུལ་རྣམ་པར་བཞག་པ་དེ་ལ་བལྟོས་ན། ཀྱེ་མ་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་འབྱུང་བས་ཤིན་ཏུ་བདེ་བ་ཆེ་བ་དང་དེ་དག་བྱུང་བས་དོན་དམ་པ་རྟོག་གེ་ཐམས་ཅད་ལས་ཡང་དག ་པར་འདས་པའི་མཚན་ཉིད་འདི་ལྟ་བུ་བསྟན་པ་ཤིན་ཏུ་ཕན་འདོགས་པ་ཆེ་བ་དང་།དེ་རྟོགས་པ་དང་མངོན་སུམ་དུ་བགྱི་བའི་ཐབས་དང་གནས་སྐབས་མཆིས་པས་ཤིན་ཏུ་དལ་འབྱོར་ཆེ་བ་དང་།དེ་རྟོགས་པ་དང་མངོན་སུམ་དུ་བགྱི་བའི་རྣལ་འབྱོར ་པ་དེ་དག་མཆིས་པས་ཤིན་ཏུ་མངོན་པར་རྟོགས་པ་ཆེ་བའི་སླད་དུ་ངོ་མཚར་རྨད་དུ་བྱུང་བ་ལགས་སོ་སྙམ་བགྱིད་ལགས་སོ་ཞེས་བྱ་བར་སྦྱར་རོ། །དེ་ལ་རྟོགས་བ་ཞེས་བྱ་བ་ནི་མཐོང་བའི་ལམ་གྱིས་སོ། །མངོན་སུམ་དུ་བགྱི་བ་ཞེས་བྱ་བ་ནི་བསྒོམ ་པའི་ལམ་གྱིས་སོ། །དེ་དག་ནི་རྟོག་གེ་པའི་མཚན་ཉིད་ལ་བལྟོས་ན་།དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་བ་ལ་སོགས་པ་ཤིན་ཏུ་བདེ་བ་ཚེ་བ་དང་ཕན་འདོགས་པ་དང་།དལ་འབྱོར་དང་མངོན་པར་རྟོགས་པ་ཚེ་བའི་ཕྱིར་ངོ་མཚར་རྨད?་དུ ་བྱུང་བ་ཡིན་ཞེས་ཞར་ལ་བསྟོད་པ་དང་ཚིག་འོག་མའི་མགོ་འདྲེན་པ་ཙམ་དུ་ཟད་ཀྱི་དངོས་སུ་རྟོག་གེ་པའི་མཚན་ཉིད་བསྟན་པའི་གནས་སྐབས་ཡིན་པས་ནི་དེ་ནི་རྟོག་གེ་པའི་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་གྱིས་རྣམ ་པར་བཞག་བ་ཡིན་ནོ། །དེའི་འོག་ཏུ་དོན་དམ་པའི་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་བཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དོན་དམ་པའི་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་བཞག་པ་ཞེས ་བྱ་བ་ནི་དོན་དམ་པ་རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་ལྡན་པ་དེ་བཞིན་གཤེགས་པ་ཉིད་ཀྱིས་སོ་སོར་རང་གིས་རིག་པའི་ཚུལ་དུ་མངོན་བར་རྫོགས་པར་སངས་རྒྱས་པ་དང། ་ཐ་སྙད་རྣམ་པར་བཞག་པའི་སྒོ་ནས་གཞན་ལ་བསྙད་པ་ལ་སོགས་པའི་མཚན་ཉིད་ཇི་འདྲ་བ་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་བཞག་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛོད་ནས། དེ་སྐད་ཅེས་གསོལ་པ ་དང། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཆོས་འཕགས་ལ་འདི་སྐད་ཅེས་བཀའ་སྩལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཚེས་འཕགས་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་བྱ་བས་ནི་སྔར་རྟོག་གེའི་མཚན ་ཉིད་མངོན་བར་བསྒྲུབ་པའི་ཚུལ་རྣམ་པར་བཞག་པ་ལ་བལྟོས་ན། དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་འབྱུང་བ་དང། དོན་དམ་པའི་རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པའི་མཚན་ཉིད་འདི་ལྟ་བུ་སྟོན་པ་དང་།དེ ་རྟོགས་པ་དང་མངོན་སུམ་དུ་བྱ་བའི་ཐབས་དང་གནས་སྐབས་ཡོད་པ་དང་།དེ་རྟོགས་པ་དང་མངོན་སུམ་དུ་བྱེད་པའི་རྣལ་འབྱོར་པ་བདག་ཡོད་པ་ནི། ཤིན་ཏུ་བདེ་བ་ཆེ་བ་དང། ཤིན་ཏུ་ཕན་འདོགས་པ་ཆེ་བ་དང། ཤིན་ཏུ་དལ་འབྱོར ་ཆེ་བ་དང། ཤིན་ཏུ་མངོན་པར་རྟོགས་བ་ཆེ་བའི་ཕྱིར་ངོ་མཚར་རྨད་དུ་བྱུང་བ་ལགས་སོ་སྙམ་བགྱིད་ལགས་སོ་ཞེས་གསོལ་པ་དེ་ཉིད་དེས་པ་ཡིན་པར་མནན་པའི་སྒོ་ནས་དམ་པའི་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་རྣམ ་བར་བཞད?་པ་སྟོན་ཏོ། །དེས་ནི་དོན་དམ་པར་རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པའི་མཚན་ཉིད་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཞེས་བྱ་བས་ནི་དོན་དམ་བའི་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་བཞག་པྲ? ་ཉིད་དམིགས་ཀྱིས་བསྟན་པ་ཡང་ཡིན་ལ་།དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་འབྱུང་བ་ཡོད་པས་ཤིན་ཏུ་བདེ་བ་ཆེ་བ་ཡང་བསྟན་པར་རིག་པར་བྱའོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཡང་ཞེས་བྱ་བ་ལ་སོགས་པས་ཐ ་སྙད་རྣམ་བར་བཞག་པའི་སྒོ་ནས་གཞན་ལ་བསྙད་པ་ལ་སོགས་པའི་མཚན་ཉིད་ཅི་འདྲ་བ་ཉིད་དམིགས་ཀྱིས་བསྟན་པ་ཡང་ཡིན་ལ། དོན་དམ་པ་རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པའི་མཚན་ཉིད་འདི་ལྟ་བུ་སྟོན་པ་ཡོད་པ ་ལ་སོགས་བ་ཤིན་ཏུ་ཕན་འདོགས་པ་ཆེ་བ་ལ་སོགས་པ་ཡང་བསྟན་པར་རིག་པར་བྱའོ། །བསྙད་ཅིང་ཞེས་བྱ་བ་ནི་བསྙད་པའི་ཚིག་གོ། གསལ་བར་བྱས་རྣམ་པར་ཕྱེ་སྟེ་ཞེས་བྱ་བ། གཉིས་ནི་བཤད་པའི་ཚིག་གི་གསལ་བར་བྱས་པ ་དང། རྣམ་པར་ཕྱེ་བ་གཉིས་ཀྱིས་ན་བསྙད་པ་ཡིན་ནོ། །དེ་ལ་གསལ་བར་བྱས་ཞེས་བྱ་བ་ནི་ཆོས་གདགས་པ་རྣམ་པར་བཞག་པས་ལེགས་པར་གདགས་པ་བྱས་པའི་ཕྱིར་རོ། །རྣམ་པར་ཕྱེ་ཞེས་བྱ་བ་ནི་ཆོས་དེ་དག་གི་དོན་རབ་ཏུ་བསྟན ་པའི་ཕྱིར་ཏེ། དེ་ལྟར་ན་ཚིག་དང་པོ་ནི་བར་མ་གཉིས་ཀྱིས་བཤད་ལ། པར་མ་གཉིས་ནི་གོ་རིམ་བཞིན་དུ་ཐ་མ་གཉིས་ཀྱིས་བཤད་པར་བལྟ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་གཏན་ཚིགས་རྣམ་པ་ལྔས་ནི་དོན་དམ ་པའི་མཚན་ཉིད་གོང་ནས་གོང་དུ་མངོན་བར་བསྒྲུབ་པའི་ཚུལ་རྣམ་པར་བཞག་པ་རྣམ་པ་ལྔ་སྟོན་ཏེ། དེ་ཡང་རྟོག་གེ་ལ་བརྟེན་ནས་དོན་དམ་པ་རྣམ་པར་དཔྱོད་པ་གཞན་མུ་སྟེགས་ཅན་རྣམས་ལ་གང་གིས་དོན་དམ་པ་ཁོང་དུ་ཆུད་པར་མི ་འགྱུར་བའི་ཉེས་པ་ལྔ་ཡོད་པའི་གཉེན་པོར་གོ་རིམ་བཞིན་དུ་སྦྱར་རོ། །ཉེས་པ་ལྔ་ནི་ཀུན་ཏུ་ཚོལ་བའི་ཉེས་པ་དང། མངོན་པའི་ང་རྒྱལ་གྱི་ཉེས་པ་དང་།མངོན་པར་ཞེན་པའི་ཉེས་པ་དང་།འདོགས་པའི་ཉེས་པ་དང་།རྩོད་པའི་ཉེས ་པ་སྟེ། དེ་དག་ཀྱང་གཞན་གྱིས་བསྟན་པ་ཙམ་གྱིས་དོན་དམ་པ་ཁོང་དུ་ཆུད་པར་རེ་བ་དང་ཞི་གནས་ཙམ་ཐོབ་ན་མཚན་མར་འཛིན་པ་ཙམ་གྱིས་དོན་དམ་པ་རྟོགས་སོ་སྙམ་པའི་མངོན་པའི་ང་རྒྱལ་དང། ་རྣམ་པར་འཇིག་པའི་དབང་གིས་ཇི་ལྟར་བརྗོད་པ་བཞིན་དུ་མངོན་པར་ཞེན་པ་དང་མཐོང་བ་ལ་སོགས་པའི་ཐ་སྙད་ལ་བརྟེན་ནས་སྲོག་ལ་སོགས་པ་ཡོད་པར་རྣམ་པར་འཇོག་པ་འདོགས་པ་དང་།ཕན་ཚུན་མི་མཐུན་པར ་འདོགས་པ་བདག་དང་གཞན་གྱི་ཕྱོགས་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བར་གྱུར་པ་རྩོད་པར་འགྱུར་བ་དང་གོ་རིམ་བཞིན་དུ་སྦྱར་རོ། །རྟོག་གེ་ལས་བརྟེན་པའི་ཉེས་པ་དེ་ལྔས་ཁོང་དུ་ཆུད་པར་མི་འགྱུར་བ་ཉིད་དོན་དམ་པ་རྟོག ་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་ལྡན་པ་ཡིན་པར་བྱའོ། །དེ་ལ་དོན་དམ་པའི་འཕགས་པ་རྣམས་ཀྱི་སོ་སོ་རང་གིས་རིག་པ་ཡིན་པར་ངེས་བཤད་ལ། སོ་སོའི་སྐྱེ་བོ་རྣམས་ཀྱི་ཕན་ཚུན་རིག ་པར་བྱ་བ་ནི་རྟོག་གེའི་སྤྱོད་ཡུལ་ཡིན་པའི་ཕྱིར་དེ་ཞེས་བྱ་བ་ནི་གཞན་གྱིས་བསྟན་པ་ཙམ་གྱིས་དོན་དམ་པ་ཁོང་དུ་ཆུད་པར་རེ་བའི་ཀུན་ཏུ་ཚོལ་བའི་ཉེས་པས་དོན་དམ་པ་ཁོང་དུ་ཆུད་པར་མི་འགྱུར་བ་བསྟན་ཏེ་།གཞན ་གྱིས་བསྟན་པ་ཙམ་གྱི་ཞེས་བྱ་བ་ནི་རྟོག་གེ་ལས་བྱུང་བའི་དོན་གཅིག་ལ་གཅིག་སྟོན་པར་བྱེད་པ་སྟེ། དེས་དོན་དམ་པ་ཁོང་དུ་ཆུད་པར་མི་འགྱུར་བས་དེ་ཉིད་ཀུན་ཏུ་ཚོལ་བའི་ཉེས་པ་ཡིན་ནོ། །དེ་ལ་དོན་དམ་པ་ཞེས་བྱ ་པས་ནི་སྔར་དངོས་པོ་དེ་འཕགས་པའི་ཤེས་པ་དང་མཐོང་བས་བརྗོད་དུ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་ཤིང་ཞེས་སྨོས་པ་སྟེ། གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་དངོས་པོ་མངོན་པར་རྫོགས་པར་རྟོགས་པར ་འགྱུར་བ་མེད་པར་ཡོངས་སུ་གྲུབ་པ་དང། ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡིན་པར་བཞེད་དོ། །འཕགས་པ་རྣམས་ཀྱི་སོ་སོར་རང་གིས་རིག་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་རྣམ་པ་ཡང་དག་པའི་ཡེ་ཤེས་ཀྱི་ངོ་བོ ་ཉིད་ལས་ཐ་མི་དད་པ་དེ་ཉིད་ཡང་དག་པའི་ཡེ་ཤེས་ཀྱི་རང་རིག་པ་ཞེས་བྱ་བའི་ཐ་ཚིག་གོ་།སོ་སོའི་སྐྱེ་བོ་རྣམས་ཀྱི་ཕན་ཚུན་རིག་པར་བྱ་བ་ཞེས་བྱ་བ་ནི་རྟོག་གེ་ལས། བྱུང་བའི་དོན་གཅིག་ལ་གཅིག་སྟོན་པར་བྱེད་པའོ། །རྟོག ་གེའི་སྤྱོད་ཡུལ་ཡིན་པའི་ཕྱིར་ཏེ་ཞེས་བྱ་བ་ནི་ཀུན་ཏུ་ཚོལ་བའི་ཉེས་པ་དང་ལྡན་པ་ཡིན་པའི་ཕྱིར་རོ། །ཆོས་འཕགས་དེའི་ཕྱིར་རྣམ་གྲངས་དེས་ཞེས་བྱ་བ་ལ་སོགས་པས་ནི། དོན་དམ་པའི་མཚན་ཉིད་གོང་ནས་གོང་དུ་མངོན ་པར་བསྒྲུབ་པའི་ཚུལ་རྣམ་པར་བཞག་པ་སྟོན་ཏེ། དེ་ལྟར་ཀུན་ཏུ་ཚོལ་བའི་ཉེས་པས་ཁོང་དུ་ཆུད་པར་མི་འགྱུར་བ་ཉིད་དམ་པའི་རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་ལྡན་པ་ཡིན་པར་རིག་པར་བྱ་སྟེ། ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་ཅི་རིགས་པར་སྦྱར་རོ། །ཆོས་འཕགས་གཞན་ཡང་དོན་དམ་པ་ནི་མཚན་མ་མེད་པའི་སྤྱོད་ཡུལ་ཡིན་པར་ངས་བཤད་ལ་།རྟོག་གེའི་མཚན་མའི་སྤྱོད་ཡུལ་ཡིན་ཏེ་ཞེས་བྱ་བས་ནི་ཞི་གནས་ཙམ་ཐོབ ་ནས་མཚན་མར་མི་འཛིན་པ་ཙམ་གྱི་དོན་དམ་པ་རྟོགས་སྙོམ་པཱི་མངོན་པའི་ང་རྒྱལ་གྱི་ཉེས་པས་དོན་དམ་པ་ཁོང་དུ་ཆུད་པར་མི་འགྱུར་བར་བསྟན་ཏེ་།ཞི་གནས་ཙམ་ཐོབ་ནས་མཚན་མར་འཛིན་པ་ཙམ་གྱིས་ཞེས་བྱ་བ་ནི་འཇིག་རྟེན་བའི་ལས ་གྱིས་སེམས་།རྩེ་གཅིག་ཏུ་གྱུར་པ་ཙམ་ཐོབ་པ་ནས་དེ་ཉིད་དོན་དམ་པ་ཡིན་པར་མཚན་མར་འཛིན་པ་སྟེ་།དེས་ཀྱང་དོན་དམ་པ་ཁོང་དུ་ཆུད་པར་མི་འགྱུར་བས་དེ་ཉིད་མངོན་པའི་ང་རྒྱལ་གྱི་ཉེས་པ་ཡིན་ནོ། །དེ་ལ་མཚན་མ་མེད་པའི་སྤྱོད་ཡུལ ་ཞེས་བྱ་བ་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ཡིན་པའོ། །མཚན་མ་མེད་པའི་སྤྱོད་ཡུལ་ཡིན་ཏེ་ཞེས་བྱ་བ་ནི་དེ་ལ་མཚན་མ་མེད་པའི་སྤྱོད་ཡུལ་ཅན་ཡིན་པ་སྟེ་།དེས་ནི་བྱིས་པའི་ཤེS ་པའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །ཆོས་འཕགས་གཞན་ཡང་དོན་དམ་པ་ནི་བརྗོད་དུ་མེད་པ་ཡིན་པས་ངས་བཤད་ལ། རྟོག་གེ་ནི་བརྗོད་པའི་ཡུལ་ཡིན་ཏོ་ཞེས་བྱ་བས་ནི་རྣམ་པར་འཇོག་པའི་དབང་གིས་ཇི་ལྟར་བརྗོད་པ ་བཞིན་དུ་མངོན་པར་ཞེན་པའི་ཉེས་པས་དོན་དམ་པ་ཁོང་དུ་ཆུད་པར་མི་འགྱུར་བར་བསྟན་ཏེ་།རྣམ་པར་འཇོག་པའི་དབང་གིས་ཞེས་བྱ་བ་ནི་མིང་དང་།ཚིག་དང་།ཡི་གེའི་ཚོགས་ཀྱི་སྒོ་ནས་བརྗོད་བ་རྣམ་པར་འཇོག་པ་སྟེ། བརྗོད་པ་ལ་མངོན ་པར་ཞེན་པ་ངེས་ཀྱང་དོན་དམ་པ་ཁོང་དུ་ཆུད་པར་མི་འགྱུར་པས་དེ་ཉིད་མངོན་པར་ཞེན་པའི་ཉེས་པ་ཡིན་ནོ། །དེ་ལ་བརྗོད་དུ་མེད་པ་ཞེས་བྱ་བ་ནི་བརྗོད་པས་ཐོག་ཏུ་མི་ཕེབས་པའི་ཕྱིར་རོ། །བརྗོད་པའི་སྤྱོད་ཡུལ་ཡིན་ཏེ་ཞེས་བྱ་བ་ནི ་བརྗོད་པའི་སྒོ་ནས་དོན་རྟོགས་པར་འགྱུར་པའི་ཕྱིར་རོ། །ཆོས་འཕགས་གཞན་ཡང་དོན་དམ་པ་ནི་ཐ་སྙད་ཐམས་ཅད་ཡང་དག་པར་ཆད་པ་ཡིན་པར་ངས་བཤད་ལ། རྟོག་གེ་ནི་ཐ་སྙད་ཀྱི་སྤྱོད་ཡུལ་དེ་ཞེས་བྱ་བས་ནི་མཐོང་བ་ལ ་སོགས་པའི་ཐ་སྙད་ལས་བརྟེན་ནས་སྲོག་ལ་སོགས་པ་ཡོད་པར་རྣམ་པར་འཇོག་པ་འདོགས་པའི་ཉེས་པས་དོན་དམ་པ་ཁོང་དུ་ཆུད་པར་མི་འགྱུར་བ་བསྟན་ཏེ། མཐོང་བ་ལ་སོགས་པའི་ཐ་སྙད་ལ་བརྟེན་ནས་ཞེས་བྱ་བ་ནི་མཐོང ་བ་དང། ཐོས་པ་དང་བྱེ་བྲག་ཕྱེད་པ་དང་།རྣམ་པར་ཤེས་པའི་ཐ་སྙད་ལ་བརྟེན་ནས་ཟ་བ་པོ་དང་ཁྱེད་པ་པོར་འཛིན་པའི་སྒོ་ནས་བདག་དང་།སེམས་ཅན་དང་སྲོག་དང། གང་ཟག་ལ་སོགས་པ་ཡོད་པར་འདོགས་པ་སྟེ་།བདག་དུ ་འདོགས་པ་དེས་ཀྱང་དོན་དམ་པར་ཁོང་དུ་ཆུད་པར་མི་འགྱུར་བས་དེ་ཉིད་འདོགས་པའི་ཉེས་པ་ཡིན་ནོ། །དེ་ལ་ཐ་སྙད་ཐམས་ཅད་ཡང་དག་པར་ཆད་པ་ཞེས་བྱ་བ་ནི་བརྗོད་པའི་ཐ་སྙད་ལྟག་ལ་ཡོད་ཀྱི། བརྗོད་པ་ལས་གཞན་པ་མིག་བརྡལ ་སོགས་པའི་ཐ་སྙད་གང་དག་ཡིན་པ་དེ་དག་ཀྱང་དེ་ལ་མང་པའོ། །ཐ་སྙད་ཀྱི་སྤྱོད་ཡུལ་ཡིན་ཏེ་ཞེས་བྱ་བ་ནི་བརྗོད་པ་ལ་སོགས་པའི་ཐ་སྙད་ཀྱི་གདགས་པའི་ཡུལ་ཡིན་པའི་ཕྱིར་རོ། །ཆོས་འཕགས་གཞན་ཡང་དོན་དམ་པ་ནི་རྩོད་པ ་ཐམས་ཅད་ཡང་དག་པར་ཆད་པ་ཡིན་པས་ངས་བཤད་པ་།རྟོག་གེ་ནི་རྩོད་བའི་སྤྱོད་ཡུལ་ཏེ་ཞེས་བྱ་བ་ནི་ཕན་ཚུན་མི་མཐུན་པར་འདོགས་པའི་བདག་དང་གཞན་གྱི་ཕྱོགས་ལ་རྗེས་སུ་ཆགས་པ་དང་།ཁོང་ཁྲོ་པར་གྱུར་པའི་རྩོད་པའི་ཉེས་པS ་དོན་དམ་པ་ཁོང་དུ་ཆུད་པར་མི་འགྱུར་བ་བསྟན་ཏེ་།ཕན་ཚུན་མི་མཐུན་པར་འདོགས་པ་ཞེས་བྱ་བ་ནི་དངོས་པོ་ལ་མངོན་པར་ཞེན་པའི་དབང་གིས་གྲུབ་པའི་མཛའ་དང་གཞུང་ལུགས་མི་མཐུན་པར་འདོགས་ཤིང་གཞི་དེས་བདག་གི་ཕྱོགས་ལ་རྗེས ་སུ་ཆགས་པ་དང་།གཞན་གྱི་ཕྱོགས་ལ་ཁོང་ཁྲོ་བར་གྱུར་པས་རྩོད་པ་སྟེ། དངོས་པོ་ལ་མངོན་པར་ཞེན་པས་ཕྱོགས་ལ་ཆགས་ཤིང་རྩོད་པར་གྱུར་པ་ངེས་ཀྱང་དོན་དམ་པ་ཁོང་དུ་ཆུད་པར་མི་འགྱུར་བས་དེ་ཉིད་རྩོད་པའི་ཉེས་པ་བཞིན་ནོ།། ་དེ་ལ་རྩོད་པ་ཐམས་ཅད་ཡང་དག་པར་ཆད་པ་ཞེས་བྱ་བ་ནི་མ་རྟོགས་པ་འམ་ལོག་བར་རྟོགས་པ་མི་མཐུན་པ་ལ་ནི་རྩོད་པ་འབྱུང་བར་འགྱུར་གྱི་།འདི་ནི་དེ་ལས་བཟློག་པ་ཡིན་པའི་ཕྱིར་རྩོད་པ་ཐམས་ཅད་ཡང་དག་པར་ཆད་པ་ཡིན་ནོ།། ་རྩོད་པའི་སྦྱོར་ཡུལ་ཡིན་ཏེ་ཞེས་བྱ་བ་ནི་ཡུལ་གང་ལ་རྩོད་པ་འབྱུང་བར་འགྱུར་པའི་ཡུལ་དེར་རྟོགས་པ་སྟེ། དེའི་ཡུལ་ཡིན་པའི་ཕྱིར་རོ། །ཆོས་འཕགས་དེའི་ཕྱིར་རྣམ་གྲངས་ངེས་ཀྱང་ཁྱོད་ཀྱིས་འདི་ལྟར་རྟོག་གེ་ཐམས་ཅད་ལས་ཡང? ་དག་པར་འདས་པའི་མཚན་ཉིད་གང་ཡིན་པ་དེ་ནི་དོན་དམ་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བས་ནི་དོན་དམ་པའི་མཚན་ཉིད་གོང་ནས་གོང་དུ་མངོན་པར་བསྒྲུབ་བའི་ཚུལ་རྣམ་པར་བཞག་པ་ལྔ ་པ་སྟོན་ཏེ། དེ་ལྟར་རྩོད་པའི་ཉེས་པས་ཁོང་དུ་ཆུད་པར་མི་འགྱུར་བ་ཉིད་དོན་དམ་པ་རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་ལྡན་པ་ཡིན་པར་རིག་པར་བྱ་སྟེ། དེ་ནི་དོན་དམ་པའི་མཚན ་ཉིད་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་བཞག་པ་ཡིན་ནོ། །དེའི་འོག་ཏུ་དཔེའི་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་བཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དཔེའི་མཚན་ཉིད་མངོན ་པར་བསྒྲུབ་པའི་རྣམ་པར་བཞག་པ་ཞེས་བྱ་བ་ནི་དོན་དམ་པའི་མཚན་ཉིད་གོང་དུ་གོང་དུ་མངོན་པར་བསྒྲུབ་པའི་ཚུལ་རྣམ་པ་ལྔ་སྔར་བསྟན་པ་དེ་དག་རྟོག་གེ་པ་ཉེས་པ་ལྔ་དང་ལྡན་པ་དེ་དག་གིས་ཁོང་དུ་ཆུད་པར ་མི་འགྱུར་བའི་དཔེ?་མཚན་ཉིད་རྣམ་པ་ལྔ་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་བཞག་པ་གང་ཡིན་བའོ?། །དེའི་ཕྱིར་དེ་བསན་པའི་དབང་དུ་མཛད་ནས་།ཆོས་འའཕགས་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངS ་སོ། །དེ་ལ་དཔེ་ལྔ་ནི་མོས་པ་རྩམ་པ་ལྔ་པ་ཡོད་པས་སེལ་བར་མོས་པ་དང་།འདོད་པ་ལ་མོས་པ་དང་།རྣམ་པར་རྟོག་པ་ལ་མོས་པ་དང་།ཐ་སྙད་ལ་མོས་པ་དང་།བདག་གིར་འཛིན་པ་ལ་མོས་པ་རྣམ་པ་ལྔས་བརྩམས་ནས ་རྣམ་པར་བཞག་སྟེ། དོན་དམ་པའི་མཚན་ཉིད་གོང་ནས་གོང་དུ་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་བཞག་པའི་རྣམ་པ་ལྔས་བསྟན་པ་དང་གོ་རིམ་བཞིན་དུ་སྦྱར་རོ། །དེ་ལ་སྐྱེས་བུ་གང་ཟག་ཇི་སྲིད་འཚོའི་བར་དུ་ཞེས་བྱ་བ ་ལ་སོགས་པས་ནི་ཡོད་པ་སེལ་བའི་མོས་པའི་དཔེ་སྟོན་ཏེ་།ཡོད་བ་སེལ་བར་མོས་བ་ཞེས་བྱ་བ་ནི་མཐུ་ཆེན་པོས་མཐུ་ཆུང་དུ་ཡོད་བཞིན་དུ་ཟིལ་གྱིས་མནན་པར་མོས་པ་སྟེ། དཔེར་ན་ཡུན་རིང་པོ་ནས་ཁ་བ་དང་ཆ་བའི་རོ་ལ་རྟེན་བརྟེན་བས ་སྦྲང་རྩི་ལ་སོགས་པའི་རོ་ཡོད་བཞིན་དུ་མི་རྟགས་པའི་རོ་ཆེན་པོ་ལ་མོས་པ་ལྟ་བུའོ། །དེ་ལྟར་རོ་ཆེན་པོ་ལ་བརྟེན་བརྟེན་པས་རོ་ཆུང་ངུ་མ་རྟོགས་པ་?་དུ་རྟོག་གི་པ་ཀུན་ཏུ་ཚོལ་བའི་ཉེས་པ་དང་ལྡན་པས་ཀྱང་དོན་དམ་པ་འཕགས ་པ་རྣམས་ཀྱིས་སོ་སོ་རང་གི་རིག་པ་ལ་བརྟག་པ་ལ་སོགས་པར་མི་ནུས་སོ་ཞེས་སྦྱར་རོ། །སྦྲང་རྩིའི་རོ་འམ་ཤ་ག་རིའི་རོ་ཞེས་བྱ་བའི་རོ་ནི་སོ་སོ་རང་རིག་པ་ཡིན་པའི་ཕྱིར་རོ། །བརྟག་པ་འམ་རྗེས་སུ་དཔག་པ་འམ་མོས་བར་མི་ནུས་སོ ་ཞེས་བྱ་བ་ནི་རྟོག་གེ་དང་རྗེས་སུ་དཔག་པའི་སྟོབས་དང། མོས་པའི་སྟོབས་ཀྱིས་ཏེ་གོ་རིམ་བཞིན་ནོ། །ཡུན་རིང་བོ་ནམ་འདོད་པའི་འདོད་ཆགས་ལ་མོས་པ་ཞེས་བྱ་བ་ལ་སོགས་པས་ནི་འདོད་པ་ལ་མོས་པའི་དཔེ་སྟོན་ཏེ། ་འདོད་པ་ལུ་མོས་པ་ཞེས་བྱ་བ་ནི་ཡུན་རིང་བོ་ནས་འདོད་པའི་ཡོན་ཏན་ལྔ་ལ་མོས་པ་ཉོན་མོངས་པའི་འདོད་པ་དང་།དངོས་པོའི་འདོད་པའི་ཡོངས་སུ་གདུང་བ་དག་གིས་ཡོངས་སུ་གདུང་བ་སྟེ། དེས་ནང་གི་རབ་ཏུ་དབེན་པའི་བདེ་བ་ལ ་རྟོག་པ་ལ་སོགས་པར་མི་ནུས་པ་བཞིན་དུ་རྟོག་གེ་པ་མངོན་པའི་ང་རྒྱལ་བའི་ཉེས་པ་དང་ལྡན་པས་ཀྱང་དོན་དམ་པ་མཚན་མ་མེད་པའི་སྤྱོད་ཡུལ་ལ་འཇུག་པ་ལ་སོགས་པར་མི་ནུས་སོ་ཞེས་བྱ་བར་སྦྱར་རོ། །ནང་གི་རབ་ཏུ ་?་ཞེས་བྱ་བ་ནི་བསམ་གཏན་གྱི་དངོས་གཞི་ཐོབ་པའི་བདེ་པའོ། །གཟུགས་དང་།སྒྲ་དང་།དྲི་དང། རོ་དང་རེག་བྱའི་མཚན་མ་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་ནི་དེ་ནི་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་བསྐྱེད་ ་མ་ཡིན་པའི་ཕྱིར་རོ། །ཡུན་རིང་པོ་ནས་ཀུན་ཏུ་སྨྲ་བ་ལ་མོས་པ་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་རྟོག་པ་ལ་མོས་པའི་དཔེ་སྟོན་ཏེ་།རྣམ་པར་རྟོག་པ་ལ་མོས་པ་ཞེས་བྱ་བ་ནི་ངོ་བོ་ཉིད་དང་བྱེ་བྲག་ཏུ་རྣམ ་པར་རྟོག་པས་ངག་ཀུན་ནས་བསླད་པའི་བརྗོད་པ་ལ་མངོན་པར་ཞེན་པ་སྟེ། དེས་ནང་གི་མི་སྨྲ་བ་འཕགས་པའི་བདེ་བ་ལ་བརྟག་པ་ལ་སོགས་པར་མི་ནུས་པ་བཞིན་དུ་།རྟོག་གེ་མངོན་པར་ཞེན་པའི་ཉེས་པ་དང་ལྡན་པས ་ཀྱང་དོན་དམ་པ་བརྗོད་དུ་མེད་པ་ལ་བརྟག་པ་ལ་སོགས་པར་མི་ནུས་སོ་ཞེས་བྱ་བར་སྦྱར་རོ། །ནང་གི་མི་སྨྲ་བ་འཕགས་པའི་བདེ་བ་ཞེས་བྱ་བ་ནི་ཟག་པ་མེད་པའི་དབྱིངས་ལ་མཉམ་པར་བཞག་པའོ། །ཡུན་རིང་པོ་ནས་མཐོང་བ་དང་ཐོས་པ ་དང་བྱེ་བྲག་ཕྱེད་པ་དང་རྣམ་པར་ཤེས་པའི་ཐ་སྙད་ལ་མོས་པ་ཞེས་བྱ་བ་ལ་སོགས་པས་ནི་ཐ་སྙད་ལ་མོས་པའི་དཔེ་སྟོན་ཏེ། ཐ་སྙད་ལ་མོས་པ་ཞེས་བྱ་བ་ནི་ཡུན་རིང་པོ་ནས་མཐོང་བ་ལ་སོགས་པའི་ཐ་སྙད་ལ་མོས་པ་སྟེ་།དེས་ཐ་སྙད་ཐམས་ཅད ་ཡང་དག་པར་ཚད་པ་འཇིག་ཚོགས་འགོག་པའི་མྱ་ངན་ལས་འདས་པ་ལ་བརྟག་པ་ལ་སོགས་པ་མི་ནུས་པ་བཞིན་དུ་རྟོག་གེ་པ་འདོག་པའི་ཉེས་པ་དང་ལྡན་པས་ཀྱང་དོན་དམ་པ་ཐ་སྙད་ཐམས་ཅད་ཡང་དག་པར་ཆད་པ་ལ་བརྟག་པ་ལ་སོགS ་པ་མི་ནུས་སོ་ཞེས་བྱ་བར་སྦྱར་རོ། །འཇིག་ཚོགས་འགོག་པའི་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སོ། །ཡུན་རིང་པོ་ནས་བདག་གིར་ཡོངས་སུ་འཛིན་པ་ཉིད་ཀྱིས་རྩོད་པ་ལ་བརྩོན་པ་ཞེས ་བྱ་བ་ལ་སོགས་པས་བདག་གིར་འཛིན་པ་ལ་མོས་པའི་དཔེས་སྟོན་ཏེ། བདག་གིར་འཛིན་པ་ལ་མོས་པ་ཞེས་བྱ་བ་ནི་ཡུན་རིང་པོ་ནས་བདག་གིར་འཛིན་པས་བདག་གི་ཕྱོགས་ལ་རྗེས་སུ་ཆགས་པ་དང་།གཞན་གྱི་ཕྱོགས་ལ་ཁོང་ཁྲོ་བས ་རྩོད་པར་འགྱུར་བ་སྟེ། དེས་བྱང་གི་སྒྲ་མི་སྙན་པ་དག་གི་བདག་གིར་འཛིན་པ་མེད་པས་བརྩོད་པ་མེད་པ་ལ་བརྟག་པ་ལ་སོགས་མི་ནུས་པ་བཞིན་དུ་རྟོག་གེ་བརྩོད་པའི་ཉེས་པ་དང་ལྡན་པས་ཀྱང་དོན་དམ་བརྩོད་པ་མེད་པ་ཐམས་ཅད ་ཡང་དག་པར་ཆད་བ་ལ་བརྟག་པ་ལ་སོགས་པར་མི་ནུས་སོ། ཞེས་བྱ་བར་སྦྱར་རོ། །བྱང་གི་སྒྲ་མི་སྙན་པ་དག་གི་བདག་གིར་ཡོངས་སུ་འཛིན་པ་མེད་པ་ཉིད་དུ་རྩོད་པ་མེད་པ་ཉིད་ཅེས་བྱ་བ་ནི་དེ་ན་བདག་གིར་འཛིན་པ་མེད་པས་རྩོད་པ་མེད ་དེ། རྩོད་པའི་གཞི་མེད་པའི་ཕྱིར་རོ། །ཆོས་འཕགས་དེ་བཞིན་དུ་རྟོག་གེ་པ་ཐམས་ཅད་ཀྱིས་ཀྱང་དོན་དམ་པ་རྟོག་གེ་པ་ཐམས་ཅད་ལས་ཡང་དག་པར་འདས་པའི་མཚན་ཉིད་ལ་བརྟགས་པ་འམ་།རྗེས་སུ་དཔག་པ་འམ་མོས་པར་མི་ནུས་སོ་ཞེས་བྱ ་པ་ནི་དེ་ལྟར་གང་ཟག་ཡོད་པ་སེལ་བར་མོས་པ་དང། འདོད་པ་ལ་མོས་པ་དང་།རྣམ་པར་རྟོག་པ་ལ་མོས་པ་དང། ཐ་སྙད་ལ་མོས་པ་དང་།བདག་གིར་འཛིན་པ་ལ་མོས་པ་དག་གིས་རང་རིག་པའི་རོ་དང་།ནང་གི་རབ་ཏུ་དབེན་པའི་བདེ་བ་དང། ་ནང་གི་མི་སྨྲ་བ་འཕགས་པའི་བདེ་བ་དང་།ཐ་སྙད་ཐམས་ཅད་ཡང་དག་པར་ཆད་པ་འཇིག་ཚོགས་འགོག་པའི་མྱ་ངན་ལས་འདས་པ་དང། བྱང་གི་སྒྲ་མི་སྙན་པ་དག་གི་བདག་གིར་ཡོངས་སུ་འཛིན་པ་མེད་པ་ཉིད་དང་རྩོད་པ་མེད་པ་ལ ་བརྟག་པ་ལ་སོགས་པར་མི་ནུས་པ་བཞིན་དུ་རྟོག་གེ་པ་ཀུན་ཏུ་ཚོལ་བའི་ཉེས་པ་དང། མངོན་པའི་ང་རྒྱལ་གྱིས་ཉེས་པ་དང་།འདོགས་པའི་ཉེས་པ་དང། རྩོད་པའི་ཉེས་པ་དང་ལྡན་པ་དག་གིས་ཀྱང་དོན་དམ་པ་སོ་སོར་རང་རིག་པ་དང་།མཚན་མ ་མེད་པའི་སྤྱོད་ཡུལ་དང་།བརྗོད་དུ་མེད་པ་དང་།ཐ་སྙད་ཐམས་ཅད་དག་པར་ཆད་པ་དང་།རྩོད་བ་ཐམས་ཅད་ཡང་དག་པར་ཆད་པ་ལས་བརྟག་པ་ལ་སོགས་པར་མི་ནུས་སོ་ཞེས་དཔེས་མཚོན་པའི་དོན་གྱིས་འཇུག་བསྡུ་བ་བསྟན་པ་སྟེ་།དོན? ་དཔེའི་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་དུ་རྣམ་པར་བཞག་པ་ཡིན་ནོ། །དེའི་འོག་ཏུ་དེ་དག་གི་དངོས་པོ་བསྡུ་བའི་མཚན་ཉིད་མངོན་པར་བསྒྲུབ་བའི་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར ་བཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ་།དེ་དག་གི་དངོས་པོ་བསྡུ་བའི་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་བཞག་པ་ཞེས་བྱ་བ་ནི་དོན་དམ་པར་རྟོག་གི་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི ་མཚན་ཉིད་དང་ལྡན་པ་སྔར་བསྟན་པའི་ཚིག་གི་དོན་དེ་དག་གི་དངོས་པོ་ཚིགས་སུ་བཅད་པས་མདོར་བསྡུ་པའི་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་བཞག་པ་གང་ཡིན་པའོ་དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས་།དེ་ནས ་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གསུངས་ཏེ་།དེ་ལ་སོ་སོ་རང་རིག་མཚན་མེད་སྤྱོད་ཡུལ་ཏེ་།བརྗོད་དུ་མེད་ཅིང་ཐ་སྙད་ཡོངས་བཅད་པ། །རྩོད ་དང་བྲལ་བ་དོན་དམ་ཆོས་ཉིད་དོ། །དེ་ནི་རྟོག་གེ་ཀུན་ལས་འདས་མཚན་ཉིད་ཅེས་གསུངས་པའི་དོན་དང་སྔར་དོན་དམ་པའི་མཚན་ཉིད་གོང་ནས་གོང་དུ་མངོན་པར་བསྒྲུབ་པའི་ཚུལ་རྣམ་པ་ལྔ་བསྟན་པར་གོ་རིམ་བཞིན་དུ་སྦྱར་ཏེ་།དོན་དམ ་པ་རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་ལྡན་པར་བསྟན་པར་རིག་པར་བྱའོ། །ལེའུ་གཉིས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ། །དེ་ལྟར་རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས ་པའི་མཚན་ཉིད་ཀྱི་དོན་དམ་པའི་བདེན་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བ་བསྟན་ནས་།ད་ནི་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་ཀྱིས་དོན་དམ་པའི་བདེན་པའི་མཚན་ཉིད་ཡོངས་སུ ་ཤེས་བར་བྱ་བ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ་།དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས་།དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་ཤིན་ཏུ་རྣམ་དག་གིས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ ་སོགས་པ་འཕགས་པ་བློ་གྲོས་ཤིན་ཏུ་རྣམ་དག་གི་ལེའུ་གསུམ་པ་འདི་གསུངས་སོ། །དེ་ལ་ལེའུ་གསུམ་པ་འདིའི་བསྡུས་པའི་དོན་ནི་མདོར་བསྡུ་ན་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་བསྟན་པ ་ཡིན་ནོ། །དེ་ཡང་རྣམ་པར་དབྱེ་ན་རྣམ་པ་བཞི་སྟེ། དོན་དམ་པའི་མཚན་ཉིད་རྣམ་པར་བཞག་པ་དང་།དེ་ལ་ཤིན་ཏུ་རྨོངས་པའི་མཚན་ཉིད་རྣམ་པར་བཞག་པ་དང། དེ་དག་གི་དཔེའི་མཚན་ཉིད་རྣམ་པར་བཞག་པ་དང་དེ་དག་གི་དངོས་པོ་བསྡུ ་བའི་མཚན་ཉིད་རྣམ་པར་བཞག་པའོ། །དེ་ལ་དོན་དམ་པའི་མཚན་ཉིད་རྣམ་པར་བཞག་པ་ནི་།བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་གང་གི་སླད་དུ་འདི་སྐད་ཅེས་བྱ་བ་ནས་ཇི་ཙམ་དུ་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པ་དེ་ནི་ངོ་མཚར ་ལགས་སོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །དེ་ལ་ཤིན་ཏུ་རྨོངས་བའི་མཚན་ཉིད་རྣམ་པར་བཞག་པ་ནི་།བཅོམ་ལྡན་འདས་འདི་ནི་བདག་གིས་ས་ཕྱོགས་ཤིག་ན་ཞེས་བྱ་བ་ནས་ཚུལ་བཞིན་དུ་བཞུགས་པ་མ་ཡིན་བར་རིག་པར་བྱའོ་ཞེས ་གསུངས་པའི་ཚོར་ཐ་མའི་བར་གྱིས་བསྟན་ཏོ། །དེ་དག་གི་དཔེའི་མཚན་ཉིད་རྣམ་པར་བཞག་པ་ནི། བློ་གྲོས་ཤིན་ཏུ་རྣམ་དག་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནས་མངོན་བ་རྫོགས་པར་སངས་རྒྱས་ནས་ཀྱང་བསྙད་པའི་གསལ་བར ་བྱས། རྣམ་པར་ཕྱེ། གདགས་པར་བྱས། རབ་ཏུ་བསྟན་ཏོ་ཞེས་གསུངས་བའི་བར་གྱིས་བསྟན་ཏོ། །དེ་དག་གི་དངོས་པོ་བསྡུ་བའི་མཚན་ཉིད་རྣམ་པར་བཞག་པ་ནི་དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ? ་ཏོ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱི་དོན་དམ་པ་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་ལྡན་པའི་ཚིག་གི་དོན་དེ་དག་གི་དངོས་པོ་བསྡུ་བ་བསྟན ་པ་དང་སྦྱར་རོ། །དེ་ལ་དང་པོར་དོན་དམ་པའི་མཚན་ཉིད་རྣམ་པར་བཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ་།དོན་དམ་པའི་མཚན་ཉིད་རྣམ་པར་བཞག་པ་ཞེས་བྱ་བ་ནི་སྐབས་འདིར་དོན་དམ་པ་ཐ་དད་པ་དང་ཐ་དད་པ་མ་ཡིན་པ ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་ལྡན་པའི་དག་གིས་དངོས་པོ་བསྡུ་བ་བསྟན་པ་དང་སྦྱར་རོ། །དེ་ལ་དང་པོར་དོན་དམ་པའི་མཚན་ཉིད་རྣམ་པར་བཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དོན་དམ་པའི ་མཚན་ཉིད་རྣམ་པར་བཞག་པ་ཞེས་བྱ་བ་ནི་སྐབས་འདིར་དོན་དམ་པ་ཐ་དད་པ་དང་།ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་ཕྲ་བ་ཟབ་པ་རྟོགས་པར་དཀའ་བའི་རང་བཞིན་བཅོམ་ལྡན་འདས་ཀྱིས་མདོ་སྡེ ་དེ་དང་དེ་དག་ཏུ་བཀའ་སྩལ་པ་ཉིད་འདིར་མདོར་སྨོས་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། འདིར་འཕགས་པ་བློ་གྲོས་ཤིན་ཏུ་རྣམ་དག་གིས་བཅོམ་ལྡན་འདས་ལ། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས ་གང་གི་སླད་དུ་འདི་སྐད་ཅེས་བྱ་བ་ལ་སོགས་པ་གསོལ་ཏོ། །དེ་ལ་གང་གིས་སླད་དུ་ཞེས་བྱ་བ་ནི་དོན་དམ་པའི་མཚན་ཉིད་བསྟན་པའི་ཕྱིར་ཞེས་བྱ་བར་སྦྱར་རོ། །ཕྲ་གཟབ་པ། རྟོག་པར་དཀའ་བ་ཞེས་བྱ་བ་ནི་གོང་ནས་གོང་དུ་བྱེ ་བྲག་ཏུ་བསྟན་པ་ཡིན་ནོ། །ངོ་མཚར་ལགས་སོ་ཞེས་བྱ་བ་ནི་རྒྱ་ཆེ་བ་དང་ཟབ་པའི་སྒོ་ནས་བསྟོད་པའི་ཚིག་སྟེ། དེ་ནི་དོན་དམ་པའི་མཚན་ཉིད་རྣམ་པར་བཞག་པ་ཡིན་ནོ། །དེའི་འོག་ཏུ་དེ་ལ་ཤིན་ཏུ་རྨོངས་པའི་མཚན་ཉིད་རྣམ་པར ་བཞག་པའི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ལ་ཤིན་ཏུ་རྨོངས་པའི་མཚན་ཉིད་རྣམ་པར་བཞག་པ་ཞེས་བྱ་བ་ནི་དེ་ལྟར་དོན་དམ་པ་ཐ་དད་པ་དང་།ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་ལྡན་པ ་དེ་ནི་ངེས་པའི་དོན་དུ་རྣམ་པར་བཞག་པ་སྟེ་།སྲིར?་ཆུབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་ཡིན་པས་དེ་ལ་དང་པོའི་དོན་རྣམ་པར་བཞག་པ་ལ་མངོན་པར་ཞེན་པ་མོས་པས་སྤྱོད་པའི་ས་ལ་གནས་པའི་བྱང་ཆུབ ་སེམས་དཔའ་རྣམས་ཤིན་ཏུ་རྨོངས་པར་གྱུར་པའི་མཚན་ཉིད་རྣམ་པར་བཞག་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་འདི་ན་དག་གིས་ཕྱོགས་ཤིག་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ ་དེ་ཡང་མོས་པས་སྤྱོད་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཤིན་ཏུ་རྨོངས་པ་གཉིས་ཀྱིས་ཤིན་ཏུ་རྨོངས་ནས་དོན་དམ་པ་ལ་ཚུལ་བཞིན་མ་ཡིན་པས་སེམས་ཏེ་།གདགས་པ་ལ་ཤིན་ཏུ་རྨོངས ་པ་དང་།རིགས་པ་ལ་ཤིན་ཏུ་རྨོངས་པས་སོ། །དེ་ལ་བདག་པ་ལ་ཤིན་ཏུ་རྨོངས་པས་དོན་དམ་པ་ལ་ཚུལ་བཞིན་མ་ཡིན་པས་སེམས་པ་ནི་།དེ་ལ་བྱང་ཆུབ་སེམས་དཔའ་ཁ་ཅིག་འདི་སྐད་ཅེས་བྱ་བ་ནས་དོན་དམ་པ་མངོན་སུམ་དུ ་བྱེད་པ་མ་ཡིན་པའི་ཕྱིར་རོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །རིགས་པ་ལ་ཤིན་ཏུ་རྨོངས་པས་དོན་དམ་པ་ལ་ཚུལ་བཞིན་མ་ཡིན་པས་སེམས་པ་ནི་།དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་ཤིན་ཏུ་རྣམ་དག་ཅེས་བྱ་བ་ནས་ཚུལ་བཞིན་དུ ་བཞུགས་པ་མ་ཡིན་པར་རིག་པར་བྱའོ་ཞེས་གསུངས་པའི་ཚར་ཐ་མའི་བར་གྱི་བསྟན་ཏོ། །དེ་ལ་གདགས་པ་ལ་ཤིན་ཏུ་རྨོངས་པ་ཞེས་བྱ་བ་ནི་ངེས་པའི་དོན་གྱི་མདོ་སྡེ་ལས་ཕྱི་རོལ་ཏུ་གྱུར་པའི་ཕྱིར་ཏེ། དེ་དག་བཅོམ་ལྡན་འདས ་ཀྱིས་དྲང་བའི་དོན་གྱི་མདོ་སྡེ་གདགས་པ་མཛད་པའི་རྗེས་སུ་འབྲང་བ་ཡིན་བས་ངེས་པའི་དོན་གྱི་མདོ་སྡེ་གདགས་པ་མཛད་པ་ལ་ཤིན་ཏུ་རྨོངས་ཤིང་དེ་ལས་ཕྱི་རོལ་ཏུ་གྱུར་བའི་དོན་དམ་པ་ལ ་ཚུལ་བཞིན་དུ་མ་ཡིན་པར་སེམས་པར་བྱེད་དོ་ཞེས་བྱ་བར་སྦྱར་རོ། །དེ་ཡང་ཇི་ལྟ་བུ་ཞེ་ན་།དེའི་ཕྱིར་འདུ་བྱེད་ཀྱི་མཚན་ཉིད་དང། དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ལ་གསོ་ཞེས་མཆི་ཞེས་བྱ་བ་དང། ཐ་དད་པ་ལགས་སོ ་ཞེས་མཆི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདུ་བྱེད་ཀྱི་མཚན་ཉིད་ཅེས་བྱ་བ་ནི་ཕུང་པོ་ལ་སོགས་པ་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་སྐྱེ་བ་དང་།གནས་པ་དང་།འཇིག་བའོ། །དོན་དམ་པའི་མཚན་ཉིད་ཅེས་བྱ་བ་ནི ་ཆོས་རྣམས་ཀྱི་ཆོས་བདག་མེད་པ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །དེ་གཉིས་ནི་ངེས་པའི་དོན་གྱི་མདོ་སྡེ་ལས་འདུ་བྱེད་རྣམས་ཀྱི་བདག་མེད་པ་ཙམ་དང། ངོ་བོ་མེད་པ་ཙམ་ཉིད་དོན་དམ་པའི་མཚན་ཉིད་ཡིན་པས་ཐ་དད་པ ་དང། ཐ་དད་བ་མ་ཡིན་པ་ཉིད་ལ་ཡང་དག་པར་འདས་པའི་མཚན་ཉིད་ཡིན་པར་གསུངས་ནས། དེ་དག་ནི་ངེས་པའི་དོན་གྱིས་མདོ་སྡེ་ལས་ཕྱི་རོལ་ཏུ་གྱུར་པའི་ཕྱིར་དྲང་བའི་དོན་གྱི་མདོ་སྡེ་ལས་ཁ་ཅིག་ཏུ་འདུ་བྱེད་ཅི་གཞན ་གྱི་དབང་གི་ངོ་བོ་ཉིད་ཡིན་ལ། དོན་དམ་པ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡིན་པས། ངོ་བོ་ཉིད་རྣམ་པར་བཞག་པའི་སྒོ་ནས་ཐ་དད་པ་སྐད་ཀྱང་བཀའ་སྩལ། ཁ་ཅིག་ཏུ་གཞན་གྱི་དབང་གི་ངོ་བོ་ཉིད་ཡོངས་སུ་དག་པ་ནི་ཡོངས་སུ་གྲུབ་པའི་ངོ ་བོ་ཉིད་ཡིན་པས་རང་བཞིན་གཅིག་པའི་སྒོ་ནས་ཐ་དད་པ་མ་ཡིན་པ་སྐད་ཀྱང་བཀའ་སྩལ་པའི་མདོ་དེ་ཉིད་ཀྱི་རྗེས་སུ་འབྲང་བ་སྒྲ་ཇི་བཞིན་དུ་འཛིན་པས་ཁ་ཅིག་ནི་ཐ་དད་པ་མ་ཡིན་ཞེས་ཟེར་ཏེ། དེ་གཉི་ག་ཡང་གདགས་པ་ལ ་ཤིན་ཏུ་རྨོངས་པས་དོན་དམ་པ་ལ་ཚུལ་བཞིན་མ་ཡིན་པས་སེམས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། ཐེ་ཚོམ་དུ་གྱུར་པའི་བློ་གྲོས་ཅན་ཡིད་གཉིས་སུ་གྱུར་པ་ཞེས་བྱ་བ་དག་ཀྱང་དེ་ཉིད་ཀྱི་ཁོངས་སུ་གཏོགས་པ་ཡིན་ནོ། །གང་ནི་མང་བར ་མཆི་བ་ལགས་གང་ནི་ཤོ་བ་མཆི་བ་ལགས་ཞེས་བྱ་བ་ནི་འདིར་ངེས་པའི་དོན་གྱི་མདོ་སྡེ་བསམ་པའི་སྐབས་སུ་གཉིས་ཀ་ཡང་བརྫུན་པར་ཡིན་པར་རིག་པར་བྱའོ། །གང་ནི་ཚུལ་བཞིན་དུ་ཞུགས་པ་ལགས་།གང་ནི་ཚུལ་བཞིན་མ་ལགས ་པར་ཞུགས་པ་ལགས་ཞེས་བྱ་བ་ཡང་གཉི་ག་ངེས་པའི་དོན་ལ་ཚུལ་བཞིན་མ་ཡིན་པར་ཞུགས་པ་ཡིན་པར་སྦྱར་རོ། །བདག་འདི་སྙམ་བགྱིད་དེ་ཞེས་བྱ་བ་ལ་སོགས་པས་ནི་དེ་དག་ངེས་པའི་དོན་གྱི་མདོ་སྡེ་ལས་ཕྱི་རོལ་ཏུ་གྱུར་པ ་དངོས་སུ་སྟོན་ཏོ། །བྱིས་པ་རྨོངས་པ་མི་གསལ་བ། མི་མཁས་པ་ཞེས་བྱ་བ་ནི་རྣམ་གྲངས་སོ། །རྟོགས་པ་དང་མངོན་སུམ་དུ་བྱེད་པ་ཞེས་བྱ་བ་ནི་སྔར་བཤད་པ་བཞིན་ཏེ་དེ་དག་ནི་གདགས་པ་ལས་ཤིན་ཏུ་རྨོངས་པའི་ཚིག་གི་དོན་བཤད་པ་ཡིན ་ནོ། །དེ་ལ་རིགས་པ་ལ་ཤིན་ཏུ་རྨོངས་པ་ལ་ཞེས་བྱ་བ་ནི་གཏན་ཚིགས་དང་དཔེའི་ཡན་ལག་མངོན་པར་མི་ཤེས་པའི་ཕྱིར་ཏེ། གཏན་ཚིགས་ཀྱི་ཡན་ལག་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་དང། མཐུན་པའི་ཕྱོགས་ལ་ཡོད་པ་དང། ་མི་མཐུན་པའི་ཕྱོགས་ལས་ལྡོག་པ་དང་།དཔེའི་ཡན་ལག་ཆོས་མཐུན་པ་དང་དཔེ་དང་།ཆོས་མི་མཐུན་པའི་དཔེ་དག་མི་ཤེས་པས་ན་གལ་ཏེ་ཐ་དད་པ་མ་ཡིན་པར་གྱུར་ན་ནི་སྐྱོན་འདིར་འགྱུར་རོ། །གལ་ཏེ་ཐ་དད་པ་ཡིན་པར་གྱུར ་ན་ནི་སྐྱོན་འདིར་འགྱུར་རོ་ཞེས་བྱ་བའི་རིགས་པ་ལ་ཤིན་ཏུ་རྨོངས་པས་དོན་དམ་པ་ལ་ཚུལ་བཞིན་མ་ཡིན་པས་སེམས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ཡང་ཇི་ལྟ་བུ་ཞེ་ན་།དེའི་ཕྱིར་དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་ཤིན་ཏུ་རྣམ་དག ་ཅེས་བྱ་བ་ལ་སོགས་པས་ཐ་དད་པ་དང། ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་གཏན་ཚིགས་སྟོན་ཏེ། བསྒྲིམ་མི་དགོས་པར་ཤེས་པ་དང་།བསྒྲིམས་ཀྱང་མི་ཤེས་པ་ནི་གཏན ་ཚིགས་ཉེས་པར་ཐལ་བར་འགྱུར་བ་མེད་པས་གཏན་ཚིགས་ཡིན་ནོ། །དེ་ཡང་ཇི་ལྟ་བུ་ཞེ་ན། སར་ཆུད་པའི་བྱང་ཆུབ་སེམས་དཔའ་དོན་དམ་པའི་མཚན་ཉིད་ལ་མཁས་པ་རྣམས་ཀྱིས་ནི་སྔོན་གོམས་པའི་དབང་གིས ་བསྒྲིམ་མི་དགོས་པར་དོན་འདི་ཤེས་པས་དེ་དག་ལ་ཡང་གཏན་ཚིགས་འདི་ཉེས་པར་ཐལ་བར་འགྱུར་བ་མེད་པས་གཏན་ཚིགས་ཡོངས་སུ་དག་པ་ཡིན་ལ། མོས་པ་སྤྱོད་པའི་ས་ལ་གནས་བ་དོན་དམ་པའི་མཚན ་ཉིད་ལ་མི་མཁས་པ་རྣམས་ཀྱིས་ནི་སྔོན་མ་གོམས་པའི་ཕྱིར་བསྒྲིམས་ཀྱང་དོན་འདི་མི་ཤེས་ཏེ། མི་ཤེས་པ་ནི་དེ་དག་ཉིད་ཀྱི་ཉེས་པ་ཡིན་གྱི། གཏན་ཚིགས་ཀྱི་ཉེས་པ་མ་ཡིན་པས་དེ་དག་ལ་ཡང་ཡང་གཏན་ཚིགS ་ཀྱི་ཉེས་པར་ཐལ་བར་འགྱུར་བ་མེད་པས་གཏན་ཚིགས་ཡོངས་སུ་དག་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལྟར་གཏན་ཚིགས་ཡོངས་སུ་དག་པ་འདིས་བརྟགས་ན་ཐ་དད་པ་ཡིན་པར་གྱུར་ན་ཡང་སྐྱོན་དུ་འགྱུར་ལ། ཐ ་དད་པ་མ་ཡིན་བར་གྱུར་ན་ཡང་སྐྱོན་དུ་འགྱུར་བར་སྣང་བ་ལས་ན། མོས་པ་སྤྱོད་པའི་ས་ལ་གནས་པ་དེ་དག་གིས་ཐ་དད་པ་དང་།ཐ་དད་པ་མ་ཡིན་པའི་སྐྱོན་མ་རྟོགས་ནས་མཛའ་གཉིས་སུ་སོ་སོར་སྨྲ་བ་ནི་རིགས་པ་ལ ་ཤིན་ཏུ་རྨོངས་བྱས་དོན་དམ་པ་ལ་ཚུལ་བཞིན་མ་ཡིན་པས་སེམས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལ་གལ་ཏེ་འདུ་བྱེད་ཀྱི་མཚན་ཉིད་དང་།དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ཡིན་པར་གྱུར་ན་ནི་ཞེས་བྱ་བ་ལ་སོགས་པའི ་ཚར་གྱིས་ནི་ཐ་དད་པ་མ་ཡིན་པར་གྱུར་ན་བདེན་པ་མཐོང་བ་རྣམས་འདུ་བྱེད་ཀྱི་མཚན་མ་དང་མ་བྲལ་བར་གྱུར་པ་ལ་སོགས་པ་སྨོས་པར་ཐལ་བར་གྱུར་བ་སྟོན་ཏོ། །ད་ནི་ཚིག་གི་དོན་བཤད་པར་བྱ་སྟེ། དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད ་བདེན་པ་མཐོང་བ་ཡིན་པར་ཡང་འགྱུར་ཞེས་བྱ་བ་ནི་དེ་དག་གིས་མཚན་མ་དང་བྲལ་བར་རྟོགས་པའི་ཕྱིར་རོ། །སོ་སོའི་སྐྱེ་བོ་ཁོ་ནར་འགྱུར་བཞིན་དུ་ཞེས་བྱ་བ་ནི་བདེན་པ་རྟོགས་པར་བྱ་བའི་ཕྱིར་སྦྱོར་བ་མ་བརྩམས་པ་ཁོ་ནར་རོ། །གྲུབ་པ་དང་བདེ ་བ་ཞེས་བྱ་བ་ལམ་མ་ཐོབ་པ་ནི་གྲུབ་པའོ། །ཐོབ་པ་ཆུང་མི་ཟ་བ་ནི་བདེ་བའོ། །འདུ་བྱེད་ཀྱི་མཚན་མ་དང་མ་བྲལ་བར་འགྱུར་ཞེས་བྱ་བ་ནི་གཞན་མཐོང་བས་གཞན་དང་བྲལ་བར་མི་འགྱུར་བའི་ཕྱིར་རོ། །མཚན་མའི་འཆིང་བ་ལས་རྣམ་པར་མ ་གྲོལ་བར་ཡང་འགྱུར་ཞེས་བྱ་བ་ནི་འདུ་བྱེད་ཀྱི་མཚན་མ་དང་མ་བྲལ་བའི་ཕྱིར་གཟུགས་ལ་སོགས་བའི་མཚན་མ་ལས་རྣམ་པར་མི་གྲོལ་བའི་ཕྱིར་རོ། །གནས་ངན་ལེན་གྱི་འཆིད་བ་ལས་ཀྱང་རྣམ་པར་མ་གྲོལ་བར་མི་འགྱུར་ཞེས་བྱ་བ་ནི ་མཚན་མ་མ་སྤངས་པས་དེ་ཡང་མ་སྤང་པར་རྗེས་སུ་དཔག་པའི་ཕྱིར་ཡིན་གྱི། འདི་ནི་སྤོང་བ་ནི་དེ་ལ་སྤོང་བ་ལ་རག་ལས་མ་ཡིན་ཏེ། དེ་ལས་བཟློག་པ་ཡིན་པའི་ཕྱིར་རོ། །གང་དག་ཅེས་བྱ་བ་ནི་མོས་པས་སྤྱོད་པའི་ས་ལ་རིགས་པ ་ལ་ཤིན་ཏུ་རྨོངས་བ་སྔ་མ་དག་གོ། འདུ་བྱེད་ཀྱི་མཚན་ཉིད་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དུ་རྟོགས་པ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པའི་ཕྱིར་།ཀུན་ཏུ་རྟོག་པའི་མཚན་ཉིད་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ་།སྤྱིའི་མཚན?་ཉིད་དུ ་གྱུར་པ་མ་ཡིན་པར་འགྱུར་རོ་ཞེས་བྱ་བ་ནི་ཐ་དད་བ་ཡིན་ན་།དཔེ་གཟུགས་དྲི་ལ་སོགས་པ་གཞན་གྱི་སྤྱིའི་མཚན་ཉིད་ཡིན་པར་གྲགས་པ་མེད་པ་ལྟ་བུར་འགྱུར་བའོ། །བྱེ་བྲག་མེད་པར་ཞེས་བྱ་བ་མི་དེ་བཞིན་ཉིད་ཀྱི་དུ་བྱེད་?་ལ་སྤྱིར་ཁྱབ་པའོ། ་གོང་དུ་དོན་དམ་པ་ཡོངས་སུ་ཚོལ་བ་ཡང་མི་འགྱུར་རོ་ཞེས་བྱ་བ་ནི་མཚན་མ་རྟོགས་ནས་དེའི་གོང་དུ་དེ་བཞིན་ཉིད་ཡོངས་སུ་ཚོལ་བར་མི་འགྱུར་རོ། །འདུ་བྱེད་རྣམས་ཀྱི་བདག་མེད་པ་ཙམ་དང། ངོ་བོ་ཉིད་མེད་པ་ཙམ ་ཉིད་དོན་དམ་པའི་མཚན་ཉིད་ཡིན་པར་ཡང་མི་འགྱུར་རོ་ཞེས་བྱ་བ་ནི་དེའི་མཚན་ཉིད་ཐ་དད་པ་བརྒྱུད་ན་ཞེས་བྱ་བར་དགོངས་སོ། །ཀུན་ནས་ཉོན་མོངས་པའི་མཚན་ཉིད་དང་རྣམ་པར་བྱང་བའི་མཚན་ཉིད་ཀྱང་དུས་གཅིག་ཏུ ་མཚན་ཉིད་ཐ་དད་དུ་གྲུབ་པར་འགྱུར་རོ་ཞེས་བྱ་བས་ནི་གང་ལ་མཚན་མ་ལས་དེ་བཞིན་ཉིད་ཐ་མི་དད་པ་དེ་ལ་ནི་དུས་ཅིག་ཏུ་འགྲུབ་པར་བརྟག་མི་ནུས་སོ། །ཡང་ན་མཚན་མ་རྣམ་པར་གཞིག་པ་དེ་བཞིན་ཉིད་ཡིན་ན་ཡང ་མཚན་མའི་དུས་ན་ནི་དེ་བཞིན་ཉིད་མེད་ལ་དེ་བཞིན་ཉིད་ཀྱི་དུས་ན་ཡང་མཚན་མ་མེད་པ་ཁོ་ན་ཡིན་པ་དུས་ཅིག་ཏུ་འགྲུབ་ཏུ་མི་རུང་བ་དེ་དུས་ཅིག་ཏུ་འགྲུབ་བའི་སྐྱོན་དུ་འགྱུར་རོ། །ཚུལ་བཞིན་དུ་ཞུགས་པ་མ་ཡིན་པར་རིག་པར་བྱའོ ་ཞེས་བྱ་བ་ནི་གདགས་པ་ལ་ཤིན་ཏུ་རྨོངས་པ་དང། རིགས་པ་ལ་ཤིན་ཏུ་རྨོངས་པས་ངེས་པའི་དོན་ལ་ཚུལ་བཞིན་དུ་ཞུགས་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ། དེ་ནི་དེ་ལ་ཤིན་ཏུ་རྨོངས་པའི་མཚན་ཉིད་རྣམ་པར་བཞག་པ་ཡིན་ནོ།། ་དེའི་འོག་ཏུ་དེ་དག་གི་དཔེའི་མཚན་ཉིད་རྣམ་པར་བཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ་དེ་དག་གི་དཔེའི་མཚན་ཉིད་རྣམ་པར་བཞག་པ་ཞེས་བྱ་བ་ནི་དོན་དམ་པ་ཐ་དད་པ་དང། ཐ་དད་བ་མ་ཡིན་པ་ཉིད ་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་ལྡན་པ་སྔར་བསྟན་པའི་གཏན་ཚིག་དེ་དག་གི་དཔེའི་མཚན་ཉིད་རྣམ་པར་བཞག་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བློ་གྲོས་ཤིན་ཏུ་རྣམ་པར་དག ་པ་འདི་ལྟ་སྟེ། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་དཔེའི་མཚན་ཉིད་རྣམ་པར་བཞག་པ་ནི་གདུལ་པའི་བསམ་པ་དང། མོས་པ་ཐ་དད་པའི་དབང་དུ་མཛད་ནས་འཇིག་རྟེན་ལ་གྲགས་པའི་གཟུགས་དང། སྒྲ་དང། དྲི་དང་རོ?་དང ་རེག་བྱ་དང། ཆོས་རྣམས་ཀྱི་མཚན་གཞི་དང། མཚན་ཉིད་ཐ་དད་པ་དང། ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་ལྡན་པ་རྣམས་རྨོངས་སོ། །དེ་ལ་དུད་དང་གསེར་ནི་གཟུགས་སོ། །པི་བང་གི་སྒྲ་ནི་སྒྲའོ། ། ག ་རུ་ནག་པོའི་དྲི་ནི་དྲིའོ། །ན་ལེ་ཤམ་གྱི་ཚ་བ་དང། ཨ་རུ་རའི་མངར་བ་ནི་རོའོ། །ཤིང་བལ་གྱི་མདབ་མའི་འཇམ་པ་ནི་རེག་བྱའོ། །མར་ལ་སོགས་པ་ལྷག་མ་རྣམས་ནི་ཆོས་ཏེ། ཆོས་དེ་དག་ཀྱང། གཟུགས་དང། སེམས་དང། སེམས་ལས་བྱུང ་པ་དང། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའི་ཆོས་རྣམས་དང་ཅི་རིགས་པར་སྦྱར་རོ། །དེ་དག་གི་ཚིག་གི་དོན་ནི་དུང་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་འདུས་པའི་མཚན་ཉིད་ཡིན་པའི་ཕྱིར་དཀར་པོ་ཉིད་དང་ཐ་དད་པ ་ཡང་མ་ཡིན་པ་མི་དད་པ་ཡང་མ་ཡིན་ཏེ་དེའི་ཕྱིར་དུང་གི་རྫས་ནི་འབྱུང་བ་ལས་གྱུར་པ་ཁ་དོག་ཙམ་དུ་ཟད་པ་ཡང་མ་ཡིན་ནོ། །ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་ཅི་རིགས་པར་སྦྱར་རོ། །བློ་གྲོས་ཤིན་ཏུ་རྣམ་དག་དེ་བཞིན་དུ་ཞེས ་བྱ་བ་ལ་སོགས་པའི་དཔེས་མཚོན་པའི་དོན་ནི་གཏན་ཚིགས་སྔར་བསྟན་པ་བཞིན་དུ་སྦྱར་རོ། བློ་གྲོས་རྣམ་དག་དས་ནི་དོན་དམ་པར་ཞེས་བྱ་བ་ལ་སོགས་པས་ནི་དོན་དམ་པའི་མཚན་ཉིད་རྣམ་པར་བཞག་པ་སྔར་བསྟན་པ་དེ ་ཉིད་ཀྱི་མཇུག་བསྡུ་བ་བསྟན་ཏོ། །ཕྲ་བ་མཆོག་ཏུ་ཕྲ་བ་ཟབ་པ། མཆོག་ཏུ་ཟབ་པ། རྟོགས་པར་དཀའ་བ། མཆོག་ཏུ་རྟོགས་པར་དཀའ་བ་ཞེས་བྱ་བ་ལ། ཕྲ་བ་དང། ཟབ་པ་དང། རྟོགས་པར་དཀའ་བ་ཞེས་བྱ་བའི་ཚིག་གསུམ་ནི་ཕྲ་བ ་ཉིད་བྱེ་བྲག་ཏུ་བྱ་བའི་ཕྱིར་ཟབ་པ་ཞེས་བྱ་བ་གསུངས་ལ། ཟབ་པ་ཉིད་བྱེ་བྲག་ཏུ་བྱ་བའི་ཕྱིར་རྟོགས་པར་དཀའ་བ་ཞེས་གསུངས་ཏེ། དེ་དག་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་ཡིན་པར་ཤེས་པར་བྱའོ?།། ་མཆོག་ཏུ་ཕྲ་བ་དང། མཆོག་ཏུ་ཟབ་པ་དང། མཆོག་ཏུ་རྟོགས་པར་དཀའ་བ་ཞེས་བྱ་བའི་ཚིག་གསུམ་ཡང་སྔ་མ་བཞིན་དུ་གཅིག་ལས་གཅིག་ཏུ་བྱེ་བྲག་ཏུ་བྱ་བ་ཡིན་ཏེ། དེ་དག་ནི་ཉན་ཐོས་ལ་སོགས་པ་དང། ཐུན་མོང་མ་ཡིན ་པར་ཤེས་པར་བྱའོ། །བསྙད་ཅིང་ཞེས་བྱ་བ་ལ་སོགས་པའི་ཚིག་གི་དོན་ནི་སྔར་བཤད་པ་བཞིན་དུ་སྦྱར་རོ། །དེ་དག་ནི་དཔེས་མཚོན་པའི་དོན་གྱི་མཇུག་བསྡུ་བའི་ཕྱིར་ཞར་ལ་བཟླས་པ་ཙམ་དུ་ཟད་ཀྱི། གཙོ་ཆེར་དཔེར་བསྟན་པའི ་གནས་སྐབས་ཡིན་པས་ན་དེ་ནི་དེ་དག་གི་དཔེའི་མཚན་ཉིད་རྣམ་པར་བཞག་པ་ཡིན་ནོ། །དེའི་འོག་ཏུ་དེ་དག་གི་དངོས་པོ་བསྡུ་བའི་མཚན་ཉིད་རྣམ་པར་བཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་དག་གི་དངོས་པོ ་བསྡུ་བའི་མཚན་ཉིད་རྣམ་པར་བཞག་པ་ཞེས་བྱ་བ་ནི་དོན་དམ་པ་ཐ་དད་པ་དང། ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་ལྡན་པ་སྔར་བསྟན་པ་ཚིག་གི་དོན་དེ་དག་གི་དངོས་པོ་ཚིགས་སུ་བཅད་པས ་མདོར་བསྡུས་པའི་མཚན་ཉིད་རྣམ་པར་བཞག་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས་དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ ་གཉིས་སུ་གསུངས་ཏེ། དེ་ལ་འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ་ཞེས་བྱ་བའི་ཚིགས་སུ་བཅད་པ་དང་པོའི་རྩ་བ་གོང་མ་གཉིས་ཀྱིས་ནི་དོན་དམ་པའི་ཐ་དད་པ་དང། ཐ་དད་པ་མ ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་ལྡན་པའི་མཚན་ཉིད་རྣམ་པར་བཞག་བ་སྔར་བསྟན་པའི་དངོས་པོ་བསྡུ་བ་བསྟན་ཏེ། དེས་རྣམ་པར་བྱང་བའི་ཕྱོགས་ཐམས་ཅད་ཀྱི་དངོས་པོ་བསྡུ་བ་ཡང་བསྟན་པ་ཡིན་ནོ། །གཅིག ་དང་ཐ་དད་ཉིད་དུ་གང་རྟོག་པ། དེ་དག་ཚུལ་བཞིན་མ་ཡིན་ཞུགས་པ་ཡིན་ཞེས་བྱ་བ་རྩ་བ་འོག་མ་འདི་གཉིས་ཀྱིས་ནི་ཤིན་ཏུ་རྨོངས་པ་གཉིས་ཀྱིས་ཤིན་ཏུ་རྨོངས་ནས་དོན་དམ་པ་ལ་ཚུལ་བཞིན་མ་ཡིན་པས་སེམས་པའི་ཤིན་ཏུ་རྨོངས་པའི ་མཚན་ཉིད་རྣམ་པར་གཞག་པའི་དངོས་པོ་བསྡུ་བ་བསྟན་ཏེ། དེས་ཀུན་ནས་ཉོན་མོངས་པའི་ཕྱོགས་ཐམས་ཅད་ཀྱི་དངོས་པོ་བསྡུ་བ་ཡང་བསྟན་པ་ཡིན་ནོ། །སྐྱེ་བོའི་ས་ལ་ལྷག་མཐོང་དང། ཞི་གནས་གོམས་པར་བྱས་པས་ནི་ཞེས་བྱ ་བའི་ཚིགས་སུ་བཅད་པ་གཉིས་པའི་རྩ་བ་གོང་ན་འདི་གཉིས་ཀྱིས་ནི་དེ་ལྟར་བསྡུ་ཉོན་མོངས་པའི་ཕྱོགས་ལ་གནས་པ་དེ་དག་གི་གཉེན་པོ་སྒོམ་པའི་དངོས་པོ་བསྡུ་བ་བསྟན་པའོ། །གནས་ངན་ལེན་གྱི་འཆིད་བ་དང། །མཚན་མའི་འཆིད་བ ་ལས་རྣམ་གྲོལ་འགྱུར་ཞེས་བྱ་བའི་རྩ་བ་འོག་མ་འདི་གཉིས་ཀྱིས་ནི་དེ་ལྟར་གཉེན་པོར་སྒོམ་པ་དེའི་ཕན་ཡོན་གྱི་དངོས་པོ་བསྡུ་བ་བསྟན་ཏེ། དེ་ནི་དེ་དག་གི་དངོས་པོ་བསྡུ་བའི་མཚན་ཉིད་རྣམ་པར་བཞག་པ་ཡིན་ནོ། །ལེའུ་གསུམ་བའི ་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེ་ལྟར་ཐ་དད་པ་འང་ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་ཀྱིས་དོན་དམ་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བ་བསྟན་ནས། ད་ནི་ཐམས ་ཅད་དུ་རོ་གཅིག་པའི་མཚན་ཉིད་ཀྱིས་དོན་དམ་པའི་བདེན་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དེ་ནས་བཅོམ་ལྡན་འདས ་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་འཕགས་པ་རབ་འབྱོར་གྱི་ལེའུ་བཞི་པ་འདི་གསུངས་སོ། །དེ་ལ་ལེའུ་བཞི་པ་འདིའི་བསྡུས་པའི་དོན་ནི་མདོར་བསྡུ་ན་ཐམས་ཅད་དུ་རོ ་གཅིག་པའི་མཚན་ཉིད་བསྟན་པ་ཡིན་ནོ། །དེ་ཡང་རྣམ་པར་དབྱེ་ན་རྣམ་པ་བཞི་སྟེ། མངོན་བའི་ང་རྒྱལ་གྱི་མཚན་ཉིད་རྣམ་པར་བཞག་པ་དང་མངོན་པའི་ང་རྒྱལ་གྱི་གཉེན་པོའི་མཚན་ཉིད་རྣམ་པར་བཞག་པ་དང། དེ་དག་གི་དཔེའི ་མཚན་ཉིད་རྣམ་པར་བཞག་པ་དང། དེ་དག་གི་དངོས་པོ་བསྡུས་པའི་མཚན་ཉིད་རྣམ་པར་བཞག་པའོ། །དེ་ལ་མངོན་པའི་ང་རྒྱལ་གྱི་མཚན་ཉིད་རྣམ་པར་བཞག་པ་ནི། རབ་འབྱོར་ཁྱོད་ཀྱི་སེམས་ཅན་གྱི་ཁམས་ན་གང ་དག་མངོན་པའི་ང་རྒྱལ་ཅན་ཞེས་བྱ་བ་ནས། འདི་ནས་སླད་རོལ་པའི་མུ་སྟེགས་ཅན་རྣམས་ཀྱིས་སྨོས་ཀྱང་ཅི་འཚལ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །མངོན་པའི་ང་རྒྱལ་གྱིས་གཉེན་པོའི་མཚན་ཉིད་རྣམ་པར་བཞག ་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་ནས། རབ་འབྱོར་རྣམ་གྲངས་དེས་ཀྱང་ཁྱོད་ཀྱི་འདི་ལྟར་ཐམས་ཅད་དུ་རྩོ་གཅིག་པའི་མཚན་ཉིད་གང་ཡིན་པ་དེ་ནི་དོན་དམ་པ་ཡིན ་པར་རིག་པར་བྱའོ་ཞེས་གསུངས་པའི་ཚར་ཐར་མའི་བར་གྱིས་བསྟན་ཏོ། །དེ་དག་གི་དཔེའི་མཚན་ཉིད་རྣམ་པར་བཞག་པ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་ཞེས་བྱ་བ་ནས་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ཡིན ་པར་བལྟ་བར་བྱའོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །དེ་དག་གི་དངོས་པོ་བསྡུ་བའི་མཚན་ཉིད་རྣམ་པར་བཞག་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ་ཞེས་བྱ་བ ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་དོན་དམ་པ་ཐམས་ཅད་རོ་གཅིག་པའི་མཚན་ཉིད་དང་ལྡན་པའི་ཚིག་གི་དོན་དེ་དག་གི་དངོས་པོ་བསྡུ་བའི་སྟན་པ་དང་སྦྱར་རོ། །དེ་ལ་དང་པོར་མངོན་པའི་ང་རྒྱལ་གྱི་མཚན་ཉིད་རྣམ་པར ་བཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། མངོན་པའི་ང་རྒྱལ་གྱི་མཚན་ཉིད་རྣམ་པར་བཞག་པ་ཞེས་བྱ་བ་ནི་གང་ཟག་ཁ་ཅིག་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཐམས་ཅད་དུ་རོ་གཅིག་པའི ་མཚན་ཉིད་དང་ལྡན་པ་ཁོང་དུ་ཆུད་པར་ཕུང་པོ་ལ་སོགས་པ་དངོས་པོ་རེ་རེའི་མཚན་ཉིད་ཐ་དད་པ་རྟོགས་པ་ཙམ་གྱི་སྒོ་ནས། དོན་དམ་པ་རྟོགས་སོ་སྙམ་དུ་སེམས་ཤིང་རང་གི་ཤེས་པ་གཞན་ལ་བརྡ་སྤྲོད་པར་བྱེད་པ་གང་ཡིན་པའོ། ་དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། རབ་འབྱོར་ཁྱོད་ཀྱི་སེམས་ཅན་གྱི་ཁམས་ན་གང་དག་མངོན་པའི་ང་རྒྱལ་ཅན་མངོན་པའི་ང་རྒྱལ་ཅན་གྱིས་མངོན་དུ་ཟིན་ཅིང་ཤེས་པ་བརྡ་སྤྲོད་པར་བྱེད་པར་སེམས་ཅན་ནི་ཇི་ཙམ་ཅིག ་ཡོད་པར་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་འདིར་མངོན་པའི་ང་རྒྱལ་གྱི་མཚན་ཉིད་རྣམ་པར་བཞག་པ་ནི་རྣམ་པ་གསུམ་སྟེ་གཟུང་བའི་མངོན་པའི་ང་རྒྱལ་དང། འཛིན་པའི་མངོན་པའི་ང་རྒྱལ་དང། མཚན་ཉིད་རབ ་ཏུ་དབྱེ་བའི་མངོན་པའི་ང་རྒྱལ་ལོ། །དེ་ལ་གཟུང་བའི་མངོན་པའི་ང་རྒྱལ་ནི་ཕུང་པོ་ལ་སོགས་པ་གཟུང་བའི་ཆོས་རྣམས་སྣ་ཚོགས་དམིགས་པའི་མངོན་པར་རྟོགས་པ་སྟོན་པས། དོན་དམ་པ་རྟོགས་སོ་སྙམ་དུ་སེམས་ཤིང་རང་གི་ཤེས་པ ་གཞན་ལ་བརྡ་སྤྲོད་པར་བྱེད་པའོ། །འཛིན་པའི་མངོན་པའི་ང་རྒྱལ་ནི་ཕུང་པོ་ལ་སོགས་པ་ཆོས་གཅིག་གི་དེ་བཞིན་ཉིད་དོན་དམ་པར་ཆོས་བདག་མེད་པར་རབ་ཏུ་རྟོགས་ནས་ཡང་དེ་ལས་གཞན་པའི་ཆོས་སོ་སོ་ལ་དེ་བཞིན་ཉིད་དོན་དམ་པ་ཆོས ་བདག་མེད་པ་ཡོངས་སུ་ཚོལ་བར་བྱེད་པའོ། །མཚན་ཉིད་རབ་ཏུ་དབྱེ་བའི་མངོན་པའི་ང་རྒྱལ་ནི་ཕུང་པོ་ལ་སོགས་པ་ཆོས་རྣམས་ཕན་ཚུན་མཚན་ཉིད་ཐ་དད་པ་ཡིན་པ་དེ་བཞིན་དུ་ཆོས་དེ་དག་གི་དེ་བཞིན་ཉིད་དོན ་དམ་པ་ཆོས་བདག་མེད་པ་ཡང་མཚན་ཉིད་ཐ་དད་པ་ཡིན་པར་སེམས་པ་སྟེ། དེ་དག་གི་འོག་ནས་ཆོས་རྣམ་པ་སྣ་ཚོགས་དམིགས་པའི་མངོན་པར་རྟོགས་པ་སྟོན་པས་ཤེས་པ་བརྡ་སྤྱོད་པར་བགྱིད་དེ་ཞེས་འབྱུང་བ་ལ་སོགS ་བའི་སྐབས་དང་ཅི་རིགས་པར་སྦྱར་རོ། །དེ་ལྟར་སྤྱིའི་དོན་བསྟན་ནས། ད་ནི་ཚིགས་དོན་བཤད་པར་བྱས་སྟེ། དེ་ལ་སེམས་ཅན་གྱི་ཁམས་ན་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་དཔག་ཏུ་མེད་པ་སྟེ། དེ་ཡང་སེམས་ཅན ་བྱི?་རིགས་དྲུག་ཅུ་རྩ་བཞི་པོ་འདི་ལྟ་སྟེ། སེམས་ཅན་དམྱལ་བ་དང། དུད་འགྲོ་རྣམས་དང། ཡི་དགས་རྣམས་དང། ལྷ་རྣམས་དང། མི་རྣམས་དང། རྒྱལ་རིགས་རྣམས་དང། བྲམ་ཟེ་རྣམས་དང། རྗེ་རིགས་རྣམས་དང། དམང ་རིག་རྣམས་དང། སྐྱེས་པ་རྣམས་དང། བུད་མེད་རྣམས་དང། མ་ནང?་རྣམས་དང། ངན་པ་རྣམས་དང། འབྲིང་རྣམས་དང། བཟང་པོ་རྣམས་དང། ཁྱིམ་པ་རྣམས་དང། རབ་ཏུ་བྱུང་བ་རྣམས་དང། དཀའ་ཐུབ་དྲག་པོ་ཅན ་རྣམས་དང། དཀའ་ཐུབ་དྲག་པོ་ཅན་མ་ཡིན་པ་རྣམས་དང། སྡོམ་པ་ཅན་རྣམས་དང། སྡོམ་པ་ཅན་མ་ཡིན་པ་རྣམས་དང། སྡོམ་པ་ཅན་ཡང་མ་ཡིན་སྡོམ་པ་ཅན་མ་ཡིན་པ་མ་ཡིན་པ་རྣམས་དང། འདོད་ཆགས ་དང་བྲལ་བ་རྣམས་དང། འདོད་ཆགས་དང་བྲལ་བ་མ་ཡིན་པ་རྣམས་དང། ལོག་པ་ཉིད་དུ་ངེས་པའི་ཚོགས་རྣམས་དང། ཡང་དག་པ་ཉིད་དུ་ངེས་པའི་ཚོགས་རྣམས་དང། མ་ངེས་པ་ཉིད་དུ་ངེས་པའི་ཚོགས་རྣམས་དང ་དགེ་སློང་རྣམས་དང། དགེ་སློང་མ་རྣམས་དང། དགེ་ཚུལ་རྣམས་དང། དགེ་ཚུལ་མ་རྣམས་དང། དགེ་བསྙེན་རྣམས་དང། དགེ་བསྙན་པ་རྣམས་དང། སྤངས་པ་རྣམས་དང། ཁ་ཐོན་པ་རྣམས་དང། ཞལ་ཏ་བྱེད་པ་རྣམས་དང། གནས ་བརྟན་རྣམས་དང། བར་མ་རྣམས་དང། གསང་བུ་རྣམས་དང། སློབ་དཔོན་རྣམས་དང། མཁན་པོ་རྣམས་དང། ལྷན་ཅིག་གནས་པ་རྣམས་དང། ཉེ་གནས་རྣམས་དང། གློ་བུར་དུ་ལྷག་པ་རྣམས་དང། དགེ་འདུན་གྱི་ལས་བྱེད་པ་རྣམས ་དང། རྙེད་པ་འདོད་པ་རྣམས་དང། བཀུར་སྟི་འདོད་པ་རྣམས་དང། ཡོ་བྱང་བསྙུངས?་པ་རྣམས་དང། མང་དུ་ཐོས་པ་རྣམས་དང། མཁས་ཤིང་བསོད་ནམས་དང་ལྡན་པ་རྣམས་དང། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལ་ཞུག་པ་རྣམས ་དང། མདོ་སྡེ་འཛིན་པ་རྣམས་དང། འདུལ་བ་འཛིན་པ་རྣམས་དང། མ་མོ་འཛིན་པ་རྣམས་དང། སོ་སོའི་སྐྱེ་བོ་རྣམས་དང། བདེན་པ་མཐོང་བ་རྣམས་དང། སློབ?་པ་རྣམས་དང་མི་གློབ་པ་རྣམས་དང། ཉན་ཐོས་རྣམས་དང། རང་སངས་རྒྱས ་རྣམས་དང། བྱང་ཆུབ་སེམས་དཔའ་རྣམས་དང། དེ་བཞིན་གཤེགས་པ་རྣམས་དང། འཁོར་ལོས་སྒྱུར་བ་རྣམས་སོ། །སེམས་ཅན་གྱི་རིས་དྲུག་ཅུ་རྩ་བཞི་པོ་དེ་དག་ནི་སེམས་ཅན་གྱི་རིས་བྱེ་བྲག་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང ་བ་ངག་ཏུ་རུང་བ་རྣམས་དང། དེ་དག་ཉིད་ལ་འཇུག་པ་རྣམས་དང། རྣམ་པར་བྱེད་བ་ཁོ་ན་ལ་འཇུག་པའི་བྱེ་ཕྲག་རྣམ་པ་གསུམ་ལས་བརྩམས་ཏེ་བཞག་པར་བྱའོ། །དེ་ལ་དང་པོའི་འགྲོ་བ་དང། རིགས་རྣམ་པར་བཞག་པ་དང ་སེམས་ཅན་དུ་རྣམ་པར་བརྟགས་པ་དང། ལས་གྱི་བྱེ་བྲག་ལས་རྣམ་པར་བཞག་སྟེ། ཚིག་ལྔ་དང། བཞི་དང། གསུམ་དང་།གསུམ་སྟེ་བཅོ་ལྔས་བསྟན་ཏོ། །གཉིས་པ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དེ་དག་ཉིད་ཀྱི་? ་དང། བྱ་བ་ཡང་དག་པར་བླངས་པ། འབྲས་བུ་དང། བསྡུ་བ་བསྟན་པའི་བྱེ་བྲག་ལས་རྣམ་པར་བཞག་པ་སྟེ། ཚིག་གཉིས་དང། གཉིས་དང། གསུམ་དང། གཉིས་དང། གསུམ་དང། བཅུ་གཉིས་ཀྱིས ་བསྟན་ཏོ། །གསུམ་པ་ནི་སྡོམ་པའི་བྱེ་བྲག་ལས་རྣམ་པར་བཞག་སྟེ། སྡོམ་པ་རྣམ་པ་བརྒྱད་ཀྱི་ཕྱིར་ནི་ཚིག་བདུན་གྱིས་བསྟན་ཏོ། །ལྷག་མ་རྣམས་ཀྱི་སྡོམ་པ་ཅན་མཆོག་གི་རབ་ཏུ་དབྱེ་བ་སྟོན་ཏོ། །དེ་ཡང་བྱེ་བྲག་རྣམ ་པ་ལྔའི་ཕྱིར་ཏེ། དག་པའི་ཕྱོགས་ཀྱི་བྱེ་བྲག་དང། འདུད་པར་བྱ་བའི་ཡུལ་གྱི་བྱེ་བྲག་དང། བསྟན་པ་ལ་གནོད་པ་དང། ཕན་པའི་བྱེ་བྲག་དང། ལུང་དང་རྟོགས་པའི་བྱེ་བྲག་དང། མིའི་ལུས་ཐོབ་ནས་འཇིག་རྟེན་དང། འཇིག་རྟེན ་ལས་འདས་པའི་ཕུན་སུམ་ཚོགས་པ་མཆོག་བརྙེས་པའི་བྱེ་བྲག་ལས་རྣམ་པར་བཞག་སྟེ། ཚིག་གསུམ་དང། དགུ་དང། དྲུག་དང། བཅུ་དང། གཉིས་ཏེ་སུམ་ཅུས་བསྟན་ཏོ། །མངོན་པའི་ང་རྒྱལ་ཅན་ཞེས་བྱ་བ་ནི་སྔར་བསྟན་པའི ་མངོན་པའི་ང་རྒྱལ་ཅན་རྣམ་པ་གསུམ་དང་ལྡན་པ་སྟེ། སྤྱིར་ན་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པ་མ་རྟོགས་པར་རྟོགས་སོ་སྙམ་དུ་ཁས་ཆེ་བའོ། །མངོན་པའི་ང་རྒྱལ་གྱི་མངོན་དུ་ཟིན་ཅིང་ཞེས་བྱ་བ ་ནི་གཅིག་ཏུ་དེའི་དབང་དུ་སོང་བའོ། །ཤེས་པ་བརྡ་སྤྲོད་པ་ཞེས་བྱ་བ་ནི་རང་གིས་རྟོགས་པའི་ཤེས་པ་གཞན་ལ་གོ་བར་བྱེད་པའོ། །མངོན་པའི་ང་རྒྱལ་མེད་པ་ཞེས་བྱ་བ་ནི་སྔ་མ་ལས་བཟློག་པའོ། །ཉུང་ཤས་ཤིག་ཤེས་པར་འཚལ ་ལགས་ཀྱི་ཞེས་བྱ་བ་ནི་སེམས་ཅན་གྱི་རིས་དྲུག་ཅུ་རྩ་བཞི་ལས་དེ་བཞིན་གཤེགས་པ་དང། བྱང་ཆུབ་སེམས་དཔའ་ལ་སོགས་པ་ཉི་ཚེར་ཟད་དོ་ཞེས་བྱ་བར་བསམས་པའོ། །ཚད་མ་མཆིས་གྲངས་མ་མཆིས་བརྗོད་དུ་མ་མཆིས ་བ་ཇི་སྙེད་ཅིག་མཆིས་པར་འཚལ་ལགས་ཏེ་ཞེས་བྱ་བ་ནི་སེམས་ཅན་གྱི་རིགས་དེ་དག་ལས་གཞན་ཐམས་ཅད་དེ་ལྟ་བུ་ཡིན་ནོ་ཞེས་བྱ་བར་བསམས་པ་སྟེ། དེ་ནི་རེ་ཞིག་མང་བ་སྤྱིར་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་བདག་དུས ་གཅིག་ཅིག་ན་ཞེས་བྱ་བ་ལ་སོགས་པས་ནི་དེ་ལྟར་མང་བ་དེ་ཡང་ཁ་ཅིག་རང་གི་མངོན་སུམ་དུ་གྱུར་བའི་སྒོ་ནས་གཞན་ལ་ཡང་རྗེས་སུ་དཔག་པ་སྟོན་ཏོ། །ཆོས་རྣམ་པ་སྣ་ཚོགས་དམིགས་པའི་མངོན་བར་རྟོགས་པའི་སྟོན་བས་ཞེས་བྱ ་བ་ནི་ཆོས་མཚན་མ་ཐ་དད་པ་དམིགས་བའི་མངོན་པར་རྟགས་པ་སྟོན་བས་ཞེས་བྱ་བའི་ཆོས་མཚན་མ་ཐ་དད་པ་དམིགས་བས་མངོན་པར་རྟོགས་པ་སྟོན་པར་བྱེད་པ་འམ། ཡང་ན་དམིགས་པ་དེ་ཉིད་མངོན་པར་རྟོགས་པ་ཡིན་ནོ་ཞེས ་སྟོན་པར་བྱེད་དོ། །ཕུང་པོ་དམིགས་པ་ཞེས་བྱ་བ་ནི་བསྟན་པའི་ཚིག་ཡིན་ནོ། །དེ་དག་ཇི་ལྟར་དམིགས་བར་བྱེད་པ་དེ་ནི་ཚིག་འོག་མ་རྣམས་ཀྱིས་སྟོན་པས་།འོག་མ་རྣམས་ཀྱི་བཤད་པའི་ཐ་ཚིག་གོ། ཕུང་པོའི་མཚན་མ་དམིགས་པ་ཞེས ་བྱ་བ་ནི་རང་གི་མཚན་མ་ཡོངས་སུ་བརྟག་པའི་སྒོ་ནས་སོ། །ཕུང་པོའི་སྐྱེ་བ་དམིགས་པ་དང། ཕུང་པོའི་འཇིགས་པ་དམིགས་པ་ཞེས་བྱ་བ་གཉིས་ནི་སྤྱིའི་མཚན་ཉིད་ཡོངས་སུ་བརྟག་པའི་སྒོ་ན་སྟེ། དེ་གཉིས་ནི་ཕུང་པོ་རྣམས་ཀྱི་ཀུན་འབྱུང་བ་དང ་སྡུག་བསྔལ་གྱི་བདེན་པའི་རྣམ་པ་སྟོན་ཏོ། །ཕུང་པོའི་འགོག་པ་དམིགས་པ་ཞེས་བྱ་བས་ནི་འགོག་པའི་བདེན་པའི་རྣམ་པ་སྟོན་ཏོ། །ཕུང་པོའི་འགོག་པ་མངོན་དུ་བགྱི་བ་དམིགས་པ་ཞེས་བྱ་པས་ནི་ལམ་གྱི་བདེན་པའི་རྣམ་པ་སྟོན་ཏོ། དེ་ལྟར ་ཕུང་པོའི་བར?་དང་སྤྱིའི་མཚན་ཉིད་དང། ཀུན་འབྱུང་བ་ལ་སོགས་བའི་རྣམ་པ་བཟུང་བའི་ཆོས་སྣ་ཚོགས་དམིགས་བའི་མངོན་པར་རྟོགས་པ་སྟོན་པས་དོན་དམ་པ་རྟོགས་སོ་སྙམ་དུ་སེམས་ཤིང་རང་གི་ཤེས་པ་གཞན་ལ་བརྡ་སྤྲོད་པར་བྱེད་པ་ནི ་བཟུང་བའི་ང་རྒྱལ་ཡིན་ནོ། །ཕུང་པོ་རྣམས་ལས་ཕུང་པོ་ཅིག་གི་དོན་དམ་པ་ཆོས་བདག་མེད་པ་རབ་ཏུ་རྟོགས་ནས་ཡང་དེ་ལ་གཞན་བའི་ཕུང་པོ་སོ་སོ་ལ་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཡོངས་སུ? ་ཚལ?་བར་བྱེད་པ་ནི་འཛིན་བའི་ང་རྒྱལ་གྱི་ཡིན་ནོ། །ཕུང་པ་རྣམས་ཕན་ཚུན་མཚན་ཉིད་ཐ་དད་པ་ཡིན་པ་དེ་བཞིན་དུ་དེ་དག་གི་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཡང་མཚན་ཉིད་ཐ་དད་པ་ཡིན་པར་སེམས་པ་ནི་མཚན་ཉིད ་རབ་ཏུ་དབྱེ་བའི་མངོན་པའི་ང་རྒྱལ་ཡིན་ཏེ། སྐྱེ་མཆེད་ལ་སོགས་པ་ལྷག་མ་རྣམས་ལ་སྦྱར་རོ། །བདེན་པ་ཡོངས་སུ་ཤེས་པ་དང། སྤང་བ་དང་མངོན་དུ་བགྱི་བ་དང་སྒོམ་པ་དམིགས་པ་ཞེས་བྱ་བ་བཞིས་ནི་བདེན་པ་རྣམས་ཀྱི ་ངོ་བོ་ཉིད་དང། བསྒོམ་པའི་རྣམ་པ་བསྟན་ཏོ། །ཁམས་སྣ་ཚོགས་པ་ཉིད་དམིགས་པ་ཞེས་བྱ་བ་ནི་རིགས་ལ་གནས་པ་སྣ་ཚོགས་ཉན་ཐོས་དང་རང་སངས་རྒྱས་དང་དེ་བཞིན་གཤེགས་པའི་རིགས་རྣམས་དང། འདོད་ཆགས་ལ་སོཌ ་པ་རབ་ཏུ་དབྱེ་བའི་ཚུལ་གྱི་སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲིའི་བར་རྣམས་ནི་ཁམས་སྣ་ཚོགས་ཞེས་བྱ་སྟེ། དེ་དག་ལ་སྔ་མ་བཞིན་དུ་དམིགས་བའོ། །ཁམས་དུ་མ་དམིགས་ཞེས་བྱ་བ་ནི་ཁམས་སྣ་ཚོགས་དེ་དག་ལ་ཡང་ཁམས ་རབ་ཏུ་དབྱེ་བའི་མདོར་བསྡུས་ཨ་རྣམ་པ་བཞི་སྟེ། རང་བཞིན་དུ་གནས་བའི་ཁམས་དང། སྔོན་གོམས་བ་ལས་བྱུང་བའི་ཁམས་དང། རྣམ་པར་དག་པར་བྱང་རུང་བའི་ཁམས་ཡོད་པ་ལྟ་བུ་དང། གཞན་ཡང་ཁམས་དེ་དག་རེ་རེ་ལ ་བར་རབ་ཏུ་དབྱེ་བ་མཛའ་ཡས་བ་ནི་ཁམས་གསུམ་པ་དུ་མ་ཞེས་བྱ་སྟེ། དེ་ལ་དམིགས་པ་ཡང་སྔ་མ་བཞིན་དུ་སྦྱར་རོ། །དྲན་པ་ཉེ་བར་གཞག་བའི་མི་མཐུན་བའི་ཕྱོགས་དང། གཉེན་པོ་དམིགས་པ་ཞེས་བྱ་བ་ནི་ལུས་ལ ་གཙང་བ་དང་དངོས་བོར་ལྟ་བ་ལ་སོགས་པ་མི་མཐུན་པའི་ཕྱོགས་དེ་དག་གི་གཉེན་པོར་ལུས་ལ་མི་གཙང་བ་དང། རང་བཞིན་མེད་པར་ལྔ་བ་ལ་སོགས་པ་དྲན་པ་ཉེ་བར་བཞག་པ་དག་བསྟན་པ་ལ་དམིགས་པའོ། །དྲན་པ་ཉེ་བར་བཞག་པ་ལ་མཐོང་བ་ཞེས་བྱ་བ་ལ་བསྒོཾ ་པ་ནི་རྣམ་པ་གཉིས་ཏེ། འཐོབ་པ་བསྒོམ་པ་དང། བརྟེན་པ་བསྒོམ་པའོ། །དེ་ལ་འཐོབ་པ་བསྒོམ་པ་ནི་མ་སྐྱེས་པ་སྐྱེ་བའོ། །བརྟེན་པ་བསྒོམ་པ་ནི་སྐྱེས་པ་གནས་པ་ལ་སོགས་པའོ། །ཡང་དག་བའི་སྤོང་བ་ལ་སོགས་པ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་ཅི་རིགས་བར ་སྦྱར་རོ། །མཐོང་ནས་ཀྱང་བདག་འདི་སྙམ་བགྱིད་དེ་ཞེས་བྱ་བ་ལ་སོགས་པས་ནི་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པ་མ་རྟོགས་པར་རྟོགས་སོ་སྙམ་དུ་སེམས་ཤིང་རང་གི་ཤེས་པ་གཞན་ལ་བརྡ་སྤྲོད་བར་བྱེད་པ་དེ་དག་ནི་མངོན་པའི་ང་རྒྱལ ་རྣམ་པ་གསུམ་དང་ལྡན་པ་ཤ་སྟག་ཡིན་ནོ་ཞེས་བྱ་བར་དམིགས་ཀྱིས་བསྟན་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་གང་གི་སླད་དུ་འདི་སྐད་ཅེས་བྱ་བ་ལ་སོགས་པས་ནི་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པ་ཡང་དམིགས་ཀྱིས་སྟོན་ལ་མངོན ་པའི་ང་རྒྱལ་ཅན་མངོན་པའི་ང་རྒྱལ་གྱིས་མངོན་དུ་ཟིན་ཀྱང་ཤེས་པ་བརྡ་སྤྲོད་པར་བྱེད་པའི་སེམས་ཅན་ཁ་ཅིག་པ་གི་མངོན་སུམ་དུ་གྱུར་པའི་སྒོ་ནས་གཞན་ཡང་མང་བར་རྗེས་སུ་དཔག་པའི་མཇུག་བསྡུ་བ་ཡང་སྟོན་ཏེ། དེ་ནི་མངོན་བའི་ང་རྒྱལ་གྱི་མཚན་ཉིད་རྣམ་པར ་བཞག་པ་ཡིན་ནོ། །དེའི་འོག་ཏུ་མངོན་པའི་ང་རྒྱལ་གྱི་གཉེན་པོའི་མཚན་ཉིད་རྣམ་པར་བཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། མངོན་བའི་ང་རྒྱལ་གྱི་གཉེན་པོའི་མཚན་ཉིད་རྣམ་པར་བཞག་པ་ཞེས་བྱ་བ་ནི་མངོན་བའི་ང་རྒྱལ་རྣམ་པ་གསུམ་གྱི ་གཉེན་པོར་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པ་བསྟན་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། དེ་ལ་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པ་ཞེས་བྱ་བ་ནི་ཡོངས་སུ་གྲུབ་བའི་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ནི་གཟུང་བའི་དངོས་པོ་དང། འཛིན་པའི་དངོས་པོ་དང། མཚན་ཉིད་རབ་ཏུ་དབྱེ ་བའི་དངོས་པོ་ཐམས་ཅད་ལ་བྱེ་བྲག་མེད་པར་ཐམས་ཅད་དུ་རོ་གཅིག་བར་བསྟན་པ་གང་ཡིན་པའོ། །དེའི་ཕྱིར་དེ་ཉིད་དམིགས་ཀྱིས་བསྟན་པའི་དབང་དུ་མཛད་ནས། ངས་ནི་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ཕྲ་བ་མཆོག་ཏུ་ཕྲ་བ་ཟབ་བ? ་མཆོག་ཏུ་ཟབ་པ། རྟོགས་པར་དཀའ་བ་མཆོག་ཏུ་རྟོགས་པར་དཀའ་བ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐབས་དེ་དག་གི་ཚིག་གི་དོན་ནི་སྔར་བཤད་པ་བཞིན་དུ་སྦྱར་རོ། །དེ་ལྟར་དོན་དམ་པ་ཐམས་ཅད་དུ་རོ ་གཅིག་པའི་མཚན་ཉིད་དང་ལྡན་པ་བསྟན་པ་འདི་མངོན་པའི་ང་རྒྱལ་རྣམ་པ་གསུམ་གྱི་གཉེན་པོར་བསྟན་པ་ཡིན་ཏེ། མངོན་པའི་ང་རྒྱལ་རྣམ་པ་གསུམ་ནི་གཟུང་བའི་མངོན་པའི་ང་རྒྱལ་དང། འཛིན་པའི་མངོན་པའི་ང་རྒྱལ་དང། མཚན་ཉིད་རབ་ཏུ ་དབྱེ་བའི་མངོན་བའི་ང་རྒྱལ་ལོ། །དེ་ལ་གཟུང་བའི་མངོན་པའི་ང་རྒྱལ་གྱི་གཉེན་པོར་བསྟན་པ་ནི། དེ་ཅིའི་ཕྱིར་ཞེ། རབ་འབྱོར་ཕུང་པོ་རྣམས་ལ་རྣམ་པར་དག་པའི་དམིགས་པ་གང་ཡིན་པ་དེ་ནི་ངས་དོན་དམ་པ་ཡིན་པར་ཡོངས་སུ ་བསྟན་ཅིང་ཞེས་བྱ་བ་ལ་སོགས་པ་དང་སྦྱར་རོ། །འཛིན་པའི་མངོན་པའི་ང་རྒྱལ་གྱི་གཉེན་པོ་བསྟན་པ་ནི། རབ་འབྱོར་གཞན་ཡང་དགེ་སློང་རྣལ་འབྱོར་སྤྱོད་པ་ནི་ཞེས་བྱ་བ་ལ་སོགས་པ་སྦྱར་རོ། །མཚན་ཉིད་རབ་ཏུ་དབྱེ ་བའི་མངོན་པའི་ང་རྒྱལ་གྱི་གཉེན་པོར་བསྟན་པ་ནི། རབ་འབྱོར་གཞན་ཡང་ཇི་ལྟར་ཕུང་པོ་དང་ཞེས་བྱ་བ་ལ་སོགས་པ་དང་སྦྱར་རོ། །ད་ནི་དེ་དག་གིས་ཚིག་གི་དོན་བཤད་པར་བྱ་སྟེ། དེ་ལ་གཟུང་བའི་མངོན་པའི་ང་རྒྱལ་ཞེས ་བྱ་བ་ནི་ཕུང་པོ་ལ་སོགས་པ་གཟུང་བའི་ཆོས་རྣམ་པ་སྣ་ཚོགས་དམིགས་བའི་མངོན་པར་རྟོགས་པ་སྟོན་པས་དོན་དམ་པ་རྟོགས་སོ་སྙམ་དུ་སེམས་ཤིང་རང་གི་ཤེས་པ་གཞན་ལ་བརྡ་སྤྲོད་པར་བྱེད་པ་སྟེ། དེའི་གཉེན་པོར་ཕུང་པོ ་རྣམས་ལ་རྣམ་པར་དག་པའི་དམིགས་པ་གང་ཡིན་པ་དེ་ནི་ངས་དོན་དམ་པ་ཡིན་པར་ཡོངས་སུ་བསྟན་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཕུང་པོ་རྣམས་ལ་རྣམ་པར་དག་པའི་དམིགས་པ་ཞེས་བྱ་བ་ནི་ཕུང་པོ་ལྔ་དག་ལ་དེ ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པ་ཡང་དག་པའི་ཤེས་པས་མཐོང་བ་སྟེ། དེ་ཉིད་དོན་དམ་པ་ཐམས་ཅད་དུ་རོ་གཅིག་བའི་མཚན་ཉིད་མེད་པར་ཡོངས་སུ་བསྟན་ཏོ། །དེ་ཡང ་ཇི་ལྟ་བུ་ཞེ་ན། ཕུང་པོ་རྣམས་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་དངོས་པོ་ཡིན་ཏེ། དེ་ཡང་རྣམ་པར་རིག་པའི་མཚན་ཉིད་ལས་ལོགས་ཤིག་ན་ཕྱི་རོལ་གྱི་དངོས་པོར་གྲུབ་པ་མ་ཡིན་མོད་ཀྱི། རྣམ་པར་རིག་པའི་ངོ་བོ་ཉིད་ཡུལ་གྱི ་དངོས་པོ་ལྟ་བུར་སྣང་བའི་སྒོ་ནས་གཟུང་བའི་ཆོས་ཞེས་བྱ་བར་ཐ་སྙད་དུ་བརྗོད་དེ། གཞན་གྱི་དབང་གི་ངོ་བོ་ཉིད་འཕགས་པ་རྣམས་ཀྱིས་འཕགས་པ་རྣམས་ཀྱི་ཤེས་པ་དང་མཐོང་བས་བརྗོད་དུ་མེད་པར་མཐོང་པར་རྫོགས ་པར་སངས་རྒྱས་པ་ཉིད་ཡོངས་སུ་གྲུབ་པའི་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཐམས་ཅད་དུ་རོ་གཅིག་བའི་མཚན་ཉིད་དང་ལྡན་པ། དེ་ནི་གཟུང་བའི་མངོན་པའི་ང་རྒྱལ་གྱི་གཉེན་པོ་དོན་དམ་པ་ཐམས་ཅད་དུ་རོ ་གཅིག་པའི་མཚན་ཉིད་དང་ལྡན་པ་ཡིན་ཏེ། སྐྱེ་མཆེད་ལ་སོགས་པ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །དེ་ལྟར་ཕུང་པོ་རྣམས་ལ་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཐམས་ཅད་དུ་རོ་གཅིག་པའི ་མཚན་ཉིད་དང་ལྡན་པ་ཡིན་པས། དེ་ནི་གཟུང་བའི་མངོན་པའི་ང་རྒྱལ་གྱི་གཉེན་པོ་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པས་དེ་ནི་གཟུང་བའི་མངོན་བའི་ང་རྒྱལ་གྱི་གཉེན་པོ ་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པ་ཡིན་ཏེ། སྐྱེ་མཆེད་ལ་སོགས་པ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །དེ་ལྟར་ཕུང་པོ་རྣམས་ལ་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་མཐོང་བ་དེ ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པ་ཡིན་པར་ཅི་མངོན་སྙམ་པ་ལ་དེའི་ཕྱིར་ཕུང་པོ་རྣམས་ལ་རྣམ་པར་དག་པའི་དམིགས་པ་དེ་ཡང་ཐམས་ཅད་དུ་རོ་གཅིག་པ་སྟེ། མཚན་ཉིད་ཐ་དད་པ་མ་ཡིན་ནོ་ཞེས་བྱ་བ ་གསུངས་ཏེ། ཀུན་བརྟགས་པའི་ངོ་བོ་ཉིད་མེད་པའི་དེ་བཞིན་ཉིད་ལ་བྱེ་བྲག་མེད་པའི་ཕྱིར་རོ། །ཕུང་པོ་རྣམས་པ་ཇི་ལྟ་བ་བཞིན་དུ་སྐྱེ་མཆེད་ལ་སོགས་པ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་ཏེ། དེ་ནི་གཟུང་བའི་མངོན ་པའི་ང་རྒྱལ་གྱི་གཉེན་པོ་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པའི་ཚིག་གི་དོན་བཤད་པ་ཡིན་ནོ། །དེ་ལ་འཛིན་པའི་མངོན་བའི་ང་རྒྱལ་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་ཆོས་གཅིག་གི་དེ ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པར་རབ་ཏུ་རྟོགས་ནས་ཡང་དེ་ལས་གཞན་པའི་ཆོས་སོ་སོ་ལ་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཡོངས་སུ་ཚོལ་བར་བྱེད་པ་སྟེ། དེའི་གཉེན་པོར་རབ་འབྱོར་གཞན་ཡང ་དགེ་སློང་རྣལ་འབྱོར་སྤྱོད་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་སློང་རྣལ་འབྱོར་སྤྱོད་པ་ཞེས་བྱ་བ་ལ། རྣལ་འབྱོར་སྤྱོད་པ་ནི་རྣམ་པ་གསུམ་སྟེ། ལས་དང་པོ་པ་དང། ཡོངས་སུ་སྤྱད་པ་བྱས་པ་དང། ཡིད་ལ་བྱེད ་པ་ལས་འདས་པའོ། །དེ་ལ་ལས་དང་པོ་པ་ནི་རྣམ་པ་གཉིས་ཏེ། ཡིད་ལ་བྱེད་པའི་ལས་དང་པོ་པ་དང། ཉོན་མོངས་པ་རྣམ་པར་སྦྱོང་བའི་ལས་དང་པོ་པའོ། །དེ་ལ་ཡིད་ལ་བྱེད་བའི་ལས་དང་པོ་པ་ནི། རྣལ་འབྱོར་པའི་ཡིད་ལ་བྱེད ་བའི་དངོས་པོ་གཞི་བདུན་པོ་མཚན་ཉིད་སོ་སོར་རིག་པ་དང་མོས་པ་ལས་བྱུང་བའི་རབ་ཏུ་དབེན་པ་ལས་བྱུང་བ་དང། དགའ་བ་བསྡུད་པ་དང། དཔྱོད་བའི་ཡིད་ལ་བྱེད་པ་དང། སྦྱོར་བའི་མཐར་ཐུག་པ་དང། སྦྱོར་བའི་མཐར་ཐུག་པའི ་འབྲས་བུའི་ཡིད་ལ་བྱེད་པ་དག་ལས། ད་དུང་མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་ཡང་མ་ཐོབ་ཅིང་སེམས་རྩེ་གཅིག་པ་ཉིད་ལ་མ་རེག་པ་གང་ཡིན་པའོ། །ཉོན་མོངས་པ་རྣམ་པར་སྤྱོད་བའི་ལས་དང་པོ་པ་ནི་མཚན་ཉིད་སོ ་སོར་རིག་པའི་ཡིད་ལ་བྱེད་པ་ཐོབ་ཅིང་ཉོན་མོངས་པ་རྣམས་ལས་སེམས་རྣམ་པར་སྦྱོང་བར་འདོད་པ་དང། ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་མངོན་དུ་མ་གྱུར་བ་གང་ཡིན་པའོ། །དེ་ལ་ཡོངས་སུ་སྦྱང་བ་བྱས་པ་གང་ཡིན ་མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་མ་གཏོགས་པ། མོས་པ་ལས་བྱུང་བའི་ཡིད་ལ་བྱེད་པ་ཡན་ཅད་ནས་སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པའི་བར་གྱི་ཡིད་ལ་བྱེད་པ་ལྔ་པོ་དག་ལ་ཡོངས་སུ་སྦྱང་བ་བྱས་པ་ནི ་པའོ། །དེ་ལ་ཡིད་ལ་བྱེད་པ་ལས་འདས་པ་ནི་སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིད་ལ་བྱེད་པ་གང་ཡིན་པ་སྟེ། དེ་ནི་སྦྱོར་བའི་སྒོམ་པ་ཡིད་ལ་བྱེད་པ་ལས་ཤིན་ཏུ་འདས་པ་དང། བསྒོམ་པའི་འབྲས་བུ་ལ་གནས་པ་ཡིན་པས ་ན་དེའི་ཕྱིར་མི?་དྲལ་བྱེད་པ་ལས་འདས་པ་ཞེས་བྱའོ། །གཞན་ཡང་དགེ་བའི་ཆོས་ལ་འདུན་པ་ནས་བཟུང་སྟེ། རབ་ཏུ་བརྩོན་པར་བྱེད་པ་ན། ཇི་སྲིད་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་དག་སྐྱེད་པར་མི་བྱེད་པ་དེ་སྲིད་དུ་ནི་ལས ་དང་པོ་པ་ཡིན་ནོ། །གང་གི་ཚེ་ངེས་པར་འབྱེད་པའི་ཆ་དང་མཐུན་བའི་དགེ་བའི་རྩ་བ་བཞི་པོ་དེ་དག་སྐྱེད་པར་བྱེད་དེ་དེའི་ཚེ་ན་ནི་ཡོངས་སུ་སྦྱང་བ་བྱས་པ་ཡིན་ནོ། །གང་གི་ཚེ་ཡང་དག་པ་ཉིད་སྐྱོན་མེད་པ་ལ་འཇུག? ་ཅིང་བདེན་བ་རྣམས་མངོན་པར་རྟོགས་པར་བྱེད་པ་ལ་སྟོན་པའི་བསྟན་པ་ལ་གཞན་གྱིས་དྲིང་མི་འཇོག་པ་དེའི་ཚེ་ན་ནི་ཡིད་ལ་བྱེད་པ་ལས་འདས་པ་ཡིན་ཏེ། གཞན་གྱི་དྲིང་ལ་འཇོག་ཅིང་ཡིད་ལ་བྱེད་པ་ལས་ཤིན་ཏུ་འདས་ཤིང ་གཞན་གྱི་དྲིང་མི་འཇོག་པ་ལ་གནས་པ་ཡིན་པས་ན་དེའི་ཕྱིར་ཡིད་ལ་བྱེད་པ་ལས་འདས་པ་ཞེས་བྱ་སྟེ། སྐབས་འདིར་ནི་ཡིད་ལ་བྱེད་བ་ལས་འདས་བའི་རྣལ་འབྱོར་པ་ཉིད་གཟུང་བར་བྱའོ། །ཕུང་པོ་གཅིག་གི་དེ་བཞིན་ཉིད་དོན ་དམ་པ་ཆོས་བདག་མེད་པ་རབ་ཏུ་རྟོགས་ནས་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ཕུང་པོ་ལྔ་པོ་དག་ལས་ཕུང་པོ་ཅིག་གི་དེ་བཞིན་ཉིད་ཡང་དག་བའི་ཤེས་བའི་ངོ་བོ་ཉིད་ལས་ཐ་མི་དད་པ་དེ་ཉིད་ཡང་དག་བའི་ཤེས་པ་སོ་སོར ་རིག་བའི་ཚུལ་དུ་རྟོགས་བར་ཁོང་དུ་ཆུད་ནས་ཞེས་བྱ་བའི་ཐ་ཚིག་གོ་།ཡང་དེ་ལས་གཞན་པའི་ཕུང་པོ་རྣམས་ལ་སོགས་པ་སོ་སོ་ལ་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པར་ཡོངས་སུ་ཚོལ་བར་བྱེད་ཀྱི་ཞེས་བྱ་བ་ནི་གང་ཡིན་ཏེ། ་ཆོས་སྣ་ཚོགས་པའི་ཕྱིར་ཆོས་ཉིད་ཀྱང་སོ་སོའི་གཞི་ལ། མཚན་ཉིད་ཐ་དད་པར་གྱུར་ན་ནི་རྣལ་འབྱོར་བས་ཆོས་གཅིག་གི་དེ་བཞིན་ཉིད་རྟོགས་ནས་གཞི་གཞན་རྟོགས་པར་བྱ་བའི་ཕྱིར་རྩོམ་པར་བྱེད་པའི་རིགས་པ་ཡི་མོ ་བར་ཡང་མི་བྱེད་དེ། ཆོས་ཅིག་གི་དེ་བཞིན་ཉིད་རྟོགས་པའི་དུས་ཉིད་ན་ཆོས་གཞན་གྱི་དེ་བཞིན་ཉིད་ཀྱང་རྟོགས་པའི་ཕྱིར་རོ། །དེ་བཞིན་ཉིད་ཀྱི་རྗེས་སུ་འབྲང་བ་གཉིས་མེད་པའི་ཤེས་པ་ལ་བརྟེན་པ་དེ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས ་བས་ནི་ཇི་ལྟར་རྟོགས་པའི་རྣམ་པ་དེ་ཉིད་དུ་ཕྱི་མར་གོམས་པར་བྱེད་པར་ཟད་ཀྱི་སྔོན་མ་བྱུང་བ་གཟོད་རྟོགས་པར་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བར་སྟོན་ཏོ། །དེ་ལ་དེ་བཞིན་ཉིད་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ་ནི་ཡང་དག་པའི་ཤེས་པ་དེ་ཉིད་དེ་བཞིན་ཉིད་ཀྱི་ཁོངས་སུ་གཏོགས་པ་ཞེས? ་བྱ་བའི་ཐ་ཚིག་གོ་།གཉིས་མེད་པའི་ཤེས་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་རྗེས་སུ་འབྲང་བ་ཡང་དག་པའི་ཤེས་པ་དེ་ཉིད་ལ་གཟུང་བ་དང་འཛིན་པའི་དངོས་པོ་གཉིས་མེད་པ་ཞེས་བྱ་བའི་དོན་ཏོ། །བརྟེན་པ་དེ་ཉིད་ཀྱིས་ཞེས་བྱ་བ་ནི་གཉིས་མེད་བའི་ཤེས་པ་དེ་ཉིད་ཀྱི་དབང་དུ་བྱས ་ནས་ཞེས་བྱ་བའི་ཐ་ཚིག་གོ་།དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ཅེས་བྱ་བའི་ཚིག་གི་དོན་ནི་སྔར་བཤད་པ་བཞིན་ཏེ། དེ་ཡང་འགྱུར་བ་མེད་པར་ཡོངས་སུ་གྲུབ་པ་དང། ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པ་ཞེས་བྱ་བའི་ཐ་སྙད་ཀྱི་དོན་གསལ་བར་བྱ ་བའི་ཕྱིར་རོ་ཡང་དག་པའི་ཤེས་པ་དང། དེ་བཞིན་ཉིད་ཅེས་བརྗོད་བར་ཟད་ཀྱི། དངོས་སུ་ཡུལ་དང་ཡུལ་ཅན་གྱི་དངོས་པོ་ལྟར་གཉིས་སུ་གནས་པ་མ་ཡིན་ཏེ། དེ་བཞིན་ཉིད་སོ་སོར་རང་རིག་པའི་རྣམ་པ་མངོན་པར་རྟོགས་པ་དེ་ཉིད་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི ་མཚན་ཉིད་དང་ལྡན་པ་ཞེས་བྱའོ། །ངེས་པར་འཛིན་པ་དང། མངོན་པར་རྟོགས་པ་ཞེས་བྱ་བ་ནི་རྣམ་སྤངས་ཏེ། དེ་ཡང་དངོས་པོ་ཅིག་གི་དེ་བཞིན་ཉིད་ཡང་དག་པའི་ཤེས་པས་མངོན་པར་རྟོགས་པའི་དུས་ན་དངོས་པོ་གཞན་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱང་མངོན ་པར་རྟོགས་པ་ཁོ་ན་ཡིན་པས། དངོས་པོ་རེ་རེ་ལ་མངོན་པར་རྟོགས་པ་རེ་རེ་ཡོངས་སུ་མི་ཚོལ་བའི་དོན་ཏེ། དེ་ནི་འཛིན་བའི་མངོན་པའི་ང་རྒྱལ་གྱི་གཉེན་པོ་དོན་དམ་པ་ཐམས་ཅད་རོ་གཅིག་བའི་མཚན་ཉིད་དང་ལྡན་བའི་ཚིག་གི་དོན་བཤད་པ་ཡིན་ནོ། །དེ ་ལ་མཚན་ཉིད་རབ་ཏུ་དབྱེ་བའི་མངོན་པའི་ང་རྒྱལ་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་ཆོས་རྣམས་ཕན་ཚུན་མཚན་ཉིད་ཐ་དད་པ་ཡིན་པ་དེ་བཞིན་དུ། དེ་དག་གི་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཡང་མཚན་ཉིད་ཐ་དད་པ་ཡིན་པར་སེམས་པ་? ་གཉེན་པོར་རབ་འབྱོར་གཞན་ཡང་ཇི་ལྟར་ཕུང་པོ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ཕུང་པོ་ལ་སོགས་པ་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་དངོས་པོ་འདི་དག་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་བཞག་པའི་གནས ་སྐབས་ནས་རང་གི་མཚན་ཉིད་ཐ་དད་པ་ཡིན་པ་ལྟར་དེ་དག་གི་ཡོངས་སུ་གྲུབ་པའི་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ནི་དོན་དམ་པའི་བདེན་པ་རྣམ་པར་བཞག་པའི་གནས་སྐབས་ན་སྤྱིའི་མཚན་ཉིད་ཐ་མི་དད་པར་སྟོན་ཏོ། །དེ་ཡང་གལ་ཏེ ་ཐ་དད་པའི་སྐྱོན་དུ་འགྱུར་བའི་ཚར་ཅིག་དང་སྐྱོན་ལས་ཟློག་པ་ཚར་ཅིག་གི་ཐ་ཡི་དང་པར་སྟོན་ཏེ་མང་ཉིད་ལས་འབྱུང་བ་བཞིན་དུ་སྦྱར་རོ། །དེས་ན་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཡང་རྒྱུ་དང་བཅས་པ་ཡིན་ཞིང་རྒྱུ་ལས་བྱུང་བ་ཡིན་པར་འགྱུར་རོ ་ཞེས་བྱ་བ་ནི་མཚན་ཉིད་ཐ་དད་པའི་དངོས་པོ་རྣམས་ནི་རྒྱུ་ལས་རྐྱེན་གྱི་རྗེས་སུ་བསྒྲུབ་པ་ཡིན་པའི་ཕྱིར་མཚན་ཉིད་མི་འདྲ་བར་སྣང་བས་ན་འདི་ཡང་གལ་ཏེ་མཚན་ཉིད་ཐ་དད་པ་ཡིན་ན་གདོན་མི་ཟ་བར་རྒྱུ་དང་བཅས་པ་ཡིན་པའི་སྐྱོན་དུ་འགྱུར་རོ་ཞེས་བྱ ་བའི་ཐ་ཚིག་གོ་།རྒྱུ་ལས་བྱུང་བ་ཡིན་ན་ནི་འདུས་བྱས་ཡིན་བར་འགྱུར་རོ་ཞེས་བྱ་བ་ནི་འདུས་བྱས་ནི་རྒྱུའི་ལུས་དང་འབྲས་བུའི་མཚན་ཉིད་དུ་གནས་པ་ཡིན་པའི་ཕྱིར་རོ་འདུས་བྱས་ཉིད་ཡིན་ན་ནི་དོན་དམ་པ་ཡིན་པར་མི་འགྱུར་རོ་ཞེས་བྱ་བ་ནི་ཇི་ཙམ་དུ་འདུས་པ ་དེ་ཙམ་དུ་བརྫུན་པ་ཡིན་ལ། ཇི་ཙམ་དུ་འདུས་མ་བྱས་པ་དེ་ཙམ་དུ་བརྫུན་པ་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །དོན་དམ་པ་མ་ཡིན་ན་ནི་དོན་དམ་པ་གཞན་ཞིག་ཡོངས་སུ་བཙལ་དགོས་བར་འགྱུར་རོ་ཞེས་བྱ་བ་ནི་དངོས་པོ་རྣམས་ཀྱིས་དེ་བཞིན་ཉིད ་དོན་དམ་པ་ཞེས་བྱ་བ་མེད་པའི་སྐྱོན་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་།རབ་འབྱོར་གང་གི་ཕྱིར་ཞེས་བྱ་བ་ལ་སོགས་བ་སྐྱོན་ལས་བཟློག་པའི་ཚིག་གི་དོན་རྣམས་ནི་སྔ་མ་ལས་བཟློག་པ་ལས་རིག་པར་བྱའོ། །ཆོས་གནས་བར་བྱ་བའི་ཕྱིར ་ཞེས་བྱ་བའི་ཆོས་ཉིད་དབྱིངས་ནི་འཛིན་པའི་དོན་ཡིན་པས་ཆོས་རྣམས་ཆོས་ཉིད་ཀྱིས་འཛིན་པའི་ཕྱིར་ཆོས་བྱ་བའི་ཐ་ཚིག་གོ། །ཆོས་རྣམས་ཀྱི་ཞེས་བྱ་བ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་དངོས་པོ་སྟེ། ཆོས་ཅན་རྣམས་ཀྱིའོ། །ཆོས ་ཉིད་དབྱིངས་དེ་ནི་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱི་ཆོས་ཀྱི་དབྱིངས་ཏེ་ཆོས་ཉིད་དོ། །རྣམ་པར་གནས་པ་ཁོ་ན་ཡིན་པ་དེའི་ཕྱིར་ཞེས་བྱ་བ་ནི་སྔར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། རྟག ་པ་རྟག་པའི་དུས་ན་ཐེར་ཟུག་གི་དུས་སུ་ཞེས་སྨོས་པ་དང་སྦྱར་ཏེ། འདུས་བྱས་ཀྱི་དངོས་པོ་ལས་ཁྱད་དུ་འཕགས་པ་དེའི་ཕྱིར་དོན་དམ་པ་ནི་མེད་པ་མ་ཡིན་ནོ། །རབ་འབྱོར་རྣམ་གྲངས་དེས་ཀྱང་ཁྱོད་ཀྱི་འདི་ལྟར་ཐམས་ཅད་དུ་རོ་གཅིག་པའི ་མཚན་ཉིད་གང་ཡིན་པ་འདི་ནི་དོན་དམ་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བའི་མཚན་ཉིད་རབ་ཏུ་དབྱེ་བའི་མངོན་པའི་ང་རྒྱལ་གྱི་གཉེན་པོ་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པའི་ཚིག་དོན་བཤད་པའི་འཇུག ་བསྡུག་ཡིན་ཏེ། དེ་ནི་མངོན་པའི་ང་རྒྱལ་གྱི་གཉེན་པོའི་མཚན་ཉིད་རྣམ་པར་བཞག་པ་ཡིན་ནོ། །དེའི་འོག་ཏུ་དེ་དག་གི་དཔེའི་མཚན་ཉིད་རྣམ་པར་བཞག་པའི་ཚིག?་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་དག་གི་དཔེའི་མཚན ་ཉིད་རྣམ་པར་བཞག་པ་ཞེས་བྱ་བ་ནི་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པ་ལྟར་བསྟན་པའི་ཚིག་གི་དོན་དེ་དག་གི་དཔེའི་མཚན་ཉིད་རྣམ་པར་བཞག་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ ་མཛད་ནས། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ནམ་མཁའ་དཔེས་ནི་ཅི་སྟོན་ཞེ་ན། དེ་ལྟར་ནམ་མཁའ་ནི། གཟུགས་ཀྱི་ངོ་བོ་ཉིད་མེད་པའི་མཚན་ཉིད་ཡིན་པས་དེ་དག་གི་ངོ་བོ་ཉིད ་མེད་པ་ཉིད་ནི། དེ་དག་ཐ་དད་བས་ཐ་དད་དུ་དབྱེར་མེད་དོ། །དོན་དམ་པ་ཡང་དེ་དག་འདྲའོ་ཞེས་སྟོན་ཏོ། །མཚན་མ་མེད་པ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་མཚན་མས་དབེན་པའི་ཕྱིར་རོ།། ་རྣམ་པར་རྟོག་པ་མེད་པ་ཞེས་བྱ་བ་ལ་རྣམ་པར་རྟོག་པ་ནི་ཐ་དད་པ་སྟེ། དེ་མེད་པས་རྣམ་པར་རྟོག་པ་མེད་པ་ཡིན་ནོ། །འགྱུར་བ་མེད་པ་སྟེ་ཞེས་བྱ་བ་ནི་རྟག་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཐམས་ཅད་དུ་རོ་གཅིག་པའི། ་མཚན་ཉིད་ཡིན་ནོ་ཞེས་བྱ་བ་ནི་ནམ་མཁའ་ནི་དངོས་པོ་རྣམས་ནི་སྤྱིའི་མཚན་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། རབ་འབྱོར་དེ་བཞིན་དུ་དོན་དམ་པ་ཡང་མཚན་ཉིད་ཐ་དད་པའི་ཆོས་རྣམས་ལ་ཐམས་ཅད་དུ་རོ་གཅིག་པའི ་མཚན་ཉིད་ཡིན་པར་བལྟ་བར་བྱའོ་ཞེས་བྱ་བ་ཚིག་གི་དོན་ནི་སྔར་བཤད་པ་བཞིན་ཏེ། དེ་ནི་དེ་དག་གི་དཔེའི་མཚན་ཉིད་རྣམ་པར་བཞག་པ་ཡིན་ནོ། །དེའི་འོག་ཏུ་དེ་དག་གི་དངོས་པོ་བསྡུ་བའི་མཚན་ཉིད་རྣམ་པར་བཞག ་པའི་ཚིག་གི་དོན་ལ་སོགས་བཤད་པར་བྱ་སྟེ། དེ་དག་གི་དངོས་པོ་བསྡུས?་པའི་མཚན་ཉིད་རྣམ་པར་བཞག་པ་ཞེས་བྱ་བ་ནི་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པ་སྔར་བསྟན་བའི་ཚིག ་གི་དོན་དེ་དག་གི་དངོས་པོའི་ཚིགས་སུ་བཅད་བས་མདོར་བསྡུ་པའི་མཚན་ཉིད་རྣམ་པར་བཞག་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི ་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅོད་པ་གཅིག་གསུངས་ཏེ། དེ་ལ་དོན་དམ་དེ་ནི་ཐ་དད་མ་ཡིན་ཏེ། །ཀུན་ཏུ་རོ་གཅིག་མཚན་ཉིད་སངས་རྒྱས་གསུངས་ཞེས་བྱ་བ་རྩ་བ་གོང་མ་གཉིས་ཀྱིས་ནི ་མངོན་པའི་ང་རྒྱལ་རྣམ་པ་གསུམ་གྱི་གཉེན་པོ་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པ་རྣམ་པར་བཞག་པའི་དངོས་པོ་བསྡུ་བ་བསྟན་ཏེ། དེ་རྣམ་པར་བྱ་བ་པའི ་ཕྱོགས་ཐམས་ཅད་ཀྱི་དངོས་པོ་བསྡུ་བ་ཡང་བསྟན་པ་ཡིན་ནོ། །དེ་ལ་གང་དག་ཐ་དད་ཀུན་རྟོགས་པ། དེ་དག་ང་རྒྱལ་གནས་པ་རྨོངས་པ་ཡིན་ཞེས་བྱ་བ་རྩ་བ་འོག་མ་འདི་གཉིས་གྱིས་ནི་མངོན་པའི་བརྒྱལ་རྣམ་པ་གསུམ་གྱི་མཚན ་ཉིད་རྣམ་པར་བཞག་པའི་དངོས་པོ་བསྡུ་བ་བསྟན་ཏེ། དེས་ཀུན་ནས་ཉོན་མོངས་པའི་ཕྱོགས་ཐམས་ཅད་ཀྱི་དངོས་པོ་བསྡུ་བ་ཡང་བསྟན་པ་ཡིན་ཏེ། དེ་ནི་དེ་དག་གི་དངོས་པོ་བསྡུ་བའི་མཚན་ཉིད་རྣམ་པར་བཞག་པ་ཡིན་ནོ། །ལེའུ ་བཞི་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏེ། དོན་དམ་པའི་བདེན་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བས་མདོ་སྡེའི་ལུས་རྣམ་པར་བཞག་པ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། ་དེ་ལྟར་དོན་དམ་པའི་བདེན་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བས་མདོ་སྡེའི་ལུས་རྣམ་པར་བཞག་པ་བསྟན་ནས་ད་ནི་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བས་མདོའི་སྡེའི་ལུས་རྣམ་པར་བཞག་པ་བསྟན ་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱའོ། །དེ་ལ་ཀུན་རྫོབ་ཀྱི་བདེན་པ་ནི་མཚན་ཉིད་དྲུག་དང་ལྡན་པར་ཤེས་པར་བྱ་སྟེ། སེམས་ཀྱི་མཚན་ཉིད་དང། ཆོས་རྣམས་ཀྱི་མཚན་ཉིད་དག་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པའི་མཚན་ཉིད ་དང། ཆོས་གདགས་པ་རྣམ་པར་གཞག་པ་ལས་བརྩམས་ནས། རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞིག་ནས་དང། ལྷག་མཐོང་གི་ལམ་གྱི་རབ་ཏུ་དབྱེ་བ་དང། ཐེག་པ་རྣམ་པར་བཞག་པ་ལས་བརྩམས་ནས། ཐེག་པ ་ལྟ་བ་བཞིན་དུ་རྣམ་པར་དབྱེ་བ་བསྟན་པ་དང། ཐེག་པ་གདགས་པ་རྣམ་པར་བཞག་པ་ཁོ་ན་ལས་བརྩམས་ནས་དེ་བཞིན་གཤེགས་པའི་བྱ་བ་བསྒྲུབ་པའི་རབ་ཏུ་དབྱེ་བ་བསྟན་ཏོ། །དེ་དག་གོ་རིམ་རྣམ ་པར་བཞག་པ་ནི་དེ་ལྟར་དོན་དམ་པའི་བདེན་པའི་མཚན་ཉིད་དང་ལྡན་པའི་མདོ་བརྗོད་པར་བྱ་བའི་དོན་དང། དགོས་པའི་འབྲས་བུ་དང། ཐོབ་པར་བྱ་བའི་ཐབས་དང་ལྡན་པ་འདི་ལ་རྣལ་འབྱོར་དམ་པ། །བདག་ལ་ཕན་པར་འདོད ་པ་དང། འགྲོ་བ་མཛའ་དག་གི་གཙོ་བོར་བྱེད་པ་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུ་འདོད་པ་རྣམས་ཀྱི་དད་པ་མཆོག་གི་གནས་པ་ཡིན་པར་མོས་པ་བསྐྱེད་ཅིང་མིག་ཡེལ་བར་ནན་ཏན་སྙིང་པོ་བསྒྲུབ་པར་བྱ་ན། དང་པོ་ཁོ ་ནར་སེམས་ཀྱི་གསང་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པར་བྱ་དགོས་པས་འདིར་དང་པོ་སེམས་ཀྱི་མཚན་ཉིད་བསྟན་ཏོ། །དེའི་འོག་ཏུ་ཆོས་རྣམས་ཀྱི་མཚན ་ཉིད་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་ཀུན་བརྟགས་པ་དང་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་མཚན་ཉིད་ལ་མཁས་པར་བྱ་དགོས་པས་འདིར་དེའི་འོག་ཏུ་ཆོས་རྣམས་ཀྱི་མཚན་ཉིད་བསྟན་ཏོ། །དེའི་འོག་ཏུ་ཆོས ་རྣམས་ཀྱི་ངོ་བོ་ཉིད་མེད་པ་ལ་ཤིན་ཏུ་རྨོངས་པའི་མཚན་ཉིད་དང་སྐྱེ་བ་དང། དོན་དམ་པ་ངོ་བོ་ཉིད་མེད་པ་ལ་མཁས་པར་བྱ་དགོས་པས་འདིར་དེའི་འོག་ཏུ་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པའི་མཚན་ཉིད་བསྟན་ཏོ།། ་དེའི་འོག་ཏུ་ངོ་བོ་ཉིད་མེད་པའི་དོན་དེ་ལ་རྣལ་འབྱོར་དུ་བྱ་པའི་ཐབས་དེ་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་དང་པོ་སེམས་བསྐྱེད་པ་དང། ཆོས་གདགས་པ་རྣམ་པར་བཞག་པའི་གནས་དང། རྟེན་གྱི་རྒྱུ་ལ་བརྟེན་ཏེ་ཞི་གནS ་དང། ལྷག་མཐོང་ལ་མཁས་པར་བྱ་དགོས་པས་འདིར་དེའི་འོག་ཏུ་ཆོས་གདགས་པ་རྣམ་པར་བཞག་པ་ལས་བརྩམས་ནས་རྣལ་འབྱོར་གྱི་ཡོངས་སུ་བསྡུས་པའི་ཞི་གནས་དང། ལྷག་མཐོང་གི་ལམ་གྱི་རབ་ཏུ་དབྱེ་བ་བསྟན་ཏོ། །དེའི ་འོག་ཏུ་ཞི་གནས་དང་ལྷག་མཐོང་གི་ཐེག་པ་དེ་ཉིད་ཀྱི་དཔྱོད་པ་དང། རྟོག་པ་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་ས་དང་ཕ་རོལ་ཏུ་ཕྱིན་པ་ངེས་པའི་དོན་ལ་མཁས་པར་བྱ་དགོས་པས་འདིར་དེའི་འོག་ཏུ་ཐེག་པ་རྣམ་པར་བཞག་པ་ལས ་བརྩམས་ནས་འདིར་ཐེག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་དབྱེ་བ་བསྟན་ཏོ། །དེའི་འོག་ཏུ་ས་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་འབྲས་བུ་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་ཀྱི་མཚན ་ཉིད་ལ་མཁས་པར་བྱ་དགོས་པས་འདིར་དེའི་འོག་ཏུ་ཐེག་པ་གདགས་པ་རྣམ་པར་བཞག་པ་ཁོ་ན་ལས་བརྩམས་ནས་དེ་བཞིན་གཤེགས་པའི་བྱ་བ་བསྒྲུབ་པའི་རབ་ཏུ་དབྱེ་བ་བསྟན་ཏེ། བདེ་བར་གཤེགས་པའི་བསྟན་པ ་བདེ་བར་བགྲོད་བར་བྱ་བའི་ཆོས་འདི་ལ་ཡོངས་སུ་ཤེས་པར་བྱ་བ་ནི་དེ་ཙམ་དུ་ཟད་དེ། དེས་ཐེག་པ་ཆེན་པོའི་དོན་མཛའ་དག་བསྡུས་པ་རིག་པར་བྱའོ། །དེ་ལ་དང་པོར་སེམས་ཀྱི་མཚན་ཉིད་ཀྱི་ཀུན་རྫོབ་ཀྱི་བདེན་པ་ལོངས་སུ་ཤེས ་པར་བྱེ་བའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་ཡང་བས་ཞུ་བ་ཞུས་པ་ཞེས་བྱ་བ་ལ་སོགས་པ་འཕགས་པ ་བློ་གྲོས་ཡངས་པའི་ལེའུ་ལྔ་ལ་འདི་གསུངས་སོ། །དེ་ལ་ལེའུ་ལྔ་པ་འདིའི་བསྡུས་པའི་དོན་ནི་མདོར་བསྡུས་པའི་དོན་ནི་མདོར་བསྡུ་ན་སེམས་ཀྱི་མཚན་ཉིད་བསྟན་པ་ཡིན་ནོ། །དེ་ལ་རྣམ་པར་དབྱེན་རྣམ་པ་གཉིས་ཏེ། ཡོངས་སུ་ཞུས་?་དང། ་རྒྱ་ཆེ་བར་བསྟན་པའོ། །དེ་ལ་ཡོངས་སུ་ཞུས་པ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ཞེས་བྱ་བ་ནས། ཇི་ཙམ་གྱིས་འདོགས་ལེགས་ཞེས ་གསུངས་པའི་བར་གྱིས་བསྟན་ཏོ། །རྒྱ་ཆེར་བསྟན་པ་ནི་དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་ཡངས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པ་ལེའུ་འདི་ཉིད་ཀྱི་གཞུང་ལྷག ་མ་ཐམས་ཅད་ཀྱིས་བསྟན་ཏོ། །དེ་ལ་དང་པོར་ཡོངས་སུ་ཞུས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ཡོངས་སུ་ཞུས་པ་ཞེས་བྱ་བ་ནི་སེམས་ཀྱི་གསང་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་སེམས་དང་ཡིད་དང་རྣམ ་པར་ཤེས་པའི་གསང་པ་ལ་མཁས་པ་ལ་གླེང་བསླང་བའི་ཕྱིར་འདིར་དང་པོ་བཅོམ་ལྡན་འདས་པ་འཕགས་པ་བློ་གྲོས་ཡོངས་པས་ཞུ་བ་ཞུས་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན ་འདས་བྱང་ཆུབ་སེམས་དཔའ་སེམས་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་སེམས་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པའོ། །ཡིད་ཅེས་བྱ་བ་ནི་ཉོན་མོངས་པ་ཅན ་ཡིད་དང་།འགགས་མ་ཐག་པ་དང་གནས་སུ་གྱུར་པའི་རྣམ་པར་ཤེས་པ་ལ་བྱའོ། །རྣམ་པར་ཤེས་པ་ཞེས་བྱ་བ་ནི་འཇུག་པའི་རྣམ་པར་ཤེས་པའི་ཚོགས་དྲུག་གོ། གསང་བ་ཞེས་བྱ་བ་ནི་དེ་དག་གི་ངོ་པོ་དང། གནས་དང། ་དམིགས་པ་དང། གྲོགས་དང། ལས་དང་དེའི་ཡོད་པ་ཉིད་དང། རབ་ཏུ་དབྱེ་པ་ནི་འདི་ལས་ཕྱི་རོལ་པ་དག་དང། ཆོས་འདི་དག་ལས་ཀྱང་ཁ་ཅིག་གིས་མི་ཤེས་པ་དག་དེ་ལ་རང་བཞིན་གྱིས་ལྐོག་ཏུ་གྱུར་པའོ། །མཁས ་པ་ཞེས་བྱ་བ་ནི་ཆོས་ཀྱི་ལུགས་ཤེས་པ་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་དེའི་སྤྱོད་ཡུལ་གྱི་གསང་བ་ལ་མཁས་པ་ཡིན་ནོ། །ལན་གཉིས་སུ་བཟླས་པ་ནི་གྲགས་པའི་དོན་བསྟན་པའི་ཕྱིར་རོ་ཞེས་བགྱི་ན་ཞེས་བྱ་བ་ནི་མདོ་སྡེ་དང ་དེ་དག་ལས་དེ་སྐད་ཅེས་གསུངས་ན་ཞེས་བྱ་བའི་ཐ་ཚིག་གོ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ཞེས་བྱ་བ་ནི་དེ་དག་གི་ངོ་བོ་ཉིད་དང། གནས་དང། དམིགས་པ་དང། གྲོགས ་དང། ལས་ཀྱི་མཚན་ཉིད་ལ་མཁས་པ་དང། ཀུན་གཞིའི་རྣམ་པར་ཤེས་པའི་ཡོད་པ་ཉིད་དང། རབ་ཏུ་དབྱེ་བ་མཁས་པ་ཡིན་ནོ་ཞེས་བསྟན་པ་དེ་ལ། དེ་དག་གི་ངོ་བོ་ཉིད་གང་ཞེ་ན། སེམས་དང། ཡིད་དང། རྣམ་པར་ཤེས་པ་གང་ཡིན ་པ་སྟེ། དེ་ལ་སེམས་ཞེས་བྱ་བ་ནི་ས་བོན་ཐམས་ཅད་དང་ལྡན་པ་གནས་ཀྱི་དངོས་པོར་གྱུར་བ། གནས་ཀྱི་དངོས་པོར་གནས་པ་ལེན་པར་བྱེད་བ། རྣམ་པར་སྨིན་པས་བསྡུས་པ་ཀུན་གཞིའི་རྣམ་པར་ཤེས་པ་གང་ཡིན་པའོ། །ཡང ་ཅེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་ཡིད་མ་རིག་པ་དང། བདག་ཏུ་ལྟ་བ་དང། ངའོ་སྙམ་པའི་དམྱལ?་དང། སྲེད་པའི་མཚན་ཉིད་ཀྱི་ཉོན་མོངས་པ་རྣམ་པ་བཞི་དང། རྟག་ཏུ་ལྡན་པ་གང་ཡིན་པ་དང། རྣམ་པར་ཤེས་པ་རྣམས་འགགས ་མ་ཐག་པ་གང་ཡིན་པའོ། །ཡང་ན་ཡིད་ཅེས་བྱ་བ་ནི་གནས་སུ་གྱུར་པའི་རྣམ་པར་ཤེས་པ་ལ་བྱ་སྟེ། གནས་ཀྱང་རྣམ་པ་བཞི་སྟེ། ས་བོན་གྱི་གནས་ནི་ཀུན་གཞིའི་རྣམ་པར་ཤེས་པའོ། །འབྱུང་བའི་སྒོ་འབྱེད་པའི་གནས་ནི་རྣམ་པར ་ཤེས་པ་རྣམས་འགགས་མ་ཐག་པའོ། །འཆིང་པའི་གནས་ནི་ཉོན་མོངས་པ་ཅན་གྱི་ཡིད་ཏེ། དེ་མ་འགགས་ན་རྣམ་པར་རིག་པའི་འཆིང་བ་མི་གྲོལ་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའི་གནས་མི་ཡིད་ཀྱི ་བའི་གནས་ནི་ཡིད་ཀྱི་རྣམ་པར་ཤེས་པ་སྟེ། འདོད་ཆགས་ལ་སོགས་པ་དང། དད་པ་ལ་སོགས་པའི་གནས་ཡིན་པའི་ཕྱིར་ཏེ། དེ་ལྟར་ན་ཡིད་ཅེས་བྱ་བའི་སྒྲས་རྣམ་པར་ཤེས་པ་ཐམས་ཅད་བསྡུས་པ་ཡང་བསྟན་ཏོ། །རྣམ་པར་ཤེས་པ་ཞེས་བྱ ་བ་ནི་དབང་པོ་ལ་བརྟོན་ནས་དམིགས་པ་རྣམ་པར་རིག་པར་བྱེད་པས་ཉེ་བར་གནས་པ་འཇུག་པའི་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་གོ། དེ་དག་གི་གནས་གང་ཞེ་ན། ཀུན་གཞི་ཀྲནམ་པར་ཤེས་པ་དང། ཉོན་མོངས་པ་ཅན་གྱི་ཡིད་དང། ཡིད་ཀྱི་རྣམ་པར་ཤེས ་པའི་གནས་ནི་གཉིས་ཏེ། ས་བོན་གྱི་གནས་ནི་ཀུན་གཞི་རྣམ་པར་ཤེས་པ་ཉིད་དོ། །དེ་མ་ཐག་པའི་གནས་ནི་ཡོད་དོ། །ཡིད་ཀྱི་རྣམ་པར་ཤེས་པའི་གནས་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀྱང་ཡིན་ཏེ། འདི་ལྟར་དེ་མ་འགགས་ན་རྣམ་པར་རིག་པའི་འཆིང་བ་མི་འགྲོལ་བ ་ལ་འགགས་ན་དེ་འགྲོལ་བའི་ཕྱིར་རོ། །སྒོ་ལྔའི་རྣམ་པར་ཤེས་པའི་གནས་ནི་གསུམ་སྟེ། དབང་པོ་ནི་ལྷན་ཅིག་བྱུང་བའི་གནས་སོ། །ཡིད་ནི་དེ་མ་ཐག་པའི་གནས་སོ། །ས་བོན་ཐམས་ཅད་པ་ལུས་ལེན་པར་བྱེད་པ་རྣམ་པར་སྨིན་པར་བསྡུས་པ་ཀུན་གཞི་རྣམ ་པར་ཤེས་པ་ནི་ས་བོན་གྱི་གནས་སོ། །དེ་དག་གི་དམིགས་པ་གང་ཞེ་ན། ཀུན་གཞི་རྣམ་པར་ཤེས་པའི་དམིགས་པ་ནི་རྣམ་པར་གཉིས་ཏེ། ནང་གི་ལེན་པ་དང། ཕྱི་རོལ་སྣོད་ཡོངས་སུ་མཆད་པའོ། །ཉོན་མོངས་པ་ཅན་གྱི་ཡིད་ཀྱི་དམིགས་པ་ནི་ཀུན་གཞི་ལ ་བདག་གོ་སྙམ་དུ་དམིགས་པའོ། །ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པ་ནི་ཆོས་ཐམས་ཅད་དེ། དེ་ཡང་རང་བཞིན་གྱི་ཡུལ་དང་རང་དང་སྤྱིའི་མཚན་ཉིད་དང། དུས་གསུམ་དང་སྐད་ཅིག་རྒྱུན་གྱིས་བསྡུས་པ་བདག་གོ། སྒོ་ལྔའི་རྣམ་པར་ཤེས་པའི ་དམིགས་པ་ནི་ཐམས་ཅད་ཀྱང་ད་ལྟར་བྱུང་བའི་དུས་དང། སྐད་ཅིག་གཅིག་གིས་བསྡུས་པ་རང་གི་མཚན་ཉིད་ཤ་སྟག་སྟེ། དེ་ལ་མིག་གི་རྣམ་པར་ཤེས་པའི་དམིགས་པ་ནི་གཟུགས་བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པའོ། །རྣ་བ་དད་སྣ་དང། ་ལྕེ་དང། ལུས་ཀྱི་རྣམ་པར་ཤེས་པའི་དམིགས་པ་ནི་སྒྲ་དང། དྲི་དང། རོ་དང། རེག་བྱ་བསྟན་དུ་མེད་ལ་ཐོགས་པ་དང་བཅས་པ་དག་གོ། དེ་དག་གི་གྲོགས་གང་ཞེ་ན། སེམས་ལས་བྱུང་བའི་ཆོས་དེ་དག་དང། ལྷན་ཅིག་འབྱུང་ཞིང་མཚུངས་པར་ལྡན་པ ་རྣམས་སོ། །དེ་དག་གི་ལས་གང་ཞེ་ན། མདོར་བསྟན་རྣམ་པ་བཞི་སྟེ། སྣོད་རྣམ་པར་རིག་པ་དང། གནས་རྣམ་པར་རིག་པ་དང། བདག་གོ་སྙམ་དུ་རྣམ་པར་རིག་པ་དང། ཡུལ་རྣམ་པར་རིག་པའོ། །དེ་ལ་དང་པོ་གཉིས་ནི་ཀུན་གཞིའི་རྣམ་པར་ཤེས་པའི་ལས་ཡིན་ཏེ ་དེ་ནི་རྟག་ཏུ་དམིགས་པ་རྣམ་པ་གཉིས་པོ་ཕྱི་རོལ་གྱི་སྣོད་རྣམ་པ་ཡོངས་སུ་མ་ཆད་དང། ནང་གི་ལེན་པ་རྣམ་པར་རིག་པར་བྱེད་པ་ཡིན་པའི་ཕྱིར་རོ། །གསུམ་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་ལས་ཡིན་ཏེ།། དེ་ནི་འཆིང་བར་བྱེད་པ་ཡིན་པའི་ཕྱིར་རོ། །ཐ ་མ་ནི་འཇུག་པའི་རྣམ་པར་ཤེས་པ་དྲུག་གི་ལས་ཡིན་ཏེ། དེ་དག་ནི་དམིགས་པ་རྣམ་པར་རིག་པར་བྱེད་པས་ཉེ་བར་ཉེ་བར་གནས་པ་ཡིན་པའི་ཕྱིར་རོ། །འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱི་ལས་ཀྱང་རབ་ཏུ་དབྱེ་ན་ཡིད་ཀྱི་རྣམ་པར་ཤེས་པའི་ལས་ནི་རང ་དང་གཞན་གྱི་ཡུལ་གྱི་དམིགས་པ་རྣམ་པར་རིག་པར་བྱེད་པ་དང། རང་དང་སྤྱིའི་མཚན་ཉིད་རྣམ་པར་རིག་པར་བྱེད་པ་དང། དུས་གསུམ་རྣམ་པར་རིག་པར་བྱེད་པ་དང། སྐད་ཅིག་གི་རྒྱུན་རྣམ་པར་རིག་པར་བྱེད་པ་དང། དགེ་བ་དང་མི་དགེ་བའི་ཆོས་རྣམས ་དང་ལས་རྣམ་པར་འཇུག་ཅིང་རྗེས་སུ་འཇུག་པར་བྱེད་པ་དང། དེ་ལས་གཞན་པའི་རྣམ་པར་ཤེས་པའི་ཚོགས་རྣམས་ཀྱིས་སྡུག་པ་དང་མི་སྡུག་བའི་འབྲས་བུ་ཡང་ཡོངས་སུ་འཛིན་ཏེ། དེའི་རྒྱུ་ལས་བྱུང་བ་རྒྱུ་མཐུན་པ་ཀུན་ནས་སློང་བའི་ཕྱིར་རོ། །དེ་དག ་ནི་རྣམ་པར་ཤེས་པའི་ཚོགས་གཞན་དག་དང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལས་ཡིན་ནོ། །ཡང་དེ་ལས་གཞན་པའི་རྣམ་པར་ཤེས་པའི་ཚོགས་རྣམས་ལས་ཐམས་ཅད་ཀྱི་ཐམས་ཅད་དུ་ཁྱད་པར་དུ་གྱུར་པའི་ལས་ནི་རྣམ་པ་བཅུ་བཞི་སྟེ། ་དམིགས་པ་ལ་རྣམ་པར་རྟོག་པ་དང། དམིགས་པ་ལ་ཉེ་བར་སེམས་པ་དང། ར་རོ་བར་བྱེད་པ་དང། སྨྱོ་བར་བྱེད་པ་དང། གཉིད་ལོག་པར་བྱེད་པ་དང། སད་པར་བྱེད་པ་དང། བརྒྱལ་བར་བྱེད་པ་དང། བརྒྱལ་བ་ལས་སངས་བར ་བྱེད་བ་དང། ལུས་དང་ངག་གི་ལས་འཇུག་པར་བྱེད་པ་དང། འདོད་ཆགས་ལས་བྲལ་བར་བྱེད་པ་དང། འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པར་བྱེད་པ་དང། དགེ་བའི་རྩ་བ་རྣམས་རྒྱུན་མི་འཆད་པར་བྱེད་པ་དང། དགེ་བའི ་རྩ་བ་རྣམས་མཚམས་སྦྱོར་བར་བྱེད་པ་དང། འཆི་འཕོ་དང་སྐྱེ་བར་བྱེད་པའོ། །སྒོ་ལྔའི་རྣམ་པར་ཤེས་པ་རྣམས་ཀྱིས་ལས་ནི་མདོར་བསྡུ་ན་རྣམ་པ་དྲུག་ཏུ་བལྟ་བར་བྱ་སྟེ། རང་གི་ཡུལ་རྣམ་པར་རིག་པར་བྱེད་པ་དང། རང་གི་མཚན་ཉིད ་རྣམ་པར་རིག་པར་བྱེད་པ་དང། ད་ལྟར་གྱི་དུས་རྣམ་པར་རིག་པར་བྱེད་པ་དང། སྐད་ཅིག་གཅིག་གི་རྣམ་པར་རིག་པར་བྱེད་པ་དང། རྣམ་པ་གཉིས་ཀྱིས་ཡིད་ཀྱི་རྣམ་པར་ཤེས་པའི་རྗེས་སུ་འཇུག་སྟེ། དགེ་བ་དང་ཉོན་མོངས་པ་ཅན་གྱི་རྗེས་སུ ་འཇུག་པ་དང། ལས་ཀུན་ནས་སློང་བའི་རྗེས་སུ་འཇུག་པ་དང། སྡུག་པ་དང་མི་སྡུག་པའི་འབྲས་བུ་ཡོངས་སུ་འཛིན་པར་བྱེད་པའོ། །དེ་ལ་ཀུན་གཞིའི་རྣམ་པར་ཤེས་པའི་ཡོད་པ་ཉིད་དང། རབ་ཏུ་དབྱེ་བ་ཇི་ལྟར་རིག་པར་བྱ་ཞེ་ན། ཀུན་གཞི ་རྣམ་པར་ཤེས་པའི་ཡོད་པ་ཉིད་ནི་རྣམ་པ་བརྒྱད་ཀྱི་ཁོང་དུ་ཆུད་པར་བྱས་ལ། དེའི་རབ་ཏུ་དབྱེ་བ་ནི་འཇུག་པ་དང། ལྡོག་པ་རྣམ་པར་བཞག་པས་རིག་པར་བྱའོ། །དེ་ལ་ཀུན་གཞི་རྣམ་པར་ཤེས་པའི་ཡོད་པ་ཉིད་རྣམ་པ་བརྒྱད་ཀྱིས་ཁོང ་དུ་ཆུད་པ་གང་ཞེ་ན། འདི་ལྟ་སྟེ་ཀུན་གཞི་རྣམ་པར་ཤེས་པ་མེད་ན་ལུས་ལེན་པ་མི་སྲིད་པ་དང། དང་པོ་འཇུག་པ་མི་སྲིད་པ་དང། གསལ་བར་འཇུག་པ་མི་སྲིད་པ་དང། ས་བོན་ཉིད་མི་སྲིད་པ་དང། ལས ་མི་སྲིད་པ་དང། ལུས་ཀྱི་ཚོར་བ་མི་སྲིད་པ་དང། སེམས་མེད་པའི་སྙོམས་པར་འཇུག་པ་མི་སྲིད་པ་དང། རྣམ་པར་ཤེས་པའི་འཆི་འཕོ་མི་སྲིད་པས་སོ། །དེ་ལ་ཇི་ལྟར་ཀུན་གཞི་རྣམ་པར་ཤེས་པ་མེད་ན་ལུས་ལེན་པ་མི་སྲིད་པར་འགྱུར་ཞེ ་ན། རྒྱུ་རྣམ་པ་ལྔ་སྟེ། འདི་ལྟ་སྟེ་ཀུན་གཞི་རྣམ་པར་ཤེས་པ་ནི། སྔོན་ལས་མངོན་པར་འདུ་བྱས་པའི་རྒྱུ་ལས་བྱུང་བ་ཡིན་པས་ངེས་ལུས་ལེན་པར་བྱེད་ཀྱི་འཇུག་པའི་རྣམ་པར་ཤེས་པ་རྣམས་ནི་ད་ལྟར་གྱི་རྐྱེན་ལས་བྱུང་བ ་ཡིན་པས་དེ་དག་ནི་ལུས་ལེན་པར་བྱེད་པ་མ་ཡིན་ཏེ། དེ་ནི་རྒྱུ་དང་པོ་ཡིན་ནོ། །གཞན་ཡང་ཀུན་གཞི་རྣམ་པར་ཤེས་བ་ནི་ལུང་དུ་མ་བསྟན་པ་ཡིན་པས་དེས་ལུས་ལེན་བར་བྱེད་པ་ཡིན་གྱི་འཇུག་པའི་རྣམ་པར་ཤེས་པ་རྣམས་ནི ་དགེ་བ་དང་མི་དགེ་བར་སྣང་བས་དེ་དག་ནི་ལུས་ལེན་པར་བྱེད་པ་མ་ཡིན་ཏེ། དེ་ནི་རྒྱུ་གཉིས་པ་ཡིན་ནོ། །གཞན་ཡང་ཀུན་གཞི་རྣམ་པར་ཤེས་པ་ནི་ལུང་དུ་མ་བསྟན་པ་རྣམ་པར་སྨིན་པས་བསྡུས་པའི་རིགས་ཡིན་པས་དེས ་ལུས་ལེན་པར་བྱེད་པ་ཡིན་གྱི། འཇུག་པའི་རྣམ་པར་ཤེས་པ་རྣམས་ལ་ནི་ལུང་དུ་མ་བསྟན་པ་རྣམ་པར་སྨིན་པས་བསྡུས་པའི་རིགས་གང་ཡིན་པ་དེ་མི་དམིགས་པས། དེ་དག་ནི་ལུས་ལེན་པར་བྱེད་པ་མ་ཡིན་ཏེ།། དེ་ནི་རྒྱུ་གསུམ ་པ་ཡིན་ནོ། །གཞན་ཡང་ཀུན་གཞི་རྣམ་པར་ཤེས་པ་ནི་ལུས་ཐམས་ཅད་ལ་ཁྱབ་པར་གནས་པས། །དེས་ལུས་ལེན་པར་བྱེད་པ་ཡིན་གྱི། འཇུག་པའི་རྣམ་པར་ཤེས་པ་རྣམས་ནི་གནས་ངེས་པ་ལས་སོ་སོར་འབྱུང་སྡེ་དེ་ལ་རྣམ་པར ་ཤེས་པ་གནས་གང་དང་གང་ནས་འབྱུང་བ་དེ་ཉིད་ངེས་ཟིན་པར་འགྱུར་གྱི། གནས་གདན་ནས་རྣམ་པར་ཤེས་པ་མ་བྱུང་བའི་གནས་དེ་མ་ཟིན་པས། དེ་དག་ནི་ལུས་ལེན་པར་བྱེད་པ་མ་ཡིན་ཏེ། དེ་མི་རྒྱུ་བཞི་པོ་ཡིན་ནོ། །གཞན་ཡང ་ཀུན་གཞི་རྣམ་པར་ཤེས་པ་ནི་དང་པོའི་ལེན་པའི་སྐད་ཅིག་མའི་རྒྱུན་གྱིས་ལུས་ཅིག་ཅར་ལེན་པ་ཡིན་གྱི། འཇུག་པའི་རྣམ་པར་ཤེས་པ་རྣམས་ནི་ལན་འགའ་འབྱུང་ཞིང་ལན་འགའ་མི་འབྱུང ་པས། གལ་ཏེ་ཀུན་གཞི་རྣམ་པར་ཤེས་པ་མེད་ན་ཡང་དང་ཡང་དུ་ལུས་ལེན་པའི་སྐྱོན་དུ་འགྱུར་ཏེ། དེ་ནི་རྒྱུ་ལྔ་པ་ཡིན་ནོ། །དེ་ལྟར་ན་དེ་ལྟར་གྱི་རྐྱེན་ལས་བྱུང་བ་དང། དགེ་བ་དང་མི་དགེ་བ་ཡིན་པ་དང། རྣམ་པར་སྨིན ་པའི་རིགས་མ་ཡིན་པ་དང། གནས་ངེས་པ་དང། ཡང་དང་ཡང་དུ་ལུས་ལེན་པའི་སྐྱོན་དུ་འགྱུར་བས་ཀྱང་གལ་ཏེ་ཀུན་གཞི་རྣམ་པར་ཤེས་པ་མེད་ན་ལུས་ལེན་པ་མི་སྲིད་པས་སྐྱོན་དུ་འགྱུར་བས་དེའི་ཕྱིར་ཀུན་གཞི ་རྣམ་པར་ཤེས་པ་ཡོད་པར་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་ཀུན་གཞི་རྣམ་པར་ཤེས་པ་མེད་ན་དང་པོར་འཇུག་པར་མི་སྲིད་པར་འགྱུར་ཞེ་ན། ཀུན་གཞི་རྣམ་པར་ཤེས་པ་ཡོད་ན་འཇུག་པའི་རྣམ་པར་ཤེས་པ་རྣམས ་དང་ལྷན་ཅིག་གི་དངོས་པོས་འཇུག་ཅིང་རྣམ་པར་ཤེས་པ་གཉིས་སམ་གསུམ་མམ་བརྒྱད་ཅར་ལྷན་ཅིག་འབྱུང་བར་འགྱུར་བ་དེ་མི་འདོད་པས་ཀུན་གཞི་ཡང་མེད་ལ། འཇུག་པའི་རྣམ་པར་ཤེས་པ་དྲུག་ཀྱང་ལྷན ་ཅིག་མི་འབྱུང་ཞིང་གང་ཡང་རུང་བ་སྔ་ཕྱིར་རིམ་གྱིས་འབྱུང་ངོ་ཞེས་ཟེར་བ་དེ་མི་རུང་སྟེ། གང་གི་ཚེ་རྣམ་པར་ཤེས་པ་དྲུག་ཅར་གྱི་རྐྱེན་དུས་ཅིག་ཁོ་ནར་ཉེ་བར་གནས་པར་གྱུར་པའི་ཚེ། དང་པོ་ཅིག་འབྱུང་ཞིང་གཞན་ཡང ་རིམ་གྱིས་འབྱུང་ཞེས་བྱར་རྐྱེན་ཚོགས་པར་འདྲ་བས་མི་རུང་སྟེ། རྣམ་པར་ཤེས་པ་རྣམས།། ལྷན་ཅིག་འབྱུང་བས་ན་དེའི་ཕྱིར་ཡང་ཀུན་གཞི་རྣམ་པར་ཤེས་པ་ཡོད་པར་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་ན་ཀུན་གཞི་རྣམ ་པར་ཤེས་པ་མེད་ན་གསལ་བར་འཇུག་པ་མི་སྲིད་པར་འགྱུར་ཞེ་ན། ཀུན་གཞི་མེད་ན་རྣམ་པར་ཤེས་པ་ལྷན་ཅིག་གི་དངོས་པོས་འཇུག་པ་ཡོད་མེད་པས་ཡིད་ཀྱི་རྣམ་པར་ཤེས་པ་ད་ལྟར་གྱི་ཡུལ་ལ་གསལ་བར་འཇུག་ཅེས་? ་མིག་ལ་སོགས་པ་ད་ལྔར་གྱི་ཡུལ་ལ་གསལ་བར་འཇུག་པ་དང། དུས་ཅིག་ཏུ་འགྱུར་བས་མི་རུང་བའི་རིགས་ནས་ཡིད་ཀྱི་རྣམ་པར་ཤེS་པ་ད་ལྟར་གྱི་ཡུལ་ལ་གསལ་བར་འཇུག་པས་ལྷན་ཅིག་གི་དངོས་པོས་འཇུག་པ་ཡོད་པས ་ན་དེའི་ཕྱིར་ཡང་ཀུན་གཞིའི་རྣམ་པར་ཤེས་པ་ཡོད་པར་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་ན་ཀུན་གཞི་རྣམ་པར་ཤེས་པ་མེད་ན་ས་བོན་ཉིད་མི་སྲིད་པར་འགྱུར་ཞེ་ན། ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་འཇུག་པའི་རྣམ་པར་ཤེས ་བ་རྣམས་ཀྱི་དགེ་བའི་མཇུག་ཐོགས་སུ་དགེ་བ་དང་མི་དགེ་བའི་མཇུག་ཐོགས་སུ་མི་དགེ་བ་འབྱུང་བ་ལ་སོགས་པ་ནི་གཅིག་གི་ས་བོན་གཅིག་ཡིན་པར་མི་རུང་བ་དང། སེམས་ཀྱི་རྒྱུན་ཡུན་རིང་པོར་རྒྱུན་ཆད་པ་ཡང་འབྱུང ་བའི་རྒྱུ་མེད་པས་དེ་དག་མི་འབྱུང་བའི་རིགས་ན་འབྱུང་སྟེ། དེའི་ཕྱིར་ཡང་དེ་དག་གི་ས་བོན་ཀུན་གཞི་རྣམ་པར་ཤེས་པ་ཡང་པར་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་ན་ཀུན་གཞི་རྣམ་པར་ཤེས་པ་མེད་ན་ལས་མི་སྲིད་པར་འགྱུར ་ཞེ་ན། ལས་ནི་མདོར་བསྡུ་ན་རྣམ་པ་བཞི་སྟེ། སྣོད་རྣམ་པར་རིག་པ་དང། གནས་རྣམ་པར་རིག་པ་དང། བདག་གོ་སྙམ་དུ་རྣམ་པར་རིག་པ་དང། ཡུལ་རྣམ་པར་རིག་པའོ། །རྣམ་པར་རིག་པ་དེ་དག་ཀྱང་སྐད་ཅིག་ལ་ཅིག་ཅར ་འབྱུང་བར་སྣང་སྟེ། ཀུན་གཞི་རྣམ་པར་ཤེས་པ་མེད་ན་རྣམ་པར་ཤེས་པ་རྣམས་ལྷན་ཅིག་གི་དངོས་པོས་འབྱུང་བ་མེད་པས། རྣམ་པར་ཤེས་པ་གཅིག་གི་སྐད་ཅིག་གཅིག་ལ་ནི་ལས་ཤིན་ཏུ་ཐ་དད་པ་དེ་ལྟ་བུ་དེ་དང་མི་རུང ་བས་མི་འབྱུང་བའི་རིགས་ན། འབྱུང་བས་རྣམ་པར་ཤེས་པ་ལྷན་ཅིག་གི་དངོས་པོས་འཇུག་པ་ཡོད་པས་ན་དེའི་ཕྱིར་ཡང་ཀུན་གཞི་རྣམ་པར་ཤེས་པ་ཡོད་པར་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་ན་ཀུན ་གཞི་རྣམ་པར་ཤེས་པ་མེད་ན་ལུས་ཀྱི་ཚོར་བ་མི་སྲིད་པར་འགྱུར་ཞེ་ན། ཀུན་གཞི་རྣམ་པར་ཤེས་པ་མེད་ན་ཚུལ་བཞིན་ནམ། ཚུལ་བཞིན་མ་ཡིན་པར་སེམས་པར་བྱེད་པ་དང། རྗེས་སུ་རྟོགས་པར་བྱེད་པ་འམ། སེམས ་མཉམ་པར་བཞག་པ་འམ། སེམས་མཉམ་པར་མ་བཞག་པ་གང་ཡང་རུང་བ་གཅིག་ཅིག་གི་ལུས་ལ་ཚོར་བ་རྣམ་པ་དུ་མ་རྣམ་པ་མང་པོ་སྣ་ཚོགས་གང་དག་འབྱུང་བ་དེ་དག་མི་འབྱུང་བའི་རིགས་ན་འབྱུང་སྟེ། ་དེའི་ཕྱིར་ཡང་ཀུན་གཞི་རྣམ་པར་ཤེས་པ་ཡོད་པར་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་ན་ཀུན་གཞི་རྣམ་པར་ཤེས་པ་མེད་ན་སེམས་མེད་པའི་སྙོམས་པར་འཇུག་པ་མི་སྲིད་པར་འགྱུར་ཞེ་ན། ཀུན་གཞིའི་རྣམ་པར་ཤེས ་པ་མེད་པ་ན་འདུ་ཤེས་མེད་པ་ལ་སྙོམས་པར་ཞུགས་པ་འམ། འགོག་པ་ལ་སྙོམས་པར་ཞུགས་པའི་ལུས་རྣམ་པར་ཤེས་པ་དང་བྲལ་བས་ཤི་བ་ཁོ་ནར་འགྱུར་བ་ཞིག་ན། བཅོམ་ལྡན་འདས་ཀྱིས་དེའི་ལུས ་རྣམ་པར་ཤེས་པ་དང་བྲལ་བ་མ་ཡིན་ནོ་ཞེས་གསུངས་པ་ན། དེའི་ཕྱིར་ཡང་ཀུན་གཞིའི་རྣམ་པར་ཤེས་པ་ཡོད་པར་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་ཀུན་གཞི་རྣམ་པར་ཤེས་པ་མེད་ན་རྣམ་པར་ཤེས་པའི ་འཆི་འཕོ་མི་སྲིད་པར་འགྱུར་ཞེ་ན། ཀུན་གཞི་རྣམ་པར་ཤེས་པ་མེད་ན། ཡིད་ཀྱི་རྣམ་པར་ཤེས་པ་ནི་མ་ཤི་བའི་བར་དུ་རྟག་པར་འབྱུང་བ་ཁོ་ནར་འདོད་?་བས། འཆི་ཀའི་རྣམ་པར་ཤེས་པས་ལུས་རོ་སྟོད་དམ་རོ་སྨད ་དུ་དྲེད་ཡལ་བར་བྱེད་ཅིང་སྤོང་བར་མི་འགྱུར་བ་ཞིག་ན། དེ་ལྟར་སྣང་བས། ལུས་ལེན་པར་བྱེད་པ་ཀུན་གཞིའི་རྣམ་པས?་ཤེས་པ་ཁོ་ན་དང་བྲལ་བས་དྲོང་ཡལ་བ་དང་ཚོར་བ་མེད་པར ་སྣང་བ་ཟད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་དང་བྲལ་བས་ནི་མ་ཡིན་ཏེ། དེའི་ཕྱིར་ཡང་ཀུན་གཞིའི་རྣམ་པར་ཤེས་པ་ཡོད་པས་ཁེང་དུ་ཆུད་པར་བྱའོ། །དེ་ལ་དེའི་འཇུག་པ་དང་ལྡོག་པ་རྣམ ་པར་གཞག་པ་གར་ཞེ་ན། མདོར་བསྡུ་ན་ཀུན་གཞི་རྣམ་པར་ཤེས་པའི་འཇུག་པ་ནི་རྣམ་པ་བཞིས་རྣམ་པར་བཞག་ལ། ལྡོག་པ་ནི་རྣམ་པ་གཅིག་གིས ་རྣམ་པར་བཞག་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། དམིགས་པས་འཇུག་པ་རྣམ་པར་བཞག་པ་དང། མཚུངས་པར་ལྡན་པས་འཇུག་པ ་རྣམ་པར་བཞག་པ་དང། ཅིག་གི་རྐྱེན་ཉིད་ཅིག་ཡིན་པས་འཇུག་པ་རྣམ་པར་བཞག་པ་དང། ལྷན་ཅིག་གི་དངོས་པོས་འཇུག་པ་རྣམ་པར་པར ་བཞག་པ་སྟེ། རྣམ་པ་བཞི་པོ་དེ་དག་གིས་ནི་འཇུག་པ་རྣམ་པར་བཞག་པའོ། །ཀུན་ནས་ཉོན་མོངས་པ་ལྡོག་པ་རྣམ་པར་བཞག་པས་ནི། ལྡོག་བ་རྣམ་པར་བཞག ་པར་རིག་པར་བྱའོ། །དེ་ལ་དམིགས་པས་འཇུག་པ་རྣམ་པར་བཞག་པ་གང་ཞེ་ན། མདོར་བསྡུ་ན་ཀུན་གཞིའི་རྣམ་པར་ཤེས་བ་ནི། དམིགས་པ་རྣམ་པ་གཉིས་ཀྱིས་འཇུག་སྟེ། ནང་གི? ་ལེན་པ་རྣམ་པར་རིག་པ་དང། ཕྱི་རོལ་གྱི་སྣོད་རྣམ་པར་ཡོངས་སུ་མ་ཆད་པ་རྣམ་པར་རིག་པའོ། །དེ་ལ་ནང་གི་ལེན་པ་ནི་རྣམ་པ་གཉིས་ཏེ། ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་བག་ཆགས་དང། རྟེན་དང་བཅས་པའི ་དབང་པོ་གཟུགས་ཅན་ནོ། །དེ་ཡང་གཟུགས་ཅན་གྱི་ཁམས་ནའོ། །གཟུགས་ཅན་མ་ཡིན་པའི་ཁམས་ན་ནི་བག་ཆགས་ལེན་པ་ཁོ་ནར་ཟད་དོ། །དེ་ལ་ཕྱི་རོལ་གྱི་སྣོད་རྣམ་པ་ཡོངས་སུ་མཆད་པར་རྣམ་པར་རིག་པ་ནི། ཀུན་གཞི་རྣམ་པ་ཤེས་པ་ནད་གི ་ལེན་པའི་དམིགས་པ་གང་ཡིན་པ་དེ་ཉིད་ལ་བརྟེན་ནས། རྟག་ཏུ་རྒྱུན་མི་འཆད་པར་འཇིག་རྟེན་དང། སྣོད་ཀྱི་རྒྱུན་བྱེ་བྲག་ཏུ་མི་འབྱེད་པར་རྣམ་པར་རིག་པ་སྟེ། འདི་ལྟ་སྟེ་དཔེར་ན་མར་མེ་འབར་བ་ན་སྙིང་པོ་དང། སྣུམ་གྱི་རྒྱུས་ནི་ནང་དུ་འཇུག་པར་འགྱུར་ལ ་ཕྱི་རོལ་དུ་ནི་འོད་འབྱུང་བར་བྱེད་པ་དེ་བཞིན་དུ། ནང་གི་ལེན་པའི་དམིགས་པ་དང། ཕྱི་རོལ་གྱི་དམིགས་པ་འདི་ལ་ཡང་ཀུན་གཞིའི་རྣམ་པར་ཤེས་པའི་ཚུལ་དེ་དང་འདྲ་བར་བལྟ་བར་བྱའོ། །དམིགས་པ་དེ་ནི་འཇིག་རྟེན་གྱི་མཁས་པ་རྣམས་ཀྱིས ་ཀྱང་ཡོངས་སུ་དཔྱད་པ་དཀའ་བའི་ཕྱིར་ཕྲ་བ་ཡིན་ནོ། །དམིགས་པ་དེ་ནི་རྟག་ཏུ་ཡོད་པ་ཡིན་ཏེ། ལན་འགའ་གཞན་དུ་འགྱུར་ལ། ལན་འགའ་གཞན་དུ་འགྱུར་པ་མ་ཡིན་ཞིང། དང་པོའི་ལེན་པའི་སྐད་ཅིག་ལ་བརྟེན་ནས་ཇི་སྲིད་འཚོ་བའི་བར་དུ་རྣམ ་པར་རིག་པ་རོ་གཅིག་པས་འཇུག་པར་འགྱུར་རོ། །ཀུན་གཞི་རྣམ་པར་ཤེས་པ་དེ་ནི་དམིགས་པ་ལ་སྐད་ཅིག་པ་ཡིན་པར་བལྟ་བར་བྱ་སྟེ། སྐད་ཅིག་པའི་རྒྱུད་ཀྱི་རྒྱུན་གྱིས་འཇུག་པ་ཡིན་གྱི། གཅིག་པ་ཉིད་ནི་མ་ཡིན་ནོ། །ཀུན་གཞི་རྣམ་པར ་ཤེས་པ་དེ་ནི་འདོད་པའི་ཁམས་ན་ནི་རྒྱུ་ཆུང་ངུའི་དམིགས་པ་ཅན་དུ་བརྗོད་པར་བྱའོ། །གཟུགས་ཀྱི་ཁམས་ན་ནི་རྒྱུ་ཆེན་པོར་གྱུར་པའི་དམིགས་པ་ཅན་ཡིན་ནོ། །གཟུགས་མེད་པའི་ཁམས་ནི་ནམ་མཁའ་མཛའ་ཡས་སྐྱེ་མཆེད་དང། རྣམ་ཤེས་མཛའ་ ་ཡས་སྐྱེ་མཆེད་ནི་རྒྱུ་ཚད་མེད་པའི་དམིགས་པ་ཅན་ཡིན་ནོ། །ཅི་ཡང་མེད་པའི་སྐྱེ་མཆེད་ན་ནི་རྒྱུ་ཕྲ་བའི་དམིགས་པ་ཅན་ཡིན་ནོ། ། ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ན་ནི ་རྒྱུ་ཤིན་ཏུ་ཕྲ་བའི་དམིགས་པ་ཅན་དུ་བལྟ་བར་བྱ་སྟེ། དེ་ལྟར་ན་དམིགས་པ་རྣམ་པ་གཉིས་རྣམ་པར་རིག་པ་དང། ཕྲ་བ་རྣམ་པར་རིག་པ་དང། འདྲ་བ་རྣམ་པར་རིག་པ་དང། སྐད་ཅིག་མ་རྣམ་པར་རིག་པ་དང། རྒྱུ་ཆུང་དུའི་དམིགས་པའི་རྣམ་པར་རིག་པ་དང། རྒྱུ་ཆེན་པོར་གྱུར་པའི་དམིགས་པའི་རྣམ་པར་རིག་པ་དང། རྒྱུ་ཚད་མེད་དམིགས་པའི་རྣམ་པར་རིག་པ་དང། རྒྱུ་ཕྲ་བའི་དམིགས་པའི་རྣམ་པར་རིག་པ་དང། རྒྱུ་ཤིན་ཏུ་ཕྲ་བའི་དམིགས་པའི་རྣམ་པར་རིག་པས་ཀྱང། ཀུན་གཞི་རྣམ ་པར་ཤེས་པ་དམིགས་པས་འཇུག་པ་རྣམ་པར་བཞག་པར་རིག་པར་བྱའོ། །དེ་ལ་མཚུངས་པར་ལྡན་པས་འཇུག་པ་རྣམ་པར་བཞག་པ་གང་ཞེ་ན། དེ་ལ་ཀུན་གཞི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་ན་སེམས་དང་མཚུངས་པར་ལྡན་བ་ཀུན ་ཏུ་འགྲོ་བ་ལྔ་པོ་ཡིད་ལ་བྱེད་པ་དང། རེག་པ་དང། ཚོར་བ་དང། འདུ་ཤེས་དང། སེམས་བ་རྣམས་དང་མཚུངས་པར་ལྡན་ནོ། །ཆོས་དེ་དག་ཀྱང་རྣམ་པར་སྨིན་པར་བསྡུས་པ་དང། འཇིག་རྟེན་གྱི་མཁས་པ་རྣམས་ཀྱིས་ཀྱང་རྟོགས་པར ་དཀའ་བའི་ཕྱིར་ཕྲ་བ་དང། གཏན་དུ་དམིགས་པ་གཅིག་ལ་མཚུངས་པར་འཇུག་པ་ཡིན་ནོ། །སེམས་ལས་བྱུང་བ་དེ་དག་ལས་ཀུན་གཞི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཚོར་བ་གང་ཡིན་པ་དེ་ནི། གཅིག་ཏུ་སྡུག་བསྔལ་བ ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང། ལུང་དུ་མ་བསྟན་པ་ཡིན་ནོ། །དེ་ཉིད་ཀྱི་དེ་ལས་གཞན་པའི་སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་རྣམ་པར་བཤད་པ་ཡིན་ཏེ། དེ་ལྟར་ན་སེམས་ལས་བྱུང་བ་ཀུན་ཏུ་འགྲོ་བ་ལྔ་དང་མཚུངས་པར ་ལྡན་པ་དང། རྣམ་པར་སྨིན་པར་རིགས་འདྲ་བ་དང། མཚུངས་པར་ལྡན་པ་དང། འཇུག་པ་ཕྲ་བ་དང། མཚུངས་པར་ལྡན་པ་དང། དམིགས་པ་ཅིག་ལ་མཚུངས་པར་འཇུག་པ་དང། མཚུངས་པར་ལྡན་པ་དང་། ་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་དང་མཚུངས་པར་ལྡན་པ་དང། ལུང་དུ་མ་བསྟན་པས་ཀྱང་མཚུངས་པར་ལྡན་པས་ཀྱང་ཀུན་གཞིའི་རྣམ་པར་ཤེས་པ་མཚུངས་པར་ལྡན་པས་འཇུག་པ་རྣམ་པར་བཞག་པར་རིག་པར་བྱའོ། །དེ་ལ ་ཅིག་གི་རྐྱེན་ཉིད་ཅིག་ཡིན་པས། འཇུག་པ་རྣམ་པར་བཞག་པ་གང་ཞེ་ན། འདི་ལ་ཀུན་གཞི་རྣམ་པར་ཤེས་པ་ནི་རྣམ་པ་གཉིས་ཀྱིས་འཇུག་པའི་རྣམ་པར་ཤེས་པའི་རྐྱེན་གྱི་བྱ་བ་བྱེད་དེ། ས་བོན་གྱི་དངོས་པོ་དང། རྟེན་བྱེད་པས་སོ། །དེ ་ལ་ས་བོན་གྱི་དངོས་པོ་ནི་འཇུག་པའི་རྣམ་པར་ཤེས་པ་དགེ་བ་དང། མི་དགེ་བ་དང། ལུང་དུ་མ་བསྟན་པར་འབྱུང་བར་འགྱུར་པ་གང་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་ནི་ཀུན་གཞིའི་རྣམ་པར་ཤེས་པའི་ས་བོན་དང་ལྡན་པ་ཡིན་ནོ། །དེ་ལ ་བརྟེན་བྱེད་པ་ནི་ཀུན་གཞི་རྣམ་པར་ཤེས་པས་ཟིན་པའི་དབང་པོ་གཟུགས་ཅན་རྣམས་ལ་བརྟེན་ནས་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་འབྱུང་བར་འགྱུར་གྱི། མ་ཟིན་པ་དག་ལས་ནི་མ་ཡིན་ནོ། །ཇི་ལྟར་རྣམ་པར་ཤེས་པའི་ཚོགས་ལྔ་པོ ་དག་གི་གནས་མིག་ལ་སོགས་པ་དང་འདྲ་བ་ཡིད་དང། ཡིད་ཀྱི་རྣམ་པར་ཤེས་པའི་གནས་ཀུན་གཞི་རྣམ་པར་ཤེས་པ་ཡོད་ན་ཡིད་དང། ཡིད་ཀྱི་རྣམ་པར་ཤེས་པ་ཡང་འབྱུང་བར་འགྱུར་གྱི་མེད ་ན་ནི་མ་ཡིན་ནོ། །དེ་ལ་འཇུག་པའི་རྣམ་པར་ཤེས་པ་ཡང་གཉིས་ཀྱི་ཀུན་གཞི་རྣམ་པར་ཤེས་པའི་རྐྱེན་གྱི་བྱ་བ་བྱེད་དེ། ཚེ་འདི་ལ་ས་བོན་ཡོངས་སུ་རྟས་པར་བྱེད་པ་དང། ཕྱི་མ་དེ་མངོན་པར་གྲུབ་པའི་ས་བོན་ཡོངས་སུ་འཛིན་པར་སྐྱེད་པར ་བྱས་པས་སོ། །དེ་ལ་ཚེ་འདི་ལ་ས་བོན་ཡོངས་སུ་རྟས་པར་བྱེད་པ་ནི། ཇི་ལྟ་ཇི་ལྟར་ཀུན་གཞི་རྣམ་པར་ཤེས་པ་ལ་བརྟེན་པ་འཇུག་པའི་རྣམ་པར་ཤེས་པ་དགེ་བ་དང། མི་དགེ་བ་དང། ལུང་དུ་མ་བསྟན་པ་འབྱུང་བར་འགྱུར་བ་དེ་ལྟ་དེ་ལྟར་རང ་གི་རྟེན་ལ་བརྟན་དང་དེ་དང་ལྟན་ཅིག་སྐྱེ་པ་དང། འགགས་པས་བག་ཆགས་བསྒོ་བར་བྱེད་དོ། །རྒྱུ་དེ་དང་རྐྱེན་དེས་ནི་འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱང་ཕྱིར་ཞིང་ཕྱིར་ཞིང་དགེ་བ་ལ་སོགས་པའི་དངོས་པོ་རོ་ཤིན་ཏུ་རྟས་པ་དང། ཤིན་ཏུ་སྦྱངS ་པ་དང། ཤིན་ཏུ་འོད་གསལ་བ་དག་ཏུ་འབྱུང་བར་འགྱུར་རོ། །ཕྱི་མ་ལ་དེ་མངོན་པར་གྲུབ་པའི་ས་བོན་ཡོངས་སུ་འཛིན་པ་སྐྱེད་པར་བྱེད་པ་ནི་འཇུག་པའི་རྣམ་པར་ཤེས་པ་དེ་ཉིད་ཀྱི་ཡུལ་བག་ཆགས་ཀྱི་ཕྱི་མ་ལ་ཀུན་གཞི་རྣམ་པར་ཤེས ་པ་དེ་ཉིད་ཀྱི་རྣམ་པར་སྨིན་པ་ཡོངས་སུ་འཛིན་པར་སྐྱེད་པར་བྱེད་པ་སྟེ་དེ་ལྟར་ན་ས་བོན་གྱི་དངོས་པོ་དང། རྟེན་བྱེད་པ་དང། ས་བོན་ཡོངས་སུ་རྟས་པར་བྱེད་པ་དང། ས་བོན་ཡོངས་སུ་འཛིན་པས་ཀྱང་ཀུན་གཞི་རྣམ་པར་ཤེས་པ་དང། འཇུག ་པའི་རྣམ་པར་ཤེས་པ་གཅིག་གི་རྐྱེན་ཉིད་གཅིག་པས་འཇུག་པ་རྣམ་པར་བཞག་པར་བྱའོ། །དེ་ལ་ལྟན་ཅིག་གི་དངོས་པོས་འཇུག་པ་རྣམ་པར་བཞག་པ་གང་ཞེ་ན། ཀུན་གཞིའི་རྣམ་པར་ཤེས་པ་རེས་འགའ་ནི་འཇུག་པའི་རྣམ་པར་ཤེས་པ ་གཅིག་ཁོ་ན་དང་ལྷན་ཅིག་འཇུག་སྟེ། འདི་ལྟ་སྟེ། ཉོན་མོངས་པ་ཅན་གྱི་ཡིད་དང་པོའོ། །རེས་འགའ་ནི་ཉོན་མོངས་པ་ཅན་གྱི་ཡིད་དང། ཡིད་ཀྱི་རྣམ་པར་ཤེས་པ་གཉིས་དང་གསུམ་ལྷན་ཅིག་འཇུག་གོ་།རེས་འགའ་ནི་རྣམ་པར་ཤེས་པའི ་ཚོགས་ལྔ་པོ་ནག་ལས་གང་ཡང་རུང་བ་གཅིག་དང་གསུམ་དང་ངོ། །རེས་འགའ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་ལས་གཉིས་ལྷན་ཅིག་འབྱུང་པ་དང་བཞི་དང་ངོ། །རེས་འགའ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་ཚར་ལྷན་ཅིག་འབྱུང་བ་དང། ་བདུན་ཆད་ཀྱི་བར་དག་དང་ལྷན?་ཅིག་འབྱུང་ཞིང་འཇུག་གོ། ཀུན་གཞིའི་རྣམ་པར་ཤེས་པ་དེ་རེས་འགའ་ནི་བདེ་བ་དང། སྡུག་བསྔལ་བ་དང། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚེར་?་བློ ་བུར་པ་རྣམ་དང་ཡང་འདྲེས་མར་འཇུག་སྟེ། འཇུག་པའི་རྣམ་པར་ཤེས་པ་ལ་བརྟེན་ནས་ཚོར་བ་གང་དག་འབྱུང་བ་དག་ཀྱང་དེ་ལས་འབྱུང་བ་རྟེན་ནས་འབྱུང་བའི་ཕྱིར་རོ། །དེ་ལ་མི་རྣམས་དང། འདོད་པ་ན་སྤྱོད་པའི་ལྟ་རྣམས་དང། དུང ་འགྲོ་དང། ཡི་དགས་ཁ་ཅིག་གི་ནང་ནི་ལྷན་ཅིག་སྐྱེས་པའི་ཚོང་པ་སྡུག་བསྔལ་བ་ཡང་མ་ཡིན་པ་བདེ་བ་ཡང་མ་ཡིན་པ་དེ་དང། འཇུག་པའི་རྣམ་པར་ཤེས་པའི་ཚོགས་ཀྱི་ཚོར་བ་བདེ་བ་འམ། སྡུག་བསྔལ་བ་འམ། སྡུག་བསྔལ ་བ་ཡང་མ་ཡི་པ་དེ་བ་ཡང་མ་ཡིན་པ་དེ་དག་གི་རྒྱུན་འདྲེན་པར་ལྷན་ཅིག་འབྱུང་ཞིང་འཇུག་གོ་།སེམས་ཅན་དམྱལ་བ་དག་ན་ནི་ལྷན་ཅིག་སྐྱེས་པའི་ཚོར་བ་དེ་འཇུག་པའི་རྣམ་པར་ཤེས་པའི་ཚོགས་ཀྱི་ཚོར་བ་སྡུག་བསྔལ་བ་ཡང་མ་ཡིན་བདེ་བ ་ཡང་མ་ཡིན་པ་ཟིལ་གྱིས་མནན་ཏེ། སྡུག་བསྔལ་གྱི་རྒྱུན་འབའ་ཞིག་མ་འདྲེས་པ་དང་ལྷན་ཅིག་འབྱུང་ཞིང་འཇུག་སྟེ། དེ་ཟིལ་གྱིས་མནན་པའི་ཕྱིར་རྟོགས་པར་དཀའ་བ་ཡིན་པར་བལྟའོ། །སེམས་ཅན་དམྱལ་བ་དག་ན་སྡུག་བསྔལ་པ་དང། ་ཇི་ལྟ་བ་བཞིན་དུ་བསམ་གཏན་གསུམ་པོ་དག་གིས་ས་པའི་ལྷ་རྣམས་ལ་ནི་བདེ་བ་དང་ངོ། །བསམ་གཏན་བཞི་པ་ཡན་ཆད་སྲིད་པའི་རྩེ་མོའི་བར་དག་ལ་ནི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་ངོ། །ཀུན་གཞི་རྣམ་པར་ཤེས ་པ་རེས་འགའ་ནི་འཇུག་པའི་རྣམ་པར་ཤེས་པ་རྟོགས་པའི་སེམས་ལས་བྱུང་བའི་ཆོས་གློ་བུར་བ་དགེ་བ་དང་མི་དགེ་བ་དང། ལུང་དུ་མ་བསྟན་པ་རྣམས་དང་ཡང་ལྷན་ཅིག་འབྱུང་ཞིང་འཇུག་གོ་།དེ་ལྟར་འཇུག་པའི་རྣམ་པར་ཤེས་པ་རྣམས ་དང། གློ་བུར་གྱི་ཚོར་བ་རྣམས་དང། གློ་བུར་གྱི་ཆོས་དགེ་བ་དང། མི་དགེ་བ་དང། ལུང་དུ་?་བསྟན་པ་རྣམས་དང། ལྷན་ཅིག་འབྱུང་ཞིང་འཇུག་ཀྱང་དེ་ནི་དེ་དག་དང་མཚུངས་པར་ལྡན་པར་ནི་མི་བརྗོད་དོ། །དེ་ཅིའི་ཕྱིར་ཞེ་ན། དམིགས་པ་མི་མཚུངས ་པ་ལ་འཇུག་པའི་ཕྱིར་ཏེ། འདི་ལྟ་སྟེ་དཔེར་ན་མིག་གི་རྣམ་པར་ཤེས་པ་ནི་མིག་དང་ལྷན་ཅིག་བྱུང་ཡང་དེ་ནི་དེ་དང་མཚུངས་པར་ལྡན་པ་མ་ཡིན་པ་བཞིན་ནོ། །དེ་ལྟར་ན་འཇུག་པའི་རྣམ་པར་ཤེས་པ་དང་ལྷན་ཅིག་གི་དངོས་པོ་དང། ཚོར་བ་དང། ་ལྷན་ཅིག་གི་དངོས་པོ་དང། དགེ་བ་ལ་སོགས་པ་དང་ལྷན་ཅིག་གི་དངོས་པོས་ཀྱང་ཀུན་གཞི་རྣམ་རྣམ་པར་ཤེས་པ་ལྷན་ཅིག་གི་དངོས་པོ་འཇུག་པ་རྣམ་པར་བཞག་པར་རིག་པར་བྱའོ། །དེ་ལ་ཀུན་ནས་ཉོན་མོངས་པ་ལྡོག་པ་རྣམ་པར་བཞག་པ་གང་ཞེན ་ཀུན་གཞི་རྣམ་པར་ཤེས་པ་རྣམས་མདོར་བསྡུ་ན། ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ། འདི་ལྟར་འདི་ནི་སེམས་ཅན་གྱི་འཇིག་རྟེན་འགྲུབ་པར་བྱེད་པ་དང། སྣོད་ཀྱི་འཇིག་རྟེན་འགྲུབ་པར་བྱེད་པ་དང། ད་ལྟར་སྡུག་བསྔལ་གྱི་བདེན ་པའི་ངོ་བོ་ཉིད་ཡིན་པ་དང། མ་འོངས་པའི་སྡུག་བསྔལ་གྱི་བདེན་པ་འགྲུབ་པར་བྱེད་པ་དང། ད་ལྟར་ཀུན་འབྱུང་གི་བདེན་པ་འགྲུབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཀུན་ནས་ཉོན་མོངས་པའི་རྩ་བ་ཀུན་གཞི་རྣམ་པར་ཤེས་པ་དེ་ནི་དགེ་བའི ་ཆོས་བསྒོམས་པས་ལྡོག་པ་རིག་པར་བྱའོ། །དགེ་བའི་ཆོས་སྒོམ་པ་དེ་ཡང་མཐོང་བའི་ལམ་ལ་འཇུག་པ་དང། སྒོམ་པའི་ལམ་གྱི་སྦྱོར་བ་རྟོགས་པ་དང། དེའི་ཁྱད་པར་གྱི་ལམ་གོམས་པར་བྱ་བ་དང། དེའི་མཐར་ཐུག་པའི་ལམ་ཡིད་ལ་བྱེད ་པའི་གནས་སྐབས་རྣམས་སུ་ཤེས་པར་བྱ་སྟེ། རྒྱུ་ངེས་གནས་འགྱུར་བར་བྱེད་དོ་གནས་སུ་གྱུར་མ་ཐག་ཏུ་ཀུན་གཞི་རྣམ་པར་ཤེས་པ་སྤང་བར་བརྗོད་པར་བྱ་སྟེ། དེ་སྤངས་པའི་ཕྱིར་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱང་སྤང་བར་བརྗོད་པར་བྱའོ།། ་ཀུན་གཞི་རྣམ་པར་ཤེས་པ་དེའི་གནས་ནི་གཉེན་པོར་བསྒྱུར་བར་རིག་པར་བྱ་སྟེ། ཀུན་གཞི་རྣམ་པར་ཤེས་པ་ནི་མི་རྟག་པ་དང། ལེན་པ་དང་བཅས་པ་ཡིན་ལ། གནས་གྱུར་པ་ནི་རྟག་པ་དང། ལེན་པ་མེད་པ་ཡིན་ནོ།། ་ཀུན་གཞི་རྣམ་པར་ཤེས་བ་ནི་གནས་ངན་ལེན་དང་ལྡན་པ་ཡིན་ལ། གནས་གྱུར་བ་ནི་གནས་ངན་ལེན་ཐམས་ཅད་དང་གཏན་བྲལ་བ་ཡིན་ནོ། །ཀུན་གཞི་རྣམ་པར་ཤེས་པ་ནི་ཉོན་མོངས་པ་རྣམས་ཀྱི་འཇུག་པའི་རྒྱུ་ཡིན། ལམ་གྱི་འཇུག་པའི་རྒྱུ་མ ་ཡིན་ལ། གནས་གྱུར་བ་ནི་ཉོན་མོངས་པ་རྣམས་ཀྱི་འཇུག་པའི་རྒྱུ་མ་ཡིན་ཞིང་ལམ་གྱི་འཇུག་པའི་རྒྱུ་ཡིན་ནོ། །ཀུན་གཞི་རྣམ་པར་ཤེས་པ་ནི་དགེ་བ་དང་ལུང་དུ་བསྟན་པའི་ཆོས་རྣམས་ལ་དབང་མི་བྱེད་པ། གནས་གྱུར་པ་ནི་དགེ་བ་དང་ལུང ་དུ་བསྟན་པའི་ཆོས་རྣམས་ལ་དབང་བྱེད་པ་ཡིན་ནོ། །ཀུན་གཞིའི་རྣམ་པར་ཤེས་པ་དེའི་སྤངས་པའི་མཚན་ཉིད་ནི་དེ་སྤངས་མ་ཐག་ཏུ་ལེན་པ་རྣམ་པ་གཉིས་སྤོང་བ་དང། སྤྲུལ་པ་ལྟ་བུའི་ལུས་ཀུན་ཏུ་གནས་པ་སྟེ། ཕྱི་མ་ལ་སྡུག་བསྔལ་ཡང ་འབྱུང་བའི་རྒྱུ་སྤངས་པའི་ཕྱིར་ཕྱི་མ་ལ་ཡང་འབྱུང་བར་བྱེད་པའི་ལེན་པ་སྤོང་བ་དང། ཚེ་འདི་ལ་ཀུན་ནས་ཉོན་མོངས་པའི་རྒྱུ་ཐམས་ཅད་སྤངས་པའི་ཕྱིར་ཚེ་འདིའི་ཀུན་ནས་ཉོན་མོངས་པའི་གནས་ངན་ལེན་ཐམས་ཅད་སྤོང་བ་དང། གནས་ངན ་ལེན་ཐམས་ཅད་དང་བྲལ་ཞིང་སྲོག་གི་རྐྱེན་དུ་གྱུར་པ་ཀུན་ཏུ་གནས་པ་ཡིན་ནོ། །དེ་ཡོད་ན་ལུས་ཀྱི་མཛའ་བ་དང། སྲོག་གི་མཛའ་པའི་ཚོར་བ་མྱོང་བར་བྱེད་དེ། དེའི་ཕྱིར་མདོ་ལས་ཀྱང། འདིའི་ཚོར་བ་ཐམས་ཅད་དེ་ཙམ་གྱིས་ན། ་ཡོངས་སུ་གཏུགས་པར་འགྱུར་རོ་ཞེས་རྒྱ་ཆེར་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ལྟར་ན་ཀུན་ནས་ཉོན་མོངས་པའི་རྩ་བ་རྣམ་པར་བཞག་པ་དང། འཇུག་པ་དང། རྟོགས་པ་དང། གོམས་པ་དང། ཡིད་ལ་བྱེད་པ་རྣམ་པར་བཞག་པ་དག ་གནས་གྱུར་པ་རྣམ་པར་བཞག་པས་ཀྱང་ཀུན་གཞི་རྣམ་པར་ཤེས་པའི་ཀུན་ནས་ཉོན་མོངས་པ་ལྡོག་པ་རྣམ་པར་བཞག་པ་རིག་པར་བྱའོ། །དེ་ལྟར་ན་འདི་ནི་སེམས་དང་ཡིད་དང་རྣམ་པར་ཤེས་པ་རྣམ་པར་བཞག་པའི་ཚུལ་ཡང་དག་པ་ཡིན་ཏེ། དེ ་ལྟར་ཁམས་གསུམ་པའི་སེམས་དང། ཡིད་དང། རྣམ་པར་ཤེས་པ་ཐམས་ཅད་ཇི་སྐད་བསྟན་པའི་ཚུལ་འདིས་ཀུན་ནས་ཉོན་མོངས་པའི་ཚུལ་དང། རྣམ་པར་བྱད་བའི་ཚུལ་ཐམས་ཅད་ཁོང་དུ་ཆུད་པར་བྱའོ། །སེམས་དང། ཡིད་དང། རྣམ ་པར་ཤེས་པའི་ཚུལ་གཞན་དག་ཡོངས་སུ་བསྟན་པ་གང་ཡིན་པ་དེ་ནི་གདུལ་བའི་རིམ་པ་ཉིད་ཀྱི་ཕྱིར་ཏེ། འདི་ལྟ་སྟེ། གདུལ་བ་བྱིས་པའི་ཤེས་རབ་ཅན་དག་གིས་དབང་དུ་མཛད་ནས་ཐབས་སླབས་འཇུག་པར་བྱ་བའི་ཕྱིར་བསྟན་པ་ཡིན་ནོ། །དེ ་ལྟར་སེམས་དང་ཡིད་དང་རྣམ་པར་ཤེས་པ་དེ་དག་གི་ངོ་བོ་ཉིད་དང། གནས་དང། དམིགས་པ་དང། གྲོགས་དང། ལས་དང། ཀུན་གཞི་རྣམ་པར་ཤེས་པ་ཡོད་བ་ཉིད་དང། རབ་ཏུ་དབྱེ་བ་ནི་འདི་ལས་ཕྱི་རོལ་པ་དག་དང། ཆོས་འདི་བ་དག་ལས ་ཀྱང་ཁ་ཅིག་གིས་མི་ཤེས་པས་དེ་དག་ལ་རང་བཞིན་གྱི་ལྐོག་ཏུ་གྱུར་པས་ན་གསང་བ་ཞེས་བྱའོ། །མཁས་པ་ཞེས་བགྱི་ན་ཞེས་བྱ་བ་ནི་ཆོས་ཀྱི་ལུགས་ཤེས་པ། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་དེའི་སྤྱོད་ཡུལ་གྱི་གསང་བ་ལ་མཁས་པ་ཡིན་ནོ། །སེམS ་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ཞེས་བྱ་བ་ལན་གཉིས་སུ་བཟླས་པ་ནི་གྲགས་པའི་དོན་བསྟན་པའི་ཕྱིར་རོ་ཞེས་བགྱི་ཞེས་བྱ་བ་ནི་མདོ་སྡེ་དེ་དང་དེ་དག་ལས་ཇི་སྐད་ཅེས་གསུངས་ན་ཞེས་བྱ་བའི་ཐ་ཚིག་གོ་།ཇི་ཙམ་གྱིས་ན་བྱང་ཆུབ ་སེམས་དཔའ་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ལགས་ཞེས་བྱ་བ་ནི་ཆོས་ཀྱི་ལུགས་ཤེས་པ་ཇི་ཙམ་གྱི་སྒོ་ནས་མཁས་ནམ་ཁས་པ་ལགས་ཞེས་ཞུས་པ་ཡིན་ཏེ། ཆོས་ཀྱི་ལུགས་ཤེས་བ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ ་པར་འབྱུང་བའི་ཆོས་གནས་པ་ཉིད་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེའི་སྒོ་ནས་མཁས་ན་མཁས་པའི་ཆོས་ཀྱི་ལུགས་ཤེས་པའི་སྤྱོད་ཡུལ་གྱི་གསང་བ། སེམས་དང་ཡིད་དང་རྣམ་པར་ཤེས་པའི་ངོ་བོ་ཉིད་དང། ་གནས་དང། དམིགས་པ་དང། གྲོགས་དང། ལས་དང། ཀུན་གཞི་རྣམ་པར་ཤེས་པའི་ཡོད་པ་ཉིད་དང། འཇུག་པ་རྣམ་པར་བཞག་པ་ལ་མཁས་པ་དེ་ཙམ་གྱི་མཁས་པ་ཡིན་ནོ། །དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་ ་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པར་འདོགས་ན་ཡང་ཇི་ཙམ་གྱིས་འདོགས་ལགས་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཇི་ཙམ་གྱི་སྒོ་ནས་མཁས་ནམ་མཁས་པར་འདོགས་པ་ལོགས་ཞེས་ཞུས་པ་ཡིན་ཏེ ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་བྱ་བ་ནི་གནས་གྱུར་པས་བསྡུས་པ་ཡང་དག་པར་ཤེས་པ་འཇིག་རྟེན་ལས་འདས་པའོ། །དེའི་སྒོ་ནས་མཁས་ནམ་མཁས་པར་འདོགས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་གསང་བ་ཀུན ་གཞི་རྣམ་པར་ཤེས་པའི་ལྡོག་པ་རྣམ་པར་བཞག་པ་ལ་མཁས་ན་དེ་ཙམ་གྱིས་མཁས་པར་འདོགས་པ་ཡིན་ནོ་ཡོངས་སུ་ཞུས་པའི་ཚིག་གདོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་རྒྱ་ཆེར་བསྟན་པའི་ཚིག་གི་དོན་ལ ་སོགས་པ་བཤད་པར་བྱ་སྟེ། དེ་ནི་དེ་ལྟར་ཡོངས་སུ་ཞུས་ནས། བཅོམ་ལྡན་འདས་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་རྒྱ་ཆེར་བསྟན་པ་གང་ཡིན་པའོ། །དེའི་ཕྱིར་བློ་གྲོས་ཡངས་པ་ཁྱོད་དེ་ལྟར་ཞེས་བྱ་བ་ལ ་སོགས་པ་གསུངས་སོ། །དེ་ལ་རྒྱ་ཆེར་བསྟན་པ་འདི་ནི་སེམས་ཀྱི་གསང་བ་ལ་ཤིན་ཏུ་རྨོངས་པ་གསུམ་གྱི་གཉེན་པོར་རྒྱ་ཆེར་བསྟན་ཏེ། ཤིན་ཏུ་རྨོངས་པ་རྣམ་པ་གསུམ་ནི་ངོ་བོ་ཉིད་ལ་ཤིན་ཏུ་རྨོངས་པ་དང། རབ་ཏུ་དབྱེ་བ་ལ་ཤིན་ཏུ ་རྨོངས་པ་དང། བརྒལ་བའི་ལན་ལ་ཤིན་ཏུ་རྨོངས་པའོ། །དེ་ལ་ངོ་བོ་ཉིད་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་བསྟན་པ་ནི། བློ་གྲོས་ཡང་ས་པ་འགྲོ་བ་དྲུག་གི་འཁོར་བ་འདི་ན་ཞེས་བྱ་བ་ནས། གཟུགས་ཅན་མ་ཡིན་པའི་ཁམས་ནི་ལེན ་པ་གཉིས་སུ་མེད་དོ་ཞེས་བྱ་བའི་བར་གྱིས་བསྟན་ཏེ། །རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་བསྟན་པ་ནི། བློ་གྲོས་ཡངས་པ་རྣམ་པར་ཤེས་པ་དེ་ནི་ལེན་པའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ་ཞེས་བྱ་བ་ནས། དེ་ཙམ་གྱིས་འདོགས ་སོ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །བརྒལ་བའི་ལན་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས ་བསྟན་ཏོ། །དེ་ལ་དང་པོར་ངོ་བོ་ཉིད་ལ་ཤིན་ཏུ་རྨོངས་པའི་གཉེན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ངོ་བོ་ཉིད་ཅེས་བྱ་བ་ནི་སེམས་དང་ཡིད་དང་རྣམ་པར་ཤེས་པ་གང་ཡིན་པའོ། །དེ་ལ་ཤིན་ཏུ་རྨོངས་པ་ནི་དེ་དག་གི་མཚན་ཉིད་མི ་ཤེས་པ་སྟེ། དེའི་གཉེན་པོར་ཀུན་གཞི་རྣམ་པར་ཤེས་པ་ནང་གི་ལེན་པར་རྣམ་པ་གཉིས་ཀྱི་སྐྱེ་གནས་སུ་ཉིད་མཚམས་སྦྱོར་ཞིང་འཁོར་བར་འཇུག་པ་རྣམ་པར་བཞག་པ་བསྟན་པ་ནི་ངོ་བོ་ཉིད་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་ཞེས་བྱའོ། །དེའི ་ཕྱིར་བློ་གྲོས་ཡངས་པ་འགྲོ་བ་དྲུག་གི་འཁོར་བ་འདི་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ལུས་མངོན་པར་གྲུབ་ཅིང་ཞེས་བྱ་བ་ནི་འབྱུང་བར་འགྱུར་བ་ཞེས་བྱ་བས་བཤད་དོ། དང་པོ་སྐྱེ་གནས་སུ་ཕུང་པོའི་ཉིད་མཚམས་སྦྱོར་བའི་གནས་སྐབས་དང་སྦྱར་རོ། །ལེན་པ་རྣམ་པ་གཉིས་པོ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་འཁོར་བར་འཇུག་ཅིང་ཉིད་མཚམས་སྦྱོར་བའི་རྒྱུ་གཉིས་ཏེ། ནང་གི་ལེན་པ་རྣམ་པ་གཉིས་པོ་རྟེན་དང་བཅས་པའི་དབང་པོ་གཟུགས་ཅན་ལེན་པ་དང། ཀུན་བརྟགས ་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་བག་ཆགས་ལེན་པ་ཞེས་བྱ་བ་དང་སྦྱར་རོ། །རྟེན་དང་བཅས་པའི་དབང་པོ་གཟུགས་ཅན་ལེན་བ་ཞེས་བྱ་བ་ལ་རྟེན་ཅེས་བྱ་བ་ནི་དབང་པོ་གཟུགས་ཅན་གྱི་རྟེན་དེ། ཟིན་པའི་ཕུང་པོ ་གཟུགས་ཅན་དུ་བགྲང་བ་གང་ཡིན་པའོ། །དབང་པོ་གཟུགས་ཅན་ཞེས་བྱ་བ་ནི་དབང་པོ་གཟུགས་ཅན་ལྔ་སྟེ། སྐབས་འདིར་ས་བོན་གྱི་སྒོ་ནས་ནི་ལྔ་ཆར་ཡོད་དོ། །མངོན་པར་གྲུབ་པའི་སྒོ་ནས་ན་ལུས་ཀྱི་དབང་པོ་འབའ་ཞིག་གཟུང་ངོ། །དེ ་ཡང་མངལ་ནས་སྐྱེས་པའི་སྐྱེ་བ་གནས་ཀྱི་སྐབས་སུ་ནི་གནས་གསུམ་པ་མ་ཉམས་བ་དེ་ཞིང་ཟླ་མཚན་དང་ལྡན་པ་དང། །ཕ་མ་ཆགས་པར་གྱུར་ཅིང་ཕྲད་པ་དང། དྲི་ཟ་ཉེ་བར་གནས་པ་དང་མངོན་དུ་གྱུར་ལ། བར་དུ་གཅོད་པ་རྣམ་པ ་གསུམ་པོས་སྐྱེ་གནས་ཀྱིས་ཉེས་པ་ལས་གྱུར་པ་དང། ས་བོན་གྱི་ཉེས་པ་ལས་གྱུར་པ་དང། ལས་ཀྱི་ཉེས་པ་ལས་གྱུར་པ་རྣམས་མེད་ཅིང་ཕ་མ་གཉིས་འདོད་ཆགས་སྤྱོད་པ་དང་ལ་བབ་པ་མཇུག་ཐོགས་ཁོ་ནར་ཁུ་བ་སྐ་བ་འབྱུང་པར་འགྱུར ་རོ། །དེའི་རྗེས་ཁོ་ན་ལ་ཕ་ལས་ཁུ་བ་ཐིགས་ཅིག་དང། མ་ལས་ཁྲག་ཐིགས་པ་ཅིག་གདོན་མི་ཟ་བར་འབྱུང་བར་འགྱུར་ཏེ། གཉི་གའི་ཁུ་བ་དང་ཁྲག་གི་ཐིགས་པ་དེ་གཉིས་མའི་སྐྱེ་གནས་སུ་འདྲེས་པར་གྱུར་ནས། དཔེར་ན་འོ་མ་བསྐོར ་བ་གྲངས་པའི་སྤྲིས་མ་བཞིན་དུ་ཆགས་ཤིང་འདུག་པ་དེ་ནི་རྟེན་དང་བཅས་པའི་དབང་པོ་གཟུགས་ཅན་ཞེས་བྱ་སྟེ། །དེར་ས་བོན་ཐམས་ཅད་པ་རྣམ་པར་སྨིན་པར་བསྡུས་པས་ལུས་ལེན་པོར་བྱེད་པ་ཀུན་གཞི་རྣམ་པར་ཤེས་པ་འཇུག་པར་འགྱུར། ་རོ། །དེ་ལྟར་ན་གཟུགས་དེ་སྔར་ཆགས་ལ། ཀུན་གཞི་རྣམ་པར་ཤེས་པ་ནི་ཕྱིས་འཇུག་པ་འདྲ་བས་དེར་ཀུན་གཞི་རྣམ་པར་ཤེས་པ་མ་ཞུགས་པའི་གནས་སྐབས་ན་གཟུགས་དེ་ལ་དབང་པོ་གཟུགས་ཅན་ཞེས་ཅིའི་ཕྱིར་བྱ་ཞེ་ན། དེ་གཉིས ་ནི་སྔ་ཕྱི་མེད་དེ། ཁུ་བ་དང་ཁྲག་འདུས་ནས་སྤྲིས་མ་ལྟ་བུར་གྱུར་པའི་སྐད་ཅིག་དེ་ཉིད་ལ་ཕྱིན་ཅི་ལོག་ཏུ་དམིགས་པ་བར་མདོའི་སྲིད་པའི་གཟུགས་དེ་འགག་ལ། དེ་འགག་པ་དང་དུས་ཅིག་ཁོ་ནར་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་དེ་དེར ་འཇུག་ཅིང་ཁུ་བ་དང་ཁྲག་འདུས་པ་དེ་ཡང་ཀུན་གཞི་རྣམ་པར་ཤེས་པ་ཟིན་པས་དེའི་ཚེ་ན་རྟེན་དང་བཅས་པའི་ལུས་ཀྱི་དབང་པོ་གཟུགས་ཅན་ཞེས་བྱ་སྟེ། ཁུ་བ་དང་ཁྲག་འདུས་པ་དེ་དང་ཀུན་གཞི་རྣམ་པར་ཤེས་པ་འཕོ་ཞིང་འཇུག་པ་དེ་ནི་སྐད་ཅིག ་གཅིག་གི་གནས་སྐབས་ཁོ་ནར་ལྷན་ཅིག་འབྱུང་བས་དེ་ནི་ཀུན་གཞི་རྣམ་པར་ཤེས་པ་འཁོར་བར་འཇུག་ཅིང་ཉིད་མཚམས་སྦྱོར་བའི་ལྷན་ཅིག་འབྱུང་པའི་རྒྱུ་ཡིན་ནོ། །དེའི་གནས་སྐབས་སུ་ཀུན་གཞི་རྣམ་པར་ཤེས་པ་གནས་པར་གྱུར་པ་ནི་ཉིད ་མཚམས་སྦྱོར་བ་ཞེས་བྱ་སྟེ། དེ་ནི་མེར་མེར་པོའི་དུས་ཡིན་ནོ། །མངལ་ནས་སྐྱེ་བའི་སྐྱེ་གནས་སུ་ཉིད་མཚམས་སུ་སྦྱོར་བའི་ཚུལ་ནི་དེ་ཡིན་ནོ། །རྫུས་ཏེ་སྐྱེ་བ་ནི་ལས་ཀྱི་སྐྱེ་གནས་ཅན་ཡིན་པས་དེ་ལ་ནི་འདི་མེད་དོ། །སྒོ་ང་ལས་སྐྱེ་བ་དང་།དྲོད་གཤེར་ལས ་སྐྱེ་བའི་སྐྱེ་གནས་གཉིས་སུ་ཉིད་མཚམས་སྦྱོར་བ་ལ་ཡང་སྒོ་ནའི?་སྦུགས་ཆགས་པ་དང། དྲོད་གཤེར་དུས་ལ་བབ་པས་དབང་པོ་གཟུགས་ཅན་གྱི་རྟེན་ཟིན་པའི་ཕུང་པོ་སེམས་ཅན་དུ་བགྲང་བའི་གནས་སྐབས་སུ་གྱུར་པ་གང་དུ་ཀུན་གཞི ་རྣམ་པར་ཤེས་པ་འཇུག་པར་གྱུར་པ་དེ་ཉིད་རྟེན་དང་བཅས་པའི་དབང་པོ་གཟུགས་ཅན་ལེན་པ་ཡིན་པ་ཞེས་བྱ་བར་སྦྱར་རོ། །མཚན་མ་ངད?་མིང་དང་རྣམ་པར་རྟོག་པ་ལ་ཐ་སྙད་འདོགས་བའི་བག་ཆགས་ལེན་པ་ཞེས་བྱ་བ་ནི་ཀུན་བརྟགས་པའི་ངོ་བོ ་ཉིད་ལ་མངོན་པར་ཞེན་པའི་བག་ཆགས་ཏེ། འཁྲུལ་པའི་རྒྱུ་དང་ལྡན་པའི་རྣམ་པར་རྟོག་པས་འདུ་བྱེད་ཀྱི་མཚན་མ་ལ་མིང་དང་ཐ་སྙད་འདོགས་པའི་སྤྲོས་པ་ནི་ཀུན་བརྟགས་བའི་ངོ་བོ་ཉིད་དེ། དེ་ལ་མངོན་པར་ཞེན་པའི་བག་ཆགས་ཀྱི་ཕྱི་མར་ཉིད ་མཚམས་སྦྱོར་བར་བྱེད་པས་དེ་ནི་ཀུན་གཞི་རྣམ་པར་ཤེས་པ་འཁོར་བར་འཇུག་ཅིང་ཉིད་མཚམས་སྦྱོར་བའི་བལྟོས་པའི་རྒྱུ་ཡིན་ནོ། །ས་བོན་ཐམས་ཅད་བའི་སེམས་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། ཐམས་ཅད ་ཀྱི་ས་བོན་དེ་ལ་ཡོད་པའི་ཕྱིར་རོ། །རྣམ་པར་སྨིན་ཅིང་ཞེས་བྱ་བ་ནི་དེ་ཁུ་བ་དང་ཁྲག་འདུས་པའི་ནང་དུ་ཉིད་མཚམས་སྦྱོར་བའི་དུས་ན་སྔོན་གྱི་ལས་ཀྱི་འབྲས་བུར་འགྲུབ་པའོ། །འཇུག་ལ་ཞེས་བྱ་བ་ནི་དོན་ཕ་མའི་ཁུ་བ་དང། ཁྲག་འདུས་པའི་གཟུགས ་ཀྱི་རྣམ་པ་གང་ཡིན་པ་དེ་དང། ཀུན་གཞི་རྣམ་པར་ཤེས་པ་སྐྱེ་གནས་ཀྱི་སྒོ་ནས་མངལ་དུ་འཕོ་ཞིང་གྲུབ་པ་དང་བདེ་བ་གཅིག་པར་འགྱུར་བའོ། །རྒྱས་ཤིང་ཞེས་བྱ་བས་ནི་དེ་ཕྱིན་ཆད་རྒྱུན་གྱིས་འཇུག་པའི་ཕྱིར་རོ། །འཕེལ་བ་ཞེས་བྱ་བ་ནི་འཇུག ་པའི་རྣམ་པར་ཤེས་པ་འབྱུང་བའི་དུས་ནའོ། །ཡངས་པར་འགྱུར་རོ་ཞེས་བྱ་བ་ནི་འཇུག་པའི་རྣམ་པར་ཤེས་པ་དེ་དག་གིས་བག་ཆགས་བསྒོས་པའི་ཕྱིར་རོ། །ཡང་ན་གཅིག་ནས་གཅིག་ཏུ་རྒྱུད་དེ་འབྱུང་བའི་ཕྱིར་རོ། །གཟུགས་ཅན་གྱི་ཁམས ་ན་ནི་ལེན་པ་གཉི་ག་ཡོད་ལ་ཞེས་བྱ་བ་ནི་འདོད་པའི་ཁམས་གང་ན་མངལ་དང། སྒོ་ང་དང་དྲོད་གཤེར་ལས་སྐྱེ་བ་དེ་ནི་རྒྱུ་སྔར་སྨོས་པ་གཉིས་ཀ་ཡོད་པའོ། །གཟུགས་ཅན་མ་ཡིན་པའི་ཁམས་ན་ནི་ལེན་པ་གཉིས་སུ་མེད་དོ་ཞེས་བྱ་བ་ནི་ལེན ་པ་གཅིག་ཡོད་པ་སྟེ། དེ་ན་གཟུགས་མེད་པའི་ཕྱིར་རྟེན་དང་བཅས་པའི་དབང་པོ་གཟུགས་ཅན་ནི་མེད་ཀྱི། བག་ཆགས་འབའ་ཞིག་ལ་བལྟོས་ནས་སྐྱེའོ། །གཟུགས་ཀྱི་ཁམས་ནི་གཟུགས་ཅན་ཡིན་ཡང་དེ་ན་བརྫུས་ཏེ་སྐྱེ་བས། དེ་ན་ཡང ་དབང་པོ་གཟུགས་ཅན་མེད་དོ། །སྔར་ཀུན་གཞི་རྣམ་པར་ཤེས་པའི་དམིགས་པ་རྣམ་པ་གཉིས་པོ་ནང་གི་ལེན་པ་རྣམ་པར་རིག་པ་དང། ཕྱི་རོལ་གྱི་སྣོད་རྣམ་པ་ཡོངས་སུ་མ་ཆད་པ་རྣམ་པར་རིག་པ་ཞེས་བསྟན་པ་ལ་ནང་གི་ལེན་པ་རྣམ་པར་རིག་པ ་རྣམ་པ་གཉིས་ཏེ། རྟེན་དང་བཅས་པའི་དབང་པོ་གཟུགས་ཅན་དང། ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་བག་ཆགས་ཏེ། དེ་གཉིས་ནི་ཀུན་གཞི་རྣམ་པར་ཤེས་པ་ཉིད་མཚམས་སྦྱོར་བའི་རྒྱུ་ཡང་ཡིན་དམིགས་པ་ཡང་ཡིན་ཏེ། དེ་ནི ་སྐབས་འདིར་རྟེན་དང་བཅས་པའི་དབང་པོ་གཟུགས་ཅན་ལེན་པ་དང། མཚན་མ་དང། མིང་དང། རྣམ་པར་རྟོག་པ་ལ་ཐ་སྙད་འདོགས་པའི་སྤྲོས་བའི་བག་ཆགས་ལེན་པ་ཞེས་བྱ་བ་ལེན་པ་རྣམ་པ་གཉིས་བསྟན་པ་དང་སྦྱར་རོ། །ཕྱི་རོལ་གྱི་སྣོད་ཀྱི་རྣམ ་པ་ཡོངས་སུ་མ་ཆད་པ་རྣམ་པར་རིག་པ་ནི་ཀུན་གཞི་རྣམ་པར་ཤེས་པ་ནང་གི་ལེན་པ་རྣམ་པར་རིག་པའི་དམིགས་པ་གང་ཡིན་པ་དེ་ཉིད་ལ་བརྟེན་ནས་རྟག་ཏུ་རྒྱུན་མི་འཆད་པར་འཇིག་རྟེན་དང་སྣོད་ཀྱི་རྒྱུན་བྱེ་བྲག་ཏུ་མི་འབྱེད་པར་རྣམ་པར་རིག་པ་སྟེ། དེ་ནི ་ཀུན་གཞི་རྣམ་པར་ཤེས་པའི་ཉིད་མཚམས་སྦྱོར་བས། རྣམ་པར་སྨིན་པའི་བདག་ཉིད་དུ་གྱུར་བའི་དམིགས་པ་ཡིན་པར་རིག་པར་བྱ་སྟེ། དམིགས་པ་དེས་ཕྱི་མར་ཉིང་འཚམས་སྦྱོར་བའི་བག་ཆགས་ལེན་པ་ཡང་སོགས་པར་བྱེད་དོ། །དེ་ལྟར་ན ་ནང་གི་ལེན་པ་རྣམ་པ་གཉིས་ལ་བརྟེན་ནས། ཀུན་གཞི་རྣམ་པར་ཤེས་པ་འཁོར་བར་འཇུག་ཅིང་ཉིད་མཆམས་སྦྱོར་བའི་ཚུལ་བསྟན་པ་འདི་ནི་ངོ་བོ་ཉིད་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་སེམས་ཀྱི་གསང་བ་ལ་མཁས་པ་ཞེས་བྱ་སྟེ། སྔར་ཀུན ་བཞི་རྣམ་པར་ཤེས་པའི་ངོ་བོ་ཉིད་དང། དེའི་ཡོད་པ་ཉིད་དང་དམིགས་པས་འཇུག་པ་རྣམ་པར་བཞག་པ་བསྟན་པ་ཡང་སྐབས་འདིར་བསྟན་པར་སྦྱར་རོ། །ངོ་བོ་ཉིད་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད ་ཟིན་ཏོ། །དེའི་འོག་ཏུ་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ནི་ཀུན་གཞི་རྣམ་པར་ཤེས་བ་རབ་ཏུ་དབྱེ་བ་རྣམ་པ་ལྔ་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་རྣམ་པ་ལྔ་བསྟན་པ ་གང་ཡིན་པའོ། །རབ་ཏུ་དབྱེ་བ་རྣམ་པ་ལྔ་ལ་ཤིན་ཏུ་རྨོངས་པ་ནི་མཚན་ཉིད་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པ་དང། ལས་ཀྱི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པ་དང། འཇུག་པའི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པ་དང། ་ཀུན་རྫོབ་ཀྱི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པ་དང། དོན་དམ་པའི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའོ། །དེ་ལ་མཚན་ཉིད་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་བསྟན་པ་ནི། བློ་གྲོས་ཡངས་པ་རྣམ་པར་ཤེས་པ་དེ་ནི་ལེན་པའི ་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ་ཞེས་བྱ་བ་དང། ཀུན་གཞི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ་ཞེས་བྱ་བ་དང། སེམས་ཞེས་ཀྱང་བྱ་སྟེ་ཞེས་བྱ་བའི་ཚིག་དེ་གསུམ་གྱིས་བསྟན་ཏེ། །ལས་ཀྱི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་བསྟན ་པ་ནི། འདི་ལྟ་སྟེ་ལུས་འདི་གཟུང་ཞིང་བླང་བའི་ཕྱིར་རོ་ཞེས་བྱ་བ་དང། འདི་ལྟ་སྟེ་ལུས་འདི་གྲུབ་པ་དང། བདེ་བ་གཅིག་པའི་དོན་གྱིས་ཀུན་ཏུ་སྦྱོར་བ་དང། རབ་ཏུ་སྦྱོར་བར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་དང། འདི་ལྟ་སྟེ་དེ་ནི་གཟུགས་དང། ་སྒྲ་དང། དྲི་དང། རོ་དང། རེག་བྱ་དང། ཆོས་རྣམས་ཀྱིས་ཀུན་ཏུ་བསགས་པ་དང་ཉེ་བར་བསགས་པའི་ཕྱིར་རོ་ཞེས་བྱ་བའི་ཚིག་དེ་གསུམ་གྱིས་བསྟན་ཏོ། །འཇུག་པའི་བར་དུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་བསྟན་པ་ནི། བློ ་གྲོས་ཡངས་པ་ལེན་པའི་རྣམ་པར་ཤེས་པ་དེ་ལ་བརྟེན་ཅིང་གནས་ནས་ཞེས་བྱ་བ་ནས། གལ་ཏེ་རྣམ་པར་ཤེས་པའི་ཚོགས་ལྔ་ཆར་གྱི་བར་དག་ལྷན་ཅིག་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན་ཡང་རྣམ་པར་ཤེས་པའི་ཚོགས་ལྔ་ཆར་ལྷན ་ཅིག་འབྱུང་ངོ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །ཀུན་རྫོབ་ཀྱི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་བསྟན་པ་ནི་བློ་གྲོས་ཡངས་པ་དེ་ལྟར་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ལུགས་ཤེས་པ་ལ་བརྟེན་ཅིང་ཞེས་བྱ་བ་ནས། དེ་ཙམ་གྱིས་ཐམས ་ཅད་ཀྱི་ཐམས་ཅད་དུ་མི་འདགས་སོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །དོན་དམ་པའི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་བསྟན་པ་ནི། བློ་གྲོས་ཡངས་པ་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ནང་གི་ལེན་པ་མི་མཐོང་ཞེས་བྱ་བ ་ནས། དེ་ཙམ་གྱིས་འདོགས་སོ་ཞེས་བྱ་བའི་བར་གྱིས་བསྟན་ཏེ། དེ་ལ་དང་པོར་མཚན་ཉིད་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ནི་ཀུན་གཞི་རྣམ་པར་ཤེས་པ་དེ་ལ་ལེན་པའི ་རྣམ་པར་ཤེས་པ་ཞེས་ཀྱང་བྱ། ཀུན་གཞི་རྣམ་པར་ཤེས་པ་ཞེས་ཀྱང་བྱ། སེམས་ཞེས་ཀྱང་བྱའོ་ཞེས་རྣམ་གྲངས་གསུམ་གསུངས་བ་དེ་དག་གི་ཀུན་གཞི་རྣམ་པར་ཤེས་པའི་མཚན་ཉིད་རབ་ཏུ་དབྱེ་བ་མི་ཤེས་པ་དེའི་གཉེན་པོར་དེ་གསུམ ་གྱི་མཚན་ཉིད་རབ་ཏུ་དབྱེ་བ་མཁས་པ་གང་ཡིན་པའོ། །དེའི་ཕྱིར་བློ་གྲོས་ཡངས་པ་རྣམ་པར་ཤེས་པ་དེ་ནི་ལེན་པའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ་ཞེས་བྱ་བ་དང། ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་སྟེ་ཞེས་བྱ་བ་དང། སེམས་ཞེས ་ཀྱང་བྱ་སྟེ་ཞེས་བྱ་བ་གསུངས་ཏེ། སྔར་ཀུན་གཞི་རྣམ་པར་ཤེས་པའི་ངོ་བོ་ཉིད་བསྟན་བའི་སྐབས་སུ་ས་བོན་ཐམས་ཅད་དང་ལྡན་པ་གནས་ཀྱི་དངོས་པོར་གྱུར་པ་གནས་ཀྱི་དངོས་པོར་གནས་པ་ལེན་པར་བྱེད་པ་ཞེས་བྱ་བའི་ཚིག་བཞི་སྨོས་པ་ཡང ་སྐབས་འདི་ཉིད་ཀྱིས་སྟོན་ཏེ། དེ་དག་གི་དོན་ནི་ལས་ཀྱི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་བསྟན་པའི་སྐབས་སུ་འོ་གནས་འཆང་དོ། །དེའི་འོག་ཏུ་ལས་ཀྱི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་བསྟན་པའི་ཚིག་གི་དོན་ལ ་སོགས་པ་བཤད་པར་བྱ་སྟེ། །དེའི་མཚན་ཉིད་སྔར་བསྟན་པ་དེའི་གཏན་ཚིགས་མི་ཤེས་པའི་གཉེན་པོར་ལས་འདི་དང་འདི་ལྟ་བུ་བྱེད་པའི་ཕྱིར་ལེན་པའི་རྣམ་པར་ཤེས་པ་དང། ཀུན་གཞི་རྣམ་པར་ཤེས་པ་དང། སེམས་ཞེས་བྱའོ་ཞེས ་སྔ་མའི་གཏན་ཚིགས་སུ་ཀུན་གཞི་རྣམ་པར་ཤེས་པ་ལས་ཀྱི་རབ་ཏུ་དབྱེ་བ་བསྟན་པ་གང་ཡིན་པའོ། །དེ་ལ་རེ་ཞིག་ཅིའི་ཕྱིར་ལེན་པའི་རྣམ་པར་ཤེས་པ་ཞེས་བྱ་ཞེ་ན། དེའི་ཕྱིར་འདི་ལྟར་འདིས་ལུས་འདི་བཟང? ་ཞིང་བླངས་པའི་ཕྱིར་རོ་ཞེས་བྱ་བ་གསུངས་ཏེ། དེ་ལ་བཟུང་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ངེས་གཟུགས་དང། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་ཀྱི་ཕུང་པོ་ཉེ་བར་ལེན་ཅིང་མདུང་ཁྱིམ་གྱི་ཚུལ་དུ་གཅིག་ལ་གཅིག་བརྟེན་ཅིང་གནས་ཀྱི ་དངོས་པོར་གནས་པའོ། །བླངས་པ་ཞེས་བྱ་བ་ནི་དེས་ཟིན་ན་གཟུགས་ཀྱི་ལུས་འདི་སེམས་ཅན་གྱི་དངོས་པོ་བགྲང་བ་ཉིད་དུ་འགྱུར་བར་བདག་གིར་བྱས་པ་སྟེ། དེ་གཉིས་ཀྱིས་ནི་གནས་ཀྱི་དངོས་པོར་གནས་པར་ལེན་པར་བྱེད་པ་ཞེས་སྔར་སྨོས་པའི ་ཚིག་དེ་གཉིས་གོ་རིམ་བཞིན་དུ་བསྟན་ཏེ། དེའི་ཕྱིར་ལེན་པའི་རྣམ་པར་ཤེས་པ་ཞེས་བྱའོ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་ཞེ་ན། དེའི་ཕྱིར་འདི་ལྟར་དེ་ལྟར་དེ་ལུས་འདི་ལ་གྲུབ་པ་དང་བདེ་བ་གཅིག་པའི་དོན ་གྱི་ཀུན་ཏུ་སྦྱོར་བ་དང། རབ་ཏུ་སྦྱོར་བར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་གསུངས་ཏེ། ལུས་འདི་ལ་གྲུབ་པ་དང་བདེ་བ་གཅིག་པའི་དོན་གྱིས་ཤེས་པར་བྱ་བ་ནི་སེམས་ཀྱི་དབང་གིས་ཀྱང་ལུས་འདི་དུལ་པ་ལ་སོགས་པར་མི་འགྱུར་ལ། །ལུས་ཀྱི་འབྱུང་བ ་དང། འབྱུང་བ་ལས་གྱུར་པའི་ཕན་པ་དང། གནོད་པ་ལ་སོགས་པའི་དབང་གིས་ཀྱང་སེམས་དང་སེམས་ལས་བྱུང་བདག་བདེ་བ་དང་སྡུག་བསྔལ་ལ་སོགས་པར་འགྱུར་བར་འབྲེལ་བའི་དོན་གྱིས་ཤེས་པར་བྱ་བའི་ཐ་ཚིག་གོ་།ཀུན་ཏུ་སྦྱོར་བ་ཞེས ་བྱ་བས་ནི་སྔར་ཀུན་གཞི་རྣམ་པར་ཤེས་པའི་ངོ་བོ་ཉིད་བསྟན་པའི་སྐབས་སུ་ས་བོན་ཐམས་ཅད་དང་ལྡན་པ་གནས་ཀྱི་དངོས་པོར་གྱུར་པ་ཞེས་སྨོས་པས་བསྟན་ཏོ། །རབ་ཏུ་སྦྱོར་བ་ཞེས་བྱ་བས་ནི་སྔར་ཀུན་གཞི་རྣམ་པར་ཤེས་པའི་ངོ་བོ་ཉིད་བསྟན་པའི ་སྐབས་སུ་གནས་ཀྱི་དངོས་བོར་གནས་པ་ལེན་པར་བྱེད་པ་ཞེས་སྨོས་པ་བསྟན་ཏེ། ཚིག་དེ་བཞི་ཡང་ཇི་ལྟར་ན་ས་བོན་ཐམས་ཅད་དང་ལྡན་པ་ཡིན་ཞེ་ན། གནས་ཀྱི་དངོས་པོར་གྱུར་པའི་ཕྱིར་རོ། །ཇི་ལྟར་ན་གནས་ཀྱི་དངོས་པོར་གནས་པ་ཡིན་ཞེ་ན་། ་ལན་པར་བྱེད་པ་ཡིན་པའི་ཕྱིར་རོ་ཞེས་ཚིག་སྔ་མ་ཕྱི་མས་བཤད་དོ། རྣམ་པར་སྨིན་པར་བསྡུས་པ་ཀུན་གཞི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན་པར་སྦྱར་རོ། །ཡང་དོན་གཞན་དུ་ན་ཕུང་པོ་ལྔས་བསྡུས་པའི་ཆོས་རྣམས་ཀྱི་བག་ཆགས་ཀྱི་བརྟེན ་ཡིན་པའི་ཕྱིར་ནི་ས་བོན་ཐམས་ཅད་དང་ལྡན་པ་གནས་ཀྱི་དངོས་བོར་གྱུར་པ་ཞེས་གསུངས་ཏེ། སྔར་གཅིག་གི་རྐྱེན་ཉིད་ཅིག་ཡིན་པས་འཇུག་པའི་རྣམ་པར་བཞག་པ་བསྟན་པའི་སྐབས་སུ་ཀུན་གཞིའི་རྣམ་པར་ཤེས་པ་ནི་རྣམ་པ་གཉིས་ཀྱིས ་འཇུག་པའི་རྣམ་པར་ཤེས་པའི་རྐྱེན་གྱིས་བྱ་བ་བྱེད་དེ། ས་བོན་གྱི་དངོས་བོ་དང། རྟེན་བྱེད་པས་ཞེས་སྨོས་པ་དང་སྦྱར་རོ། །དེས་ཟིན་པ་མིག་ལ་སོགས་པའི་གནས་ཀྱི་དངོས་པོ་ཉིད་ལེན་པའི་ཕྱིར་ནི་གནས་ཀྱི་དངོས་པོར་གནས་པ་ལེན་པར་བྱེད་པ ་ཞེས་བྱ་བ་གསུངས་ཏེ། རྣམ་པར་ཤེས་པ་དང་མིང་དང་གཟུགས་དག་མདུང་ཁྱིམ་གྱི་ཚུལ་དུ་གཅིག་ལ་གཅིག་བརྟེན་ཅིང་གནས་ཀྱི་དངོས་པོར་གནས་པའི་ཕྱིར་དང། དེས་ཟིན་ན་གཟུགས་ཀྱང་སེམས་ཅན་གྱི་དངོས་པོར་བགྲང་བ་ཉིད་དུ་འགྱུར་བའི་ཕྱིར ་རོ། །ཡང་ན་དོན་གཞན་དུ་ན་ཚིག་བཞི་པོ་དེ་དག་གིས་ནི་མཐོང་བ་དང། གནས་དང། འཕེལ་བ་དང། ཆུད་མི་ཟ་བའི་བྱེ་བྲག་གིས་རྒྱུ་རྣམ་པ་བཞི་བསྟན་ཏེ། གོ་རིམ་བཞིན་ནོ། །ཡང་དོན་གཞན་དུ་ན་ཚིག་བཞི་པོ་དེ་དག་གིས་ནི་ཀུན་གཞི་རྣམ་པ ་བཞི་བསྟན་ཏེ། འབྱུང་བ་དང་ལྡན་པའི་འདུ་བྱེད་རྣམས་དེ་ལ་འབྲས་བུའི་དངོས་པོར་སྦྱར་བར་བྱེད་པ་དང། དེ་དག་ལ་དེའི་རྒྱུའི་དངོས་བོར་སྦྱོར་བར་བྱེད་པའི་ཕྱིར་ཀུན་གཞི་ཞེས་བྱ་བ་དང། སེམས་ཅན་རྣམས་ལ་བདག་ཏུ་སྦྱོར་བར་བྱེད་པའི་ཕྱིར་ཀུན ་གཞི་ཞེས་བྱ་བ་དང། དེ་དང་པོར་ཁོ་ནར་མེད་མེར་པོར་ཞུགས་བན་གྲུབ་པ་དང་བདེ་བ་གཅིག་པའི་ཕྱིར་ཀུན་གཞི་ཞེས་བྱ་བ་དང། དེས་ལུས་ཟིན་པའི་ཕྱིར་ལེན་པར་བྱེད་བའི་དོན་ནི་ཀུན་བཞི་ཞེས་བྱ་བ་སྟེ། གོ་རིམས་བཞིན་དུ་སྦྱར ་རོ། །དེ་ལྟར་ན་ཚིག་བཞི་པོ་དེ་དག་གིས་ནི་ཀུན་གཞི་དོན་གསལ་བ་ཁོ་ནར་བསྟན་བ་ཡིན་ཏེ་དེའི་ཕྱིར་ཀུན་གཞི་རྣམ་བར་ཤེས་པ་ཞེས་བྱའོ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་སེམས་ཞེས་བྱ་ཞེ་ན། དེའི་ཕྱིར་འདི་ལྟར་དེ་ནི་གཟུགས་དང། སྒྲ་དང། དྲི་དང། ་རོ་དང། རེག་བྱ་དང། ཆོས་རྣམས་ཀྱིས་ཀུན་ཏུ་བསགས་པ་དང་ཉེ་བར་བསགས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་གསུངས་ཏེ། ཀུན་ཏུ་བསགས་པ་དང་ཉེ་བར་བསགས་པ་ཞེས་བྱ་བས་ནི་སྔར་ཅིག་གི་རྐྱེན་ཉིད་གཅིག་ཡིན་པས་འཇུག་པ་རྣམ་པར ་བཞག་པའི་བསྟན་པའི་སྐབས་སུ་འཇུག་པའི་རྣམ་པར་ཤེས་པ་ཡང་རྣམ་པར་ཉིས་ཀྱི་ཀུན་གཞི་རྣམ་པར་ཤེས་པའི་རྐྱེན་གྱི་བྱ་བ་བྱེད་དེ། ཚེ་འདི་ལ་ས་བོན་ཡོངས་སུ་རྟས་པར་བྱེད་པ་དང། ཕྱི་མ་ལ་དེ་མངོན་པར་འགྲུབ་པའི་ས་བོན་ཡོངས་སུ་འཛིན ་པར་བྱེད་པས་སོ་ཞེས་སྨོས་པས་བསྟན་ཏེ། འཇུག་པའི་རྣམ་པར་ཤེས་པ་དེ་དག་ཉིད་ཀྱི་ས་བོན་གྱིས་ཀུན་ཏུ་བསགས་པ་དང། དེ་དག་དམིགས་པ་གཟུགས་ལ་སོགས་པའི་བག་ཆགས་ཀྱི་ཉེ་བར་བསགས་པ་ཡིན་པས་ན་སེམས་ཞེས་བྱའོ་ཞེས་བྱ ་བར་སྦྱར་རོ། །དེ་ལྟར་ན་ལུས་འདི་འཛིན་ཅིང་ལེན་པར་བྱེད་བ་དང། ལུས་འདི་ལ་གྲུབ་པ་དང། བདེ་བ་གཅིག་པའི་དོན་གྱིས་ཀུན་ཏུ་སྦྱར་བ་དང། རབ་ཏུ་སྦྱོར་བར་བྱེད་པ་དང། གཟུགས་ལ་སོགས་པའི་ས་བོན་ཀུན་ཏུ་བསགས་པ་དང་ཉེ་བར ་བསགས་པའི་བག་ཆགས་སོགས་པར་བྱེད་པ་ཉིད་དེའི་ལས་ཡིན་ཏེ། སྔར་ཀུན་གཞི་རྣམ་པར་ཤེས་པའི་ལས་ནི་སྣོད་རྣམ་པར་རིག་པ་དང། གནས་རྣམ་པར་རིག་པར་བྱེད་པའོ། ཞེས་སྨོས་པ་ཡང་སྐབས་འདི་ཉིད་ཀྱིས་བསྟན་ཏེ། དེ་ནི་ལས ་ཀྱི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་བསྟན་བ་ཡིན་ནོ། །དེའི་འོག་ཏུ་འཇུག་པའི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ནི་དེ་ལྟར་ཀུན་གཞི་རྣམ་པར་ཤེས་པ་དེ་ནང ་གི་ལོན་པ་རྣམ་པ་གཉིས་ལ་བརྟེན་ཏེ་སྐྱེ་གནས་སུ་ཉིད་མཚམས་སྦྱོར་བས། དེ་ཕྱིན་ཆད་ཕྱི་རོལ་གྱི་སྣོད་རྣམ་པ་ཡོངས་སུ་མཆད་པ་རྣམ་པར་རིག་བས་འཇུག་པ་ན་ལེན་པའི་རྣམ་པར་ཤེས་པ་དེ་ཉིད་ལ་བརྟེན་ནས་འཇུག་པའི་རྣམ་པར་ཤེས་པའི ་ཚོགས་དྲུག་པོ་དག་ཇི་ལྟར་འབྱུང་ཞིང། ཡུལ་རྣམས་ལ་རེག་པའི་རིམ་གྱིས་འཁོར་བར་འཇུག་ཅིང་མི་ཤེས་པའི་གཉེན་པོར་དེ་དག་གི་ཚུལ་རྒྱ་ཆེར་བསྟན་པ་གང་ཡིན་པའོ། །དེའི་ཕྱིར་བློ་གྲོས་ཡངས་པ་ལེན་པའི་རྣམ་པར་ཤེས་པ་དེ་ལ ་བརྟན་ཅིང་གནས་ནས་རྣམ་པར་ཤེས་པའི་ཚོག་དྲུག་པོ་འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པ་དང། རྣ་བ་དང།། སྣ་དང། ལྕེ་དང། ལུས་དང། ཡིད་ཀྱི་རྣམ་པར་ཤེས་པ་དག་འབྱུང་ངོ་ཞེས་བྱ་བ་ལ་སོགས་པོ་གསུངས་ཏེ། འདིས་ནི་འཇུག ་པའི་རྣམ་པར་ཤེས་པ་དེ་དག་གི་ངོ་བོ་ཉིད་དང། གནས་དང། དམིགས་པ་དང། གྲོགས་དང། ལས་དང། ཡོད་པ་ཉིད་དང། རབ་ཏུ་དབྱེ་བདག་གི་ཅི་རིགས་པར་སྟོན་ཏོ། །དེ་ལ་རྣམ་པར་ཤེས་པ་དང་བཅས་པའི་མིག་ཅེས་བྱ་བས་ནི་དེ་དག་དང ་མཚུངས་པའི་མིག་ལ་སོགས་པ་མ་རྟོགས་པར་མཚུངས་པའི་མིག་བསྟན་ཏེ། དེས་ནི་མིག་གི་རྣམ་པར་ཤེས་པའི་ལྷན་ཅིག་འབྱུང་བའི་གནས་བསྟན་ཏོ། །གཟུགས་རྣམས་ཞེས་བྱ་བས་ནི་གཟུགས་བསྟན་དུ་མེད་ལ། ཐོགས་པ་དང་བཅས ་པ་ལ་སོགས་པ་མ་རྟོགས་པར་གཟུགས་བསྟན་དུ་ཡོད་ལ། ཐོགས་པ་དང་བཅས་པ་བསྟན་ཏེ། དེས་ནི་མིག་གི་རྣམ་པར་ཤེས་བའི་དམིགས་པ་བསྟན་ཏོ། །མིག་གི་རྣམ་པར་ཤེས་པ་འབྱུང་སྟེ། ཞེས་བྱ་བ་ནི་མིག་ལ་བརྟེན་ནས ་གཟུགས་སོ་སོར་རིག་བའི་རྣམ་བར་ཤེས་པ་བསྟན་ཏེ། དེས་ནི་མིག་གི་རྣམ་པར་ཤེས་པའི་ངོ་བོ་བསྟན་ཏོ། །མིག་གི་རྣམ་བར་ཤེས་པ་དེ་དང་ལྷན་ཅིག་རྗེས་སུ་འཇུག་པ། དུས་མཚུངས་པ། སྤྱོད་ཡུལ་མཚུངས་པ་དང ་རྣམ་པར་རྟོག་པ་ཡིད་ཀྱི་རྣམ་པར་ཤེས་པ་ཡང་འབྱུང་ངོ་ཞེས་བྱ་བ་ལ། ལྷན་ཅིག་རྗེས་སུ་འཇུག་པ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བ་སྟེ། དེས་ནི་མིག་གི་རྣམ་པར་ཤེས་པ་དང། རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར ་ཤེས་པ་ལྷན་ཅིག་གི་དངོས་པོས་འཇུག་པ་རྣམ་པར་བཞག་པ་བསྟན་ཏོ། །དུས་མཚུངས་བ་ཞེས་བྱ་བས་ནི་སྐད་ཅིག་ཁོ་ན་ལ་སྔ་ཕྱི་མེད་པར་འབྱུང་བ་སྟེ། དེས་ནི་མིག་གི་རྣམ་པར་ཤེས་པ་དང། རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་གཅིག་གི ་རྐྱེན་ཉིད་གཅིག་ཡིན་པས་འཇུག་པ་རྣམ་བར་བཞག་པ་བསྟན་ཏོ། །སྤྱོད་ཡུལ་མཚུངས་པ་ཞེས་བྱ་བས་ནི་དམིགས་པའི་རྣམ་པ་གཅིག་ཁོ་ན་ལ་རབ་ཏུ་མཆེད་པར་འབྱུང་བ་སྟེ། དེས་ནི་མིག་གི་རྣམ་པར་ཤེས་པ་དང། རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར ་ཤེས་པ་དམིགས་པས་འཇུག་པ་རྣམ་པར་བཞག་པ་བསྟན་ཏོ། །གྲོག་དང་མཚུངས་པར་ལྡན་པར་འཇུག་པ་རྣམ་པར་བཞག་པ་ཡང་ཅི་རིགས་པར་རིག་བར་བྱ་སྟེ། དེ་ཡང་མིག་གི་རྣམ་པར་ཤེས་པ་དེ་དང་ལྷན་ཅིག་འབྱུང་ཞིང་མཚུངས་པར་ལྡན་པ ་སེམས་ལས་བྱུང་བའི་ཆོས་ཀུན་ཏུ་འགྲོ་བ་ལྔ་པོ་ཡིད་ལ་བྱེད་པ་དང། རེག་པ་དང། ཚོར་བ་དང། འདུ་ཤེས་དང། སེམས་པ་དག་གོ་།ཀུན་ཏུ་འགྲོ་བ་ལྔ་པོ་དེ་དག་ནི་གང་གི་ཚེ་མིག་གི་རྣམ་པར་ཤེས་པ་སྐྱེ་བ་དེའི་ཚེ་ནི། གདོན་མི་ཟ་བར་འབྱུང་བ ་ཡིན་པས་ན་གྲོགས་ཀྱང་ཡིན་ལ་མཚུངས་པར་ལྡན་པས་འཇུག་པ་ཡང་ཡིན་ཏེ། ཇི་ལྟར་གདོན་མི་ཟ་བར་འབྱུང་ཞེ་ན། བཅོམ་ལྡན་འདས་ཀྱིས་མིག་ཀྱང་ཡོངས་སུ་མཉམས་ལ། གཟུགས་ཀྱང་སྣང་བར་གྱུར་དུ་ཟིན་ཀྱང་དེ་དང་འབྱུང་བ་ཡིད་ལ ་བྱེད་པ་ཉེ་བར་གནས་པར་མ་གྱུར་ན། དེ་དང་འབྱུང་བའི་མིག་གི་རྣམ་པར་ཤེས་པ་འབྱུང་བར་མི་འགྱུར་གྱི། འདི་ལྟར་མིག་ཀྱང་ཡོངས་སུ་མཉམས་ལ་གཟུགས་ཀྱང་སྣང་བར་གྱུར་ཅིང་དེ་དང་འབྱུང་བ་ཡིད་ལ་བྱེད་པ་ཡང་ཉེ་བར་གནས་པར་? ་དེའི་ཕྱིར་དེ་དང་འབྱུང་གི་མིག་གི་རྣམ་པར་ཤེས་པ་འབྱུང་བར་འགྱུར་རོ། །མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་སྟེ། གསུམ་འདུས་པའི་རེག་པའོ། །རེག་པ་དང་ལྷན་ཅིག་སྐྱེས་བ་ནི་ཚོར་བ་དང། འདུ་ཤེས་དང་མི? ་སེམས་པའོ་ཞེས་གསུངས་པས། དེའི་ཕྱིར་དེ་དག་མིག་གི་རྣམ་པར་ཤེས་པ་སྐྱེ་བའི་ཚེ་ན་གདོན་མི་ཟ་བར་འབྱུང་བ་ཡིན་ནོ། །འོ་ན་ཅིའི་ཕྱིར་ལྔ་ཁོ་ནར་ངེས་ཞེ་ན། དེ་དག་ལས་གང་ཡང་རུང་བ་ཞིག་མེད་ན་ཡུལ་གྱི་ལོངས་སྤྱོད་ཀྱི་བྱ་བ་ཡོངས་སུ་རྫོགས ་པར་མི་འགྱུར་བའི་ཕྱིར་ནི་ཉུལ་བ་མ་ཡིན་ལ། འདུན་པ་དང་མོས་པ་ལ་སོགས་པས་གཞན་དག་གི་ཡུལ་སོ་སོར་ངེས་པ་ཡིན་པས་ཀུན་ཏུ་འགྲོ་བ་མ་ཡིན་བའི་ཕྱིར་ནི་མང་བ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་ཡིད་ལ་བྱེད་པ་དང་སེམས་བ་མེད ་ནམ་བསྒྲུབས་ཤིང་མངོན་པར་འདུས་མ་བྱས་པར་རྣམ་པར་ཤེས་པ་མི་འབྱུང་ལ། འདུ་ཤེས་དང་ཚོར་བ་མེད་ན་ཡུལ་ལ་མཚན་མར་འཛིན་པ་དང། མྱོང་བ་མེད་པར་འགྱུར་བས་རྣམ་པར་ཤེས་པ་འབྱུང་བ་ནི་དོན་མེད་པར་འགྱུར་རོ། །རེག་པ་མེད་ན་ཚོར ་བ་དང་འདུ་ཤེས་དང་སེམས་བདག་ཀྱང་རྟེན་མེད་བས་མི་འབྱུང་བའི་ཕྱིར་ལྔ་ལས་ཉུང་བ་ཡང་མ་ཡིན་ལ། འདུན་པ་ནི་འདོད་པའི་དངོས་པོ་ཁོ་ན་བྱུང་གི་གཞན་ཡང་མ་ཡིན་ལ། མོས་པ་ཡང་ངེས་པའི་དངོས་པོ་ཁོ་ན་ལས་བྱུང་ཞིང་གཞན་ལ་མ་ཡིན་ཏེ ་དེ་དག་ལ་སོགས་པ་གཞན་ཡང་འཁྲུལ་བ་ཡོད་པས་མ་ངེས་པའི་ཕྱིར་ལྔ་ལས་མང་བ་ཡང་མ་ཡིན་ཏེ། དེའི་ཕྱིར་ཀུན་ཏུ་འགྲོ་བ་ནི་ལྔ་ཁོ་ནར་ཟད་དོ་ཞེས་གསུངས་སོ། །ཀུན་ཏུ་འགྲོ་བ་ལྔ་པོ་དེ་དག་ནི་རྣམ་པར་ཤེས་བའི་ཚོགས་ཐམས་ཅད་དང། ་དགེ་བ་དང་མི་དགེ་བ་དང། ལུང་དུ་མ་བསྟན་པའི་ཆོས་ཐམས་ཅད་དང་ལྷན་ཅིག་འབྱུང་བ་ཡིན་པས་མིག་གི་རྣམ་པར་ཤེས་པའི་སྐབས་འདིར་ཡང་གནས་དང། དམིགས་པ་དང་གནས་པ་དང། རྫས་དང། དུས་མཚུངས ་བས་འཇུག་པར་རིག་པར་བྱའོ། །དེ་ལྟར་མོད་ཀྱི་སྒོ་ལྔའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་རྣམས་ནི་ཡིད་ཀྱི་རྣམ་པར་ཤེས་པའི་དབང་གིས་དགེ་བ་འམ། མི་དགེ་བའི་རྒྱུད་དུ་འབྱུང་བར་ཟད་ཀྱི། ངོ་བོ་ཉིད་ནི་ལུང་དུ་མ་བསྟན་པ་ཡིན་ཏེ། སྒོ་ལྔའི ་རྣམ་པར་ཤེས་པ་དག་རྟོག་པ་བྱེད་པའི་ཕྱིར་ངོ་བོ་ཉིད་ཀྱི་ལུང་དུ་མ་བསྟན་པ་ཡིན་པས། དེ་དག་དང་མཚུངས་པར་ལྡན་པའི་ཆོས་རྣམས་ཀྱང་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་རོ། །སེམས་ལས་བྱུང་བའི་ཆོས་གཞན་གང་དག་མིག་གི་རྣམ་བར་ཤེས་པ ་དང། ལྷན་ཅིག་འབྱུང་ཞིང་མཚུངས་པར་ལྡན་པ་དེ་དག་ནི་དམིགས་པ་ཅིག་ལ་རྣམ་པ་དུ་མ་རེ་རེ་འབྱུང་བ་ཞེས་བྱ་སྟེ། དེ་ཡང་ཇི་ལྟ་བུ་ཞེ་ན། འདུན་པ་ལ་སོགས་པ་ཡུལ་སོ་སོར་ངེས་པ་ལྔ་དང། དད་པ་ལ་སོགས་པ་དགེ་བ་བཅུ་གཅིག་དང་འདོད་ཆགས་ལ ་སོགས་པ་ཉོན་མོངས་པ་དྲུག་དང། ཁྲོ་བ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་མང་པོ་དག་ནི་རྣམ་པ་དུ་མ་ཡོད་པ་བཞིན་དུ་དེ་དག་གི་དམིགས་པ་ཡང་དུ་མ་ཡོད་པ་མ་ཡིན་ཏེ། ཡུལ་དྲུག་པོ་གང་ཡང་རུང་བ་ཅིག་གི་སྤྱི་ལ་དམིགས་པས་ན་དམིགས་བ་གཅིག ་པ་ཞེས་གསུངས་སོ། །ད་ལྟར་དམིགས་པའི་དངོས་པོ་གཅིག་ཡིན་པས་དམིགས་པས་མཚུངས་ཀྱང་དམིགས་པའི་དངོས་པོ་གཅིག་ལ་ཡང་རྣམ་པ་དུ་མ་ཡོད་དེ། དམིགས་པའི་རྣམ་པ་ཐ་དད་པས་ངེ་འཛིན་བའི་སེམས་ལས་བྱུང་བ་ཡང་རྣམ་པ་ཐ་དད ་པའི་ཕྱིར་རྣམ་པ་དུ་མ་ཞེས་གསུངས་སོ། །དམིགས་པའི་རྣམ་པ་གཅིག་ལ་སེམས་ལས་བྱུང་བ་ཡང་སྡེ་ཚན་གཅིག་ལ་རྫས་གཅིག་ཁོ་ན་འབྱུང་གི་གཉིས་བ་མི་འབྱུང་བས་རེ་རེ་འབྱུང་ཞེས་གསུངས་ཏེ། དེ་དག་གི་ཚུལ་ནི་ཞིབ་ཏུ་འོག་ནས་སྟོན་ཏོ། །རྣམ་པར་རྟོག ་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་འབྱུང་ངོ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་དང་ལྷན་ཅིག་གི་དངོས་པོ་འཇུག་པ་རྣམ་པར་རྟོག་པ་ཡིད་ཀྱི་རྣམ་པར་ཤེས་པའི་ངོ་བོ་ཉིད་བསྟན་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་ནི་རྣམ་བ་གསུམ་སྟེ། ཉེ་བར ་གནས་པ་ལས་བྱུང་བ་དང། ཚོལ་བ་དང། ངེས་པའོ། །དེ་ལ་ཉེ་བར་གནས་པ་ལས་བྱུང་བའི་སྐད་ཅིག་མ་དང་པོ་ལ། དམིགས་པ་ཉེ་བར་གནས་པ་ལ་བརྟེན་ནས། སྒོ་ལྔའི་རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བ་རང་གི་མཚན་ཉིད་ལ ་དམིགས་བ་ཡིན་ནོ། །ཚོར་བ་ནི་སྐད་ཅིག་མ་གཉིས་པ་ལ་སྔ་མའི་རྗེས་སུ་གཅོད་པ་སྤྱིའི་མཚན་ཉིད་ལ་དམིགས་པ་ཡིན་ནོ། །ངེས་པ་ནི་སྐད་ཅིག་མ་གསུམ་ལ་ཡུལ་ངེས་པར་སྤྱོད་པ་ལ་སྤྱིའི་མཚན་ཉིད་ལ་དམིགས་པ་ཡིན་ནོ། །སྐབས་འདིར་ནི ་ཉེ་བར་གནས་པ་ལས་བྱུང་བ་ཡིན་པར་རིག་པར་བྱའོ། །དེ་དག་གི་ཚུལ་བཞིན་དུ་བཤད་ན། དེ་ལ་ཉེ་བར་གནས་པ་ལས་བྱུང་བ་ཞེས་བྱ་བ་ནི་འབྱུང་བའི་རྐྱེན་ཉེ་བར་གནས་པ་ལས་བྱུང་བ་རྣམ་པར་རྟོགས་པའི་ཡིད་ཀྱི་རྣམ་བར་ཤེས་པ་སྟེ། ་དེ་ནི་རང་གི་མཚན་ཉིད་འབའ་ཞིག་ལ་དམིགས་པ་ཡིན་གྱི། སྤྱིའི་མཚན་ཉིད་ལ་དམིགས་པ་ནི་མ་ཡིན་ནོ། །རང་གི་མཚན་ཉིད་ལ་དམིགས་པ་ལ་ཡང་རྐྱེན་ཇི་ལྟ་བ་བཞིན་དུ་ལན་འགའ་ནི་རང་གི་ཡུལ་གྱི་རང་གི་མཚན་ཉིད་འབའ་ཞིག་ལ ་གནས་སོ། །ལན་འགའ་ནི་རང་དང་གཞན་གཉིས་ཀའི་ཡུལ་གྱི་རང་གི་མཚན་ཉིད་ལ་དུས་ཅིག་ཁོ་ན་དམིགས་པར་བྱེད་དོ། །དེ་ལ་རེ་ཞིག་རང་གི་ཡུལ་གྱི་རང་གི་མཚན་ཉིད་ལ་དམིགས་པ་ནི་གཟུགས་མེད་བའི་ཁམས་སམ། གཟུགས ་ཅན་གྱི་ཁམས་ན་ཡང། སྒོ་ལྔའི་རྣམ་པར་ཤེས་པ་གཞན་གྱི་ཡུལ་ཉེ་བར་གནས་པར་མ་གྱུར་པའི་གནས་སྐབས་ན་རང་གི་ཡུལ་ཆོས་ཀྱི་ཁམས་བདུན་པོ་དག་ལས་གད་ཉེ་བར་གནས་པར་གྱུར་པ་དེའི་རང་གི་མཚན་ཉིད་ཡུལ་དང་དུས་? ་རང་བཞིན་གྱིས་མ་བསྐལ་བས་བསྡུས་པ་གང་ཡིན་པ་དེ་དང། སྐད་ཅིག་གཅིག་ལ་དུས་ཅིག་ཁོ་ན་འབྱུང་ཞིང་ཡུལ་དེ་ལ་བྱེ་བྲག་དུ་གཅོད་པ་ནི་མི་བྱེད་པར་དེའི་དོན་ཙམ་ལ་དམིགས་པར་བྱེད་པ་སྟེ། དེ་ནི་ཡུལ་? ་བརྙན་གྱི་ངོ་བོ་ཉིད་ཡིན་ནོ། །རང་དང་གཞན་གཉིས་ཀའི་ཡུལ་གྱི་རང་གི་མཚན་ཉིད་ལ་དུས་ཅིག་ཁོ་ནར་དམིགས་པ་ནི་རང་གི་ཡུལ་དང་སྒོ་ལྔའི་རྣམ་པར་ཤེས་པ་རྣམས་ཀྱི་ཡུལ་རྐྱེན་ཇི་ལྟ་བ་བཞིན་དུ། ཡུལ་གཅིག་གམ་གཉིས་སམ། ལྔ ་ཅར་གྱི་བར་དག་ལས་གང་ཡང་རུང་བ་གཅིག་གམ་གཉིས་སམ། ལྔ་ཅར་གྱི་བར་དག་ཉེ་བར་གནས་པར་གྱུར་མ་ཐག་ཏུ། རང་གི་ཡུལ་ཉེ་བར་གནས་པ་དེ་ཉིད་ཀྱི་རང་གི་མཚན་ཉིད་ལ་ཡང་དམིགས་བཞིན་དུ་སྒོ་ལྔའི་ཡུལ་དེ་དག་ལ་ཡང ་སྒོ་ལྔའི་དབང་པོ་གང་གི་ཡུལ་གྱི་ཡུལ་ཉེ་བར་གནས་པར་གྱུར་པའི་དབང་པོ་གང་ཡང་རུང་བ་གཅིག་གམ། ལྔ་ཅར་གྱི་བར་དང། དེ་དང་འབྱུང་བ་སྒོ་ལྔའི་རྣམ་པར་ཤེས་པ་ཡང་གང་གི་ཡུལ་ཉེ་བར་གནས་པར་གྱུར་པའི་རྣམ་པར་ཤེས ་པ་གང་ཡང་རུང་བ་གཅིག་གམ་ལྔ་ཅར་གྱི་བར་གྱི་ཡུལ་དང། དབང་པོ་དང་རྣམ་པར་ཤེས་པ་དེ་དག་དང། སྐད་ཅིག་དང་པོ་ལ་དུས་ཅིག་ཁོ་ནར་ལྷན་ཅིག་འབྱུང་ཞིང། ཡུལ་དེ་ལ་བྱེ་བྲག་དུ་སྤྱོད་པར་ནི་མི་བྱེད་པར་དེའི་རང་གི་མཚན་ཉིད་ལ ་དོན་ཙམ་ལ་དམིགས་པར་བྱེད་པ་སྟེ། དེ་ཡང་ཡུལ་གྱི་གཟུགས་བརྙན་གྱི་ངོ་བོ་ཉིད་ཡིན་ནོ། །ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་དེ་དང་ལྷན་ཅིག་ཏུ་འབྱུང་བའི་སྒོ་ལྔའི་རྣམ་པར་ཤེས་པ་དེ་དག་ཀྱང་ཉེ་བར་གནས་པ ་ལ་བྱུང་བ་ཞེས་བྱ་སྟེ། དེ་དག་ཀྱང་དབང་པོ་དང་ཡུལ་དེ་དང་འབྱུང་བ་ཡིད་ལ་བྱེད་པ་ལ་སོགས་པ་འབྱུང་བའི་རྐྱེན་ཉེ་བར་གནས་པ་ལས་བྱུང་བ་ཡིན་པའི་ཕྱིར་རོ། །དེ་དག་ཀྱང་སྤྱིའི་མཚན་ཉིད་ལ་དམིགས་པ་མ་ཡིན་ཏེ། རང་རང་གི་ཡུལ ་གྱི་རང་གི་མཚན་ཉིད་ལ་བྱེ་བྲག་ཏུ་སྤྱོད་པར་མི་བྱེད་པར་དོན་ཙམ་ལ་དམིགས་པར་བྱེད་པ་ཡུལ་གྱི་གཟུགས་བརྙན་གྱི་ངོ་བོ་ཉིད་ཡིན་ཏེ། དེ་ལ་བྱེ་བྲག་ཏུ་ན་དེ་དག་གི་ངོ་བོ་ཉིད་ཀྱིས་རྣམ་པར་མི་རྟོག་པ་ཉིད་ཡིན་ནོ། །དེ་ལ་ཚོལ་བ་ཞེས་བྱ་བ་ནི་དེ་ལྟར་སྐད ་ཅིག་དང་པོ་ལ་ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་རང་གི་ཡུལ་གྱི་རང་གི་མཚན་ཉིད་ལ་དམིགས་ཏེ་སྐྱེས་ཀྱང་རུང་སྒོ་ལྔའི་རྣམ་པར་ཤེས་པའི་ཡུལ་ལ་དམིགས་ཏེ། སྒོ་ལྔའི་རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེས་ཀྱང་རུང་སྟེ། དེར་སྐྱེས ་པའི་མཇུག་ཐོགས་ཁོ་ནར་སྐད་ཅིག་གཉིས་པ་ལ་འབྱུང་ཞིང། སྔར་ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པས་རང་གི་ཡུལ་གྱི་རང་གི་མཚན་ཉིད་ལ་དམིགས་པའི་ཡུལ་དེ་འདས་པ་དེ་ཡང་རུང། སྒོ་ལྔའི་རྣམ་པར་ཤེས་པ་གཞན་གྱི་ཡུལ ་པ་དམིགས་པའི་ཡུལ་འདས་པ་དེ་ཡང་རུང་སྟེ། དེས་ཡུལ་གྱི་རང་གི་མཚན་ཉིད་ཀྱི་དོན་ཙམ་སོ་སོར་རིག་པའི་ཡུལ་འདས་པ་དེ་ཉིད་ཀྱི་སྤྱིའི་མཚན་ཉིད་གང་ཡིན་པ་དེ་མངོན་པར་གསལ་བར་བྱ་བའི་ཚུལ་གྱིས་ཡོངས་སུ་ཚོལ་བར་བྱེད་པ་གང་ཡིན་པ་སྟེ། དེ ་ནི་དོན་ལ་རྣམ་པར་རྟོག་པ་དང་བཅས་པ་ཡུལ་གྱི་གཟུགས་བརྙན་གྱི་མཚན་མ་ལ་རྗེས་སུ་སྤྱོད་པ་དང་མཐུན་པ་ཡིན་ནོ། །དེ་ལ་གང་གི་ཚེ་སྔར་ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་བ་དེས་སྒོ་ལྔའི་རྣམ་པར་ཤེས་པ་གཞན་གྱི་ཉེ་བར་མ་གྱུར ་པའི་གནས་སྐབས་ནི་རང་གི་ཡུལ་ཆོས་ཀྱི་ཁམས་བདུན་པོ་དག་ལས་གང་ཉེ་བར་གནས་པར་གྱུར་པ་དེའི་རང་གི་མཚན་ཉིད་སོ་སོར་རིག་པའི་ཡུལ་ལས་འདས་པ་དེ་ཉིད་ཀྱི་སྤྱིའི་མཚན་ཉིད་གང་ཡིན་པ་དེ་ཉིད་ཚེ་མངོན་པར་གསལ་བར་བྱ་བའི་ཚུལ་གྱིས་ཡོངས ་སུ་ཚོལ་བར་བྱེད་པ་དེའི་ཚེ་ན་ནི་རང་གི་ཡུལ་གྱི་སྤྱིའི་མཚན་ཉིད་འབའ་ཞིག་ལ་དམིགས་པ་ཡིན་ནོ། །གང་གི་ཚེ་སྔར་ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་དེ་རང་དང་གཞན་གྱི་ཡུལ་རྐྱེན་ཇི་ལྟ་བ་བཞིན་དུ། དུས་གཅིག་ཏུ་ཉེ་བར་གནས ་པར་གྱུར་པ་དེ་གཉིས་ཀའི་རང་གི་མཚན་ཉིད་སོ་སོར་རིག་བའི་ཡུལ་འདས་པ་དེ། གཉིས་ཀའི་སྤྱིའི་མཚན་ཉིད་གང་དག་ཡིན་པ་དེ་དག་མངོན་པར་གསལ་བར་བྱའི། ཚུལ་གྱིས་ཡོངས་སུ་ཆོར་བར་བྱེད་པ་དེའི་ཆེན་ནི་རང་དང ་གཞན་གཉིས་ཀའི་སྤྱིའི་མཚན་ཉིད་ལ་དུས་ཅིག་ཁོ་ནར་དམིགས་པ་ཞེས་བྱའོ། །དེ་ལ་ངེས་པ་ཞེས་བྱ་བ་ནི་དེ་ལྟར་སྐད་ཅིག་གཉིས་པ་ལ་ཚོལ་བའི་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེས་པའི་མཇུག་ཐོགས་ཁོ་ནར་སྐད་ཅིག་མ་གསུམ་པ་ལས་འབྱུང་ཞིང་སྔར ་ཚོལ་བའི་ཡིད་ཀྱི་རྣམ་པར་ཤེས་པས་རང་གི་ཡུལ་གྱི་སྤྱིའི་མཚན་ཉིད་ཀྱང་རུང། རང་དང་གཞན་གཉིས་ཀའི་ཡུལ་གྱི་སྤྱིའི་མཚན་ཉིད་ཀྱང་རུང་སྟེ། སྤྱིའི་མཚན་ཉིད་མངོན་པར་གསལ་བར་བྱས་པའི་ཡུལ་འདས་པ་དེ་ཉིད་ལ་དེ་ནི་སྔོན་པོའོ། །དེ ་ནི་སེར་པོའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའི་འདུ་ཤེས་དང་འབྲེལ་པའི་དྲན་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པས་ཡུལ་བྱེ་བྲག་ཏུ་གཅོད་པ་གང་ཡིན་པ་དེ། དེ་ནི་དོན་ལ་རྣམ་པར་རྟོག་པ་དང། དོན་དེའི་མིང་ལ་དམིགས་པར་བྱེད་པ་ཡང་ཡིན་ནོ། ། ་དེ་རང་གི་ཡུལ་གྱི་སྤྱིའི་མཚན་ཉིད་འབའ་ཞིག་ལ་དམིགས་པ་དང། རང་དང་གཞན་གཉིས་ཀའི་ཡུལ་གྱི་སྤྱིའི་མཚན་ཉིད་ལ་དུས་ཅིག་ཁོ་ནར་དམིགས་པའི་བྱེ་བྲག་ཀྱང་སྔ་མ་བཞིན་དུ་ཅི་རིགས་པར་སྦྱར་རོ། །དེ་ལྟར་ན་གནས་སྐབས་ཐམས་ཅད་དུ་ཡང ་ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་དང་སྒོ་ལྔའི་རྣམ་པར་ཤེས་པ་ནི་རང་གི་མཚན་ཉིད་ལ་དམིགས་པ་ཡིན་ལ། ཚོལ་བ་པ་དང་དེས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཉིད་ནི་སྤྱིའི་མཚན་ཉིད་ལ་དམིགས་པ་ཡིན་པར་རིག་པར ་བྱའོ། །དེ་ལྟར་སེམས་གསུམ་པོ་དེ་དག་ནི་སེམས་མེད་པའི་གནས་སྐབས་དྲུག་པོ་གཉིད་ལོག་པ་སེམས་མེད་པའི་གནས་སྐབས་དང། བརྒྱལ་བསམས་མེད་པའི་གནས་སྐབས་དང། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང། འདུ་ཤེས ་མེད་པ་དང། འགོག་པའི་སྙོམས་པར་འཇུག་པ་དང། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་མ་གཏོགས་པ་དེ་ལས་བཟློག་པའི་གནས་སྐབས་དྲུག་པོ་དག་ན་ཡིད་ཀྱི་རྣམ་པར་ཤེས་པ་རང་དང་གཞན་གྱི་ཡུལ་ལ་སྐྱེ་བའི་གནས་སྐབས ་ཐམས་ཅད་དུ་ཡང་རིམ་པ་དེ་ལྟར་འབྱུང་བ་རིག་པར་བྱའོ། །དེ་ལ་སྔར་ཡིད་ཀྱི་རྣམ་པར་ཤེས་པའི་ལམ་ནི་རང་དང་གཞན་གྱི་ཡུལ་གྱི་དམིགས་པ་རྣམ་པར་རིག་པར་བྱེད་པ་དང། རང་དང་སྤྱིའི་མཚན་ཉིད་རྣམ་པར་རིག་པར་བྱེད་པ་དང། དུས་གསུམ་རྣམ་པར ་རིག་པར་བྱེད་པ་དང། སྐད་ཅིག་གི་རྒྱུན་རྣམ་པར་རིག་པ་ཞེས་སྨོས་པ་ལ་ཡིད་ཀྱི་རྣམ་པར་ཤེས་པའི་རང་གི་ཡུལ་ནི་ཆོས་ཀྱི་ཁམས་བདུན་ནོ། །གཞན་གྱི་ཡུལ་ནི་སྒོ་ལྔའི་རྣམ་པར་ཤེས་པའི་ཡུལ་གཟུགས་ལ་སོགས་པ་ལྔའོ། །དེ་གཉི་ག་ཡང་རང་དང ་སྤྱིའི་མཚན་ཉིད་དང། དུས་གསུམ་དང། སྐད་ཅིག་གི་རྒྱུ་ཐམས་ཅད་ཀྱིས་བསྡུས་པ་ཡིན་ཏེ། དེ་ལ་རང་གི་མཚན་ཉིད་ནི་ད་ལྟར་བྱུང་བའི་དུས་དང་སྐད་ཅིག་གཅིག་གིས་བསྡུས་པ་དག་གོ་།སྤྱིའི་མཚན་ཉིད་ནི་འདས་པ་དང་མ་འོངས་པའི་དུས་དང། སྐད ་ཅིག་སྔ་ཕྱིའི?་རྒྱུན་གྱིས་བསྡུས་པ་ངག་ཡིན་ཏེ། རང་དང་གཞན་གྱི་ཡུལ་གྱི་རང་གི་མཚན་ཉིད་ད་ལྟར་འབྱུང་བའི་དུས་དང་སྐད་ཅིག་གཅིག་གིས་བསྡུས་པ་ཡུལ་དང་ངོ་བོ་ཉིད་ཀྱི་མ་བསྐལ་བ་དེ་དག་ནི་ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས ་པ་དང། སྒོ་ལྔའི?་རྣམ་པར་ཤེས་པའི་དམིགས་པ་ཡིན་ནོ། །དེ་དག་གི་སྤྱིའི་མཚན་ཉིད་འདས་བ་དང། མ་འོངས་པའི?་དུས་དང། སྐད་ཅིག་སྔ་ཕྱིའི་རྒྱུན་གྱིས་བསྡུས་པ་ཡུལ་དང་ངོ་བོ་ཉིད་ཀྱིས་བསྐལ་པ་དག་ནི་འཚོ་བ་དང་ངེས་པའི་ཡིད་ཀྱི་རྣམ་པར་ཤེས་པའི ་དམིགས་པ་ཡིན་ནོ། །དེ་ལ་ཅིའི་ཕྱིར་ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པའི་རང་གི་མཚན་ཉིད་ལ་འཇུག་ཅེ་ན། རང་གི་མཚན་ཉིད་ནི་མངོན་སུམ་གྱི་ཡུལ་ཡིན་ལ། དེ་ལ་དམིགས་པ་ཉེ་བར་གནས་པ་ལས་འབྱུང་བའི་སེམས་དེ་ཡང ་རྟོག་པ་མེད་པ་དང། མ་ནོར་བ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ཚོལ་བ་པ་དང་ངེས་པ་གཉིས་སྤྱིའི་མཚན་ཉིད་ལ་འཇུག་ཅེ་ན། སྤྱིའི་མཚན་ཉིད་ནི་རྗེས་སུ་དཔག་པའི་ཡུལ་ཡིན་ལ། དེ་ལ་དམིགས་པའི? ་ཆལ་བ་པ་དང། དེས་པའི་སེམས་དེ་གཉིས་ཀྱང་རྟོག་པ་དང་བཅས་པ་དང། རྗེས་སུ་དཔོག་པར་བྱེད་པ་ཡིན་པའི་ཕྱིར་རོ། །སྔར་སྒོ་ལྔའི་རྣམ་པར་ཤེས་པ་ལས་ནི་རང་གི་ཡུལ་རྣམ་པར་རིག་པར་བྱེད་པ་དང། ད་ལྟར་གྱི་དུས་རྣམ་པར་རིག་པར་བྱེད ་པ་དང། སྐད་ཅིག་གཅིག་རྣམ་པར་རིག་པར་བྱེད་པ་ཞེས་སྨོས་པ་ནི་ཐམས་ཅད་ཀྱང་རང་གི་མཚན་ཉིད་ཀྱིས་བསྡུས་པ་ཡིན་པས་ན་མངོན་སུམ་གྱི་ཡུལ་ཡིན་ལ། སྒོ་ལྔའི་རྣམ་པར་ཤེས་པ་ཐམས་ཅད་ཀྱང་ཉེ་པར་གནས་པ་ལས་བྱུང་པ་ཁོ་ན ་ཡིན་པས། མངོན་སུམ་གྱི་ཡུལ་ལ་འཇུག་པའི་ཕྱིར་དེ་དག་ནི་ཉེ་བར་གནས་པ་ལས་བྱུང་བ་ཡིད་ཀྱི་རྣམ་པར་ཤེས་པ་དང་དམིགས་པ་མཆུངས་ཤིང་ཆ་མཐུན་པ་ཡིན་པས་ན་ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་དེ་ནི། སྒོ་ལྔའི ་རྣམ་པར་ཤེས་པ་གཅིག་གི་རྐྱེན་ཉེ་བར་གྱུར་ན་ཡང་གཅིག་དང་ལྷན་ཅིག་འབྱུང་ལ། ལྔ་ཅར་གྱི་རྐྱེན་ཉེ་བར་གྱུར་ན་ཡང་ལྔ་ཅར་དང་དུས་གཅིག་ཁོ་ནར་ལྷན་ཅིག་འབྱུང་སྟེ། དེའི་ཕྱིར་ལུང་ལས་ཡིད་ཀྱི་རྣམ་པར་ཤེས་པ་གཅིག་གིས་ནི ་ཅིག་ཅར་དུ་ཡུལ་གཅིག་གམ། གཉིས་སམ། རབ་ཏུ་མང་པོ་དང། རང་གི་ཡུལ་དང་གཞན་གྱི་ཡུལ་ལ་ཡང་རྣམ་པར་རྟོག་པར་བྱེད་པས་ན། དེའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་དེའི་འཇུག་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ་ཞེས ་གསུངས་པ་ཡང་ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་འདི་ཉིད་ལས་དགོངས་པ་ཡིན་གྱི། ཚོལ་བ་པ་དང། དེས་པ་གཉིས་ནི་མ་ཡིན་ཏེ། དེ་གཉིས་ནི་རང་གི་མཚན་ཉིད་ལ་འཇུག་མི་སྲིད་པ་དང། སྤྱིའི་མཚན་ཉིད་ལ ་ཡང་གནས་སྐབས་ཐ་དད་པར་འབྱུང་བའི་ཕྱིར་རོ། །དེ་ལྟར་ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པས་དུས་ཅིག་ཏུ་རང་དང་གཞན་གྱི་ཡུལ་རང་གི་མཚན་ཉིད་ཀྱིས་བསྡུས་པ་ཐ་དད་པ་འཛིན?་པ་འདི་ལ་ནི་འགལ་བ་ཡང་མེད་ལ། རྣམ་བར ་ཤེས་པའི་རྫས་གཅིག་ཁོ་ནར་ཟད་པ་རིགས་མཐུན་པའི་སེམས་གཉིས་སམ། གསུམ་མམ། མང་པོ་ལྷན་ཅིག་བྱུང་བ་ཡང་མ་ཡིན་ཏེ། འདི་ལྟ་སྟེ་དཔེར་ན། མིག་གི་རྣམ་པར་ཤེས་པས་དངོས་པོ་གཅིག་ལ་རྣམ་པའི་རྐྱེན་ཇི་ལྟ་བ་བཞིན་དུ། ་རེས་འགའ་ནི་གཟུགས་ཀྱི་རྣམ་པར་རིགས་གཅིག་པར་སྣ་ཚོགས་མ་ཡིན་པ་གཅིག་ཏུ་འཛིན་པར་བྱེད་ལ། རེས་འགའ་ནི་རྣམ་པ་སྣ་ཚོགས་དུ་མ་ཅིག་ཅར་འཛིན་པར་བྱེད་པ་ལ། འགལ་བ་མེད་ཅིང་རྣམ་པར་ཤེས་པའི་རྫེས?་གཅིག་ཁོ་ནར་ཟང ་པས་རིགས་མཐུན་པའི་སེམས་གཉིས་ལྷན་ཅིག་འབྱུང་བ་ཡང་མ་ཡིན་པ་བཞིན་ནོ། །དེ་ལ་དང་པོ་ཉེ་བར་གནས་པ་ལས་བྱུང་བའི་སེམས་སྐྱེས་པའི་གནས་སྐབས་ན་ནི་གྲོཌ་དང་དེ་དང་ལྷན་ཅིག་འབྱུང་ཞིང་མཚུངས་པར་ལྡན་པ་སེམས་ལས་བྱུང་བའི ་ཆོས་ཀུན་ཏུ་འགྲོ་བ་ལྔ་པོ་དག་ཁོ་ནར་ཟད་དེ། འདུན་པ་ལ་སོགས་པ་གཞན་ནི་མི་འབྱུང་ངོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ཚེ་ན་ཡུལ་ལ་བྱེ་བྲག་ཏུ་སྤྱོད་པར་མི་བྱེད་པས་དེ་དག་གི་དམིགས་པ་མེད་པའི་ཕྱིར་རོ། །དེའི་ཆེ་ན་ཉེ་བར་གནས་པ་ལས་བྱུང་བའི ་ཡིད་ཀྱི་རྣམ་པར་ཤེས་པ་དེ་ཡུལ་བྱེ་བྲག་ཏུ་གཅོད་པར་མི་བྱེད་ན་ཅིའི་ཕྱིར་རྣམ་པར་རྟོག་པ་ཞེས་བྱ་ཞེ་ན། དེ་ནི་དེའི་ཚེ་རྟོག་པ་ཤས་ཆུང་བས་དམིགས་པའི་ཡུལ་གང་གིས་རྣམ་པར་ཤེས་པ་དེ་ལ་ཡུལ་གྱི་རྣམ་པར་སྐྱེད་པའི་རྣམ་པ་དེ་ཉིད་ཀྱི་རང་གི་མཚན ་ཉིད་དུ་རྣམ་པར་ཤེས་པ་དེ་སྐྱེ་ཞིང་ཡུལ་བྱེ་བྲག་ཏུ་གཙོད་པར་མི་བྱེད་པའི་ཕྱིར་ནི་མངོན་སུམ་གྱི་ཡུལ་འཛིན་པ་ཡིན་ལ། མིག་གི་རྣམ་པར་ཤེས་པ་དག་ལ་སོགས་པ་ལྟར་རང་བཞིན་གྱི་རྣམ་པར་མི་རྟོག་པ་ཡང་མ་ཡིན་ལ། དེ་མ་ཐག་ཏུ་ཚོལ ་བ་པ་དང། དེས་པའི་ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུན་རྣམ་པར་རྟོག་པ་རགས་པ་དང་ལྡན་པ་དག་ཀྱང་བསྐྱེད་ཅིང་དེ་དག་གིས་ཡུལ་གྱིས་སྤྱིའི་མཚན་ཉིད་ལ་རྟོག་པའི་རང་བཞིན་ཡིན་པའི་ཕྱིར་ནི་རྣམ་པར་རྟོག་པ་ཞེས ་བྱའོ། །ཚོལ་བ་པའི་སེམས་སྐྱེས་པའི་གནས་སྐབས་ན་ནི་གྲོགས་ཀུན་ཏུ་འགྲོ་བ་ལྔ་པོ་དེ་དག་ཉིད་དང་འདུན་བ་ཡང་འབྱུང་བར་འགྱུར་ཏེ། འདུན་པ་ནི་འདོད་པའི་དངོས་པོ་ཁོ་ན་ལས་འབྱུང་ལ། ཚོལ་བ་ལ་ཡང་ཉེ་བར་གནས་པ་ལས་འབྱུང ་བའི་རྣམ་པར་ཤེས་པས་དམིགས་པའི་རང་གི་མཚན་ཉིད་སོ་སོར་རིག་པའི་ཡུལ་འདས་པ་དེ་ཉིད་ལ། སྤྱིའི་མཚན་ཉིད་མངོན་པར་གསལ་བར་བྱ་བའི་ཚུལ་གྱིས་ཡོངས་སུ་ཚོལ་བར་བྱེད་པ་ཡིན་པས་དེ་ཉིད་འདུན་པའི་དམིགས་པ་ཡིན་པའི ་ཕྱིར་རོ། །དེའི་སྐབས་ན་མོས་པ་ལ་སོགས་པ་སེམས་ལས་བྱུང་བའི་ཆོས་ལྷག་མ་གཞན་ནི་མི་འབྱུང་སྟེ། དེའི་ཚེ་ན་ཡུལ་མ་ངེས་པས་དེ་དག་གི་དམིགས་པ་མེད་པའི་ཕྱིར་རོ། །དེས་པའི་སེམས་སྐྱེས་པའི་གནས་སྐབས་ན་ནི་གྲོགས ་ཀུན་ཏུ་འགྲོ་བ་ལྔ་པོ་དེ་དག་གཉིས་དང། སེམས་ལས་བྱུང་བའི་ཆོས་དམིགས་པ་གཅིག་ལ་རྣམ་པ་དུ་མ་རེ་རེ་འབྱུང་བ་དེ་དག་ཀྱང་རང་རང་གི་དམིགས་པ་དང་རྣམ་པའི་རྐྱེན་ཇི་ལྟ་བ་བཞིན་འབྱུང་བ། །དེས་པ་སེམས་དེ་ནི་ཚུན ་ཆད་ནི་ཡུལ་བྱེ་བྲག་དུ་བཅད་ཟིན་པའི་ཕྱིར་རང་གི་འདོད་ཆགས་ལ་སོགས་པ་འམ། དད་པ་ལ་སོགས་པ་དང་ལྡན་པས་ཀུན་ནས་ཉོན་མོངས་པ་འམ་རྣམ་པར་བྱང་བར་འགྱུར་ཞིང་དེ་མ་ཐག་ཏུ་སྒོ་ལྔའི་རྣམ་པར་ཤེས་པ་དགེ་བ་འམ་མི་དགེ ་བ་དག་འཕན་པར་བྱེད་པས་དེའི་རྒྱུ་ལས་བྱུང་བ་རྒྱུ་མཐུན་པ་སྒོ་ལྔའི་རྣམ་པར་ཤེས་པ་དག་ཀྱང་དགེ་བ་འམ་མི་དགེ་བའི་རྒྱུ་འབྱུང་བར་འགྱུར་ཏེ། རང་གི་རྟོག་པའི་དབང་གིས་ནི་མ་ཡིན་ནོ། །དེ་ལྟར་སྐད་ཅིག་དང་པོ་ལ་ཉེ་བར་གནས་པ་ལས ་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་རང་གི་ཡུལ་གྱི་མཚན་ཉིད་ལ་དམིགས་ཏེ་འབྱུང་པ་དང། སྒོ་ལྔའི་རྣམ་པར་ཤེས་པ་གཞན་གྱི་ཡུལ་གྱི་རང་གི་མཚན་ཉིད་ལ་དམིགས་ཏེ་སྒོ་བའི་རྣམ་པར་ཤེས་པ་རྣམས་དང་དུས་གཅིག་ཏུ་བྱུང་བའི་གནས ་སྐབས་ན་གྲོགས་དེ་དག་དང་ལྷན་ཅིག་འབྱུང་ཞིང་མཚུངས་པར་ལྡན་པ་སེམས་ལས་བྱུང་བ་ཀུན་ཏུ་འགྲོ་བ་ལྔ་པོ་དག་ཁོ་ནར་ཟད་དེ། འདུན་པ་ལ་སོགས་པ་གཞན་དག་མི་འབྱུང་ན་སྒོ་ལྔའི་རྣམ་པར་ཤེས་པ་ཡང་སེམས་ལས་བྱུང་བའི་ཆོས་དགེ ་བ་དང། མི་དགེ་བ་དང་ལུང་དུ་མ་བསྟན་པ་དམིགས་པ་གཅིག་ལ་རྣམ་པ་དུ་མ་རེ་རེ་འབྱུང་བ་དང་ལྷན་ཅིག་འབྱུང་ཞིང་མཚུངས་པར་ལྡན་ནོ་ཞེས་བྱ་བ་དེ། སྒོ་ལྔའི་རྣམ་པར་ཤེས་པ་ནི་སྐད་ཅིག་དེ་ཉིད་ལ་བྱུང་མ་ཐག་ཏུ་གཏན་འགག་ཅིང་དུས ་ཕྱི་མར་བསྡོད་པ་མེད་པས་ཇི་ལྟར་རུང་ཞེ་ན། དེ་ནི་སྔར་དེ་དག་གི་ལས་བཤད་པའི་སྐབས་སུ་ཡིད་ཀྱི་རྣམ་པར་ཤེས་པ་ནི་དགེ་བ་དང་མི་དགེ་བའི་ཆོས་རྣམས་འཇུག་རྗེས་སུ་འཇུག་པར་བྱེད་དོ་ཞེས་བྱ་བ་དང། སྒོ་ལྔའི་རྣམ་པར་ཤེས་པ་ཡང། ་ཡིད་ཀྱི་རྣམ་པར་ཤེས་པའི་དགེ་བ་དང། ཉོན་མོངས་བ་ཅན་གྱི་རྗེས་སུ་འཇུག་པར་བྱེད་དོ། །ཞེས་བསྟན་པས་རིག་པར་བྱ་སྟེ། དེ་ཡང་ཇི་ལྟ་བུ་ཞེ་ན། སྔར་སྐད་ཅིག་གསུམ་པ་ལ་ངེས་པའི་སེམས་སྐྱེས་པའི་གནས་སྐབས་ན་གྲོགས་སེམS ་ལས་བྱུང་བའི་ཆོས་ཀུན་ཏུ་འགྲོ་བ་ལྔ་དང་ལྡན་ཞིང་དགེ་བ་དང། ཉོན་མོངས་པ་དང་ལུང་དུ་མ་བསྟན་པ་དམིགས་པ་གཅིག་ལ་རྣམ་པ་དུ་མ་རེ་རེ་འབྱུང་བ་རྣམས་ལས་ཀྱང་ཡང་ན་དགེ་བ་འམ། ཡང་ན་ཉོན་མོངས་པ་འམ། ཡང་ན་ལུང་དུ་མ ་བསྟན་པ་གང་ཡང་རུང་བ་གཅིག་གི་ཡུལ་ཉེ་བར་གནས་པ་ངེས་པར་གྱུར་པ་ན། སྐད་ཅིག་དེ་ཉིད་ལ་ཡིད་ཀྱི་རྣམ་པར་ཤེས་པ་ངེས་པ་དེ་ཉིད་ཇི་སྲིད་དུ་གཞན་དུ་མ་གཡོངས་ཀྱི་བར་དམིགས་པ་མཚུངས་པ་དེ་ཉིད་ལ་སེམས་ལས་བྱུང་བ་དགེ་བ ་འམ། ཉོན་མོངས་པ་འམ། ལུང་དུ་མ་བསྟན་པ་གང་ཡང་རུང་བས་མང་པོ་པ་དེ་དག་དང་གནས་དང། དམིགས་པ་དང། རྣམ་པ་དང། རྫས་དང། དུས་མཚུངས་པས་མཚུངས་པར་ལྡན་ཞིང ་འབྱུང་སྟེ། དེའི་ཆེ་ན་ངེས་པའི་ཡིད་ཀྱི་རྣམ་པར་ཤེས་པ་དེ་དག་ཉིད་སེམས་ལས་བྱུང་བ་གང་ཡང་མཚུངས་པར་ལྡན་བ་དེ་ཉིད་ཀྱི་དབང་གིས་ཡང་ན་ནི་དགེ་བར་འགྱུར། ཡང་ན་ནི་ཉོན་མོངས་པར་འགྱུར། ཡང་ན་ནི་ལུང་དུ་མ་བསྟན ་བར་འགྱུར་ཞིང། དེས་པའི་སེམས་དགེ་བ་འམ། ཉོན་མོངས་པ་ཅན་ནམ། ལུང་དུ་མ་བསྟན་པ་གང་ཡིན་པ་དེ་ཡིད་ལ་བྱེད་པ་ལ་སོགས་པ་ཀུན་ཏུ་འགྲོ་བ་ལྔ་པོ་དང། ས་མང་པོ་པ་དགེ་བ་འམ། ཉོན་མོངས་པ་ཅན་ནམ། ་ལུང་དུ་མ་བསྟན་པ་གང་དག་མཚུངས་པར་ལྡན་པ་དེ་དག་གི་དབང་གིས་དེའི་མཇུག་ཐོགས་སུ་འབྱུང་བའི་ཕྱི་མ་ལ་ཉེ་བར་གནས་བ་ལས་བྱུང་བའི་སྐོ་ལྔའི་རྣམ་པར་ཤེས་པ་འཕེན་པར་བྱེད་དེ། དེས་འཕངས་ནས་སྐད་ཅིག་ཕྱི་མ་དེ ་ལ་ཉེ་བར་གནས་པ་ལས་བྱུང་བའི་སྒོ་ལྔའི་རྣམ་པར་ཤེས་པ་སྔར་བསྟན་པའི་ཚུལ་བཞིན་དུ་རང་གི་ཡུལ་ལ་དབང་པོ་དང། དེ་དང་ལྷན་ཅིག་བྱུང་བ་ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་དང་དུས་ཅིག་ཏུ་སྐྱེས་པ་དེ། ་དེ་ཉིད་འཕན་ཅིང་ཀུན་ནས་སློང་བའི་ངེས་པའི་ཡིད་ཀྱི་རྣམ་པར་ཤེས་པ་དགེ་བ་དང་ལྡན་པས་ཀུན་ནས་བསླང་བ་ཡིན་ན་ནི་དགེ་བ་དང་ལྡན་པ་ཞེས་བྱ། ཉོན་མོངས་པ་དང་ལྡན་པས་ཀུན་ནས་བསླད་བ་ཡིན་ན་ནི་ཉོན་མོངས་པ་དང་ལྡན་པ ་ཞེས་བྱ། ལུང་དུ་མ་བསྟན་པ་དང་ལྡན་པས་ཀུན་ནས་བསླང་བ་ཡིན་ན་ནི་ལུང་དུ་མ་བསྟན་པ་དང་ལྡན་པ་ཞེས་བྱ་སྟེ། དེ་ལྟར་ན་སྒོ་ལྔའི་རྣམ་པར་ཤེས་པ་དེ་ཉིད་ནི་ཆོས་ལས་བྱུང་བའི་སེམས་དགེ་བ་དང། མི་དགེ་བ་དག་གི་རྫས་དངོས ་དང་ལྡན་པ་མ་ཡིན་གྱི། འཕེན་པ་དང་ངེས་པའི་ཡིད་ཀྱི་རྣམ་པར་ཤེས་པ་དགེ་བའམ། ཉོན་མོངས་པའམ། ལུང་དུ་མ་བསྟན་པ་གང་དང་ལྡན་པས་འཕངས་པ་དེའི་དབང་ཁོ་ནས་དགེ་བའམ། ཉོན་མོངས་པ་འམ། ལུང་དུ་མ་བསྟན་པའི་རྒྱུད་དུ ་འབྱུང་བའི་ཕྱིར་དེ་ནི་གཞན་གྱི་དབང་ཁོ་ནས་འཇུག་པ་ཞེས་བྱའོ། །སྒོ་ལྔའི་རྣམ་པར་ཤེས་པ་ཡང་དེ་དག་དང་ལྷན་ཅིག་འབྱུང་ཞིང་མཚུངས་པར་ལྡན་ནོ་ཞེས་བྱ་བའི་སྒྲ་ནི་འཕེན་པ་དེས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཆོས་དེ་དག་དང་མཚུངས་པར ་ལྡན་པ་དེས་ལྔའི་རྣམ་པར་ཤེས་པ་བསྐྱེད་པའི་ཕྱིར་རྒྱུ་ལ་འབྲས་བུ་བཏགས་ཏེ་བརྒྱུད་པའི་སྒོ་ནས་དེ་སྐད་གདགས་པར་ཟད་ཀྱི་དངོས་སུ་ལྷན་ཅིག་འབྱུང་ཞིང་མཚུངས་པར་ལྡན་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་སྒོ་ལྔའི་རྣམ་པར་ཤེས་པ་ཉེ་བར་གནས ་པ་ལས་འབྱུང་བ་སྐྱེས་པའི་སྐད་ཅིག་དེ་ཉིད་ཀྱི་གནས་སྐབས་ན་སེམས་ལས་བྱུང་བ་ཀུན་ཏུ་འགྲོ་བ་ལྔ་པོ་མ་གཏོགས་པ་གཞན་གང་ཡང་མེད་པས་དེའི་ཕྱིར་ལུང་ལས་ཀྱང། སྒོ་ལྔའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ནི་ལུང་དུ་མ་བསྟན་པ་ཡིན་ནོ་ཞེས ་གསུངས་པར་རིག་པར་བྱའོ། །སྒོ་ལྔའི་རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བ་ཉེ་བར་གནས་པ་ལས་འབྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་དེ་ཡང། བདག་ཉིད་གང་གིས་འཕངས་བའི་ངེས་པའི་ཡིད་ཀྱི་རྣམ་པར་ཤེས་པ་དགེ་བ་ལ་སོགས་པ་གང ་དང་མཚུངས་པར་ལྡན་པས་འཕངས་ཤིང་བསྐྱེད་པ་དེ་དང་རྒྱུ་མཐུན་པར་དགེ་བ་འམ། མི་དགེ་བའམ། ལུང་དུ་མ་བསྟན་པའི་རྒྱུད་དུ་འབྱུང་བར་ཟད་ཀྱི། དགེ་བ་ལ་སོགས་པའི་ཆོས་དེ་དག་དངོས་པོ་དང་མཚུངས་པར་ལྡན་པ་ནི་མ་ཡིན་ཏེ། དགེ་བ་ལ ་སོགས་པ་དེ་དག་དང་ས་བོན་གྱི་གནས་དང་དེ་མ་ཐག་པའི་གནས་མ་གཏོགས་པར་ལྷན་ཅིག་འབྱུང་བའི་གནས་དང། དམིགས་པ་དང། རྣམ་པ་དང། རྫས་དང། དུས་རྣམས་ལས་གང་ཡང་མི་མཚུངས་པའི་ཕྱིར་རོ། །དེ་ལྟ་བས་ན་གཞུང་གཞན་དག ་ལས་ཀྱང། ཡིད་ཀྱི་རྣམ་པར་ཤེས་པ་རྩོལ་བ་མེད་ཅིང་རྣམ་པར་གཡེངས་པ་དང། མ་འདྲེས་པ་ལ་དམིགས་པ་ལ་ནི་འདུན་པ་ལ་སོགས་པ་འཇུག་པ་མེད་དེ་ཡིད་ཀྱི་རྣམ་པར་ཤེས་པ་དེ་ནི་ཉེ་བར་གནས་པ་ལས་བྱུང་བ་ཞེས ་བརྗོད་པར་བྱའོ་ཞེས་ཇི་སྐད་བཤད་པ་ལྟ་བུའོ། །དེ་ལྟར་འཕེན་པར་ངེས་བའི་ཡིད་ཀྱི་རྣམ་པར་ཤེས་པའི་དགེ་བ་དང། མི་དགེ་བ་ལ་སོགས་བའི་དབང་གིས་དེའི་མཇུག་ཐོགས་སུ་སྐད་ཅིག་ཕྱི་མ་ལ་བྱུང་བ་ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ ་པར་ཤེས་པ་དང། སྒོ་ལྔའི་རྣམ་པར་ཤེས་པ་དག་རྒྱུས་ཀུན་ནས་བསླང་བ་དང། དེའི་སྐད་ཅིག་མས་ཀུན་ནས་བསླང་བས་དགེ་བའམ། མི་དགེ་བ་ལ་སོགས་པའི་རྒྱུད་དུ་རྒྱུན་མི་འཆད་པར་འབྱུང་བ་དེ་ནི་ཡིད་ཀྱི་རྣམ་པར་ཤེས་པས་དགེ་བ ་དང། མི་དགེ་བའི་ཆོས་རྣམས་འཇུག་ཅིང་རྗེས་སུ་འཇུག་པར་བྱེད་པ་ཞེས་བྱའོ། །ཉེ་བར་གནས་པ་ལས་བྱུང་བའི་སྒོ་ལྔའི་རྣམ་པར་ཤེས་པ་དེ་དག་ཉིད་རྟོག་པ་མེད་པ་ཡན་ཡང། དེས་དམིགས་པའི་ཡུལ་ཡིད་བདེ་བ་འམ། ཡིད་མི་བདེ་བའི ་གནས་དང་མཐུན་པར། ང་ཉེ་བར་གནས་པར་གྱུར་པ་དེའི་རང་གི་མཚན་ཉིད་ཀྱི་དོན་ཙམ་སོ་སོར་རིག་པ་ལ་བརྟེན་ནས། དེའི་རྗེས་ལ་ཚོལ་བ་པའི་ཡིད་ཀྱི་རྣམ་པར་ཤེས་པས་ཡུལ་འདས་བ་དེའི་སྤྱིའི་མཚན་ཉིད་མངོན་པར་གསལ་བར་བྱས་པ་ལ ་ངེས་པའི་ཡིད་ཀྱི་རྣམ་པར་ཤེས་པས་བྱེ་བྲག་ཏུ་གཅོད་པ་ན། སྔར་ཉེ་བར་གནས་བ་ལས་བྱུང་བའི་རྣམ་པར་ཤེས་པས་ཡུལ་ཡིད་བདེ་བའི་གནས་དང་མཐུན་པའི་རང་གི་མཚན་ཉིད་སོ་སོར་རིག་པའི་སྤྱོའི་མཚན་ཉིད་ལ་བྱེ་བྲག་ཏུ་སྤྱད་ན་ནི་དེས་པའི ་ཡིད་ཀྱི་རྣམ་པར་ཤེས་པ་དེ་དགེ་བར་འགྱུར་ལ། དེ་ལས་བཟློག་བ་པ་ནི་ཉོན་མོངས་པ་ཅན་དུ་འགྱུར་བ་དེ་ནི་སྒོ་ལྔའི་རྣམ་པར་ཤེས་པ་ཡིད་ཀྱི་རྣམ་པར་ཤེས་པའི་དགེ་བ་དང། ཉོན་མོངས་པ་ཅན་གྱི་རྗེས་སུ་འཇུག་པ་སྟེ་ཞེས་བྱ་སྟེ། དེ་ལྟར་ན་ཡིད ་ཀྱི་རྣམ་པར་ཤེས་པ་ནི་རང་དང་གཞན་གྱི་དབང་གཉིས་ཀས་འཇུག་ལ། །སྒོ་ལྔའི་རྣམ་པར་ཤེས་པ་ནི་གཞན་གྱི་དབང་ཁོ་ནས་སོ། །སྔར་དེ་དག་གི་ལས་བཤད་པའི་སྐབས་སུ་ཡིད་ཀྱི་རྣམ་པར་ཤེས་པ་ནི་ལམ་རྣམས་འཇུག་ཅིང་རྗེས་སུ་འཇུག་པར་བྱེད ་དོ་ཞེས་བྱ་བ་དང། དེ་ལས་གཞན་པའི་རྣམ་པར་ཤེས་པའི་ཚོགས་རྣམས་ཀྱི་སྡུག་པ་དང་མི་སྡུག་པའི་འབྲས་བུ་ཡང་ཡོངས་སུ་འཛིན་ཏེ། དེའི་རྒྱུ་ལས་བྱུང་བ་རྒྱུ་མཐུན་པ་ཀུན་ནས་སློད་བའི་ཕྱིར་རོ་ཞེས་བྱ་བ་དང། སྒོ་ལྔའི་རྣམ་པར་ཤེས་པ་ཡང ་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཀུན་ནས་སླང་བའི་རྗེས་སུ་འཇུག་པ་དང། སྡུག་པ་དང་མི་སྡུག་པའི་འབྲས་བུ་ཡོངས་སུ་འཛིན་པར་བྱེད་དོ། ཞེས་བསྟན་པ་དག་ཀྱང་དགེ་བ་དང། ཉོན་མོངས་པ་ཅན་གྱི་ཚུལ་བསྟན་པ་དེ་ཉིད་ཇི་ལྟ་བ་བཞིན་དུ་སྦྱར་རོ། ། ་དེ་དག་ནི་སྤྱིར་རྣམ་པར་ཤེས་པ་སྐྱེ་བའི་ཚུལ་བསྟན་པ་ཡིན་གྱི། སྐབས་འདིར་མདོ་ལས་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་འབྱུང་ངོ་ཞེས་གསུངས་པ་ནི་ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་ཉི་ཚེར?་གཟུང་བར་བྱའོ། ། ་འདིར་རྣམ་པར་ཤེས་པ་འཇུག་པའི་རབ་ཏུ་དབྱེ་བ་བསྟན་པ་ནི་མདོར་ན་ལྷན་ཅིག་བྱུང་བའི་མིག་གི་དབང་པོ་དང། དམིགས་པ་གཟུགས་དང། དེ་དང་བྱུང་བ་མིག་གི་རྣམ་པར་ཤེས་པ་དང། དེ་དང་ལྷན་ཅིག་བྱུང་བ་ཉེ་བར་གནས་པ་ལས་བྱུང་བའི ་ཡིད་ཀྱི་རྣམ་པར་ཤེས་པ་རྣམས་ནི་སྐད་ཅིག་ཁོ་ན་ལ་སྔ་ཕྱི་ཨམེད་པར་དུས་གཅིག་ཏུ་འབྱུང་བར་བཞེད་དོ། །ཅིའི་ཕྱིར་ཞེན། མིག་གི་དབང་པོ་ནི་མིག་གི་རྣམ་པར་ཤེས་པ་ལྷན་ཅིག་འབྱུང་བའི་གནས་ཡིན་ལ། གཟུགས་ནི་མིག་གི་རྣམ་པར་ཤེས་པ ་གཟུགས་གང་གི་རྣམ་པ་སྐྱེས་པ་དེ་ཉིད་ཀྱི་རང་གི་མཚན་ཉིད་ཡིན་པ་དང། དེ་དང་ལྷན་ཅིག་འབྱུང་བ་ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་དེ་དང་ལྷན་ཅིག་འཇུག་པ་དུས་མཚུངས་པ། སྤྱོད་ཡུལ ་ཚུངས་པ། རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པ་ཡང་འབྱུང་ངོ་ཞེས་གསུངས་པ་ཉིད་ཡིན་པས་དེ་དག་ནི་དུས་ཐ་དད་པ་མ་ཡིན་པའི་ཕྱིར་རོ། །དེ་ལ་ལ་ལ་དག་འདི་སྙམ་དུ་བཅོམ་ལྡན་འདས་ཀྱིས་མིག་དང་གཟུགས? ་རྣམས་ལ་བརྟེན་ནས། མིག་གི་རྣམ་པར་ཤེས་པ་འབྱུང་ངོ་ཞེས་གསུངས་པ་ན། བརྟེན་ནས་ཤེས་བྱའི་སྒྲ་སྐད་ཅིག་དང་པོ་ལ་མི་གདང། གཟུགས་ཕྲད་པ་ལས་བརྟེན་ནས་སྐད་ཅིག་གཉིས་པ་ལ་མིག་གི་རྣམ་པར་ཤེས་པ་འབྱུང་ལ། སྐད ་ཅིག་གསུམ་པ་ལ་ངོས་དྲངས་པའི་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་བས་དེ་དག་ནི་དུས་ཐ་དད་དོ་སྙམ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། བརྟེན་ནས་ཤེས་བྱའི་སྒྲ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་ལ་བརྟེན་ཏེ་འབྲས་བུ་འབྱུང་བའི་ཚུལ་བསྟན་པར ་ཟད་ཀྱི། དུས་སྔ་ཕྱི་ཡོད་པ་ནི་མ་ཡིན་ཏེ། དཔེར་ན་གདུང་ཁྱིམ་དང་འདྲའོ། །དེ་ཡང་ཅིས་མངོན་ཞེ་ན། བཅོམ་ལྡན་འདས་ཀྱིས་བརྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ནི་རྣམ་པ་བཅུ་གཉིས་སུ་གསུངས་ཏེ། འདི་ལྟ་སྟེ་འདི་ཡོད ་པས་འདི་འབྱུང་ལ། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་ཞེས་གསུངས་པ་ཡིན་ཏེ། དེ་ལ་འདི་ཡོད་པ་འདི་འབྱུང་ལ་ཞེས་བྱ་བས་ནི་སེམས་དང་སེམས་ལས་བྱུང་བ་དང། དབང་པོ་དང། ཡུལ་དང། རྣམ་པར་ཤེས་པ་རྣམས་ལ་སོགས་པ་དུས ་གཅིག་ཏུ་འབྱུང་བའི་རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱུ་དང་འབྲས་བུ་མགོ་མཉམ་པ་རྣམས་ཀྱི་དབང་དུ་མཛད་དེ་གསུངས་པ་ཡིན་པས། འདིར་མིག་དང་གཟུགས་རྣམས་ལ་བརྟེན་ནས་ཞེས་བྱ་བ་ཡང་དེ་གཉིས་ཀྱི་རྒྱུ་ཡིན་ལ། རྣམ་པར་ཞེས ་པ་ནི་འབྲས་བུ་ཡིན་པས་རྒྱུ་ལ་རྟེན་ཏེ་འབྲས་བུ་འབྱུང་ངོ་ཞེས་རྒྱུ་དང་འབྲས་བུའི་ཚུལ་བསྟན་པ་ཡིན་གྱི། དངོས་སུ་ན་དེ་དག་ནི་དུས་གཅིག་པ་ཡིན་ཏེ། འདི་ལྟར་མིག་ནི་མིག་གི་རྣམ་པར་ཤེས་པའི་ལྷན་ཅིག་འབྱུང་བའི་གནས་ཡིན་ལ ་གཟུགས་ནི་མིག་གི་རྣམ་པར་ཤེས་པའི་གཟུགས་གང་གི་རྣམ་པར་སྐྱེས་པ་དེ་ཉིད་ཀྱི་མཚན་ཉིད་ཡིན་པས་དེ་དག་ནི་སྔ་ཕྱི་མེད་དེ། དཔེར་ན་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་རྒྱུ་དང་འབྲས་བུ་ཡིན་ཡང་དུས་མཚུངས་བ་དང་འདྲའོ། །དེ་ལ་འདི ་སྐྱེས་པའི་ཕྱིར་འདི་སྐྱེ་བཞིས་བྱ་བ་ནི་ས་བོན་དང་མྱུ་གུ་ལ་སོགས་པ་དུས་སྔ་ཕྱིར་བྱུང་བའི་རྟེན་ཅིང་འབྲེལ་བར་འབྱུང་བའི་རྒྱུ་ནི་སྔ་ལ། འབྲས་བུ་ན་འཕྱི་བ་རྣམས་ཀྱི་དབང་དུ་མཛད་དེ་གསུངས་པ་ཡིན་པས་དེ་དག་ལ་ནི་སྔ་ཕྱི་ཡོད་པར་རྟག་ཏུ་རུང་གི ་མིག་དང། གཟུགས་དང། མིག་གི་རྣམ་པར་ཤེས་པ་ལ་ནི་སྔ་ཕྱི་མེད་དེ། དུས་གཅིག་པ་ཡིན་པར་རིག་པར་བྱའོ། །མིག་གི་རྣམ་པར་ཤེས་པས་དྲངས་ནས་སྐད་ཅིག་གསུམ་པ་ལ་མིག་གི་རྣམ་པར་ཤེས་པ་འབྱུང་ངོ་ཞེས་བྱ་བ་དེ་ཡང་ཉེ་བར ་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པར་བྱང་ནི་མི་རུང་སྟེ། དེ་ནི་མདོ་འདི་ཉིད་ལས་ཀྱང་མིག་གི་རྣམ་པ་དེ་དང་ལྷན་ཅིག་རྗེས་སུ་འཇུག་པ་དུས་མཚུངས་པ། སྤྱོད་ཡུལ་མཚུངས་བ། རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡང ་འབྱུང་བ་ཞེས་གསུངས་པ་ཡིན་པས། དུས་དང་དམིགས་པ་ཐ་དད་ཅེས་ཡང་བྱར་ཡང་མི་རུང་ལ། གཞུང་གཟན་དག་ལས་ཀྱང། ཡིད་ཀྱི་རྣམ་པར་ཤེས་པ་ནི་རང་དང་གཞན་གྱི་ཡུལ་ལ་འཇུག་གི་ཞེས་འབྱུང་བས། མིག་གི་ཡུལ་ལ་ཡང་འཇུག ་པར་ནི་ངེས་ན། དེ་ལ་མིག་གི་རྣམ་པར་ཤེས་པ་ནི་སྐད་ཅིག་གཅིག་རྣམ་པར་རིག་པ་ཡིན་པས་རང་གི་ཡུལ་སྐད་ཅིག་གཅིག་ལ་ཉེ་བར་གྱུར་པ་དེ་ཉིད་ཀྱི་རྣམ་པ་སོ་སོར་རྟོགས་ནས་ཡུལ་དང་བཅས་ཏེ་འགག་པས་སྐད་ཅིག་ཕྱི་མ་ལ་ཡིད་ཀྱི་རྣམ ་པར་ཤེས་པ་བྱུང་ཙམ་ན་སྔ་མའི་མིག་དང་མིག་གི་རྣམ་པར་ཤེས་པ་དང། མིག་གི་ཡུལ་དེ་ཉིད་ལ་འགགས་ཟིན་པས། མིག་གི་ཡུལ་ཞེས་བྱ་བའི་རང་གི་མཚན་ཉིད་ཅི་ཡང་མེད་པའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་སྐད་ཅིག་ཕྱི་མས?་བྱུང ་བ་དེ་མིག་གིས་ཡུལ་ལ་དམིགས་ཞེས་བྱར་མི་རུང་ངོ། །མིག་གི་ཡུལ་ལ་ནི་མི་འཇུག་གི་།མིག་གི་ཡུལ་འགགས་པའི་སྤྱིའི་མཚན་ཉིད་ལ་རྗེས་སུ་འཇུག་པ་ལ་བྱའོ་ཞེ་ན། དེ་ནི་ཚོལ་བ་འམ། དེས་པའི་ཡིད་ཀྱི ་རྣམ་པར་ཤེས་པ་གཞན་གྱི་ཡུལ་གྱི་སྤྱིའི་མཚན་ཉིད་ལ་དམིགས་པ་ཉིད་ཡིན་པས་བརྩང་དུ་མེད་དོ། །དེ་ལྟར་ན་ལྷན་ཅིག་འབྱུང་བའི་གནས་མིག་གི་དབང་པོ་དང། དམིགས་པ་གཟུགས་དང། དེ་དང་འབྱུང་བ་མིག་གི་རྣམ་པར་ཤེས ་པ་དང། དེ་དང་ལྷན་ཅིག་འབྱུང་བ་ཉེ་བར་གནས་པ་ལས་བྱུང་བཱི་ཡིད་ཀྱི་རྣམ་པར་ཤེས་པ་དང། གྲོགས་དེ་དང་ལྷན་ཅིག་འབྱུང་ཞིང་མཚུངས་པར་ལྡན་པ་སེམས་ལས་བྱུང་བ་ཀུན་ཏུ་འགྲོ་བ་ལྔ་ལ་སོགས་པས་མང་པོ་དག་ནི་སྐད་ཅིག ་ཅིག་ཁོ་ན་ལ་དུས་གཅིག་ཏུ་འབྱུང་བར་རིག་པར་བྱའོ། །ཚུལ་དེ་ལྟར་བསྟན་པ་ནི་ཐེག་པ་ཆེན་པོའི་ངེས་དོན་རྣམ་པར་གཏན་ལ་དབབ་པའི་སྐབས་འདིར་སེམས་ཀྱི་འཇུག་པའི་ཆུ་ལ་ཡང་དག་པར་བསྟན་པ་ཡིན་ནོ། །དང་བའི་དོན་གྱི ་མདེ་ཁ་ཅིག་དང་ཉན་ཐོས་སྡེ་པ་གཞན་གྱི་ལུང་དག་ལས་ཚུལ་གཞན་དུ་བསྟན་པ་ནི་གདུལ་བ་བྱིས་པའི་ཤེས་རབ་ཅན་དག་གི་དབང་དུ་མཛད་པ་ཡིན་པས་དེ་དག་གི་རྗེས་སུ་འཇུག་པར་མི་བྱའོ། །ཆོས་འདི་པ་དང་གཞན་དག་གི་གང ་ཟག་དག་གི་གཞུང་ལུགས་ཁ་ཅིག་ལས་གཞན་དུ་བཤད་པ་ནི་རྟོག་གེ་སྐམ་པོ་ཙམ་དུ་ཟད་པས་དེ་དག་རང་ལུས་འདི་ནི་བརྫུན་པར་ཡང་མི་བྱའོ། །བློ་གྲོས་ཡངས་པ་དེ་ལ་རྣམ་པར་ཤེས་པ་དང་བཅས་པའི་རྣ་བ་དང། ས་དང། ལྕེ ་དང། ལུས་དང། རེག་བྱ་རྣམས་ལས་བརྟེན་ནས་ལུས་ཀྱི་རྣམ་པར་ཤེས་པ་འབྱུང་སྟེ། ཞེས་བྱ་བས་ནི་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པ་ལྷག་མ་བཞིའི་ལྷན་ཅིག་འགྱུར་བའི་གནས་དང། དམིགས་པ་དང་ངོ་བོ་ཉིད་སྟན་ཏེ། ་སྔ་མ་བཞིན་དུ་རིག་པར་སྦྱར་རོ། །ལུས་ཀྱི་རྣམ་པར་ཤེས་པ་དེ་དང་ལྷན་ཅིག་རྗེས་སུ་འཇུག་པ་དུས་མཚུངས་པ། སྤྱོད་ཡུལ་མཚུངས་པ། རྣམ་པར་རྟོག་བའི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་འབྱུང་ཞེས་བྱ་བས་ནི་རྣ་བའི་རྣམ་པར་ཤེས་པ་ལ ་སོགས་པ་ལྷག་མ་བཞི་དང་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ལྷན་ཅིག་གི་དངོས་པོས་འཇུག་པ་རྣམ་པར་བཞག་པ་དང། གཅིག་གི་རྐྱེན་ཉིད་གཅིག་ཡིན་པས་འཇུག་པ་རྣམ་པར་བཞག་པ་དང། དམིགས་པས་འཇུག་པ་རྣམ་པར་བཞག ་པ་དང། གྲོགས་དང་མཚུངས་པར་ལྡན་པས་འཇུག་པ་རྣམ་པར་བཞག་པ་དང། དེ་དང་ལྷན་ཅིག་གི་ངོ་བོ་འཇུག་པ་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པའི་ངོ་བོ་ཉིད་བསྟན་ཏེ། དེ་དག་ཀྱང་སྐད་ཅིག་གཅིག་གི་ཁོ་ན་ལ་སྔ་ཕྱི་མེད་པར་འབྱུང་བར ་རིག་པར་བྱ་སྟེ་སྔ་མ་བཞིན་དུ་ཅི་རིགས་པར་སྦྱར་རོ། །གལ་ཏེ་མིག་གི་རྣམ་པར་ཤེས་པ་ཅིག་ལན་ཅིག་བྱུང་ན་ནི་མིག་གི་རྣམ་པར་ཤེས་པ་དང་སྤྱོད་ཡུལ་མཚུངས་པ་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་ཅིག་ཁོ་ན་ལན་ཅིག་འབྱུང ་ངོ། །གལ་ཏེ་རྣམ་པར་ཤེས་པའི་ཚོགས་གཉིས་སམ། གསུམ་མམ། བཞི་ལན་ཅིག་འམ་ལྔ་ཅར་ལན་ཅིག་བྱུང་ན་ཡང་དེར་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་དང་སྤྱོད་ཡུལ་མཚུངས་པ་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡང ་གཅིག་ཁོ་ན་ལན་ཅིག་འབྱུང་ངོ་ཞེས་བྱ་བའི་ཚར་གྱི་ནི་ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་དང་དང་གཞན་གྱི་ཡུལ་གྱི་རང་གི་མཚན་ཉིད་ལ་དམིགས་བ་ཏེ། སྒོ་ལྔའི་རྣམ་པར་ཤེས་པ་རྣམས་ཀྱི་རྐྱེན་ཇི་ལྟ་བ་བཞིན་དུ་གཅིག ་གམ། གཉིས་སམ། ལྔ་ཅར་གྱི་བར་དང་ལྷན་ཅིག་འབྱུང་བ་ཉིད་ཀྱི་ཚུལ་སྟོན་ཏེ། དེ་ཡང་ཇི་ལྟ་བུ་ཞེ་ན། སྒོ་ལྔའི་རྣམ་པར་ཤེས་པ་རྣམས་ནི་ཕྱི་རོལ་གྱི་ཡུལ་གྱི་རྒྱེས?་ལ་རག་ལས་པ་ཡིན་པས་འབྱུང་བའི་རིམ་པ་དང་དུས་དེས་པ་མེད་དེ ་གང་གི་རྐྱེན་ཉེ་པར་གནས་པར་གྱུར་པ་ཉིད་འབྱུང་ཞིང་གཞན་ནི་མི་འབྱུང་ངོ། །རྐྱེན་རྣམས་ལ་ཡང་ངེས་པ་མེད་དེ། ལན་འགའ་ནི་གཅིག་གི་རྐྱེན་ཉེ་བར་གནས་སོ། །ལན་འགའ་ནི་གཉིས་དང་གསུམ་དང་བཞི ་འམ་ལྔ་ཆར་གྱིས་རྐྱེན་དུས་གཅིག་ཏུ་ཉེ་བར་གནས་པར་འགྱུར་རོ། །དེ་ལྟར་གཅིག་གི་རྐྱེན་ཉེ་བར་གནས་པར་གྱུར་ན་ཡང་གང་གི་རྐྱེན་ཉེ་བར་གནས་པ་དེ་ཉིད་ཀྱི་རྣམ་པར་ཤེས་པ་གཅིག་ཁོ་ནར་གྱི་རྐྱེན་ལས་བརྟེན་ཏེ་འབྱུང་ངོ། །རྐྱེན་གཉིས ་དང་གསུམ་དང་བཞི་འམ་ལྔ་ཅར་དུས་གཅིག་ཏུ་ཉེ་བར་གནས་པར་གྱུར་ན་ཡང། སྒོ་ལྔའི་རྣམ་པར་ཤེས་པ་ལྔ་ཆར་དུས་གཅིག་ཁོ་ནར་རང་རང་གི་རྐྱེན་ལས་བརྟེན་ཏེ་འབྱུང་ངོ། །སྒོ་ལྔའི་རྣམ་པར་ཤེས་པ་དེ་དག་ནི་རང་རང་གི་ཡུལ་གྱི་རང ་གིས་མཚན་ཉིད་ལ་དམིགས་པ་སྟེ། མིག་གི་རྣམ་པར་ཤེས་པ་ཡང་ཡུལ་གྱི་རྣམ་པའི་རྐྱེན་ཇི་ལྟ་བ་བཞིན་དུ། གཟུགས་ཀྱི་དངོས་པོ་གཅིག་ལ་ཡང་རེས་འགའ་ནི་གཟུགས་ཀྱི་རྣམ་པར་རིག་པ་གཅིག་པ་སྣ་ཚོགས་མ་ཡིན་པ་འཛིན་པར ་བྱེདལ། རེ་འགའ་ནི་རྣམ་པ་སྣ་ཚོགས་དུམ་ཅིག་ཅར་འཛིན་པར་བྱེད་དེ། དེ་ལྟར་རྣམ་པ་སྣ་ཚོགས་དུ་མ་ཅིག་ཅར་འཛིན་ཀྱང་ཤེས་པའི་ངོ་བོ་ཉིད་གཅིག་ཏུ་ཟང་པས་རིགས་མཐུན་པའི་སེམས་གཉིས་ཅིག་ཅར་འབྱུང་བ་ཡང་མ་ཡིན་ནོ། ། ་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པ་ལྷག་མ་རྣམས་ཀྱང་དེ་བཞིན་ཏེ། དེ་ནི་སྒོ་ལྔའི་རྣམ་པར་ཤེས་པ་སྐྱེ་བའི་ཚུལ་བསྟན་པ་ཡིན་ནོ། །དེ་ལྟ་བས་ན་ཉེ་བར་གནས་པ་ལས་འབྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་དེ་ཡང་སྒོ་ལྔའི་རྣམ་པར་ཤེས་པ་དེ ་དག་གི་རྐྱེན་ཇི་ལྟ་བ་བཞིན་དུ་ལན་འགའ་ནི་སྒོ་ལྔའི་རྣམ་པར་ཤེས་པ་གཅིག་དང་གཉིས་དུས་གཅིག་ཏུ་རྐྱེན་དེ་ཉིད་ལས་བརྟེན་ཏེ་བྱུང་ངོ། །ལན་འཀའ་ནི་སྒོ་ལྔའི་རྣམ་པར་ཤེས་པ་གཉིས་དང་གསུམ་དང་བཞི་འམ་ལྔ་ཆར་གྱི་བར་དང་དྲུག ་དུས་གཅིག་ཏུ་རང་རང་གི་རྐྱེན་དེ་དག་ལས་བརྟེན་ཏེ་འབྱུང་ངོ། །དེ་དེ་ལྟར་དུས་གཅིག་ཏུ་སྒོ་ལྔའི་རྣམ་པར་ཤེས་པ་ལྔ་ཆར་གྱི་བར་དང་ལྷན་ཅིག་འབྱུང་ཡང། སྐྱེས་བུ་སྐར་ཁུང་ཐ་དད་པ་ནས་འཇུག་པ་དག་བཞིན་དུ་རྫས་ཐ་དད་པ་ཡང་མ་ཡིན་ཏེ ་ཤེས་པའི་ངོ་བོ་ཉིད་གཅིག་ཏུ་ཟད་པར་རིགས་མཐུན་པའི་སེམས་གཉིས་ཅི་གཅར་འབྱུང་བ་ཡང་མ་ཡིན་ནོ། ཤེས་པའི་ངོ་བོ་ཉིད་གཅིག་ཏུ་ཟད་ཀྱང་རང་དང་གཞན་གྱི་ཡུལ་རང་གི་མཚན་ཉིད་ཀྱིས་བསྡུས་པ་ཐ་དད་པ་ལ་ཡང་དུས་གཅིག་ཏུ ་དམིགས་སོ། །དེ་ལྟར་དུས་གཅིག་དུ་དམིགས་ཀྱང་དེའི་གནས་སྐབས་ན་གྲོགས་ཀུན་ཏུ་འགྲོ་བ་ལྔ་དང། མཚུངས་པར་ལྡན་པར་ཟང་ཀྱི་ཡུལ་བྱེ་བྲག་དུ་མི་གདོད?་པས་སེམས་ལས་བྱུང་བ་དགེ་བ་དང། ཉོན་མོངས་པ་རང་གིས་བདག་མེད ་པའི་ཕྱིར་དགེ་བ་དང། མི་དགེ་བའི་སེམས་མི་མཐུན་པ་གཉིས་དུས་གཅིག་ཏུ་འབྱུང་བ་ཡང་མེད་དོ། །དེ་ནི་ལྷན་ཅིག་འབྱུང་བའི་གནས་དབང་པོ་གཟུགས་ཅན་དེས་པ་མེད་ལ་དམིགས་པ་རང་གི་མཚན་ཉིད་ཡིན་པར་འདྲ་བས་རང་དང་གཞན་གྱི་གནས ་དམིགས་པ་ཐམས་ཅད་དུ་འགྲོ་བ་ཡིན་གྱི། སྒོ་ལྔའི་རྣམ་པར་ཤེས་པ་ངག་ནི་གནས་དང་དམིགས་པ་སོ་སོར་ངེས་པའི་ཕྱིར་ཐམས་ཅད་དུ་འགྲོ་བ་མ་ཡིན་ནོ། །དེ་ལ་མདོར་བསྡུ་ན་ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པ་ནི་རང་དང་གཞན་གྱི་ཡུལ་དང། ་རང་དང་སྤྱིའི་མཚན་ཉིད་ཡིན་ལ། སྒོ་ལྔའི་རྣམ་པར་ཤེས་པའི་དམིགས་པ་ནི་རང་གི་དང་རང་གི་མཚན་ཉིད་ཁོ་ན་ཡིན་ནོ། །བྱེ་བྲག་ཏུ་དབྱེན་ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པ་ཐམས་ཅད་ནི་རང་གཞིན་གྱི་ཡུལ ་ཡིན་མོད་ཀྱི། རང་དང་གཞན་གྱི་ཡུལ་ཐམས་ཅད་ནི་ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་དང་དམིགས་པ་མ་ཡིན་ཏེ་རང་དང་གཞན་གྱི་ཡུལ་གྱི་སྤྱིའི་མཚན་ཉིད་དོ། །ཚོལ་བ་པ་དང་ཉེས་པའི་ཡིད་ཀྱི་རྣམ་པར་ཤེས་པའི་དམིགS། ་པ་ཐམས་ཅད་དང་རང་གཞན་གྱིས་ཡུལ་ཡིན་མོད་ཀྱི། རང་དང་གཞན་གྱི་ཡུལ་ཐམས་ཅད་ནི་དེ་གཉིས་ཀྱི་དམིགས་པ་མ་ཡིན་ཏེ། རང་དང་གཞན་གྱི་ཡུལ་གྱི་མཚན་ཉིད་དོ། །དེ་གཞན་དུ་སྒོ་ལྔའི་རྣམ་པར་ཤེས་པ ་ཐམས་ཅད་ཀྱི་དམིགས་པ་ནི་རང་གི་མཚན་ཉིད་ཡིན་མོད་ཀྱི། རང་གི་མཚན་ཉིད་ཐམས་ཅད་ནི་སྒོ་ལྔའི་རྣམ་པར་ཤེས་པའི་དམིགས་པ་མ་ཡིན་ཏེ། ཆོས་ཀྱི་ཁམས་ཀྱི་རང་གི་མཚན་ཉིད་དོ། །དེ་ལྟར་རྣམ་པར་ཤེས་པ་རྣམས་ཀྱི ་འཇུག་པའི་རབ་ཏུ་དབྱེ་བ་བསྟན་པ་འདི་ལ་ཡང་ས་བོན་གྱི་གནས་ཀུན་གཞི་རྣམ་པར་ཤེས་པ་དང་དེ་མ་ཐག་པའི་གནས་རྣམ་པར་ཤེས་པ་རྣམས་འགག་མ་ཐག་པ་ནི་འཇུག་པའི་རྣམ་པར་ཤེས་པ་ཐམས་ཅད་ཀྱི་གནས་ཐུན་མོང་ཡིན་ནོ། ། ་དེ་མ་ཐག་པའི་གནས་དེ་ནི་ཀུན་གཞི་རྣམ་པར་ཤེས་པ་རྣམ་པར་བཞག་པའི་སྐབས་སུ་ནི་དྲུག་པོ་འགགས་མ་ཐག་བའི་རྣམ་ཤེས་གང་ཡིན་དེ་ཡིན་དེ་ཞེས་གསུངས་པས་འཇུག་པའི་རྣམ་པར་ཤེས་པའི་ཚོགས་དྲུག་པོ་ཉི་ཚེ་ལ་བཞག་གོ། ་ཀུན་བཞི་རྣམ་པར་ཤེས་པ་བཞག་པའི་སྐབས་སུ་ནི་འབྱུང་བའི་གོ་འབྱེད་པའི་གནས་སྐབས་སུ་ནི། རྣམ་པར་ཤེས་པ་རྣམས་འགགས་མ་ཐག་བའོ་ཞེས་གསུངས་པས་རྣམ་པར་ཤེས་པ་བརྒྱུད་བཅར་ལ་བཞག་གོ་།གནས་དེ་ནི་ངེས་པ་མེད་དེ?། ་དེ་ལ་རེ་ཞིག་སྐྱེ་བོ་རྣམས་ཀྱིས་སེམས་ཡོད་པའི་གནས་སྐབས་ན་ཀུན་གཞི་དང་ཉོན་མོངས་པ་ཅན་གྱི་ཡིད་དང། ཡིད་ཀྱི་རྣམ་པར་ཤེས་པ་ནི་རྒྱུན་རྟག་ཏུ་འཇུག་པས་རང་གི་སྔ་མ་འགགས་མ་ཐག་པ་རང ་གི་རྒྱུན་ཕྱི་མ་ལ་སྐྱེ་བའི་དེ་མ་ཐག་བའི་གནས་ཡིན་ནོ། །སྒོ་ལྔའི་རྣམ་དང་ཤེས་པ་རྣམས་ཀྱང་ཐམས་ཅད་དུས་གཅིག་ཏུ་སྐྱེ་བའི་གནས་སྐབས་ན་ནི་རང་ཀ་འགགས་མ་ཐག་པའི་གནས་ཡིན་ནོ། །ལྔ་ཆར་དུས་གཅིག་ཏུ་འགག་པ་ནི་མཇུག ་ཐོགས་སུ་བཞི་ནི་མི་སྐྱེ་གང་རུང་བ་གཅིག་སྐྱེ་ན་ནི་ལྔ་ཆར་ནི་འགགས་མ་ཐག་པ་ནི་གང་ཡང་རུང་བ་གཅིག་སྐྱེ་བ་དེ་མ་ཐག་པའི་གནས་ཡིན་ནོ། །བཞི་ནི་མ་སྐྱེས་ལ་གང་ཡང་རུང་བ་གཅིག་སྐྱེས་པ་དེ་འགགས་མ་ཐག་ཏུ་ལྔ་ཆར་དུས་གཅིག་ཏུ་སྐྱེས་ན་ཡང ་གཅིག་པོའི་འགགས་མ་ཐག་པ་དེ་ལྔ་ཆར་སྐྱེ་བའི་དེ་མ་ཐག་པའི་གནས་ཡིན་ནོ། །གཉིད་ལོག་པ་དང་བརྒྱལ་བ་སེམས་མེད་པའི་གནས་སྐབས་ནི་སྒོ་ལྔའི་རྣམ་པར་ཤེས་པ་རེ་ཞིག་འགགས་ཏེ། རྒྱུན་ཆད་པ་ཕྱིས་སྐྱེ་བ་ནི་ཀུན་གཞི་དང། ཉོན?་མོངས་པ ་ཅན་དང། ཡིད་ཀྱི་རྣམ་པར་ཤེས་པ་རྒྱུན་མ་ཆད་པ་རྣམས་ཀྱི་དེ་མ་ཐག་པའི་གནས་ལས་སྐྱེས་སོ། །དེ་བཞིན་དུ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་འདུ་ཤེས་མེད་པ་བ་སེམས་མེད་པའི་གནས་སྐབས་ན་འཇུག་པའི་རྣམ་པར་ཤེས་པ་དྲུག་པོ ་རེ་ཞིག་འགགས་ཏེ། རྒྱུན་ཆད་པ་ཕྱིས་སྐྱེ་བ་ནི་ཀུན་གཞི་དང་ཉོན་མོངས་པ་ཅན་གྱི་རྒྱུན་མ་ཆད་པའི་དེ་མ་ཐག་པའི་གནས་ལས་སྐྱེས་སོ། །དེ་བཞིན་དུ་འགོག་པའི་སྙོམས་པར་ཞུགས་པ་སེམས་མེད་པའི་གནས་སྐབས་ན་ཉོན་མོངས་པ་ཅན་གྱི་ཡིད་ལ་སོགས ་པ་བདུན་པོར་ཞིག་འགགས་ཏེ། རྒྱུན་ཆད་པ་ཕྱིས་སྐྱེ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་རྒྱུན་མ་ཆད་པའི་དེ་མ་ཐག་པའི་གནས་ལ་སྐྱེའོ། །ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་སེམས་མེད་པའི་གནས་སྐབས་ན་ནི་ཀུན་གཞི་སྤངས་པས་རྣམ་པར་ཤེས ་པ་ཐམས་ཅད་ཀྱི་དེ་མ་ཐག་པའི་གནས་མེད་དེ་གཅས་གྱུར་བའི་ངོ་བོ་ཉིད་ནི་རྒྱུན་ཆད་པ་མེད་པར་རིག་པར་བྱའོ། །དེ་ལ་གང་ཀུན་གཞི་རྣམ་པར་ཤེས་པ་དང་ལྡན་པ་དེ་འཇུག་པའི་རྣམ་པར་ཤེས་པ་དང་ཡང་ལྡན་ལ། གང་འཇུག་པའི་རྣམ་པར་ཤེས་པ་དང་ལྡན ་པ་དེ་ཡང་ཀུན་གཞི་རྣམ་པར་ཤེས་པ་དང་ལྡན་པ་ཡིན་ནམ་ཞེས་ན། མུ་བཞི་སྟེ། ཀུན་གཞི་རྣམ་པར་ཤེས་པ་དང་ལྡན་ལ། འཇུག་པའི་རྣམ་པར་ཤེས་པ་དང། མི་ལྡན་པ་ནི་གཉིད་ལོག་པའི་སེམས་མེད་པ་དང། བརྒྱལ་བ་སེམས་མེད་པ་དང། འདུ་ཤེ ་མེད་པའི་སྙོམས་པར་འཇུག་པ་དང། འགོག་པའི་སྙོམས་པར་ཞུགས་པ་ལ་སྙོམས་པར་ཞུགས་པ་དང། འདུ་ཤེས་མེད་པའི་སེམས་ཅན་རྣམས་ཀྱི་ནང་དུ་སྐྱེས་པ་དེ་ཅི་རིགས་པར་སྦྱར་རོ། །འཇུག་པའི་རྣམ་པར་ཤེས་པ་དང ་ལྡན་ལ། ཀུན་གཞི་རྣམ་པར་ཤེས་པ་དང་མི་ལྡན་པ་ནི་སེམས་ཡོད་པའི་གནས་སྐབས་ན་དགྲ་བཅོམ་པ་དང། རང་སངས་རྒྱས་དང། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དང། དེ་བཞིན་གཤེགས་པའོ། །གཉིས་ཀ་དང་ལྡན་པ་ནི་སེམས་ཡོད ་པའི་གནས་སྐབས་ན་དེ་དག་ལས་གཞན་པ་རྣམས་སོ། །གཉིས་ག་དང་མི་ལྡན་པ་ནི་དགྲ་བཅོམ་པ་དང། རང་སངས་རྒྱས་དང། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་པ་དང། དེ་བཞིན་གཤེགས་པ་འགོག་པ་ལ་སྙོམས་པར་ཞུགས་པ་དང། ཕུང་པོ ་ལྷག་མ་མེད་པ་ལ་མྱ་ངན་ལས་འདས་པའི་དབྱིངས་ནའོ། །རྣམ་པར་ཤེས་པ་ལྷན་ཅིག་འབྱུང་བའི་ཚུལ་བཤད་པའི་སྐབས་འདི་ལ་ཉན་ཐོས་ཀྱི་སྡེ་པ་ཁ་ཅིག་སེམས་རིགས་མི་མཐུན་པ་གཉིས་ཀྱང་ལྷན་ཅིག་འབྱུང་བ་མེད་པར་འདོད་པ་དེ་དག་ནི་བྱིས་པའི ་ཤེས་རབ་ཅན་དང་པའི་རྗེས་སུ་འབྲང་བ་ཡིན་པས་དེ་དག་གི་རྗེས་སུ་ནི་འཇུག་པར་མི་བྱའོ། །དེ་བས་ན་རྣམ་པར་ཤེས་པ་རི་མཐུན་ནི་གཉིས་ཅིག་ཅར་མི་འབྱུང་གི་རིགས་མི་མཐུན་པ་ནི་རྐྱེན་ཇི་ལྟ་བ་བཞིན་དུ་གཅིག་ནས་གཉིས་རབ་ཏུ་མང་པོ་ཡང་ལྷན་ཅིག་འབྱུང ་སྟེ། རྣལ་འབྱོར་པ་ངག་གི་སེམས་ནི་སྒོ་ལྔའི་རྣམ་པར་ཤེས་པ་གཅིག་གིས་ཀྱང་གཞན་ཐམས་ཅད་ཀྱི་བྱ་བ་བྱེད་ནུས་པས་རྣམ་པར་ཤེས་པའི་འཇུག་པ་ནི་བསམ་གྱིས་མི་ཁྱབ་པར་རིག་པར་བྱའོ། །བློ་གྲོས་ཡངས་པ་འདི་ལྟ་སྟེ་དཔེར ་ན་ཞེས་བྱ་བ་ལ་སོགས་པའི་དཔེ་རྣམ་པ་གཉིས་ཡིས་ནི་ས་བོན་གྱི་གནས་ཀུན་གཞི་རྣམ་པར་ཤེས་པ་ལ་བརྟེན་ནས་འཇུག་པའི་རྣམ་པར་ཤེས་པ་རྣམས་རྐྱེན་ཇི་ལྟ་བ་བཞིན་དུ་འབྱུང་བའི་དོན་སྔར་བསྟན་པ་དེ་ཉིད་ཀྱི་དང་སྟོན་ཏོ། །དེ ་ཡང་ཆུའི་རླུང་ཆེན་པོ་འབབ་པ་ཞེས་བྱ་བ་དང། མེ་ལོང་གི་དཀྱིལ་འཁོར་ཡོངས་སུ་དག་པའི་ཞེས་བྱ་བའི་གནས་ལྟ་བུ་ནི་ཀུན་གཞི་རྣམ་པར་ཤེས་པའོ། །རླབས་དང་གཟུགས་བརྙན་གྱི་གནས་ལྟ་བུ་ནི་འཇུག་པའི་རྣམ་པར་ཤེས་པ་རྣམས་སོ། །འབྱུང ་བའི་རྐྱེན་ཅེས་བྱ་བ་ནི་རླུང་དང་གཟུགས་ཀྱི་དངོས་པོ་ལ་སོགས་པ་དག་སྟེ། རྐྱེན་དེ་དག་གི་གནས་ལྟ་བུ་ནི་དེ་མ་ཐག་པའི་གནས་འགགས་མ་ཐག་པ་དང། ལྷན་ཅིག་པའི་གནས་དབང་པོ་གཟུགས་ཅན་དང། དམིགས་པ་ཡུལ་དང་དེ་དང་འབྱུང ་བ་ཡིད་ལ་བྱེད་པ་ལ་སོགས་པ་རྣམས་ཡིན་པར་བལྟའོ། །འོ་ན་དཔེའི་དངོས་པོ་ཅིག་བསྟན་པས་ཆོག་ན་རྣམ་པ་གཉིས་སྨྲས་པ་ལ་དགོས་པ་ལྷག་པ་ཅི་ཡོད་ཅེ་ན་དོན་གྱི་དམིགས་མཚོན་པ་ལ་ནི་དཔེ་ཅིག་གིས་ཆོག་མོད་ཀྱི། རྟེན་ཅིང་འབྲེལ་པར ་འབྱུང་བའི་ཚུལ་གཞན་དག་ལོག་པར་མངོན་པར་ཞེན་པ་རྣམ་པ་གཉིས་ཡོད་དེ། རྒྱུའི་རྒྱུན་སྔ་མ་ཟད་ནས་འབྲས་བུ་ཕྱི་མ་རྒྱུ་མེད་པ་ལས་འབྱུང་བ་ལྟ་བུ་དང་རྒྱུ་ཉིད་འབྲས་བུའི་གནས་སུ་འཕོ་བར་བལྟ་བ་བསལ་བའི་ཕྱིར་དཔེ་རྣམ་བ་གཉིས་སུ ་གསུངས་ཏེ་གོ་རིམ་བཞིན་དུ་སྦྱར་རོ། །དེ་ལ་ཆུའི་ཀླུང་དེ་རང་གི་རྒྱུན་གྱིས་རྒྱུན་ཆད་པར་ཡང་མི་འགྱུར་ལ། ཡོངས་སུ་ཟད་པར་མི་འགྱུར་རོ་ཞེས་བྱ་བ་ནི་རྒྱུའི་རྒྱུན་སྔ་མ་ཟད་ནས་འབྲས་བུ་ཕྱི་མ་རྒྱུ་མེད་པ་ལས་འབྱུང་བར་ལྟ་བ་སེལ་ཏོ། །དེ་ལྟར ་ལྟ་བ་སུ་ཞེ་ན། འདི་ལྟར་འདི་ནི་དགེ་སྦྱོང་བྲམ་ཟེ་རྟག་པ་རྟག་པའི་དུས་དང། ཐེར་ཟུག་ཐེར་ཟུག་གི་དུས་རྒྱུ་མེད་པར་སྨྲ་བ་ངག་ལས་ཁ་ཅིག་སྟེ། དེ་དག་ཀྱང་ཅིའི་ཕྱིར་དེ་ལྟར་ལྟ་ཞིང་རྣམ་པར་འཇོག་པ་ལ་ཡོངས་སུ་སྟོན་པར་བྱེད་ཅེ་ན། འདི ་ལྟར་ལུང་དང་རིགས་པར་བྱེད་དེ། ལུང་གང་ཞེ་ན་རྒྱུ་མེད་པ་ཁོ་ནའོ་ཞེས་དེ་དང་ལྡན་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་དང། སྡེ་སྣོད་བྱིན་པའི་ཚུལ་གྱིས་དེ་དག་ལ་འོངས་པ་ཡིན་ནོ། །རིགས་པ་གང་ཞེ་ན། འདི་ལྟར་དགེ་སློང་དང་བྲམ་ཟེ་རྟོག? ་གེ་པ་སྤྱོད་པ་ཅན་རྟོག་གེར་གཏོགས་པའི་རང་གི་སྤོབས་པ་ལས་བྱུང་བའི་སོ་སོའི་སྐྱེ་བོ་པ་སྤྱོད་པའི་རྗེས་སུ་སྤྱོད་པ་ལ་གནས་པ་དེ་དག་བསམ་གཏན་ལ་བརྟེན་པ་དང། རྟོག་གེ་ལ་བརྟེན་པའི་ཚུལ་གྱིས་རྣམ་པ ་གཉིས་སུ་སྨྲ་སྟེ། དེ་ལ་བསམ་གཏན་ལ་བརྟེན་པ་ནི་དགེ་སྦྱོང་དང་བྲམ་ཟེ་སྔོན་གྱི་མཐར་རྟོག་པ་ཁ་ཅིག་འཇིག་རྟེན་པའི་བསམ་གཏན་ཆུད་དུ་དང་འབྲིང་དང་ཆེན་པོ་ལ་བརྟེན་ནས་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པས་སེམས་ཅན་དང། ་འཇིག་རྟེན་གྱི་སྔོན་གྱི་མཛའ་ལ་རྟོག་པ་ན་ཚེ་རབས་གཅིག་གམ་གཉིས་སམ་མང་པོ་ཞིག་གམ། བསྐལ་པ་ཆེན་པོ་གཅིག་ཚུན་ཆད་རྗེས་སུ་དྲན་པ་ན་དེ་དག་གི་སྔོན་རོལ་གྱི་རྒྱུའི་རྒྱུན་འབྲེལ་པ་རྗེས་སུ་མ་མཐོང་བས་འདི་སྙམ་དུ་སེམས་ཏེ། ་སེམས་ཅན་དང་འཇིག་རྟེན་འདི་དག་དང་པོར་གྲུབ་པའི་རྒྱུའི་རྒྱུན་སྔ་མ་ནི་རྒྱུན་ཆད་དེ་མེད་པ་ཡིན་པས་དེས་ནི་མ་བསྐྱོད་ཀྱི་འབྲས་བུ་ཕྱི་མ་འདི་དག་ནི་རྒྱུ་མེད་པ་ལས་བྱུང་པ་ཡིན་ནོ་སྙམ་དུ་སེམས་པ་སྟེ། དེ་དག་ལ་ཡང་ལྟ་བར་གྱུར་བ་འདི་འབྱུང ་དོ། །རྟོག་གེ་བརྟེན་པ་ནི་མདོར་བསྡུ་ན་དེ་དག་གིས་ནད་དང་ཕྱི་རོལ་གྱི་དངོས་པོ་འདི་དག་སུས་ཀྱང་བསམ་པ་སྔོན་དུ་མ་བཏང་བར་རྣམ་པ་སྣ་ཚོགས་སྣང་བ་དང། རེས་འགའ་རྒྱུ་རྣམས་འབྲས་བུ་མེད་པར་སྣང་བ་དང། རེས་འགའ་གློ་བུར་དུ ་རླུང་ལྡང་ལ་ངེས་འགའ་མི་ལྡང་བ་དང། རེས་འགའ་གློ་བུར་དུ་ཆུ་ཀླུང་འབབ་ལ་ངེས་འགའ་མི་འབབ་པ་དང། རེས་འགའ་བློ་བུར་དུ་ཤིང་ལྗོན་པ་དག་ལས་མེ་ཏོག་དང་འབྲས་བུ་འབྱུང་ལ། རེས་འགའ་མི་འབྱུང་བ་ལ་སོགས་པ་མཐོང་བ ་ན་དེ་དག་གི་སྔོན་རོལ་གྱི་རྒྱུའི་རྒྱུན་འབྲེལ་པ་རྗེས་སུ་མ་མཐོང་བས་འདི་སྙམ་དུ་སེམས་ཏེ། ཕྱི་ནང་གི་དངོས་པོ་འདི་དང་པོ་གྲུབ་པའི་རྒྱུའི་རྒྱུན་སྔ་མའི་རྒྱུན་ཆད་མེད་པ་ཡིན་པས་དེས་ནི་མ་བསྐྱེད་ཀྱི། འབྲས་བུ་ཕྱི་མ་འདི་དག་ནི་རྒྱུ་མེད་པ་ལས ་འབྱུང་བ་ཡིན་ནོ་སྙམ་དུ་སེམས་པ་སྟེ། དེ་དག་ལ་ཡང་ལྟ་བར་གྱུར་པ་འདི་འབྱུང་ངོ། །དེའི་ཕྱིར་དེ་དག་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཚུལ་བཞིན་མ་ཡིན་པར་རྟོག་ཅིང་རིགས་པས་སྐྱེད་པ་མ་ཡིན་པའི་སྨྲས་པ་མང་དུ་བརྗེད་པས་དེ་བསལ་བའི་ཕྱིར་བཅོམ ་ལྡན་འདས་ཀྱིས་དཔེ་བསྟན་པའི་སྐབས་འདིར་དེ་སྐད་ཅེས་གསུངས་སོ། །འདིར་རིགས་པ་བརྗོད་པ་ནི་རྟོག་གེ་བ་བསམ་གཏན་པའི་ཚུལ་གྱི་སྨྲ་བ་དེ་དག་ནི་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅི་སྔོན་གྱི་གནས་རྗེས་སུ་དྲན་པ་དེ་དངོས་པོ་མེད་པ་ཞིག་རྫས ་སུ་དྲན་ནམ། འོན་ཏེ་སེམས་ཅན་དང་འཇིག་རྟེན་རྗེས་སུ་དྲན་པར་འདོད། གལ་ཏེ་དངོས་པོ་མེད་པ་རྗེས་སུ་དྲན་ཞེས་བྱར་ནི་དངོས་པོ་མེད་ནི་སྔོན་གྱི་གནས་རྗེས་སུ་དྲན་ཅེས་བྱང་ཡང་མི་རུང་ངོ། །གལ་ཏེ་སེམས་ཅན་དང་འཇིག་རྟེན་རྗེས་སུ་དྲན་ན་ནི ་དེས་ན་འབྲས་བུ་འདི་དག་རྒྱུ་མེད་པ་ལས་བྱུང་ཞེས་བྱར་ཡང་མི་རུང་ངོ། །རྟོག་གེ་པ་རྟོག་གེ་པ་ལ་བརྟེན་པའི་ཚུལ་གྱི་སྨྲ་བ་དེ་དག་ལ་ནི་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅིའི་ཕྱིར་ནང་གི་དངོས་པོ་རྣམ་པ་སྣ་ཚོགས་སུ་འཇུག་པ་དང། གློ་བུར་དུ་འཇུག་པར ་སྣང་བ་དེ་རྒྱ་མེད་པ་འམ། འོན་ཏེ་རྒྱུ་ཡོད་པར་འདོད། གལ་ཏེ་རྒྱུ་མེད་ཅེས་བྱར་ནི་རྒྱུ་མེད་ན་རྣམ་པ་སྣ་ཚོགས་སུ་འཇུག་པ་དང། གློ་བུར་དུ་འཇུག་པར་སྣང་ཞེས་བྱར་མི་རུང་ངོ། །གལ་ཏེ་རྒྱུ་ཡོད་ན་ནི་དེས་ན་འབྲས་བུ་འདི་དག་རྒྱུ་མེད་པ་ལས་བྱུང་ཞེས ་བྱར་མི་རུང་ངོ། །དེ་ལྟར་ན་དངོས་པོ་མེད་པ་རྗེས་སུ་དྲན་པ་དང། སེམས་ཅན་དང་འཇིག་རྟེན་རྗེས་སུ་དྲན་པ་དང་རྒྱུན་མེད་པར་འཇུག་པ་དང་རྒྱུ་ཡོད་པར་འཇུག་པས་ཀྱང་མི་རུང་སྟེ། དེ་བས་ན་སྨྲ་བ་དེ་ནི་རིགས་པས་བསྐྱེད་པ་མ་ཡིན་ནོ། །དེའི་ཕྱིར་ཆོས ་ཐམས་ཅད་ནི་རྒྱུ་དང་རྐྱེན་ལས་བརྟེན་ཏེ་འབྱུང་བ་ཡིན་ལ། རྒྱུའི་རྒྱུན་སྔ་མ་ཟད་ནས་འབྲས་བུ་ཕྱི་མ་རྒྱུ་མེད་པ་ལས་བྱུང་བ་མ་ཡིན་པར་རིག་པར་བྱའོ། །མེ་ལོང་གི་དཀྱིལ་འཁོར་དང་གཟུགས་བརྙན་གྱི་དངོས་པོར་ཡོངས་སུ་གྱུར་པ་ཡང་མ་ཡིན་ལ་ཡོངས་སུ ་སྤྲོ་བ་ཡང་མི་མངོན་པ་ཞེས་བྱ་བ་ནི་རྒྱུ་ཉིད་འབྲས་བུའི་གནས་སུ་འཕོ་བར་ལྟ་བ་སེལ་ཏོ། །དེ་ལྟར་ལྟ་བ་སུ་ཞེ་ན། འདི་ལྟར་འདི་ནི་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་དང། ཆོས་འདི་ལ་ཁ་ཅིག་འདས་པ་དང། མ་འོངས་པ་རྗེས ་སུ་ཡོད་པར་?་བ་དག་སྟེ། དེ་དག་ཀྱང་ཅིའི་ཕྱིར་དེ་ལྟར་ལྟ་ཞིང་རྣམ་པར་འཇོག་པ་ལ་ཡོངས་སུ་སྟོན་པར་བྱེད་ཅེ་ན་འདི་ལྟར་ལུང་དང་རིགས་པས་བྱེད་དོ། དེ་ལ་རྟོག་དག་གི་ལུང་ནི་སྔ་མ་བཞིན་དུ་བལྟ་བར་བྱའོ། །ཆོས་འདི་པ་དག་གི་ལུང་གི་མདོ་སྡེ་ལ ་ཚུལ་བཞིན་མ་ཡིན་པར་རྟོག་པ་སྟེ། བཅོམ་ལྡན་འདས་ཀྱིས་སྐྱེ་མཆེད་བཅུ་གཉིས་པོ་ཐམས་ཅད་མཚན་ཉིད་ཀྱི་ཡོད་དོ་ཞེས་གསུངས་པ་དང། འདས་པའི་ལས་ཡོད་དོ་ཞེས་གསུངས་པ་དང། འདས་པ་དང། མ་འོངས་པ་དང། དེ་ལྟར་བྱུང་བའི ་འདུ་བྱེད་དང། ཁམས་ཡོད་དོ་ཞེས་གསུངས་པ་ལ་ཚུལ་བཞིན་མ་ཡིན་པར་རྟོག་པའོ། །རིགས་པ་གང་ཞེ་ན་རྟོག་པ་སྤྱོད་པ་ཅན་རྟོག་གེར་གཏོགས་པའི་ས་རང་གི་སྤོབས་པ་ལས་བྱུང་བ་སོ་སོའི་སྐྱེ་བོ་ལས་སྤྱོད་པའི་རྗེས་སུ་སྤྱོད་པ་ལ་གནས་པ་དེ ་དག་དང། ཆོས་འདི་ལ་དེ་བཞིན་གཤེགས་པའི་གསུངས་རབ་ཐོབ་མ་དང་བར་དང་ཐ་མར་དགེ་བ། གསེར་བཟང་པོ་ལྟ་བུར་བསྲེགས་པ་དང་བཅས་པ་དང་བདར་བ་དང་འདྲ་བའི་མངོན་སུམ་དང་རྗེས་སུ་དཔག་པ་དང། ལུང་གི་ཚིགས་རྣམས་ཀྱི ་ཤིན་ཏུ་རྣམ་པར་དག་པ་ལ་མིག་བཀབ་སྟེ་ལག་ནོམ་བྱེད་པ་དང་འདྲ་བདེ་དག་གི་ལུགས་མཐུན་ཏེ། དེ་དག་འདི་སྙམ་དུ་སེམས་ཏེ་ཆོས་གང་རང་གི་མཚན་ཉིད་གང་གིས་རྣམ་པར་གནས་པ་དེ་ནི་དེས་ཡོངས་སུ་གྲུབ་པ་ཡིན་ཏེ། གལ་ཏེ་མ་འོངས་པ ་དེ་མེད་དུ་ཟིན་ན་ནི་དེས་ནི་དེའི་ཚེ་རང་གི་མཚན་ཉིད་མ་ཟིན་པར་འགྱུར་རོ། །གལ་ཏེ་འདས་པ་མེད་དུ་ཟིན་ན་ནི་དེས་ན་དེའི་ཚེ་རང་གི་མཚན་ཉིད་དང་བྲལ་བར་འགྱུར་རོ། །དེ་ལྟར་གྱུར་ན་རང་གི་མཚན་ཉིད་ཡོངས་སུ་མ་གྲུབ་པའི་སྐྱོན་དུ་འགྱུར་བས། དེའི ་ཕྱིར་རང་གི་མཚན་ཉིད་ནི་ཡོངས་སུ་མ་གྲུབ་ཅེས་བྱར་མི་རུང་ངོ་སྙམ་ནས་དེས་ན་འདས་དེ་དག་འདས་པ་ཡང་ཡོད། མ་འོངས་པ་ཡང་ཡོད་དེ། འདས་པ་ཐམས་ཅད་ནི་ད་ལྟར་བྱུང་བའི་རྒྱུ་ཡིན་པས་རྒྱུ་དེ་ཉིད་ད་ལྟར་བྱུང་བའི་འབྲས་བུའི་གནས་སུ་འཕོ་ལ། ད་ལྟར་བྱུང ་བ་ཐམས་ཅད་ནི་མ་འོངས་པའི་རྒྱུ་ཡིན་པས་རྒྱུ་དེ་ཉིད་མ་འོངས་པ་འབྲས་བུའི་གནས་སུ་འཕོ་བར་འགྱུར་རོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །དེའི་ཕྱིར་དེ་དག་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཚུལ་བཞིན་མ་ཡིན་པར་རྟོག་ཅིང་རིགས་པས་བསྐྱེད་པ་མ་ཡིན་པའི་སྨྲ ་བ་མང་དུ་བརྗོད་པས་དེ་བསལ་བའི་ཕྱིར་བཅོམ་ལྡན་འདས་ཀྱི་དཔེ་བསྟན་པའི་ཕྱིར་སྐབས་འདིར་དེ་སྐད་ཅེས་གསུངས་སོ། །འདིར་རིགས་པ་བརྗོད་པ་རེ་ཞིག་རྟོག་གེ་པ་དང་ཆོས་འདི་པ་དེ་དག་གཉིས་ཀ་ལ་སྤྱིར་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅི་འདས་པ་དང་མ་འོངS ་པ་དང་ད་ལྟར་བྱུང་བའི་མཚན་ཉིད་དང། མཚན་ཉིད་ཅིག་པར་འདོད་དམ། འོན་ཏེ་མཚན་ཉིད་ཐ་དད་པར་འདོད། གལ་ཏེ་མཚན་ཉིད་གཅིག་པར་ན་ནི་དེས་མཚན་ཉིད་དུས་གསུམ་དུ་བཞག་པར་མི་རུང་ངོ། །གལ་ཏེ་མཚན་ཉིད་ཐ་དད་ན་ནི་དེས་འདས་པ་དང ་མ་འོངས་པ་རང་གི་མཚན་ཉིད་དེས་ཡོངས་སུ་གྲུབ་ཅེས་བྱར་མི་རུང་ངོ། །དེ་དག་ལ་འདི་སྐད་ཅེས་ཀྱང་བརྗོད་པར་བྱ་སྟེ། ཅི་དུས་སུ་རྟོགས ་པའི་ཆོས་རྟོག་པའི་མཚན་ཉིད་དུ་འདོད་དམ། འོན་ཏེ་མི་རྟག་པའི་མཚན་ཉིད་དུ་འདོད། གལ་ཏེ་རྟག་པའི་མཚན་ཉིད་ཡིན་ན་ནི་དེས་དུས་གསུམ་དུ་རྟོགས་བ་ཞེས་བྱར་མི་རུང་ངོ། །གལ་ཏེ་མི་རྟག་པའི་མཚན་ཉིད་ཡིན་ན་ནི་དེས་ན་དུས་གསུམ་དུ་དེ་ཁོ་ན་བཞིན་དུ་ཡོད ་དོ་ཞེས་བྱར་མི་རུང་ངོ། །དེ་དག་ལ་འདི་སྐད་ཅེས་ཀྱང་བརྗོད་པར་བྱ་སྟེ། གལ་ཏེ་མ་འོངས་པའི་ཆོས་འདུ་བྱེད་མཚན་ཉིད་ཀྱིས་ཡོད་པ་ཁོ་ན་ལས་ད་ལྟར་གྱི་དུས་སུ་འབྱུང་བར་འགྱུར་ན་དེ་འཕོ་ཞིང་འབྱུང་སྟེ། མ་འོངས་པའི་དུས་ཀྱི་ཡུལ་ནས་ད་ལྟར་གྱི་དུན ་ཀྱིས་ཡུལ་དུ་འཕོ་ཞིང་འབྱུང་བར་འགྱུར་རམ་འཆི་འཕོ་ཞིང་འབྱུང་སྟེ་མ་འོངས་པའི་དུས་ནས་ཤི་འཕོས་ནས་ད་ལྟར་གྱི་དུས་སུ་འབྱུང་བར་འགྱུར་རམ། བསྟེན་ནས་འབྱུང་སྟེ་མ་འོངས་པ་དེ་ཁོ་ན་བཞིན་དུ་མི་འགྱུར་བར་འདུག་ལ། ་དེ་ལས་བརྟེན་ཏེ་གཞན་ཁོ་ན་ཞིག་ད་ལྟར་གྱི་དུས་སུ་འབྱུང་བར་འགྱུར་རམ། ལས་དང་བཅས་པར་འབྱུང་སྟེ། མ་འོངས་པའི་དུས་ན་ལས་མི་བྱེད་པར་འགྱུར་བ་ལས་ད་ལྟར་གྱིས་དུས་སུ་ལས་བྱེད་པ་ཞིག་འབྱུང་བར་འགྱུར་རམ། མཚན་ཉིད་རྫོགས ་པར་འབྱུང་སྟེ། མ་འོངས་པའི་དུས་མཚན་ཉིད་མ་རྫོགས་པར་གྱུར་པ་ལས་ད་ལྟར་གྱི་དུས་སུ་མཚན་ཉིད་རྫོགས་པ་ཞིག་འབྱུང་བར་འགྱུར་རམ། མཚན་ཉིད་འདྲ་བར་འབྱུང་སྟེ། མ་འོངས་པའི་དུས་ན་མ་འོངས་པའི་དངོས་པོ་དང། འབྲས ་བུའི་དངོས་པོ་དེ་གཉིས་མཚན་ཉིད་མི་འདྲ་བར་གྱུར་པ་ལས་ད་ལྟར་གྱིས་དུས་ད་ལྟར་གྱི་དངོས་པོ་དེ་གཉིས་ཀྱི་མཚན་ཉིད་འདྲ་བ་ཞིག་འབྱུང་པར་གྱུར་གྲང་ན། དེ་ཡོད་ཅིང་འབྱུང་བར་ནི་རྣམ་པ་དྲུག་པོ་དེ་དག་ཐམས་ཅད་ཀྱིས་མི་རུང་ངོ། །ཅིའི་ཕྱིར ་ཞེ་ན། གལ་ཏེ་འབྱུང་བར་གྱུར་ན་དེས་མ་འོངས་པ་ཡུལ་ན་མི་གནས་ཕྱོགས་ན་མི་གནས་པ་ཡུལ་ན་གནས་མི་སྲིད་པ་དེ་ཡུལ་ན་གནས་པར་འགྱུར་བ་དང། མ་འོངས་པ་ཉིད་ཉམས་པས་ད་ལྟར་དང་ཡང་བྱེ་བྲག་མེད་དེ་ཐར་ཟུག་པར་འགྱུར ་བས་དེ་ནི་མི་རུང་ངོ། །གལ་ཏེ་འཆི་འཕོ་ཞིང་འབྱུང་བར་འགྱུར་ན་ཡང་ངེས་ན་མ་འོངས་པ་དེ་ཤི་འཕོས་ཏེ་ཞིག་པར་གྱུར་པས་མ་འོངས་པ་དངོས་འདིར་མ་སྐྱེས་པ་འགྱུར་བ་དང། མ་འོངས་པ་ནི་སྔོན་མ་བྱུང་བ་དང་མ་སྐྱེས་པ་ཡིན་པས་མ ་བྱུང་བ་དང་མ་སྐྱེས་པ་ལ་སྐྱེ་བ་དང་འཆི་འཕོ་མི་སྲིད་པ་དེ་འདིར་སྐྱེས་པ་དང། མ་འོངས་པའི་དུས་སུ་ཤི་འཕོས་པར་འགྱུར་བས་དེ་ཡང་མི་རུང་ངོ། །གལ་ཏེ་བརྟེན་ནས་འབྱུང་བར་འགྱུར་ན་ཡང་ངེས་ན་མ་འོངས་པ་དེ་དེ་ཁོ་ན་བཞིན་དུ་མི་འདུག ་པར་འགྱུར་བས་ཐེར་གཟུགས་པར་འགྱུར་བ་དང། དེ་ལ་བརྟེན་པ་དེ་ཡང་སྔོན་མ་བྱུང་བ་ཡིན་པས་མ་བྱུང་བ་ལ་སྐྱེ་བ་མི་སྲིད་པས་དེ་འདིར་སྐྱེས་བར་འགྱུར་བ་དང། དེ་ལས་བརྟེན་ཏེ་གཞན་ཁོ་ན་ཞིག་འདིར་སྐྱེས་པས་མ་འོངས་པ་དང། དངོས་འདིར ་མ་སྐྱེས་པའི་ཕྱིར་དེ་ཡང་མི་རུང་ངོ། །གལ་ཏེ་ལས་དང་བཅས་པར་འབྱུང་བར་གྱུར་ན་ཡང་དེས་མ་འོངས་པའི་དུས་ན་ལས་མི་བྱེད་པར་འགྱུར་བ་ལས་ད་ལྟར་གྱི་དུས་སུ་ལས་བྱེད་པར་གྱུར་པས་ལས་དེ་ཡང་སྔོན་མ་བྱུང་བ་ཡིན་པས་མ་བྱུང་བ་ལ་སྐྱེ་བ་མི་སྲིད་པ་དེ ་ད་ལྟར་སྐྱེས་པར་གྱུར་པ་དང། ལས་ཤིག་འདིར་སྐྱེས་པས་མ་འོངས་པ་དངོས་འདིར་མ་སྐྱེས་པ་དང། ཅི་ལས་དེ་ཡང་མ་འོངས་པའི་མཚན་ཉིད་མེད་པའི་ཕྱིར་མ་འོངས་པ་འདིར་གཅིག་གམ། འོན་ཏེ་མཚན་ཉིད་ཐ་དད་པར་འདོད་གལ་ཏེ་མཚན་ཉིད་གཅིག ་ན་ནི་ངེས་མ་འོངས་པའི་དུས་ན་ལས་མི་བྱེད་པར་གྱུར་པ་ལས་ད་ལྟར་གྱི་དུས་སུ་ལས་བྱེད་པ་ཞིག་འབྱུང་བར་འགྱུར་རོ་ཞེས་བྱར་ཡང་མི་རུང་ངོ། །གལ་ཏེ་མཚན་ཉིད་ཐ་དད་ན་ནི་ངེས་ན་ལས་དེ་ལ་མ་འོངས་པའི་མཚན་ཉིད་མེད་པའི་ཕྱིར་མ ་འོངས་པ་འདིར་མ་བྱུང་པས་དེ་ཡང་མི་རུང་ངོ། །གལ་ཏེ་མཚན་ཉིད་རྫོགས་པར་འབྱུང་བར་འགྱུར་ན་ཡང་དེས་མ་འོངས་པའི་དུས་ན་མཚན་ཉིད་མ་རྫོགས་པར་གྱུར་པ་ལས་ད་ལྟར་གྱི་དུས་སུ་མཚན་ཉིད་རྫོགས་པར་འབྱུང་བའི་མཚན་ཉིད་དེ་ཡང་ཅི་མ་འོངས་པའི ་ཆོས་དེ་དང་མཚན་ཉིད་གཅིག་གམ། འོན་ཏེ་མཚན་ཉིད་ཐ་དད་པར་འདོད། གལ་ཏེ་མཚན་ཉིད་གཅིག་ན་ནི་ངེས་མ་འོངས་པ་ཉིད་ད་ལྟར་བྱུང་བ་ཡིན་པས་མ་འོངས་པ་དང་ད་ལྟར་བྱུང་བ་གཉིས་རབ་བཞིན་འདྲེས་པར་གྱུར་པས་མི་རུང་ངོ། །གལ་ཏེ་མཚན ་ཉིད་ཐ་དད་ན་ངེས་ན་མ་འོངས་པའི་དུས་ན་མཚན་ཉིད་མ་རྫོགས་པ་དེ་ལྟར་གྱི་དུས་སུ་མཚན་ཉིད་རྫོགས་པར་འགྱུར་ཞེས་བྱར་ཡང་མི་རུང་བས་དེ་ཡང་མི་རུང་ངོ། །གལ་ཏེ་མཚན་ཉིད་འདྲ་བར་འབྱུང་བར་གྱུར་ན་ཡང་ངེས་ན་མ་འོངས་པའི་དུས་ན། མ་འོངས་པའི ་དངོས་པོ་དང། འབྲས་བུའི་དངོས་པོ་དེ་གཉིས་ཀྱི་མཚན་ཉིད་མི་འདྲ་བར་གྱུར་པ་ལས་ད་ལྟར་གྱི་དུས་སུ་ད་ལྟར་གྱི་དངོས་པོ་དང་འབྲས་བུའི་དངོས་པོ་དེ་གཉིས་ཀྱི་མཚན་ཉིད་འདྲ་བར་འབྱུང་བར་འགྱུར་པའི་མཚན་ཉིད་དེ་ཡང་ཅི་མ་འོངས་པའི་ཆོས་དེ་དང ་མཚན་ཉིད་གཅིག་གམ། འོན་ཏེ་མཚན་ཉིད་ཐ་དད་པར་འདོད། གལ་ཏེ་མཚན་ཉིད་གཅིག་ན་ནི་དེས་ན་མ་འོངས་པ་དེ་ཉིད་ད་ལྟར་བྱུང་བ་ཡིན་པས་མ་འོངས་པ་དང་ད་ལྟར་བྱུང་པ་གཉིས་རང་བཞིན་འདྲེས་པའི་སྐྱོན་སྔ་མ་ལྟ་བུར་གྱུར་བས་མི་རུང་ངོ།། ་གལ་ཏེ་མཚན་ཉིད་ཐ་དད་ན་ནི་དེས་ན་མ་འོངས་པའི་དུས་ན་མཚན་ཉིད་མི་འདྲ་བ་དེ་ད་ལྟར་གྱི་དུས་སུ་མཚན་ཉིད་ཅི་འདྲ་བར་འགྱུར་ཞེས་བྱ་བ་ཡང་སྔ་མ་བཞིན་དུ་མི་རུང་བས་དེ་ཡང་མི་རུང་སྟེ། དེ་ལྟར་ན་མ་འོངས་པའི་ཆོས་འདུ་བྱེད་ཀྱི་མཚན ་ཉིད་ཀྱིས་ཡོད་པ་ཁོ་ན་ལས་ད་ལྟར་ག་ཡིས་དུས་སུ་ནི་འབྱུང་བ་ནི་རྣམ་པ་གང་གིས་ཀྱང་མི་རུང་བར་ཁོང་དུ་ཆུད་པར་མི་བྱའོ། །མ་འོངས་པ་དང་ད་ལྟར་ཇི་ལྟ་བ་བཞིན་དུ་ད་ལྟར་བ་དང་འོངས་པ་ལ་ཡང་གཏན་ཚིགས་འདི་དག་ཉིད་དང། ལན་གྱིས ་ལམ་འདི་དག་ཉིད་ཀྱི་ཅི་རིགས་པར་སྐྱོན་དང་ལྡན་པར་བལྟ་བར་བྱ་སྟེ། དེ་ལྟར་ན་རང་གི་མཚན་ཉིད་དང། སྤྱིའི་མཚན་ཉིད་དང་འཕོ་ཞིང་འབྱུང་བ་དང་བརྟེན་ནས་འབྱུང་བ་དང། ལས་དང་བཅས་པར་འབྱུང་བ་དང། མཚན་ཉིད ་རྫོགས་པར་འབྱུང་བ་དང། མཚན་ཉིད་འདྲ་བར་འབྱུང་བས་ཀྱང་འདས་པ་དང་མ་འོངས་པ་རྫས་སུ་ཡོད་པར་མི་རུང་བས་འདས་པའི་རྒྱུ་ཉིད་ད་ལྟར་གྱི་འབྲས་བུའི་གནས་སུ་འཕོ་བ་དང། ད་ལྟར་གྱི་རྒྱུ་ཉིད་མ་འོངས་པའི་འབྲས་བུའི ་གནས་སུ་འཕོ་བར་འགྱུར་རོ་ཞེས་སྨྲ་པ་དེ་རིགས་པས་སྐྱེད་པ་མ་ཡིན་ནོ། །དེ་ལྟར་འཐད་པས་བསྒྲུབས་ཀྱང་ཆོས་འདི་པ་དག་འདི་སྐད་ཅེས་གལ་ཏེ་འདས་པ་དང། མ་འོངས་པ་མེད་དུ་ཟིན་ན་དམིགས་པ་མེད་པ་ལ་ཇི ་ལྟར་བློ་འཇུག་པར་འགྱུར། གལ་ཏེ་འཇུག་ན་ཡང་བཅོམ་ལྡན་འདས་ཀྱིས་སྐྱེ་མཆེད་བཅུ་གཉིས་པོ་ཐམས་ཅད་མཚན་ཉིད་ཀྱིས་ཡོད་དོ་ཞེས་གསུངས་པ་དང། འདས་པའི་ལས་ཡོད་དོ་ཞེས་གསུངས་པ་དང། ་ད་ལྟར་བྱུང་བའི་འདུ་ཤེས་དང་ཁམས་ཡོད་དོ་ཞེས་གསུངས་པའི་ལུང་དང་ཇི་ལྟར་འགལ་བར་མི་འགྱུར་ཞེ་ན། དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅི་འཇིག་རྟེན་ན་མེད་པ་ལ་འཛིན་པའི་བློ་མི་འཇུག་གམ། འོན་ཏེ་འཇུག ་པར་འདོད། གལ་ཏེ་མི་འཇུག་ཅེས་བྱར་ནི་དེས་ན་བདག་མེད་པར་འཛིན་པ་དང། རི་བོང་གི་རྭ་དང་མོ་གཤམ་གྱི་བུ་ལ་སོགས་པ་མེད་པར་འཛིན་པའི་བློ་གང་ཡིན་པ་དེ་ཡང་ཁོ་ནའོ་ཞེས་བྱ་བར་འགྱུར་ལ། བཅོམ་ལྡན་འདས་ཀྱིས་ཉན་ཐོས ་གཡོ་མེད་པ་ནི་ངས་གདམས་ངག་བྱིན་ཏེ། ཡང་དག་པར་བསྒྲུབས་ན་ཡོད་པ་ལ་ཡོད་པར་ཤེས་མེད་པ་ལ་ཡང་མེད་པར་ཤེས་སོ་ཞེས་གསུངས་པའི་ལུང་དང་འགལ་བས་མི་རུང་ངོ། །གལ་ཏེ་འཇུག་ན་ནི་ངེས་དམིགས་པ་མེད་པ་ལ་ཇི་ལྟར ་བློ་འཇུག་པར་འགྱུར་ཞེས་བྱར་མི་རུང་ངོ། །བཅོམ་ལྡན་འདས་ཀྱིས་སྐྱེ་མཆེད་བཅུ་གཉིས་པོ་ཐམས་ཅད་མཚན་ཉིད་ཀྱིས་ཡོད་དོ་ཞེས་གསུངས་པ་གང་ཡིན་པ་དེ་ཡང་ཡོད་པ་ལ་ཡོད་པའི་མཚན་ཉིད་ཡོད་པ་དང། མེད་པ་ལ་མེད་པའི་མཚན ་ཉིད་ཡོད་པ་ལ་དགོངས་ནས་གསུངས་པ་ཡིན་ཏེ། འདི་ལྟར་ཡོད་པའི་མཚན་ཉིད་ཀྱི་ཆོས་རྣམས་དང་ཡོད་པའི་མཚན་ཉིད་འཛིན་པའི་མཚན་ཉིད་ཀྱི་ཆོས་རྣམས་ཀྱང་མེད་པའི་མཚན་ཉིད་འཛིན་པའི་ཕྱིར་ཆོས་རྣམས་ཞེས་བྱའོ། །དེ་ལྟར་མ་ཡིན་དུ ་ཟིན་ན་རྣལ་འབྱོར་པས་ཡོད་པ་མི་ཤེས་པ་དང། མེད་པ་མི་ཤེས་པ་དང། མེད་པས་ཤེས་བྱའི་ཆོས་ལ་རྒྱུན་ཆགས་སུ་རྟོགས་པར་མི་འགྱུར་བས་མི་རུང་ངོ། །བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ཡོད་དོ་ཞེས་གསུངས་པ་ཡང་སངས ་པའི་ཚེ་རབས་རྣམས་སུ་ལས་དགེ་བ་དང་མི་དགེ་བ་བསྐྱེད་ཅིང་འགགས་པ་དེའི་ས་བོན་གྱི་ཕྱི་མ་ལ་འབྲས་བུ་འདོད་པ་དང། མངོན་པར་འགྲུབ་པར་འགྱུར་པའི་བག་ཆགས་ལས་དགོངས་ནས་གསུངས་པ་ཡིན་ཏེ། དེ་ཡང ་མི་མཐུན་པར་རྒྱུད་སྨྲ་བ་དང་རྒྱུ་མེད་པར་སྨྲ་བདག་གི་ལུགས་དག་པའི་དོན་གྱི་དབང་གཉིས་གཟིགས་པས་ཡོངས་སུ་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའི་འདུ་བྱེད་ཡོད་དོ་ཞེས་གསུངས ་པ་དང། ད་ལྟར་བྱུང་བའི་འདུ་བྱེད་དང་གི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་པ་ཉིད་ལས་དགོངས་པ་ཡིན་ཏེ། ད་ལྟར་བྱུང་བའི་འདུ་བྱེད་ནི་འདས་པའི་འབྲས་བུའི་དངོས་པོ་ཡིན་པས་འབྲས་བུའི་མཚན་ཉིད་ལ་དགོངས་ནས་དེའི་རྒྱུ་འདས་པ་ཡོད་དོ ་ཞེས་གསུངས་སོ། །མ་འོངས་པའི་རྒྱུའི་པོ་ཡིན་པས་རྒྱུའི་མཚན་ཉིད་ལས་དགོངས་ནས་དེའི་འབྲས་བུ་མ་འོངས་པ་ཡོད་དོ་ཞེས་གསུངས་སོ། །ད་ལྟར་རང་གི་མཚན་ཉིད་འཛིན་པ་ལས་དགོངས་ནས། ད་ལྟར་བྱུང་བ་ཡོད་དོ་ཞེས་གསུངས ་ཏེ། དེ་ལྟར་འདུ་བྱེད་ཀྱི་མཚན་ཉིད་གསུམ་པོ་རྒྱུའི་མཚན་ཉིད་དང། འབྲས་བུའི་མཚན་ཉིད་དོ། །རང་གི་མཚན་ཉིད་ལ་དགོངས་པ་ཡིན་ནོ། དེ་ལ་འདས་པའི་འདུ་བྱེད་གང་ཞེ་ན། རང་གི་བདག་ཉིད་ཀྱི་དངོས་པོ་ལས་ཞིགས་ཤིང ་རབ་ཏུ་ཉམས་བར་འགྱུར་པའི་མཚན་ཉིད་གང་ཡིན་པའོ། །ད་ལྟར་བྱུང་བའི་འདུ་བྱེད་གང་ཞེ་ན། རང་གི་མཚན་ཉིད་ཀྱི་དངོས་པོ་ལས་མ་ཞིགས་ཤིང་ཉམས་པར་སྐྱེ་པ་ཙམ་གྱི་དུས་ལ་གནས་པའི་མཚན་ཉིད་གང་ཡིན་པའོ། །མ་འོངས ་པའི་འདུ་བྱེད་གང་ཞེ་ན། རྒྱུ་ནི་ཡོད་ཅིང་མེད་པ་མ་ཡིན་ལ། རང་གི་མཚན་ཉིད་མ་བྱུང་ཞིང་བདག་ཉིད་མ་ཐོབ་པ་གང་ཡིན་པའོ། །དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱིས་འདས་པ་དང། མ་འོངས་པའི་དངོས་པོ་ནི་མེད་ལ། ད་ལྟར ་བྱུང་བའི་དངོས་པོ་ནི་ཡོད་ཅེས་གསུངས་ཏེ། དེ་ཡང་འདས་པ་དང་མ་འོངས་པ་རྫས་སུ་ཡོད་པར་མངོན་པར་ཞེན་པ་སྤང་བར་བྱ་བ་དང། ད་ལྟར་བྱུང་བ་ཡང་མེད་དོ་སྙམ་དུ་མངོན་པར་ཞེན་པ་སྤང་བར་བྱ་བའི་དོན་གྱི་དབང་དེ་གཉིས་གཟིགས་པས་ཡོངས་སུ ་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་འདས་པ་དང་མ་འོངས་པ་དང། ད་ལྟར་བྱུང་བའི་ཁམས་ཡོད་དོ་ཞེས་གསུངས་པ་ཡང་ས་བོན་གྱི་རྒྱུ་འབྲས་བུ་བསྐྱེད་ཟིན་པའི་འདས་པ་ཡིན་ལ། ས་བོན་གྱི་རྒྱུན་འབྱུང་བ་འབྲས་བུ་མ་བསྐྱེད་པ་ནི་ཁམས་མ་འོངས་པ ་ཡིན་ནོ། །ད་ལྟར་གྱི་ས་བོན་གྱི་རྒྱུན་འབྲས་བུ་བསྐྱེད་པར་བྱེད་པ་ཉིད་ནི་ཁམས་ད་ལྟར་བྱུང་བ་ཡིན་ཏེ། དེ་ལ་དགོངས་པ་ནི་དེ་ཡིན་པས་འདས་པ་དད་མ་འོངས་པ་རྫས་སུ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་བཅོམ་ལྡན་འདས་ཀྱི་དགོངས་པ་མ་རྟོགས་པར་གྱ་ཚོམ་དུ་སྨྲ ་ཕ་ནི་བདག་འབྱུང་བར་བྱེད་ལ། གཞན་ཡང་ཐེ་ཚོམ་གྱི་སྦྱང་ཐག་ལ་འདོགས་པར་བྱེད་པ་ཡིན་པས་སྒྲིབ་པའི་རྒྱུ་བྱེད་ཅིང། བསྟན་པའི་ཚེར་མ་བསྐྱེད་པའི་ལྟ་བ་ངན་པ་དེ་ཤིན་ཏུ་ཐག་བསྲིངས་པར་བྱ་བའི་རིགས་སོ་ཞེས་བརྗོད་པར་བྱའོ། །དེ་བས་ན་མུ་སྟེགས ་བྱེད་གླད་པའི་རིགས་ཅན་ཚུལ་བཞིན་མ་ཡིན་པའི་དྲེགས་པས་མྱོས་པ། འཁོར་བ་དབང་ན་འགྲོའི་ག་ཡང་ས་དང་གཅོང་རོར་གི་མི་འཛེམ་པ་དེ་དག་ནི་འཇིག་རྟེན་ཡོངས་ལ་བསླུ་ཞིང་བསྟན་པའི་དགྲང་གྱུར་པ་ཡིན་པས་དེ་བཞིན་གཤེགས་པའི་སེང་གེའི་སྒྲའི ་ཤུགས་ཀྱིས་སྤང་བཀོད་སྟེ། རིགས་པའི་ལྕགས་ཀྱུས་རྟག་ཏུ་སྣ་བོད་བའི་ཕྱི་བཞིན་འབྲང་བ་དང་འདྲ་བར་ཆོས་འདི་བར་ཁས་མ་རྟོགས་བཞིན་དུ་རང་གི་རྟོག་པ་འདྲི་བས་གླགས་ཤིང་རང་གི་གཡུལ་གྱི་གསེབ་ལ་ཐོགས་ནས། རྟ་ལོང་བ ་བོད་བའི་ཕྱི་བཞིན་འབྲང་བ་དང་འདྲ་བར་ཆོས་འདི་བར་ཁས་འཆེས་ཤིང། གཞན་མུ་སྟེགས་ཅན་དག་གི་གཞུང་ལུགས་ཀྱི་རྗེས་སུ་འབྲང་བ་དེ་དག་ནི་དམ་པའི་ཆོས་ལྟར་བཅོས་པ་སྟོན་པ་ཡིན་པས་སྙིང་བརྩེ་བའི་སེམས་ཉེ་བར་བཞག་སྟེ། ལུང?་གི་ ་སྲབ་ཀྱིས་རྟག་ཏུ་ཁ་ནས་གཟུང་ཞིང་བཀྲི་བར་བྱའོ། །དེའི་ཕྱིར་ཆོས་ཐམས་ཅད་ནི་རྒྱུ་དང་རྐྱེན་ལས་བརྟེན་ཏེ་བྱུང་བ་ཡིན་ལ། རྒྱུ་ཉིད་འབྲས་བུའི་གནས་སུ་འཕོ་བ་མ་ཡིན་པར་རིག་པར་བྱའོ། །རྣམ་པར་ཤེས་པའི ་ཚོགས་ལྔ་ཆར་ལན་ཅིག་འབྱུང་ངོ། །ཞེས་བྱ་བའི་མཐར་ཐུག་པའི་བར་གྱི་དཔེས་མཚོན་པའི་དོན་ནི་སྔར་བསྟན་པའི་ལུཌ་བཞིན་དུ་སྦྱར་བར་བྱ་སྟེ། དེ་ནི་འཇུག་པའི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་བསྟན་པ་ཡིན་ནོ། །དེ་འོག་ཏུ་རྫོབ་ཀྱི་རབ་ཏུ་དབྱེ་བ་ཡ་ཤིན་ཏུ་རྨོངས་པའི་གཉོན་པོ ་བསྟན་པའི་ཚིག་གི་དོན་ལ་སོཌ་པ་བཤད་པར་བྱ་སྟེ། ཀུན་རྫོབ་ཀྱི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་ཞེས་བྱ་བ་ནི་དེ་ཡན་ཆད་དུ་སེམས་དང་ཡིད་དང་རྣམ་པར་ཤེས་པ་དེ་དག་གི་ངོ་བོ་ཉིད་དང་གནས་དང། དམིགས་པ་དང། གྲོགས་དང།? ་ལས་དང། དེའི་ཡོད་པ་ཉིད་དང། དམིགས་པ་འཇུག་པ་དང། མཚུངས་པར་ལྡན་པས་འཇུག་པ་དང། གཅིག་གིས་རྐྱེན་ཉིད་གཅིག་ཡིན་པས་འཇུག་པ་དང། ལྷན་ཅིག་གི་དངོས་པོ་འཇུག་པ་དག་གིས་འཇུག་པ་རྣམ་པར་བཞག་པ ་བསྟན་པ་གང་ཡིན་པ་དེ་དག་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་རབ་ཏུ་དབྱེ་བ་ཡིན་པས་ཀུན་རྫོབ་ཀྱི་རབ་ཏུ་དབྱེ་བ་ཞེས་བྱའོ། །མི་ཤེས་པའི་གཉེན་པོར་རྟེན་འབྲེལ་པར་འབྱུང་བའི་ཆོས་ཀྱི་ལུགས་ཤེས་པ་བསྟན་པ་ནི་དེ་ལ་ཤིན་ཏུ་རྨོངས ་བའི་གཉེན་པོ་བསྟན་པ་ཞེས་བྱ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བློ་གྲོས?་ཡངས་པ་དེ་ལྟར་བྱང་ཆུབ་སེམས་དཔའ་ཨི་ཆོས་ཀྱི་ལུགས་ཤེས་པ་ལ་བསྟན་ཅིང་ཆོས་ཀྱི་ལུགས་ཤེས་པ་ལ་གནས་ནས་ཞེས་བྱ་བ་ལ་སོགས་པ ་གསུངས་སོ། །དེ་ལ་ཆོས་ཀྱི་ལུགས་ཤེས་པ་ཞེས་བྱ་བ་ལ། ཆོས་ཀྱི་ལུགས་ཤེས་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་གནས་པ་ཉིད་ཡིན་ཏེ། དེ་ཡང་དོན་དམ་པར་མ་སྐྱེས་པ་ཡིན་མོད་ཀྱི། ཀུན་རྫོབ་ཏུ་སྒྱུ་མ་དང་གཟུགས་བརྙན ་ལྟ་བུར་རྒྱུ་དང་རྐྱེན་སྣ་ཚོགས་སོ་སོར་ངེས་པ་ལ་བལྟོས་པ་ཐ་སྙད་གདགས་པར་ཡོད་པ་ཉིད་ཡིན་པས་ན། མདོ་གཞན་ལས་ཀྱང་ཅིའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་ཞེ་ན། རྒྱུ་དང་བཅས་པ་ལ་བྱའི་རྒྱུ་མེད་རྐྱེན་མེད་པ་ལ་མ་ཡིན་ཏེ། དེའི་ཕྱིར ་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱའོ་ཞེས་གསུངས་སོ། །དེའི་ཕྱིར་ཀུན་རྫོབ་དུ་ཆོས་གནས་པ་ཉིད་ཅེས་བྱ་ཞེ་ན། དེའི་ཕྱིར་མདོ་གཞན་ལས་ཀྱང་དེ་ལ་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། རྐྱེན ་འདི་པ་ཉིད་ཀྱི་འབྲས་བུ་ཆོས་རྣམས་ཀྱིས་ཆོས་ཉིད་གནས་པ་གང་ཡིན་པས་ཆོས་གནས་པ་ཉིད་དང། ཆེས་ངེས་པར་འགྱུར་བ་ཉིད་དང། རྟེན་ཅིང་འབྲེལ་བར་འབྱུང་བ་མཐུན་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན ་པ་ཡིན་པ་དེ་བཞིན་ཉིད་དང། ཡང་དག་པ་ཉིད་དང། བདེན་པ་ཁོ་ན་དང། མ་ནོང་བ་ཉིད་དང། ཕྱིན་ཅི་མ་ལོག་པ་ཉིད་ཀྱི་བར་དུ་གནས་པ་གང་ཡིན་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་མདོར་བསྟན་པ་ཡིན་ནོ་ཞེས་གསུངས་སོ་ཞེས་འབྱུང ་བའི་ཕྱིར་ཏེ། དེ་བས་ན་རྐུན་རྫོབ་ཏུ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་གནས་པ་ཉིད་གང་ཡིན་པ་དེ་ནི་ཆོས་ཀྱི་ལུགས་ཞེས་བྱའོ། །ཤེས་ཞེས་བྱ་བ་ནི་དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་གནས་པ་ཉིད་གང་ཡིན་པ་དེ་ལ་གཞན་མུ་སྟེགས ་ཅན་དག་གིས་རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་ལས་བྱུང་བའི་མཚན་ཉིད་དུ་བརྟགས་པ་དེ་ལྟ་བུ་མ་ཡིན་པར་ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམ་པར་བཞག་པའི་མཚན་ཉིད་ལྔ་པོ་རྒྱུ་དང་བཅས་པ་ལས་འབྱུང་བའི་མཚན་ཉིད་དང། མི་རྟག་པའི ་དུ་མའི་རྒྱུ་ལས་བྱུང་བའི་མཚན་ཉིད་དང། ནུས་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་དང། བྱེད་པ་མེད་པའི་རྐྱེན་ལས་བྱུང་པའི་མཚན་ཉིད་ཀྱི་ཚུལ་ཇི་ལྟ་བ་བཞིན་ཏུ་རབ་ཏུ་ཤེས་པ་སོ་སོར་རྟོགས་པའི་ཡེ་ཤེས་གང་ཡིན་པའོ། །རྟེན་ཅིང་གནས ་ཞེས་བྱ་བ་ནི་དེ་ལྟར་ཆོས་ཀྱི་ལུགས་ཤེས་པ་སོ་སོར་རྟོག་པའི་ཡེ་ཤེས་དེ་ལ་བརྟེན་ཅིང་གནས་ནས་སོ། །དེ་ལྟར་ཆོས་ཀྱི་ལུགས་ཤེས་པ་ལ་བརྟེན་ཅིང་གནས་ནས་སེམས་དང་ཡིད་དང་རྣམ་པར་ཤེས་པའི ་གསང་བ་ལ་མཁས་པ་ནི་དེ་དག་གི་ངོ་བོ་ཉིད་དང། གནས་དང། དམིགས་པ་དང། གྲོགས་དང། ལས་དང་དེའི་ཡོད་པ་ཉིད་ལ་མཁས་པ་དང། དམིགས་པ་ལ་འཇུག་པ་དང། མཚུངས་པར་ལྡན་པས་འཇུག་པ་དང། གཅིག་གི ་རྐྱེན་ཉིད་གཅིག་ཡིན་པས་འཇུག་པ་དང། ལྷན་ཅིག་གི་དངོས་པོས་འཇུག་པ་དག་གིས་འཇུག་པ་རྣམ་པར་བཞག་པ་ལ་མཁས་པ་ཡིན་པས་ན་དེ་ཉིད་ཀུན་རྫོབ་ཀྱི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་ལ་མཁས་པ་ཡིན་ནོ་ཞེས ་བྱ་བར་སྦྱར་རོ། །དེས་ནི་སྔར་འཕགས་པ་བློ་གྲོས་ཡངས་པས་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ལགས་ཞེས་ཞུས་པའི་ལན་བཏབ་པ་ཡིན་ཏེ། དེ་དག་ནི་ཆོས་ཀྱི་ལུགས ་ཤེས་པའི་སྤྱོད་ཡུལ་གྱི་གསངས་བ་ལ་མཁས་པ་བསྟན་པ་ཡིན་ནོ། །ཡིན་ཡང་དེ་བཞིན་གཤེགས་པ་ནི་བྱང་ཆུབ་སེམས་དཔའ་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པར་འདོགས་ན་དེ་ཙམ་གྱི་ཐཾས་ཅད་ཀྱིས་ཐམས་ཅད་དུ་མི ་འདོགས་སོ་ཞེས་བྱ་བ་ནི་དེ་ལྟར་ཆོས་ཀྱི་ལུགས་ཤེས་པའི་སྤྱོད་ཡུལ་གྱི་གསང་བ་ལ་མཁས་པ་ཡང་འཇུག་པ་རྣམ་པར་བཞག་པ་ལ་མཁས་པ་ཡིན་མོད་ཀྱི། ལྡོག་པ་རྣམ་པར་བཞག་པ་ལ་མཁས་པ་མ་ཡིན་པས་དེ་ཙམ་ལ་མཁས ་པར་མི་འདོགས་ཀྱི། ལྡོག་པ་རྣམ་པར་བཞག་པ་ལ་མཁས་པ་ལ་ནི་མཁས་པར་འདོགས་སོ་ཞེས་འོག་ནས་འབྱུང་བའི་ཚིག་འདྲེན་པ་ཡིན་ཏེ། དེ་ལ་ཀུན་རྫོབ་ཀྱི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་བསྟན་པའི་ཚིག་གི་དོན ་ལ་སོགས་པ་བཤད་པར་བྱ་སྟེ། །དོན་དམ་པའི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་ལྡོག་པ་རྣམ་པར་བཞག་པས་ཀུན་གཞི་རྣམ་པར་ཤེས་པ་གནས་གྱུར་པས་བསྡུས་པས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གང ་ཡིན་པ་ནི་དོན་དམ་པའི་རབ་ཏུ་དབྱེ་བ་ཞེས་བྱའོ། །དེ་མི་ཤེས་པའི་གཉེན་པོར་རྣམ་པར་མི་རྟོགས་པའི་ཡེ་ཤེས་ཀྱི་སྟོབས་དང་ལྡན་པས་སེམས་དང་ཡིད་དང་རྣམ་པར་ཤེས་པ་མི་དམིགས་པའི་ཚུལ་གྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་སྤྱོད ་ཡུལ་གྱི་བསང་བ་བསྟན་པ་གང་ཡིན་པ་ནི་དེ་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་བསྟན་པ་ཞེས་བྱ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བློ་གྲོས་ཡངས་པ་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ནང་གི་སོ་སོ་ནང་གི་ལེན་པ་མི་མཐོང་ཞེས་བྱ་བ ་ལ་སོགས་པ་གསུངས་སོ། །དེ་ལ་ཀུན་ནས་ཉོན་མོངས་པ་ལྡོག་པ་རྣམ་པར་བཞག་པ་གང་ཞེ་ན། ཀུན་གཞི་རྣམ་པར་ཤེས་པ་ནི་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་ཡིན་པས་དགེ་བའི་ཆོས་སྒོམ་པས་རྣམ་པར་ལྡོག་པར་རིག་པར་བྱ་སྟེ། ཇི ་ལྟར་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་ཡིན་ཞེ་ན། དེ་ནི་སེམས་ཅན་གྱི་འཇིག་རྟེན་འགྲུབ་པར་བྱེད་པ་དང། སྣོད་ཀྱི་འཇིག་རྟེན་འགྲུབ་པར་བྱེད་པ་དང། ད་ལྟར་སྡུག་བསྔལ་གྱི་བདེན་པའི་ངོ་བོ་ཉིད་གང་ཡིན་པ་དང། མ་འོངས་པའི་སྡུག ་བསྔལ་གྱི་བདེན་པ་འགྲུབ་པར་བྱེད་པ་དང། ད་ལྟར་གྱི་ཀུན་འབྱུང་བའི་བདེན་པ་འགྲུབ་པར་བྱེད་པ་ཡིན་པའི་ཕྱིར་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་ཡིན་ནོ། །དེ་ལྟར་ཀུན་ནས་ཉོན་མོངས་པའི་རྩ་བ་ཀུན་གཞི་རྣམ་པར་ཤེས་པ་དེ་ནི་དགེ་བའི ་ཆོས་བསྒོམ་པས་ལྡོག་པར་རིག་པར་བྱ་སྟེ། དགེ་བའི་ཆོས་སྒོམ་པ་དེ་ཡང་འཇུག་པ་དང། རྟོགས་པ་དང། གོམས་པ་དང། ཡིད་ལ་བྱེད་པའི་གནས་རྣམས་སུ་ཤེས་པར་བྱ་སྟེ་དེ་ལ་འཇུག་པ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་? ་པར་བྱ་བའི་ཕྱིར་དང་པོ་སོ་སོའི་སྐྱེ་བོའི་ས་ནས་བདེན་པ་མངོན་པར་རྟོགས་པ་ལ་འཇུག་པ་སྟེ། དེ་ཡང་བདེན་པ་མཐོང་བ་བདེན་པ་རྣམས་ལ་མིག་མ་ཐོབ་པས་ནི་ཀུན་གཞི་རྣམ་པར་ཤེས་པ་ས་བོན་ཐམས་ཅད ་པས་རྟོགས་པར་མི་ནུས་བས་དེའི་ཕྱིར་སོ་སོའི་སྐྱེ་བོ་སེམས་གནས་པར་བྱ་བའི་ཕྱིར་འཇུག་པའི་རྣམ་པར་ཤེས་པ་ལ་དམིགས་པའི་ཡིད་ལ་བྱེད་པས་བརྩོན་པར་བྱེད་པ་ན་དང་པོ་ཁོ་ནར་རྣམ་པར་བཞག་པ་དང། རྣམ་པར་བཞག་པའི ་བདེན་པ་མངོན་པར་རྟོགས་པ་ལ་འཇུག་པར་བྱ་བའི་ཕྱིར་མཐོང་བའི་ལམ་གྱིས་བསྡུས་པའི་དགེ་པའི་ཆོས་སྒོམ་པ་ནི་འཇུག་པའི་སྒོམ་པ་ཡིན་ནོ། །རྟོག་པ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པའི་ཚུལ་རྟོགས་པར་བྱེད་པ་སྟེ། ་དེ་ཡང་དེ་ལྟར་བདེན་པ་མངོན་པར་རྟོགས་ཤིང་ཉན་ཐོས་ཀྱི་ཡང་དག་པ་ཉིད་སྐྱོན་མེད་པ་ལ་ཞུགས་སམ། བྱང་ཆུབ་སེམས་དཔའ་ཨི་ཡང་དག་པ་ཉིད་སྐྱོན་མེད་པ་ལ་ཞུགས་སོ། །ཆོས་ཐཾས་ཅད་ཀྱི་ཆོས་ཀྱི་དབྱིངས་རྟོགས་པར་བྱེད ་བ་ན། ཀུན་གཞི་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པས་རྟོགས་པར་བྱ་བའི་ཕྱིར་སྒོམ་པའི་ལམ་གྱི་སྦྱོར་བས་བསྡུས་པའི་དགེ་བའི་ཆོས་སྒོམ་བ་ནི་རྟོགS་པ་སྒོམ་པ་ཡིན་ནོ། །གོམས་པ་ཞེས་བྱ་བ་ནི་རྟོགས་པ་ཉིད་ཀུན་ཏུ ་བསྙེན?་ཅིང་ལན་མང་དུ་བྱེད་གོམས་པར་བྱེད་པ་སྟེ། དེ་ཡང་དེ་ལྟར་ཀུན་གཞི་རྣམ་པར་ཤེས་པའི་ཚུལ་རྟོགས་པའི་འོག་ཏུ་ཀུན་གཞི་རྣམ་པར་ཤེས་པ་དེ་ནི་འདུ་བྱེད་ཀྱི་རྣམ་པ་སྤྲོས་པར་བསྡུས་པ་ཐམས་ཅད་ཀྱི་ཁམS ་དང་ལྡན་པ་ཡིན་པའི་ཕྱིར་དེ་ལ་སྤྲོས་པ་ཐམས་ཅད་གཅིག་བསྡུས་པ་དང། གཅིག་ཏུ་སྤང་བ་དང་གཅིག་ཏུ་སོགས་པར་བྱེད་ཅིང་དེ་ཀུན་ཏུ་བསྟེན་པ་དང། ལན་མང་དུ་བྱ་བ་དང། གོམས་པར་བྱ་བའི་ཕྱིར་སྒོམ་པའི་ལམ ་གྱི་ཁྱད་པར་གྱིས་བསྡུས་པའི་དགེ་བའི་ཆོས་བསྒོམ་པ་ནི་གོམས་པར་བསྒོམ་པ་ཡིན་ནོ། །ཡིད་ལ་བྱེད་བ་ཞེས་བྱ་བ་ནི་ཁྱད་པར་གྱི་ལམ་མཐོབ་པ་མཐར་ཐུག་པར་བྱ་པའི་ཕྱིར་དེ་བཞིན་ཉིད་ཡིད་ལ་བྱེད་པ་སྟེ། དེ་ཡང་དེ་ལྟར་ཀུན་གཞི་རྣམ ་པར་ཤེས་པ་ལ་སྤྲོས་པ་ཐམས་ཅད་གཅིག་ཏུ་བསོགས་ནས་དེ་བཞིན་ཉིད་ལ་དམིགས་པའི་ཤེས་པས་ཀུན་ཏུ་བརྟེན་ཅིང་སྒོམ་པའི་ལམ་གྱི་མཐར་ཐུག་པས་བསྡུས་པའི་དགེ་པའི་ཆོས་སྒོམ་པ་ནི་ཡིད་ལ་བྱེད་པ་སྒོམ་པ་ཡིན་ཏེ། རྒྱུ་ངེས་གནས ་པར་བྱེད་དོ། །གནས་གྱུར་མ་ཐག་ཏུ་ཀུན་གཞི་རྣམ་པར་ཤེས་པ་སྤངས་པར་བརྗོད་པར་བྱ་སྟེ། དེ་སྤངས་པའི་ཕྱིར་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཁྱད་སྤང་བར་བརྗོད་པར་བྱའོ། །ཀུན་གཞི་རྣམ་པར་ཤེས་པ་དེའི་གནས་ནི?་གཉེན་པོས ་བསྒྱུར་བའི་རིག་པར་བྱ་སྟེ། ཀུན་གཞི་རྣམ་པར་ཤེས་པ་ནི་མི་རྟག་པ་དང། ལེན་པ་དད་བཅས་པ་ཡིན་ལ། གནས་གྱུར་བ་ནི་རྟག་པ་དང། ལེན་པ་མེད་པ་ཡིན་ནོ། །ཀུན་གཞི་རྣམ་པར་ཤེས་པ་ནི་གནས་ངན་ལེན་དང་ལྡན་པ་ཡིན ་ལ་།གནས་གྱུར་པ་ནི་གནས་ངན་ལེན་པ་ཐམས་ཅད་དང་གཏན་བྲལ་བ་ཡིན་ནོ། །ཀུན་གཞི་རྣམ་པར་ཤེས་བ་ནི་ཉོན་མོངས་བ་རྣམས་ཀྱི་འཇུག་པའི་རྒྱུ་ཡིན་ཞིང་ལམ་གྱི་འཇུག་པའི་རྒྱུ་མ་ཡིན་ལ། གནས་གྱུར་བ་ནི་ཉོན་མོངས་པ་རྣམS ་ཀྱི་འཇུག་པའི་རྒྱུ་མ་ཡིན་ཞིང་ལམ་གྱི་འཇུག་པའི་རྒྱུ་ཡིན་ནོ། །ཀུན་གཞི་རྣམ་པར་ཤེས་པ་ནི་དགེ་བ་དང། ལུང་དུ་མ་བསྟན་པའི་ཆོས་རྣམས་ལ་དབང་མི་བྱེད་ལ། གནས་གྱུར་པ་ནི་དགེ་བ་དང། ལུང་དམ་བསྟན་པའི་ཆོས་རྣམས་ལ ་དབང་དུ་བྱེད་པ་ཡིན་ནོ། །ཀུན་གཞི་རྣམ་པར་ཤེས་པ་དེའི་སྤངས་པའི་མཚན་ཉིད་ནི་དེ་སྤང་མ་ཐག་ཏུ་ལེན་པ་རྣམ་པ་གཉིས་སྤོང་པ་དང། སྤྲུལ་པ་ལྟ་བུའི་ལུས་ཀུན་ཏུ་གནས་པ་སྟེ། ཕྱི་མ་ལ་སྡུག་བསྔལ་འབྱུང་བར་བྱེད་པའི་རྒྱུ ་སྤངས་པའི་ཕྱི་མ་ལ་ཡང་འབྱུང་བ་བྱེད་པའི་ལེན་པ་སྤོང་བ་དང། ཚེ་འདི་ལ་ཀུན་ནས་ཉོན་མོངས་པའི་རྒྱུ་ཐམས་ཅད་སྤངས་པའི་ཕྱིར་ཆོས་འདིའི་ཀུན་ནས་ཉོན་མོངས་པའི་གནས་ལེན་པ་ཐམས་ཅད་སྤངས་པ ་དང། གནས་ངན་ལེན་པ་ཐམས་ཅད་དང་བྲལ་ཞིང་སྲོག་གི་རྐྱེན་དུ་གྱུར་པ་ཙམ་ཀུན་ཏུ་གནས་པ་ཡིན་ནོ། །དེ་ཡོང་ན་ལུས་ཀྱི་མཛའ་པ་དང། སྲོག་གི་མཛའ་པའི་ཚོར་བ་མྱོང་བར་བྱེད་དོ། དེའི་ཕྱིར་མདོ་ལས་ཀྱང་འདི་ན་དེའི་ཚོང་བ ་ཐམས་ཅད་དེ་ཙམ་གྱི་ན་སྤོངས་སུ་གཏུགས་པར་འགྱུར་རོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ལྟར་ཀུན་ནས་ཉོན་མོངས་པའི་རྩ་བར་རྣམ་པར་བཞག་པ་དང། འཇུག་པ་དང། རྟོགས་པ་དང། གོམས་པ་དང། ཡིད་ལ ་བྱེད་པ་རྣམ་པར་བཞག་པ་དང། གནས་གྱུར་པ་རྣམ་པར་བཞག་པས་ཀུན་གཞི་རྣམ་པར་ཤེས་པའི་ཀུན་ནས་ཉོན་མོངས་ལྡོག་པ་རྣམ་པར་བཞག་པ་བསྟན་པ་དེ་ནི་ཀུན་གཞི་རྣམ་པར་ཤེས་པ་གནས་གྱུར་པས་བསྡུས་པ ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡིན་ཏེ། དེ་ཉིད་འདིར་དོན་དམ་པའི་རབ་ཏུ་དབྱེ་བ་ཡིན་པར་བྱའོ། །དེ་མི་ཤེས་པའི་གཉེན་པོར་འདིར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྟོབས་དང་ལྡན་པས་སེམས་དང། ཡིད་དང་རྣམ་པར་ཤེས ་པ་མི་དམིགས་པའི་ཚུལ་གྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་གསང་བ་བསྟན་པ་གང་ཡིན་པ་ནི་དེ་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་བསྟན་པ་ཡིན་པར་རིག་པར་བྱ་སྟེ། དེ་ཡང་ཇི་ལྟ་བུ་ཞེ་ན། སྔར་ཇི་ཙམ ་དུ་རྗེས་སུ་ཐ་སྙད་གདགས་པའི་ཕྱིར་སེམས་དང། ཡིད་དང་རྣམ་པར་ཤེས་པ་ཞེས་པ་དང། ངོ་བོ་ཉིད་དང་བྱེ་བྲག་རྣམ་པར་བཞག་པ་གང་ཡིན་པ་དེ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཡིན་པས་དེ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡིན་པས་ནམ་མཁའ་ཨི་མེ་ཏོག་དང་འདྲ་བར་གཏན་མེད་པ་ཡིན་ནོ། །ཀུན་བརྟགས་པའི་ཐ་སྙད་དག་ལ་པའི་སེམས་དང་ཡིད་དང་རྣམ་པར་ཤེས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཡིན་དེ་ནི་གཞན་གྱི་དབང་གི ་ངོ་བོ་ཉིད་ཡིན་པར་དེ་ནི་སྐྱེ་བ་ངོ་པོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པའི་རང་བཞིན་སྒྱུ་མ་བྱས་པ་དང་འདྲ་པར་ཡོད་པ་ཡིན་ཡང་དེ་རྣམ་པར་དག་པའི་དམིགས་པ་མ་ཡིན་པའི་ཕྱིར་དོན་དམ་པའི་ངོ་བོ་ཉིད་མེད་པ་ཉིད་ཀྱི་ངོ་བོ་ཉིད་མེད་པ ་ཡིན་པས་ན་དོན་དམ་པའི་རབ་ཏུ་དབྱེ་བ་མ་ཡིན་ནོ། །སེམས་དང་ཡིད་དང་རྣམ་པར་ཤེས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་གཞན་གྱི་དབང་གི་ངོ་བོ་ཉིད་དེའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡིན་ཏེ། ་དེ་ནི་དོན་དམ་པའི་ངོ་བོ་ཉིད་མེད་པ་ཉིད་ཀྱི་ངོ་བོ་ཉིད་མེད་པའི་རང་བཞིན་ནམ་མཁའ་དང་འདྲ་བ་རྣམ་པར་རྟོག་པའི་དམིགས་པ་ཆོས་བདག་མེད་པ་ཡིན་པས་དེ་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་གསང་བ་ཞེས་བྱ་སྟེ། ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་གང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྟོབས་དང་ལྡན་པས་སེམས་དང་ཡིད་དང་རྣམ་པར་ཤེས་པ་མི་དམིགས་པའི་ཚུལ་གྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་གསང་བ་དེ་ལྟ ་བུ་ལ་མཁས་པ་ནི་དོན་དམ་པའི་རབ་ཏུ་དབྱེ་བ་ལ་མཁས་པ་ཡིན་པས་ན་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པར་འདོགས་ན་ཡང་དེ་ཙམ་གྱིས་འདོགས་སོ་ཞེས་བྱ ་བར་སྦྱར་རོ། །དེ་ལྟར་སྤྱིའི་དོན་བསྟན་ནས་ད་ནི་དེ་དག་གི་ཚིག་གི་དོན་བཤད་པར་བྱ་སྟེ། དེ་ལ་ནང་གི་ཞེས་བྱ་བ་ནི་ཕྱི་རོལ་གྱི་དངོས་པོ་ལས་བཟློག་པ་སྟེ། དེས་ནི་རྣམ་པར་ཤེས་པས་ཟིན་པའི་རྒྱུད་དུ་གཏོགས་པ་ཐམས་ཅད ་བསྔ་བར་བསྟན་ཏོ། །སོ་སོ་རང་གི་ཞེས་བྱ་བ་ནི་གང་ཟག་གཞན་གྱི་རྒྱུད་ལས་བཟློག་པ་སྟེ། དེས་ནི་ལུང་གིས་རྗེས་སུ་འབྲང་པ་མ་ཡིན་གྱི། བདག་ཉིད་ཀྱི་རྟོགས་པ་ཚད་མར་བྱ་བ་བསྟན་ཏོ། །ལེན་པ་མི ་མཐོང་ཞེས་བྱ་བ་ནི་དོན་གང་གིས་ལེན་པའི་རྣམ་པར་ཤེས་པ་ཞེས་བྱ་བར་གདགས་པ་མི་མཐོང་བ་སྟེ། སྡང་ལས་ཀྱི་རབ་ཏུ་དབྱེ་བ་བསྟན་པའི་སྐབས་སུ་འདི་ལྟར་ངེས་ལུས་འདི་བཟུང་ཞིང་བླངས་པའི་ཕྱིར་རོ་ཞེས་སྨོས་པ་དང་སྦྱར་རོ།། ་དེ་ཡང་གང་གི་ཚེ་ཡང་དག་པའི་ཤེས་པས་དེ་བཞིན་ཉིད་མཐོང་བའི་ཚེ་ན་མི་མཐོང་སྟེ། དེ་ཉིད་ཕྱིན་ཅི་མ་ལོག་པ་ཡོངས་སུ་གྲུབ་པ་དང། འགྱུར་བ་མེད་པར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོན་དམ་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་སྦྱོར།།? ་མི་མཐོང་ཞེས་བྱ་བའི་ཚིག་གི་དོན་ནི་ལྷག་མ་ཐམས་ཅད་ལ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །ལེན་པའི་རྣམ་པར་ཤེས་པ་ཡང་ཞེས་བྱ་བ་ནི་སྔར་མཚན་ཉིད་རབ་ཏུ་དབྱེ་བ་བསྟན་པའི་སྐབས་སུ་དེ་ནི་ལེན་པའི་རྣམ་པར་ཤེས་པ་ཞེས ་ཀྱང་བྱ་སྟེ་ཞེས་སྨོས་པ་དང་སྦྱར་རོ། །དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡིན་པ་དང། ཞེས་བྱ་བ་ནི་ཆོས་རྣམས་ཀྱི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོན་དམ་པའི་ཆོས་བདག་མེད་པ་ཇི་ལྟ་པ་བཞིན་དུ་ཕྱིན་ཅི་མ་ལོག་པར་མཐོང་བ་ལ ་བྱའི། དམུས་ལོང་གིས་གཟུགས་མི་མཐོང་བ་ལྟ་བུ་ནི་མ་ཡིན་ཏེ། ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། ཀུན་གཞི་ཡང་ཞེས་བྱ་བ་ནི་དོན་གང་གིས་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བ་གདགས་པ་སྟེ། སྔར་ལས ་ཀྱི་འབྲས་བུ་དབྱེ་བ་བསྟན་པའི་སྐབས་སུ་འདི་ལྟར་དེ་ལུས་འདི་ལ་གྲུབ་པ་དང་བདེ་བ་གཅིག་པའི་དོན་གྱི་ཀུན་ཏུ་སྦྱོར་བ་དང། རབ་ཏུ་སྦྱོར་བར་བྱེད་པའི་ཕྱིར་རོ་ཞེས་སྨོས་པ་དང་སྦྱར་རོ། །ཀུན་གཞི་རྣམ་པར་ཤེས་པ་ཡང་ཞེས་བྱ་བ་ནི ་སྔར་མཚན་ཉིད་རབ་ཏུ་དབྱེ་བ་བསྟན་པའི་སྐབས་སུ་ཀུན་གཞི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ་ཞེས་སྨོས་པ་དང་སྦྱར་རོ། །བསགས་པ་ཡང་ཞེས་བྱ་བ་ནི་དོན་གང་གི་སེམས་ཞེས་བྱ་བར་གདགས་པ་སྟེ། སྔར་ལས་ཀྱི་རབ་ཏུ་དབྱེ་བ་བསྟན་པའི ་སྐབས་སུ་འདི་ལྟར་ད་ནི་གཟུགས་དང། སྒྲ་དང། དྲི་དང། རོ་དང། རེག་བྱ་དང་ཆོས་རྣམས་ཀྱི་ཀུན་ཏུ་བསགས་པ་དང། ཉེ་བར་བསགས་པ་ཡིན་པའི་ཕྱིར་རོ་ཞེས་སྨོས་པ་དང་སྦྱར་རོ། །སེམས་ཀྱང་ཞེས་བྱ་བ་ནི་སྔར་མཚན་ཉིད་རབ་ཏུ ་དབྱེ་བ་བསྟན་པའི་སྐབས་སུ་སེམས་ཤེས་ཀྱང་བྱ་སྟེ་ཞེས་སྨོས་པ་དང་སྦྱར་རོ། །དམིགས་ཀྱང་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་ཤེས་པ་རྣམས་ཀྱི་གནས་དང་དམིགས་པ་དང་ངོ་བོ་ཉིད་བསྟན་ཏེ། སྔར་འཇུག་པའི་རབ་ཏུ་དབྱེ་བ ་བསྟན་པའི་སྐབས་སུ་གནས་དང། དམིགས་པ་དང། ངོ་བོ་ཉིད་དང། གྲོགས་དང། ལས་དང། འཇུག་པའི་མཚན་ཉིད་བསྟན་པ་ཐམས་ཅད་དང་ཅི་རིག་པར་སྦྱར་རོ། །དེ་ནི་བྱང་ཆུབ་སེམས་དཔའ་དོན་དམ་པ་ལ་མཁས་པ་ཞེས་བྱ་སྟེ ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་གསང་བ་ལ་མཁས་པ་དེ་ནི་དོན་དམ་པའི་རབ་ཏུ་དབྱེ་བ་ལ་མཁས་པ་ཡིན་ནོ་ཞེས་དོན་གྱི་མཇུག་བསྡུ་བ་ཡིན་ནོ། །དེ་ཙམ་གྱིས་འདོགས་སོ་ཞེས་བྱ་བས་ནི་སྔར་འཕགས་པ་བློ་གྲོས ་ཡངས་པ་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་སེམས་དང། ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་འདོགས་ན་ཡང་ཇི་ཙམ་གྱི་འདོགས་ལགས་ཞེས་ཞུས་པའི་ལན་བཏབ་པ་ཡིན་ནོ། །དེ་དག་ནི་རྣམ་པར་མི་རྟོག་པའི་ཡེ ་ཤེས་ཀྱི་སྤྱོད་ཡུལ་གྱི་གསང་བ་ལ་མཁས་པ་བསྟན་པ་ཡིན་ཏེ། དེ་ནི་དོན་དམ་པའི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་ཨོབསྟན་པ་ཡིན་ནོ། །དེ་ལྟར་མཚན་ཉིད་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པ་དང། འཇུག་པའི་རབ་ཏུ་དབྱེ་བ་ ་ལ་ཤིན་ཏུ་རྨོངས་པ་དང། ཀུན་རྫོབ་ཀྱི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པ་དང། དོན་དམ་པའི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་རྣམ་པ་ལྔ་བསྟན་པ་དེ་དག་ནི་རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་བའི ་གཉེན་པོ་ཡིན་ནོ། །རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་བརྒལ་བའི་ལན་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་བསྟན་པའི་ཚིག་གི་དོན་ལ ་སོགས་པ་བཤད་པར་བྱ་སྟེ། བརྒལ་བའི་ལན་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་ཞེས་བྱ་བ་ནི་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བའི་ཚུལ་བསྟན་པ་འདི་ལ་སེམས་དང་ཡིད་རྣམ་པར་ཤེས་པ་གསུམ་ཆར་ཡང ་ཀུན་རྫོབ་ཏུ་ཆོས་ཀྱི་ལུགས་ཤེས་པ་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དཱུང་གསང་བ་ཡིན་པར་འདྲ་ལ། དོན་དམ་པར་གནས་གྱུར་པའི་ཤེས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་ཡུང་གསང་བ་ཡིན ་པར་འདྲ་བ་ལས་བཅོམ་ལྡན་འདས་ཀྱི་ཐེག་པ་གདགས་པ་རྣམ་པར་བཞག་པ་བསྟན་པའི་སྐབས་སུ་འཇུག་པའི་རྣམ་པར་ཤེས་པ་རྣམས་ནི་ཡོད་པ་ཉིད་དང་རབ་ཏུ་དབྱེ་བའི་སྒོ་ནས་ཐེག་པ་ཐམས་ཅད་དུ་ཡང་བསྟན་ལ། ཀུན་གཞི ་རྣམ་པར་ཤེས་པའི་ཡོད་པ་ཉིད་དང་རབ་ཏུ་དབྱེ་བ་ནི་ཐེག་པ་གཞན་གྱི་གནས་སྐབས་སུ་མ་བསྟན་པ་དེ་ཅིའི་ཕྱིར་མ་བསྟན་པ་དང། ཇི་ལྟར་ན་དེའི་ཡོད་པ་ཉིད་དང། རབ་ཏུ་དབྱེ་བར་རིག་པར་བྱ་ཞེས་ཞིབ་མོ་མཁས་པ་འཛངས་པ་། ་རྟོགས་པའི་ཤེས་རབ་དང་ལྡན་པ་དག་ཚུལ་བཞིན་དུ་ཞུགས་པའི་བསམ་པ་དང། རིགས་པས་སྐྱེད་པའི་སྨྲ་བས་རྒོལ་བ་དེ་དག་ལ་ལན་གདབ་པ་མི་ཤེས་པས་རྨོངས་པའི་གཉེན་པོར། དེ་ནི་བཅོམ་ལྡན་འདས་ཀྱིས་གསང་སྟེ་། ་བསྟན་ཅིང་རྣམ་པར་བཞག་པ་ཡིན་པས་ན་དེའི་ཕྱིར་མ་བསྟན་ཏོ་ཞེས་བྱ་བ་དང། ཐེག་པ་ཆེན་པོ་གདགས་པ་རྣམ་པར་བཞག་པའི་གནས་སྐབས་སུ་དེའི་ཡོད་པ་ཉིད་རབ་ཏུ་དབྱེ་བ་ཡང་བསྟན་ཏེ། །ཞེས་དམིགས་ཀྱི་གསལ་ཞིང་བསྟན་བ་ནི་བརྒལ ་པའི་ལན་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་བསྟན་པ་ཞེས་བྱ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་དེ ་ནི་བཅོམ་ལྡན་འདས་ཀྱི་གསང་སྟེ་བསྟན་ཅིང་རྣམ་པར་བཞག་པ་ཡིན་པས་ན་དེའི་ཕྱིར་མ་བསྟན་ཏོ་ཞེས་བསྟན་པའི་ཕྱིར། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་ཀླུང་ལྟར་འབབ། །བདག་ཏུ་རྟོག་པར་འགྱུར ་ན་མི་རུང་ཞེས། །བྱིས་པ་རྣམས་ལ་ངས་ནི་དེ་མ་བསྟན་ཅེས་གསུངས་ཏེ། དེ་ནི་ས་བོན་ཐམས་ཅད་པ་ཡིན་པའི་ཕྱིར་གསང་བ་རྣམ་པར་གནས་པ་སྟེ། དེ་དག་གི་ནང་ནས་དེ་ནི་བསྟན་པའི་འོས་མ་ཡིན་པའི་ཕྱིར་དང། འཇུག་བའི་རྣམ་པར ་ཤེས་པ་རྣམས་ཀྱི་ས་བོན་གྱི་མཚན་ཉིད་དུ་གནས་པའི་ཕྱིར་དང། རང་གི་མཚན་ཉིད་ཀྱིས་མི་གནས་པའི་ཕྱིར་ཤེས་པས་དཀའ་བས་ན་དེའི་ཕྱིར་གསང་སྟེ་བསྟན་ཅིང་རྣམ་བར་བཞག་གོ་ཞེས་བྱ་བར་སྦྱར་རོ། །དེ་ལ་ལེན་པའི་རྣམ་པར་ཤེས་པ ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། སྔར་འདི་ལྟར་དེས་ལུས་འདི་བཟུང་ཞིང་བླངས་པའི་ཕྱིར་རོ་ཞེས་བསྟན་བ་ནི་བཤད་དོ། །ཟབ་ཅིང་ཕྲ་ཞེས་བྱ་བ་ནི་ཟབ་པ་ཉིད་བྱེ་བྲག་ཏུ་བྱ་བའི་ཕྱིར་ཕྲ་བ་ཞེས་བྱ་བས་བསྟན་ཏོ། །ཡང་ན་དེ་ངོ་བོ་ཉིད ་ཀྱིས་ཆ་ཕྲ་བའི་ཕྱིར་ཟབ་པ་ཞེས་བྱའོ། །གཞན་གྱིས་རྟོགས་པར་དཀའ་བའི་ཕྱིར་ཕྲ་བ་ཞེས་བྱའོ། །ས་བོན་ཐམས་ཅད་ཅེས་བྱ་བ་ནི་ས་བོན་ཐམས་ཅད་དང་ལྡན་པ་གནས་ཀྱི་དངོས་པོར་གྱུར་པ། གནས་ཀྱི་དངོས་པོར་གནས་པ། ལེན་པར ་བྱེད་པའི་ཚིག་བཞི་རྣམ་པར་བཞག་པ་སྔར་བསྟན་པས་བཤད་དོ། །ཆུ་བོའི་ཀླུང་ལྟར་འབབ་ཅེས་ཀུན་གཞི་རྣམ་པར་ཤེས་པ་ཉིད་འཇུག་པའི་རྣམ་པར་ཤེས་པ་ཆུ་རླབས་ལྟ་བུ་རྣམས་གྱི་གནས་ཀྱི་དངོས་པོ་ཆུ་ཀླུང? ་ལྟར་རྟག་ཏུ་འཇུག་པ་སྟེ། ཇི་སྐད་དུ་ཀུན་གཞིའི་རྣམ་པར་ཤེས་བའི་རྒྱ་མཚོ་ལ་འཇུག་པའི་རྣམ་པར་ཤེས་བ་ཡུལ་གྱི་རླུང་གིས་བསྐྱོང་དེ། དེ་དག་གི་སེམས་འབྱུང་བར་གཟིགས་ནས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པ་མཛད་དོ་ཞེས ་གསུངས་པ་ལྟ་བུའོ། །བདག་ཏུ་རྟག་པར་གྱུར་ན་མི་རུང་ཞེས་ཞེས་བྱ་བ་ནི་ས་བོན་ཐམས་ཅད་པ་དེ་ལ་སྟེ། སྔར་གནས་པའི་དངོས་པོར་གྱུར་པ་དེ་ལ་སེམས་ཅན་རྣམས་བདག་ཏུ་སྦྱོར་བར་བྱེད་པའི་ཕྱིར་ཀུན་གཞི་ཞེས་བྱའོ་ཞེས་བསྟན་པ ་ན། དེ་ལ་བདག་ཏུ་རྟོག་པར་གྱུར་ན་གཞན་མུ་སྟེགས་ཅན་ཉིད་དུ་གྱུར་བས་མི་རུང་ངོ་ཞེས་བྱ་བར་དགོངས་པ་ཡིན་ནོ། །བྱིས་པ་རྣམས་ལ་ངས་ནི་དེ་མ་བསྟན་ཞེས་བྱ་བ་ནི་གང་བདག་ཏུ་རྟོག་བར་གྱུར་ན་དེ་དག་ནི་བྱས་པ་དང་འདྲ་བ ་ཡིན་བས་བྱིས་པ་རྣམས་ཞེས་བྱ་སྟེ། དེ་དག་ལངས་ཀུན་གཞི་རྣམ་པར་ཤེས་པ་དེའི་ཡོད་པ་ཉིད་དང། རབ་ཏུ་དབྱེ་བ་དེ་མ་བསྟན་པས་མ་དེའི་ཕྱིར་དེ་ནི་གསུང་སྟེ་བསྟན་ཅིང་རྣམ་པར་བཞག་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་། ་དེའི་ཡོད་བ་ཉིད་དང་རབ་ཏུ་དབྱེ་བ་ནི་སྔར་བསྟན་པ་བཞིན་དུ་རིག་པར་བྱ་སྟེ། དེ་ནི་བརྒལ་བའི་ལན་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་བསྟན་པ་ཡིན་ནོ།། །།ལེའུ་ལྔ་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །། ་དེ་ལྟར་སེམས་ཀྱི་མཚན་ཉིད་ཀྱི་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ཀྱི་བདེན་བའི་མཚན་ཉིད་ཡོངས་སུ་ཤེས་བར་བྱ་བ་བསྟན་ནས། ད་ནི?་ཆོས་རྣམས་ཀྱི་མཚན་ཉིད་ཀྱིས་མཚན་ཉིད་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བ་བསྟན་པའི ་ཆིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཡོན་ཏན་འབྱུང་གནས་གྱིས་ཞུ་བ་ཞུས་པ་ཞེས་བྱ་བ་ལ་སོགས་པ་འཕགས་པ་ཡོན་ཏན་འབྱུང་གནS ་ཀྱི་ལེའུ་དྲུག་པ་འདི་གསུངས་སོ།། །།དེ་ལ་ལེའུ་དྲུག་པ་འདི་བསྡུས་བའི་དོན་ནི་མདོར་བསྡུ་ན་ཆོས་རྣམས་ཀྱི་མཚན་ཉིད་བསྟན་པ་ཡིན་ནོ། །ད་ཡང་རྣམ་པར་དབྱེ་ན་རྣམ་པ་གཉིས་ཏེ། ཡོངས་སུ་ཞུས་པ་དང། རྒྱ་ཆེར་བསྟན་བའོ། །དེ་ལ ་ཡོངས་སུ་ཞུས་བ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པ་ཞེས་བྱ་བ་ནས། ཇི་ཙམ་གྱིས་འདོགས་ལགས་ཤེས་གསུངས་པའི་བར་གྱིས་བསྟན་ཏོ། །དེ་སྐད་ཅེས?་གསོལ་པ་དང། བཅོམ་ལྡན ་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཡོན་ཏན་འབྱུང་གནས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་བ་ལེའུ་འདི་ཉིད་ཀྱི་གཞུང་ལྷག་མ་ཐམས་ཅད་ཀྱིས་བསྟན་ཏོ། །དེ་ལ་དང་པོར་ཡོངས་སུ་ཞུས་པའི་ཚིག་གི་དོན་ལ་སོགས་པ ་བཤད་པར་བྱ་སྟེ། ཡོངས་སུ་ཞུས་པ་ཞེས་བྱ་བའི་ཆོས་རྣམས་ཀྱི་མཚན་ཉིད་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་མཚན་ཉིད་ལ་མཁས་པ་བསྟན་པ་གླེང་བསླད་བའི་ཕྱིར་འདིར་དང་པོར། བཅོམ་ལྡན་འདས་ལ་འཕགས་པ་ཡོན་ཏན་འབྱུང ་གནས་ཀྱིས་ཞུ་བ་ཞུས་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་བའི་དབང་དུ་མཛད་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཆོས་རྣམས་ཞེས་བྱ་བ ་ནི་མཚན་ཉིད་མང་བའི་ཆོས་དང། ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་དང། རྣམ་པར་བྱེད་བའི་མཚན་ཉིད་ཀྱི་ཆོས་ཐམས་ཅད་ངོ་མཚན་ཉིད་ཅེས་བྱ་བ་ནི་མཚན་གཞི་ཆོས་དེ་དག་གི་དོན་མཚོན་པར་བྱེད་པ་སྟེ། ཀུན་བརྟགས་པ ་དང། གཞན་གྱི་དབང་དང། ཡོངས་སུ་གྲུབ་པའི་མཚན་ཉིད་གསུམ་པོ་དག་ཡིན་ནོ། །མཁས་པ་ཞེས་བྱ་བ་ནི་མཚན་ཉིད་གསུམ་པོ་དེ་དག་ལུང་གི་སྒོ་ནས་སྒོ?་བཏགས་བ་མེད་བ་དང། སྐུར་བ་མེད་པ ་ཤེས་པའོ། །ལན་གཉིས་སུ་བཟླས་བ་ནི་གྲགས་པའི་དོན་བསྟན་པའི་ཕྱིར་རོ་ཞེས་བགྱི་བ་ནི་མདོ་སྡེ་དེ་དང་དེ་དག་ལས་དེ་སྐད་ཅེས་གསུངས་ན་ཞེས་བྱ་བའི་ཐ་ཚིག་གོ་།ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་མཚན ་ཉིད་ལ་མཁས་པ་ལགས་ཞེས་བྱ་བ་ནི་ལུང་ཇི་ཙམ་གྱི་སྒོ་ནས་མཁས་ན་མཁས་བ་ལགས་ཞེས་ཞུས་པ་ཡིན་ཏེ། ལུང་ཞེས་བྱ་བ་ནི་མཉན་བའི་རྣམ་བས་ཡོངས་སུ་ཤེས་པའོ། །དེའི་སྒོ་ནས་མཁས་པ་ནི་ཀུན་བརྟགས་བ་ལ་སྒྲོ ་འདོགས་པ་དང། གཞན་གྱི་དབང་དང་ཡོངས་སུ་གྲུབ་པ་ལ་སྐུར་བ་འདེབས་པ་ཡིན་ནོ། །ཇི་ཙམ་གྱིས་ན་འདོགས་བ་ལགས་ཞེས་བྱ་བ་ནི་རྟོགས་པ་ཇི་ཙམ་གྱི་སྒོ་ནས་མཁས་པར་འདོགས་ལགས་ཞེས་ཞུས་པ་ཡིན་ཏེ། རྟོགས ་པ་ཞེས་བྱ་བ་ནི་བསྒོམ་བའི་རྣམ་པ་ཡོངས་སུ་ཤེས་པ་དང། དེའི་འབྲས་བུ་བྱ་བ་མེད་པའོ། །དེའི་སྒོ་ནས་མཁས་བར་འདོགས་པ་ནི་མཚན་ཉིད་མེད་པའི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ནས་ཀུན་ནས་ཉོན་མོངས་པའི ་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤངས་ནས། རྣམ་པར་བྱང་བའི་མཚན་ཉིད་ཀྱིས་ཆོས་ཐོབ་བར་འགྱུར་བ་དེ་ཙམ་གྱིས་ནམ་མཁས་པར་འདོགས་པ་ཡིན་ནོ། །ཡོངས་སུ་ཞུས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ། ། ་དེའི་འོག་ཏུ་རྒྱ་ཆེར་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། རྒྱ་ཆེར་བསྟན་པ་ཞེས་བྱ་བ་ནི་དེ་ལྟར་ཡོངས་སུ་ཞུས་ནས། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པ་རྒྱ་ཆེར་བསྟན ་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། ཡོན་ཏན་འབྱུང་གནས་ཁྱོད་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་རྒྱ་ཆེར་བསྟན་པ་འདིས་ནི་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་བ་བསྟན་པ་དང། བཤད་པ་རྣམ ་པ་གཉིས་བསྟན་ཏེ། དེ་ལ་བསྟན་པ་ནི་ཆོས་རྣམས་ཀྱི་མཚན་ཉིད་ལུང་དང་རྟོགས་པའི་སྒོ་ནས་མེད་པའི་མཚན་ཉིད་ཀྱང་མེད་པར་ཤེས་པར་བྱ་དགོས་བས། ཡོད་བའི་མཚན་ཉིད་ཀྱང་ཡོད་བར་ཤེས་པར་བྱ་དགོས་པས། མཚན་ཉིད་གསུཾ ་མདོར་བསྟན་པ་གང་ཡིན་པ་སྟེ། དེ་ཕྱིར་དེ་བསྟན་བའི་དབང་དུ་མཛད་ནས་ཡོན་ཏན་འགྱུར་གནས་ཚོས་རྣམས་ཀྱི་མཚན་ཉིད་གསུམ་པོ་འདི་དག་ཡིན་ཏེ། གསུམ་གང་ཞེ་ན། ཀུན་བརྟགས་པའི་མཚན་ཉིད་དང། གཞན་གྱི་དབང ་གི་མཚན་ཉིད་དང། ཡོངས་སུ་གྲུབ་པའི་མཚན་ཉིད་ངོ་ཞེས་བྱ་བ་གསུངས་ཏེ། དེ་ལ་ཀུན་བརྟགས་བའི་མཚན་ཉིད་ཅེས་བྱ་བ་ནི་ཁམས་གསུམ་བའི་སེམས་དང་སེམས་ལས་བྱུང་བའི་ཡང་དག་པ་མ་ཡིན་བ་ཀུན་ཏུ་རྟོག་པ་གཞན་གྱི་དབང ་དང། ཡོངས་སུ་གྲུབ་བའི་ངོ་བོ་ཉིད་དམ་བྱེ་བྲག་ཏུ་ཀུན་བརྟགས་པ་དང། མིང་དང་བརྡར་བཏགས་པ་དང། ཐ་སྙད་དུ་རྗོད་པ་གང་ཡིན་པའོ། །དེ་ནི་ཁམས་གསུམ་པའི་སེམས་དང། སེམས་ལས་བྱུང་བའི་ཡང་དག་པ་མ་ཡིན་པས ་ཀུན་ཏུ་རྟོག་པས་ངོ་བོ་ཉིད་དམ། བྱེ་བྲག་ཏུ་ཀུན་བརྟགས་བ་ཙམ་དུ་ཟད་ཀྱི་གཟུང་བའི་ངོ་བོ་ཉིད་ཀྱང་མ་ཡིན། འཛིན་བའི་ངོ་བོ་ཉིད་ཀྱང་མ་ཡིན་པས་ན་ཀུན་བརྟགས་པའི་མཚན་ཉིད་ཅེས་བྱ་སྟེ། ནམ་མཁའ་ཨི་མེ་ཏོག་དང་འདྲ་བར་མཚན ་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་བ་ཀུན་རྫོབ་དོན་དམ་པའི་བདེན་པ་གཉི་གར་གཏན་མེད་པ་ཡིན་པར་རིག་པར་བྱའོ། །གཞན་གྱི་དབང་གི་མཚན་ཉིད་ཅེས་བྱ་བ་ནི་ཕྱི་ནང་གི་དངོས་པོའི་ངོ་བོ་ཉིད་རྐྱེན་གཞན་གྱི་དབང་གིས་རྟེན་ཅིང ་འབྲེལ་པར་འབྱུང་བ་གང་ཡིན་པའོ། །དེ་ན་གཟུང་བ་དང་འཛིན་པའི་དངོས་པོའི་ངོ་བོ་ཉིད་རྒྱུ་དང་རྐྱེན་གཞན་གྱི་དབང་གི་བྱུང་བ་ཡིན་པས་ན་གཞན་གྱི་དབང་གི་མཚན་ཉིད་ཅེས་བྱ་སྟེ། སྒྱུ་མ་དང་བཅས ་པ་དང་འདྲ་བར་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང། དོན་དམ་པའི་ངོ་བོ་ཉིད་མེད་པ་ཉིད་ཀྱི་ངོ་བོ་ཉིད་མེད་པ་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་ཡོད?་པ་ཡིན་པར་རིག་པར་བྱའོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ཅེས་བྱ་བ་ནི་གནས་གྱུར་པ་དང ་དངོས་པོའི་དེ་བཞིན་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡང་དག་པའི་ཤེས་པ་དང། དེ་བཞིན་ཉིད་གང་ཡིན་པའོ། །དེ་ནི་གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་དུ་མངོན་པར་ཞེན་པ་མེད་པ་ཡང་དག་པ་མ་ཡིན་པ ་ཀུན་ཏུ་རྟོག་པ་གནས་གྱུར་པ་ཡང་དག་པའི་ཤེས་པ་དང། དེའི་ཡུལ་གཞན་གྱི་དབང་གི་དངོས་པོའི་དེ་བཞིན་ཉིད་རྣམ་པར་དག་པའི་དམིགས་པ་ཡོངས་སུ་གྲུབ་པ་ཡིན་པས་ན་ཡོངས་སུ་གྲུབ་པའི་མཚན་ཉིད་ཅེས་བྱ་སྟེ། ནམ་མཁའ་ ་དང་འདྲ་བར་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱི་ངོ་བོ་ཉིད་མེད་ལ་དོན་དམ་པའི་བདེན་པ་ཉིད་དུ་ཡོད་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་ཆོས་རྣམས་ཀྱི་མཚན་ཉིད་གསུམ་མདོར་བསྟན་པ་གང་ཡིན་པ་དེ་ནི་བསྟན་པ་ཡིན་ནོ། ། ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་བཤད་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། བཤད་པ་ཞེས་བྱ་བ་ནི་དེ་དེ་ལྟར་ཆོས་རྣམས་ཀྱི་མཚན་ཉིད་གསུམ་མདོར ་བསྟན་པ་དེ་ཉིད་རྒྱས་པར་བཤད་པ་གང་ཡིན་པའོ། །བཤད་པ་འདི་ཡང་རྣམ་པ་གཉིས་ཏེ། དགོས་པ་དྲུག་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པ་དང། དེ་དག་གི་དངོས་པོ་བསྡུ་བ་བསྟན་པའོ། །དེ་ལ་དགོས་པ་དྲུག ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པ་ནི་གཉེན་པོའི་དགོས་པ་དང། དཔེའི་དགོས་པ་དང། མངོན་པར་བསྒྲུབ་པའི་དགོས་པ་དང། ཐབས་ཀྱི་དགོས་པ་དང། རྟོགས་པའི་དགོས་པ་དང། ཕན་ཡོན་གྱི་དགོས་པ་དང་ལྡན་པའོ། །དེ་ལ ་གཉེན་པོའི་དགོས་པ་དང་ལྡན་པ་ནི་ཡོན་ཏན་འབྱུང་གནས་དེ་ལ་ཆོས་རྣམས་ཀྱི་ཀུན་བརྟགས་པའི་མཚན་ཉིད་གང་ཞེ་ན་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡང་དག་པར་བསྒྲུབ་པ་གང་ཡིན་པའོ་ཞེས་གསུངས ་པའི་བར་གྱིས་བསྟན་ཏོ། །དཔེའི་དགོས་པ་དང་ལྡན་པ་ན། ཡོན་ཏན་འབྱུང་གནས་འདི་ལྟ་སྟེ། དཔེར་ན་ཞེས་བྱ་བ་ནས། གསེར་དུ་ལོག་པར་འཛིན་པས་ཀྱང་སེམས་ཅན་རྣམས་རྣམ་པར་རྨོངས་པར་བྱེད་དོ་ཞེས་གསུངས་པའི་ཁྱད་པར་གྱིས ་བསྟན་ཏོ། །མངོན་བར་བསྒྲུབ་པའི་དགོས་པ་དང་ལྡན་པ་ནི་ཡོན་ཏན་འབྱུང་གནས་འདི་ལྟ་སྟེ། དཔེར་ན་ཤེལ་ཤིན་ཏུ་གསལ་བ་ཚོན་དང་ཕྲང་བ་དེ་ལྟ་བུ་ནི་ཞེས་བྱ་བ་ནས། ཡོངས་སུ་གྲུབ་པའི་མཚན་ཉིད་ལྟ་བར་བྱའོ་ཞེས་གསུངས་པའི་པར ་གྱིས་བསྟན་ཏོ། །ཐབས་ཀྱི་དགོས་པ་དང་ལྡན་པ་ནི་ཡོན་ཏན་འབྱུང་གནས་དེ་ལ་མཚན་མ་དང་འབྲེལ་བའི་མིང་ལས་བརྟེན་ནས་ནི་ཀུན་བརྟགས་པའི་མཚན་ཉིད་རབ་ཏུ་ཤེས་སོ་ཞེས་བྱ་བ་ནས་ཡོངས་སུ་གྲུབ་པའི་མཚན་ཉིད་རབ་ཏུ་ཤེས་སོ་ཞེས ་གསུངས་པའི་བར་གྱིས་བསྟན་ཏོ། །རྟོག་པའི་དགོས་པ་དང་ལྡན་པ་ནི་ཡོན་ཏན་འབྱུང་གནས་དེ་ལ་བྱང་ཆུབ་སེམས་དཔས་ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས ་ན་ཞེས་བྱ་བ་ནས། རྣམ་པར་བྱང་པའི་མཚན་ཉིད་ཀྱི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །ཕན་ཡོན་གྱི་དགོས་པ་དང་ལྡན་པ་ནི། ཡོན་ཏན་འབྱུང་གནས་དེ་ལ་བྱང་ཆུབ་སེམས་དཔས་གཞན ་གྱི་དབང་གི་མཚན་ཉིད་ལ་མཚན་ཉིད་མེད་པའི་ཆོས་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན་ཞེས་བྱ་བ་ནས། རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་ཐོབ་པར་འགྱུར་ཏེ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །དེ་དག ་དངོས་པོ་བསྡུ་བ་ནི། ཡོན་ཏན་འབྱུང་གནས་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ལྟར་ཆོས་རྣམས་ཀྱི་ཀུན་བརྟགས་པའི་མཚན་ཉིད་ཡང་དག་པའི་ལྟ་བཞིན་དུ་རབ་ཏུ་ཤེས་ཤིང་ཞེས་བྱ་བ་ནས། ཆིགས་སུ་བཅད་པ་རྫོགས་པའི་བར་གྱི ་གཞུང་ལྷག་མ་ཐམས་ཅད་ཀྱིས་བསྟན་ཏོ། །དེ་ལ་དང་པོར་གཉེན་པོའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། གཉེན་པོའི་དགོས་པ་དང་ལྡན་པའི་ཆོས་རྣམས་ཀྱི་མཚན་ཉིད་བསྟན ་པ་ཞེས་བྱ་བ་ནི་ཤིན་ཏུ་རྨོངས་པ་རྣམ་པ་བཞིའི་གཉེན་པོའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་གསུམ་བསྟན་པ་གང་ཡིན་པའོ། །དེ་ལ་ཤིན་ཏུ་རྨོངས་པ་རྣམ་པ་བཞི་ནི་མེད་པའི་དོན་ལ་ཤིན་ཏུ་རྨོངས་པ་སྒྲོ་འདོགས་པའི་རྒྱུ་དང ་ཡོད་པའི་དོན་ལ་ཤིན་ཏུ་རྨོངས་པ་སྐུར་པ་འདེབས་པའི་རྒྱུ་དང། ཀུན་ནས་ཉོན་མོངས་པ་ལ་ཤིན་ཏུ་རྨོངས་པ་དེ་འཇིག་པའི་རྒྱུ་དང་རྣམ་པར་བྱང་བ་ལ་ཤིན་ཏུ་རྨོངས་པ་དེ་འཇིག་པའི་རྒྱུའོ། །དེ་ལ་དང་པོར་མེད་པའི་དོན་ལ་ཤིན་ཏུ་རྨོངས ་པའི་སྒྲོ་འདོགས་པའི་རྒྱུའི་གཉེན་པོའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ལ་མེད་པའི་དོན་ཅེས་བྱ་བ་ནི་ཀུན་བརྟགས་པའི་མཚན་ཉིད་དེ་ནི་ཁམས་གསུམ་པའི་སེམS ་དང་སེམས་ལས་བྱུང་བ་ཡང་དག་པ་མ་ཡིན་པ་ཀུན་རྟོགས་པས་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་དངོས་པོ་ལ་ངོ་བོ་ཉིད་དམ་བྱེ་བྲག་ཏུ་ཀུན་བརྟགས་པ་དང། མིང་དང་བརྡར་བཏགས་པ་དང། ཐ་སྙད་དུ་བརྗོད་པར་ཟད་ཀྱི། ་གཟུང་པ་དང་འཛིན་པའི་ངོ་བོ་ཉིད་གང་ཡང་མ་ཡིན་ཏེ། ནམ་མཁའ་ཨི་མེ་ཏོག་དང་འདྲ་བར་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཀུན་རྫོབ་དང། དོན་དམ་པའི་བདེན་པ་གཉི་གར་གཏན་མེད་པས་ན་མེད་པའི་དོན་ཅེས་བྱའོ། །དེ་ལ་ཤིན་ཏུ ་རྨོངས་པ་ཞེས་བྱ་བ་ནི་ཀུན་བརྟགས་པའི་མཚན་ཉིད་མེད་པའི་དོན་ལ་ཡོད་པར་མངོན་པར་ཞེན་པ་ཡིན་ནོ། །སྒྲོ་འདོགས་པའི་རྒྱུ་ཞེས་བྱ་བ་ནི་དེ་ལྟར་མེད་པའི་དོན་ལ་ཤིན་ཏུ་རྨོངས་པ་དེ་ཉིད་སྒྲོ་འདོགས་པའི་རྒྱུ་ཡིན་ཏེ། མེད་པའི་དོན་ལ་མེད་པར ་མངོན་པར་ཞེན་ཅིང་ཤིན་ཏུ་རྨོངས་པ་དེས་མེད་པའི་དོན་དེ་ལ་ཡོད་པར་སྒྲོ་འདོགས་པའི་ཕྱིར་རོ། །དེའི་གཉེན་པོའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པ་ཞེས་བྱ་བ་ནི་དེ་ལྟར་སྒྲོ་འདོགས་པའི་རྒྱུ་དེ་རྣམ་པར་སེལ་བའི་གཉེན་པོའི་དོན་དང་ལྡན་པ ་ཀུན་བརྟགས་པའི་ཆོས་ཀྱི་མཚན་ཉིད་ནམ་མཁའ་ཨི་མེ་ཏོག་དང་འདྲ་བ་བདེན་པ་གཉི་གར་གཏན་མེད་པར་བསྟན་པ་གང་ཡིན་པ་དེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས་ཡོན་ཏན་འབྱུང་གནས་དེ་ལ་ཆོས་རྣམས་ཀྱིས་ཀུན་བརྟགས་པའི་མཚན ་ཉིད་གང་ཞེ་ན། ཇི་ཙམ་དུ་རྗེས་སུ་ཐ་སྙད་གདགས་པའི་ཕྱིར་ཆོས་རྣམས་ཀྱི་ངོ་བོ་ཉིད་དམ་བྱེ་བྲག་ཏུ་མིང་དང་བརྡར་རྣམ་པར་བཞག་པ་གང་ཡིན་པའོ་ཞེས་བྱ་བ་གསུངས་སོ། །དེ་ལ་ཇི་ཙམ་དུ་རྗེས་སུ་ཐ་སྙད་གདགས་པའི་ཕྱིར་ཞེས་བྱ་བ་ནི་སྒྲོ་བཏགས ་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ་།ཆོས་རྣམས་ཀྱི་ཞེས་བྱ་བ་ནི་གཞན་གྱི་དབང་གི་མཚན་ཉིད་ཀྱི་ཆོས་དང། ཡོངས་སུ་གྲུབ་པའི་མཚན་ཉིད་ཀྱི་ཆོས་རྣམས་གྱིའོ། །ངོ་བོ་ཉིད་དམ་བྱེ་བྲག་དུ་མིང་དང་བརྡར་རྣམ་བར་བཞག་པ་ཞེས་བྱ་བ་ནི་ངོ་བོ ་ཉིད་ཀྱི་མཚན་ཉིད་དུ་མིང་དང་བརྡར་བཏགས་པ་དང། བྱེ་བྲག་གི་མཚན་ཉིད་དུ་མིང་བཏགས་པ་ཞེས་བྱ་བའི་ཐ་ཚིག་སྟེ། ཀུན་བཏགས་པ་དང། བརྗོད་བའི་དོན་ཏོ། །དེ་ལ་ངོ་བོ་ཉིད་ཅེས་བྱ་བ་ནི་འདི་ནི་གཟུགས་སོ་ ་འདི་ནི་ཚོར་བའོ། །འདི་ནི་འདོད་ཆགས་སོ། །འདི་ནི་དད་པའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུར་ངོ་བོ་ཉིད་དུ་སྒྲོ་བཏགས་པ་གང་ཡིན་པའོ། །བྱེ་བྲག་ཅེས་བྱ་བ་ནི་གཟུགས་འདི་ནི་ཟག་པ་དང་བཅས་པའོ། ། ་འདི་ནི་ཟག་པ་མེད་པའོ། །ཆོད་པ་འདི་ནི་སྲེད་པས་བརླན་པའོ། །འདི་ནི་སྲེད་པས་མ་བརླན་པའོ། །འདོད་ཆགས་འདི་ནི་མཐོང་བས་སྤང་བར་བྱའོ། །འདི་ནི་བསྒོམ་པས་སྤང་བར་བྱའོ། །དད་པ་འདི་ནི་ལས་དང་འབྲས་བུ་ལ་ཡིད་ཆེད་པའོ།། ་འདི་ནི་དཀོན་མཆོག་དང་བདེན་པ་ལ་སེམས་དང་པའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུར་བྱེ་བྲག་ཏུ་སྒྲོ་བཏགས་པ་གང་ཡིན་པའོ། །མིང་ཞེས་བྱ་བ་ནི་ཐ་སྙད་གཞན་དུ་མི་འཁྲུལ་པའི་རྒྱུ་སྟེ། གཟུགས་ཤེ་འམ། ཚོར་བ་ཤེ་འམ། འདོད ་ཆགས་ཤེ་འམ། དད་པ་ལ་སོགས་པ་ལྟ་བུར་ཚིག་གིས་གདགས་པ་ཡིན་ནོ། །བརྡ་ཞེས་བྱ་བ་ནི་ཐ་སྙད་གོ་བར་བྱེད་པའི་རྐུ?་སྟེ། འདིར་འདུག་ཅིག་པའམ། ཕར་སོང་ཞིག་པ་འམ། བྱོས་ཤིག་པའམ། མ་བྱེད་ཅིག་པ་ལ ་སོགས་པ་ལྟ་བུའི་ཐ་སྙད་ཚིག་གམ། ལག་བརྡའམ། མིག་ཟུར་ལ་སོགས་པས་གོ་བར་བྱེད་པ་ཡིན་ནོ། །རྣམ་པར་བཞག་བ་ཞེས་བྱ་བ་ནི་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་ཡང་དག་པར་མ་ཡིན་པ་ཀུན་རྟག ་པ་གཞན་གྱི་དབང་དང། ཡོངས་སུ་གྲུབ་པའི་དངོས་པོའི་ངོ་བོ་ཉིད་དང་བྱེ་བྲག་ཏུ་ཀུན་བཏགས་པ་དང། མིང་དང་བརྡར་བཏགས་བ་དང། ཐ་སྙད་དུ་བརྗོད་པ་རྣམ་པར་བཞག་པ་སྟེ། དེ་ནི་དངོས་པོ་ལ་གློ་བུར་བ་ཡིན་ནོ། །དེ་ལྟར་ན ་ཀུན་བརྟགས་པའི་མཚན་ཉིད་ནི་ཀུན་བརྟགས་པ་ཙམ་དུ་ཟད་ཀྱི་གཟུང་བ་དང་འཛིན་པའི་ངོ་བོ་ཉིད་མ་ཡིན་པས་དེ་ལྟར་ཤེས་ན་མེད་པའི་དོན་ལ་ཤིན་ཏུ་རྨོངས་ཤིང་ཡོད་པ་སྒྲོ་འདོགས་པའི་ཕྱིར་དེ་ནི་མེད་པའི་དོན་ལ་ཤིན་ཏུ་རྨོངས ་པ་སྒྲོ་འདོགས་པ་རྒྱུའི་གཉེན་པོར་དགོས་པ་དང་ལྡན་པར་ཀུན་བརྟགས་པའི་མཚན་ཉིད་བསྟན་པ་ཡིན་ནོ། །དེའི་འོག་ཏུ་ཡོད་པའི་དོན་ལ་ཤིན་ཏུ་རྨོངས་པ་སྐུར་པ་འདེབས་པའི་རྒྱུའི་གཉེན་པོའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ལ་ཡོད་པའི་དོན་ཅེས་བྱ་བ་ནི་གཞན་གྱི་དབང་གི་མཚན་ཉིད་དེ། དེ་ནི་ཕྱི་ནང་གི་དངོས་པོའི་ངོ་བོ་ཉིད་རྐྱེན་གཞན་གྱི་དབང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། སྐྱུ་མ ་བྱས་པ་དང་འདྲ་བར་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་ཡོད་པའི་ཕྱིར་ཡོད་པའི་དོན་ཅེས་བྱའོ། །དེ་ལ་ཤིན་ཏུ་རྨོངས་པ་ཞེས་བྱ་བ་ནི་གཞན་གྱི་དབང་གི་མཚན་ཉིད་ཡོད་པའི་དོན་ལ་མེད་པར་མངོན་པར ་ཞེན་པ་ཡིན་ནོ། །སྐུར་པ་འདེབས་པའི་རྒྱུ་ཞེས་བྱ་བ་ནི་དེ་ལྟར་ཡོད་པའི་དོན་ལ་ཤིན་ཏུ་རྨོངས་པ་དེ་ཉིད་སྐུར་པ་འདེབས་པའི་རྒྱུ་ཡིན་ཏེ། ཡོད་པའི་དོན་ལ་མེད་པར་མངོན་པར་ཞེན་ཅིང་ཤིན་ཏུ་རྨོངས་པ་དེས་ཡོད་པའི་དོན་ལ་མེད་པར ་སྐུར་པ་འདེབས་པའི་ཕྱིར་རོ། །དེའི་གཉེན་པོར་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པ་ཞེས་བྱ་བ་ནི་དེ་ལྟར་བསྐུར་བ་འདེབས་པའི་རྒྱུ་དེ་རྣམ་པར་སེལ་པའི་གཉན་པོའི་དོན་དང་ལྡན་པ་གཞན་གྱི་དབང་གི་ཆོས་ཀྱི་མཚན་ཉིད་སྒྱུ ་མ་བྱས་བ་དང་འདྲ་བར་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་ཡོད་པར་བསྟན་པ་གང་ཡིན་པ་སྟེ། དེའི་ཕྱིར་དེ?་བསྟན་པའི་དབང་དུ་མཛད་ནས། ཡོན་ཏན་འབྱུང་གནས་ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་གང་ཞེ་ན། ཆོས་རྣམས ་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་དེ། འདི་ལྟ་སྟེ་འདི་ཡོད་པས་འདི་འབྱུང་ལ། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་ཞེས་བྱ་བ་གསུངས་སོ། །དེ་ལ་ཆོས་རྣམས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཅེས་པ་ནི་ཕྱི་ནང་གི་དངོས་པོའི ་ངོ་བོ་ཉིད་རྐྱེན་གཞན་གྱི་དབང་གི་རྟེན་ཅིང་འབྲེ་བ་པར་འབྱུང་བ་ཐམས་ཅད་དོ། །འདི་ལྟ་སྟེ་འདི་ཡོད་པས་འདི་འབྱུང་ལ་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་དང། དབང་བོ་དང། ཡུལ་དང་། ་རྣམ་པར་ཤེས་པ་ལ་སོགས་པ་དུས་གཅིག་ཏུ་འབྱུང་བའི་རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱུ་དང་འབྲས་བུ་མགོ་མཉམ་པ་རྣམས་ཀྱི་དབང་དུ་མཛད་དེ་གསུངས་པ་ཡིན་ནོ། །འདི་སྐྱེས་བའི་ཕྱིར་འདི་སྐྱེ་བ་ཞེས་བྱ་བ་ནི་ས་བོན་དང་མྱུ ་གུ་ལ་སོགས་པ་དུས་སྔ་ཕྱིར་འབྱུང་བའི་རྟེན་ཅིང་འབྲེལ་བར་འབྱུང་བའི་རྒྱུ་ནི་སྔ་ལ་འབྲས་བུ་ནི་འཕྱི་བ་རྣམས་ཀྱི་དབང་དུ་མཛད་དེ་གསུངས་པ་ཡིན་ནོ། །དེ་ལྟར་ན་གཞན་གྱི་དབང་གིས་མཚན་ཉིད་ནི་ཕྱི་ནང་གི་དངོས་པོའི་ངོ་བོ་ཉིད ་རྐྱེན་གཞན་གྱི་དབང་གིས་རྟེན་ཅིང་འབྲེལ་བར་འབྱུང་པ་ཡིན་དེ་ལྟར་ཤེས་ན། ཡོད་པའི་དོན་ལ་ནི་ཤིན་ཏུ་རྨོངས་ཤིང་སྐུར་པ་མི་འདེབས་པའི་ཕྱིར་ད་ནི་ཡོད་པའི་དོན་ལ་ཤིན་ཏུ་རྨོངས་པ་སྐུར་བ་འདེབས་བའི་རྒྱུའི་གཉེན་པོའི་དགོས ་པ་དང། ལྡན་པ་གཞན་གྱི་མཚན་ཉིད་བསྟན་པ་ཡིན་ནོ། །དེའི་འོག་ཏུ་ཀུན་ནས་ཉོན་མོངས་པ་ལ་ཤིན་ཏུ་རྨོངས་པ་དེ་འཇིག་པའི་རྒྱུའི་གཉེན་པོའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་ཕ ་བཤད་པར་བྱ་སྟེ། དེ་ལ་ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་ནི་རྟེན་ཅིང་འབྱུང་བའི་བསྡུས་པའི་ཉོན་མོངས་པ་དང། ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་དང་ལྡན་པའི་གཞན་གྱི་དབང་གི་མཚན་ཉིད་དོ། །དེ་ལ་ཤིན་ཏུ ་རྨོངས་བ་ཞེས་བྱ་བ་ནི་ཡོད་པ་ལ་མེད་པར་མངོན་པར་ཞེན་པ་ཡིན་ནོ། །དེ་ལ་འཇིག་རྟེན་པའི་རྒྱུ་ཞེས་བྱ་བ་ལ། དེ་ཞེས་བྱ་བའི་སྒྲ་ནི་ཀུན་ནས་ཉོན་མོངས་པ་ཉིད་དོ། །འཇིག་པ་ཞེས་བྱ་བ་ནི་ཆུད་གསོན་པ་སྟེ་དེ་ལ་སྐུར་པ་འདེབས? ་པའོ། །རྒྱུ་ཞེས་བྱ་བ་ནི་དེ་ལྟར་ཀུན་ནས་ཉོན་མོངས་པ་ལ་ཤིན་ཏུ་རྨོངས་པ་ཉིད་ཀུན་ནས་ཉོན་མོངས་པ་དེ་འཇིག་པའི་རྒྱུ་ཡིན་ཏེ། ཡོད་པ་ལ་མེད་པར་མངོན་པར་ཞེན་ཅིང་ཤིན་ཏུ་རྨོངས་པ་དེས་ཡོད་པའི་དོན་དེས་ཆུད་གསོན་པར་བྱེད་པའི་ཕྱིར་རོ། ། ་དེའི་ཉེན་པོའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པའི་ཞེས་བྱ་བ་ནི་དེ་ལྟར་དེ་འཇིག་བའི་རྒྱུ་དེ་རྣམ་པར་སེལ་བའི་དོན་དང་ལྡན་པ། ཀུན་ནས་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གཞན་གྱི་དབང་གི་ཆོས་ཀྱི་མཚན་ཉིད་སྒྱུ་མ་བྱས ་པ་འདྲ་བར་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་ཡོད་པར་བསྟན་པ་གང་ཡིན་པ་སྟེ། དེའི་ཕྱིར་དེ་བསྟེན་བའི་དབང་དུ་མཛད་ནས། འདི་ལྟ་སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནས། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ ་ཞིག་པ་འདི་འབྱུང་བར་འགྱུར་རོ་ཞེས་བྱ་བའི་བར་གང་ཡིན་པའོ་ཞེས་བྱ་བ་གསུངས་སོ། །དེ་དག་གིས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་སུ་འབྱུང་བར་བསྡུས་པའི་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གཞན་གྱི་དབང་གི་མཚན་ཉིད་ཀྱང་དངོས ་པོའི?་ངོ་བོ་ཉིད་ཀྱི་གཞན་གྱི་དབང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པས་དེ་ལྟར་ཤེས་ན་ཀུན་ནས་ཉོན་མོངས་པ་ལ་ཤིན་ཏུ་རྨོངས་ཤིང་དེ་འཇིག?་པར་མི་བྱེད་པའི་ཕྱིར་དེ་ཡང་ཀུན་ནས་ཉོན་མོངས་པ་ལ་ཤིན་ཏུ་རྨོངས་པ་སྟེ། འཇིག ་བའི་རྒྱུའི་གཉེན་བོའི་དགོས་བ་དང་ལྡན་པ་གཞན་གྱི་དབང་གི་མཚན་ཉིད་བསྟན་པ་ཡིན་ནོ། །དེའི་འོག་ཏུ་རྣམ་པར་བྱེད་བ་ལ་ཤིན་ཏུ་རྨོངས་པ་དེ་འཇིག་བའི?་རྒྱུའི་གཉེན་པོའི་དགོས?་བ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པའི་ཚིག་གི ་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ལ་རྣམ་པར་བྱང་བ་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་དེ། དེ་ནི་གནས་གྱུར་པ་དང་དངོས་པོའི་དེ་བཞིན་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡང་དག་པའི་ཤེས་པ་དང་དེ་བཞིན་ཉིད་ཡིན་པས་ན་རྣམ་པར་བྱང ་བ་ཞེས་བྱའོ། །དེ་ལ་ཤིན་ཏུ་རྨོངས་པ་ཞེས་བྱ་བ་ནི་ཡོད་པ་ལ་མེད་པར་མདེན?་པར་ཞེན་པ་ཡིན་ནོ། །དེ་འཇིག་པའི་རྒྱུ་ཞེས་བྱ་བ་ལ། དེ་ཞེས་བྱ་བའི་སྒྲ་ནི་རྣམ་པར་བྱང་བ་ཉིད་དོ། །འཇིག་པ་ཞེས་བྱ་བ་ནི་ཆུད་གསོན་པ་?་དེ་ལ ་སྐུར་པ་འདེབས་པའོ། །རྒྱུ་ཞེས་བྱ་བ་ནི། དེ་ལྟར་རྣམ་པར་བྱང་བ་ལ་ཤིན་ཏུ་རྨོངས་པ་ཉིད་རྣམ་པར་བྱང་བ་དེ་འཇིག་པའི་རྒྱུ་ཡིན་ཏེ། ཡོད་པ་ལ་མེད་པར་མངོན་པར་ཞེན་ཅིང་ཤིན་ཏུ་རྨོངས་པ་དེས་ཡོད་པའི་དོན་དེ་ཆུད་གསོན་པར་བྱེད་པའི ་ཕྱིར་རོ། །དེའི་གཉེན་པོའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པ་ཞེས་བྱ་བ་ནི་དེ་ལྟར་དེ་འཇིག་པའི་རྒྱུ་དེ་རྣམ་པར་སེལ་བའི་གཉེན་པོའི་དོན་དང་ལྡན་པ་ཡོངས་སུ་གྲུབ་པའི་ཆོས་ཀྱི་མཚན་ཉིད་ནམ་མཁའ་དང་འདྲ་བར་དོན ་དམ་པའི་བདེན་པ་ཡོད་པར་བསྟན་པ་གང་ཡིན་པ་དེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། ཡོན་ཏན་འབྱུང་གནས་ཆོས་རྣམས་ཀྱིས་ཡོངས་སུ་གྲུབ་པའི་མཚན་ཉིད་གང་ཞེ་ན། ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་བ་སྟེ། ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྟུན་པའི་རྒྱུ་དང་ལེགས་པར་ཆུལ་བཞིན་ཡིད་ལ་བྱེད་པའི་རྒྱུས་དེ་རྟོགས་ཤིང་དེ་རྟོགས་པ་གོམས་པར་བྱས་པ་ཡང་དག་པར་གྲུབ་པས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡང་དག་པར ་འགྲུབ་པ་གང་ཡིན་པའོ་ཞེས་གསུངས་སོ། །དེ་ལ་ཆོས་རྣམས་ཀྱིས་དེ་བཞིན་ཉིད་གང་ཡིན་པ་སྟེ་ཞེས་བྱ་བ་ནི་དངོས་པོའི་དེ་བཞིན་ཉིད་ནམ་པར་དག་པའི་དམིགས་པ་གང་ཡིན་པ་སྟེ། དེས་ནི་དེ་བཞིན་ཉིད་ཡོངས་སུ་གྲུབ་བ་བསྟན་ཏོ། ། ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་ནི་ཡང་དག་པའི་ཤེས་པ་ཡོངས་སུ་གྲུབ་པ་བསྟན་ཏེ། །དེ་བརྟུལ་བ་ཞེས་བྱ་བ་ནི་རྟག་ཏུ་བྱེད་པའི་སྦྱོར་བའོ། །ལེགས་པར་ཚུལ་བཞིན་ཡིད་ལ་བྱས་བ་ཞེས་བྱས་བ་ནི་གུམ?་པར?་བྱེད ་པའི་སྦྱོར་བ་ཡིན་ནོ། །དེ་རྟོགས་ཤིང་ཞེས་བྱ་བས་ནི་མཐོང་བའི་ལམ་གྱིས་སོ། །དེ་རྟོགས་པ་གོམས་པར་བྱས་ཞེས་བྱ་བ་ནི་བསྒོམ་པའི་ལམ་གྱིས་སོ། །ཡང་དག་པར་གྲུབ་པས་ཀྱང་ཞེས་བྱ་བ་།ནི་དེ་བཞིན་ཉིད་ལ་བཟོད་པ་དང། གནས ་གྱུར་བ། ཡང་དག་པར་བསྒྲུབ་བས་སོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡང་དག་པར་འགྲུབ་པ་གང་ཡིན་པའོ་ཞེས་བྱ་བས་ནི་ཡང་དག་པའི་ཤེས་པ་ཡོངས་སུ་གྲུབ་པ་མཐར་ཕྱིན་པ་ཉིད་ཀྱི་གནས་སྐབས་བསྟན་ཏོ། ། ་དེ་ལྟར་ན་ཡོངས་སུ་གྲུབ་པའི་མཚན་ཉིད་ནི་གནས་གྱུར་པ་དང་དངོས་པོའི་དེ་བཞིན་ཉིད་ཀྱི་རབ་ཏུ་ཕྱེ་བ་ཡང་དག་པའི་ཤེས་པ་ཡོངས་སུ་གྲུབ་པ་དང། དེ་བཞིན་ཉིད་ཡོངས་སུ་གྲུབ་པ་ནམ་མཁའ་དང་འདྲ་བར་དོན་དམ་པའི་བདེན་པ་ཉིད་དུ་ཡོད་པ་ཡིན ་པས་དེ་ལྟར་ཤེས་ན་རྣམ་པར་བྱང་བ་ལ་ཤིན་ཏུ་རྨོངས་ཤིང་དེ་འཇིག་པར་མི་བྱེད་པའི་ཕྱིར་དེ་ནི་རྣམ་པར་བྱང་བ་ལ་ཤིན་ཏུ་རྨོངས་པ་དེ་འཇིག་པའི་རྒྱུ་གཉེན་པོ་དགོས་པ་དང་ལྡན་པ་ཡོངས་གྲུབ་པའི་མཚན་ཉིད་བསྟན་པ་ཡིན་ནོ། །གཉེན་པོའི ་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུད་བའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པའི་ཚིག་གི་དོན?་ལ་སོགས་པ་བཤད་པར་བྱ་སྟེ། དཔེའི་དགོས་པ ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པ་ཞེས་བྱ་བ་ནི་དཔེའི་དོན་རྣམ་པ་བཞི་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་གསུམ་བསྟན་པ་གང་ཡིན་པའོ། །དེ་ལ་དཔེའི་དགོས་པ་རྣམ་པ་བཞི་ནི་དོན་གྱི་དཔེ་དང་ཕྱི་རོལ་གྱི་དང། ནང་གི་དཔེ་དང། མཉམ་པར ་མ་བཞག་པའི་ས་པའི་དཔེའོ། །དེ་ལ་དང་པོར་དོན་གྱི་དཔེའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་བ་བཤད་པར་བྱ་སྟེ། དེ་ལ་དོན་གྱི་དཔེ་ཞེས་བྱ་བ་ནི་ནང་གི་མིག་ལ་རབ་རིབ་གྱི་སྦྱོན་ཆགས་པའི་མིག ་དངོས་དོན་ཅེས་བྱ་སྟེ། དེ་ཉིད་དོན་གྱི་དཔེའོ། །དཔེའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པ་ཞེས་བྱ་བ་ནི་དཔེ་དེའི་དོན་དང་ལྡན་པ་ཀུན་བརྟགས་པའི་ཆོས་ཀྱི་མཚན་ཉིད་ཉིད་བསྟན་པ་གང་ཡིན་པ་སྟེ་། ་དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། ཡོན་ཏན་འབྱུང་གནས་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་གང་ཟག་རབ་རིབ་ཅན་གྱི་མིག་ལ་རབ་རིབ་ཀྱི་སྐྱོན་ཆགས་པ་དེ་ལྟ་བུར་ནི་ཀུན་ཏུ་བརྟགས་པའི་མཚན་ཉིད་དང་བལྟ་བར་བྱའོ་ཞེས་བྱ་བར ་གསུངས་སོ། །འདིར་ནི་རྒྱུས་འབྲས་བུ་སྟོན་ཏེ། དཔེར་ན་མིག་ལ་རབ་རིབ་ཀྱི་སྐྱོན་ཆགས་པ་ནི་འཁྲུལ་པའི་རྒྱུ་ཡིན་ལ། རྒྱུ་དེས་འཁྲུལ་པར་འགྱུར་བ་ནི་འབྲས་བུ་ཡིན་པ་དང་འདྲ་བར་ཐོག་མ་མེད་པའི་དུས་ནས་དངོས་པོ་ལ་མངོན་བར ་ཞེན་པའི་བག་ཆགས་སེམས་འཁྲུལ་པར་བྱེད་པའི་རྒྱུ་ཀུན་གཞི་རྣམ་པར་ཤེས་ལ་གློ་བུར་བར་གནས་པ་དེ་ནི་འདིར་མིག་ལ་རབ་རིབ་ཀྱི་སྐྱོན་ཆགས་པ་དང་འདྲ་བར་བསྟན་ཏེ། དེ་ནི་སྒྲོ་འདོགས་པའི་རྒྱུ་ཡིན་ནོ། །རྒྱུ་དེས་དངོས་པོ་ལ་ངོ་བོ་ཉིད ་དམ་བྱེ་བྲག་ཏུ་མིང་དང་བརྡར་བཏགས་པ་དངོས་པོ་ལ་གློ་བུར་བར་གནས་པ་ནི་འབྲས་བུ་སྟེ། དེ་གཉི་ག་ཀུན་བཏགས་པའི་མཚན་ཉིད་ཡིན་བར་འདྲ་བ་ལས་འབྲས་བུ་དེ་ནི་དངོས་སུ་འདིར་མ་བསྟན་པས་རྒྱུའི་སྒོ་ནས་ཤེས་པར་བྱ་བའི་ཕྱིར་རྒྱུས ་འབྲས་བུ་བསྟན་ཏོ་ཞེས་བཤད་དེ། དེ་ནི་དོན་གྱི་དཔེའི་དགོས་པ་དང་ལྡན་པ་ཀུན་བརྟགས་པའི་མཚན་ཉིད་བསྟན་པ་ཡིན་ནོ། །དེའི་འོག་ཏུ་ཕྱི་རོལ་གྱི་དཔེའི་དགོས་པ་དང་ལྡན་པའི་ཆོས་གྱི་མཚན་ཉིད་བསྟན་པའི་ཚིག་དོན་ལ་སོགས་པ ་བཤད་པར་བྱ་སྟེ། དེ་ལ་ཕྱི་རོལ་གྱི་དཔེ་ཞེས་བྱ་བ་ནི་ནང་གི་མིག་ལ་རབ་རིབ་ཀྱི་སྐྱོན་ཆགས་པའི་རྒྱུ་དེ་ལས་འབྲས་བུ་ཕྱི་རོལ་གྱི་མཚན་མ་སྣང་བ་ཉིད་དཔེའོ། །དཔེ་དེའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པ་ཞེས་བྱ་བ་ནི ་དཔེའི་དོན་དང་ལྡན་པ་གཞན་གྱི་དབང་གི་ཆོས་ཀྱི་མཚན་ཉིད་བསྟན་པ་གང་ཡིན་པ་སྟེ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། ཡོན་ཏན་འབྱུང་གནས་འདི་ལྟ་སྟེ་དཔེར་ན་དེ་ཉིད་ལ་རབ་རིབ་ཀྱི་མཚན་མ་སྐྲ་ཤད་འཛིངས་བ་ལ་སོགས ་པའི་མཚན་མ་སྣང་བར་གྱུར་པ་དེ་ལྟ་བུར་ནི་གནས་གྱི་དབང་གི་མཚན་ཉིད་བལྟ་བར་བྱའོ་ཞེས་བྱ་བ་གསུངས་ཏེ། དཔེར་ན་མིག་འཁྲུལ་པར་བྱེད་པའི་རྒྱུ་རབ་རིབ་གང་གི་མིག་ལ་ཡོད་པ་དེ་ལ་འབྲས་བུ་སྐྲ་བཤད་འཛིངས་པ་ལ་སོགས་པའི་མཚན ་མ་དག་སྣང་བ་དང་འདྲ་བར་དངོས་པོ་ལ་མངོན་པར་ཞེན་པའི་བག་ཆགས་སེམས་འཁྲུལ་པར་བྱེད་པའི་རྒྱུ་ཀུན་བརྟགས་པའི་མཚན་ཉིད་གང་གི་རྒྱུད་ལ་ཡོད་པ་དེ་ལ་འབྲས་བུ་གཟུགས་ལ་སོགས་པའི་རྣམ་པ་འཁྲུལ་བའི་དངོས་པོ་དག་སྣང་བ་དེ་ནི་གཞན ་གྱི་དབང་གི་མཚན་ཉིད་ཡིན་ནོ། །སྔར་ཀུན་བརྟགས་བའི་སྐབས་སུ་རྒྱུས་འབྲས་བུ་སྟོན་ཏེ་ཞེས་སྨྲས?་པ་ནི་ཁྲུག་པའི་རྒྱུས་ངོ་བོ་ཉིད་དམ་བྱེ་བྲག་ཏུ་མིང་དང་བརྡར་བཏགས་པ་སྟེ། གཉི་ག་ཀུན་བརྟགས་པ་ཉིད་དོ། །འབྲས་བུ་འདི་ནི་འཁྲུལ ་བའི་དངོས་པོར་སྣང་བ་གཞན་གྱི་དབང་ཡིན་ཏེ། དེ་ནི་ཕྱི་རོལ་གྱི་དཔེའི་དགོས་པ་དང་ལྡན་པ་གཞན་གྱི་དབང་གི་མཚན་ཉིད་བསྟན་པ་ཡིན་ནོ། །དེའི་འོག་ཏུ་ནང་གི་དཔེའི་དགོས་པའང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པའི་ཚིག་གི ་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ལ་ནང་གི་དཔེ་ཞེས་བྱ་བ་ནི་ནང་གི་མིག་ཡོངས་སུ་དག་པའི་སྤྱོད་ཡུལ་མ་ནོར་བ་ཉིད་དཔེའོ། །དཔེ་དེའི་དགོས་པ་དང་ལྡན་པའི་ཆོས་གྱི་མཚན་ཉིད་བསྟན་པ་ཞེས་བྱ་བ་ནི་དཔེ་དེའི་དོན་དང་ལྡན་པ་ཡོངས་སུ ་གྲུབ་པའི་ཆོས་ཀྱི་མཚན་ཉིད་བསྟན་པ་གང་ཡིན་པ་སྟེ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། ཡོན་ཏན་འབྱུང་གནས་འདི་ལྟ་སྟེ། །དཔེར་ན་སྐྱེས་བུ་གང་ཟག་དེ་ཉིད་ཀྱི་མིག་ཡོངས་སུ་རག་ཅིང་མིག་ལ་རབ་རིབ་ཀྱི་སྐྱོན་ཆགས་པ་དང ་བྲལ་བར་གྱུར་པ་ན། མིག་དེ་ཉིད་ཀྱི་རང་བཞིན་གྱི་སྤྱོད་ཡུལ་མ་ནོར་ལས་སྤྱོད་ཡུལ་དེ་ལྟ་བུར་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་བལྟ་བར་བྱའོ་ཞེས་བྱ་བ་གསུངས་ཏེ། དཔེར་ན་མིག་འཁྲུལ་པའི་རྒྱུར་རིམ? ་ཀྱི་སྐྱོན་དང་བྲལ་བའི་མིག་མ་འཕྲུལ་པའི་སྤྱོད་ཡུལ་མ་ནོར་བ་དང་འདྲ་བོར་སེམས་འཁྲུལ་པའི་རྒྱུ་ཀུན་བརྟགས་པའི་མཚན་ཉིད་དང་བྲལ་བའི་གནས་གྱུར་པ་ཡང་དག་པའི་ཤེས་པའི་ཡུལ་དེ་བཞིན་ཉིད་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ཡིན ་ཏེ། དེ་ནི་ནང་གི་དཔེའི་དགོས་པ་དང་ལྡན་པ་ཡོངས་སུ་གྲུབ་པའི་མཚན་ཉིད་བསྟན་པ་ཡིན་ནོ། །དེའི་འོག་ཏུ་མཉམ་པར་མ་བཞག་པའི་ས་པའི་དཔེའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད ་པར་བྱ་ཚེ། དེ་ལ་མཉམ་པར་མ་བཞག་པའི་ས་པའི་དཔེ་ཞེས་བྱ་བ་ནི་ཤེལ་དང་ཚོན་ལ་སོགས་པ་སེམས་ཅན་དུ་བགྲང་བ་མ་ཡིན་པའི་ཕྱིར་ཕྱི་རོལ་གྱི་དངོས་པོ་ཉིད་དཔེའོ། །དཔེ་དེའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན ་པ་ཞེས་བྱ་བ་ནི་དཔེ་དེའི་དོན་དང་ལྡན་པ་ཀུན་བརྟག་པ་དང། གཞན་གྱི་དབང་དང། ཡོངས་སུ་གྲུབ་པའི་ཆོས་ཀྱི་མཚན་ཉིད་གསུམ་བསྟན་པ་གང་ཡིན་པ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། ཡོན་ཏན་འབྱུང་གནས ་འདི་ལྟ་སྟེ་དཔེར་ན་ཤེལ་བཞིན་དུ་གསལ་བ་ནི་ཞེས་བྱ་བ་ནས། གསེར་དུ་ལོག་པར་འཛིན་པས་ཀྱང་སེམས་ཅན་རྣམས་རྣམ་པར་རྨངས་པར་བྱེད་དོ་ཞེས་གསུངས་པའི་བར་གྱིས་བསྟན་ཏེ། དཔེ་དེ་དག་གི་མཚོན་པའི་དོན་ནི་འོག ་ནས་མངོན་པར་བསྒྲུབ་པའི་དགོས་པ་དང་ལྡན་པའི་ཆོས་ཀྱི?་མཚན་ཉིད་བསྟན་པ་ཉིད་ཡིན་པར་སྦྱར་རོ། །དཔེ་དེ་དག་ཀྱང་རྣམ་པར་རིག་པ་ཙམ་ལས་མ་གཏོགས་པ་ཕྱི་རོལ་གྱི་དངོས་པོ་གཞན་མེད་མོད་ཀྱི་འཇིག་རྟེན་ལས་གྲགས་པའི་དབང་དུ་མཛད ་ནས་མཉམ་པར་མ་བཞག་པའི་ས་པའི་དཔེ་ཞེས་གསུངས་ཏེ། ད་ནི་མཉམ་པར་མ་བཞག་པའི་ས་པའི་དཔེའི། དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པ་ཡིན་ནོ། དཔེའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པ་དང་ཚིག་གི་དོན་ལ་སོགS ་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་མངོན་པར་བསྒྲུབ་པའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པའི་ཆོག?་གི་དོན་ལ་བཤད་གར?་བྱ་སྟེ། མངོན་པར་བསྒྲུབ་པའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པ་ཞེས་བྱ་བ་ནི ་རྣམ་པར་ཐར་པའི་སྒོ་གསུམ་པོ་དག་མངོན་པར་བསྒྲུབ་པའི་དོན་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་གསུམ་བསྟན་པ་གང་ཡིན་པའོ། །དེ་ལ་རྣམ་པར་ཐར་པའི་སྒོ་གསུམ་པོ་དག་མངོན་པར་བསྒྲུབ་པོ་ན་མཚན་ཉིད་གསུམ་ལ་བརྟེན་ནས་རྣམ་པར་བཞག་སྟེ། ་ཀུན་བརྟགས་པའི་མཚན་ཉིད་ལ་བརྟེན་ནས་ནི་རྣམ་པར་ཐར་པའི་སྒོ་སྟོང?་པ་ཉིད་མངོན་པར་བསྒྲུབ་པ་རྣམ་པར་བཞག་གོ་།གཞན་གྱི་དབང་གི་མཚན་ཉིད་ལ་བརྟེན་ནས་ནི་རྣམ་པར་བྱེད་པའི?་སྔོ?་སྔོན?་པ་མེད་པ་མངོན་པར་བསྒྲུབ་པ་རྣམ་པར་བཞག་ལ་།ཡོངས་སུ ་གྲུབ་པའི་མཚན་ཉིད་ལ་བརྟེན་ནས་ན་རྣམ་པར་ཐར་པའི་སྒོ་མཚན་མ་མར?་པ་མངོན་པར་བསྒྲུབ་པ་རྣམ་པར་བཞག་གོ?་།དེ་ལ་དང་པོར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་མངོན་པར་བསྒྲུབ་པའི་དགོས་པ་དང་ལྡན་པ་ཀུན་བརྟགས་པའི་མཚན་ཉིད་བསྟན་པའི་ཚིག ་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ན་ཀུན་བརྟགས་པའི་ཆོས་བདག་མེད་པར་རབ་ཏུ་ཕྱེ་བ་ཡིན་ལ། ཀུན་བརྟག་པའི་མཚན་ཉིད་ཀྱང་མཚན་ཉིད་ངོ་བོ་ཉིད་མོད་བས་སྟོང་པ་ཉིད་ཡིན་པ་ན། དེས་ནི་རྣམ་པར་ཐར ་པའི་སྒོ་སྟོང་པ་ཉིད་མངོན་པར་བསྒྲུབ་པ་རྣམ་པར་བཞག་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། ཡོན་ཏན་འབྱུང་གནས་འདི་ལྟ་སྟེ། དཔེར་ན་ཤེལ་བཞིན་དུ་གསལ་བ་མཚན་དང་ཕྲད་པ་དེ་ལྟ་བུར་ནི་གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་ ་པའི་མཚན་ཉིད་ཀྱི་ཐ་སྙད་ཀྱི་བག་ཆགས་བལྟ་བར་བྱའོ། །འདི་ལྟ་སྟེ་དཔེར་ན་ཤེལ་བཞིན་དུ་གསལ་བ་ནོར་བུ་རིན་པོ་ཆེ་ཨནད་རྙིལ་ལ་སོགས་པ་ལོག་པར་འཛིན་པ་དེ་ལྟ་བུ་ནི་གཞན་གྱི་མཚན་ཉིད་ལ་ཀུན ་བརྟགས་པའི་མཚན་ཉིད་དུ་འཛིན་པར་བལྟ་བར་བྱའོ་ཞེས་གསུངས་ཏེ། དེ་ལ་ཚིག་དང་པོས་ནི་ཐོག་མ་མེད་པའི་དུས་ནས་དངོས་པོ་ལ་མངོན་པར་ཞེན་པའི་བག་ཆགས་སེམས་འཁྲལ་པར་བྱེད་པའི་རྒྱུ་ཀུན་གཞི་རྣམ་པར་ཤེས ་པ་ལ་གློ་བུར་བར་གནས་པ་བསྟན་ཏོ། །ཚིག་འོག་མས་ནི་གཞན་གྱི་དབང་གི་མཚན་མ་ལ་ཀུན་བརྟགས་པའི་མིང་དུ་མངོན་པར་ཞེན་པར་བྱེད་པ་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་བསྟན་ཏེ། རྟོག་པ་དེ་དངོས་ནི་གཞན་གྱིས ་དབང་ཡིན་པས་ཀུན་བརྟགས་པའི་སྐབས་འདིར་མི་སྦྱར་གྱིས། དེས་གཟུང་ཞིང་མངོན་པར་ཞེན་པར་བྱ་བ་དངོས་པོ་ལ་གློ་བུར་བའི་མིང་དུ་བཏགས་པ་གང་ཡིན་པ་དེ་འདིར་གཟུང་སྟེ། དེ་གཉིས་ནི་ཀུན་བརྟགས་པའི་མཚན་ཉིད ་ཡིན་ཏེ། དེ་ནི་འཁྲུལ་པའི་རྒྱུ་དང་འཁྲུལ་པའི་རང་བཞིན་ཙམ་དུ་ཟད་ཀྱི་ཕྱི་ནང་གི་དངོས་པོའི་ངོ་བོ་ཉིད་གང་ཡང་མ་ཡིན་པ་གློ་བུར་བ་ཡིན་པས་དེ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་མངོན་པར་བསྒྲུབ་པའི་དགོས་པ་དང་ལྡན་པ ་ཀུན་བརྟགས་པའི་མཚན་ཉིད་བསྟན་པ་ཡིན་ནོ། །དེའི་འོག་ཏུ་རྣམ་པར་ཐར་པའི་སྒོ་སྨོན་པ་མིང་པ་མངོན་པར་བསྒྲུབ་པའི་དགོས་པ་དང་ལྡན་པ་གཞན་གྱི་དབང་གི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ནི་ཁམས་གསུམ་པ་ལ་མི་སྨོན་པས་རབ་ཏུ་བྱེ་བ་ཡིན་ལ། གཞན་གྱི་དབང་གི་མཚན་ཉིད་ཀྱང་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བའི་ངོ་བོ་ཉིད་ཡིན་པས་ན་དེས་ནི་རྣམ་པར ་ཐར་པའི་སྒོ་སྨོན་པ་མེད་པ་མངོན་པར་བསྒྲུབ་པ་རྣམ་པར་བཞག་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། ཡོན་ཏན་འབྱུང་གནས་འདི་ལྟ་སྟེ། དཔེར་ན་ཤེལ་བཞིན་དུ་གསལ་བ་དེ་ཉིད་ལྟ་བུར་ནི་གཞན་གྱི་དབང་གི་མཚན་ཉིད ་བལྟ་བར་བྱའོ་ཞེས་བྱ་བ་གསུངས་ཏེ། གཞན་གྱི་དབང་ནི་རྣམ་པར་རྟོགས་བའི་སྤྱོད་ཡུལ་ཀུན་བརྟགས་བའི་མཚན་ཉིད་ཀྱི་མཚན་མ་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་སྡུག་བསྔལ་པའི་ངོ་བོ་ཉིད་ཡིན་པ་?། རྣམ ་པར་ཐར་བའི་སྒོ་སྨོན་པ་མེད་པ་མངོན་པར་བསྒྲུབ་པའི་དགོས་པ་དང་ལྡན་པ་གཞན་གྱི་དབང་གི་མཚན་ཉིད་བསྟན་པ་ཡིན་ནོ། །དེའི་འོག་ཏུ་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་མངོན་པར་བསྒྲུབ་པའི་དགོས་པ་དང་ལྡན་པ་ཡོངས་སུ་གྲུབ ་པའི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ནི་མྱ་ངན་ལས་འདས་པ་མཚན་མ་ཐམས་ཅད་བསལ་བས་རབ་ཏུ་ཕྱེ་བ་ཡིན་ལ། ཡོངས་སུ་གྲུབ་བའི་མཚན་ཉིད་ཀྱང ་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོན་དམ་པ་མཚན་མ་ཐམས་ཅད་བསལ་བའི་ངོ་བོ་ཉིད་ཡིན་པས་ན་དེས་ནི་རྣམ་པར་ཐར་བའི་སྒོ་མཚན་མ་མེད་པ་མངོན་པར་བསྒྲུབ་པ་རྣམ་པར་བཞག་པ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས་འདི་ལྟ ་སྟེ་དཔེར་ན་ཤེལ་བཞིན་དུ་གསལ་བ་དེ་ཉིད་ནོར་བུ་རིན་པོ་ཆེ་ཨནད་རྙིལ་ལ་སོགས་པའི་མཚན་ཉིད་དེར་རྟག་པ་རྟག་པའི་དུས་དང། ཐར་ཟུག་ཐར་གྲུག་གི་དུས་སུ་ཡོངས་སུ་མ་གྲུབ་ཅིང་ངོ་བོ་ཉིད་མེད་པ་དེ་ལྟ་བུར་ནི་གཞན་གྱི་དབང་གི་མཚན་ཉིད ་དེ་ཀུན་བརྟགས་པའི་མཚན་ཉིད་དེར་རྟག་པ་རྟགས་པའི་དུས་དང། ཐེར་ཟུག་ཐེར་ཟུག་གི་དུས་སུ་ཡོངས་སུ་མ་གྲུབ་ཅིང་ངོ་བོ་ཉིད་མེད་པ་ཉིད་ཀྱི་ཡོངས་སུ་གྲུབ་བའི་མཚན་ཉིད་བལྟ་བར་བྱའོ་ཞེས་བྱ་བ་གསུངས་ཏེ། ཡོངས་སུ་གྲུབ་པ་ནི་རྣམ་པར ་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་འདུ་བྱེད་ཀྱི་མཚན་མ་དེ་ཉིད་དེར་ཡོངས་སུ་མ་གྲུབ་ཅིང་ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མེད་པ་ཆོས་བདག་མེད་པ་དེ་བཞིན་ཉིད་རྣམ་པར་དག་པའི་དམིགས་པ་ཡིན་པས ་ན་དེ་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་མངོན་པར་བསྐུལ་བའི་བགོས་པ་དང་ལྡན་པ་ཡོངས་སུ་གྲུབ་པའི་མཚན་ཉིད་བསྟན་པ་ཡིན་ནོ། །མངོན་པར་བསྒྲུབ་པའི་དགོས་པ་དང་ལྡན་བའི་ཆོས་ཀྱི་མཚན་ཉིད་བསྟན་པའི་ཚིག་གི་དོན་པ་སོགས ་པ་བཤད་ཟིན་ཏོ། །དེའི་འོག་ཏུ་ཐབས་ཀྱི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་བའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ཐབས་ཀྱི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པ་ཞེས་བྱ་བ་ནི་དངོས་པོ་ལྔ ་ལས་བརྟེན་ནས་རབ་ཏུ་ཤེས་པར་འགྱུར་བའི་ཐབས་ཀྱི་དོན་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་གསུམ་བསྟན་པ་གང་ཡིན་པའོ། །དེ་ལ་མཚན་ཉིད་གསུམ་པོ་དག་ནི་དངོས་པོ་ལྔ་ལས་བརྟེན་ནས་རབ་ཏུ་ཤེས་པར་འགྱུར་ཏེ་མཚན་མ་དང་མིང ་ལས་བརྟེན་ནས་ནི་ཀུན་བརྟགས་པའི་མཚན་ཉིད་རབ་ཏུ་ཤེས་སོ། །རྣམ་པར་རྟོག་པ་ལས་བརྟེན་ནས་ནི་གཞན་གྱི་དབང་གི་མཚན་ཉིད་རབ་ཏུ་ཤེས་སོ་།ཡང་དག་བའི་ཤེས་པ་དང་དེ་བཞིན་ཉིད་ལས་བརྟེན་ནས་ནི་ཡོངས་སུ་གྲུབ་པའི ་མཚན་ཉིད་རབ་ཏུ་ཞེས་སོ། །དེ་ལ་དང་པོར་མཚན་མ་དང་མིང་ལས་བརྟེན་ནས་རབ་ཏུ་ཤེས་པར་འགྱུར་བའི་ཐབས་ཀྱི་དགོས་པ་དང་ལྡན་པ་ཀུན་བརྟགས་བའི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་བར་བྱ་སྟེ ་དེའི་ཕྱིར་དེ་བསྟན་བའི་དབང་དུ་མཛད་ནས། ཡོན་ཏན་འབྱུང་གནས་དེ་ལ་མཚན་མ་དང་འབྲེལ་བའི་མིང་ལ་བརྟེན་ནས་ནི་ཀུན་བརྟགས་བའི་མཚན་ཉིད་རབ་ཏུ་ཤེས་སོ་ཞེས་བྱ་བ་གསུངས་ཏེ། མཚན་མ་ནི་རྣམ་པར་རྟོག་བའི་སྤྱོད ་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་སྟེ། གཞན་གྱི་དབང་གི་མཚན་ཉིད་ཡིན་ནོ། །མིང་ནི་མཚན་མ་དེ་ལ་ཇི་ཙམ་དུ་རྗེས་སུ་ཐ་སྙད་གང་གིས་པའི་ཕྱིར་ངོ་བོ་ཉིད་དམ་བྱེ་བྲག་ཏུ་མིང་དང་བརྡར་རྣམ་པར་བཞག་པ་སྟེ ་ཀུན་བརྟགས་པའི་མཚན་ཉིད་ཡིན་ནོ། །དེ་ཡང་གནས་མེད་པ་ལ་མིང་དང་གདགས་སུ་མི་རུང?་བས་མཚན་མའི་གནས་ལ་མིང་དུ་འདོགས་པར་བྱེད་བ་ནི་མཚན་མ་དང་འབྲེལ་བའི་མིང་ཞེས་བྱ་སྟེ། ཇི་ཙམ་དུ་མིང་དང་མཚན་མ་ལ་མིང་དུ ་གདགས་པ་དེ་ཉིད་ཀུན་བརྟགས་པའི་མཚན་ཉིད་ཡིན་པས་དེའི་ཕྱིར་མིང་ལ་བརྟེན་ནས་ཀུན་བརྟགས་པའི་མཚན་ཉིད་ཡིན་པས་དེའི་ཕྱིར་མིང་ལ་བརྟེན་ནས་ནི་ཀུན་བརྟགས་པའི་མཚན་ཉིད་རབ་ཏུ་ཤེས་སོ་ཞེས་གསུངས་ཏེ། དེ་ནི་མཚན་མ་དང ་མེད་ལ་བརྟེན་ནས་རབ་ཏུ་ཤེས་བར་འགྱུར་བའི་ཐབས་ཀྱིས་དགོས?་པ་དང་ལྡན་པ་ཀུན་བརྟགས་བའི་མཚན་ཉིད་བསྟན་པ་ཡིན་ནོ། །དེའི་འོག་ཏུ་རྣམ་པར་རྟོག་པ་ལས་བརྟེན་ནས་རབ་ཏུ་ཤེས་པར་འགྱུར་བ་ཐབས་ཀྱི་དགོས་པ་དང་ལྡན་པ ་གཞན་གྱི་དབང་གི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་དུ་མངོན་པར་ཞེན་པ་ལ་བརྟེན་ནས ་ནི་གཞན་གྱི་དབང་གི་མཚན་ཉིད་རབ་ཏུ་ཤེས་སོ་ཞེས་བྱ་བ་གསུངས་ཏེ། གཞན་གྱི་དབང་གི་མཚན་མ་ལ་ཀུན་བརྟགས་བའི་མིང་དུ་རྣམ་པར་རྟོགས་པས་མངོན་པར་ཞེན་པ་ནི་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཁམས་གསུམ་བའི་སེམས ་དང་སེམས་ལས་བྱུང་བ་སྟེ། ཇི་སྲིད་དུ་མཚན་མ་ལ་མིང་དུ་རྣམ་པར་རྟོག་པས་མངོན་པར་ཞེན་པ་དེ་སྲིད་དུ་གཞན་གྱི་དབང་གི་མཚན་ཉིད་ཡིན་བས་ན་དེའི་ཕྱིར་མངོན་པར་ཞེན་པ་ལ་བརྟེན་ནས་གཞན་གྱི་དབང་གི་མཚན་ཉིད་རབ་ཏུ་ཤེས་སོ ་ཞེས་གསུངས་ཏེ། དེ་ནི་རྣམ་པར་རྟོག་པ་ལ་བརྟེན་ནས་རབ་ཏུ་ཤེས་པར་འགྱུར་བའི་ཐབས་ཀྱི་དགོས་པ་དགོས་པ་དང་ལྡན་པ་གཞན་གྱི་དབང་གི་མཚན་ཉིད་བསྟན་པ་ཡིན་ནོ། །དེའི་འོག་ཏུ་ཡང་དག་པའི་ཤེས ་པ་དང་དེ་བཞིན་ཉིད་ལས་བརྟེན་ནས་རབ་ཏུ་ཤེས་པར་འགྱུར་བའི་ཐབས་ཀྱི་དགོས་པ་དང་ལྡན་པའི་ཡོངས་སུ་གྲུབ་པའི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། གཞན ་གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་དུ་མངོན་པར་ཞེན་པ་མེད་པ་ལ་བརྟེན་ནས་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་རབ་ཏུ་ཤེས་སོ་ཞེས་བྱ་བ་གསུངས་ཏེ། གཞན་གྱི་དབང་གི་མཚན་མ་ལ་ཀུན་བརྟགས་པའི་མིང་དུ་མངོན ་པར་ཞེན་པ་མེད་པ་ནི་གནས་གྱུར་པས་ཡང་དག་པར་བསྡུས་པའི་ཤེས་པ་དེ་བཞིན་ཉིད་ཀྱི་སྤྱོད་ཡུལ་དང་ལྡན་པ་སྟེ། གང་གི་ཚེ་གཞན་གྱི་དབང་གི་མཚན་མ་ལ་ཀུན་བརྟགས་པའི་མིང་དུ་ཡང་དག་པའི་ཤེས་པས་མངོན་པར་ཞེན ་པ་མེད་པ་དེའི་ཚེ་ཡོངས་སུ་གྲུབ་པའི་མཚན་ཉིད་ཡིན་པས། དེའི་ཕྱིར་མངོན་པར་ཞེན་པ་མེད་པ་ལ་བརྟེན་ནས་ཡོངས་སུ་གྲུབ་པའི་མཚན་ཉིད་རབ་ཏུ་ཤེས་སོ་ཞེས་གསུངས་ཏེ། དེ་ནི་ཡང་དག་པའི་ཤེས་པ་དང། དེ་བཞིན ་ཉིད་ལས་བརྟེན་ནས་རབ་ཏུ་ཤེས་པར་འགྱུར་བའི་ཐབས་ཀྱི་དགོས་པ་དང་ལྡན་པའི་ཡོངས་སུ་གྲུབ་པའི་མཚན་ཉིད་བསྟན་པ་ཡིན་ནོ། །ཐབས་ཀྱི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད ་ཟིན་ཏོ། །དེའི་ལོག་ཏུ་རྟོགས་པའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། རྟོགས་པའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པ་ཞེས་བྱ་བ་ནི་མཚན ་ཉིད་གསུམ་རྟོགས་པ་ལས་བརྟེན་ནས་ཤེས་བྱའི་དངོས་པོ་རྣམ་པ་ཐམས་ཅད་རྟོགས་པར་འགྱུར་ཞིང་བརྟོགས་པའི་འབྲས་བུ་ཕན་ཡོན་གྱི་དགོས་པ་ཐོབ་ཅིང་མཁས་པར་འདོགས་པར་འགྱུར་བའི་དོན་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་གསུམ་བསྟན ་པ་གང་ཡིན་པའོ། །དེ་ལ་ཤེས་བྱའི་དངོས་པོ་རྣམ་པ་ཐམས་ཅད་ཀྱི་མཚན་ཉིད་མེད་པའི་ཆོས་དང། ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱིས་ཆོས་དང། རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་རྣམ་པ་ཐམས་ཅད་དོ། །དེ་ཡང་ཀུན ་བརྟགས་པའི་མཚན་ཉིད་རྟོགས་པ་ལ་བརྟེན་ནས་ནི་མཚན་ཉིད་མེད་པའི་ཆོས་རྟོགས་པར་འགྱུར་རོ། །གཞན་གྱི་དབང་གི་མཚན་ཉིད་རྟོགས་པ་ལ་རྟེན་ནས་ནི་ཀུན་ནས་ཉོན་མོངས་བའི་མཚན་ཉིད་ཀྱི་ཆོས་རྟོགས་པར་འགྱུར་རོ། །ཡོངས་སུ་གྲུབ ་པའི་མཚན་ཉིད་རྟོགས་པ་ལ་བརྟེན་ནས་ནི་རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་རྟོགས་པར་འགྱུར་རོ། །དེ་ལ་དང་པོར་མཚན་ཉིད་མེད་པའི་ཆོས་རྟོགས་པར་གྱུར་པའི་དགོས་པ་དང་ལྡན་པ་ཀུན་བརྟགས་པའི་མཚན་ཉིད་བསྟན་པའི་ཚིག ་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། ཡོན་ཏན་འབྱུང་གནས་དེ་ལ་བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་ཡང་དག་པ་ཇི ་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན་མཚན་ཉིད་མེད་པའི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་གསུངས་ཏེ། ཆོས་རྣམས་ཀྱིས་གཞན་གྱི་དབང་གི་མཚན་ཉིད་ལ་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས ་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མའོ། །ཀུན་བརྟགས་པའི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན་ཞེས་བྱ་བ་ནི་ཇི་ཙམ་དུ་རྗེས་སུ་ཐ་སྙད་གང་གོས་པའི་ཕྱིར་ངོ་བོ་ཉིད་དམ་བྱེ་བྲག་ཏུ་མིང་དང་བརྔ?་རྣམ་པར་བཞག་པ ་དེ་གློ་བུར་བར་ཤེ་ནའོ། །མཚན་ཉིད་མེད་པའི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་ཀུན་བརྟགས་པའི་མཚན་ཉིད་དེ་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱི་ངོ་བོ་ཉིད་མེད་པའི་ཕྱིར་ནམ་མཁའ་མ ་ཏོག་དང་འདྲ་བར་བདེན་བ་གཉི་གར་གཏན་མེད་པར་ཤེས་ཤིང་ཆོས་བརྟགས་པའི་ཕྱིར་ཆོས་བདག་མེད་པ་རྟོགས་པར་འགྱུར་བ་སྟེ། །དེ་ནི་མཚན་ཉིད་མེད་པར་ཆོས་རྟོགས་བར་འགྱུར་བའི་དགོས་པ་དང་ལྡན་པ་ཀུན་བརྟགས་བའི ་མཚན་ཉིད་བསྟན་པ་ཡིན་ནོ། །དེའི་འོག་ཏུ་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རྟོགས་པར་འགྱུར་བའི་དགོས་པ་དང་ལྡན་པ་གཞན་གྱི་དབང་གི་མཚན་ཉིད་བརྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། །དེའི ་ཕྱིར་དེ་བསྟན་བའི་དབང་དུ་མཛད་ནས། །ཡོན་ཏན་འབྱུང་གནས་དེ་ལ་བྱང་ཆུབ་སེམས་དཔས་གཞན་གྱི་དབང་གི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན་ཀུན་ཉོན་མོངས་བའི་མཚན་ཉིད་ཀྱི་ཆོས་ཡང་དག་པ་ཇི་ལྟ ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་གསུངས་ཏེ། གཞན་གྱི་དབང་གི་མཚན་ཉིད་ཡང་དག་པ་ཇི་ལྟ་བཞིན་དུ་རབ་ཏུ་ཤེས་ན་ཞེས་བྱ་བ་ནི་འདུ་བྱེད་ཀྱི་མཚན་མ་ལ་ཀུན་བརྟགས་པའི་མཚན་ཉིད་དུ་མངོན་པར་ཞེན་པ་ཡང་དག ་པ་མ་ཡིན་པ་ཀུན་རྟོག་པ་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་ཉིད་དུ་ཤེས་ནའོ། །ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་གཞན་གྱི་དབང ་གི་མཚན་ཉིད་དེ་ཉིད་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་སུ་འབྱུང་བས་བསྡུས་པའི་ཉོན་མོངས་པ་དང། །ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དང་ལྡན་པ་སྐྱེ་བ་ངོ་བོ་ཉིད་མེད་པ་དང་དོན་དམ་བའི་ངོ་བོ་ཉིད་མེད་པ ་སྒྱུ་མ་བྱས་པ་དང་འདྲ་བར་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་ཡོད་པར་ཤེས་ཤིང་གཞན་གྱི་དབང་ཐམས་ཅད་སྡུག་བསྔལ་བར་རྟོགས་པར་འགྱུར་བ་སྟེ། དེ་ནི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱིས་ཆོས་རྟོགས་པར་འགྱུར་བའི་དགོས་པ་དང ་ལྡན་པ་གཞན་གྱི་དབང་གི་མཚན་ཉིད་བསྟན་པ་ཡིན་ནོ། །དེའི་འོག་ཏུ་རྣམ་པར་བྱང་བའི་མཚན་ཉིད་ཀྱིས་ཆོས་རྟོགས་པར་འགྱུར་བའི་དགོས་པ་དང་ལྡན་པ་ཡོངས་སུ་གྲུབ་བའི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད ་པར་བྱ་སྟེ། དེའི་ཕྱིར་བསྟན་པའི་དབང་དུ་མཛད་ནས། ཡོན་ཏན་འབྱུང་གནས་དེ་ལ་བྱང་ཆུབ་སེམས་དཔས་ཡོངས་སུ་གྲུབ་པའི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན་རྣམ་པར་བྱེད་བའི་མཚན་ཉིད་ཀྱི་ཆོས་ཡང་དག ་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་གསུངས་ཏེ། ཡོངས་སུ་གྲུབ་པའི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན་ཞེས་བྱ་བ་ནི་འདུ་བྱེད་ཀྱི་མཚན་མ་ལ་ཀུན་བརྟགས་པའི་མཚན་ཉིད་དུ་མངོན་པར་ཞེན་པ་མེད་པ། ་གནས་གྱུར་པས་རབ་ཏུ་ཕྱེ་བ་ཡང་དག་པའི་ཤེས་པ་དེ་བཞིན་ཉིད་ཀྱི་སྤྱོད་ཡུལ་དང་ལྡན་པར་ཤེས་ནའོ། །རྣམ་པར་བྱང་བའི་མཚན་ཉིད་ཀྱིས་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་ཡོངས་སུ་གྲུབ་བའི་མཚན ་ཉིད་དེ་ཉིད་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་ལས་ཟློག་པས་བསྡུས་པའི་ཤེས་རབ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་བའི་ཆོས་ཐམས་ཅད་དང་སྟོབས་བཅུ་ལ་སོགས་པ་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱི་རྒྱུར་གྱུར་བ་དོན ་དམ་པ་ངོ་བོ་ཉིད་མེད་པ་ནམ་མཁའ་དང་འདྲ་བར་དོན་དམ་བའི་བདེན་པ་ཉིད་དུ་ཡོད་པར་ཤེས་ཤིང་རྣམ་པར་གྲོལ་བ་ཐམས་ཅད་བདེ་བར་རྟོགས་པར་འགྱུར་བ་སྟེ། དེ་ནི་རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་རྟོགས་པར་འགྱུར ་པའི་དགོས་པ་དང་ལྡན་པར་ཡོངས་སུ་གྲུབ་པའི་མཚན་ཉིད་བསྟན་པ་ཡིན་ནོ། །དེ་ལྟར་ཤེས་བྱའི་དངོས་པོ་རྣམ་པ་ཐམས་ཅད་རྟོགས་པའི་འབྲས་བུ་ཕན་ཡོན་གྱི་དགོས་པ་དེ་ཙམ་གྱིས་ན་མཚན་ཉིད་ལ་མཁS ་པར་འདོགས་ན་ནི་འོག་ནས་སྟོན་ཏོ། །རྟོགས་པའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་ཕན་ཡོན་གྱི་དགོས་པ་དང་ལྡན་པའི་ཆོས ་ཀྱི་མཚན་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ཕན་ཡོན་གྱི་དགོས་པ་དང་ལྡན་བའི་ཆོས་ཀྱི་མཚན་ཉིད་བསྟན་པ་ཞེས་བྱ་བ་ནི་དེ་ལྟར་ཤེས་བྱའི་དངོས་པོ་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར ་རྟོགས་པའི་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ཅིང་མཁས་པར་འདོགས་པར་གྱུར་བའི་ཕན་ཡོན་གྱི་དོན་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་གསུམ་བསྟན་པ་གང་ཡིན་བའོ། །དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི ་འབྲས་བུའི་གནས་ཏེ། དེ་ཡང་སྤངས་པ་ཕུན་སུམ་ཚོགས་པ་དང། ཡེ་ཤེས་ཕུན་སུམ་ཚོགས་པས་རབ་ཏུ་ཕྱེ་བ་ཡིན་ནོ། །དེ་ལ་ཀུན་བརྟགས་པའི་མཚན་ཉིད་མེད་པའི་ཆོས་རྟོགས་པ་ལ་བརྟེན་ནས་གཞན་གྱི་དབང་གིས་ཀུན ་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་སྤངས?་པ་ཕུན་སུམ་ཚོགས་པས་རབ་ཏུ་ཕྱེ་བའི་འབྲས་བུ་ཐོབ་བོ། །གཞན་གྱི་དབང་གི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་སྤངས་པ་ལ་བརྟེན་ནས་ཡོངས་སུ་གྲུབ་པའི་རྣམ་པར་བྱང་བའི ་མཚན་ཉིད་ཀྱི་ཆོས་འཐོབ་པས་ནི་ཡེ་ཤེས་ཕུན་སུམ་ཚོགས་པས་རབ་ཏུ་ཕྱེ་བའི་འབྲས་བུ་ཐོབ་བོ། །དེ་ལ་དང་པོ་སྤངས་པ་ཕུན་སུམ་ཚོགས་པས་རབ་ཏུ་ཕྱེ་བའི་འབྲས་བུ་ཐོབ་པའི་ཕན་ཡོན་གྱི་དགོས་པ་དང་ལྡན་པ་ཀུན་བརྟགས་པ ་དང་གཞན་གྱི་དབང་གི་མཚན་ཉིད་བསྟན་པའི་ཚིག་གོ་།དེ་ལ་སོགས་པ་བཤད་པར་བྱ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། ཡོན་ཏན་འབྱུང་གནས་དེ་ལ་བྱང་ཆུབ་སེམས་དཔས་གཞན་གྱི་དབང་གི་མཚན་ཉིད་ལ་མཚན ་ཉིད་མེད་པའི་ཆོས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན་ཀུན་ནས་ཉོན་མོངས་བའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤོང་ངོ་ཞེས་བྱ་བ་གསུངས་ཏེ། །གཞན་གྱི་དབང་གི་མཚམ་ཉིད་ལ་མཚན་ཉིད་མེད་བའི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན ་དུ་རབ་ཏུ་ཤེས་ན་ཞེས་བྱ་བ་ནི་འདུ་བྱེད་ཀྱི་མཚན་མ་ལ་ཀུན་བཏགས་པའི་མིང་མེད་པར་ཤེས་སོ། །ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤོང་ངོ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་རབ་ཏུ་སྤོང་བར་འགྱུར ་བ་སྟེ། ། དེ་ལྟར་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་རབ་ཏུ་སྤངས་པ་ཉིད་སྤངས་པ་ཕུན་སུམ་ཚོགས་པ་ཡིན་པས་དེ་ནི་སྤངས་པ་ཕུན་སུམ་ཚོགས་པས་རབ་ཏུ་ཕྱེ་བའི་འབྲས་བུ་ཐོབ་པའི་ཕན་ཡོན་གྱི་དགོས་པ་ལྡན་པ་ཀུན་བརྟག ་པ་དང། གཞན་གྱི་དབང་གི་མཚན་ཉིད་བསྟན་པ་ཡིན་ནོ། །དེའི་འོག་ཏུ་ཡེ་ཤེས་ཕུན་སུམ་ཚོགས་པས་རབ་ཏུ་ཕྱེ་བའི་འབྲས་བུ་འཐོབ་པའི་ཕན་ཡོན་གྱི་དགོས་པ་དང་ལྡན་པའི་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་མཚན་ཉིད་བསྟན ་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤངས་ན་རྣམ་པར་བྱེད་བའི་མཚན་ཉིད་ཀྱི་ཆོས་ཐོབ་པར་འགྱུར་ཏེ་ཞེས་བྱ་བ་གསུངས ་ཏེ། ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤངས་ན་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་གནས་གྱུར་ནའོ། །རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་ཐོབ་པར་འགྱུར་ཏེ། ཞེས་བྱ་བ་ནི་གནས་གྱུར་པས་བསྡུས?་པ ་ཡང་དག་པའི་ཤེས་པ་ཐོབ་པ་སྟེ། དེ་ལྟར་ཡང་དག་པའི་ཤེས་པ་ཐོབ་པ་ཉིད་ཡེ་ཤེས་ཕུན་སུམ་ཚོགས་པ་ཡིན་པས་དེ་ནི་ཡེ་ཤེས་ཕུན་སུམ་ཚོགས་པས་རབ་ཏུ་ཕྱེ་བའི་འབྲས་བུ་ཐོབ་པའི་ཕན་ཡོན ་གྱི་དགོས་པ་དང་ལྡན་པ་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་མཚན་ཉིད་བསྟན་པ་ཡིན་ནོ། །ཕན་ཡོན་གྱི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པའི་ཚིག་དོན་ལ་སོགས་པ་བཤད་ཟིན་ཏོ།། །། ་དགོས་པ་དྲུག་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་པས་རྒྱ་ཆེར་བསྟན་པ་བཤད་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །དོན་དེ་དག་གི་དངོས་པོ་བསྡུས་པའི་ཚིག་གི་དོན་ལ་སོགས་པ་བཤད ་པར་བྱ་སྟེ། དེ་དག་གི་དངོས་པོ་བསྡུ་བ་ཞེས་བྱ་བ་ནི་དེ་ཡན་ཆད་དུ་དགོས?་པ་དྲུག་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་ཇི་སྐད་བསྟན་པ་དེ་དག་གི་མཇུག་བསྡུ་ཞིང་སྒོ་དེ་ནས་བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པ་དང། ་མཚན་ཉིད་ལ་མཁས་པ་འདོགས་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། ཡོན་ཏན་འབྱུང་གནས་གང་གི་ཕྱིར་བྱང་ཆུབ་སེམས་དཔས་ལ་སོགས་པ་གསུངས་སོ། །དེ་ལ་དེ་གང་དག་གི་དངོས་པོ་བསྡུ་བ ་འདི་ནི་དོན་རྣམ་པ་གསུམ་བསྟན་ཏེ། མཉན་པའི་རྣམ་པས་ཡོངས་སུ་ཤེས་པ་དང། བསྒོམ་པའི་རྣམ་པས་ཡོངས་སུ་ཤེས་པ་དང། དེའི་འབྲས་བུ་བྱ་བ་མེད་པའོ། །དེ་ལ་དང་པོར་མཉན་པའི་རྣམ་པས་ཡོངས་སུ་ཤེས་པ་ནི་དེ་ལྟར་ཆོས ་རྣམས་ཀྱི་ཀུན་བརྟགས་པའི་མཚན་ཉིད་དང། གཞན་ཀྱི་དབང་གི་མཚན་ཉིད་དང། ཡོངས་སུ་གྲུབ་པའི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཤིང། ཞེས་བྱ་བས་བསྟན་ཏེ། དེས་ནི་སྔར་གཉེན་པོའི་དགོས་པ་དང་། ་དཔེའི་དགོས་པ་དང། ཐབས་ཀྱི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་གསུམ་ཇི་སྐད་བསྟན་པ་དེ་དག་དངོས་པོ་བསྔ་བ་བསྟན་ཏེ། དེ་དག་ནི་ལུང་གི་སྒོ་ནས་ཀྱང་ཤེས་པར་བྱང་རུང་བ་ཡིན་པས་ན་མཉན་བའི་རྣམ་པས་ཡོངས་སུ་ཤེས་པ་ཞེས ་བྱའོ། །དེའི་འོག་ཏུ་བསྒོམ་པའི་རྣམ་པས་ཡོངས་སུ་ཤེས་པ་ནི་མཚན་ཉིད་མེད་པ་དང། ཀུན་ནས་ཉོན་མོངས་པའི་མཚན་ཉིད་དང། རྣམ་པར་བྱང་བའི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ལ་ཞེས་བྱ་བས་བསྟན་ཏེ། དེས ་ནི་སྔར་གཏོགས་པའི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་གསུམ་ཇི་སྐད་བསྟན་པ་དེ་དག་གི་དངོས་པོ་བསྡུ་བ་བསྟན་ཏེ། དེ་དག་གི་ལམ་བསྒོམ་པས་ཤེས་པར་བྱ་བ་ཡིན་པས་ན་སྒོམ་པའི་རྣམ་པ་ཡོངས་སུ་ཤེས་པ་ཞེས་བྱའོ། །དེའི ་འོག་ཏུ་དེའི་འབྲས་བུ་བྱ་བ་མེད་པ་ནི། མཚན་ཉིད་མེད་བའི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ནས། ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤོང་ཞིང་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤངས་ན་རྣམ ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་འཐོབ་པར་གྱུར་པ་ཞེས་བྱ་བ་བསྟན་ཏེ། དེས་ནི་སྔར་ཕན་ཡོན་གྱི་དགོས་པ་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་གསུམ་ཇི་སྐད་བསྟན་པ་དེ་དག་གི་དངོས་པོ་བསྡུ་བ་བསྟན་ཏེ། དེ་དག་ནི་སྔར་བསྒོམ་པའི་རྣམ་པར ་བྱ་བ་བྱས་ཟིན་པའི་འབྲས་བུའི་འབྲེལ་པ་སྦྱར་བ་ཙམ་དུ་ཟད་གྱི། གཟོད?་བྱ་བ་བསྒྲུབ་པ་མ་ཡིན་པས་མདེའི་འབྲས་བུ་བྱ་བ་མེད་པ་ཞེས་བྱའོ། །དེ་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པ་ཡིན་ལ་ཞེས་བྱ ་པ་ནི་མཉན་པའི་རྣམ་པས་ཡོངས་སུ་ཤེས་པ་དེ་ཙམ་གྱིས་ན་མཁས་པ་ཡིན་པར་བསྟན་ཏེ། དེས་ནི་སྔར་ཡོངས་སུ་ཞུས་པའི་སྐབས་སུ་འཕགས་པ་ཡོན་ཏན་འབྱུང་གནས་གྱི་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་མཚན་ཉིད་ལ ་མཁས་པ་ལགས་ཞེས་ཞུས་པའི་ལན་བཏབ་པ་ཡིན་ནོ། །དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པར་ཡང་འདོགས་ན་ཡང་དེ་ཙམ་གྱིས་འདོགས་སོ་ཞེས་བྱ་བ་ནི་བསྒོམ་པའི་རྣམ་པས་ཡོངས་སུ་ཤེས་པ་དང། དེའི ་འབྲས་བུ་བྱ་བ་མེད་པ་དེ་ཙམ་གྱིས་ནམ་མཁས་པར་འདོགས་སོ་ཞེས་བསྟན་ཏེ། དེས་ནི་སྔར་ཡོངས་སུ་ཞུས་བའི་སྐབས་སུ་འཕགས་པ་ཡོན་ཏན་འབྱུང་གནས་ཀྱིས་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པར་འོད ་ན་ཡང་ཇི་ཙམ་གྱིས་འདོགས་ལགས་ཞེས་ཞུས་པའི་ལན་བཏབ་པ་ཡིན་ནོ། །ཚིགས་སུ་བཅད་པ་དང་པོས་ནི་ཕན་ཡོན་གྱི་དགོས་པ་དེ་ཉིད་དངོས་པོ་བསྡུ་བ་བསྟན་ཏོ། །གཉིས་པས་ནི་དེ་ལྟར་མི་སྒྲུབ་པའི་ཉེས་དམིགས་བསྟན་ཏེ། དེ་ནི་དེ་དག་གི་དངོས་པོ ་བསྡུབས་རྒྱ་ཆེར་བསྟན་པ་བཤད་པ་ཡིན་ནོ།། །།ལེའུ་དྲུག་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེ་ལྟར་ཆོས་རྣམས་ཀྱི་མཚན་ཉིད་ཀྱི་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བ་བསྟན་ནས། དེ་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད ་མེད་པའི་མཚན་ཉིད་ཀྱི་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བ་བསྟན་པའི་ཚིག་གི་དོན་ལ་སོགས་པར་བྱ་སྟེ། དེ་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ ་ཞེས་བྱ་བ་ལ་སོགས་པ་འཕགས་པ་དོན་དམ་ཡང་དག་འཕགས?་ཀྱིས་ལེའུ་བདུན་པ་འདི་གསུངས་སོ?།། །།དེ་ལ་ལེའུ་བདུན་པ་འདིའི་བསྡུས་པའི་དོན་ནི་མདོར་བསྡུ་ན་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་བའི་མཚན་ཉིད་བསྟན་པ་ཡིན་ནོ། །དེ་ཡང་རྣམ་པར་དབྱེན་རྣམ་པ་གཉིས་ཏེ ་ཡོངས་སུ་ཞུས་པ་དང། རྒྱ་ཆེར་བསྟན་པའོ། །དེ་ལ་ཡོངས་སུ་ཞུས་པ་ནི། བཅོམ་ལྡན་འདས་འདི་ན་བདག་གཅིག་བུ་དབེན་པ་ཞིག་ན་མཆིས་པའི་ཚེ་སེམས་ཀྱི་ཡོངས་སུ་རྟོག་པ་འདི་ལྟ་བུ་སྐྱེ་ལགས་ཏེ་ཞེས་བྱ་བ་ནས། བཀའ་སྩལ་པའི་དོན་དེ་ཉིད་བཅོམ་ལྡན་འདས་ལ་བདག་ཡོངས་སུ་ཞུ ་ལགས་སོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །རྒྱ་ཆེར་བསྟན་པ་ནི་དེ་སྐད་ཅེས་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཞེས་བྱ་བ་ལ་སོགས་པ་ལེའུའི ་ཉིད་ཀྱི་གཞུང་ལྷག་མ་ཐམས་ཅད་ཀྱིས་བསྟན་ཏེ། །དེ་ལ་དང་པོར་ཡོངས་སུ་ཞུས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ཡོངས་སུ་ཞུས་པ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་མཚན་ཉིད ་དང། སྐྱེ་བ་དང། དོན་དམ་པའི་ངོ་བོ་ཉིད་མེད་པ་ལ་མཁས་པ་བསྟན་པ་གླེང་བསློང་པའི་ཕྱིར་འདི་དང་པོ་བཅོམ་ལྡན་འདས་ལ་འཕགས་པ་དོན་དམ་ཡང་དག་འཕགས་ཀྱི་ཞུ་བ་ཞུས་པ་གང་ཡིན་པའོ། །དེ་ལ་ཡོངས་སུ་ཞུས་པའི་སྐབས་འདིར་ནི་འཕགS ་པ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྙམ་དུ། བཅོམ་ལྡན་འདས་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པའི་དཔལ?་གྱི་མགུར?་ནས་སོ་སོ་ཡང་དག་པ་རིག་པ་བཞིའི་མཁྱེན་པས་ཆོས་རྣམས་ཀྱི་རྣམ་གངས་དང། མཚན་ཉིད་དང། ངེས་པའི ་ཚིག་དང། རབ་ཏུ་དབྱེ་བ་ཡང་བཀའ་སྩལ་ལ། ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ལ་ཤིན་ཏུ་རྨོངས་པའི་གཉེན་པར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་ཡང་བཀའ་སྩལ་པ་འདི་ལ། ངོ་བོ་ཉིད་མེད་པ་རྣམ་པ་གསུམ་བསྟན་པ་མ་བརྗོད་ན། ་གཞན་དག་ངོ་བོ་ཉིད་མེད་པ་ཉིད་ཀྱི་ལྡེམ་པོར་དགོངས་པ་བསྟན་པ་ལ་དོན་ལ་ལོག་པར་རྟོགས་པས་ཆུང་ཟ་བར་འགྱུར་བའི་གཉེན་པོ་བསྟན་པར་དགོངས་ནས། འདིར་བཅོམ་ལྡན་འདས་ཀྱི་རྣམ་གྲངས་དུ་མར་ཕུང་པོ་རྣམས་རང་གི་མཚན་ཉིད ་ལ་སོགས་པ་ཡང་བཀའ་སྩལ་པ། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ་ལ་སོགས་པ་ཡང་བཀའ་སྩལ་ལགས་ན་བཅོམ་ལྡན་འདས་ཀྱིས་ཅི་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ་ལ་སོགས་པ།། ་བཀའ་སྩལ་པའི་དོན་དེ་ཉིད་བཅོམ་ལྡན་འདས་ལ་བདག་ཡོངས་སུ་ཞུ་ལགས་སོ་ཞེས་ཡོངས་སུ་ཞུས་པར་སྦྱར་རོ། །སྐབས་འདི་དག་གི་ཚིག་གི་དོན་གཞན་ནི་སྔར་འཕགས་པ་རབ་འབྱོར་གྱི་ལེའུ་བཤད་པ་བཞིན་དུ? ་རིག་པར་བྱའོ། །ཡོངས་སུ་ཞུས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་རྒྱ་ཆེར་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། རྒྱ་ཆེར་བསྟན་པ་ཞེས་བྱ་བ་ནི་དེ་ལྟར་ཡོངས ་སུ་ཞུས་ནས། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཀྱི་དོན་རྒྱ་ཆེར་བསྟན་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དོན་དམ་ཡང་དག་འཕགས་བྱོད་ཀྱི་སེམས་ཀྱི་ཡོངས་སུ་རྟོག་པ་དགེ་བ་ཚུལ ་བཞིན་སྐྱེས་པ་ལེགས་སོ་ལེགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་རྒྱ་ཆེར་བསྟན་པ་འདིས་ནི་དོན་རྣམ་པ་གསུམ་སྟོན་ཏེ། ངོ་བོ་ཉིད་མེད་པ་ཉིད་ཀྱི་ལྡེམ་པོར་དགོངས་པ་བསྟན་པ་དང། དེ་ལ་སྦྱོད་པའི་གང་ཟག་གི་བྱེ་བྲག ་བསྟན་པ་དང། མདོ་སྡེའི་ཆེ་བ་ཉིད་བསྟན་པའོ། །དེ་ལ་ངོ་བོ་ཉིད་མེད་པ་ཉིད་ཀྱི་ལྡམ་པོར་དགོངས་པ་བསྟན་པ་ནི། དོན་དམ་ཡང་དག་འཕགས་དེའི་ཕྱིར་ཉོན་ཅིག་དང་ངས་ཅི་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ལ་སོགས ་ཤེས་གསུངས་པ་ཁྱོད་ལ་བཤད་པར་བྱའོ་ཞེས་བྱ་བ་ནས་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་བསྟན་ཏོ་ཞེས་གསུངས་པའི་ཚར་ཐ་མའི་བར་གྱིས་བསྟན་ཏོ། །དེ་ལ་སྤྱོད་པའི་གང་ཟག་གི་བྱེ་བྲག་བསྟན་པ་ནི། དོན་དམ ་ཡང་དག་འཕགས་ངས་ནི་སེམས་ཅན་གྱི་ཁམས་ན་ཞེས་བྱ་བ་ནས། དོན་དམ་ཡང་དག་འཕགས་དེ་བཞིན་ཏེ། གཞན་དུ་མ་ཡིན་གྱིས་དེ་ནི་དེ་བཞིན་དུ་ཟུང་ཅིག་ཅེས་གསུངས་པའི་བར་གྱིས་བསྟན་ཏོ། །མདོ་སྡེའི་ཆེ་བ་ཉིད ་བསྟན་པ་ན?། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་ཡང་དག་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པ་གཞུང་ལྷག་མ་ཐམས་ཅད་ཀྱིས་བསྟན་ཏོ། །དེ་ལ་དང་པོར་ངོ་བོ་ཉིད་མེད་པ་ཉིད་ཀྱི ་ལྡེམ་པོར་དགོངས་པ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ངོ་བོ་ཉིད་མེད་པ་ཉིད་ཀྱི་ལྡེམ་པོར་དགོངས་པ་བསྟན་པའི?་ཞེས་བྱ་བའི་ནི་དོན་ལ་ལོག་བར་རྟོག?་པ་རྣམ་པ་བཞིའི་གཉེན་པོ་ངོ་བོ་ཉིད་མེད་པ་ཉིད་གསུམ་བསྟན ་པ་འདི་མ་བརྗོད་ན་ངོ་བོ་ཉིད་མེད་པ་ཉིད་ཀྱི་ལྡེམ་པོར་དགོངས་པ་བསྟན་པ་ལ་དོན་ལ་ལོག་པར་རྟོག་པ་རྣམ་པ་བཞེས་ཆུད?་ཟ་བར་འགྱུར་བ་དེའི་གཉེན་པོར་ངོ་བོ་ཉིད་མེད་པ་གསུམ་བསྟན་པའོ། །དེ་ལ་དོན་ལ་ལོག་པར་རྟོག་པ་རྣམ་པ་བཞིན ་གནས་མེད་པར་ལོག་པར་རྟོག་པ་དང། དགོངས་པ་མེད་པར་ལོག་པར་རྟོག་པ་དང། དོན་དམ་པར་ལེག་པར་རྟོག་པ་དང། བལྟོས་པ་མེད་པ་ལོག་པར་རྟོག་པའོ། །དེ་ལ་གནས་མེད་པར་ལོག་པར་རྟོག་པས་ཆུད་ཟ་བར་འགྱུར་བའི་གཉེན? ་པོ་ནི། དོན་དམ་ཡང་དག་འཕགས་པས་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་པོ་འདི་ལ?་སྟེ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དགོངས་པ་མེད་པར་ལོག་པར་རྟོག་པས་ཆུད་ཟ་བར་འགྱུར་བའི་གཉེན་པ་ནི། དོན་དམ་ཡང་དག ་འཕགས་དེ་ལ་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དོན་མེད་པར་ལོག་པར་རྟོག་པས་ཆུད་ཟ་བར་འགྱུར་བའི་གཉེན་པོ་ནི། དོན་དམ་ཡང་དག་འཕགས་དེ་ལ་འདི་ལྟ་སྟེ། དཔེར ་ན་ནམ་མཁའ་ཨི?་མེ་ཏོག་པ?་ལྟ་བར་དེ་ལྟ་བུར་ན་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །བལྟོས་པ་མེད་པར་ལོག་པར་རྟོག་པས་ཆུང་ཟ་བར་འགྱུར་བའི་གཉེན་པོ་ནི། །དོན་དམ་ཡང་དག་འཕྲད?་དེ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ལ་དགོངས ་ནས་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེ་ལ་དང་པོར་གནས་མེད་པར་ལོག་པར་རྟོག་པས་ཆུད་ཟ་བར་འགྱུར་བའི་གཉེན་པོའི་ཚིག་གི་དོན་ལ་སོགས་ལ་བཤད་པར་བྱ་སྟེ། གནས་མེད་པར་ལོག་པར ་རྟོག་པས་ཆུད་ཟ་བར་འགྱུར་བའི་ཞེས་བྱ་བ་ནི་ངོ་བོ་ཉིད་གསུམ་ལམ་བརྟེན་པའི་ཕྱིར་གནས་མེད་པར་ལོག་པར་རྟོག་པ་སྟེ། དེ་ཇི་ལྟ་བུ་ཞེ་ན། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེས་གསུངས་པ་ནི་ངོ་བོ་ཉིད ་གསུམ་པོ་ཀུན་བརྟགས་བའི་ངོ་བོ་ཉིད་དང། གཞན་གྱི་དབང་གི་ངོ་བོ་ཉིད་དང། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་བརྟེན་ཏེ་གསུངས་པའི་ཕྱིར་གནས་ཡོད་པ་ཡིན་ན། དེ་ལྟར་མི་ཤེས་ཤིང་ངོ་བོ་ཉིད་གསུམ་པ་ལ་མ་བརྟེན་པར ་གསུངས་སོ་སྙམ་དུ་གནས་མེད་པར་ལོག་པར་རྟོག་པ་སྟེ། དེས་ཀྱང་རབ་ཏུ་ཉམས་ཅིང་ཆུད་མི་ཟ་བར་འགྱུར་པས་དེའི་ཕྱིར་དེའི་གཉེན་པར། དོན་དམ་ཡང་དག་འཕགས་པས་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་པོ ་འདི་ལྟ་སྟེ། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང། སྐྱེ་བ་ངོ་བོ་ཉིད་མེད་པ་གསུམ་དང། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལས་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་བསྟན་ཏོ་ཞེས་བྱ་བ་གསུངས་ཏེ། བཅོམ་ལྡན ་འདས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེས་གསུངས་པ་ངོ་བོ་ཉིད་རྣམ་པ་གསུམ་པོ་དག་ལ་བརྟེན་ནས་དེ་དག་གི་ངོ་བོ་ཉིད་མེད་པ་གསུམ་ལས་དགོངས་ཏེ་གསུངས་པ་ཡིན་པས་གནས་མེད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག ་སྟེ?། ངོ་བོ་ཉིད་མེད་པ་ཉིད་གསུམ་གྱི་ཚིག་གི་དོན་ནི་འོག་ནས་སྟོན་ཏོ། །དེ་ནི་གནས་མེད་པར་ལོག་པ་རྟོག་པ་ཆུད་ཟ་བར་འགྱུར་བའི་གཉེན་པོ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ལྡེམ་པོར་དགོངས་པ་ལ་བསྟན་པ་ཡིན་ནོ། །དེའི་འོག་ཏུ ་དགོངས་པ་མེད་པར་ལོག་པར་རྟོག་པས་ཆུད་ཟ་བར་འགྱུར་བའི་གཉེན་པོ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དགོངས་པ་མེད་པར་ལོག་པར་ཆུད་ཟ་བར་འགྱུར་བ་ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་ལས་དགོངས ་པ་ཡོངས་སུ་སྤང་བའི་ཕྱིར་དགོངས་པ་མེད་པར་ལོག་པར་རྟོག་པ་སྟེ། དེ་ཡང་ཇི་ལྟ་བུ་ཞེ་ན། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེས་གསུངས་པ་ནི་ངོ་བོ་ཉིད་མེད་པ་ཉིད་གཅིག་བུ་ཞིག་ལས་དགོངས་པ་མིན་གྱི་ངོ་བོ་ཉིད ་མེད་པ་ཉིད་རྣམ་པ་གསུམ་པོ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལས་དགོངས་ཏེ་གསུངས་པ་ཡིན་པས་དགོངས་པ་ཡོད་པ་ཡིན་ན། དེ་ལྟར་མི་ཤེས་ཤིང་ངོ་བོ་ཉིད་མེད་པ ་གསུམ་ལས་མ་དགོངས་སོ་སྙམ་དུ་དགོངས་པ་མེད་པར་ལོགས་པར་རྟོག་པ་སྟེ། དེས་དང་རབ་ཏུ་ཉམས་ཤིང་ཆུད་ཟ་བར་འགྱུར་བས་དེའི་ཕྱིར་དེའི་གཉེན་པར། དོན་དམ་ཡང་དག་འཕགས་དེ་ལ་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད ་མེད་པ་ཉིད?་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་དོན་དུ་ན། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེས་གསུངས་པ་ལ། ཆོས་ཐམས་ཅད་ཅེས་བྱ་བ་ནི་མཚན་ཉིད་གསུམ་པོ་དག་གོ་།ངོ་བོ ་ཉིད་མེད་པ་ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པ་ཉིད་གསུམ་པོ་དག་སྟེ། དེ་ཡང་མཚན་ཉིད་ཐམས་ཅད་ངོ་བོ་ཉིད་མེད་པ་མ་ཡིན་གྱི་ཀུན་བརྟགས་པའི་མཚན་ཉིད་ནི་མིང་དང་བརྡར་རྣམ་པར་བཞག་པའི ་མཚན་ཉིད་ཡིན་གྱི་རང་གི་མཚན་ཉིད་ཀྱིས་རྣམ་པར་བཞག་པ་ནི་མ་ཡིན་པས། བདེན་པ་གཉིས་ཀར་གཏན་མེད་པའི་ཕྱིར་དེ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡིན་ལ། གཞན་གྱི་དབགན་གི་མཚན་ཉིད་ནི་རྐྱེན ་གྱི་སྟོབས་ཀྱིས་བྱུང་བ་ཡིན་གྱི་བདག་ཉིད་ཀྱིས་ནི་མ་ཡིན་པས། ཀུན་རྫོབ་ཀྱི་བདེན་པར་སྒྱུ་མ་ཙམ་དུ་ཡོད་པའི་ཕྱིར?་ཕན?་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡང་ཡིན་ལ། རྣམ་པར་དག་པའི་དམིགས ་པ་མ་ཡིན་པས་དེ་ལ་དོན་དམ་པའི་ངོ་བོ་ཉིད་མེད་པའི་ཕྱིར་དོན་དམ་པའི་བདེན་པ་མ་ཡིན་པས་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡང་ཡིན་ཡོངས་སུ་གྲུབ་པའི་མཚན་ཉིད་ནི་དོན་དམ་པ་ཡིན་ལ་དོན་དམ་པ་ནི་ཆོས་ ་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཀྱི་རབ་ཏུ་ཕྱེ་བ་ཡིན་ལ། དོན་དམ་པའི་བདེན་པ་ཡང་ཡིན་ངོ་བོ་ཉིད་མེད་པ་ཉིད་ཀྱང་ཡིན་པའི་ཕྱིར་དེ་ནི་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡིན་པས་ན་དེའི་ཕྱིར་བཅོམ ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེས་གསུངས་པ་ལ་དགོངས་པ་མེད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་དགོངས་པ་མེད་པ་ལོག་པར་རྟོག་པས་ཆུད་ཟ་བར་འགྱུར་བའི་གཉེན་པོར་ངོ་བོ་ཉིད་མེད་པ་ཉིད་མེད་པ་ཉིད་ཀྱི་ལྡེན ་པོར་དགོངས་པ་བསྟན་པ་ཡིན་ནོ། །དེའི་འོག་ཏུ་དོན་མེད་པར་ལོག་པར་རྟོག་པས་ཆུད་ཟ་བར་འགྱུར་བའི་གཉེན་པོར་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དོན་མེད་པར་ལོག་པར་རྟོག་པས་ཆུང་ཟ་བར་འགྱུར་བ ་ཞེས་བྱ་བ་ནི་སྒྲོ་བཏགས་པ་མེད་ཅིང་སྐུར་པ་མེད་པའི་དོན་རྣམ་པར་སྤངས་པའི་ཕྱིར་དོན་མང་པར་ལོག་པར་རྟོག་པ་སྟེ། དེ་ཡང་ཇི་ལྟ་བུ་ཞེ་ན། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་ཅེས་གསུངས་པ་ནི་སྒྲོ་བཏགས་པ ་མེད་པ་དང་སྐུར་པ་མང་པའི་དོན་དང་ལྡན་པ་ཡིན་ཏེ། ཀུན་བརྟགས་པའི་མཚན་ཉིད་མཚན་ཉིད་ངོ་བོ་ཉིད་མེད་པ་ནི་ནམ་མཁའ་ཨི་མེ་ཏོག་དང་འདྲ་བར་བདེན་པ་གཉི་གར་གཏན་མེད་པས་དེ་ནི་སྒྲོ་བརྟགས་པ་མེད་པའི་དོན་དང་ལྡན་པ་ཡིན ་ལ། གཞན་གྱི་དབང་གི་མཚན་ཉིད་སྐྱེ་བ་ངོ་བོ་ཉིད་མེད་པ་དང། དོན་དམ་པ་ངོ་བོ་ཉིད་མེད་པ་ནི་སྒྱུ་མ་བྱས་པ་དང་འདྲ་བར་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་ཡོད་པ་ཡིན། ཡོངས་སུ་གྲུབ་པའི་མཚན་ཉིད་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱི་ངོ་བོ་ཉིད་མེད་པ ་ནི་ནམ་མཁའ་དང་འདྲ་བར་དོན་དམ་པའི་བདེན་པ་ཉིད་དུ་ཡོད་པ་ཡིན་པས། དེ་གཉིས་ནི་སྐུར་བ་འདེབས་པ་མེད་པའི་དོན་དང་ལྡན་པ་ཡིན་པའི་ཕྱིར་དོན་དམ་ཡོད་པ་ཡིན་ན། དེ་ལྟར་ན་མི་ཤེས་ཤིང་སྒྲོ་བཏགས་པ་མེད་པ་དང། སྐུར་བ་མེད་པའི ་དོན་དང་མི་ལྡན་ནོ་སྙམ་དུ་དོན་མེད་པར་ལོག་པར་རྟོག་པ་སྟེ་དེས་ཀྱང་རབ་ཏུ་ཉམས་ཤིང་ཆུད་ཟ་བར་འགྱུར་པས་དེའི་ཕྱིར་དེའི་གཉེན་པོར། དོན་དམ་ཡང་དག་འཕགས་དེ་ལ་འདི་ལ་སྟེ། དཔེར་ན་ནམ་མཁའ་ཨི་མེ་ཏོག་ཇི་ལྟ་བ་དེ་ལྟ་བུར་ནི་ཞེས་བྱ ་བ་ལ་སོགས་པ་གསུངས་ཏེ། འདིར་དོན་དུ་ན་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེས་གསུངས་པ་སྟེ། དེ་ཡང་མཚན་ཉིད་ཐམས་ཅད་ལ་སྐུར་བ་བཏབ་པ་མ་ཡིན་ཏེ། ཀུན་བཏགས་པའི་མཚན་ཉིད་ནི་ནམ་མཁའ་ཨི་མེ་ཏོག ་དང་འདྲ་བར་བདེན་པ་གཉིས་ཀར་གཏན་མེད་པས་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡིན་པས། དེ་ནི་སྒྲོ་བཏགས་པ་མེད་པའི་དོན་དང་ལྡན་པ་ཡིན་ལ་གཞན་གྱི་དབང་གི་མཚན་ཉིད་ནི་སྒྱུ་མ་བྱས་པ་དང་འདྲ་བར་ཀུན་རྫོབ ་ཀྱི་བདེན་པ་ཉིད་དུ་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང་དོན་དམ་པ་ངོ་བོ་ཉིད་མེད་པ་དེ་ལས་ཅིག་ཤོད་དོན་དམ་པའི་ངོ་བོ་ཉིད་མེད་པའི་ཚུལ་དུ་ཡོད་པ་ཡིན། ཡོངས་སུ་གྲུབ་པའི་མཚན་ཉིད་ནི་ནམ་མཁའ་དང་འདྲ་བར་དོན་དམ་པའི་བདེན་པ་ཉིད་དུ་དོན་དམ ་པར་ངོ་བོ་ཉིད་མེད་པ་དེ་ལས་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་དང་ཐམས་ཅད་དུ་སྤོང་བ། དོན་དམ་པ་ཡང་ཡིན་ལ་ངོ་བོ་ཉིད་མེད་པ་ཡང་ཡིན་པའི་ཚུལ་དུ་ཡོད་པ་ཡིན་པས་དེ་གཉིས་ནི་སྐུར་བ་མེད་པའི་དོན་དང་ལྡན་པར་གསུངས་པས་ན་དོན ་མེད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།དོན་དམ་ཡང་དག་འཕགས་པས་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་པོ་དེ་དག་ལས་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་བསྟན་ཏོ་ཞེས་བྱ་བ་ནི ་གནས་མེད་པ་དང། དགོངས་པ་མེད་པ་དང། དོན་མེད་པར་ལོག་པར་རྟོག་པའི་གཉེན་པོ་སྔར་བསྟན་པ་གསུམ་ཆར་གྱི་མཇུག་བསྡུ་བ་ཡིན་ཏེ། ས་གཅད་པ་ནི་ཐ་མའི་ནང་དུ་བསྡུའོ། །དེ་ནི་དོན་དམ་མེད་པར་ལོག་པར་རྟོག ་པས་ཆུང་ཟ་བར་འགྱུར་བའི་གཉེན་པོར་ངོ་བོ་ཉིད་མེད་པ་ཉིད་ཀྱི་ལྡེམ་པོར་དགོངས་པ་བསྟན་པ་ཡིན་ནོ། །དེའི་འོག་ཏུ་བལྟོས་པ་མེད་པར་ལོག་པར་རྟོག་པས་ཆུང་ཟ་བར་འགྱུར་བའི་གཉེན་པོ་བསྟན་པའི་ཚིག་གི་དོན་ལ་སོགས ་པ་བཤད་པར་བྱ་སྟེ། བལྟོས་པ་མེད་པར་ལོག་པར་རྟོག་པས་ཆུང་ཟ་བར་འགྱུར་བ་ཞེས་བྱ་བ་ནི་རང་གི་མཚན་ཉིད་ཀྱི་མེད་པ་གང་ཡིན་པ་དེ་ནི་མ་སྐྱེས་པ་ཡིན་ཞེས་བྱ་བ་ལ་སོགས་པ་ལྟར། སྔ་མ་ལ་ཕྱི་མ་བལྟོས་པའི་ཕྱིར ་བལྟོས་པ་མེད་པར་ལོག་པར་རྟོག་པ་སྟེ། དེ་ཡང་ཇི་ལྟ་བུ་ཞེ་ན། བཅོམ་ལྡན་འདས་ཀྱི་ཆོས་ཐམས་ཅད་མ་སྐྱེས་པ་མ་འགགས་པ་གཟོད་མ་ནས་ཞི་པ་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་གསུངས་པ་ནི་མཚན ་ཉིད་ངོ་བོ་ཉིད་མེད་པ་ཉིད་ལས་དགོངས་ནས་འདི་ལྟར་རང་གི་མཚན་ཉིད་ཀྱིས་མེད་པ་གང་ཡིན་པ་དེ་ནི་མ་སྐྱེས་པ་ཡིན། མ་སྐྱེས་པ་གང་ཡིན་པ་དེ་ནི་མ་འགགས་པ་ཡིན། མ་སྐྱེས་པ་དང་མ་འགགས་པ་གང་ཡིན་པ་དེ་ནི ་གཟོད་མ་ནས་ཞི་བ་ཡིན། གཟོད་མ་ནས་ཞི་བ་གང་ཡིན་པ་དེ་ནི་རང་བཞིན་གྱི་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ཞེས་གསུངས་པ་དང། ཡང་དེ་ནི་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་ལས ་དགོངས་ནས་གསུངས་པ་ཡང་ཡིན་ཏེ། འདི་ལྟར་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཆོས་བདག་མེད་བས་རབ་ཏུ་ཕྱེ་བ་ཉིད་འདུས་མ་བྱས་པ་ཉོན་མོངས་པ་ཐམས་ཅད་བྲལ་བ་ཡིན་ཏེ། འདུས་མ་བྱས་པའི་ཕྱིར་མ་སྐྱེས་པ་དང་མ་འཕགས་པ་ཡིན་ལ། ཉོན་མོངས ་པ་ཐམས་ཅད་དང་བྲལ་བའི་ཕྱིར་གཟོད་མ་ནས་ཞི་བ་དང། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་གསུངས་པ་ནི་སྔ་མ་?་ཕྱི་མ་བལྟོས་པའི་ཕྱིར་བལྟོས་པ་ཡོད་པ་ཡིན་ན། དེ་ལྟར་མི་ཤེས་ཤིང་སྔ་མ་ལ་ཕྱིམ་མ་བལྟོས་མ་སྐྱེས་པ་ཡང ་གཞན་ཞིག་ཡིན་ལ། མ་འགགས་པ་ཡང་གཞན་གཟོད་མ་ནས་ཞིབ་ཡང་གཞན། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཡང་གཞན་ཞིག་ཡིན་པར་གསུངས་སོ་སྙམ་དུ་བལྟོས་པ་མེད་པར་ལོག་པར་རྟོག་པ་སྟེ། དེས་ཀྱང་རབ་ཏུ་ཉི་མ་ཤིང་ཆུང་ཟབ ་འགྱུར་བས་དེའི་ཕྱིར་དེའི་གཉེན་པོར། དོན་དམ་ཡང་དག་འཕགས་དེ་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ལ་དགོངས་ནས་ངས་ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ་།གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་ངན་ལས་འདས་པའོ་ཞེས་བསྟན་ཏོ་ཞེས་བྱ་བ་ལ་སོཌ་པ་དང། དོན་དམ་པ་ཡང་དག་འཕགས་ཡང་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཆོས་བདག་མེད་པས་རབ་ཏུ་ཆེ་བ་ལས་དགོངས་ནས་དས་ཆོས་ཐཾས་ཅད་མ་སྐྱེས་པ། མ་འགགས་པའི་གཟོད་མ་ནས་ཞིག་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདིས་པའོ་ཞེས་བསྟན་ཏེ་ཞེས ་བྱ་བ་ལ་སོཌ་པ་གསུངས་ཏེ། འདིར་དོན་དུ་ན་བཅོམ་ལྡན་འདས་ཀྱིས་ཆོས་ཐཾས་ཅད་མ་སྐྱེས་པ། མ་འགཌ་པ། གཟོད་མ་ནས་ཞིག་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་གསུངས་པ་ནི་མཚན་ཉིད་ངོ་བོ་མེད་པ་ལས་དགོངས་པ་ཡང་ཡིན་ཏེ། རང་གི་མཚན་ཉིད་ཀྱིས་མེད་པ ་གང་ཡིན་པ་དེ་ནི་མ་སྐྱེས་པ་ཡིན་ཞེས་བྱ་བ་ལ་སོཌ་པ་ལྟར་སྔ་མ་ལ་ཕྱི་མ་བལྟོས་པའི་ཕྱིར་དེ་ཡང་བལྟོས་པ་མེད་པ་མ་ཡིན་ལ། དེ་ནི་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཆོས་བདག་མེད་པ་རབ་ཏུ་ཕྱེ་བ་ལས་དགོངས་པ་ཡང་ཡིན་ཏེ། དེ་ནི་ཆོས་རྣམས་ཀྱི་ཆོས་ཉིད་འདུས་མ་བྱས་པ་ཉོན་མོངས་པ་ཐཾས་ཅད་དང ་བྲལ་པ་ཡིན་པས་དེ་ནི་འདུས་མ་བྱས་པའི་ཕྱིར་མ་སྐྱེས་པ་དང། མ་འགགས་པ་ཡིན་ལ་དེ་ནི་ཉོན་མོངས་པ་ཐམས་ཅད་དང་བྲལ་བའི་ཕྱིར། གཟོད་མ་ནས་ཞི་བ་དང། རང་བཞིན་གྱིས་ཡོངས་སུ་མྱ་ངན ་ལས་འདས་པ་ཡིན་ཏེ་ཞེས་གསུངས་པའི་?་སྔ་མ་ལ་ཕྱི་མ་བལྟོས་པའི་ཕྱིར་བལྟོས་པ་མེད་པ་མ་ཡིན་པས་ན། དེའི་ཕྱིར་མ་སྐྱེས་པ་ཡང་གཞན་ཞིག་ཡིན་ལ་མ་འགགས་པ་ཡང་གཞན་ཞིག་ཡིན་ལ་མ་འགགས་པ་ཡང་གཞན་གཟོད་མ་ནས་ཞིབ་ཡང་གཞན་དང? ་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཡང་གཞམ་ནག་ཡིན་པར་གསུངས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་བལྟོས་པ་མེད་པར་ལོག་པར་རྟོག་པས་ཆུང་ཟ་བར་འགྱུར་བའི་གཉེན་པོར་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ལྡོམ་པོར ་དགོངས་པ་བསྟན་པ་ཡིན་ནོ། །ངོ་བོ་ཉིད་མེད་པ་ཉིད་ཀྱི་ལྡེམ་པོར་དགོངས་པ་བསྟན་པའི་ཚིག་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་དེ་ལ་སྤྱོད་པའི་གང་ཟག་གི་བྱེ་བྲག་བསྟན་པའི་ཚིག ་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ལ་སྦྱོང་བའི་གང་ཟག་གི་བྱེ་བྲག་ནི་རྣམ་པ་གཉིས་ཏེ། སྒྲུབ་པའི་བྱེ་བྲག་དང། མོས་བའི་བྱེ་བྲག་གོ་།དེ་ལ་སྒྲུབ་པའི་བྱེ་བྲག་ཀྱང་རྣམ་པ་གཉིས་ཏེ། མདོར་བསྟན་པ་དང། ་རྒྱས་པར་བཤད་པར་བྱའོ། །མོས་པའི་བྱེ་བྲག་ཀྱང་རྣམ་པ་གཉིས་ཏེ། མདོར་བསྟན་པ་དང། རྒྱས་བར་བཤད་པའོ། །དེ་ལ་བསྒྲུབ་བའི་བྱེ་བྲག་མདོར་བསྟན་པ་ནི། དོན་དམ་ཡང་དག་འཕགས་པས་ནི་སེམས་ཅན་གྱི ་ཁམས་ན་ཞེས་བྱ་བ་ནས་འཁོར་བ་ལས་མི་འདའ་བའ་ཨི་ཕྱིར་རོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །སྒྲུབ་བའི་བྱེ་བྲག་རྒྱས་པར་བཤད་པ་ནི། དོན་དམ་ཡང་དག་འཕགས་དེ་ལ་སེམས་ཅན་གང་དག་དང་པོ་ཉིད་ནས ་དགེ་བའི་རྩ་བ་མ་སྐྱེད་བ་ཞེས་བྱ་བ་ནས་དེའི་ཕྱིར་དེ་བཞིན་གཤེགས་པས་དེ་ཉན་ཐོས་ཀྱི་རིགས་སུ་འདོགས་སོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །མོས་པའི་བྱེ་བྲག་མདོར་བསྟན་པ་ནི། དོན་དམ་ཡང་དག་འཕགས་འདི་ལྟར་པའི་ཆོས ་འདུལ་བ་ཞེས་བྱ་བ་ནས། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ། །ཞེས་ཆོས་སྟོན་ཏོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །མོས་བའི་བྱེ་བྲག་རྒྱས་པར་བཤད་པ་ནི། དེ་ལ་སེམས་ཅན་གང་དག་དགེ་བའི་རྩ་བ་ཆེན་པོ་སྐྱེད་པ ་ཞེས་བྱ་བ་ནས། དོན་དམ་ཡང་དག་འཕགས་དེ་བཞིན་དེ་གཞན་དུ་མ་ཡིན་གྱིས་དེ་ནི་དེ་བཞིན་དུ་ཟུང་ཞིག་ཅེས་གསུངས་བའི་པར་གྱིས་བསྟན་ཏོ། །དེ་ལ་དང་པོར་དེ་ལ་སྤྱོད་བའི་གང་ཟག་གི་བསྒྲུབ་བའི་བྱེ་བྲག་མདོར་བསྟན་པའི་ཆོག་གི ་དོན་ལ་སོགས་པ་བཤད་པར་བྱ་སྟེ། སྒྲུབ་པའི་བྱེ་བྲག་མདོར་བསྟན་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ངོ་བོ་ཉིད་གསུམ་པོ་དག་གི་ངོ་བོ་ཉིད་མེད་པ་ཉིད་གསུམ་པོ་དག་གི་ངོ་བོ་ཉིད་མེད་པ་ཡིན་པར་གསུངས་པས། ངོ་བོ་གསུམ་ལས ་ངོ་བོ་ཉིད་མེད་པ་གསུམ་ཐ་དང་པ་མ་ཡིན་སེམས་ཅན་རྣམས་ཀྱིས་དེ་ལྟར་མ་མཐོང་ཞིང་ངོ་བོ་ཉིད་ལ་མངོན་པར་ཞེན་པས་ཀུན་ནས་ཉོན་མོངས་པའི་ཕྱོགས་དང་མཐུན་པར་བསྒྲུབ་ཅིང་ཡུན་རིང་པོར་འཁོར་བར་འཁོར་བར་འགྱུར་བའི་བསྒྲུབ ་བའི་བྱེ་བྲག་མདོར་བསྟན་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དོན་དམ་ཡང་དག་འཕགས་པས་ནི་སེམས་ཅན་གྱི་ཁམས་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིར་འཚམས་སྦྱར་བ་ཇི་ལྟ་བུ་ཞེན ་ངོ་བོ་ཉིད་གསུམ་དང། ངོ་བོ་ཉིད་མེད་པ་ཉིད་གསུམ་ནི་དོན་ཐ་དད་བ་མ་ཡིན་ཏེ། ཀུན་བརྟགས་བའི་ངོ་བོ་ཉིད་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱི་ངོ་བོ་ཉིད་མེད་པ་ཡིན་ལ། གཞན་གྱི་དབང་གི་ངོ་བོ་ཉིད་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང། དོན་དམ ་པ་ངོ་བོ་ཉིད་མེད་པ་གཅིག་གིས་ངོ་བོ་ཉིད་མེད་པ་ཡིན། །ཡོངས་གྲུབ་པའི་ངོ་བོ་ཉིད་ནི་དོན་དམ་པ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡིན་པས་ངོ་བོ་ཉིད་གསུམ ་བསྟན་པས་ངོ་བོ་ཉིད་མེད་པ་ཉིད་གསུམ་ཡང་རྟོགས་པར་འགྱུར་བའི་ཕྱིར་ངོ་བོ་ཉིད་གསུམ་གདགས་པར་བྱས་པ་ལས་སོགས་ཤིན་ཏུ་ངོ་བོ་ཉིད་མེད་པ་ཉིད་གསུམ་གདགས་མི་དགོས་པ་ཡིན་ན། བཅོམ་ལྡན་འདས་ཀྱིས ་ཆོས་བ་དགས་པ་རྣམ་པར་བཞག་པ་མཛད་པའི་གནས་སྐབས་དེ་དང་དེ་དག་ཏུ་ངོ་བོ་ཉིད་གསུམ་གདགས་པས་ཡང་མཛད་པ་དེ་ངོ་བོ་ཉིད་མེད་པ་ཉིད་གསུམ་གདགས་པ་ཡང་མཛོད་བའི་སྐབས་འདིར་དོན་དམ་ཡང་དག་འཕགས་དེས་ནི་སེམས་ཅན ་ཡིན་སམ་དུ་ཞིབ་མ་བརྟགས་པ་མཁས་པ་འཛངས་བའི་ཤེས་རབ་དང་ལྡན་པ་དགེ་ཚུལ་བཞིན་དུ་བཞུགས་པའི་བསམ་པས་རྟོག་ཅིང་རིགས་པས་བསྐྱེད་པའི་སྨྲ་བས་སྒྲོལ་བར་འགྱུར་བའི་བསམ་པས་བརྟགས་ནས། བཅོམ་ལྡན ་འདས་སྟོབས་བཅུའི་མཁྱེན་པ་མངའ་བ་ཐུགས་རྗེ་དང་ལྡན་པས་སྔར་ངོ་བོ་ཉིད་གསུམ་གདགས་པ་མཛད་པའི་འོག་ཏུ་ངོ་བོ་ཉིད་མེད་པ་ཉིད་གསུམ་ཡང་གདགས་པ་མཛད་པའི་སྐབས་འདིར་དོན་དམ་ཡང་དག་འཕགས་པས་ནི་སེམས་ཅན ་གྱི་ཁམས་ན་སེམས་ཅན་རྣམས་ཀྱི་ཀུན་བརྟགས་པའི་ངོ་བོ་ཉིད་ངོ་བོ་ཉིད་ཀྱིས་ཐ་དད་པར་མཐོང་ཞིང་གཞན་གྱི་དབང་གི་ངོ་བོ་ཉིད་དང། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱང་ངོ་བོ་ཉིད་ཀྱིས་ཐ་དད་པར་མཐོང་ན། དེའི་ཕྱིར་ངོ་བོ་ཉིད་མེད་པ་ཉིད ་རྣམ་པ་གསུམ་མི་འདོགས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་དོན་དུ་ན་ངོ་བོ་ཉིད་གསུམ་ལས་ངོ་བོ་ཉིད་མེད་པ་ཉིད་གསུམ་དོན་ཐ་དད་པ་མ་ཡིན་མོང་ཀྱི། སེམས་ཅན་རྣམས་ཀྱི་གལ་ཏེ་དེ་བཞིན་དུ་ཀུན་བརྟགས་པའི་ངོ་བོ་ཉིད ་ཀྱང་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པར་མཚན་ཉིད་མ་འདྲེས་བར་མཐོང་ཞིང་གཞན་གྱི་དབང་གི་ངོ་བོ་ཉིད་དང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་མྱང་སྐྱེ་བ་ངོ་བོ་མེད་པ་ཉིད་དང། དོན་དམ་པ་ངོ་བོ་ཉིད་མྱང་བ་ཉིད་ཀྱང་དེ་ཉིད་མེད་པར ་མཚན་ཉིད་མ་འདྲེས་པར་མཐོང་ན་ནི་དེའི་ཚེ་དེ་དག་གིས་མཚན་ཉིད་མེད་པའི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན་ཀུན་ནས་ཉོན་མོངས་བའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤངས་ཤིང། ཀུན་ནས་ཉོན་མོངས་བའི་མཚན་ཉིད་ཀྱི་ཚེས ་རབ་ཏུ་སྤངས་ནས་རྣམ་པར་བྱང་བའི་མཚན་ཉིད་ཀྱིས་ཆོས་ཐོབ་པར་གྱུར་བ་ཉིད་ཡིན་པས་དེའི་ཕྱིར་ཡང་དེ་དག་གི་དོན་དུ་ངོ་བོ་ཉིད་མེད་པ་གསུམ་འདོགས་པར་ཡན་མི་མཛད་པ་ཞེག་ན། སེམས་ཅན་རྣམས་ཀྱིས་དེ་ལྟར་མ་མཐོང་ཞིང་གཞན? ་གྱི་དབང་དང་ཡོངས་སུ་གྲུབ་བའི་ངོ་བོ་ཉིད་ལ་ཀུན་བརྟགས་པའི་ངོ་བོ་ཉིད་པ་མངོན་པར་ཞེན་ཏེ། ཇི་ཙམ་དུ་ཀུན་བརྟགས་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་པའི་བག་ཆགས་ཀུན་གཞི་རྣམ་པར་ཤེས་པ་བསགས་པ་དེ་ཙམ་དུ་གཞན་གྱི་དབང་གི? ་ངོ་བོ་ཉིད་ལུགས་བཞིན་དུ་སྐྱེས་ཅིང་ཉོན་མོངས་པ་དང། ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པར་འགྱུར་ཏེ། ཡུན་རིང་པོ་ལ་མོ་རྒྱུད་ལྔར་འཁོར་ཞིང་འཁོར་བ་ལས་མི་འདའ་བའ་ཨི་ཕྱིར་དེ་དག་གི་ངོ་བོ་ཉིད་གསུམ་པ་དག་ངོ་བོ་ཉིད་མེད ་རྟོགས་པ་བྱ་བའི་དོན་དུ་ངོ་བོ་ཉིད་མེད་པ་ཉིད་གསུམ་འདོགས་པར་མཛད་དེ། །དེ་ལ་དགོས་པ་དང་དགོངས་པ་ནི་དེ་ཡིན་ནོ་ཞེས་བསྟན་ཏོ། །དེ་ལྟར་ངོ་བོ་ཉིད་ལ་མངོན་པར་ཞེན་ཅིང་ངོ་བོ་ཉིད་མེད་པ་མི་རྟོགས་པས་ཡུན་རིང་པོར་འཁོར་བར་མི་འཁོར ་པར་འགྱུར་བ་དེ་ཉིད་ལ་སྤྱོད་པའི་གང་ཟག་གི་སྒྲུབ་བའི་བྱེ་བྲག་མདོར་བསྟན་པ་ཡིན་ཏེ། དེ་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་བསྒྲུབ་བའི་བྱེ་བྲག་ཡིན་པར་སྦྱར་རོ། །དེ་ལྟར་མཚམ་སྦྱར་བ་དང་བརྒོལ་བའི ་ལན་གྱི་སྤྱིའི་དོན་བསྟན་ནས། ང་ནི་ཚིག་གི་དོན་བཤད་པར་བྱ་སྟེ། དེ་ལ་ཀུན་བརྟགས་པའི་ངོ་བོ་ཉིད་ངོ་བོ་ཉིད་ཐ་དད་པ་མཐོང་ཞིང་ཞེས་བྱ་བ་ནི་ཀུན་བརྟགས་བའི་ངོ་བོ་ཉིད་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱི་ངོ ་བོ་ཉིད་མེད་པར་ཐ་དད་བར་མཐོང་བའོ། །ཐ་དད་པ་ཞེས་བྱ་བའི་སྒྲ་ནི་མཚན་ཉིད་མ་འདྲེས་པ་སྟེ། ཀུན་བརྟགས་པའི་མཚན་ཉིད་སྒོ་བརྟགས་པ་མེད་པ་དེ་ཉིད་གཞན་གྱི་དབང་དང་ཡོངས་སུ་གྲུབ་བའི་མཚན་ཉིད་སྐུར་པ་མེད་པ་དང། མཚན ་ཉིད་མ་འདྲེས་བར་ཐ་དད་པར་མཐོང་བའོ། །གཞན་གྱི་དབང་གི་ངོ་བོ་ཉིད་དང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱང་ངོ་བོ་ཉིད་ཀྱིས་ཐ་དད་པར་མཐོང་ན་ཞེས་བྱ་བ་ཡང་ངོ་བོ་ཉིད་དེ་གཉིས་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང། དོན་དམ་པ་ངོ་བོ་ཉིད་མེད ་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པར་ཐ་དད་བར་མཐོང་ནའོ། །ཐ་དད་པ་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ཏེ། བྱེ་བྲག་ཏུ་ན་གཞན་གྱི་དབང་ནི་ཀུན་རྫོབ་ཏུ་སྐུར་བ་མེད་པར་ཡོད་ལ། ཡོངས་སུ་གྲུབ་པ་ནི་དོན་དམ་པར་སྐུར་པ་མེད་པར་ཡོད་བའི ་མཚན་ཉིད་མ་འདྲེས་པར་ཐ་དད་པར་མཐོང་ནའོ། །དེའི་ཕྱིར་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་མི་འདོགས་ཤིང་ཞེས་བྱ་བ་ནི་དེ་ལྟར་མཐོང་ན་དེའི་ཚེ་སྒོམ་བའི་རྣམ་པས་ཡོངས་སུ་ཤེས་པ་དང་དེའི་འབྲས་བུ་བྱ་བ་མེད་པ་ཉིད་ཡིན་པས་དེའི ་ཕྱིར་ཡང་དེ་དག་གི་དོན་དུ་ངོ་བོ་ཉིད་མེད་པ་ཉིད་གསུམ་མི་འདོགས་ཀྱི་དེ་དག་གི་དེ་ལྟར་མ་མཐོང་བས་དེའི་ཕྱིར་དེ་དག་གི་དོན་དུ་ངོ་བོ་ཉིད་མེད་པ་གསུམ་འདོགས་པར་བྱེད་དོ་ཞེས་འོག་ནས་འབྱུང་བ་དང་སྦྱར་བར་བྱའོ། །ཇི་ལྟར་ན་དེ ་དག་གི་ངོ་བོ་ཉིད་གསུམ་ངོ་བོ་ཉིད་ཀྱི་ཐ་དད་པར་མ་མཐོང་ཞེ་ན། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། སེམས་ཅན་རྣམས་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཀུན་བརྟགས་པའི་ངོ་བོ་ཉིད་དུ་སྒྲོ་བཏགས་ནས ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཀུན་བརྟགས་པའི་ངོ་བོ་ཉིད་དུ་སྒོ་བཏགས་ནས་ཞེས་བྱ་བ་ནི་དེ་སྐད་དུ་མིང་དུ་བཏགས་ནས་ཞེས་བྱ་བའི་ཐ་ཚིག་གོ་།ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི ་མཚན་ཉིད་དུ་རྗེས་སུ་ཐ་སྙད་འདོགས་ཏེ་ཞེས་བྱ་བ་ནི་ཚིག་གིས་འདོགས་པར་བྱེད་པའོ། །ཐ་སྙད་བཏགས་པས་ཡོངས་སུ་བསྒས་པའི་སེམས་ཞེས་བྱ་བ་ནི་ཀུན་བརྟགས་པའི་དག་ཆགས་ཀྱི་བསྒོས་པ་ཀུན་གཞི་རྣམ་པར་ཤེས་པའོ། །རྗེས་སུ ་འགྲོལ་བ་ཞེས་བྱ་བ་ནི་བག་ཆགས་སང་པའོ། །བག་ལ་ཉལ་གྱིས་ཞེས་བྱ་བ་ནི་འཁྲུལ་བའི་རྒྱུ་རང་བཞིན་ཉིད་དུ་གནས་པའོ། །མངོན་པར་ཞེན་ཏོ་ཞེས་བྱ་བ་ནི་རྣམ་པར་རྟོག་གོ་ཞེས་བྱ་བའི་ཐ་ཚིག་གོ་།ཀུན་ཏུ་སྐྱེད་ཞེས་བྱ་བ་ནི་ཡང་འབྱུང ་བའི་སྲིད་བར་མཚམས་སྦྱོར་བའོ། །ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་ཞེས་བྱ་ནི་ལུགས་གཞིན་འབྱུང་བས་བསྡུས་པའོ། །འཁོར་བ་ལས་མི་འདའ་བའ་ཨི་ཕྱིར། །དེའི་ཕྱིར་དེད་?་གསང་བཉིད་གསུམ་གནོ་བོ་ཉིད་ཀྱི་ཐ་དང ་པར་མ་མཐོང་ངོ་ཞེས་བཀའ་སྩལ་པར་སྦྱར་རོ། སྒྲུབ་བའི་བྱེ་བྲག་མདོར་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་དལ་སྦྱོད་པའི་གང་ཟག་གི་སྒྲུབ་བའི་བྱེ་བྲག་རྒྱས་བར་བཤད་བའི་ཚིག ་དོན་ལ་སོགས་པ་བཤད་པར་བྱ་སྟེ། སྒྲུབ་བའི་བྱེ་བྲག་རྒྱས་པར་བཤད་པ་ཞེས་བྱ་བ་ནི་དེ་ལྟལར་སེམས་ཅན་རྣམས་ཀྱི་ངོ་བོ་ཉིད་གསུམ་ཐ་དད་པར་མ་མཐོང་བས་དེའི་ཕྱིར་དེ་བཞིན་གཤེགས་པ་ངོ་བོ་ཉིད་མེད་པ་ཉིད་གསུམ་འདོགས་པ ་མཛད་པ་ལས་བརྟེན་ནས་སེམས་ཅན་རྣམས་རྣམ་པར་བྱེད་བའི་ཕྱོགས་དང་མཐུན་པའི་ལས་སྒྲུབ་པར་བྱེད་བའི་སྒྲུབ་བའི་བྱེ་བྲག་རྒྱས་པར་བཤད་པ་གང་ཡིན་པའོ། །དེ་ཡང་གཞི་གསུམ་དང་ལྡན་པ་ཡིན་ཏེ། གཞིག་གསུམ་དང་ལྡན་? ་བསྟན་པའི་གཞི་དང་ལྡན་པ་དང། རིག་པའི་གཞི་དང་ལྡན་པ་དང། རྐྱེན་གྱི་གཞི་དང་ལྡན་པ་སྟེ། དེ་དག་ནི་རྣམ་པར་བྱང་བའི་ཕྱོགས་དང་མཐུན་པའི་སྒྲུབ་པའི་བྱེ་བྲག་བསྟན་པ་ཡིན་ནོ། །དེ་ལ་བསྟན་? ་པའི་གཞི་དང་ལྡན་པ་ནི་དོན་དམ་ཡང་དག་འཕགས་དེ་ལ་སེམས་ཅན་གང་དག་དང་པོ་ཉིད་ནས་དགེ་བའི་རྩ་བ་མ་བསྐྱེད་པ་ཞེས་བྱ་བ་ནས། སེམས་ཅན་གྱི་རིགས་པ་ཚོགས་དག་ཀྱང་མེད་པ་ནི་མ་ཡིན་ནོ་ཞེས་གསུངས་པའི ་བར་གྱིས་བསྟན་ཏོ། །རིགས་ཀྱི་གཞི་དང་ལྡན་པ་ནི། དོན་དམ་ཡང་དག་འཕགས་ཉན་ཐོས་ཀྱི་རིགས་ཅན་གྱི་གང་?་གཞི་བའི་འགྲོད་པ་གཅིག་?་བ་ནི་ཞེས་བྱའི་ནས་དེའི་ཕྱིར་ཞི་བའི་བགྲོད་པ་གཅིག་བུ་པ་ཞེས་བྱའོ ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །རྐྱེན་གྱི་གཞི་དང་ལྡན་པ་ནི་ཉན་ཐོས་བྱང་ཆུབ་ཡོངས་སུ་འགྱུར་པ་གང་ཡིན་པ་དེ་ནི་ངས་རྣམ་གྲངས་ཀྱི་བྱང་ཆུབ་སེམས་དཔའ་ཡིན་པར་བསྟན་ཏོ་ཞེས་བྱ་བ་ནས། དེའི་ཕྱིར་དེ་བཞིན ་གཤེགས་པས་དེ་ཉན་ཐོས་ཀྱི་རིགས་སུ་འདོགས་སོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །དེ་ལ་དང་པོ་བསྟན་པའི་གཞི་དང་ལྡན་པའི་བསྒྲུབ་པའི་བྱེ་བྲག་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་བར་བྱ་སྟེ། བསྟན་པའི་གཞི་དང ་ལྡན་པཱི་སྒྲུབ་བའི་བྱེ་བྲག་ཅེས་བྱ་བ་ནི་སེམས་ཅན་ལས་དང་པོ་བདག་དེ་བཞིན་གཤེགས་པས་ཆོས་བསྟན་པའི་གཞི་ལ་བརྟེན་ནས་རྣམ་པར་བྱང་བའི་ཕྱོགས་དང་མཐུན་པའི་ལམ་སྒྲུབ་པར་བྱེད་པ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད ་ནས། དོན་དམ་ཡང་དག་འཕགས་དེ་ལ་སེམས་ཅན་གང་དག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །འདིར་ལས་དང་པོ་པའི་མཚན་ཉིད་རྣམ་པ་ལྔ་བསྟན་ཏེ། རིགས་ཡང་དག་པར་མ་བསྒྲུབས་པ་དང། སྒྲིབ་པ་ཡོངས་སུ་དག་པ ་དང། རྒྱུད་ཡོངས་སུ་མ་སྨིན་པ་དང། སེམས་མ་བསྐྱེད་བ་དང། ཤེས་རབ་ཡོངས་སུ་མ་སྨིན་པའོ། །དེ་ལ་རིགས་ཡང་དག་པར་མ་བསྒྲུབས་པ་ནི་དང་པོ་ཉིད་ནམ་དགེ་བའི་རྩ་བ་མ་བསྐྱེད་པ་ཞེས་བྱ་བས་བསྟན་ཏེ། རིགས་ལ་རྣམ་པ་གཉིས་ཏེ། རང ་བཞིན་གྱིས་གནས་པའི་རིགས་དང། ཡང་དག་པར་བསྒྲུབ་བའི་རིགས་སོ། །དེ་ལ་རང་བཞིན་གྱིས་གནས་བའི་རིགས་ནི་སྐྱེ་མཆེད་དག་གི་ཁྱད་པར་ཐོག་མ་མེད་པ་འདུས་ནས་བརྒྱུད་དེ་འོངས་?་ཆོས་ཉིད་ཀྱི་ཐོབ་པ་གང་ཡིན་པ་སྟེ། དེ་ནི་ཡང་དག་པ་རང ་སྒྲུབ་མི་དགོས་པར་སེམས་ཅན་ཐམས་ཅད་པ་རང་བཞིན་གྱིས་ཡོད་པ་ཡིན། །ཡང་དག་པར་བསྒྲུབ་པའི་རིགས་ནི་སྔོན་དགེ་བའི་རྩ་བ་གོམས་པར་བྱས་པ་ལས་ཐོབ་པ་གང་མིན་པ་སྟེ། དེ་ནི་ཡང་དག་པར་མ་བསྒྲུབས་ཀྱི་བར་དུ་མི་ཐོབ་པ་ལ་ཡང་དག ་པར་བསྒྲུབས་ན་ཐོབ་པ་ཡིན་པས་སྐབས་འདིར་ནི་རིགས་ཡང་དག་པར་མ་བསྒྲུབས་བ་ཞེས་བྱ་བ་དེ་ནི་ཡང་དག་པར་བསྒྲུབས་པའི་རིགས་དེ་ཡང་དག་པར་མ་བསྒྲུབས་པས་ཇི་ལྟ་རིགས་ནི་?་གནས་བའི་བྱང་ཆུབ་སེམས་དཔའ་བརྟགས་གང་དག་གིས་ན ་འདི་ནི་བྱང་ཆུབ་སེམས་དཔའ་ཡིན་ནོ་ཞེས་གཞན་དག་གིས་དེ་ལྟར་ཤེས་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་ཨི་ཕྲ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རིཌ་གྱི་སྐྲ་དང་མི་ལྡན་པོས་ན། དེའི་ཕྱིར་དང་པོ་ཉིད་ནས་དགེ་བའི་རྩ་བ་མ་བསྐྱེད་པ་ཞེས་བྱའོ། །རིགས་འདིའི ་རྣམ་པར་བཞག་བ་ཞིབ་ཏུ་ནི་རིགས་ཀྱི་གཞི་དང་ལྡན་པ་བཤད་པའི་སྐབས་སུ་འོག་ནས་སྟོན་ཏོ། །སྒྲིབ་པ་ཡོངས་སུ་མ་དག་པ་ནི་སྒྲིབ་པ་ཡོངས་སུ་མ་དག་པ་ཞེས་བྱ་བས་བསྟན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་ཨི་རིགས་ཡང་དག་པར་བསྒྲུབ་པ་དེ་ཉིད་ཀྱི ་གནས་སྐབས་ན་རིགས་ལ་གནས་སུ་ཟིན་ཀྱང། ཇི་སྲིད་དུ་དཀར་པོའི་ཆོས་དང་མི་མཐུན་པ་ཉེ་བའི་ཉན་མོངས་པ་བཞི་པ་དག་ལས་ཟད་པར་དམ་གཅིག་གིས་ཉེ་བའི་ཉོན་མོངས་པ་ཅན་དུ་མ་གྱུར་པ་དེ་སྲིད་དུ་རང་བཞིན་གྱིས་བྱང་ཆུབ་སེམས་དཔའ་ཨི ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རིགས་ཀྱི་རྟགས་ཀྱི་དགེ་བའི་ཆོས་དེ་དག་དང་ལྡན་པར་འགྱུར་ལ། གང་གི་ཚེ་ཉེ་བའི་ཉོན་མོངས་པ་ཅན་དུ་གྱུར་པ་དེའི་ཚེ་དེ་དཀར་པོའི་ཆོས་དེ་དག་ལ་ཡང་མི་སྣང་ལ་ངན་སོང་དག་ཏུ་ཡང ་སྐབས་འགའ་སྐྱེ་བར་འགྱུར་བའི་ཉེ་བའི་ཉོན་མོངས་པ་བཞི་པོ་དེ་དག་དང་མ་བྲལ་བ་སྟེ། དཀར་བོའི་ཆོས་དང་མི་མཐུན་པའི་ཉེ་བའི་ཉོན་མོངས་པ་བཞི་པོ་དེ་གང་ཞེ་ན། སྔོན་བག་མེད་པར་གྱུར་ཅིང་ཉོན་མོངས་པ་དྲག་པོ་དང། ཉོན ་མོངས་པ་ཡུན་རིང་བ་འདི་ནི་ཉེ་བའི་ཉོན་མོངས་པ་དང་པོའོ། །བླུན་ཞིང་མི་ཁས་པ་ལ་སྡིག་པའི་གྲོགས་པོ་བརྟེན་པ་འདི་ནི་ཉེ་བའི་ཉོན་མོངས་པ་གཉིས་པའོ། །བླ་མ་དང། རྗེ་དཔོན་དང། རྒྱལ་པོ་དང། ཆོམ་རྐུན་དང། ཕྱིར ་རྒོལ་བ་ལ་སོགས་པས་ནན་གྱིས་མནན་ཏེ། བདག་ལ་དབང་མེད་པ་དང། སེམས་འཁྲུལ་པ་འདི་ནི་ཉེ་བའི་ཉོན་མོངས་པ་གསུམ་པའོ། །ཡོ་བྱད་མེད་ཅིང་འཚོ་བ་ལ་ལྟ་བ་འདི་ནི་ཉེ་བའི་ཉོན་མོངས་པ་བཞི་པ་སྟེ། ཉེ་བའི་ཉོན ་མོངས་པ་བཞི་པོ་དེ་དག་དང་མ་བྲལ་བའི་སྒྲིབ་པ་ཡོངས་སུ་མ་དག་པ་ཞེས་བྱའོ། །རྒྱུད་ཡོངས་སུ་མ་སྨིན་པ་ནི་རྒྱུད་ཡོངས་སུ་མ་སྨིན་པ་ཞེས་བྱ་བས་བསྟན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་རིགས་ཡང་དག་པར་བསྒྲུབ་པ་དེ་ཉིད་ཀྱི་གནས་སྐབS ་ན་རིགས་ལ་གནས་ཤིང། སྒྲིབ་པ་ཡོངས་སུ་དག་ཏུ་ཟིན་ཀྱང། རྒྱུ་བཞིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་ནུས་པའི་རྒྱུ་དེ་དག་དང་མ་བྲལ་བ་སྟེ། བཞི་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་དང་པོ ་ཉིད་ནས་ཀྱང་དགེ་བའི་བཤེས་གཉེན་སངས་རྒྱས་སམ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ལམ་ཕྱིན་ཅི་མ་ལོག་པ་སྟོན་པ་དང་མ་ཕྲད་པ་འདི་ནི་རྒྱུ་དང་པོའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་དང་ཕྲད་དུ་ཟིན ་ཀྱང་བྱང་ཆུབ་སེམས་དཔའ་ཨི་བསླབ་པ་དག་ལ་ཕྱིན་ཅི་ལོག་ཏུ་འཛིན་ཅིང་ཕྱིན་ཅི་ལོག་ཏུ་སློབ་པ་འདི་ནི་རྒྱུ་གཉིས་པའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ཨི་དགེ་བའི་བཤེས་གཉེན་དང་ཡང་ཕྲད་ལ། བྱང་ཆུབ ་སེམས་དཔའ་ཨི་བསླབ་པ་དག་ལ་ཕྱིན་ཅི་ལོག་ཏུ་མི་སློབ་ཏུ་ཟིན་ཀྱང་སྦྱོར་བ་གཡེལ་ཞིང་ལེ་ལོ་ཕྱེད་པ་ཡིན་ཏེ། ཤས་ཆེར་རྒྱུན་ཏུ་བརྩོམ་པ་དང་མི་ལྡན་པ་འདི་ནི་རྒྱུ་གསུམ་པའོ། །གཞན་ཡང་བྱང་ཆུབ ་སེམས་དཔའ་དགེ་བའི་བཤེས་གཉན་དང་ཡང་ཕྲད་ལ་སྦྱོར་བདག?་བྱང་ཆུབ་སེམས་དཔའ་ཨི་བསླབ་པ་དག་ལ་ཡང་ཕྱིན་ཅི་མ་ལོག་པར་སློབ་ཅིང་སྦྱོར་བ་དེ་དག་ལ་བརྩོན་འགྲུས་བརྩམས་སུ་ཟིན་ཀྱང། བྱང་ཆུབ་ཀྱི་ཕྱོགས ་ཀྱི་ཆོས་རྣམས་ཡུན་རིང་དུ་ཉམས་འོག་ཏུ་ཆུད་པར་མ་བྱས་པས་དབང་པོ་ཡོངས་སུ་མ་སྨིན་པ་དང། བྱང་ཆུབ་ཀྱིས་ཚོགས་ཡོངས་སུ་མ་རྫོགས་པ་འདི་ནི་རྒྱུ་བཞི་པ་སྟེ། རྒྱུ་བཞི་པོ་དེ་དག་དང ་མ་བྲལ་བའི་ཕྱིར་རྒྱུད་ཡོངས་སུ་མ་སྨིན་པ་ཞེས་བྱའོ། །སེམས་མ་བསྐྱེད་པ་ནི་མོས་པ་མི་མང་བས་བསྟན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་རིགས་ཧང་དག་པར་བསྒྲུབས་ནས ་རིགས་ལ་གནས་ཤིང་སྒྲིབ་པ་ཡོངས་སུ་དག་ལ་རྒྱུད་ཡོངས་སུ་སྨིན་དུ་ཟིན་ཀྱང། དེའི་འོག་ཏུ་དང་པོ་བྱང་ཆུབ་ཏུ་སེམས་མ་སྐྱེད་པའི་གནས་སྐབས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མོས་པའི ་ཁམས་སངས་རྒྱས་ཀྱི་ཆོས་རྣམས་ལ་ཐོབ་པར་ནུས་པས་ཡིད་ཆེས་པས་རབ་ཏུ་ཕྱེ་བ་མོས་པའི་གནས་བརྒྱད་པོ་མཆོག་གི་གནས་དང། རྒྱ་ཆེ་བའི་གནས་དང། ཟབ་བའི་གནས་དང། རྒྱུ་རིག ་པའི་གནས་དང། འབྲས་བུ་རིག་པའི་གནས་དང། རྟོགས་པར་བྱ་བའི་གནས་དང། བསྒྲུབ་པར་བྱ་བའི་གནས་དང། བཤད་པར་བྱ་བའི་གནས་དང། དཀོན་མཆོག་གསུམ་གྱི་ཡོན་ཏན་དང། ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་མཐུ་དང། དེ་ཁོ་ནའི་དོན་དང། ལམ་ལ་གནས་པ་དང། འབྲས་བུ་ཐོབ་པ་དང། བླ་ན་མེད་པའི་བྱང་ཆུབ་དང། བྱང་ཆུབ་སེམས་དཔའ་ཨི་བསླབ་པ་དང། ལེགས་པར་གསུངས་པའི ་ཆོས་མདོ་སྡེ་ལ་སོགས་པ་ལ་མོས་པའི་ཁམས་རྟག་པར་བྱེད་བའི་རྒྱུ་གཉིས་པོ་མོས་པ་ལ་གོམས་པ་ལན་མང་དུ་བྱེད་པ་དང། བཟོད་པ་དྲག་པ་མེད་བསམ་རྟས་བ་སྟེ། དེ་ནི་མོས་པ་མི་མང་བ་ཞེས་བྱའོ། །ཤེས་རབ ་ཡོངས་སུ་མ་སྨིན་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཆོགས་ཡང་དག་པར་མ་གྲུབ་པ་ཞེས་བྱ་བས་བསྟན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་ཨི་རིགས་ཡང་དག་པར་བསྒྲུབས་ནས་རིགས་ལ་གནས་ཤིང་སྒྲིབ་པ་ཡོངས་སུ་དག་པ་རྒྱུད་ཡོངས་སུ་སྨིན ་ཅིང་དེའི་འོག་ཏུ་སེམས་བསྐྱེད་དུ་ཟིན་ཀྱང། སེམས་བསྐྱེད་པ་དེའི་གོང་དུ་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་སྦྱོར་བའི་གནས་སྐབས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་གི་བསྡུས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང། བསོད་ནམས་དང་ཡེ་ཤེས་ཀྱི ་རྒྱུ་དང། བསོད་ནམས་དང་ཡེ་ཤེས་ཐོབ་པ་དང། གནས་པ་དང་འཕེལ་བར་འགྱུར་བ་ལ་བདུན་པ་དང། མཐུན་ལ་མི་མཐུན་པ་མེད་པའི་རྐྱེན་དང། སྔོན་ཡང་བསོད་ནམས་དང་ཡེ་ཤེས་ལ་གོམས་པ་དང། བསོད་ནམས་དང་ཡེ་ཤེས་ཀྱི་འབྲས ་བུ་བསོད་ནམས་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་གནོད་མ་མེད་པར་འཁོར་པར་འཁོར་ཞིང། སྡུག་བསྔལ་དག་གིས་ཤིན་ཏུ་གཟིར་བ་མེད་པ་དང། ཅི་དགའ་མགུར་སེམས་ཅན་གྱི་དོན་དང། སེམས་ཅན་ལ་ཕན་འདོགས་ནུས་པར ་འགྱུར་བ་དང། ཡེ་ཤེས་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་ཡང་དག་པར་བསོད་ནམས་ཡོངས་སུ་འཛིན་པར་བྱེད་ཀྱི་ལོག་པས་མ་ཡིན་པ་དང། མཁས་པར་བྱ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་མངོན་པར་རྫོགས་པར་སངས་རྒྱས་བའི་བར་དུ་འགྱུར་བ་དག་ཡང་དག་པར་མ་གྲུབ་པས་ཤེས་རབ་ཡོངས་སུ་མ་སྨིན་པ་སྟེ། དེ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་མ་བསྒྲུབས་པ་ཞེས་བྱའོ། །ལས་དང་པོ་པའི་མཚན་ཉིད ་ལྔ་པོ་དེ་དག་ལས་དང་པོ་གསུམ་གྱིས་ནི་རིགས་ཕུན་སུམ་ཚོགས་པར་མ་གྱུར་བའི་སྒོ་ནས་ལས་དང་པོ་པར་བསྟན་ཏོ། །བཞི་པས་ནི་མོས་པ་ཕུན་སུམ་ཚོགས་པར་མ་གྱུར་བའི་སྒོ་ནས་ལས་དང་པོ་བར་བསྟན་ཏོ། །ལྔ་བས་ནི་ཤེས་རབ་ཕུན་སུམ ་ཚོགས་པར་མ་གྱུར་བའི་སྒོ་ནས་ལས་དང་པོ་བར་བསྟན་ཏེ། དེ་ལྟ་བུའི་ལས་དང་པོ་པ་དག་གིས་ངོ་བོ་ཉིད་གསུམ་ངོ་བོ་ཉིད་ཀྱིས་ཐ་དད་བར་མ་མཐོང་བས། དེའི་ཕྱིར་བཅོམ་ལྡན་འདས་ཀྱི་ངོ་བོ་ཉིད་མེད་པ་ཉིད་གསུམ་གདགས་པ་མཛད་ཅིང་ཆོས་བསྟན ་པ་ན་གཞི་དེ་ལ་བརྟེན་ནས་རྣམ་པར་བྱེད་བའི་ཕྱོགས་དང་མཐུན་བའི་ལམ་བསྒྲུབ་པར་བྱེད་བ་ནི་བསྟན་བའི་གཞི་དང་ལྡན་པའི་སྒྲུབ་བ་ཞེས་བྱའོ། །དེ་དག་ལ་ནི་ང་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ལས་བརྩམས་ནས་ཆོས་སྟོན་ཏེ་ཞེས་བྱ་བ་ནི་སྔར་སེམས་ཅན ་གྱི་ཁམས་ན་སེམས་ཅན་རྣམས་གྱིས་གཞན་གྱི་དབང་གི་ངོ་བོ་ཉིད་ངོ་བོ་ཉིད་ཀྱིས་ཐ་དད་པར་མཐོང་ན་ནི་དེའི་ཕྱིར་སྐྱེ་བ་ངོ་བོ་ཉིད་མེད་བ་ཉིད་མི་འདོགས་ཀྱི། མ་མཐོང་བས་འདོགས་སོ་ཞེས་སྨོས་པ་ལ་ཇི་ལྟར་མ་མཐོང་བ་སྔར་གྲུབ་བའི་བྱེ་བྲག ་མདོར་བསྟན་པའི་སྐབས་སུ་བསྟན་ནས་དེར་མཐོང་བས། དེའི་ཕྱིར་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་འདོགས་སོ་ཞེས་ཇི་ལྟར་འདོགས་པ་བསྟན་ཏོ། །འོན་ཀྱང་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དེ་ལ་མཚན་ཉིད་མེད་པ་ཉིད་དང། དོན་དམ་པ་ངོ་བོ་ཉིད་མེད་པ་རྣམ་པ་གཉིས ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པས་ཞེས་བྱ་བ་ལ་སྐྱེ་བ་ངོ་བོ་ཉིད་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པས་ཞེས་བྱ་བ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ལ་ཀུན་བརྟགས་པའིངོ་བོ་ཉིད་བསྟན ་མེད་པར་མི་ཤེས་པའོ། །སྐྱེ་བ་ངོ་བོ་ཉིད་མེད་པ་དེ་ལ་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གཉིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པས་ཞེས་བྱ་བ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དེ་ཉིད་རྣམ་པར་དག་པའི་དམིགས་པ་མ་ཡིན་པར་དོན ་དམ་པའི་ངོ་བོ་ཉིད་མེད་ཅིང་ཀུན་རྫོབ་ཏུ་སྒྱུ་མ་བྱས་པ་དང་འདྲ་བར་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དུ་མི་ཤེས་པ་དང་དེ་ཉིད་གནས་བསྒྱུར་ཅིང་རྣམ་པར་དག་པའི་དམིགས་པ་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ ་རྣམ་པར་བྱང་བའི་མཚན་ཉིད་ཀྱིས་ཆོས་ཐོབ་པར་བྱ་བ་མི་ཤེས་པའོ། །ཡང་དེ་བཞིན་གཤེགས་པ་དེ་དག་ལ་ཇི་ལྟ་སྟེ། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལ་བརྩམས་ནས་ཞེས་བྱ་བ་ལ་སོགས་པས ་ནི་སྔར་སེམས་ཅན་གྱི་ཁམས་ན་སེམས་རྣམས་ཀྱི་ཀུན་བརྟགས་པའི་ངོ་བོ་ཉིད་ངོ་བོ་ཉིད་ཀྱིས་ཐ་དད་པར་མཐོང་ཞིང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱང་ངོ་བོ་ཉིད་ཀྱིས་ཐ་དད་པར་མཐོང་ན་ནི་དེའི་ཕྱིར་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང། དོན་དམ་པ་ངོ་བོ་ཉིད་མེད ་པ་ཉིད་མི་འདོགས་ཀྱི་མ་མཐོང་བས་འདོགས་སོ་ཞེས་སྨོས་པ་ལས་ཇི་ལྟར་མ་མཐོང་བ་སྔར་བསྒྲུབ་པའི་བྱེ་བྲག་མདོར་བསྟན་པའི་སྐབས་སུ་བསྟན་ནས་དེ་ལྟར་མ་མཐོང་བས་དེའི་ཕྱིར་འདོགས་སོ་ཞེས་ཇི་ལྟར་འདོགས་བ་བསྟན་ཏོ། །དེ་དག་གིས་ཆོས ་དེ་ཐོས་ནས་ཞེས་བྱ་བ་ལ་སོགས་པ་ནི་སྔར་བསྒྲུབ་པའི་བྱེ་བྲག་མདོར་བསྟན་པའི་སྐབས་སུ་ཀུན་ནས་ཉོན་མོངས་བའི་ཕྱོགས་དང་མཐུན་པའི་སྒྲུབ་པ་ཇི་སྐད་བསྟན་པ་ལས་བཟློག་པ་ཡིན་ནོ། །ཚེ་འདི་ལ་ཤེས་པའི་སྟོབས་བསྐྱེད་པ་ཞེས་བྱ་བ་ནི་མཚན་མ ་རྣམ་པར་བཤིག་པའི་ཕྱིར་རོ། །གནས་ངན་ལེན་སྤངས་བའི་ཕྱིར་དང། ཕྱི་མ་ལ་རྒྱུད་ཡང་དག་པར་ཚེད་བས་ཞེས་བྱ་བས་ནི་ཚེ་འདི་ལ་མཚན་མ་དང་གནས་ངན་ལེན་སྤངས་པའི་ཕྱིར་ཕྱི་མང་གཞན་གྱི་དབང་ཡང་འབྱུང་བའི་རྒྱུ་མེད་པའོ། །འགོག་པར་? ་བྱེད་ཞེས་བྱ་བ་ནི་གནས་འགྱུར་བར་བྱེད་བའོ། །ལམ་འདི་ཉིད་དང་བསྒྲུབ་པ་འདི་ཉིད་ཀྱིས་ཞེས་བྱ་བ་ནི་རྣམ་གྲངས་ཏེ། ངོ་བོ་ཉིད་མེད་པ་ཉིད་གདགས་པ་མཛད་པ་འདི་ཉིད་ཀྱིས་སོ། །རྣམ་པར་དག་པའི་ལམ་གཅིག་པ་ཡིན་ལ་ཞེས་བྱ་བ་ནི་ཉོན་མོངས་པའི་སྒྲིབ་པ? ་ལས་རྣམ་པར་གྲོལ་བར་འགྱུར་བའི་ལམ་མཐུན་མོང་ཡིན་པའོ། །རྣམ་པར་དག་པ་ཡང་གཅིག་སྟེ་ཞེས་བྱ་བ་ནི་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲེལ་བའི་འབྲས་བུའི་དབང་དུ་མཛད་དེ་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱིས་ཆོས་བདག་མེད་པ་རྟོགས་པ་ནི་ཉན ་ཐོས་དང་རང་སངས་རྒྱས་ལ་ཡང་ཡོད་པའི་ཕྱིར་རོ། །འོ་ན་ཅིའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་པར་མི་འགྱུར་ཞེ་ན་ཤེས་བྱའི་རྣམ་པར་ཤེས་པར་བྱ་བ་ནི་དེ་ཙམ་དུ་ཟད་པ་མ་ཡིན་ཏེ། གཞན་གྱི་དབང་གི་ངོ་བོ་ཉིད་ཀྱིས་བྱེ་བྲག་ཤེས་པར་བྱ་བ་དུམ ་ཡོད་པ་དེ་དག་?་དུང་མི་ཤེས་པའི་ཕྱིར་རོ། །སེམས་ཅན་གྱི་རིགས་སྣ་ཚོགས་ཅན་དག་ཀྱང་མེད་པ་ནི་མ་ཡིན་ནོ། །ཞེས་བྱ་བ་ནི་དབང་པོའི་རིམ་པ་ལས་ཐག་པ་རྣམ་གསུམ་གྱི་རིགས་སུ་གདགས་པར་དག་ཀྱང་མེད་པ་ནི་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་བསྟན་པའི ་གཞི་དང་ལྡན་པའི་སྒྲུབ་པའི་བྱེ་བྲག་བསྟན་པ་ཡིན་ནོ།། །།དེའི་འོག་ཏུ་རིགས་ཀྱི་གཞི་དང་ལྡན་པའི་སྒྲུབ་པའི་བྱེ་བྲག་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། རིགས་ཀྱི་བཞི?་དང་ལྡན་པའི་བསྒྲུབ་པ་ཞེས་བྱ་བ་ནི་སེམས་ཅན་ཉན་ཐོས་ཀྱི ་ཐེག་པ་མངོན་པར་རྟོགས་པའི་རིགས་ཅན་དག་དེ་བཞིན་གཤེགས་པས་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་གདགས་བ་མཛད་ཅིང་ཆོས་བསྟན་པ་ནི་རང་གི་རིགས་ཀྱི་གཞི་ལ་བརྟེན་ནས། ཉན་ཐོས་ཀྱི་ཐེག་པ་རྣམ་པར་བྱང་བའི་ཕྱོགས་དང་མཐུན་པའི་ལུས? ་སྒྲུབ་པར་བྱེད་པ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དོན་དམ་ཡང་དག་འཕགས་ཉན་ཐོས་ཀྱི་རིགས་ཅན་གང་ཟག་ཞི་བའི་འགྲོད་པ་གཅིག་པུ?་?་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་རིགས་ཞེས་བྱ་བ་ནི ་སྐལ་བ་དང་ལྡན་པའི་བཞི་ཡིན་ཏེ། དེ་ཡང་མདོར་བསྡུན?་རྣམ་པ་གཉིས་ཏེ། །རང་བཞིན་གྱི་གནས་པ་དང་ཡང་དག་པར་བསྒྲུབས་པའོ། །དེ་ལ་རང་བཞིན་གྱིས་གནས་པའི་རིགས་ནི་སྐྱེ་མཆེད་དྲུག་གིས་ཁྱད་པར་ཐེག་མ་མེད་པར་དུས་ནས་བརྒྱུད་དེ ་འོངས་པ་ཆོས་ཉིད་ཀྱིས་ཐོག་པ་གང་ཡིན་པ་སྟེ། དེ་ཡང་རྐྱེན་གང་དང་ལྡན་པ་དེ་ཉིད་ཀྱི་འབྲས་བུ་ཐོབ་པའི་སྐལ་བ་དང་ལྡན་བའི་གཞི་རྣམ་པར་ཤེས་པ་ཉིད་ཡིན་ནོ། །ཡང་དག་པར་བསྒྲུབས་བའི་རིགས་ནི་སྔོན་དགེ་བའི་རྩ་བ་གོམས་པར་བྱས་པ་? ་ཐོབ་པ་གང་ཡིན་པ་སྟེ། དེ་ཡང་རང་བཞིན་གྱིས་གནས་དེའི་རིགས་དེ་ལ་དང་པོ་ཁོ་ནར་རྐྱེན་གང་ཡང་དག་པར་བསྒྲུབས་པ་དེའི་འབྱས་བུ་ཐོབ་པའི་སྐལ་བ་དང་ལྡན་བའི་གཞི་གང་ཡིན་པའོ། །དེ་ལ་རང་བཞིན་གྱིས་གནས་པའི་རིགས་ནི་ཡང་དག ་པར་བསྒྲུབ་མི་དགོས་པར་སེམས་ཅན་ཐམས་ཅད་ལ་རང་བཞིན་གྱིས་ཡོད་པ་ཡིན་ནོ། །ཡང་དག་པར་བསྒྲུབས་པའི་གིས་ནི་ཡང་དག་པར་མ་བསྒྲུབས་ཀྱི་བར་དུ་མི་ཐོབ་ལ། ཡང་དག་པར་བསྒྲུབས་ན་ཐོབ་པ་ཡིན་ནོ། །དེ་ལ་རང་བཞིན་གྱིས་གནས ་པའི་རིགས་ནི་ཀུན་གཞི་རྣམ་པར་ཤེས་བའི་འཇུག་པ་རྣམ་པར་བཞག་པའི་ཚུལ་གྱིས་ནི་འཁོར་བའི་མཛའ་ཇི་སྲིད་ཀྱི་བར་དུ་རྒྱུན་རྟག་པར་གནས་ཏེ། ནམ་ཡང་མེད་པར་མི་འགྱུར་བར་ཀུན་གཞི་རྣམ་པར་ཤེས་བའི་ལོག་པ་རྣམ་པར་བཞག ་པའི་ཚུལ་གྱིས་ནི་གཉེན་པོས་གནས་བསྒྱུར་ནས་གནས་གྱུར་བས་བསྡུས་བ་ཡང་དག་པའི་ཤེས་པ་ཆོས་ཀྱི་དབྱིངས་ཀྱིས་གླེས་པར་ངོ་བོ་ཉིད་བརྟགས་པར་གནས་ཏེ། ནམ་ཡང་མེད་བར་མི་འགྱུར་བར་རིག་པར་བྱའོ། །ཡང་དག་བར་བསྒྲུབས ་བའི་རིགས་ནི་ཡང་དག་པར་བསྒྲུབས་ཏེ་ཐོབ་ཕྱིན་ཆེད་དང་མཐུན་པའི་རྐྱེན་གྱིས་ཡང་དང་ཡང་དུ་བསྣན་ན་ནི་ཕྱིར་ཞིང་ཕྱིར་ཞིང་ཆེས་འོད་གསལ་བ་དང། ཆོས་མཐུ་དང་ལྡན་པར་འགྱུར་ཞིང། རིགས་བཟང་པོ་ཕུན་སུམ་ཚོགས་པ་དག་མང་དུ་སྣང་ལ། ་སེམས་བསྐྱེད་པ་ལ་སོགས་པའི་འབྲས་བུ་ཡང་དག་པར་འགྲུབ་པ་ཡང་དུས་ཉེ་བར་འགྱུར་རོ། །དེ་དང་མཐུན་པའི་རྐྱེན་གྱིས་མ་བསྣན་ན་ཡང་ཀུན་གཞི་རྣམ་པར་ཤེས་པ་ལ་ཡང་རིགས་བཟང་པོ་ཡང་དག་པར་བསྒྲུབས་པ། དཔེར་ན་རྡོ་བའི་ཕྲག་ན་གསེར ་ཕྱེ་ཡོད་པ་དང་འདྲ་བར་གནས་པར་བྱས་བ་དེ་ཚེ་རབས་ཐམས་ཅད་དུ་རྒྱུན་མི་འཆད་ཅིང། ཐམས་ཅད་དུ་རྒྱུན་མི་འཆང་ཅིང། ནམ་འབྲས་བུ་མ་གྲུབ་ཀྱི་བར་དུ་གཞན་དུ་མི་འགྱུར་བར་གནས་ལ། འབྲས་བུ་གྲུབ་ནས་གལ་ཏེ་དེས་བསྒྲུབས་པའི་འབྲས ་བུ་དེ་མཐར་ཐུག་པའི་འབྲས་བུ་བླ་ན་མེད་པ་ཉིད་ཡིན་ན་ནི་དེ་ལས་གང་དུ་བསྒྲུབ་དུ་ཡང་མེད་དོ། །གལ་ཏེ་བླ་ན་མེད་པ་མ་ཡིན་ན་དེའི་གོང་དུ་ཡང་རང་བཞིན་གྱིས་གནས་པའི་རིགས་དེ་ལ་མཐར་ཐུག་པའི་འབྲས་བུ་བླ་ན་མེད་པ་ཡང་འགྲུབ་བའི་རྐྱེན ་ཁྱད་པར་ཅན་ཡང་དག་པར་བསྒྲུབས་པའི་རིགས་ཐོབ་ཅིང། དེས་མཐར་ཐུག་པའི་འབྲས་བུ་བླ་ན་མེད་པར་གྲུབ་པར་འགྱུར་ལ། །དེ་འགྲུབ་བ་ན་རིགས་སྔ་མ་དེ་གཏན་སྤོང་བར་འགྱུར་རོ། །དེ་བས་ན་མདོ་སྡེ་ལས་རིགས་ལྔར་གསུངས་བ ་ཡང་རང་བཞིན་གྱི?་གནས་པའི་རིགས་ནི་ལྔ་ཆར་ལ་ཡང་འདྲ་བར་ཡང། སེམས་ཅན་ཐམས་ཅད་ལ་ཀུན་གཞི་རྣམ་པར་ཤེས་པ་ཡོད་པར་འདྲ་བའོ་ཕྱིར་རོ། །དེ་ཡང་འགྲོ་བ་ལྔར་འཁོར་བའི་རྐྱེན་དང་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་ ་བར་འགྱུར་བའི་རྒྱན?་དེ་དག་གིས་རྐྱེན་ཇི་ལྟ་བ་བཞིན་དུ་བཀྲི?་བས་རང་བཞིན་གཅིག་ཏུ་ངེས་པ་མ་ཡིན་ཏེ། ཆོས་ཐམས་ཅད་རང་བཞིན་གཅིག་ཏུ་ངེས་པ་མེད་པར་གསུངས་པའི་ཕྱིར་རོ། །ཡང་དག་པར་བསྒྲུབས་པའི་རིགས་ནི་ལྔ་ཆར་? ་བར་ཡོད་པ་མ་ཡིན་ཏེ། དེ་དག་ལ་ལས་ནི་མ་བསྒྲུབས་ལ་ལས་ནི་ཆ་མཉམ་པར་བསྒྲུབས་ལ་ལས་ནི་ཐ་དད་པར་བསྒྲུབས་པའི་ཕྱིར་རོ། །དེ་ཡང་འབྲས་བུ་མ་གྲུབ་ཀྱི་བར་དུ་མི་གཞན་དུ་མི་འགྱུར་བར་གནས་ལ། འབྲས་བུ ་གྲུབ་ནས་གལ་ཏེ་ངས་བསྒྲུབས་པའི་འབྲས་བུ་དེ་མཐར་ཐུག་པའི་འབྲས་བུ་དེ་བླ་ན་མེད་པ་ཉིད་མ་ཡིན་ན། དེའི་འོག་ཏུ་ཡང་རང་བཞིན་གྱིས་གནས་པའི་རིགས་དེ་ལ་མཐར་ཐུགས་པའི་འབྲས་བུ་བླ་ན་མེད་པ་འགྲུབ་བའི་རྐྱེན་ཁྱད་པར་ཅན ་གཞན་ཡང་དག་པར་བསྒྲུབས་པའི་རིགས་འཐོབ་ཅིང། དེས་མཐར་ཐུག་པའི་འབྲས་བུ་བླ་ན་མེད་པ་ཉིད་འགྲུབ་པར་འགྱུར་ལ། དེ་གྲུབ་པ་ནི་རིགས་སྔ་མ་དེ་གཏན་སྤོང་བར་འགྱུར་བས་རང་བཞིན་གཅིག་ཏུ་ངེས་པ་མ་ཡིན་ནོ། །མཐར་ཐུག ་པའི་འབྲས་བུ་བླ་ན་མེད་པ་ཉིད་འགྲུབ་པའི་རིགས་དེ་ནི་སྔར་ཀུན་གཞི་རྣམ་པར་ཤེས་པའི་ལྡོག་པ་རྣམ་པར་བཞག་པའི་ཚུལ་བསྟན་པ་དང་འདྲ་བར་ཆོས་ཀྱི་དབྱིངས་ཀྱིས་ཀླས་པའི་བར་དུ་ངོ་བོ་ཉིད་རྟག་པར་གནས་ཏེ། ནམ་ཡང་མེད་པར ་འགྱུར་བར་རིག་པར་བྱའོ། །དེ་ལ་རིགས་མེད་པ་ཞེས་བྱ་བ་གང་ཞེ་ན། རང་བཞིན་གྱི་གནས་པའི་རིག་ནི་ཡོད་ལ། ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདིའི་བའི་རྐྱེན་ཡང་དག་པར་བསྒྲུབས་པའི་རིགས་ནི་མེད་པ་སྟེ། གང ་གི་ཚེ་རྐྱེན་མེད་དཔེའི་འབྲས་བུ་སྐྱེ་བ་མི་སྲིད་པས། དེ་ཡང་དེའི་ཚེ་ན་ཐེག་པ་གསུམ་གྱིས་ཡོངས་སུ་མ་ངན་ལས་འདའ་བའ་ཨི་རྙེན་མེད་པས་རིགས་མེད་པ་ཞེས་བྱ་བར་ཟད་ཀྱི་ནམ་དུ་ཡང་མྱ་ངན་ལས་འདའ་བར་གྱུར་བའི་སྐལ་བ་མེད་པར་དེས ་པ་ཙམ་ཡིན་ཏེ། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྟོབས་དང་ལྡན་པས་གང་གིས་ཆོ་ཐེག་པ་གསུམ་པོ་གང་གིས་ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་རྐྱེན་རྙེད་པ་དེའི་ཚེ་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་འགྱུར་རོ། །རྐྱེན་རྙེད ་བར་འགྱུར་བ་དེ་ལ་ནི་ངེས་པ་མེད་དེ། ལ་ལས་ནི་དུས་ཉེ་བས་རྙེད་པར་འགྱུར། ལ་ལས་ནི་ཡུན་རིང་པོས་རྙེད་པར་འགྱུར། ལ་ལས་ནི་རྐྱེན་རྙེད་པར་འགྱུར་རམ་མི་འགྱུར་མ་དེས་ཏེ། ཆོས་རྣམས་ཀྱི་ཚོགས་པ་གཅིག་ཏུ་ངེས་པ་མེད་པར་གསུངས ་བའི་ཕྱིར། །རྐྱེན་རྙེད་པར་འགྱུར་རམ་མི་འགྱུར་མ་ངེས་པ་དེ་ལ་ནི་གཏན་རིགས་མེད་པ་ཡིན་ཞེས་གཅིག་ཏུ་ངེས་པར་བསྟན་དུ་མི་རུང་སྟེ། བཅོམ་ལྡན་འདས་ཀྱིས་སེམས་ཅན་གྱིས་རང་བཞིན་གཅིག་ཏུ་ངེས་པ་མེད་པ་དང། མ་དེས་པའི་ཆོས་ཀྱང ་མ་ངེས་པར་ཡོད་པར་གསུངས་པའི་ཕྱིར་རོ། །རྐྱེན་རྙེད་པར་འགྱུར་རམ་མི་འགྱུར་མ་ངེས་པ་དེས་ཕྱིས་ནམ་ཞིག་ན་རྐྱེན་རྙེད་དམ་མི་རྙེད་པ་ཡང་འཁོར་པ་མཛའ་མེད་པ་དང། སེམས་ཅན་གྱི་ལས་དང་རྟེན་ཙང?་འབྲེལ་བར་འབྱུང་བའི་ཚོགས་པ་བསམ ་གྱི་མི་ཁྱབ་པས་དེས་ན་གཅིག་ཏུ་ཆེད་པར་བྱད?་མི་རུང། །དེ་ལྟར་རྐྱེན་རྙེད་བར་འགྱུར་དམམི་འགྱུར་མ་ངེས་པ་དེ་ལ་ཕྱིས་ཀྱང་མི་རྙེད་པས་རིགས་མེད་པ་ཞེས་བྱང་མི་རུང་སྟེ། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་རིགས་རྣམ་པར་བཞག་པའི་སྐབས་སུ། །རིགས ་འབྲས་བུ་ཡང་དག་པར་འགྲུབ་པ་ནི་འབྲས་བུ་དང་བཅས་པས་དགས་པ་ཡིན་ལགས་འབྲས་བུ་ཡང་དག་པར་མ་གྲུབ་བ་ནི་འབྲས་བུ་མེད་པས་ཆ་ཕྲ་བ་ཡིན་ཏེ། དེ་ནི་དེ་བཞིན་གཤེགས་པ་ལྟ་ཅིག་གི་སྦྱོང་ཡུལ་ཡིན་གྱི། གཞན་གྱིས་དཔག་པའི ་ཡུལ་མ་ཡིན་ནོ་ཞེས་གསུངས་སོ། །དེ་བས་ན་རིགས་མེད་པ་ཞེས་བྱ་བ་ནི་ད་ལྟར་རྐྱེན་མ་རྙེད་པའི་རེ་ཞིག་གི་དུས་ལས་དགོངས་པ་ཡིན་གྱི། གཏན་དུ་རིགས་མེད་པར་གཅིག་པུ་ངེས་པ་མ་ཡིན་ཏེ། དེས་ཕྱིས་རིགས་ཡང་དག་པར་བསྒྲུབས་པའི ་རིགས་འཐོབ་པ་མི་འཐོབ་པ་ནི་གཅིག་པུ་མ་ངེས་པར་རིག་པར་བྱའོ། །མ་དེས་པའི་རིག་ཅན་ཞེས་བྱ་བ་ནི་སེམས་ཅན་རང་བཞིན་གྱིས་གནས་པའི་རིགས་ཅན་དེ་དག་ཁ་ཅི་གི་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་རྐྱེན་ཡང ་དག་པར་བསྒྲུབས་པའི་རིགས་ཅན་མཉམ་པར་ཐོབ་ཅིང་བྱང་ཆུབ་རྣམ་གསུམ་མངོན་པར་རྟོགས་པར་འགྱུར་བའི་བསྐལ་པ་དང་ལྡན་པའི་གཞི་གསུམ་ཆར་ཡོད་ལ། ད་དུང་ཐེག་པ་གང་དུ་ཡང་སེམས་མ་སྐྱེད་པ ་དང་པོར་བྱང་ཆུབ་རྣམ་གསུམ་གང་འཐོབ་པ་མ་ངེས་པ་གནས་པ་སྟེ། དེ་ནི་སེམས་བསྐྱེད་ཁར་ཐེག་པ་རྣམ་གསུམ་ལས་དང་པོར་གང་གི་རྐྱེན་གཞན་ཅིག་དང་ཕྲད་པ་དེའི་དབང་དུ་གྱུར་པ་ཡིན་པས་གདོན་མི་ཟ་བར་གཅིག་རྐྱེན་རྙེད་པར་འགྱུར་ཞིང ་ཡོངས་སུ་མྱ་ངན་ལས་འདའ་པར་ངེས་པ་ཁོ་ན་ཡིན་ཏེ། རྐྱེན་གཞན་རྙེད་པར་འགྱུར་བ་ལ་དུས་ངེས་པ་ནི་མེད་པར་རིག་པར་བྱའོ། །མ་ངེས་པའི་རིགས་ཅན་དེ་གལ་ཏེ་དང་པོར་ཉན་ཐོས་སམ་རང་སངས་རྒྱས་ཀྱི་ཐེག་པ་ཡོངས་སུ་མྱ་ངན་ལས་འདའ་ ་བར་གྱུར་ན་ཡང་རིང་པོར་མི་ཐོགས་པར་བླ་ན་མེད་པའི་བྱང་ཆུབ་མངོན་པར་སངས་རྒྱས་པའི་རྐྱེན་རྙེད་པར་འགྱུར་ཞིང་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བར་ངེས་པ་ཁོ་ན་ཡིན་ཏེ། ཇི་ཙམ་གྱིས་འགྱུར་བའི་དུས་ནི་ངེས་པ་མེད་དོ། །ཉན་ཐོས་དང་རང་སངས ་རྒྱས་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བ་དེ་ཡང་ལ་ལ་ནི་སློབ་པར་འགྱུར་བ་ཁོ་ནའི་ཚེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྨོན་ལམ་ལས་ལྡོག་ཅིང་བྱང་ཆུབ་ཆེན་པོར་ཡོངས་སུ་འགྱུར་བ་ཡང་ཡོད། ལ་ལ་ནི་མི་སློབ་པར་གྱུར་ནས་དབང་པོའི་རིམ་པ ་དང་རྐྱེན་གྱི་རིམ་པ་ལ་ལྟོས་ནས་བལྟོས་ཅིང་ཡོངས་སུ་འགྱུར་བར་བྱེད་དེ། མི་སློབ་པར་གྱུར་ནས་ལྡོག་ཅིང་ངོ?་ཡོངས་སུ་འགྱུར་བ་དེ་ཡང་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་མི་འདའ་བར་ཕུང་པོའི་ལྷག ་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་ཤིང་ཚེའི་འདུ་བྱེད་བསྲིངས་ཏེ། དབང་པོའི་ལུས་བྱིན་གྱིས་བརླབས་ནས་སྤྲུལ་པའི་ལུས་ཀྱི་ཆོས་མཐུན་པ་པ་གཞན་དག་ལ་བདག་ཉིད་ཕུང་པོ་ལྷག་མ་མེད་པའི་མྱ ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་སྟོན་པར་བྱེད་དེ། དེས་ན་གཞན་དག་འདི་སྙམ་དུ་དེ་ནི་ཕུང་པོའི་ལྷག་མ་མེད་པ་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ་སྙམ་དུ་སེམས་པར་ཟད་ཀྱི། དེའི་དབང་པོ་? ་ལུས་ཡོངས་སུ་མྱ་ངན་ལས་འདས་པ་ནི་མ་ཡིན་ནོ། །དེ་དབང་པོའི་ལུས་བྱིན་གྱིས་བརླབས་པ་དེས་འཛམ་བུའི་གླིང་འདི་ལ་སོགས་པ་གར་དགའ་བར་ཅི་ནས་ཀྱང་ལྷ་རྣམས་ཀྱིས་ཀྱང་མི་མཐོང་ན། སེམས་ཅན་ཕལ་པ་གཞན་དག་གི་ལྟ་སྨོས་ཀྱང་ཅི་དགོས ་བ་དེ་ལྟ་བུའི་ལུས་ཀྱི་རབ་ཏུ་དབེན་པར་གནས་ཤིང་།འཇིག་རྟེན་གྱི་ཁམས་རབ་འབྱམས་དེ་དང་དེ་དག་ཏུ་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བསྙེན་བཀུར་བྱ་བ་དང། བྱང་ཆུབ་ཀྱི་ཚོགས་ཀྱི་ལམ་ལ་སྦྱོར་བར་བྱེད་དོ། །དེ་དེ་ལྟར་སྦྱོར་བ་ན ་ཡང་སྔོན་ཉོན་མོངས་པ་ཤས་ཆེ་བ་དང་དབང་པོ་རྟུལ་བའི་ཤུགས་ཀྱིས་མྱ་ངན་ལས་འདའ་བ་ལ་མངོན་པར་དགའ་བ་དང། དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བསྙེན་བཀུར་བྱ་བ་དང། བྱང་ཆུབ་སེམས་དཔའ་ཨི་ཚོགས་ཀྱི་ལམ ་བསྒོམས་པ་ལ་ཡང་དག་མེད་པ་སྐྱེ་སྟེ། དེའི་ཚེ་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡང་དང་ཡང་དུ་ཡང་དག་པར་བསྐུལ་བར་མཛད་དོ། །ཡང་དག་པར་བསྐུལ་བ་ན་ཡང་དེ་ཡང་དང་ཡང་དུ་བག་ཡོད་པ་ལ་རྣལ་འབྱོར་དུ་བྱེད་ཅིང་རིམ་གྱིས ་ཆོས་ཟབ་མོ་ལ་བཟོད་པ་ཡང་འཐོབ་པར་འགྱུར་རོ། །དེ་ལྟར་སངས་རྒྱས་ཀྱིས་ལ་བསམ་པ་ངེས་པ། ཉོན་མོངས་པ་ཐམས་ཅད་སྤངས་པ། ཆོས་ཀྱི་དབྱིངས་རྟོགས་པ། ཆོས་ཟབ་མོ་ལ་བཟོད་པ་ཐོབ་པ་དེ་ལ་དེ་བཞིན་གཤེགས་པས་སངས་རྒྱས་སུ ་འགྲུབ་པར་ལུང་སྟོན་ཏེ། དེ་དེའི་ཚེ་ན་བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ལ་གནས་པ་རྣམ་པར་མི་རྟོག་པ་ལྷུན་གྱིས་འགྲུབ་པར་འགྱུར་རོ། །དེ་ལྟར་གྱུར་པ་དང་ཡང་སྲིད་པ་གཞན་ལེན་པས་བྱང་ཆུབ་སེམས་དཔའ་ཨི་སྤྱད་པ་སྤྱོད་ཅིང། སེམས་ཅན ་ཡོངས་སུ་སྨིན་པར་བྱ་བ་དང་བདག་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་པའི་རིམ་གྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །གང་གི་ཚེ་བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་ན་དེ་བཞིན་གཤེགས་པ་ཉིད་དུ་གྱུར་ནས། དགོས་པའི་དབང་དུ་ཕུང་པོ་ལྷག་མ་མེད་པ་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་འདས་བ་སྟོན་པར་ཡང ་འགྱུར་རོ། །དེ་ལྟར་མི་སློབ་པར་གྱུར་ནས་བྱང་ཆུབ་སེམས་དཔའ་ས་བརྒྱད་པར་གྱུར་པ་དེ་སྲིད་པ་གཞན་ལེན་པར་བྱེད་པའི་རྒྱུ་གང་ཞེ་ན། དེ་ནི་སྟོབས་རྣམ་པ་གཉིས་ཏེ། རྐྱེན་གྱི་སྟོབས་དང། རྒྱུའི་སྟོབས། དེ་ལ་རྐྱེན་གྱི་སྟོབས་ནི་དེ་མི ་སློབ་པར་གྱུར་ཏེ། ཀུན་གཞི་རྣམ་པར་ཤེས་པའི་གནས་གྱུར་པའི་དེ་བཞིན་ཉིད་ལ་གནས་པ་ན་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་སྤངས་པས་གནས་གྱུར་པ་ཐོབ་ཀྱང་ཤེས་བྱའི་སྒྲིབས་པ་མ་སྤངས་པས་ཉོན་མོངས་པ་མེད་པའི་མ ་རག་པའི་བག་ཆགས་ཕྲ་མོ་མ་སྤངས་པ་ནི་སྲིད་པ་གཞན་ལེན་པའི་རྐྱེན་གྱི་སྟོབས་ཡིན་ནོ། །རྒྱའི་སྟོབས་ནི་འཁོར་བའི་རྒྱུ་བྱེད་ལ་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་བ་རྣམས་ཏེ། དེ་དག་ཀྱང་གང་ཞེ་ན། བསོད་ནམས ་ཚོགས་བཙལ་བས་ཡོངས་སུ་མི་ངོམས་པ་དང། བསམ་བཞིན་དུ་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པ་དང། སངས་རྒྱས་དང་ཕྲད་པ་སྨོན་པ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ཡོངས་སུ་མི་སྐྱེ་བ་དང། དམ་པའི་ཆོས་ཡོངས་སུ་འཛིན་པ ་བརྩོན་བ་དང། སེམས་ཅན་གྱིས་བྱ་བ་ཅི་ཡོད་སྙམ་པ་ལ་སྤྲོ་བ་དང། ཆོས་འདོད་པའི་བག་ལ་ཉལ་མི་འདོར་བ་དང། ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་ཡོངས་སུ་མི་གཏོང་བ་སྟེ། དགེ་བའི་རྩ་བ་རྣམ་པར་སྨིན་པའི་བདག་ཉིད་དུ་ཡོངས་སུ་བསྒྱུར་བ་དེ་དག ་མ་རིག་པའི་བག་ཆགས་ཀྱི་རྐྱེན་གྱི་དབང་གིས་རྟས་པར་གྱུར་ན་ཡང་སྲིད་པར་ལུས་མངོན་པར་གྲུབ་པའི་རྒྱུར་འགྱུར་བས་རྒྱུ་རྐྱེན་དེ་གཉིས་ཀྱང་སྲིད་པ་ལེན་པར་བྱེད་དོ། །དེ་ལྟར་མི་སློབ་པར་གྱུར་ནས་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བ་དེའི་ཚེའི་འདུ་བྱེད་དུ ་བསྲིངས་སུ་ཟིན་ཀྱང་དབང་པོ་རྟུལ་བ་དང། མྱ་ངན་ལས་འདས་ལ་མངོན་པར་དགའ་བའི་ཕྱིར་བླ་ན་མེད་པའི་བྱང་ཆུབ?་ཏུ་ཤིན་ཏུ་བུལ་བ་ཡིན་པས་བསྐལ་བ་གྲངས་མེད་པ་གསུམ་གྱིས་ངེས་པར་འབྱུང་བར་ནི་མ་ངེས་ཏེ། བྱང་ཆུབ་སེམས་དཔའ་ལས་དང ་པོ་བ་ཡང་དེ་བས་ཆེས་མགྱོགས་པར་རིག་པར་བྱའོ། །སེམས་ཅན་མ་ངེས་པའི་རིགས་ཅན་དེ་ཐེག་པ་ཆེན་བོས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བའི་རྐྱེན་གཞན་རྙེད་ན་ནི་དང་པོ་ཉིད་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང། བྱང་ཆུབ་སེམས ་དཔའ་ཨི་སའི་རིམ་གྱིས་བླ་ན་མེད་བ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། དེ་ཡང་སེམས་བསྐྱེད་བ་ནས་ས་དང་པོའི་བར་དུ་འཇིག་རྟེན་པའི་ལམ་ལ་ནི་ཤིན་ཏུ་དབང་པོ་རྟུལ་བ་དང། ཉོན་མོངས་པ་ཤས་ཆེ་བ་དང། མི ་བརྩོན་པའི་ཤས་ཆེ་བས་བསྐལ་བ་གྲངས་མེད་པ་དང་བོས་ངེས་པར་འགྱུར་བར་མ་ངེས་སོ། །ས་དང་པོ་ཐོབ་བ་ཡང་ཆད་ནི་མི་བརྩོན་པ་མི་སྲིད་པས་བསྐལ་པ་གྲངས་མེད་པ་གཉིས་ཀྱིས་ངེས་པར་འབྱུང་བར་ངེས་པ་ཡིན་ནོ། །དེ་ལྟར་ན་མ་ངེས་པའི ་རིགས་ཅན་ཞེས་བྱ་བ་ཡང་སྔར་ནི་ཐེག་པ་གསུམ་གྱི་ཡོངས་སུ་མྱ་ངན་ལས་བདའ་བའ་ཨི་རྐྱེན་ཡང་དག་པར་བསྒྲུབས་པའི་རིགས་ཆ་མཉམ་པར་ཐོབ་པ་ཡིན་ལ། ཕྱིས་སེམས་བསྐྱེད་པའི་གནས་སྐབས་ན་ནི་ཐེག་པ་གང་ཡང་རུང་བའི་རྐྱེན་གཞན ་ཅིག་གི་དབང་དུ་འགྱུར་བ་ཙམ་ལ་དགོས་པ་ཡིན་པས་སེམས་ཅན་གྱི་རིས་ན་གཅིག་ཏུ་དེ་ལྟར་ངེས་པའི་སྡེ་ཚན་དུ་ཆད་པ་ནི་མེད། དེ་ཡང་རང་བཞིན་གཅིག་ཏུ་མ་ངེས་པ་ཡིན་པར་རིག་པར་བྱའོ། །ཉན་ཐོས་དང་རང་སངས་རྒྱས་དང། དེ་བཞིན ་གཤེགས་པའི་ཐེག་པ་མངོན་པར་རྟོགས་པའི་རིགས་ཅན་ཞེས་བྱ་བ་གསུམ་ནི་ཚུལ་འདྲ་སྟེ། སེམས་ཅན་རང་བཞིན་གྱིས་གནས་པའི་རིགས་ཅན་དེ་དག་ལས་གང་གིས་ཉན་ཐོས་ཀྱི་ཐེག་པས་མྱ་ངན་ལས་འདའ་ ་བའི་རྐྱེན་ཡང་དག་པར་བསྒྲུབས་པའི་རིགས་འབའ་ཞིག་ཐོབ་པ་ནི་ཉན་ཐོས་ཀྱི་ཐེག་པ་མངོན་པར་རྟོགས་པའི་རིགས་ཅན་ཞེས་བྱ། གང་གི་རང་སངས་རྒྱས་ཀྱི་ཐེག་པས་མྱ་ངན་ལས་འདའ་བའ་ཨི་རྐྱེན་ཡང་དག་པར་བསྒྲུབས་པའི་རིགས་འབའ་ ་ཞིག་ཐོབ་བ་ནི་རང་སངས་རྒྱས་ཀྱི་ཐེག་པ་མངོན་པར་རྟོགས་པའི་རིགས་ཅན་ཞེས་བྱ་གང་གི་ཐེག་པ་ཆེན་པོས་མྱ་ངན་ལས་འདའ་པའི་རྐྱེན་ཡང་དག་པར་བསྒྲུབས་པའི་རིགས་འབའ་ཞིག་ཐོབ་པ་ནི་དེ་བཞིན་གཤེགས་པའི་ཐེག་པ་མངོན ་པར་རྟོགས་པའི་རིགས་ཅན་ཞེས་བྱ་སྟེ། དེ་དག་ཀྱང་ཡང་དག་པར་བསྒྲུབས་པའི་རིགས་ཀྱི་རྐྱེན་ཇི་ལྟ་བ་བཞིན་རང་རང་གི་ཐེག་པ་མངོན་པར་རྟོགས་ཤིང། དེའི་འབྲས་བུ་སོ་སོའི་བྱང་ཆུབ་ཐོབ་པར་ངེས་པ་ཡིན་ནོ། །བྱང་ཆུབ་ཐོབ ་ནས་ཀྱང་དེ་བཞིན་གཤེགས་པ་ནི་མཐར་ཐུགས་པའི་འབྲས་བུ་མངོན་པར་རྟོགས་པ་བླ་ན་མེད་པ་ཡིན་པས་དེ་ལས་གོང་དུ་ལ་བཟླར་ཡང་མེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པ་ནི་འཇིག་རྟེན་ལས་འདས་པའི་ལམ ་གྱི་རབ་ཏུ་ཕྱེ་བ་ནས་གྱུར་བ་ཐོབ་པའི་ཆོས་ཉིད་ཀྱིས་ནི་ཕྱིར་ས་འོག་མར་མི་ལྷུང་བར་ངེས་བ་དང་གོང་དུ་མཐར་ཐུག་པའི་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ངེས་པར་འཐོབ་པ་ཁོ་ན་ཡིན་པས་མཇུག་ཏུ་ནི་ཐམས་ཅད་ཀྱང་བླ་ན་མེད་པའི་སངས་རྒྱས ་ཉིད་དུ་འགྲུབ་པར་རིག་པར་བྱའོ། །དེ་ལ་བྱེ་བྲག་ཏུ་ན་ཉན་ཐོས་ཀྱི་ཐེག་པ་མངོན་པར་རྟོགས་པའི་རིགས་ཅན་གྱིས་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པ་ཞི་བའི་བགྲོད་པ་གཅིག་པུ་པ་ཞེས་བྱ་སྟེ། དེ་ནི་དང་པོ་ནས་ཀྱང་དབང་པོ་རྟུལ་བ་དང། སྙིང ་རྗེ་ཆུང་བ་དང། སྡུག་བསྔལ་གྱིས་འཇིགས་པའི་རང་བཞིན་ཅན་ཡིན་པས་ཉན་ཐོས་ཀྱི་ཐེག་པས་མྱ་ངན་ལས་འདས་པའི་རྐྱེན་ཡང་དག་པར་བསྒྲུབས་པའི་རྒྱུ་འབའ་ཞིག་ཐོབ་པ་ཡིན་ལ། ཉན་ཐོས་ཀྱི་ཐེག་པས་ཉན་ཐོས་ཀྱི་བྱང་ཆུབ་ཐོབ ་པའི་དུས་ན་ཡང་དབང་པོ་རྟུལ་བ་དང། སྙིང་རྗེ་ཤིན་ཏུ་ཆུང་པ་དང། སྡུག་བསྔལ་གྱིས་ཤིན་ཏུ་འཇིགས་པ་ཡིན་ཏེ། དབང་པོ་རྟུལ་བས་ནི་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བའི་རྐྱེན་ཡང་དག་པར་བསྒྲུབས་པའི་རིགས་མི ་འཐོབ་ལ། སྙིང་རྗེ་ཆུང་བས་ནི་སེམས་ཅན་གྱི་དོན་བྱ་བ་ལ་མི་ཕྱོགས་པར་འགྱུར། །སྡུག་བསྔལ་གྱིས་འཇིགས་པས་ན་འདུ་བྱེད་མངོན་པར་འདུ་བྱ་བ་ཐམས་ཅད་ལ་མི་ཕྱོགས་པར་འགྱུར་ཏེ། དེ་ལྟར་བླ་ན་མེད་པའི་བྱང་ཆུབ་མངོན་པར་མཚང ་རྒྱ་བའི་རྐྱེན་ཡང་དག་པར་བསྒྲུབས་པའི་རིགས་མ་ཐོབ་པ་དང། སེམས་ཅན་གྱི་དོན་བྱ་བ་ལ་ཤིན་ཏུ་མི་ཕྱོགས་པ་དང། འདུ་བྱེད་མངོན་པར་འདུ་བྱ་བ་ཐམས་ཅད་ལ་ཤིན་ཏུ་མི་ཕྱོགས་པ་དེ་ནི་དེའི་ཚེ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སྐལ་པ་དང་ལྡན་པའི་གཞི་མེད་པ་ཁོ་ན་ཡིན་པས་བླ་ན་མེད་པའི་བྱང་ཆུབ་ཀྱི་རིགས་མེད་པ་ཞེས་བྱ་སྟེ། དེའི་ཚེ་ན་ནི་དཔེར་ན་ནོར་བུ་མཆིང་བུ་བྱི་དོར་བྱས་ཀྱང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་མི ་གྱུར་པ་དང་འདྲ་བར། སངས་རྒྱས་ཐམས་ཅད་བརྩོན་པ་དང་ལྡན་པར་གྱུར་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལ་བཞག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་ནུས་སོ། །དེ་ཞི་བའི་བགྲོད་པ་གཅིག་པུ་པའི་འབྲས་བུ་དེ་ཉིད་ལ ་གནས་ན་སྙིང་རྗེ་ཆུང་བ་དང། སྡུག་བསྔལ་གྱིས་འཇིགས་པའི་རྐྱེན་དེ་ཉིད་ཀྱིས་མྱུར་བ་ཁོ་ནར་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདའ་ཞིང་དབྱིངས་དེ་ན་ཀུན་གཞི་རྣམ་པར་ཤེས་པ་གནས་གྱུར་པའི ་དེ་བཞིན་ཉིད་ལ་གནས་ཏེ། ཁམས་དང་འགྲོ་བ་དང་སྐྱེ་གནས་སུ་གཏོགས་པའི་སེམས་ཅན་གྱི་རིགས་གང་གིས་ཁོངས་སུ་ཡང་མི་བགྲང་བར་ཟག་པ་མེད་པའི་དབྱིངས་ན་སོ་སོ་རང་རིག་པའི་དེས་པ་ཐ་སྙམ་ཐམས་ཅད་? ་དག་པར་ཆད་པས་གནས་སོ། །དེ་ཀུན་གཞི་རྣམ་པར་ཤེས་པ་གནས་གྱུར་པའི་དེ་བཞིན་ཉིད་ལ་གནས་པ་དང། ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་སྤངས་པས་གནས་གྱུར་པས་ཐོབ་ཀྱང་ཤེས་བྱའི་སྒྲུབ་ཕ་མ་སྤངས་པ་ཉོན་མོངས་པར ་མེད་པའི་མ་རིག་པའི་བག་ཆགས་ཕྲ་མོ་རྒྱུད་ལ་ཡོད་པའི་རྐྱེན་དང། སྔོན་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱིས་ཆོས་བདག་མེད་པ་རྟོགས་པའི་ལམ་གྱིས་ཀུན་གཞི་རྣམ་པར་ཤེས་པ་གནས་གྱུར་པའི་སྔར་དེ་བཞིན་གཤེགས་པའི་སྙིང་པོ་ཁམས ་བཟང་པོ་ཡོད་པ་རྒྱུའི་སྟོབས་ཀྱང་རྟས་ནས་ནམ་ཞིག་ན་ཟག་པ་མེད་པའི་དབྱིངས་དེ་ནི་སོ་སོར་རིགས་པའི་ཤེས་པ་ཐ་སྙད་ཐམས་ཅད་ཡང་དག་པར་ཆད་པ་དེ་སྔོན་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱིས་ཆོས་བདག་མེད་པར་རྟོགས་པའི་རྗེས་སུ ་རྟོགས་པའི་དུས་ཀྱང་ཡོད་སྐབས་ཀྱང་ཡོད་དོ། །དེའི་དུས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་བསམ་གྱིས་མི་ཁྱབ་པས་ཡང་དག་པར་བསྐུལ་ན་ཟག་པ་མེད་པའི་དབྱིངས་དེ་ནས་ལངས་ཏེ། ཡིད་ལས་བྱུང་བའི་ལུས ་བྱིན་གྱིས་རློབ་ཅིང་ལུས་དེས་སྡོང་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བའི་སྐབས་སུ་ཇི་སྐད་བཤད་པའི་ཚུལ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །རང་སངས་རྒྱས་མ་ངེས་པའི་རིགས་ཅན་དང ་དང?་སངས་རྒྱས་ཀྱི་ཐེག་པ་མངོན་པར་རྟོགས་པའི་རིགས་ཅན་གྱིས་རང་བྱང་ཆུབ་ཐོབ་པ་ནི་རྣམ་པ་གསུམ་སྟེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཐོབ་པ་སྔོན་དུ་བཏང་བ་དང། མངོན་པར་རྟོགས་པ་སྔོན་དུ་བཏང་བ་དང། སྔོན་དུ་མ་བཏང་བའོ།། ་དེ་ལ་ངེས་པར་འབྱེད་པའི་ཆ་དང། མཐུན་པ་ཐོབ་པ་སྔོན་དུ་བཏང་བ་ནི་དང་པོར་རང་བྱང་ཆུབ་ཀྱི་ཐེག་པར་སེམས་བསྐྱེད་ནས་ངེས་པར་འབྱེད་པའི་ཚེ་དང་འཐུན་པའི་དགེ་བའི་རྩ་བ་བཞི་ཐོབ་པ་ལས་བརྟན་ནས་སློབ་པའི་ས་བདུན་ལོ་གང་ཡང་མི ་ཐོབ་པར་ཐལ་བྱུང་དུ་མི་སློབ་པའི་ས་རང་བྱང་ཆུབ་ཀྱི་འབྲས་བུ་ཉིད་ཐོབ་ལ་སྟེ། དེ་ནི་འཇིག་རྟེན་པའི་ས་དང། མི་སློབ་པའི་ས་ནི་ཡོད་ལ། སློབ་པའི་ས་ནི་མེད་པ་ཡིན་ནོ། །མངོན་པར་རྟོགས་བ་སྔོན་དུ་བཏང་བ་ནི་དང་པོར་དང་བྱང་ཆུབ་ཀྱི་ཐེག ་པར་སེམས་བསྐྱེད་ནས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བཞིན་ཡང་ཐོབ། སློབ་པའི་ས་བདུན་པོ་དག་མངོན་པར་རྟོགས་པ་ཡང་ཐོབ་པ་ལ་བརྟེན་ནས་མི་སློབ་པའི་ས་རང་བྱང་ཆུབ་ཀྱི་འབྲས་བུ་ཉིད་ཐོབ་པ་སྟེ། དེ་ནི ་འཇིག་རྟེན་པའི་ས་དང། སློབ་པའི་ས་དང། མི་སློབ་པའི་ས་གསུམ་ཚང་ཡོད་པ་ཡིན་ནོ། །སྔོན་དུ་མ་བཏང་བ་ནི་དང་པོར་རང་བྱང་ཆུབ་ཀྱི་ཐེག་པར་སེམས་བསྐྱེད་ནས་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་དེ་ཉིད་ལ་བརྟེན་ནས་བསྐལ་པར་རྒྱར? ་ཚོགས་བསགས་ཏེ། རེས་པར་འབྱེད་པའི་ཚ་དང་མཐུན་པ་ཡང་མི་ཐོབ། སློབ་པའི་ས་ཡང་མི་ཐོབ་པར་ཐལ་བྱུང་མི་སློབ་པའི་ས་རང་བྱང་ཆུབ་ཀྱི་འབྲས་བུ་ཉིད་ཐོབ་བ་སྟེ། དེ་ནི་འཇིག་རྟེན་པའི་ས་ཐར་པའི་ཆ་དང་ཐུན་པའི་དགེ་བའི་རྩ་བ ་དང། མི་སློབ་པའི་ས་ནི་ཡོད་ལ། འཇིག་རྟེན་པའི་ས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང། སློབ་པའི་ས་ནི་མེད་པ་ཡིན་ནོ། །དེ་ལ་དང་པོ་གཉིས་ཀྱིས་ནི་རང་རྒྱལ་བ་ཚོགས་དང་སྤྱོད་པར་འགྱུར་རོ། །ཐམས་ནི་བསེ?་རུ་ལྟ་བུར་འགྱུར་ཏེ ་དེ་དག་དག་པས་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བ་དང། ཞི་བའི་བགྲོད་པ་གཅིག་པུ་བར་གདགས་པ་དང། སྒོ་དེ་གཉིས་ལས་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཚུལ་ནི་ཉན་ཐོས་དང་འདྲ ་བ་ཁོ་ནར་རིག་པར་བྱའོ། །དེ་ལྟར་ན་ཉན་ཐོས་དང་རང་སངས་རྒྱས་དང། དེ་བཞིན་གཤེགས་པའི་ཐེག་པ་མངོན་པར་རྟོགས་པའི་རིགས་ཅན་ཞེས་བྱ་བ་གསུམ་ཡང་ཐེག་པ་སོ་སོས་ཡོངས་སུ་མྱ་ངན་ལས ་འདའ་བའ་ཨི་རྐྱེན་ཡང་དག་པར་བསྒྲུབས་པའི་རིགས་ཀྱིས་རྐྱེན་གྱི་དབང་གིས་འགྱུར་བར་ཟད་ཀྱིས། སེམས་ཅན་གྱི་རིས་ན་དེ་ལྟར་ངེས་པའི་སྡེ་ཚན་དུ་ཆད་པ་ནི་མེད་དེ། དེ་དག་ཀྱང་རང་བཞིན་གཅིག་ཏུ་མ་ངེས་པ་ཡིན་པར་རིག་པར་བྱའོ།། ་དེ་ལྟར་ན་མདོ་སྡེ་ལས་རིགས་ལྔར་གསུངས་པ་ཡང་རང་བཞིན་དུ་གནས་པའི་རིགས་ནི་ཐམས་ཅད་ལ་ཡང་འདྲ་བང་ཡོད་ལ། ཡང་དག་པར་བསྒྲུབས་པའི་རིགས་ཀྱི་བྱེ་བྲག་ལས་རེ་ཞིག་པའི་ཚུལ་གྱིས་རྣམ་པ་ལྔར་དབྱེ་བར་ཟད་ཀྱི། ་གཏན་དུ་སོ་སོར་ངེས་པ་ནི་མ་ཡིན་པར་ཤེས་པར་བྱའོ། །དེ་དག་ནི་རིགས་རྣམ་པར་གཞག་པ་སྦྱིང་བསྟན་པ་ཡིན་གྱི། སྐབས་དང་འདིར་རིགས་ཀྱི་གཞི་དང་ལྡན་པ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པར་མངོན་པ་རྟོགས་པའི་རིགས་ཅན་ཞི ་བའི་བགྲོད་པ་གཅིག་པུ་པ་ཉི་ཆོ་ག་ཟུང་བར་བྱའོ། །དེ་ལྟར་སྤྱིའི་དོན་བསྟན་ནས་ད་ནི་དེ་དག་གི་ཚིག་གི་དོན་བཤད་པར་བྱ་སྟེ། ཞི་བའི་བགྲོད་པ་གཅིག་པུ་པ་ཞེས་བྱ་བ་ལ། ཞི་ཞེས་བྱ་བ་ནི་ཉོན་མོངས་པའི་སྒྲིག་པ་ལས་རྣམ་པར་གྲོལ་བའོ།། ་བགྲོད་པ་ཞེས་བྱ་བ་ནི་ལམ་དང་འབྲས་བུ་སྟེ། ཉན་ཐོས་ཀྱི་ཐེག་པའི་ལམ་དང། རྣམ་པར་གྲོལ་བའི་འབྲས་བུའོ། །གཅིག་པུ་པ་ཞེས་བྱ་བ་ནི་དེའི་ཚེ་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བའི་རྐྱེན་ཡང་དག་པར་བསྒྲུབས་པའི་རིགས ་མ་ཐོབ་ཅིང། ཉན་ཐོས་ཀྱི་རྣམ་པར་གྲོལ་བ་དང་མྱ་ངན་ལས་འདས་པའི་ཉི་ཚེ་ལ་གནས་པའོ། །སངས་རྒྱས་ཐམས་ཅད་བརྩོན་པ་དང་ལྡན་པར་གྱུར་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལ་བཞག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ཐོབ་པར་བྱར་མི་ནུས་སོ་ཞེས་བྱ་བ་ནི་དེའི་ཚེ་ན་དེ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བའི་རྐྱེན་ཡང་དག་པར་བསྒྲུབས་པའི་རིགས་མེད་པས། དཔེར་ན་ནོར་བུ་མཆིང་བུ་?་དོར་བས་ཀྱང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར ་མི་འགྱུར་བ་དང་འདྲ་བར་སངས་རྒྱས་ཐམས་ཅད་ཀྱིས་བསྐུལ་ཀྱང་བླ་ན་མེད་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བའི་སྐལ་བ་མེད་པ་ལས་དགོངས་པ་ཡིན་གྱི་གཏན་དུ་དེ་ལྟ་བུ་ནི་མ་ཡིན་ཏེ། ནམ་ཞིག་ན་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བའི ་རྐྱེན་ཡང་དག་པར་བསྒྲུབ་པའི་རིགས་འཐོབ་པར་འགྱུར་ཞིང། སྔར་རིགས་ཀྱི་སྐབས་སུ་བསྟན་པའི་རིམ་པ་བཞིན་དུ་བླ་ན་མེད་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ནི་ངེས་པ་ཁོ་ན་ཡིན་ཏེ། འཇིག་རྟེན་ལས་འདས་པའི་ལམ ་གྱིས་རབ་ཏུ་ཕྱེ་བ་གནས་གྱུར་པ་ཐོབ་པའི་ཆོས་ཉིད་ཀྱིས་ན་ཕྱིར་ས་འོག་མར་མི་ལྟུང་བར་ངས་པ་དང། གོང་དུ་མཐར་ཐུག་པའི་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་འཐོབ་པ་ངེས་པ་ཁོ་ན་ཡིན་པའི་ཕྱིར་རོ། །དེའི་ཚེ་ནོར་བུ་མཆི་བུ་དང་འདྲའོ་ཞེས་བྱ་བའི་དཔེ ་གསུངས་པ་ཡང་དེའི་གནས་གྱུར་པའི་སེམས་ཀྱི་རང་བཞིན་མཆིང་བུ་དང་འདྲ་བར་གཞན་དུ་བསྒྱུར་དུ་མི་རུང་བ་ནི་མ་ཡིན་གྱི། ཉན་ཐོས་ཀྱི་ཐེག་པས་བསྡུས་པའི་བསམ་པ་དང། མོས་པའི་ཁམས་དང། བག་ལ་ཉལ་དེ་མཆིང་བུ་དང་འདྲ་བར་བླ་ན ་?་པའི་བྱང་ཆུབ་ཀྱི་རྒྱུ་མ་ཡིན་པ་ལས་དགོངས་པ་ཡིན་ཏེ་ཉན་ཐོས་ཀྱི་ཐེག་པ་ཉིད་བླ་ན་མེད་པའི་བྱང་ཆུབ་ཀྱི་མངོན་སུམ་གྱི་རྒྱུ་མ་ཡིན་པས་རྒྱུ་མི་འདྲ་བ་ལས་འབྲས་བུ་མི་སྐྱེའོ། །ཞེས་བྱ་བའི་ཐ་ཚིག་གོ། དོན་དེ་ཉིད་བསྟན་པའི་ཕྱིར་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ ་བ་ལུང་སོགས་?་གསུངས་སོ། །རང་བཞིན་གྱིས་རིགས་དམན་པ་ཁོ་ན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པའི་རྐྱེན་ཡང་དག་པར་བསྒྲུབས་པའི་རིགས་གློ་བུར་བདེ་ལ་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུ་མེད་པས་རང་བཞིན་གྱིས་དམན་པ་པ་ཁོ་ན་ཡིན་ ་པ་ལ་བྱའི། དེའི་ཀུན་གཞི་རྣམ་པར་ཤེས་པ་གནས་གྱུར་བའི་ངོ་བོ་ཉིད་ལ་ནི་རང་བཞིན་གྱིས་དམན་པར་གཅིག་ཏུ་ངེས་པ་མེད་དེ། བླ་ན་མེད་པའི་བྱང་ཆུབ་ཀྱི་ས་བོན་ཡང་དེ་ལ་ཡོད་པའི་ཕྱིར་རོ། །སེམས་ཅན་གྱི་དོན་བྱ་བ ་ལ་ཤིན་ཏུ་མི་ཕྱོགས་པར་འགྱུར་རོ་ཞེས་བྱ་བ་ནི་སེམས་ཅན་ཡོངས་སུ་སྨིན་པར་མི་བྱེད་པའོ། །འདུ་བྱེད་མངོན་པར་འདུ་བྱ་བ་ཐམས་ཅད་ལ་ཤིན་ཏུ་མི་ཕྱོགས་པར་འགྱུར་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་མི་བྱེད ་པའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསམ་བསྟན་ཏོ་ཞེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང། བདག་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར ་བྱེད་པ་ཡིན་ན། དེ་གཉིས་མི་བྱེད་པ་དེ་ལ་ནི་དེའི་ཚོན་ནི་དེའི་རྒྱུ་མེད་པའི་ཕྱིར་ཏེ། དེ་ཡང་སྦྱོར་བའི་བྱེ་བྲག་ཙམ་དུ་ཟད་ཀྱི། སེམས་ཀྱི་ངོ་བོ་ཉིད་ལས་གྱུར་པ་ནི་མ་ཡིན་ནོ། །དེའི་ཞི་བའི་ཕྱིར་བགྲོད་པ་གཅིག་བུ་ཞེས་བྱའོ་ཞེས་བྱ་བ་ནི་ཇི་སྲིད་དུ་བླ་ན ་མེད་པའི་བྱང་ཆུབ་ཀྱི་རྐྱེན་ཡང་དག་པར་བསྒྲུབས་པའི་རིགས་མ་ཐོབ་ཅིང། རྩོལ་བར་མི་བྱེད་པ་དེ་ཉིད་ཀྱི་བར་དུ་ཞེས་བྱ་བ་དགོངས་པ་སྟེ། དེ་ནི་རིགས་ཀྱི་གཞི་དང་ལྡན་པའི་སྒྲུབ་པའི་བྱེ་བྲག་བསྟན་པ་ཡིན་ནོ། །དེའི་འོག་ཏུ་རྐྱེན་གྱི་གཞི་དང ་ལྡན་པའི་སྒྲུབ་པའི་བྱེ་བྲག་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། རྐྱེན་གྱི་གཞི་དང་ལྡན་པ་ཞེས་བྱ་བ་ནི་སེམས་ཅན་མ་ངེས་པའི་རིགས་ཅན་ཉན་ཐོས་ཀྱི་ཐེག་པས་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པ་དག་དེ་བཞིན་གཤེགས་པས ་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་པ་མཛད་ཅིང་ཆོས་བསྟན་པ་ན། དེ་བཞིན་གཤེགས་པས་ཡང་དག་པར་བསྐུལ་བའི་རྐྱེན་གྱི་གཞི་ལ་བརྟེན་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བའི་ལམ་བསྒྲུབ་པར་བྱེད་པ་སྟེ། །དེའི་ཕྱིར ་དེ་བསྟན་པའི་བར་དུ་མཛད་ནས། ཉན་ཐོས་བྱང་ཆུབ་དུ་ཡོངས་སུ་འགྱུར་པ་གང་ཡིན་པ་དེ་ནི་ངས་རྣམ་གྲངས་ཀྱི་བྱང་ཆུབ་སེམས་དཔའ་ཡིན་པ་དེ་བསྟིམ?་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཉན་ཐོས་བྱང་ཆུབ་ཏུ་ཡོངས་སུ་འགྱུར་པ་འདིའི་ཚུལ། ? ་པ་ནི་སྔར་རིགས་ཀྱི་རྣམ་པར་བཞག་པ་བསྟན་པའི་སྐབས་སུ་བཤད་པ་ཁོ་ན་བཞིན་དུ་རིག་པར་བྱའོ། །འདིར་ཚིག་གི་དོན་བཤད་པར་བྱ་སྟེ། རྣམ་གྲངས་ཀྱི་བྱང་ཆུབ་སེམས་དཔའ་ཡིན་པར་བསྟན་ཏེ་ཞེས་བྱ་བ་ནི་དེ་དེའི་ཚེ་ཁོ་ན་ན། ཉིད་ཐོས་ཡིན ་ཡང་དེ་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ལ་གནས་པར་འགྱུར་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཨི་གྲངས་སུ་ཡང་བསྟན་ཏེ་ཞེས་བྱ་བའི་ཐ་ཚིགས་གོ་།དེ་ལ་ཅིའི་ཕྱིར་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བ་ཞེས་ན། དེའི་ཕྱིར་འདི་ལྟར་དེ་ནི་ཉོན ་མོངས་པའི་སྒྲིབ་པ་ལས་གྲོལ་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་བསྐུལ་ད?་ཤེས་བྱའི་སྒྲིབ་བ་ལས་སེམས་རྣམ་པར་གྲོལ་བར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་གསུངས་ཏེ། འདི་དི་མི་སློབ་པར་གྱུར་ནས་ཉན་ཐོས་ཀྱི་སྨོན་ལམ་ལམ་ལྡོག་ཅིང་དེ་བཞིན ་གཤེགས་པ་རྣམས་ཀྱིས་བསྐུལ་བའི་རྐྱེན་གྱིས་ཕུང་པོའི་ལྟག?་མ་དང་བཅས་པའི་ལུས་དེས་བླ་ན་མེད་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དང་སྦྱར་རོ། །འོ་ན་དེ་ཅིའི་ཕྱིར་ཉན་ཐོས་ཞེས་བྱ་ཞེ་ན། དེའི་ཕྱིར་དེ་ནི་དང་པོར་བདག་གི་དོན་ལ ་སྦྱོར་བའི་རྣམ་པས་ཉོན་མོངས་པའི་སྒྲིབས་པ་ལས་རྣམ་པར་གྲོལ་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པས་དེ་ཉན་ཐོས་ཀྱི་རིགས་སུ་འདོགས་སོ་ཞེས་བྱ་བ་གསུངས་ཏེ། དང་པོ་མ་ངེས་པའི་རིགས་ཅན་ཡིན་ཡང་བར་དུ་ཉན་ཐོས་ཀྱི་ཐེག་པས་ངེས་པར ་འབྱུང་བས་དྲི་སྲིད་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་མ་གྱུར་གྱི་བར་དུ་ཉན་ཐོས་ཀྱི་རིགས་སུ་འདོགས་སོ་ཞེས་བྱ་པའི་ཐ་ཚིག་གོ་།བསྒྲུབ་པའི་བྱེ་བྲག་རྒྱས་པར་བཤད་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་དེ་ལ་སྤྱོད་པའི་གང་?་གི ་མོས་པའི་བྱེ་བྲག་མདོར་བསྟན་པའི་ཚིག་དོན་ལ་སོགས་པ་བཤད་པར་བྱ་སྟེ། མོས་པའི་བྱེ་བྲག་མདོར་བསྟན་པ་ཞེས་བྱ་བ་ནི་དེ་ལྟར་བཅོམ་ལྡན་འདས་ཀྱིས་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་གདགས་པར་མཛད་པའང ་ལ་སེམས་ཅན་རྣམས་ཀྱིས་མོས་པའི་བྱེ་བྲག་རྣམ་པ་དུ་མ་ཡོད་པ་དང་པོར་མདོར་བསྡུས་ཏེ་བསྟན་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དོན་དམ་ཡང་དག་འཕགས་འདི་ལྟར་པའི་ཆོས་འདུལ་བ་སོགས་པར ་གསུངས་པས་ཤིན་ཏུ་གྱ་ནོམ་པ། བསམ་པ་ཤིན་ཏུ་རྣམ་པར་དག་པ་སྟོན་པ། ཆོས་ལེགས་པར་བསྟན་པ་ལ་ནི་སེམས་ཅན་རྣམས་ཀྱིས་མོས་པའི་རིམ་པ་ཡང་སྣང་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཆོས་འདུལ་པ ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་ལྡན་པ་ཉིད་ལ་བྱ་སྟེ། ཡང་དག་པའི་ལྟ་བ་དང། རྟོག་པ་དང། དྲན་པ་དང། ཏིང་ངེ་འཛིན་ནི་ཆོས་ཡིན་ནོ། །ཡང་དག་པའི་དག་དང། ་ལས་ཀྱི་མཛའ་དང། འཚོ་བ་ནི་འདུལ་བ་ཡིན་ནོ། །ཡང་དག་པའི་རྩོལ་བ་ནི་ཀུན་ཏུ་འགྲོ་བ་ཡིན་ནོ། །ལེགས་པར་གསུངས་པ་ཞེས་བྱ་བ་ལ་སོགས་པ་ནི་ཆོས་འདུལ་བ་དེ་ཉིད་ཁྱད་པར་དུ་བཤད་པར་བྱ་སྟེ། ལེགས་པར་གསུངས་པ ་ཞེས་བྱ་བ་ནི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ་ཞེས་གསུངས། །ཤིན་ཏུ་ནོམ་པ་ཞེས་བྱ་བ་ནི་དོན་བཟང་པོ། ཚིག་འབྲུ་བཟང་པོ་མ་འདྲེས་པ་ཞེས་གསུངས་པའོ། །བསམ་པ་ཤིན་ཏུ་རྣམ་པར་དག་པ་སྟོན་པ་ཞེས ་བྱ་བ་ནི་ཡོངས་སུ་རྫོགས་པ་དང། ཡོངས་སུ་དག་པ་དང། ཡོངས་སུ་བྱང་བ་ཞེས་གསུངས་པའོ། །ཆོས་ལེགས་པར་བསྟན་པ་ཞེས་བྱ་བ་ནི་ལྷ་དང་མིའི་བར་དག་ལ་ཡང་དག་པར་བསྟན་པ་ཞེས་གསུངས་པའོ། །དྲང་བའི་དོན་གྱིས་མདོ་བརྗོད་པའི་རྣམ? ་པས་ཞེས་བྱ་བ་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དེ་ཡང་མཚན་ཉིད་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་མ་ཡིན་གྱི། ཀུན་བརྟགས་པའི་མཚན་ཉིད་ནི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད ་མེད་པ་དང། གཞན་གྱི་དབང་གི་མཚན་ཉིད་ནི་སྐྱེ་པ་ངོ་བོ་ཉིད་མ་ཉིད་དང། དོན་དམ་པ་ངོ་བོ་ཉིད་མེད་པ་གཅིག་གིས་ངོ་བོ་ཉིད་མེད་པ་དང། ཡོངས་སུ་གྲུབ་པའི་མཚན་ཉིད་ནི་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཆོས་བདག་མེད་པས་རབ་ཏུ་ཕྱེ་བས་ངོ་བོ་ཉིད ་མེད་པ་ལས་དགོངས་ཏེ་གསུངས་པ་དང། ཆོས་ཐམས་ཅད་མ་སྐྱེས་པ་ཞེས་བྱ་བ་ལ་སོགས་པ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་ལས་དགོངས་ཏེ་གསུངས་པ་ནི་དྲང་པའི་དོན ་གྱི་མངོས?་བརྗོད་པའི་རྣམ་པ་ཞེས་བྱའོ། །མོས་པའི་བྱེ་བྲག་མེད་པ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་དེ་ལ་སྤྱོད་པའི་གང་ཟག་གི་མོས་པའི་བྱེ་བྲག་རྒྱས་པར་བཤད་པའི་ཆོ་གི་དོན་ལ་སོགས་པ་བཤད་པར་བྱ ་སྟེ། དེ་ནི་རྣམ་པ་ལྔ་སྟེ་རིགས་ཕུན་སུམ་ཚོགས་པ་ལས་གྱུར་པ་དང། མོས་པ་ཕུན་སུམ་ཚོགས་པ་ལས་གྱུར་པ་དང། ཤེས་རབ་ཕུན་སུམ་ཚོགས་པ་ལས་གྱུར་པ་དང། དེ་ལ་སེམས་ཅན་གང་དག་དགེ་བའི་རྩ་བ་ཆེན་པོ་བསྐྱེད་པ་ཞེས་བྱ་?་ནས། ་དད་པ་འཐོག་པར་འགྱུར་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །རིགས་པ་དང་མོས་པ་ལྡན་པ་ལས་གྱུར་ལ། ཤེས་རབ?་དང་བྲལ་བ་ནི་གཉིས་ལ་སྟེ་དེ་ལ་སེམས་ཅན་གང་དག་དགེ་བའི་རྩ་བ་བསྐྱེད་པ་དང་ཞེས་བྱ་བ་ནས་གོང་དུ་ཡོང་རྒྱུད་ཡོངས་སུ་མ་སྨིན་བདག ་ཀྱང་ཡོངས་སུ་སྨིན་པར་བྱེད་ཞེས་གསུངས་པའི་བར་གྱིས་བསྟན་ཏེ། རིགས་དང་མོས་པ་ལས་ལྡན་པར་གྱུར་པ་དང། ཤེས་རབ་ཆུང་དུ་ལས་གྱུར་པ་ནི་གསུམ་པ་སྟེ། ཇི་སྟེ་སེམས་ཅན་དེ་དག་ལས་སེམས་ཅན་གང་དག་བསོད་ནམས་དང་ཡེ་ཤེས་ཀྱི་ཆགས ་ཆེན་པོའི་བར་དུ་ཡང་དག་པར་གྲུབ་པ་མ་ཡིན་ཡང་ཞེས་བྱ་བ་ནས། དེ་དག་གི་ལས་ཀྱི་སྒྲིབ་པ་ཆེན་པོ་དང་ལྡན་པར་སྨྲའོ་ཞེས་གསུངས་པའི་བར་གྱིས་བསྟན་ཏེ། །ཐམས་ཅད་དང་བྲལ་ཞིང་བཀྲ་ཤིས་དགོས་པ་ལས་གྱུར་བ་ནི་བཞི་པ ་སྟེ། དོན་དམ་ཡང་དག་འཕགས་དེ་ལ་སེམས་ཅན་གང་དག་དགེ་བའི་རྩ་བ་མ་བསྐྱེད་བ་ཞེས་བྱ་བ་ནས་སེམས་ཅན་རྣམས་ཀྱི་མོས་པའི་རིམ་པ་དེ་ལྟ་བུ་དག་ཀྱང་སྣང་ངོ་ཞེས་གསུངས་པའོ་བར་གྱིས་བསྟན་ཏོ། །ཐམས་ཅད་ཕུན་སུམ་ཚོགས་ཤིང ་མགོ་གླེངས་པས་གོ་བ་ལས་གྱུར་པ་ནི་ལྔ་པ་སྟེ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏེ་ཞེས་བྱ་བ་ནས། དོན་དམ་ཡང་དག་འཕགས་དེ་བཞིན་ཏེ། ་གཞན་དུ་མ་ཡིན་གྱིས་དེ་ནི་དེ་བཞིན་དུ་ཟུང་ཞིག་ཅེས་གསུངས་པའི་བར་གྱིས་བསྟན་ཏོ། །དེ་ལ་དང་པོར་མོས་པའི་བྱེ་བྲག་རྒྱས་པར་བཤད་པ་དང་པོའི་ཚིག་གི་དོན་ལ་སོག་བ་བཤད་པར་བྱ་སྟེ། རིགས་ཕུན་སུམ་ཚོགས་པ་ཞེས་བྱ ་བ་ནི་དེ་བཞིན་གཤེགས་པའི་ཐེག་བ་མངོན་བར་རྟོགས་པའི་རིགས་དང་ལྡན་པ་སྟེ། དེ་ནི་དེ་ལ་སེམས་ཅན་གང་དག་དགེ་བའི་རྩ་བ་ཆེན་པོ་བསྐྱེད་པ། སྒྲིབ་པ་ཡོངས་སུ་དག་པ། རྒྱུ་ཡོངས་སུ་སྨིན་པ་ཞེས་བྱ་བས་བསྟན་ཏོ། །དེ་ལ་དགེ་བའི་རྩ ་པ་ཆེན་པོ་བསྐྱེད་པ་ཞེས་བྱ་བ་ནི་རིགས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་རྟགས་གང་དག་གིས་ནི་འདི་ནི་བྱང་ཆུབ་སེམས་དཔའ་ཡིན་ནོ་ཞེས་གཞན་དག་གིས་དེ་ལྟར་ཤེས་པར་འགྱུར་བ། བྱང་ཆུབ་སེམས་དཔའ་ཨི་ཕ་རོལ་ཏུ་ཕྱིན ་པ་རྣམས་ཀྱི་རིགས་ཀྱི་རྟགས་ཕུན་སུམ་ཚོགས་པ་དང་ལྡན་པ་སྟེ། དེ་བཞིན་གཤེགས་པའི་ཐེག་པའི་མངོན་པར་རྟོགས་པའི་རིགས་ཡང་དག་པར་བསྒྲུབ་པ་དེ་ནི་རང་བཞིན་གྱིས་ཡོན་ཏན་དང་ལྡན་?་བཟང་ལ་དགེ་བ་དང། ? ་པོའི་ཆོས་ཐམས་ཅད་དང་ལྡན་པའི་ཕྱིར་དེ་བཞིན་གཤེགས་པའི་གོ་འཕངས་དེ་ཙམ་དུ་བསྐྱེད་པར་དགའ་བ། གཙོ་བོར་གྱུར་པ། བསམ་གྱིས་མི་ཁྱབ་པ། མི་གཡོ་བ་བླ་ན་མེད་པ་དེ་ཐོབ་པའི་རྒྱུར་གྱུར་པ་ཡིན་པས་ན་ཡང་དག་པར་བསྒྲུབས ་པའི་རིགས་དེ་ཐོབ་པ་ནི་དགེ་པའི་རྩབ་ཆེན་པོ་བསྐྱེད་པ་ཞེས་བྱའོ། །སྒྲུབ་པ་ཡོངས་སུ་དག་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་རིགས་ཡང་དག་པར་བསྒྲུབས་པ་དེ་ཉིད་ཀྱི་གནས་སྐབས་ན་རིགས་ལ་གནས་སུ་ཟིན་ཀྱང་ཇི་སྲིད་དུ་དཀར་པོའི་ཆོས་དང་མི ་མཐུན་པའི་ཉོན་མོངས་པ་བཞི་པོ་དག་ལས་ཟང་པར་རམ། ཁ་ཅིག་གི་ཉེ་བའི་ཉོན་མོངས་པ་ཅན་དུ་མ་གྱུར་པ་དེ་སྲིད་དུ་རང་བཞིན་གྱིས་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རིགས་ཀྱི་རྟགས་ཀྱི་དགེ་བའི་ཆོས་དེ་དག་དང་ལྡན་པར་གྱུར་ལ། གང ་གི་ཚེ་ཉེ་བའི་ཉོན་མོངས་པ་ཅན་དུ་གྱུར་པ་དེའི་ཚེ། དེ་དཀར་པོའི་ཆོས་དེ་དག་ལ་ཡང་མི་སྣང་ལ་ངན་སོང་དག་ཏུ་ཡང་སྐབས་འགའ་སྐྱེ་བར་འགྱུར་བའི་ཉེ་བའི་ཉོན་མོངས་པ་བཞི་པོ་སྔར་བསྟན་པ་དེ་དག་དང་བྲལ་བའི་སྒྲིབ་པ་ཡོངས་སུ་དག་པ་ཞེས་བྱའོ།། ་རྒྱུད་ཡོངས་སུ་སྦྱིན་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་རིགས་ཡང་དག་པར་བསྒྲུབས་པ་དེ་ཉིད་ཀྱི་གནས་སྐབས་ན་རིགས་ལ་གནས་ཤིང་སྒྲིབ?་པ་ཡོངས་སུ་དག་ཏུ་ཟིན་ཀྱང་རྒྱུ་བ་ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་ནུས ་པའི་རྒྱུ་བཞི་སྔར་བསྟན་པ་དེ་དག་དང་བྲལ་བའི་ཕྱིར་རྒྱུད་ཡོངས་སུ་སྨིན་པ་དེ་ཞེས་བྱའོ། །མོས་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པའི་ཁམས་སངས་རྒྱས་ཀྱི་ཆོས་རྣམས་ལ་འཐོབ་པར་ནུས་པར་ཡིད་ཆེས་པས་རབ ་ཏུ་ཕྱེ་བའི་ཁམས་རྟས་པ་སྟེ། དེ་ནི་མོས་པ་མང་བ་ཞེས་བྱ་བས་བསྟན་ཏོ། །དེ་ཡང་བྱང་ཆུབ་སེམས་དཔའ་རིགས་ལ་གནས་པའི་གོང་དུ་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་གནས་སྐབས་ནམས་པའི་གནས་བརྒྱད་པོ་ལྔ་བསྟན་བདག་ལ་མོས་པའི ་ཁམས་རྟས་པར་བྱེད་པའི་རྒྱུ་གཉིས་པོ་སྔར་བསྟན་པ་དག་ཡོད་པས་མོས་པའི་ཁམས་རྟས་པ་སྟེ། དེ་ནི་མོས་པ་མང་བ་ཞེས་བྱའོ། །ཤེས་རབ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་བ་དང། ་དོན་དམ་པའི་བདེན་པ་འཛིན་པའི་ཤེས་རབ་ཡོངས་སུ་སྨིན་པ་སྟེ། དེ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡང་དག་པར་གྲུབ་པ་ཞེས་བྱ་བ་བསྟན་ཏོ། །དེ་ཡང་བྱང་ཆུབ་སེམས་དཔའ་དང་པོ་སེམས་བསྐྱེད་པའི་གོང་དུ་བྱང་ཆུབ ་སེམས་དཔའ་ཨི་སྤྱོད་པ་ལ་སྦྱོར་བའི་གནས་སྐབས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང། དེའི་རྒྱུ་དང་འབྲས་བུ་སྔར་བསྟན་པ་དག་ཡང་དག་པར་བསྒྲུབས་པའི་རིམ་གྱིས་ཤེས་རབ་ཡོངས་སུ་སྨིན ་པ་སྟེ། དེ་ནི་ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་པར་སྦྱར་རོ། །དེ་ལྟར་ཇི་སྐད་བསྟན་པའི་རྣམ་པ་དེ་དག་གིས་ནི་རིགས་ཕུན་སུམ་ཚོགས་པ་དང། མོས་པ་ཕུན་སུམ་ཚོགས་པ་དང། ཤེས་རབ་ཕུན་སུམ་ཚོགས་པ་བསྟན་ཏེ་རིགS ་ཕུན་སུམ་ཚོགས་པ་ནི་སྐལ་བ་དང་ལྡན་པའི་གཞི་ཡིན་ལ། མོས་པ་ཕུན་སུམ་ཚོགས་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་སྦྱོར་བའི་གཞི་ཡིན། ཤེས་རབ་ཕུན་སུམ་ཚོགས་པ་ནི་བྱང་ཆུབ་ཆེན་པོ་ཡོངས་སུ་རྫོགས་པར་འགྱུར་བའི ་གཞི་ཡིན་པས་དེ་གསུམ་གྱིས་ནི་གཞི་ཕུན་སུམ་ཚོགས་པ་བསྟན་ཏོ། །རིགས་ཕུན་སུམ་ཚོགས་པ་ལས་གྱུར་པ་ཞེས་བྱ་བ་ལ་སོགས་པ་ལ། གྱུར་པ་ཞེས་བྱ་བའི་སྒྲ་ནི་གཞི་དེ་གསུམ་ལས་བྱུང་བའི་མོས་པའི་བྱེ་བྲག་ཅེས་བྱ་བར ་སྦྱར་རོ། །མོས་པའི་བྱེ་བྲག་ཅེས་བྱ་བ་ནི་སྒྲ་ནི་སྐབས་འདིར་ཆོས་དང། དོན་རྟོགས་པ་ཞེས་བྱ་བའི་དོན་དུ་བཟུང། །དེ་དག་ཀྱང་གང་ཞེ་ན། ཆོས་དེ་ཐོས་ན་བའི་དགོངས་ཏེ་བཤད་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤིང ་ཞེས་བྱ་བས་ནི་རིགས་ཕུན་སུམ་ཚོགས་པ་ལས་གྱུར་པའི་མོས་པའི་བྱེ་བྲག་བསྟན་ཏེ། རིགས་དང་ལྡན་པའི་ཕྱིར་ནི་ཆོས་དེ་ཐོས་པར་གྱུར་ལ། རིགས་ཕུན་སུམ་ཚོགས་པའི་ཕྱིར་ནི་དགོངས་ཏེ་ཆོས་བཤད་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ ་ཤེས་པར་སྦྱར་རོ། །ཆོས་དེ་ལ་ཡང་མོས་པར་འགྱུར་ལ་ཞེས་བྱ་བས་ནི་མོས་པ་ཕུན་ཚོགས་པ་ལས་གྱུར་པའི་མོས་པའི་བྱེ་བྲག་བསྟན་ཏེ། མོས་པ་དང་ལྡན་པའི་ཕྱིར་ནི་ཆོས་དེ་ལ་མོས་པར་འགྱུར་ལ། མོས་པ་ཕུན་སུམ་ཚོགས་པའི་ཕྱིར་ནི་ཆོས་དེ་རྟོགས ་པར་སྦྱར་རོ། །དོན་དེ་ཡང་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་འགྱུར་ཞིང་ཞེས་བྱ་བ་ནི་ཤེས་རབ་ཕུན་སུམ་ཚོགས་པ་ལས་གྱུར་པའི་མོས་པའི་བྱེ་བྲག་བསྟན་ཏོ། དེ་རྟོགས་པ་གོམས་པས་ཀྱང་ཞེས་བྱ་བ་ནི་མོས་པའི་བྱེ་བྲག ་རྣམ་པ་གསུམ་པོ་ཇི་སྐད་བསྟན་པ་དེ་རྟོགས་པ་གོམས་པར་བྱས་པ་སྟེ། དེ་གསུམ་གྱིས་ནི་རྒྱུ་ཕུན་སུམ་ཚོགས་པ་བསྟན་ཏོ། །མྱུར་བ་མྱུར་བ་ཁོ་ནར་ཤིན་ཏུ་མཐར་ཐུག་པ་ཉིད་རྗེས་སུ་འཐོབ་པར་འགྱུར་ཏེ་ཞེས་བྱ་བ་ནི་རིགས་ཕུན་སུམ་ཚོགས་པའི ་གཞི་ལ་བརྟན་ཏེ། དགོངས་ཏེ་བཤད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའི་རྒྱུ་ཕུན་སུམ་ཚོགས་བས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་སྐལ་པ་ཅན་དུ་འགྱུར་ཞིང་མཐུ་ཡོད་པར ་འགྱུར་བས། དེ་ནི་མྱུར་བར་མྱུར་བ་ཁོ་ནར་སྐལ་བ་དང་ལྡན་པའི་ཤིན་ཏུ་མཐར་ཐུགས་པ་ཉིད་རྗེས་སུ་འཐོབ་པར་འགྱུར་རོ། །མོས་པ་ཕུན་སུམ་ཚོགས་པའི་གཞི་ལ་བརྟེན་ཏེ་ཆོས་དེ་ལ་མོས་པར་བྱེད་པའི་རྒྱུ་ཕུན་སུམ་ཚོགས་པས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི ་ཆོས་ཐམས་ཅད་ལ་སྦྱོར་བར་འགྱུར་པས་དེས་ནི་མྱུར་བ་མྱུར་བ་ཁོ་ནར་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་སྦྱར་པའི་མཐར་ཐུག་པ་ཉིད་རྗེས་སུ་འཐོབ་པར་འགྱུར་རོ། །ཤེས་རབ་ཕུན་སུམ་ཚོགས་པའི་གཞི་ལ་བརྟེན་ཏེ། དོན་དེ་ཤེས་རབ་ཀྱི་ཡང་དག་པའི་ལྟ ་བ་བཞིན་དུ་རྟོགས་པའི་རྒྱུ་ཕུན་སུམ་ཚོགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་རྫོགས་པར་འགྱུར་བས་དེས་ནི་མྱུར་བ་མྱུར་བ་ཁོ་ནར་བྱང་ཆུབ་ཆེན་པོ་ཡོངས་སུ་རྫོགས་པའི་མཐར་ཐུག་པ་ཉིད་རྗེས་སུ ་ཐོབ་པར་འགྱུར་ཏེ། དེ་གསུམ་གྱིས་ནི་འབྲས་བུ་ཕུན་སུམ་ཚོགས་པ་བསྟན་ཏོ། །ངལ་ཡང་ཨ་ལ་ལ་བཅོམ་ལྡན་འདས་དེ་ནི་ཡང་དག་རྫོགས་པའི་སངས་རྒྱས་ཡིན་ཏེ་ཞེས་བྱ་བ་ལ་སོགས་པའི་དད་པ་འཐོབ་པར་འགྱུར་ཞེས་བས་ནི་དེ་དག ་གིས་དེ་ལྟར་གཞི་ཕུན་སུམ་ཚོགས་པ་རྣམ་པ་གསུམ་ལ་བརྟེན་ཏེ། རྒྱུ་ཕུན་སུམ་ཚོགས་པ་རྣམ་པ་གསུམ་གྱིས་འབྲས་བུ་ཕུན་སུམ་ཚོགས་པ་རྣམ་པ་གསུམ་ཐོབ་པར་འགྱུར་པར་རྗེས་སུ་རྟོགས་པའི་སྒོ་ནས་དེ་སྟོན་པ་སངས་རྒྱས་བཅོམ་ལྡན ་འདས་ཀྱི་ཆེ་བ་ཉིད་ཡང་དག་པར་རྗེས་སུ་མཐོང་བས་སྔོན?་པ་ལ་ཡང་དད་པ་འཐོབ་པའི་མོས་པའི་བྱེ་བྲག་བསྟན་པ་ཡིན་ཏེ། དེ་ནི་མོས་པའི་བྱེ་བྲག་རྒྱས་པར་བཤད་པ་དང་པོ་ཡིན། །དེའི་འོག་ཏུ་མོས་པའི་བྱེ་བྲག་རྒྱས་པར་བཤད་? ་གཉིས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། རིགས་དང་མོས་པ་དང་ལྡན་བ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཐེག་པ་མངོན་པར་རྟོགས་པའི་རིགས་དང་ལྡན་པ་ཕུན་སུམ་ཚོགས་པ་ཉིད་མ་ཡིན་པ་དང། བྱང་ཆུབ་སེམས ་དཔའ་རྣམས་ཀྱིས་མོས་པའི་ཁམས་དང་ལྡན་ལ་རྟས་པ་ཉིད་མ་ཡིན་པ་སྟེ། དེ་ནི་དེ་ལ་སེམས་ཅན་གང་དག་དགེ་བའི་རྩ་བ་བསྐྱེད་པ་དང། སྒྲིབ་པ་ཡོངས་སུ་དག་པ་དང། རྒྱུད་ཡོངས་སུ་སྨིན་པ་དང། མོས་པ་ཆེན་པོ་མ་ཡིན་པ་ཞེས་བྱ ་བས་བསྟན་ཏེ། ཆེན་པོ་མ་ཡིན་ཞེས་བྱ་བའི་སྒྲ་ནི་དགེ་བའི་རྩ་བ་ཆེན་པོ་བསྐྱེད་པ་མ་ཡིན་པ། སྒྲིབ་པ་ཡོངས་སུ་དག་པ་ཆེན་པོ་མ་ཡིན་པ། རྒྱུད་ཡོངས་སུ་སྨིན་པ་ཆེན་པོ་མ་ཡིན་པ། མོས་པ་མང་བ་ཆེན་པོ་མ་ཡིན་པ་ཞེས་བྱ་བར་ཐམS ་ཅད་དང་སྦྱར་ཏེ། དེས་ན་རིགས་དང་མོས་པ་དང་ལྡན་ལ། ཕུན་སུམ་ཚོགས་པ་ཉིད་མ་ཡིན་པར་བསྟན་པ་ཡིན་ནོ། །དེ་ལ་དགེ་བའི་རྩ?་བ་ཆེན་པོ་བསྐྱེད་པ་མ་ཡིན་ཞེས་བྱ་བ་ནི་རིགས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་རྟག་གང་གིས་མ་འདི་ནི་བྱང ་སེམས་དཔའ་ཡིན་ནོ་ཞེས་གཞན་དག་གིས་དེ་ལྟར་ཤེས་པར་འགྱུར་བ་བྱང་ཆུབ་སེམས་དཔའ་ཨི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རིགས་ཀྱི་རྟགས་དང་ལྡན་ལ་ཕུན་སུམ་ཚོགས་པ་མ་ཡིན་པའོ། །སྒྲིབ་པ་ཡོངས་སུ་དག་པ་ཆེན་པོ་མ་ཡིན་ཞེས་བྱ་བ་ནི་བྱང ་ཆུབ་སེམས་དཔའ་ཨི་རིགས་ཡང་དག་པར་བསྒྲུབས་པ་དེ་ཉིད་ཀྱིས་གནས་སྐབས་ན། དཀར་པོའི་ཆོས་དང་མི་མཐུན་པའི་ཉེ་བའི་ཉོན་མོངས་པ་བཞི་པོ་སྔར་བསྟན་པ་དང་ཤས་ཆེར་བྲལ་ལ་གཏན་བྲལ་བ་ནི་མ་ཡིན་ནོ། །རྒྱུད་ཡོངས་སུ་སྨིན་པ་ཆེན་པོ ་མ་ཡིན་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རིགས་ཡང་དག་པར་བསྒྲུབས་པ་དེ་གཉིས་ཀྱི་གནས་སྐབས་ན་རིགས་ལ་གནས་ཤིང་སྒྲིབ་པ་ཡོངས་སུ་ཟད་དུ་ཟིན་ཀྱང་བྱང་ཆུབ་ཐོབ་པར་མི་ནུས་པའི་རྒྱུ་བཞི་པོ་སྔར་བསྟན་པ་དེ་དག་དང་ཤས་ཆེར་བྲལ་ལ་གཏན ་བྲལ་བ་མ་ཡིན་པ་སྟེ། དེ་དག་གིས་རིགས་དང་ལྡན་ལ་ཕུན་སུམ་ཚོགས་པ་ཉིད་མ་ཡིན་པ་བསྟན་ཏོ། །མོས་པ་མང་བ་ཆེན་པོ་མ་ཡིན་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་རིགས་ལ་གནས་པའི་གོང་དུ་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པའི ་གནས་སྐབས། །མོས་པའི་གནས་བརྒྱད་པོ་སྔར་བསྟན་པ་དག་ལ་འཐོབ་པར་ནུས་པར་ཡིད་ཆེས་པས་རབ་ཏུ་ཕྱེ་བའི་མོས་པའི་ཁམས་དང་ལྡན་པ་རྒྱུ་གཉིས་པོ་སྔར་བསྟན་པ་མེད་པས་མོས་པའི་ཁམས་རྟས་པ་ཉིད་མ་ཡིན་པ་སྟེ། དེས་ནི་མོས་པ ་དང་ལྡན་ལ་ཕུན་སུམ་ཚོགས་བ་ཉིད་མ་ཡིན་པ་བསྟན་ཏོ། །ཤེས་རབ་དང་བྲལ་བ་ཞེས་བྱ་བ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང། དོན་དམ་པའི་བདེན་པ་འཛིན་པའི་ཤེས་རབ་ཡོངས་སུ་མ་སྨིན་པ་སྟེ། དེ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ ་ཡང་དག་པར་མ་གྲུབ་པ་ཞེས་བྱ་བས་བསྟན་ཏེ། ཆེན་པོ་ཞེས་བྱ་བའི་སྒྲས?་དང་པོ་སེམས་བསྐྱེད་པའི་གོང་དུ་བྱང་ཆུབ་སེམས་དཔའ་སྦྱོད་བ་ལ་སྦྱོར་བས་གནས་སྐབས་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་དེའི ་རྒྱུ་དང་འབྲས་བུ་ཤེས་ཀྱིས་ཡོད་ཀྱང་ཡོངས་སུ་མ་སྨིན་པ་ཡིན་ལ། འབྲས་བུ་ཡང་མེད་རྟུལ་ལས་ཤས་དང་བྲལ་པ་ཞེས་བྱ་སྟེ། དེའི་ཕྱིར་དྲང?་པོ?་དང་དྲང་པོའི་རང་བཞིན་ཅན། རྟོགས་དང་སོལ་མི་ནུས་པ་ཞེས་བྱ་བ་གསུངས། ཞེས་བྱ་བ་ནི་རང ་བཞིན་གྱིས་རྣམ་པའོ། །དང་པོའི་རང་བཞིན་ཅན་ཞེས་བྱ་བ་ནི་གཡེར་བག་གི་སྦྱོར་བ་མི་བརྩོམ་པའོ། །རྟོགས་པ་ཞེས་བྱ་བ་ནི་གཉེན་པོ་དང་མི་མཐུན་པའི་ཕྱོགས་ལ་རྟོགས་པ་དེ་མི་ནུས་པའོ། །སེལ་བ་ཞེས་བྱ་བ་མི་གཏན་པས་མི་མཐུན་པའི་ཕྱོགས ་སལ་བ་སྟེ་དེ་མི་ནས་པའི། །དེ་ལྟར་ཇི་སྐད་བསྟན་པའི་རྣམ་པ་དེ་དག་གིས་ན་རིགས་དང་ལྡན་ལ་ཕུན་སུམ་ཚོགས་པ་མ་ཡིན་པ་དང། མོས་པ་དང་ལྡན་ལ་ཕུན་སུམ་ཚོགས་པ་མ་ཡིན་པ་དང་ཤེས་རབ་དང་བྲས་པ་བསྟན་ཏེ། ངེས་ན་སྐལ་བ ་དང་ལྡན་པའི་གཞི?་དང་ལྡན་ལ་ཕུན་སུམ་ཚོགས་པ་མ་ཡིན་པ་དང། བྱང་ཆུབ་སེམས་དཔའ་ཨི་སྤྱད་པ་ལ་སྦྱང་བའི་གཞི་དང་ལྡན་པ་ཕུན་སུམ་ཚོགས་པ་མ་ཡིན་པ་དང། བྱང་ཆུབ་ཆེན་པོ་ཡོངས་སུ་རྫོགས་པར་འགྱུར་བའི་གཞི་དང་བྲལ་བར་བསྟན ་ལ་ཡིན་ནོ། །རིགས་དང་མོས་པ་དང་ལྡན་པ་ལས་གྱུར་པ་ཞེས་བྱ་བ་ལ། གྱུར་ལ་ཞེས་བྱ་བའི་སྒྲ་ཡང་གཞི་དེ་གཉིས་ལས་བྱུང་བའི་མོས་པའི་བྱེ་བྲག་ཅེས་པར་སྦྱར་རོ?། །མོས་པའི་བྱེ་བྲག་ཅེས་བྱ་བའི་སྒྲ་སྐབས་འདིར་ནི་ཆོས་དང་དོན་ལ་དད?་པས? ་མོས?་པ?་ཞེས་བྱ་བའི་དོན་གཟུང་སྟེ། དེའི་ཕྱིར་རང་གི་ལྟ་བ་མཆོག་ཏུ་འཛིན་པར་མི་གནས་པ་ཞེས་བྱ་བ་གསུངས་ཏེ། ལྟ་བ་ཉིད་དད་པས་མོས་པའི་རྣམ་པ་ཡིན་པར་སྦྱར་རོ། །དེ་དག་ཀྱང་གང་ཞེ་ན། ཆོས་དེ་ཐོས་ན་ངའི་དགོངས་ཏོ?། ་བཤད་པ་ཡང་ཡང་དག་བོ་ཇི་ལྟ་བ་བཞིན་དུ་དཔེ?་དུ་མི་ཤེས་མོད་གྱི་ཞེས་བྱ་བ་ནི་རིགས་དང་ལྡན་པ་ལས་གྱུར་པ་ནི་མོས་པའི་བྱེ་བྲག་བསྟན་ཏེ?། རིགས་དང་ལྡན་པས་སྐལ་བ་དང་ལྡན་པའོ་གཞི་ཡོད་པའི་ཕྱིར་ནི་སྔ་མ་?་ཆོས་དེ་ཐོས་པར་འགྱུར་ལ་རིགས?་ཕུན? ་སུམ་ཚོགས་པ་མ་ཡིན་པས་སྐབས་དང་ལྡན་པའི་གཞི་ཕུན་སུམ་ཚོགས་པ་མ་ཡིན་པའི་ཕྱིར་ནི་སྔ?་མ་ལྟར་དགོངས་ཏེ་བཤད་པ་ཡང་དག་ལ་ཇི་ལྟ་བ་བཞིན་དུ་ངང?་ཏུ་མི་ཤེས་པ་སྦྱང། །འོན་ཀྱང་ཆོས་དེ་ལྟ་མོས་བ་བྱང་?་དད་པ་ཡང་ཐོབ་སྟེ་ཞེས་བྱ་བས་ན ་བསྒོམ་པའི་རྣམ་པས་སྦྱོར་བར་ནི་མི་ནུས་སོ་ཞེས་བྱ་པའི་བར་གྱིས་ནི་མོས་པ་དང་ལྡན་པ་ལས་གྱུར་བའི་བྱེ་བྲག་བསྟན་ཏེ། མོས་པ་དང་ལྡན་པས་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་སྦྱར་པའི་གཞི་ཡོད་པའི་ཕྱིར་ནི་?་མ་ལྟར་ཆོས་དེ་ལ་མོང་པར་འགྱུར་བ་མོས་པ ་ཕུན་སུམ་ཚོགས་བ་མ་ཡིན་པས་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་སྦྱོར་བ་ཕུན་སུམ་ཚོགས་པ་མ་ཡིན་པའི་ཕྱིར་ནི་སྔ?་མ་ལྟར་རྟོགས་པའི་མོས་པ་མམ་ཐོབ་པར་སྦྱང། །མདོ་སྡེ་འདི་དག་ནི་ཞེས་བྱ་བ་ནི་དད་པའི་དོན་གྱི་མོད་བརྗོད་པའི་རྣམ་པ་ཞེས་སྡང? ་སྨོས?་པ་ཉིད་ཡིན་པར་སྤོང?་།ཟབ་བ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས། །ཟབ་པར་སྣང?་བ་ཟེ་བྱ་བ་ནི་རྣལ་འབྱོར་པས་ཟབ་པར་རྟོགས་ཤིན་བླ་ལ་སྣང་བར་བྱར་རུང་བའོ། །སྟོང་པ་ཉིད་དང་ལྡན་པ་ཞེས་བྱ་བ་ནི་ཆོས་?་མེད་པས་རབ་ཏུ་བྱེ་བའོ། །མཐོང? ་བར་བྱ་བའི?་ཞེས་བྱ་བ་ནི་མཐོང་བའི་ལ་མ་དང?་བར་ཆད་མེད་པའི་ལམ་མ་སྐྱེས་གྱི་བར་དུ་ཐབས་གཞན་གྱི་མི་མཐོང་བའོ། །རྟོགས་པར?་དཀའ་བ་ཞེས་བྱ་བ་ནི་བསྒོམ་པའི་ལམ་དང་རྣམ་པར་གོལ?་བའི་ལམ་སྐྱེས་ཀྱི་འདུ་ཐབས་གཞན་གྱི་མི་རྟོགས ་པ?་?་བརྟག་མི་ནུས་བ་ཞེས་བྱ་བ་ནི་ཚད་མས་གཞལ་བར་མི་ནུས་བའོ། །?་སྤྱོད་ཡུལ་མ་ཡིན་པ་ཞེས་བྱ་བ་ནི་འཕག་པ་སོ་སོ་དང་རིགས་པའི་ཤེས་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །ཞིབ་མོ་ཞེས་བྱ་བ་ནི་དེ་ཁོ་ན་ཉད་ཀྱི་དོན་ལ་འཇུག་པའི་ཤེས ་རབ?་བོ?། །བརྟགས་པ་ཞེས་བྱ་བ་ནི་ཚད་བྱུང་གི་དོན་ལ་འཇུག་པའི་ཤེས་རབ་པོ། །མཁས་པ་ཞེས་བྱ་བ་ནི་སྦྱོར་བ་ལས་བྱུང་བའི་ཤེས་རབ་བོ?། །འཛངས་པ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་ཤེས་རབ་བོ། །ཤེས་རབ་རྣོན་པ་དག?་ཞི ་དང་ལྡན་པའི་གང་ཟག་ནི་ཞིབ་མོ་བརྟགས་པ་མཁས་པ་འཛངས་པ་ཞེས་བྱ་སྟེ། གང་ཟག་དེ་ལྟ་བུས་རིག་པ་ཡིན་ནོ་ཞེས་མོས་བར་བྱེད་དོ་ཞེས་བྱ་བར་སྦྱར་ཏེ། དེ་དག་གིས་ནི་སྔར?་རོ་ཆས་དེ་ལ་མོས་པར་བྱེད་ཅིང་ཞེས་སྨོས་པའི་མཚན་ཉིད་གཙོ་ཚང་བསྟན ་པར་རིག་པར་བྱའོ། །མདོ་སྡེ་དེ་དག་གི་བསྟན་པ་དག?་ལ་བདག་མི་ཤེས་སོ་སྙམ་ནས་འདུག་སྟེ་ཞེས་བྱ་བ་ལ་སོགས་པས་ནི་རང་གི་ལྟ་བ་མཆོག་ཏུ་འཛིན་པར་མི་གནས་པ་ཞེས་སྨོས་པའི་མཚན་ཉིད་གཙོ་ཆེར་སྟོན་ཏེ། དེའི་སྒོ་ནས་ཀྱང་དད་པས་མས? ་པའི་མཚན་ཉིད་སྟོན་པར་སྦྱང་ངོ། །སངས་རྒྱས་ཀྱི་བྱང་ཆུབ་ཅེས་བྱ་བ་ནི་རྟོགས་པར་ཐུབ་སུ་ཆུད་པའོ། །ཆོས་རྣམས་ཀྱི་ཆོས་ཉིད་ཅེས་བྱ་བ་ནི་སྒྲོ་བཏགས་པ་མེད་པ་དང། སྐུར་པ་མེད་པའི་ཆོས་ཉིད་དོ། །མོས་པ་སྣ་ཚོགས་ཀྱིས་འཇུག་པ་ཡིན་ཏེ ་ཞེས་བྱ་བ་ནི་འདུལ་བྱ་རྣམས་ཀྱི་མོས་པ་ཇི་ལྟ་བ་བཞིན་དུ་སྒོ?་སྣ་ཚོགས་ནས་སྟོན་པའོ། །དེ་དག་མདོ་སྡེ་དེ་རྣམས་ལ་གུས་པར་བྱས་ཏེ་ཡི་གེར་འདྲི་བར་ཡང་བྱེད་ཅེས་བྱ་བ་ལ་སོགས་པས་ནི་སྔར་དང་བ་ཡང་འཐོབ་བོ་སྟ་ཞེས་སྨོས་པའི་མཚན་ཉིད་གཙོ ་ཚར་སྟོན་ཏེ། སྒོ་ང་ནས་ཀྱང་དད་པས་མོས་པའི་བྱེ་བྲག་སྟོན་པར་སྦྱར་རོ། །བསྒོམ་པའི་རྣམ་པས་སྦྱོར་བ་ནི་མི་ནུས་སོ་ཞེས་བྱ་བས་ནི་ཤེ་རབ་དང་བྲལ་བའི་རྒྱུ་བསྟན་ཏེ། བསྒོམ་པའི་རྣམ་པ་ལ་བརྟན་ནས་ཤེས་རབ་སྐྱེ་བའི་ཕྱིར་རོ། །དེ་དག་གཞི་ངེས ་ན་ཞེས་བྱ་བ་ལ་སོགས་པས་ནི་བསོད་ནམས་དང་ཡེ་ཤེས་དང་དེའི་རྒྱུ་དང་འབྲས་བུ་སྔར་བསྟན་པ་ངག་རིམ་གྱིས་འཕེལ་བའི་སྒོ་ནས་ཤེས་རབ་དང་ལྡན་པར་འགྱུར་རོ་ཞེས་སྟོན་ཏོ། །གོང་དུ་ཡང་རྒྱུད་ཡོངས་སུ་མི་སྨན་པ་དག་ཀྱང་?་རྗེས?་སུ་?་བར ་བྱེད་དོ་ཞེས་བྱ་བས་ནི་ཤེས་རབ་དང་ལྡན་པར་གྱུར་བའི་གང་དུ་བྱང་ཆུབ་ཆེན་པོ་ཡོངས་སུ་རྫོགས་པར་འགྱུར་བའི་གཞི་དང་ལྡན་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་སྟེ། ང་ནི་མོས་པའི་བྱེ་བྲག་རྒྱས་པར་བཤད་པ་གཉིས་བ་ཡིན་ནོ། །དེའི?་མོས་པའི་བྱེ་བྲག་རྒྱབ? ་བར་བཤད་པ་གསུམ་པའི?་ཚིག?་དོན་ལ་སོགས་པ་བཤད་པར་བྱ་སྟེ། རིགས་དང་མོས་པ་དང་ལྡན་པའི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཐེག་པ་མངོན་པར་རྟོགས་པའི་རིགས་དང་ལྡན་ལ་ཕུན་སུམ་ཚོགས་པ་ཉིད་མ་ཡིན་བ་དང། བྱང་ཆུབ་སེམས་དཔའ་ ་རྣམས་ཀྱིས་མོས་པའི་ཁམས་དང་ལྡན་ལ་རྟགས་པ་ཉིད་མ་ཡིན་པ་སྟེ། སྔ་བ་གཉིས་པའི་སྐབས་སུ་ཇི་སྐད་བསྟན་བ་ཁོ་ན་བཞིན་དུ་བལྟ་བར་བྱའོ། །ཤེས་རབ་ཆུང་དུ་ཞེས་བྱ་བས་སྔ་མ་ལས་བྱེ་བྲག་ཏུ་བསྟན་པ་ཡིན་ཏེ། དེའི་ཕྱིར་ཇི་སྟེ་སེམས་ཅན་དེ་དག ་ལས་སེམས་ཅན་གང་དག་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོའི་བར་དུ་ཡང་དག་པར་འགྲུབ་པ་མ་ཡིན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས། །བར་དུ་ཞེས་བྱ་བའི་སྒྲ་ནི་སར་གཉིས་པའི་སྐབས་སུ་དགེ་བའི་རྩ་བ་བསྐྱོད?་པ་དང། སྒྲིབ་པ་ཡོངས་སུ ་དགེ་བ་དང། རྒྱུད་ཡོངས་སུ་སྨིན་པ་དང། མོས་པ་ཆེན་པོ་མ་ཡིན་པ་ཞེས་གསུངས་པ་ངག་ཀྱང་འདིར་བསྡུ་བའི་ཚིག་ཡིན་ནོ། །ཆེན་པོ་ཞེས་བྱ་བའི་སྒྲས་དང་པོ་སེམས་བསྐྱེད་པའི་གོན་དུ་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་སྦྱོར་བའི་གནས་སྐབས་ན ་བསོད་ནམས་དང་ཡེ་ཤེས་ཀྱི་ཆོགས་དང། དེའི་རྒྱུ་དང་འབྲས་བུ་ཤས་ཀྱི་ཡོད་ཀྱང་ཡོངས་སུ་མ་སྨིན་པར་ནི་སྔ་མ་དང་འདྲ་ལ། འབྲལ་དུ་མིང་རྡུལ་བ་མ་ཡིན་པའི་ཕྱིར་ནི་ཤེས་རབ་ཆུང་ངུ་དང་ལྡན་པ་ཞེས་བྱ་སྟེ། དེའི་ཕྱིར་དྲང་པོ་དང་དྲང་པོའི་རང་བཞིན ་ཅན་མ་ཡིན?་ལ་རྟོག?་པ་དང་སལ་ནུས་ཤིང་ཞེས་བྱ་བས་སྔ་མ་ལས་བྱེ་བྲག་ཏུ་བསྟན་ཏེ། ངེས་ན་ཤེས་རབ་ཆུང་ངུ་དང་ལྡན་པས་རེ་ཞིག་ཆུང་ཟ་བར་འགྱུར་བར་སྟོན་ཏོ། །རྒྱུད?་པ་ཞེས་བྱ་བའི་སྒྲ་ཡང་གཞིང་གསུམ་ལས་བྱུང་བའི་མོས་པའི་བྱེ་བྲག ་ཅེས་བྱ་བར་སྦྱར་རོ། །མོས་པའི་བྱེ་བྲག་ཅེས་བྱ་བའི་སྒྲ་སྐབས་འདིར་ནི་ཆོས་ལ་དད་པས་མོས་ལ་།དོན་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པ་ཞེས་བྱ་བའི་དོན་དུ་གཟུང་སྟེ། དེའི་ཕྱིར་ལྟ་བ་མཆོག་ཏུ་འཛིན་པར་གནས་པ་ཞེས་བྱ་བ་གསུངས་ཏེ། ལྟ་བ་ཉིད་དང ་པས་མོས་པ་དང། སྒྲ་ཇི་བཞིན་དུ་མངོན་པར་ཞེན་པའི་རྣམ་པ་ཡིན་པར་སྦྱར་རོ། །དེ་དག་ཀྱང་གང་ཞེ་ན། ཆོས་དེ་ཐོས་ནས་ངའི་དགོངས་ཏེ་བཤད་པ་ཟབ་མོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་ཏེ་ཞེས་བྱ་བས་ནི་རིགས་དང་ལྡན་པ་ལས་གྱུར་བའི་མོས་པའི་བྱེ་བྲག ་བསྟན་ཏེ། རིགས་དང་ལྡན་པས་སྐལ་བ་དང་ལྡན་པའི་གཞི་ཡོད་པའི་ཕྱིར་ནི་སྔ་མ་བཞིན་དུ་ཆོས་དེ་ཐོས་པར་འགྱུར་ལ། རིགས་ཕུན་སུམ་ཚོགས་པ་མ་ཡིན་པས་སྐལ་པ་དང་ལྡན་པའི་གཞི་ཕུན་སུམ་ཚོགས་པ་མ་ཡིན་པའི་ཕྱིར་ནི་སྔ་མ་བཞིན་དུ་དགོངས་ཏེ་བཤད ་པ་ཟབ་མོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་པར་སྦྱར་རོ། །ཆོས་དེ་ལ་མོས་ཀྱང་ཞེས་བྱ་བ་ནི་མོས་པ་ལྡན་པ་ལས་གྱུར་བའི་མོས་པའི་བྱེ་བྲག་བསྟན་ཏེ། མོས་པ་དང་ལྡན་པས་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་སྦྱོར་བའི་གཞི་ཡོད་པའི་ཕྱིར་ནི་སྔ་མ ་བཞིན་དུ་ཆོས་དེ་ལ་མོས་པར་འགྱུར་ལ། མོས་པ་ཕུན་སུམ་ཚོགས་པ་མ་ཡིན་པས་བྱང་ཆུབ་སེམས?་ངའི?་སྤྱོད་པ་ལ་སྦྱོར་བའི་གཞི་ཕུན་སུམ་ཚོགས་པ་མ་ཡིན་པའི་ཕྱིར་ནི་སྔ་མ་བཞིན་དུ་རྟོགས་པར་མི་འགྱུར་ཞིང། ཆོས་དེ་ལ་དད་པས་མོས་པའི་བྱེ་བྲག་ཐོབ་པར་སྦྱོར ་ཆོས་འདི་དག་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཁོ་ན་ཡིན་ཞེས་བྱ་བ་ལ་སོགས་པས་ནི་ཤེས་རབ་ཆུང་དུ་ལས་གྱུར་བའི་མོས་པའི་བྱེ་བྲག་བསྟན་ཏེ། ཤེས་རབ་ཆུང་དུ་དེ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་དེའི་རྒྱུ་དང་འབྲས་བུ་ཡང་དག་པར་འགྲུབ་པའི་རིམ་གྱིས་ཐོབ་པ་ནི་མ ་ཡིན་གྱི་།དྲང་པོ་དང་དྲང་པོའི་རང་བཞིན་ཅན་མ་ཡིན་རྟོག་པ་དང་སེལ་ནུས་པ་ཙམ་གྱིས་ཤེས་རབ་ཡིན་པས་ཤེས་རབ་ཆུང་དུ་དེ་ལས་གྱུར་པའི་མོས་པའི་བྱེ་བྲག་དེ་ཡང་དོན་ལ་སྒྲ་ཇི་བཞིན་ཁོ་ནར་མངོན་པར་ཞེན་པས་བྱེད་པ་མཚན་ཉིད་ཐམས་ཅད་ལ་སྐུར་པ་འདེབས ་པར་བྱེད་པ། ཤེས་རབ་དང་དགེ་བའི་ཆོས་རྣམས་ལས་མ་ཐོབ་པའི་མ་ཉམ་པར་ཡོངས་སུ་མཉམ་པར་བྱེད་པ་ཡིན་ཏེ། སྔར་ཤེས་རབ་དང་བྲལ་བ་ཞེས་བྱ་བ་ནི་ཤེས་རབ་ཡོངས་སུ་མ་སྨིན་པས་ཆུད་ཟ་བར་འགྱུར་བ་ཡང་མེད་ཀྱི། ཤེས་རབ་ཆུང་ངུ་འདི་ནི་རེ་ཞིག་ཆུད་ཟ་བར་འགྱུར་བའི?་རིག་པར་བྱའོ། ་དེ་ལ་ཆོས་འདི་དག་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་ཁོ་ན་ཡིན་ནོ། །ཞེས་ཀྱི་དོན་ལ་སྒྲ་ཇི་བཞིན་ཁོ་ནར་མངོན་པར་ཞེན་པར་བྱེད་དེ་ཞེས་བྱ་བས་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་ཞེས་གསུངས་པ་ནི་མཚན་ཉིད་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་མ་ཡིན་གྱི། སྔར་དྲང་བའི་དྲོན་གྱི་མདོ་སྡེ ་བརྗོད་པའི་རྣམ་པ་བསྟན་པ་ལྟ་བུ་ཡིན་ན། དེ་ལྟར་མི་ཤེས་ཤིང་མཚན་ཉིད་ཐམས་ཅད་ངོ་བོ་ཉིད་མེད་པ་ཡིན་ནོ་ཞེས་ཆོས་ཀྱི་དོན་ལ་སྒྲ་ཇི་བཞིན་ཁོ་ནར་མངོན་པར་ཞེན་པར་བྱེད་པ་ཁོ་ནའོ། །ཆོས་འདི་དག་ཐམས་ཅད་ནི་མ་སྐྱེས་པ་ཁོ་ན་ཞེས་བྱ་བ་ལ་སོགས་པ་ཆོས་ཀྱི་དོན་ལ་སྒྲ་ཇི་བཞིན་ཁོ ་ནར་མངོན་པར་ཞེན་པར་བྱེད་པ་མ་ཡིན་ནོ། །ཆོས་ཐམས་ཅད་ལ་མེད་པར་ལྟ་བ་དང་ཞེས་བྱ་བ་ནི་མཚན་ཉིད་མེད་པའི་ཆོས་དང། ཀུན་ནས?་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་དང། རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་ཐམས་ཅད་མགོ་མཉམ་དུ་མེད་པར་ལྟ་བར་བྱའོ། །མཚན་ཉིད་མེད་པ་ལ་ལྟ་བ་ཞེས་བྱ་བ་ནི ་ཀུན་བརྟགས་པའི་མཚན་ཉིད་དང། གཞན་གྱི་དབང་གི་མཚན་ཉིད་དང། ཡོངས་སུ་གྲུབ་པའི་མཚན་ཉིད་ཐམས་ཅད་མགོ་མཉམ་དུ་མེད་པར་བལྟའོ། །འདི་ལྟར་གཞན་གྱི་མཚན་ཉིད་དང་ཡོངས་སུ་གྲུབ་པའི་མཚན་ཉིད་ཡོད་ན་ནི་ཀུན་བརྟགས་པའི་མཚན་ཉིད་གྱང?་རབ་ཏུ་ཤེས་པར་འགྱུར་ན་ཞེས ་བྱ་བ་ནི་མཚན་ཉིད་དེ་གཉིས་ལ་ངོ་བོ་ཉིད་དམ་བྱེ་བྲག་ཏུ་མིང་དང་བརྡར་འདོགས་པ་ཉིད་ཀུན་བརྟགས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་དག་ནི་མཚན་ཉིད་རྣམ་པ་གསུམ་ཆར་ལ་ཡང་སྐུར་པ་འདེབས་པ་ཞེས་བྱའོ་ཞེས་བྱ་བས་ནི་ཤེས་རབ་ཆུང་ངུ་ལས་གྱུར་པའི་མོས? ་པའི་བྱེ་བྲག་ཉིད་བསྟན་པ་ཡིན་ནོ། །དེ་དག་ནི་དའི་ཆོས་ལ་ཆོས་སུ་འདྲུ་ཤེས་པ་དང་ཞེས་བྱ་བ་ནི་སངས་རྒྱས་ཀྱི་བཀའ་ཡིན་པར་འཛིན་པ་སྟེ། དེས་ནི་རིགས་དང་ལྡན་པ་དང་མོས་པ་དང་ལྡན་པ་ལས་གྱུར་བའི་མོས་པའི་བྱེ་བྲག་ཉིད་བསྟན་པ་ཡིན་ནོ། །དོན་མ་ཡིན་པ་ལ་དོན་དུ་འདུ་ཅེས? ་པ་ཡིན་ཏེ་ཞེས་བྱ་བ་ནི་ཆོས་ཀྱི་དོན་ལ་སྒྲ་ཇི་བཞིན་ཁོ་ནར་ཞེན་པ་སྟེ། དེས་ནི་ཤེས་རབ་ཆུང་དུ་ལས་གྱུར་པའི་མོས་པའི་བྱེ་བྲག་མཚན་ཉིད་རྣམ་པ་གསུམ་ཅར་ལ་ཡང་སྐུར་པ་འདེབས་པ་ཉིད་བསྟན་ཏོ། །དེ་དག་ཆོས་ལ་མོས་པས་དགེ་བའི་ཆོས་རྣམས ་ཀྱིས་འཕེལ་མོང་ཀྱིས་ཞེས་བྱ་བས་ནི་རིགས་དང་ལྡན་པ་དང་མོས་པ་དང་ལྡན་པ་ལས་གྱུར་པའི་མོས་པའི་བྱེ་བྲག་གི་ཕན་ཡོན་སྟོན་ཏེ། དེ་དག་དེ་བཞིན་གཤེགས་པའི་ཐེག་པ་མངོན་པར་རྟོགས་པའི་རིགས་ཡང་དག་པར་བསྒྲུབས་པ་དང་ལྡན་ཞིང། དེའི་གོང་དུ་དང ་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་གནས་སྐབས་ན་མོས་པའི་གནས་བརྒྱད་པོ་དག་ལ་མོས་ཤིང་སངས་རརྱས་ཀྱི་ཆོས་རྣམས་ལ་ཐོབ་པར་ནུས་པར་ཡིད་ཆེས་པས་རབ་ཏུ་ཕྱེ་བའི་མོས་པའི་ཁམས་དང་ལྡན་པས། །ཐར་པའི་ཆ?་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད ་ཟིན་པའི་ཕྱིར་རིང་པོ་མི་ཐོགས་པར་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེ་ཞིང་མཐོང་བའི་ལམ་དང་སྒོམ་པའི་ལམ་དང། མཐར་ཐུགས་པའི་འབྲས་བུ་ཡང་རིམ་གྱིས་ཐོབ་པར་འགྱུར་བས་ན། དེའི་ཕྱིར་དགེ་བའི་ཆོས་རྣམས་ཀྱི་འཕེལ་བ ་ཞེས་བྱ་སྟེ། ཕན་ཡོན་དཔག་ཏུ་མེད་པ་དང་ལྡན་པར་བསྟན་པ་ཡིན་ནོ། །འོན་ཀྱང་དོན་མ་ཡིན་པ་ལ་མངོན་པར་ཞེན་པས་ཤེས་རབ་ལ་ཡོངས་སུ་ཉམས་པར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ཤེས་རབ་ཆུང་ངུ་ལས་གྱུར་པའི་མོས་པའི་བྱེ་བྲག་ཉེས་དམིགས ་སྟོན་ཏེ། དེ་དག་ཤེས་རབ་ཆུང་དུ་དང་ལྡན་པས་དོན་ལ་སྒྲ་ཇི་བཞིན་ཁོ་ནར་མངོན་པར་ཞེན་ཅིང་མཚན་ཉིད་རྣམ་པ་གསུམ་ཆར་ལ་ཡང་སྐུར་པ་འདེབས་པར་བྱེད་པས། རེ་ཞིག་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་དང་མཐོང་བའི་ལམ་ལ་སོགས ་པས་བསྡུས་པའི་ཤེས་རབ་ལས་མ་ཐོབ་པའི་ཉམས་པས་ཡོངས་སུ་ཉམས་པར་འགྱུར་བའི་ཉེས་དམིགས་ཆེན་པོ་དང་ལྡན་པར་སྟོན་ཏོ། །ཤེས་རབ་ལས་ཡོངས་སུ་ཉམས་ན་དགེ་བའི་ཆོས་ཤིན་ཏུ་རྒྱ་ཆེ་བ་དང། ཤིན་ཏུ་དཔག་ཏུ་མེད་པ་རྣམས་ལས་ཀྱང་ཡོངས་སུ ་ཉམས་པར་འགྱུར་རོ་ཞེས་བྱ་བ་ནི་དེ་ལྟར་ཤེས་རབ་དེ་དག་ལས་མ་ཐོབ་པའི་ཉམས་པས་ཡོངས་སུ་ཉམས་ན་ཤེས་རབ་དེ་དག་གིས་བསྡུས་པའི་དགེ་བའི་ཆོས་ཤིན་ཏུ་རྒྱ་ཆེ་བ་དང། ཤིན་ཏུ་དཔག་ཏུ་མེད་པ་རྣམས་ལས་ཀྱང་མ་ཐོབ་པའི་ཉམས་པས་ཡོངས་སུ་ཉམས་པར་འགྱུར ་བ་སྟེ། དེ་ཙམ་དུ་འགྱུར་བར་ཟད་ཀྱི་ཁ་ན་མ་ཐོབ་འཕེལ་བར་ནི་འགྱུར་པའི་དོན་ཏོ། །དེ་དག་ལས་གཞན་དག་གིས་ཆོས་ལ་ཆོས་སུ་དང། དོན་མ་ཡིན་པ་ལ་དོན་དུ་ཐོས་ནས་ཤེས་བྱ་བའི་སྨྲ་བ་པོ་ཤེས་རབ་ཆད་དུ་དེ་དག་ལས་ཉན་པ་པོ་ལས་དང་པོ་པ་གཞན་དག་གིས་ཐོས ་ནས་སོ། །དེ་ལ་ཉན་པ་པོ་ནི་རྣམ་པ་གཉིས་ཏེ། དེ་དག་གི་ལྟ་བ་ལ་དགའ་བར་བྱེད་པ་དང། དེ་དག་གི་ལྟ་བ་ལ་དགའ་བར་མི་བྱེད་པའོ། །ལྟ་བ་ལ་དགའ་བར་བྱེད་པ་དག་ནི་སྨྲ་བ་པོ་དེ་དག་ཉིད་དང་འདྲ་བར་ཆོས་ལ་མོས་པའི་དགེ་བའི་ཆོས་རྣམས་ཀྱིས་བྱང ་འཕེལ་བར་འགྱུར། དོན་མ་ཡིན་པ་ལ་མངོན་པར་ཞེན་པས་ཤེས་རབ་དང། དགེ་བའི་ཆོས་རྣམས་ལས་འོངས་སུ་ཉམས་པར་འགྱུར་ཞིང་ཁ་ན་མ་ཐོ་བ་འཕེལ་བར་ནི་མ་འགྱུར་ཏེ། དེ་ནི་གང་དག་ལྟ་བ་ལ་དགའ་བར་བྱེད་པ་དག་ནི་ཞེས་བྱ་བ་ལ་སོགས ་པས་བསྟན་ཏོ། །ལྟེ་བ་ལ་དགའ་བར་མི་བྱེད་པ་ངག་ནི་དེ་དག་གི་ལྟ་བ་ལ་མ་ཕྱོགས་པའི་ཡོན་ཏན་ཡོད་ཀྱང། ཆོས་ལ་ཡང་མི་མོས་ཤིང་སྐུར་པ་འདེབས་པ་ལ་སོགས་པའི་རིམ་གྱིས་དགེ་བར་ཆོས་རྣམས་ཀྱིས་འཕེལ་བར་ལྟ་གལ་འགྱུར་གྱི ་ཤེས་རབ་དང་དགེ་བའི་ཆོས་རྣམས་ལས་མ་ཐོབ་པའི་ཉམས་པས་ཡོངས་སུ་ཉམས་པར་འགྱུར་བའི་སྟེང་དུ། ཁ་ན་མ་ཐོབ་ཆེན་པོ་ཡང་འཕེལ་བར་འགྱུར་ཏེ། དེ་ནི་གང་དག་ལྟ་བ་ལ་དགའ་བར་མི་བྱེད་པ་དེ་དག་ནི་ཞེས་བྱ་བ་ལ་སོགས་པས ་བསྟན་ཏོ། །དེ་དག་ལ་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཐོས་ཤིང་ཞེས་བྱ་བ་ལ་སོགས་པ་ནི་སྨྲ་བ་པོ་སྒྲ་དེ་དག་ལ་སྒྲ་ཇི་བཞིན་དུ་ཐོས་པའོ། །སྐྲ་གཅིན་ཞེས་བྱ་བ་ལ་སོགས་པ་ནི་མཚན་ཉིད་རྣམ་པ་གསུམ་ཆར་ལ་སྐུར་པ་འདེབས་པའི་ལྟ་བ་ལ་མོས ་པའི་ཕྱིར་རོ། །མདོ་སྡེ་དག་ལ་སྐུར་བ་འདེབས་པར་བྱེད་ཅེས་བྱ་བ་ལ་སོགས་པ་ནི་སྨྲ་བ་པོ་དེ་དག་གི་ལྟ་བ་ལ་མོས་བར་ལྟ་གལ་འགྱུར་གྱི་།དེ་དག་གང་ལ་མོས་པའི་ཆོས་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་དེ་དང་དེ་དག་ཡང ་སྐུར་པ་འདེབས་ཤིང་གཏན་སྤོང་བ་ལ་སོགས་པ་བྱེད་པ་ཡིན་ནོ། །གཞི་ངེས་ན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་དེ་དག་ལ་སྐུར་བ་བཏབ་པ་ལ་སོགས་པའི་གཞི་ངེས་སོ། །ཕོངས་པ་ཆེན་པོ་ཐོབ་པར་འགྱུར་ཞིང་ཞེས་བྱ་བ་ནི་དམ ་པའི་ཆོས་ཀྱི་འཕོངས་པར་འགྱུར་བའི་སྒྲིབ་པ་ཆེན་པོ་ཐོབ་པར་འགྱུར་བ་འམ། ཡང་ན་གཞི་ངེས་འབྲས་བུ་སྡུག་བསྔལ་ཆེན་པོ་ཐོབ་པར་འགྱུར་བའོ། །ལས་ཀྱི་སྒྲིབ་པ་ཆེན་པོས་ཀྱང་རེག་པར་འགྱུར་རོ་ཞེས་བྱ་བ་ནི་དམ་པའི་ཆོས་ཀྱིས་ཀྱང་ཕོངས་པར ་འགྱུར་བའི་ལས་ཀྱི་སྒྲིབ་པ་ཆེན་པོ་འབྲས་བུ་སེམས?་ཅན་དམྱལ་བ་ཆེན་པོ་གཅིག་ནས་གཅིག་ཏུ་བརྒྱུད་པ་འཕེལ་བ་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་།གཞི་ངེས་ཀྱང་ཞེས་བྱ་བ་ནི་ཉན་པ་པོ་རྣམ་གཉིས་ཏེ། དེ་ལྟར་རབ་ཏུ་ཉམས་པར་བྱེད་པའི་གཞི་ངེས ་ཀྱང་ངོ་གང་དག་ཅེས་བྱ་བ་ནི་ཤེས་རབ་ཆུང་དུ་ལས་གྱུར་པའི་མོས་པའི་བྱེ་བྲག་དང་ལྡན་པའི་སྨྲ་བ་པོ་ངག་གོ་།དེ་དག་ནི་ལས་ཀྱི་སྒྲིབ་པ་ཆེན་པོ་དང་ལྡན་པར་ང་སྨྲའོ་ཞེས་བྱ་བ་ནི་སྨྲ་བ་པོ་དེ་དག་རང་གི་ཤེས་རབ་ཆུང་ངུ་ལས་གྱུར་པའི་མོས་པའི ་བྱེ་བྲག་གིས་ནི་ཤེས་རབ་དང། དགེ་བའི་ཆོས་རྣམས་ལས་མ་ཐོབ་པའི་ཉམས་པས་ཡོངས་སུ་ཉམས་པར་འགྱུར་ལ་ཁ་ན་མ་ཐོ་བ་འཕེལ་བར་ནི་མི་འགྱུར་མོད་ཀྱི། ཉན་པ་པོ་རྣམས་གཉིས་རབ་ཏུ་ཉམས་པར་བྱས་པའི་གཞི་དེས་ཁ ་ན་མ་ཐོབ་གཞན་འཕེལ་ཞིང་རེ་ཞིག་ཆུང་ཟ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་སྟེ་།དེ་ནི་མོས་པའི་བྱེ་བྲག་རྒྱས་པར་བཤད་པ་གསུངས་པ་ཡིན་ནོ། །དེའི་འོག་ཏུ་མོས་པའི་བྱེ་བྲག་རྒྱས་པར་བཤད་པ་བཞི་པའི་ཚིག་དོན་ལ་སོགས་པ་བཤད་པར་བྱ་སྟེ། ་ཐམས་ཅད་དང་བྲལ་ཞིང་བཀྲི་བ་དགོས་པ་ཞེས་བྱ་བ་ནི་རིགས་ཡང་དག་པར་མ་བསྒྲུབས་པ་དང། མོས་པ་མེད་པ་དང། ཤེས་རབ་འཆལ་པ་མཁས་པ་རྣམས་ཀྱིས་སྙིང?་རྗེའི་ཞག་པས་བཟུང་ཞིང་བཀྲི་དགོས་པ་སྟེ་།དེ་ལ་དོན་དམ་ཡང་དག་འཕགས་དེ་ལ་སེམས་ཅན་གང ་དག་དགེ་བའི་རྩ་བ་མ་སྐྱེད་སྒྲིབ་པ་ཡོངས་སུ་མ་དག་རྒྱུད་ཡོངས་སུ་མ་སྨིན་ཞེས་བྱ་བ་ནི་རིགས་ཡང་དག་པར་མ་བསྒྲུབས་པ་བསྟན་ཏོ། །མོས་པ་མི་མང་ཞེས་བྱ་བས་ནི་མོས་པ་མེད་པ་བསྟན་ཏོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་མ་གྲུབ་ཅིང། དྲང ་པོ་དང་དྲང་པོའི་རང་བཞིན་ཅན་མ་ཡིན་ལ་རྟོག་པ་དང་སེལ་མི་ནུས་ཤིང་ཞེས་བྱ་བས་ནི་ཤེས་རབ་འཆལ་བ་བསྟན་ཏོ། །གྱུར་བ་ཞེས་བྱ་བ་ཡང་ཐམས་ཅད་དང་བྲལ་ཞིང་བཀྲི་དགོས་པ་ལས་བྱུང་བའི་མོས་པའི་བྱེ་བྲག་ཅེས་བྱ་བར་སྦྱར་རོ། །མོས་པའི་བྱེ་བྲག་ཅེས་བྱ ་བའི་སྒྲ་སྐབས་འདིར་ནི་ཆོས་དང་དོན་ལ་ཆོས་མ་ཡིན་པ་དང། དོན་མ་ཡིན་པར་འདུ་ཤེས་པ་ཞེས་བྱ་བའི་དོན་དུ་བཟུང་ངོ། །དེའི་ཕྱིར་རང་གི་ལྟ་བ་མཆོག་ཏུ་འཛིན་པར་གནས་པ་ཞེས་བྱ་བ་གསུངས་ཏེ། ལྟ་བ་ཉིད་འདུ་ཤེས་ཀྱི་རྣམ་པ་ཡིན་པར ་སྦྱར་རོ། །དེ་དག་ཀྱང་གང་ཞེ་ན། ཆོས་དེ་ཐོས་ན་ངའི་དགོངས་ཏེ་བཤད་པ་ཡང་ཡན་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་ཤིང་ཞེས་བྱ་བ་ནི་རིགས་ཡང་དག་བར་མ་བསྒྲུབས་པ་ལས་གྱུར་བའི་མོས་པའི་བྱེ་བྲག་བསྟན་ཏེ་རང་བཞིན་གྱིས ་གནས་པའི་རིགས་ཡོད་པས་ནི་ཆོས་དེ་ཐོས་པར་འགྱུར་ལ། ཡང་དག་པར་བསྒྲུབ་པའི་རིགས་མེད་པས་ནི་དགོངས་ཏེ་བཤད་པ་ཡང་དག་པ་ཇི་ལྟ་བཞིན་དུ་རབ་ཏུ་ཡེ་ཤེས་པར་སྦྱར་རོ། །ཆོས་དེ་ལ་ཡང་མོས་པར་ཡང་མི་འགྱུར་ལ ་ཞེས་བྱ་བས་ནི་མོས་པ་མེད་པ་ལས་གྱུར་བའི་མོས་པའི་བྱེ་བྲག་བསྟན་ཏོ། །དེ་དག་ཆོས་དེ་ལ་ཆོས་མ་ཡིན་པར་འདུ་ཤེས་ཤིང་དོན་ལ་དོན་མ་ཡིན་པར་འདུ་ཤེས་ལ་ཞེས་བྱ་བ་ལ་སོགས་པས་ནི་ཤེས་རབ་འཆལ་པ་ལས་གྱུར་པའི་མོས་པའི?་བྱེ?་ ་བྲག་བསྟན་ཏོ། །ལྷད་ཀྱང་འཇུད?་པར་བྱེད་དེ་ཞེས་བྱ་བ་ནི་དོན་དང་ཚིག་ལ་དང?་དག?་འཐབ?་འདོད་ཅིག་ལ་སོགས་པ་བྱེད་ཅིང་དམ་པའི་ཆོས་ལྟར་བཅོམ་པ་སྟོན་པར་བྱེད་པའོ། །དེ་དག་ནི་དང་པོ་ཉིད་ནས་ཀྱང་ལས་ཀྱི་སྒྲིབ་པས་བསྒྲིབས? ་པ་ཡིན་ལ་ཞེས་བྱ་བ་ན་དེ་ལྟར་འདི་ལྟ་བུའི་གནས་སྐབས་སུ་གྱུར་པའི་རྒྱུ་སྔོན་བསགས་པ་གང་ཡིན་པས་སོ། །ལས་ཀྱི་སྒྲིབ་པ་དེའི་དང་པོ་ནི་གདགས་པ་སླའི་ཞེས་བྱ་བས་ནི་སྔོན་གྱི་དུས་འདི་ཙམ་ཞིག་ནས་གཞི་འདི་ལྟ་བུ་ལས་གྱུར་ཏེ། ཞེས་དང་པོའི ་གཞི་བརྟགས་པའོ། །འབྱུང་བར་འགྱུར་རོ་ཞེས་གདགས་པ་ནི་དཀའ་ཨོ་ཞེས་བྱ་བ་ནི་སྒྲིབ་པ་དེ་འདི་ཙམ་ན་སྤོང་བར་འགྱུར་རོ་ཞེས་དེ་ལམ་ཐར་པར་འགྱུར་བའི་ཕྱི་མའི་མཛའ་བརྟག་པར་ནི་དཀའ་ཨོ་ཞེས་བྱ་བའི་ཐ་ཚིག་སེམས་ཅན་རྣམས་ཀྱི་མོས་པའི་རིམ་པ་དེ ་ལྟ་བུ་དག་ཀྱང་སྣོང་ཞེས་བྱ་བས་ནི་དེ་ཡན་ཆད་དུ་མོས་པའི་བྱེ་བྲག་མདོར་བསྟན་པ་དང། རྒྱས་པར་རྣམ་པ་བཞི་བསྟན་པ་དེ་དག་གི་མཇུག་བསྡུ་བ་བསྟན་ཏོ། །དེ་ནི་མོས་པའི་བྱེ་བྲག་རྒྱས་པར་བཤད་པ་བཞི་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས ་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ལྔས་ནི་བཅོམ་ལྡན་འདས་ཀྱིས་དེ་ཡན་ཆད་དུ་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པའི་མཚན་ཉིད་ཇི་སྐད་བསྟན་པ་དེ་དག་གི་དངོས་པོ་བསྡུ་བ་བསྟན ་ཏེ། དེ་ལ་ཚིགས?་སུ་བཅད་པ་དང་པོ་དང་གཉིས་པས་ནི་དོན་ལ་ལོག་པར་རྟོག་པ་རྣམ་པ་བཞིས་ཆུང་ཟ་བར་འགྱུར་བའི་གཉེན་པོར་ངོ་བོ་ཉིད་མེད་པ་ཉིད་ཀྱི་ལྡེམ་པོར་དགོངས་པ་སྔར་བསྡུ་པའི་དངོས་པོ་བསྡུ་བ་བསྟན་ཏོ། །ཚིགས་སུ་བཅད་པ ་གསུམ་པས་ན་དེ་ལ་སྤོང་པའི་གང་ཟག་གི་བསྒྲུབ་པའི་བྱེ་བྲག་རྒྱས་པར་བཤད་པ་གསུམ་སྔར་བསྟན་པའི་དང་པོ་བསྟན་པའི་གཞི་དང་ལྡན་པའི་སྐབས་སུ་རྣམ་པར་དག་པའི་ལམ་གཅིག་དང། རྣམ་པར་དག་པ་གཅིག་དང། ཐེག་པ་གཅིག ་པ་དང་སེམས་ཅན་གྱི་དབང་པོའི་རིམ་པ་ལ་རིགས་སྣ་ཚོགས་དག་ཀྱང་མེད་པ་ན་མ་ཡིན་ནོ། །ཞེས་བཤད་པའི་དངོས་པོ་བསྡུ་བ་བསྟན་ཏོ། །ཚིགས་སུ་བཅད་པ་བཞི?་བའི་རྩ་བ་དང་པོ་གཉིས་ཀྱིས་ནི་རིགས་ཀྱི་གཞི་དང་ལྡན་པའི་སྐབས་སུ་གང་ཟག་ཉན་ཐོས་གྱིའི?་ཤས་ཅན་ཞི་བ ་བགྲོད་བ་གཅིག་པུ་པ་ཞེས་བཤད་པ་དེ་ལྟ་བུའི་སེམས་ཅན་མང་པོའི་དངོས་པོ་བསྡུ་བ་བསྟན་ཏོ། །རྩ་བ་འོག་མ་གཉིས་ཀྱིས་ནི་རྐྱེན་གྱི་གཞི་དང་ལྡན་པའི་སྐབས་སུ་ཉེན་ཐོས་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བ་བཤད་པ་ལ་སོགས་པ་བླ་ན་མེད་པའི་བྱང་ཆུབ་ཏུ་ལམ་བསྒྲུབ ་པ་དེ་ལྟ་བུའི་སེམས་ཅན་ཤིན་ཏུ་དཀོན་པའི་དངོས་པོ་བསྡུ་བ་བསྟན་ཏོ། །ཚིགས་སུ་བཅད་པ་ཐམས་ན་བཅོམ་ལྡན་འདས་ཀྱིས་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་གདགས་པ་མཛད་པ་དེ་ལ་སྤྱོད་པའི་གང་ཟག་བསྒྲུབ་པའི་བྱེ་བྲག་དང། མོས་པའི་བྱེ་བྲག་ཐ་དད་དུ ་ཟིན་ཀྱང་སྒོ་དེ་ནས་ཞུགས་ཏེ་རྣམ་པར་གྲོལ་བའི་འབྲས་བུ་ཐོབ་པ་རྣམས་ཀྱི་མྱ་ངན་ལས་འདས་པའི་དབྱིངས་ལ་བྱེ་བྲག་མེད་པ་དང། དེའི་ཚེ་བརྒྱ་ཆེར་བསྟན་པ་ཡིན་ནོ། །དེའི་འོག་ཏུ་མོས་པའི་བྱེ་བྲག་རྒྱས་པར་བཤད་པ་ལྔ་པའི་ཚིག་གི་དོན་ལ་སོགས་པ་བཤད་བར ་བྱ་སྟེ། ཐམས་ཅད་ཕུན་སུམ་ཚོགས་ཤིང་མགོ་གླེངས་པས་གོ་བཞེས་བྱ་བ་ནི་འཕགས་པ་དོན་དམ་ཡང་དག་འཕགས་ཉིད་འདིར་རིགས་དང། མོས་པ་དང་ཤེས་རབ་ཐམས་ཅད་ཕུན་སུམ་ཚོགས་ཤིང་མགོ་གླེངས་པས་གོ་བའི་ཚང་མར་བྱས་པ ་ཡིན་ཏེ། དེ་དང་འདྲ་བར་བྱང་ཆུབ་སེམས་དཔའ་ཨི་གནས་པ་མཆོག་ལ་ཡང་དག་པར་ཞག་བ་ཐམས་ཅད་ཕུན་སུམ་ཚོགས་ཤིང་མགོ་གླེངས་པས་གོ་བ་གཞན་དག་ཀྱང་གཟུང་བར་བྱའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དེ་ནས་དེའི་ཚེ་བཅོམ་ལྡན ་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ལ་སོགས་པ་གསུངས་སོ། །སྐབས་འདིར་འཕགས་བ་དོན་དམ་ཡང་དག་འཕགས་ཉིད་ཚད་མར་བྱས་པ་ཡིན་པས་དེའི་རིགས་དང། མོས་པ་དང་ཤེས་རབ་ཕུན? ་སུམ་ཚོགས་པ་ནི་ཡོད་པར་མངོན་པར་ཞར་ལ་གླེངས་པར་ཟད་ཀྱི་དམིགས་ཀྱིས་བསྟན་པ་མེད་དོ། །དེ་ཇི་ལྟར་མགོ་གླངས་པས་གོ་བ་ཡིན་ཞེ་ན། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་ངག་གིས་འདི་ལྟར་འཚུལ་ཏེ་ཞེས་བྱ་བ་གསུངས་ཏེ། བཅོམ་ལྡན་འདས ་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པའི་མཚན་ཉིད་སྐབས་དེ་ཡན་ཆད་དུ་མགོ་གླེངས་ཏེ་བཀའ་སྩལ་པའི་རྗེས་ལ། འདིར་འཕགས་བདོན་དམ་ཡང་དག་འཕགས་ཉིད་ཀྱིས་དེ་བཞིན་དུ་གོ་ཞིང་རྒྱ་ཆེར་སྟོན་པ་ཉིད་མགོ་གླེངས་པས་གོས་ཡིན་པར་སྦྱར་རོ། །གྱུར་བ ་ཞེས་བྱ་བ་ཡང་དེ་ལྟ་བུར་ཕུན་སུམ་ཚོགས་ཤིང་མགོ་གླངས་པས་གོ་བ་ལས་བྱུང་བའི་མོས་པའི་བྱེ་བྲག་ཅེས་བྱ་བར་སྦྱར། །མོས་པའི་བྱེ་བྲག་ཅེས་བྱ་བའི་སྒྲ་སྐབས་འདིར་ནི་ངོ་བོ་ཉིད་གསུམ་ངོ་བོ་ཉིད་ཀྱིས་ཐ་དད་པའི་མཐོང་བའི་རྟོགས་པ་སྒོམ་པའི་རྣམ ་པ་ཡོངས་སུ་ཤེས་པ་དང། དེའི་འབྲས་བུ་བྱ་བ་མེད་པ་ཉིད་ཡིན་པར་སྦྱར་རོ། །མོས་པའི་བྱེ་བྲག་དེ་དག་ཀྱང་ཞེ་ན། གཞུང་འོག་མ་རྣམས་ཀྱི་ཇི་སྐད་སྟོན་པ་ངག་ཡིན་པར་རིག་པར་བྱའོ། །དེ་ལ་རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན ་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་ལ་ཞེས་བྱ་བ་ནི་ཚིག་གི་གཞི་ཅིག་ཏུ་བསྡུས་ཏེ། གཞན་གྱི་དབང་གི་མཚན་ཉིད་ལ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལ་རྣམ་པར་རྟོག་པ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་སྟེ། ཁམས་གསུམ་པའི་སེམས ་དང་སེམས་ལས་བྱུང་བ་ཐམས་ཅད་དོ། །དེའི་སྤྱོད་ཡུལ་ཞེས་བྱ་བ་ནི་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་ཡིན་ནོ། །ཀུན་བརྟགས་པའི་མཚན་ཉིད་ཅེས་བྱ་བ་ནི་ཇི་ཙམ་དུ་རྗེས་སུ་ཐ་སྙད་གདགས་པའི་ཕྱིར་ངོ་བོ་ཉིད་དམ ་བྱེ་བྲག་ཏུ་མིང་དང་བརྡར་བཏགས་པ་སྟེ། དེ་ཡང་གནས་མེད་པ་ལ་གདགས་སུ་མི་རུང་པས་དེའི་གནས་ཀྱང་འདུ་བྱེད་ཀྱི་མཚན་ཉིད་ཡིན་ནོ། །དེ་ལྟར་ན་རྣམ་པར་རྟོག་པའི་སྤྱོད་ཡུལ་ཡང་འདུ་བྱེད་ཀྱི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་ཀྱི ་གནས་ཀྱང་འདུ་བྱེད་ཀྱི་མཚན་མ་ཡིན་ནོ། །འདུ་བྱེད་ཀྱི་མཚན་མ་ཞེས་བྱ་བ་ནི་འདུ་བྱེད་ཀྱི་རྣམ་བ་སྟེ། རྣམ་པར་རྟོག་པ་ཉིད་འདུ་བྱེད་ཀྱི་རྣམ་པར་སྣང་བ་ལ། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་ཞེས་བྱའི། ་རྣམ་པར་རྟོག་པ་ལས་གཞན་པ་ཕྱི་རོལ་ན་དེའི་སྤྱོད་ཡུལ་དུ་གྱུར་པའི་དངོས་པོ་གཞན་ནི་མེད་དོ། །དེ་ཉིད་དངོས་པོའི་ངོ་བོ་ཉིད་རྐྱེན་གཞན་གྱི་དབང་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་གཞན་གྱི་དབང་གི་མཚན་ཉིད་ཡིན་པར་རིག་པར་བྱའོ། །གཞན་གྱི་དབང་གི་མཚན ་ཉིད་དེ་ལ་གཟུགས་ཀྱི་ཕུང་པོ་ཞེས་བྱ་བ་ལ་སོགས་པར་ངོ་བོ་ཉིད་ཀྱི་མཚན་ཉིད་དམ། བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡའ་རྣམ་པར་བཞག་པ་གང་ལགས་པ་དེ་ནི་ཀུན་བརྟགས་པའི་མཚན་ཉིད་ལགས་ཏེ་ཞེས་བྱ་བ་ནི་གཞན་གྱི་དབང་གི་མཚན་ཉིད་དེ་ལ་ཇི ་ཙམ་དུ་རྗེས་སུ་ཐ་སྙད་གདགས་པའི་ཕྱིར་ངོ་བོ་ཉིད་མཚན་ཉིད་དུ་མིང་དང་བརྡར་བརྟགས་པ་དང། བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡར་བཏགས་པ་གང་ཡིན་པ་དེ་ནི་དངོས་པོའི་ངོ་བོ་ཉིད་མ་ཡིན་པ་སྒྲོ་བཏག་པ་ཡིན་པས་ཀུན་བཏགས་པའི་མཚན་ཉིད ་ཡིན་པར་བསྟན་ཏོ། །དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མ་མཆིས་པ་ཉིད་འདོགས་པར་མཛད་ལགས་སོ་ཞེས་བྱ་བ་ནི་ཀུན་བརྟགས་པའི་མཚན་ཉིད་དེ་ཉིད་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱི་ངོ་བོ་ཉིད་མེད་པ་ཡིན ་པས་གང་དག་གིས་དེ་ལྟར་ཀུན་བརྟགས་པའི་ངོ་བོ་ཉིད་མཚན་ཉིད་ངོ་བོ་ཉིད་ཀྱིས་ངོ་བོ་ཉིད་མོང་པ་ཐ་དད་པ་མཐོང་བ་དེ་དག་ལ་ནི་བཅོམ་ལྡན་འདས་མཚན་ཉིད་ངོ་བོ་ཉིད་འདོགས་པར་མི་མཛད་ཀྱི། གང་དག་གི་དེ་ལྟར་མི་མཐོང་བ་དེ་དག་ལ་ཀུན ་བརྟགས་པའི་མཚན་ཉིད་དེ་ལ་བརྟེན་ནས། བཅོམ་ལྡན་འདས་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་འདོགས་པར་མཛད་དོ་ཞེས་བྱ་བའི་ཐ་ཚིག་གོ་།རྣམ་པར་རྟོགས་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི ་མཚན་མ་གང་ལགས་པ་དེ་ནི་གཞན་གྱི་དཔང་གི་མཚན་ཉིད་ལགས་ཏེ་ཞེས་བྱ་བའི་ཐ་ཚིག་གི་དོན་ནི་གོང་དུ་བསྟན་ཟིན་ཏོ།། །།དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མ ་མཆིས་བ་ཉིད་དང། དོན་དམ་པ་ངོ་བོ་ཉིད་མ་མཆིས་པ་ཉིད་དེ་ལས་གཅིག་ཀྱང་འདོགས་པར་མཛད་ལགས་སོ་ཞེས་བྱ་བ་ཡང་གཞན་གྱི་དབང་གི་མཚན་ཉིད་དེ་ཉིད་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་དང་དོན་དམ་པ་ངོ་བོ་ཉིད་མེད ་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡིན་པས་གང་དག་གིས་དེ་ལྟར་གཞན་གྱི་དབང་གི་ངོ་བོ་ཉིད་མེད་བ་ཉིད་དང། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པར་ཐ་དད་པར་མཐོང་བ་དེ་དག་ལ་ནི་བཅོམ་ལྡན་འདས་སྐྱེ་པ་ངོ་བོ་ཉིད་མེད་པ་ཉིད་དང། ་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་འདོགས་པར་མི་མཛད་ཀྱི་གང་དག་གིས་དེ་ལྟར་མ་མཐོང?་བ་དེ་དག་ལ་གཞན་གྱི་དབང་གི་མཚན་ཉིད་དེ་ལ་བརྟེན་ནས་བཅོམས?་ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད ་འདོགས་པར་མཛད་དོ་ཞེས་བྱ་བའི་ཐ་ཚིག་གོ་།དོན་དམ་པ་ངོ་བོ་ཉིད་མ་མཆིས་པ་ཉིད་དེ་ལས་གཅིག་ཀྱང་ཞེས་བྱ་བ་ནི། གཞན་གྱི་མཚན་ཉིད་རྣམ་པར་དག་པའི་དམིགས་པ་མ་ཡིན་པའི་དོན་དམ་པའི་དོན་དམ་པའི་ངོ་བོ་ཉིད་མེད་པ་ཞེས་སྔར ་བསྟན་བ་དེ་གཟུང་བར་བྱའོ། །རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་དེ་ཉིད་ཀུན་བརྟགས་པའི་མཚན་ཉིད་དེར་ཡོངས་སུ་མ་གྲུབ་ཅིང་ཞེས་བྱ་བ་ནི་གཞན་གྱི་དབང་གི་མཚན་ཉིད་དེ་ཉིད་ཀུན་བརྟགས ་པའི་མཚན་ཉིད་ཀྱི་མིང་དང་བརྡར་སྒྲོ་བཏགས་པ་དེར་ཡོངས་སུ་མི་གྲུབ་པའོ། །ངོ་བོ་ཉིད་མེད་དོ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ཅེས་བྱ་བ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དེ་ཁོ་ནས་སོ། །ཆོས་བདག་མ་མཆིས་པ་དེ་བཞིན་ཉིད་ཅེས་བྱ་བ་ནི་དེ་ལྟར་ཀུན་བརྟགས ་པའི་མཚན་ཉིད་དེར་མ་གྲུབ་ཅིང་ངོ་བོ་ཉིད་དེར་ཁོ་ན་ངོ་བོ་ཉིད་མེད་པ་གཞན་གྱི་ངོ་བོ་ཉིད་དེའི་དེ་བཞིན་ཉིད་དེ། ཆོས་ཀྱི་དབྱིངས་རྣམ་པར་དག་པའོ། །རྣམ་པར་དག་པའི་དམིགས་པ་གང་ལགས་ཞེས་བྱ་བ་རྣམ་པར་དག་པ་ཞེས་བྱ་བ་ནི། གནས་གྱུར་པས་རབ་ཏུ་བྱེ་བ ་ཡང་དག་པའི་ཤེས་པ་འཇིག་རྟེན་ལས་འདས་པ་ཡང་དག་པའོ། །དེའི་དམིགས་པ་ནི་ཆོས་བདག་མེད་པ་དེ་བཞིན་ཉིད་ཅེས་གོང་དུ་བསྟན་པ་ཉིད་ཡིན་ནོ། །དེ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ལགས་ཏེ་ཞེས་བྱ་བ་ནི་དེ་ལྟར་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་དེ་བཞིན་ཉིད ་དང། གནས་གྱུར་པས་རབ་ཏུ་ཕྱེ་བ་ཡང་དག་པའི་ཤེས་པ་འཇིག་རྟེན་ལས་འདས་པ་རྣམ་པར་དག་པ་དེ་ནི་དེ་བཞིན་ཉིད་ཡོངས་སུ་གྲུབ་པ་དང། ཡང་གྲུ་པའི་ཤེས་པ་ཡོངས་སུ་གྲུབ་པ་ཡིན་པས་ཡོངས་སུ་གྲུབ་པའི་མཚན་ཉིད་ཅེས་བྱ་སྟེ། དེ་ཡང་ཡུལ་དང་ཡུལ་གྱི་དངོས་པོར ་གཉིས་སུ་གནས་པ་མ་ཡིན་གྱི། ཡང་དག་པའི་ཤེས་པའི་ངོ་བོ་ཉིད་བཞིན་ཉིད་ཡིན་པས་འཕགས་པ་སོ་སོར་རིག་པའི་ངོ་བོ་ཉིད་ཡིན་པར་བལྟ་བར་བྱའོ་དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཆོས་རྣམས་ཀྱི་དོན་དམ་པ་ངོ་བོ་ཉིད་མ་མཆིས་པ་དེ་ཉིད་དེ་ལས་གཅིག་འདོགས་པར ་མཛད་ལགས་སོ་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་དེ་ཉིད་དོན་དམ་པ་ངོ་བོ་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡིན་པས་གང་དག་གིས་དེ་ལྟར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཐ་དད་པར ་མཐོང་བ་དེ་དག་ལ་ནི་བཅོམ་ལྡན་འདས་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་འདོགས་པར་མི་མཛད་ཀྱི་གང་དག་གིས་དེ་དག་མ་མཐོང་བ་དེ་དག་ལས་ཡོངས་སུ་གྲུབ་པའི་མཚན་ཉིད་དེ་ལ་བརྟེན་ནས། བཅོམ་ལྡན་འདས་ཆོས་རྣམས་ཀྱི་དོན་དམ་པ་ངོ ་བོ་ཉིད་མེད་པ་ཉིད་འདོགས་པར་མཛད་དོ་ཞེས་བྱ་བའི་ཐ་ཚིག་གོ་།དོན་དམ་པ་ངོ་བོ་ཉིད་མ་མཆིས་པ་དེ་ཉིད་དེ་ལས་གཅིག་ཅེས་བྱ་བར་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཅེས་སྔར ་བསྟན་པ་དེ་གཟུང་བར་བྱའོ། །འཕགས་པ་དོན་དམ་ཡང་དག་འཕགས་ཀྱིས་བཅཝབ?་སྒ?་དང་རི་མོ་བྲི་བའི་གཞི་དང་མར་དང་ནམ་མཁའ་ཨི་དཔེ་བསྟན་པ་ནི་དངོས་པོ་བསྟན་པ་ནི་དངོས་བོ་བསྟན་བ་ཙམ་དུ་ཟེར་གྱི་གོ་རིམ་ངེས་པ་ཁོ་ནར་དགོངས་པ ་ནི་མ་ཡིན་པས། འདི་བླ་མའི་གནས་ལྟ་བུ་དག་གིས་དཔེ་རྣམ་པ་དེ་བཞིས་མཚོན་པའི་དོན་གྱི་སྒོ་ནས་གོ་རིམ་གྱི་ཤུགས་སྦྱར་བ་ནི་དང་པོ་མར་གྱི་དབེས་བསྟན་ལ་དེའི་འོག་ཏུ་བཅཝ?་སྒའི་དབེས་བསྟན། དེའི་འོག་ཏུ་རིམ་བྲི་བའི་གཞིའི་དཔེ་སྟན། དེའི ་འོག་ཏུ་ནམ་མཁའ་ཨི་དཔེས་བསྟན་ཏོ། །གོ་རིམ་དེ་ལྟར་བཀོད་པའི་དཔེ་བཞི་པོ་དག་གིས་ནི་ཚུལ་ཁྲིམས་དང། ཏིང་ངེ་འཛིན་གྱི་གཏམ་དང། ཤེས་རབ་ཀྱི་གཏམ་དང། ཀུན་རྫོབ་ཀྱི་གཏམ་དང། དོན་དམ་པའི་གཏམ་བསྟན་ཏེ། གོ་རམ་བཞིན་དུ་སྦྱར ་བར་ཤེས་པར་བྱའོ། །གཏམ་དེ་བཞིའི་གོ་རིམ་ཅིའི་ཕྱིར་དེ་ལྟར་རྣམ་པར་བཞག་པར་དེས་ཤེ་ན་དང་པོར་ལྷག་པའི་ཚུལ་ཁྲིམས་ལ་གནས་ན་ལྟག་པའི་སེམས་སྐྱེ་བར་འགྱུར་བས་དེའི་ཕྱིར་དང་པོ་ཚུལ་ཁྲིམས་དང་ཏིང་ངེ་ཛིན་གྱི་གཏམ ་བསྟན་ཏོ། །དེའི་འོག་ཏུ་ལྷག་པའི་སེམས་དེ་ལ་བརྟེན་ནས་ལྟག་པའི་ཤེས་རབ་སྐྱེ་བར་འགྱུར་བས་དེའི་འོག་ཏུ་ཤེས་རབ་ཀྱི་གཏམ་བསྟན་ཏོ། །དེའི་འོག་ཏུ་ལྷག་པའི་ཤེས་རབ་ཀྱིས་ཤེས་པར་བྱ་བའི་ཡུལ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན ་པའི་ལམ་དང། འཇིག་རྟེན་ལས་འདས་པའི་ལམ་སྟེ། དེ་ལ་འཇིག་རྟེན་པའི་ལམ་ནི་ཀུན་རྫོབ་ཀྱི་བདེན་པས་བསྡུས་པ་ཡིན་པས་དེ་དང་པོར་རྟོགས་པར་བྱང་གོས་པའི་ཕྱིར་དེའི་འོག་ཏུ་ཀུན་རྫོབ་ཀྱི་གཏམ་བསྟན་ཏོ། །འཇིག་རྟེན་ལས་འདས་པའི ་ལམ་ནི་དོན་དམ་པའི་བདོན་བས་བསྡུས་པ་ཡིན་པར་ཀུན་རྫོབ་ཀྱི་བདེན་པ་རྟོགས་པའི་འོག་ཏུ་དོན་དམ་པའི་བདེན་པ་རྟོགས་པར་བྱང་གོས་པའི་ཕྱིར་དེའི་འོག་ཏུ་དོན་དམ་པའི་གཏན་བསྟན་ཏོ། །གཏམ་དེ་བཞིའི་འབྲེལ་བ་ནི་དཔེ་རྣམ་པ་བཞིས་མཚན?་པའི ་དེ་བཞིན་ཉིད་ལ་དེ་བཞིན་སང་བས་ན་དེའི་ཕྱིར། །འདི་ལྟ་སྟེ་དཔེར་བགྱི་མཆབ?་མང་ནི་ཞེས་བྱ་བ་ལ་སོགས་པའི་དཔེས་ངེས་པའི་དོན་བསྟན་པའི་འདི་ཡང་དྲན་པའི་དོན་གྱི་མདོ་སྡེ་ཐམས་ཅད་དུ?་སྩལ་ན་དགའ་བ་དང་མཆྒོ་ཏུ་དགའ་བ་ཆེན་པོར་འགྱུར་ལ་གསོ་ཞེས་བྱ་བ ་བར་གྱི་དོན་བསྟན་པས་ན། ངེས་པའི་དོན་བསྟན་པ་འདི་དྲང་པའི་དོན་གྱི་མདོ་སྡེ་ཐམས་ཅད་ཀྱང་སྦྱར་ན། དོན་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པར་མི་འགྱུར་ཞིང་མཐོང་བའི་ལམ་གྱིས་བསྡུས་པའི་མངོན་པར་རྟོགས་པ་དྲུག་པ་དོག་མཐོང་བས་དུད་བ་མངོན་པར་རྟོགས་པའི ་སྒོམས་ཚུལ་ཁྲིམས་མངོན་པར་རྟོགས་པའི་དུས་ན་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཀྱིས་རབ་ཏུ་ཕྱེ་བའི་ལྷག་པའི་ཚུལ་ཁྲིམས་དང་ལྡན་པར་འགྱུར་བ་ནི་དགའ་བ་ཆེན་པོ་འགྱུར་བ་ཡིན་ལ། ལྷག་པའི་ཚུལ་ཁྲིམས་དེ་ལ་བརྟེན་ནས?་ཚུལ་ཁྲིམས་མངོན་པར ་རྟོག་པའི་སྒོ་ནས་བསམ་པ་མངོན་པར་རྟོགས་པའི་དུས་ན། བསམ་པ་ལས་བྱུང་བའི་ཤེས་རབ་ཆེན་པོའི་དགའ་བ་ཁ་ན་མ་ཐོ་བ་མེད་པས་རབ་ཏུ་ཕྱེ་བའི་ལྟག་པའི་སེམས་དང་ལྡན་པར་འགྱུར་བ་ནི་མཆོག་ཏུ་དགའ་བ་ཆེན་པོར་འགྱུར་བ་ཞེས་བྱ་སྟེ། དེའི ་ཕྱིར་མདོ་ཀྱི་དཔེས་ནི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་གྱི་གཏམ་བསྟན་ཏོ། །དེའི་འོག་ཏུ་འདི་ལྟ་སྟེ་དཔེར་རྒྱུན་བཅཝ་སྒ་ནི་ཞེས་བརྒྱི་བ་ལ་སོས་པའི་དཔེས་ངེས་པའི་དོན་བསྟན་པ་འདི་ཡང་དྲང་དཔབའི་དོན་གྱི་མདོ་སྡེ་ཐམས་ཅད་དུ་སྔ་ལ་བར་བགྱི་བ་ལགས ་ས་ཞེས་བྱ་བའི་བར་གྱི་དོན་བསྟན་པས་ནི་ལྷག་པའི་སེམས་དེ་ལ་བརྟན་ནས་བསམ་པ་མངོན་པར་རྟོགས་པའི་རྒོ་ནས་མངོན་པར་རྟོགས་པའི་ཤེས་པ་བདེན་བ་མཐོང་བར་རྟོགས་པའི་དུས་ན་རྣམ་པར་མ་བཞག་པའི་བདེན་པ་ལ་དམིགས་པའི་ཤེས ་རབ་ཀྱིས་རབ་ཏུ་ཕྱེ་བའི་ལྷག་པའི་ཤེས་རབ་སྐྱེ་བར་འགྱུར་བ་ནི་དྲང་བའི་དོན་གྱི་མདོ་སྡེ་ཐམས་ཅད་སྩལ་བར་བགྱི་བ་ཞེས་བྱ་སྟེ། དེའི་ཕྱིར་བཅཝ་སྒའི་དབེས་ནི་ཤེས་རབ་ཀྱི་གཏམ་བསྟན་ཏོ། །དེའི་འོག་ཏུ་འདི་ལྟ་སྟེ་དཔེར་བགྱི་ན་རི་མོ་ཁྲི་བའི་གཞི་ནི་ཞེས་བྱ་བ ་ལ་སོགས་པའི་དཔེས། ངེས་པའི་དོན་བསྟན་པ་འདི་ཡང་དྲང་བའི་དོན་གྱི་མདོ་སྡེ་ཐམས་ཅད་ལ་ཅིག་པ་དང་དྲང་པའི་དོན་དེ་དག་ཤིན་ཏུ་གསལ་བར་བགྱིད་པ་ལ་གསོ་ཞེས་བྱ་བའི་བར་གྱི་དོན་བསྟན་པས་ན་ལྷག་པའི་ཤེས་རབ་དེ་ལ་བརྟེན་ནས ་མངོན་པར་རྟོགས་པའི་ཤེས་པ་མངོན་པར་རྟོགས་པའི་སྒོ་ནས་མངོན་པར་རྟོགས་པའི་འཐལ་ལས་བྱུང་བའི་ཤེས་པ་ལ་བརྟེན་པ་མངོན་པར་རྟོགས་པའི་དུས་ན། རྣམ་པར་གཞག་པའི་བདེན་པ་ལ་དམིགས་པའི་ཤེས་རབ་ཀྱིས་རབ་ཏུ་ཕྱེ་བ་འཇིག་རྟེན་པའི ་ལམ་ཀུན་རྫོབ་ཀྱི་བདེན་པས་བསྡུས་པ་ཐམས་ཅད་རྟོགས་པར་འགྱུར་བ་ནི་དྲང་བའི་དོན་ཐམས་ཅད་ལ་རོ་གཅིག་པ་དང། དེ་དག་ཤིན་ཏུ་གསལ་བར་བགྱིད་པ་ཞེས་བྱ་སྟེ། དེའི་ཕྱིར་རི་མོ་བྲི་བའི་དཔེ་བཞིས་ནི་ཀུན་རྫོབ་ཀྱི་གཏམ་བསྟན་ཏོ། །དེའི་འོག་ཏུ་འདི་ལྟ་སྟེ་དཔེར ་བགྱི་ན་ནམ་མཁའ་ནི་ཞེས་བྱ་བ་ལ་སོགས་པའི་དཔེས་ངེས་པའི་དོན་བསྟན་པ་འདི་ཡང་དྲང་བའི་དོན་གྱི་མདོ་སྡེ་ཐམས་ཅད་ལ་རོ་ཅིག་པ་དང་ཉན་ཐོས་ཀྱི་ཐེག་པ་དང་རང་སངས་རྒྱས་ཀྱིས་ཐེག་པ་དང། ཐེག་པ་ཆན་པོར་སྩལ་བ་ཐམས་ཅད་ལ་སྒྲིབ་པ་མི་འགྱུར་བ ་ལགས་སོ་ཞེས་བྱ་བའི་བར་གྱི་དོན་བསྟན་པས་ནི་ལྷག་པའི་ཤེས་རབ་དེ་ཉིད་ལ་བརྟེན་ནས་མངོན་པར་རྟོགས་པའི་མཛའ་ལས་བྱུང་བའི་ཤེས་པ་བདེན་པ་མངོན་པར་རྟོགས་པའི་སྒོ་ནས་མཐར་ཐུག་པའི་མངོན་པར་རྟོགས་པའི་དུས་ན་ཟད ་པ་དག་མི་སྐྱེ་པ་ཤེས་པས་རབ་ཏུ་བྱེ་བ་འཇིག་རྟེན་ལས་འདས་པའི་ལམ་དོན་དམ་པའི་བདེན་པས་བསྡུས་པ་ཐམས་ཅད་རྟོགས་པར་འགྱུར་བ་ནི་དྲན་པའི་དོན་གྱི་མདོ་སྡེ་ཐམས་ཅད་ལ་རོ་ཅིག་པ་དང་སྩལ་བ་ཐམས་ཅད་ལ་སྒྲིབ་པ་མི ་འགྱུར་བ་ཞེས་བྱ་སྟེ། དེའི་ཕྱིར་ནམ་མཁའ་ཨི་དཔེས་ནི་དོན་དམ་པའི་གཏམ་བསྟན་ཏོ། །དེ་ལ་ངེས་པའི་དོན་བསྟན་པ་འདི་ཡང་ཞེས་བ་ནི་བཅོ། ལྡན་འདས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེས་གསུངས་པ་ཡང་མཚན་ཉིད་གསུམ་ལ་སོ་སོར་ངེས་པ་བསྟན་ཏེ། ཀུན ་བརྟགས་པའི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱི་ངོ་བོ་ཉིད་མེད་པ་ཡིན། གཞན་གྱི་དབང་གི་མཚན་ཉིད་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་དང། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་བ་ཡིན་ནོ། ཡོངས་སུ་གྲུབ་པའི་མཚན་ཉིད་ནི་དོན་དམ་པ་ངོ་བོ་ཉིད་མེད་བ ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡིན་ནོ་ཞེས་གསུངས་པ་དང། ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། བཟོད་མ་ནས་ཞི་བ་རང་བཞིན་གྱི་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་གསུངས་པ་ནི་ཀུན་བརྟགས་པའི་མཚན་ཉིད་ཡོངས་སུ་གྲུབ་པའི་མཚན་ཉིད་ཡིན་པར་སོ་སོར་ངེས་པ་བསྟན ་བ་ལ་བྱའོ། །དྲང་བའི་དོན་གྱི་མདོ་སྡེ་ཞེས་བྱ་བ་ནི་དེ་ལྟར་སོ་སོར་ངེས་པ་མ་བསྟན་པར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ། ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་གསུངས་པ་སྟེ། དེ་དེ་ནི་ངེས་པའི་དོན་མ་ཡིན་པས ་དྲང་ཞིང་བཤད་དགོས་པའི་ཕྱིར་དྲང་བའི་དོན་གྱི་མདོ་སྡེ་ཞེས་བྱའོ། །དོན་དམ་ཡང་དག་འཕགས་དེ་བཞིན་ཏེ་གཞན་དུ་མ་ཡིན་གྱིས་དེ་ནི་དེ་བཞིན་དུ་ཟུང་ཞིག་ཅེས་བྱ་བས་ནི་བཅོམ་ལྡན་འདས་ཀྱིས་འཕགས་པ་དོན་དམ་ཡང་དག་འཕགས་ཉིད་ཐམས་ཅད་ཕུན་སུམ་ཚོགས ་ཤིན་མགོ་གླེངས་པས་གོ་བ་ཚང་མར་འཛིན་པ་ཡིན་ཏེ། དེ་ནི་མོས་པའི་བྱེ་བྲག་རྒྱས་པར་བཤད་པ་ལྔ་ཡིན་ནོ། །མོས་པའི་བྱེ་བྲག་རྒྱས་པར་བཤད་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏེ། དེ་ལ་སྤྱོད་པའི་གང་ཟག་གི་ཚིག་གི་དོན་ལ་སོགས ་བ་བཤད་ཟིན་ནི་ཏོ།། །།དེའི་འོག་ཏུ་མདོ་སྡེ་ཆེ་བ་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ནི་རྣམ་པ་བཞི་རིག་པར་བྱ་སྟེ། ངེས་པའི་དོན་གྱི་ཆེ་བ་ཉིད་བསྟན་པ་དང། བསོད་ནམས་སྐྱེ་བའི་ཆེ་བ་ཉིད་བསྟན་པ་དང། ངེས་པའི་ཚིག་གི ་ཆེ་བ་ཉིད་བསྟན་བ་དང། འབྲས་བུ་ཐོབ་པའི་ཆེ་བ་ཉིད་བསྟན་པའོ། །དེ་ལ་ངེས་པའི་དོན་གྱི་ཆེ་བ་ཉིད་བསྟན་པ་འདི། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་ཡང་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། རྩོད་པའི་གཞིའི་ ་གནས་སུ་གྱུར་པ་མ་ལགས་སོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །བསོད་ནམས་འཕེལ་བའི་ཆེ་བ་ཉིད་བསྟན་པ་ནི་བཅོམ་ལྡན་འདས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ཞེས་བྱ་བ་ནས། རྒྱུའི་བར་དུ་ཡང་མི་འགྲོ་བ?་ཞེས་གསུངS ་བའི་བར་ཐ་མའི?་བར་གྱི་བསྟན་ཏོ། །ངེས་པའི་ཚིག་ཆེ་བ་ཉིད་བསྟན་པ་ནི། དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྐད་ཅེས་བསོལ་ཏོ་ཞེས་བྱ་བ་ནས་འདི་དོན་དམ་པ་ངེས་པའི ་དོན་བསྟན་བ་ཞེས་བྱ་བར་ཟུང་ཞིག་ཅེས་བྱ་བའི་བར་གྱིས་བསྟན་ཏོ། །འབྲས་བུ་ཐོབ་པའི་ཆེ་བ་ཉིད་བསྟན་པ་ནི། དོན་དམ་པ་ངེས་པའི་དོན་འདི་བསྟན་པ་འདི་བཤད་པ་ནི་ཞེས་བྱ་བ་ལ་སོགས་པ་གཞུང་ལྷག་མ་ཐམས་ཅད་ཀྱིས་བསྟན་ཏོ། །དེ་ལ་དང ་པོར་ངེས་པའི་དོན་གྱི་ཆེ་པ་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ངེས་པའི་དོན་གྱི་ཆེ་བ་ཉིད་བསྟན་པར་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་དད་པོར་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་།འཕགས་པའི ་བདེན་པ་བཞི་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང། དེའི་འོག་ཏུ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་པ་ཉིད་སྨོས་པའི་རྣམ་པས་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བ་དེ་གཉིས་ནི་བླ་ན་ཡོད ་པ། སྐབས་ཡོད་པ། དྲང་བའི?་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ཡིན་གྱི། བཅོམ་ལྡན་འདས་ཀྱིས་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་བ་འདི་ནི་བླ་ན་མེད ་པ། སྐབས་མེད་པ། ངེས་པའི་དོན། བརྩོད་པའི་གཞིའི་གནས་སུ་གྱུར་པ་མ་ཡིན་པས། དྲང་བའི་དོན་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་སྔ་མ་གཉིས་པས་ངེས་པའི་དོན་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་གསུམ་པ་ནི་ཆོས་ཁྱད་པར་དུ་འཕགས་པའི་ཆེ་ཉིད་བསྟན་པ ་གང་ཡིན་བའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཀྱིས་དང་པོ་ཡུལ་བ་ར་ཎཱ་སེ་དྲང་སོང་སྨྲ་བ་རི་དགས་ཀྱི་ནགས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་འཕགས་པའི? ་བདེན་པ་བཞིའི་རྣམ་པ་བསྟན་པས་ཤེས་བྱ་བ་ནི་བདེན་བ་བཞི་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བ་གང་ཡིན་པའོ། །ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་ཞེས་བྱ་བ་ནི་བཟླས་པ་དང་པོ་ལ་མཐོང་བའི་ལམ་སྐྱེ་བ་དང། བཟླས་པ་གཉིS ་པ་ལ་སྒོམ་པའི་ལམ་སྐྱེ་བ་དང། བཟླས་པ་གསུམ་པ་ལ་ནི་སློབ་པའི་ལམ་སྐྱེ་བས་འཇིག་རྟེན་ཐཾས་ཅད་དང་མི་མཐུན་པའི་ཕྱིར་རོ། །ཆོས་དང་མཐུན་པར་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་དང་མཐུན་པར་རོ། །བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའོ ་གནས་སུ་གྱུར་པ་ཞེས་བྱ་བ་ནི་རྣམ་གྲངས་དེ་ངེས་པའི་དོན་མ་ཡིན་པས། དུང་གཞན་དུ་དང་བ་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ་།སྟོང་པ་ཉིད་སྨོས་པའི་རྣམ་པས་ཞེས་བྱ་བ་ནི་ཆོས་བདག་མེད་པ་སྟོན་པའོ་ཆོས་ངོ་མཚར་སྨད་དུ་བྱུང་བ་ཞེས་བྱ་བ་ནི་ཐེག་པ་ཆེན ་པོའི་ཚུལ་གྱིས་མཐོང་བ་དང། སློབ་བ་དང་མི་སློབ་བའི་ལམ་སྐྱེ་བས་འཇིག་རྟེན་ཐམས་ཅད་དང་མི་མཐུན་བའི་ཕྱིར། །ཆོས་ཀྱི་འཁོར་ལོ་གཉིས་པ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་བ་ལ་ཡང་དག་པར་ཞུགས་པ་རྣམས་ལ་ཆོས་ཀྱི་འཁོར་ལོ་དང་པོ་སྦྱོར་བ་ལས ་བལྟོས་ན་གཉིས་པ་སྟེ། ཐེག་པ་ཆེན་པོ་དྲང་བའི་དོན་གྱི་མེད་བཤད་པ་ཐམས་ཅད་སྦྱིར་གཟུང་ངོ། །ཐེག་པ་ཆེན་པོ་ཐམས་ཅད་ལ་ཡང་དག་པར་ཞུགས་བ་རྣམས་ལ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་དག ་པའི་ལམ་གཅིག་པ་དང། རྣམ་བར་དག་པ་གཅིག་པ་དང། ཐེག་པ་གཅིག་ཏུ་བསྟན་བའི་ཕྱིར་རོ། །ལེགས་པར་རྣམ་པར་བྱེ་བ་དང་ལྡན་པ་ཞེས་བྱ་བ་ནི་ངེས་བའི་དོན་བསྟན་པའོ། །གཅིག་ཏུ་ངོ་མཚར་རྨད་དུ་བྱུང?་བ་ཞེས་བྱ་བ་ནི་ཐེག་པ་ཐམས་ཅད་ཀྱི་ཚུལ་གྱིས་མཐོང་བ ་དང། སློབ་བ་དང་མི་སློབ་པའི་ལམ་སྐྱེ་བས་འཇིག་རྟེན་ཐམས་ཅད་དང་མི་མཐུན་པའི་ཕྱིར་རོ། །ཆོས་ཀྱི་འཁོར་ལོ་གསུམ་པ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་དྲང་བའི་དོན་གྱི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་པ ་ལས་བལྟོས་ན་གསུམ་པ་སྟེ། སྐབས་འདིར་དོན་དམ་པ་ངེས་པའི་དོན་དམ་པ་བསྟན་པ་འདི་ཉིད་ཡིན་བར་སྦྱར་རོ། །བླ་ན་མ་མཆིས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་བཞི་ནི་ངེས་པའི་དོན་ཡིན་པས་དེ་ལས་གཞན་དུ་དྲང་བ་མེད་པའི་ཕྱིར་ཏེ། དེ་ནི་ངེས་པའི་དོན ་གྱི་ཆེ་བ་ཉིད་བསྟན་པ་ཡིན་ནོ། །དེའི་འོག་ཏུ་བསོད་ནམས་ཆེ་བའི་འཕེལ་བ་ཉིད་བསྟན་པའི་ཚིག་དོན་ལ་སོགས་པ་བཤད་པར་བྱ་སྟེ། བསོད་ནམས་འཕེལ་བའི་ཆེ་བ་ཉིད་བསྟན་པ་ཞེས་བྱ་བ་ནི་དོན་དམ་པ་ངེས་པའི་དོན་བསྟན་པ་འདི་ལ་ཆོས་སྤྱོད་པ་རྣམ་པ ་བཅུའི་རིམ་གྱིས་སྦྱོར་བར་བྱེད་པ་ནི་སེམས་ཅན་མོངས་སུ་སྨིན་པར་བྱེད་པ་དང། བསོད་ནམས་རྒྱ་ཆེན་པོ་བསྐྱེད་པའི་ལམ་དང། སྦྱོར་བའི་ལམ་དང། སྒྲིབ་པ་རྣམ་པར་དག་པའི་ལམ་ཡིན་པས། འབྲས་བུ་བླ་ན་མེད་པའི་བྱང་ཆུབ་སྐྱེད་པར་བྱེད་པའི་ཕྱིར་དང། ་ངེས་པའི་དོན་བསྟན་པ་འདི་ལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་དག་ཆོས་སྤྱོད་པ་རྣམ་པ་བཅུའི་རིམ་གྱིས་སྦྱོར་བར་བྱེད་པ་དེ་དག་ལ་སྤྱོད་པ་རེ་རེའི་སྒོ་ནས་གྱད་བསོད་ནམས་དཔག་ཏུ་མེད་པ་གྲངས་མེད་པ་སྐྱེ་པའི་ཆེ་བ་ཉིད་བསྟན་པ་གང་ཡིན་ནི? ་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཐོས་ནས་ཞེས་བྱ་བ་ལ་སོགས་པས་ནི་ཆོས་སྤྱོད་པ་བཅུ་པོ་དག་བསྟན་ཏེ། ཅི ་རིག་པར་སྦྱར་རོ། །བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་ཞིང། སྟོང་གི་ཆ་དང། འབུམ་གྱི་ཆ་ཞེ་བྱ་བ་ནི་འཇིག་རྟེན་ན་མང་བར་གྲགས་པའི་སྒོ་ནས་མཚོན་པ་ཡིན་ནོ། །གྲངས་ཞེས་བྱ་བ་ནི་མཚུངས་པར་རྩི?་བ་ཉིད་དེ། དཔེར་ན་རི་བོ་གངས་ཅན་དང་ཅིག་ཤོས་འབིགས་བྱེད་ཅེས ་བྱ་བ་ནི་མཚུངས་པར་རྩི་བའི་གྲངས་སུ་རིགས་ཀྱི། རི་བོ་གངས་ཅན་དང་ཡུངས་འབྲུ་ནི་མཚུངས་པར་རྩི་བའི་གྲངས་སུ་མི་རིགས་པར་བལྟའོ། །ཆ་ཞེས་བྱ་བ་ནི་ཡན་ལགས་ཏེ། དེ་ཡང་རང་བཞིན་འདྲ་བ་ཡིན་ཏེ། དཔེར་ན་རྩེ་མོ་ཅན་རྣམས་ཀྱི་རྩེ་མོ་ནི་ཆེ་བ་ཡིན་གྱི། རྩཝའི ་རྩེ་མོ་ནི་དེ་དག་གི་ཆ་མ་ཡིན་པ་བཞིན་ནོ། །བགྲང་བ་ཞེས་བྱ་བ་ནི་དེ་ཡང་མཚུངས་པ་ཡིན་ཏེ། དཔེར་ན་རི་རབ་དང་གངས་རི་ཞེས་བགྲང་གི། རི་རབ་དང་ཡུངས་འབྲུ་ཞེས་ནི་མི་བགྲང་བ་བཞིན་ནོ། །དང་པོ?་ཞེས་བྱ་བ་ནི་འདྲ་བ་ཉིད་དེ། དཔེར་ན་བ་ལང་དང་འདྲ་པ་ལ་བ་ལང་ཞེས་བྱའི ་སྦྲང་མལ་མ་ཡིན་པ་བཞིན་ནོ། །རྒྱུར་ཡང་ཞེས་བྱ་བ་ནི་དེའི་རྒྱུའི་དངོས་པོར་ཡང་མི་བཟོད་བ་སྟེ་།དེ་ནི་བསོད་ནམས་སྐྱེ་བའི་ཆེ་བ་ཉིད་བསྟན་པ་ཡིན་ནོ། །དེའི་འོག་ཏུ་ངེས་པའི་ཚིག་གིས་ཆེ་བ་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ངེས་པའི་ཚི་གི་ཆེ་བ་ཉིད ་བསྟན་པ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པའི་མཚན་ཉིད་བསྟན་པའི་ལེའུ་འདིའི་མིང་དོན་དམ་པ་ངེས་པའི་དོན་བསྟན་པ་ཞེས་དེས་པའི་ཚིག་དུ་བསྟན་པ་དང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་དགོངས་པ་ངེས ་པར་འགྲེལ་པའི་ཆོས་ཀྱི་རྣམ་གྲངས་འདིར་བསྟན་པ་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དགོངས་པ་ངེས་པར་འགྲེལ་པའི་ཆོས་ཀྱི་རྣམ་གྲངས་འདིར་ཞེས་བྱ་བ་ནི་ངེས་པའི་དོན་བསྟན་པའི ་མདོ་སྡེ་འདིའི་ལུས་རྣམ་པར་བཞག་པ་སྤྱི་ལ་སྙེགས་སོ།། བསྟན་པ་འདིའི་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པའི་མཚན་ཉིད་བསྟན་པའི་ལེའུ་འདི་ཉིད་ཚེ་དང་སྦྱར་རོ། །དོན་དམ་པ་ངེས་པའི་དོན་བསྟན་པ་ཞེས་བྱ་བ་ལ། དོན་དམ་པ་ཞེས ་བྱ་བ་ནི་དམ་པའི་དོན་ཅེས་བྱ་བར་སྦྱར་ཏེ། དམ་པ་ནི་ཡང་དག་པའི་ཤེས་པ་འཇིག་རྟེན་དང། །འཇིག་རྟེན་ལས་འདས་པའོ། །དོན་ནི་དེའི་ཡུལ་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་དང། རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་སོ། །འདི་དོན་དམ་པ་ངེས་པའི་དོན ་བསྟན་པ་ཞེས་བྱ་བར་ཟུང་ཞིག་ཅེས་བྱ་བ་ནི་མིང་དེ་ལྟར་ཟུང་ཞིག་ཅེས་བྱ་བའི་ཐ་ཚིག་ཆེ་བ་ཉིད་བསྟན་པ་ཡིན་ནོ། །དེའི་འོག་ཏུ་འབྲས་བུ་འཐོབ་པའི་ཆེ་བ་ཉིད་བསྟན་པ་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅད་? ་ལ་ཆོས་བསྟན་པའི་འབྲས་བུའི་ཕན་ཡོན་རྒྱ་ཆེ་བ་རྣམ་པ་ལྔ་བསྟན་པ་གང་ཡིན་པ་སྟེ། ལྔ་གང་ཞེ་ན་དེ་དག་ལས་སེམས་ཅན་ཁ་ཅིག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བ་དང། དེ་དག་ལ་སེམས་ཅན ་ཁ་ཅིག་ནི་དམ་པའི་ཆོས་བསྟན་པ་དེ་ཉིད་ཀྱི་ཚེ་ཆོས་རྣམས་ལ་ཆོས་ཀྱི་མིག་དུས་མེད་ཅིང་དི་མ་དང་བྲལ་བ་བསྐྱེད་པར་འགྱུར་བ་དང། དེ་དག་ལ་སེམས་ཅན་ཁ་ཅིག་ནི་དམ་པའི་ཆོས་བསྟན་པའི་མོད་ལ་ཟག་བ་ཟད་པར་འགྱུར་བ་དང། དེ་དག་ལས་སེམS ་ཅན་ཁ་ཅིག་ནི་དམ་པའི་ཆོས་ཐོས་པ་དེ་ཉིད་གྱི་མོང་ལ་བྱང་ཆུབ་སེམས་དཔའ་ཨི་བཟོད་པའི་མཆོག་ཐོབ་པར་འགྱུར་བ་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམ་པའི་ཆོས་བསྟན་པས་ལུང་འབོགས་པ་དང། །བ་ཏོན་བྱེད་པ་དང། ་ཡང་དག་པར་བསྒྲུབས་པ་གཅིག་ནས་གཅིག་ཏུ་བརྒྱད་པའི་ཚུལ་གྱི་དམ་པའི་ཆོས་ཀྱི་ཚུལ་ཡུན་རིང་དུ་གནས་པར་བྱེད་པ་སྟེ། བསྟན་པའི་འབྲས་བུའི་ཕན་ཡོན་རྒྱ་ཆེ་བ་ལྔ་པོ་དེ་དག་བསྟན་པ་ནི་འབྲས་བུ་ཐོབ་བའི་ཕན་ཡོན་གྱི་ཆེ་བ་ཉིད ་བསྟན་པ་ཞེས་བྱའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དོན་དམ་པ་དེས་པའི་དོན་བསྟན་པ་འདི་བཤད་པ་ན་སྲོག་ཆགས་དྲུག་འབུམ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ་ཞེས་བྱ་བ་ལ་སོགས་བ་གསུངS ་ཏེ། བསྟན་པའི་འབྲས་བུའི་ཕན་ཡོན་རྒྱ་ཆེ་བ་ལྔ་པོ་དེ་དག་ལས་དད་པོ་བཞི་ནི་དཀྱུས་ཀྱི་ཚིག་གཞི་དང་གོ་རིམ་བཞིན་དུ་སྦྱར་རོ། །ལྔ་བ་ནི་མདོ་སྡེ་ཐཾས་ཅད་ཀྱི་མཇུག་ནས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་།ལྷ་ལ་སོགས་པ་འཇིག་རྟེན་ཡི་དང ་སྟེ། མངོན་པར་དགའ་བོ་ཞེས་འབྱུང་བའི་སྐབས་དང་སྦྱར་ཏེ། སྐབས་འདིར་དམིགས་ཀྱི་མ་སྨོས་ཀྱང་མཇུག་ནས་འབྱུང་བ་ཉིད་སྐབས་འདིད་སྦྱར་བར་བྱའོ། །དེ་ལ་རྣམ་པ་ལྔ་པོ་དེ་དག་གི་རྣམ་པར་བཞག་པ་ཇི་ལྟ་བུ་ཞེ་ན། དེ་ནི་རྣམ་པ་གཉིས་ཏེ། གང་ཟག་གི་དབང་དུ་བྱས ་པ་དང། ཆོས་ཀྱི་དབང་དུ་བྱས་བའོ། །དེ་ལ་གང་ཟགས་དབང་དུ་བྱས་པ་ཡང་རིགས་དང། བསམ་པ་ལ་སོགས་པའི་དབང་གིས་རྣམ་པ་གཉིས་ཏེ། ཉན་ཐོས་ཀྱི་ཐེག་པའི་གང་ཟག་དང། ཐེག་པ་ཆེན་པོ་པའི་གང་ཟག་གོ་།ཉན་ཐོས་ཀྱི་ཐེག་པའི་གང་ཟག་ཀྱང་རྒྱུར་ཀྱི་དབང ་གིས་རྣམ་བ་གཉིས་ཏེ། མཐོང་བའི་ལམ་སྐྱེ་བ་དང། བསྒོམ་པའི་ལམ་གྱིས་མི་སློབ་པའི་ས་མན་ཆང་འཐོབ་བ་སྟེ། དཀྱུས་ཀྱི་ཚིག་པར་མ་གཉིས་དད་གོ་རིམ་བཞིན། །ཐེག་པ་ཆེན་པོ་པའི་གང་ཟག་ཀྱང་སེམས་མ་བསྐྱེད་བ་དང། བསྐྱེད་པའི་དབང་གིས་རྣམ་པ་གཉིས་ཏེ། ་སེམས་མ་བསྐྱེད་པ་ནི་ཀུན་རྫོབ་ཀྱི་སེམས་དང། དོན་དམ་པའི་སེམས་མ་བསྐྱེད་པ་སྐྱེད་པར་བྱེད་དེ། སེམས་བསྐྱེད་པ་ནི་མི་སྐྱེ་པའི་ཆོས་ལ་བཟོད་པ་ཐོབ་བར་འགྱུར་ཏེ། དཀྱུས་ཀྱི་ཚིག་དང་པོ་དང། ཐ་མ་གཉིས་དང་གོ་རིམ་བཞིན་དུ་སྦྱར་རོ། །ཆོས་ཀྱི་དབང་དུ་བྱས་པ་ནི་བདེ ་བར་གཤེགས་བའི་བསྟན་པ་ཡུན་རིང་དུ་གནས་པ་སྟེ། ཚིག་ཐ་མས་བསྟན་ཏོ། །དེ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་སེམས་དང། དོན་དམ་པའི་སེམས་སྐྱེས་པ་ཅི་རིག་པར་སྦྱང་ངོ?། །ཆོས་རྣམས་ལ ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ་ཞེས་བྱ་བ་ལ་ཆོས་རྣམས་ལ་ཞེས་བྱ་བ་ནི་བདེན་པ་བཞིའི་ཆོས་རྣམས་སོ་ལའོ། །ཆོས་ཀྱི་མིག་ཅེས་བྱ་བ་ནི་མཐོང་བའི་ལམ་གྱིས་ཤེས་བའོ། །རྡུལ་མེད་ཅིང་ཞེས་བྱ་བ་ནི་བར་ཆད་མེད་པའི་ལམ ་གྱིས་ཤེས་བ་འོ། འདྲི་མ་དང་བྲལ་བ་ཞེས་བྱ་བ་ནི་རྣམ?་པར་གྲོལ་བའི་ལམ་གྱི་ཤེས་པའོ། །རྣམ་པར་དག་གོ་ཞེས་བྱ་བ་ནི་ཐོབ་བོ་ཞེས་བྱ་བའི་ཐ་ཚིག་གོ། ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ཞེས་བྱ་བ་ལ་ལེན་པ་མེད་པར? ་ཞེས་བྱ་བ་ནི་མི་སྐྱེ་བ་ཤེས་པའོ། །ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ་ཞེས་བྱ་བ་ནི་ཟད་པ་ཤེས་པའོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་ས་བརྒྱད་པ་ཐོབ་བོ་ཞེས་བྱ་བའི་ཐ་ཚིག་སྟེ་དེ་ནི་འབྲས་བུ་ཐོབ་པའི་ཆེ་བ་ཉིད་བསྟན་པ ་ཡིན་ནོ།། །།ལེའུ་བདུན་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེ་ལྟར་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པའི་མཚན་ཉིད་ཀྱིས་ཀུན་རྫོབ་ཀྱི་བདོན་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བ་བསྟན་ནས། དེ་ནི་ཆོས ་གདགས་པ་རྣམ་པ་བཞག་པ་ལས་བརྩམས་ནས། རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་རབ་ཏུ་དབྱེ་བས་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བ་བསྟན་བའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ་དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་ཞུ་བ་ཞུས་པ་ཞེས་བྱ་བ་ལ་སོགས་པ་བྱམས་པའི་ལེའུ་བརྒྱད་པ་འདི་གསུངས་སོ། །དེ་ལ་ལེའུ་བརྒྱད་པ་འདིར་བསྡུས་པའི ་དོན་ནི་མདོར་བསྡུ་ན་ཆོས་གདགས་པ་རྣམ་པར་བཞག་པ་ལས་བརྩམས་ནས། རྣལ་འབྱོར་གྱི་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་རབ་ཏུ་ཕྱེ་བ་བསྟན་པ་ཡིན་ནོ། །དེ་ཡང་རྣམ་པར་དབྱེ་ན་རྣམ་པ་དྲུག་གི་རྣལ ་འབྱོར་གྱི་ལམ་བསྟན་ཏེ། ཡོངས་སུ་ཤེས་པ་དང། ཡོངས་སུ་མི་ཤེས་པ་དང། ངོ་བོ་ཉིད་དང། སྦྱོར་བའི་རྒྱུ་དང། འཐོབ་པ་དང། འཐོབ་པའི་ཐབས་དང། ཆུང་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་བས་དེ་བསྟན ་ཏོ། །དེ་ལ་ཡོངས་སུ་ཤེས་པ་དང། ཡོངས་སུ་མི་ཤེས་པ་ཞེས་བྱ་བ་ནི་འདི་ལེའུ་འདི་བསྡུས་བའི་དོན་ཆོས་གདགས་པ་རྣམ་པར་བཞག་པ་ལས་བརྩམས་ནས་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞེ་གནས་དང་ལྷག་མཐོང་གི་ལམ་གྱིས་དབྱེ ་བ་ཞེས་བྱ་བས་ལམ་གྱི་རྒྱུ་དང། ངོ་བོ་ཉིད་དང་རབ་ཏུ་དབྱེ་བ་བསྟན་པའི་ལུས་ཐམས་ཅད་དང་སྦྱིར་སྦྱར་ཏེ། འདིར་འཕགས་པ་བྱམས་པས་ཞུ་བ་རྣམ་པ་མང་པོ་ཞུས་པ་ནི་ཡོངས་སུ་མི་ཤེས་བ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་ལན་རྣམ་པ་མང་པོ་བཀའ་ ་སྩལ་པ་ནི་ཡོངས་སུ་ཤེས་པ་ཞེས་བྱའོ། །དེ་ནི་གཞུང་ཐམས་ཅད་ལ་ཡང་སྤྱིར་འདྲ་བ་ཡིན་མོད་ཀྱི་སྐབས་འདིར་ཞུས་པ་དང་ལན་བཏབ་པ་ལྷག་པར་མང་བ་དང། བཅོམ་ལྡན་འདས་ནི་བདག་ཉིད་ཀྱིས་ཡོངས་སུ་མཁྱེན་ནས་ཡོངས་སུ་མི་ཤེས་པ་གཞན་དག ་ལ་སྟོན་པར་མཛད་དོ་ཞེས་སྟོན་པའི་ཆེ་བ་ཉིད་བསྟན་པའི་ཕྱིར་དམིགས་ཀྱིས་སྨོས་ཏེ། ལེའུ་འདི་མགོ་མཇུག་གི་བར་དུ་ཞུས་པ་དང་ལན་བཏབ་པའི་གཞུང་ཐམས་ཅད་དང་ཅི་རིགས་པར་སྦྱར་རོ། །ངོ་བོ་ཉིད་ཅེས་བྱ་བ་ནི་རྣལ་འབྱོར་གྱི་ཡོངས་སུ་བསྡུས་པའི ་ཞི་གནས་དང་ལྷག་མཐོང་གིས་ལམ་ཞེས་བྱ་བས་བསྟན་ཏེ། དེ་ལ་རྣལ་འབྱོར་ཅེས་བྱ་བའི་སྒྲ་ནི་སྦྱོར་པ་ཞེས་བྱ་བའི་དོན་ཏེ། ལྷག་པའི་ཚུལ་ཁྲིམས་སོ། །ཞི་གནས་དང་ལྷག་མཐོང་གིས་ཞེས་བྱ་བ་ནི་ལྷག་པའི་སེམས་དང་ལྷག་པའི་ཤེས ་རབ་སྟེ། ལྷག་པའི་ཚུལ་ཁྲིམས་དང། ལྷག་པའི་སེམས་དང། ལྷག་པའི་ཤེས་རབ་དེ་ལ་དངོས་དང། བརྒྱུད་པའི་ཚུལ་དུ་སྦྱོར་བར་བྱེད་པས་ན་ལྷག་པའི་ཚུལ་ཁྲིམས་ནི་སྦྱོར་བ་ཞེས་བྱ་སྟེ། དེ་ལྟར་ལྷག་པའི་ཚུལ ་ཁྲིམས་ཀྱི་སྦྱོར་བས་ཡོངས་སུ་བསྡུས་པ་ལྷག་པའི་སེམས་དང། ལྷག་པའི་ཤེས་རབ་ནི་རྣལ་འབྱོར་གྱི་ལམ་གྱི་ངོ་བོ་ཉིད་ཅེས་བྱའོ། །ཡང་གཅིག་ཏུ་ན་རྣལ་འབྱོར་ཅེས་བྱ་བའི་སྒྲ་ནི་རིག་པ་ལ་ཡང་བྱང་སྟེ། རིགས་པ ་བཞིའོ། །ཞི་གནས་དང་ལྷག་མཐོང་ནི་སྦྱོར་བའི་རྒྱུ་ལ་སོགས་པ་ལ་བལྟོས་པས་རིགས་པའི་ཡོངས་སུ་བསྡུས་བ་གང་ཡིན་ལ་མི་མཐུན་པའི་ཕྱོགས་སྤོང་བ་དང། གཉེན་པོ་བསྐྱེད་པ་དང་འབྲས་བུ་འཐོབ་པར་བྱེད་པས་བྱ་བ་བྱེད་པའི་རིགས་པས་ཡོངS? ་སུ་བསྡུས་པ་ཡང་ཡིན། རྣལ་འབྱོར་པའི་མངོན་སུམ་ལ་སོགས་པའི་མཚན་མ་དང་མི་འགལ་བས་འཐད་པས་བསྒྲུབས་པའི་རིགས་པས་ཡོངས་སུ་བསྡུས་པ་ཡང་ཡིན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ཡིན་པས་ཆོས་ཉིད་ཀྱི་རིགས ་པས་ཡོངས་སུ་བསྡུས་པ་ཡང་ཡིན་པས་རིགས་པས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་ནི་རྣལ་འབྱོར་གྱི་ལམ་གྱི་ངོ་བོ་ཉིད་ཅེས་བྱ་སྟེ། དེ་ཐ་ཚིག་གི་དོན་ཅིང་བསྡུ་ན། ལྷག་པའི་ཚུལ་ཁྲིམས་དང་རིགས་པ་པ་ཞིས་ཡོངས་སུ་བསྡུས་པའི་ཞེ་གནས་དེད?་ལྷག་མཐོང་ནི ་རྣལ་འབྱོར་གྱི་ལམ་གྱི་ངོ་བོ་ཉིད་ཡིན་ཏེ། འདི་ལྟར་ལྷག་པའི་ཚུལ་ཁྲིམས་ཀྱིས་མ་བསྡུས་པའི་ཞི་གནས་ལྷག་མཐོང་ནི་ནང་གི་རྨུགས་པ་དང། ལྟ་བའི་ངོ་བོ་ཉིད་ཡིན་པས་ལན་མ་ཡིན་ལ། རིགས་པས་མ་བསྡུས་པའི་ཞིག་མ་དང་ལྷག་མཐོང་ཡང་ལམ་གོལ ་པ་ཡིན་པས་ལམ་མ་ཡིན་གྱི། ལྟག་པའི་ཚུལ་ཁྲིམས་དང་རིགས་པའི་རྣལ་འབྱོར་གྱིས་བསྡུས་པའི་ཞི་གནས་དང། ལྷག་མཐོང་ནི་སྤངས་པ་དང། ཡེ་ཤེས་ཕུན་སུམ་ཚོགས་པས་རབ་ཏུ་ཕྱེ་བའི་འབྲས་བུ་བླ་ན་མེད་པ་ཐོབ་པའི་ལམ་ཡིན་པས ་ན། དེའི་ཕྱིར་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་ནི་ངོ་བོ་ཉིད་དེ། དེ་ཡང་ལེའུ་འདི་ལས་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་བསྟན་པའི་གཞུང་ཐམས་ཅད་དང་སྤྱིར་སྦྱར་རོ། །སྦྱོར་བའི ་རྒྱུ་ནི་ཆོས་གདགས་པ་རྣམ་པར་བཞག་པ་ལས། བརྩམས་ནས་ཞེས་བྱ་བས་བསྟན་ཏེ། དེ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཅི་ལ་གནས་ཅི་ལ་བསྟན་ཏེ་ཞེས་བྱ་ནས། འདི་ལྟ་སྟེ། དངོས་པོའི་མཛའ་དང་དགོས་པ ་ཡོངས་སུ་གྲུབ་པའོ། །ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །ཐོབ་པ་དང་འཐོབ་པའི་ཐབས་དང། ཆུད་མི་ཟ་བར་བྱ་བའི་གདགས་པ་གཏན་ལ་དབབ་པ་ནི་རབ་ཏུ་དབྱེ་པ་ཞེས་བྱ་བས་བསྟན་ཏེ། དེ་ལ་འཐོབ་བུ་ནི་བཅོམ་ལྡན ་འདས་བྱང་ཆུབ་སེམས་དཔའ་ཨི་ཞི་གནས་དང་ལྷག་མཐོང་གི་དམིགས་པའི་དངོས་པོ་བཞི་པོ་དེ་དག་ལ་བརྟེན་ཅིང་གནས་ནས་ཞེས་བྱ་བ་ནས། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལྷག་མཐོང་ལ་མཁས་པ་ཡིན་ནོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །འཐོབ་པའི་ཐབS ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་སེམས་ལ་དམིགས་པའི་སེམས་ནང་དུ་ཡིད་ལ་བགྱིད་པ་ཞེས་བྱ་བ་ནས། བྱམས་པ་ལྷག་མཐོང་ནི་མ་ཡིན་ཏེ། ལྷག་མཐོང་གི་རྗེས་སུ་མཐུན་པའི་མོས་བ་དང་མཚུངས་པར་ལྡན་པ་ཡིན་པར་རྗོད་པར་བྱའོ་ཞེས་གསུངས་པའི ་བར་གྱིས་བརྗོད་དོ། །ཆུད་མི་ཟ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ནི། ཞི་གནས་ཀྱི་ལམ་དང། ལྷག་མཐོང་གི་ལམ་ཐ་དད་ཅེས་བགྱི་པའམ། ཐ་དད་པ་མ་ལགས་ཞེས་བགྱི་ཞེས་བྱ་བ་ལ་སོགས་པ་ལེའུ་འདི་ཉིད་ཀྱི་གཞུང་ལྷག་མ་ཐམས་ཅད་ཀྱིས་བསྟན་ཏོ། ། ་དེ་ལ་དང་པོར་སྦྱོར་བའི་རྒྱུའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། སྦྱོར་བའི་རྒྱུ་ཞེས་བྱ་བ་ནི་དང་པོ་སོ་སོའི་སྐྱེ་བོའི་གནས་སྐབས་ན་རྣལ་འབྱོར་པ་ལས་དང་པོ་པས་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི ་ངོ་བོ་ཉིད་དེ་ལ་སྦྱོར་བའི་རྒྱུ་གང་ཡིན་པའོ། །དེ་ཡང་རྣམ་པ་གསུམ་སྟེ། གནས་ཀྱི་སྦྱོར་བའི་རྒྱུ་དང། རྟེན་གྱི་སྦྱོར་བའི་རྒྱུ་དང། དམིགས་པའི་སྦྱོར་བའི་རྒྱུ་བསྟན་པའོ། །དེ་ལ་དང་པོར་གནས་གྱི་སྦྱོར་བའི་རྒྱུ་དང། རྟེན་གྱི་སྦྱོར་བའི ་རྒྱུ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ལ་མཚམས་སྦྱོར་བ་ཇི་ལྟ་བུ་ཞེ་ན། འདིར་འཕགས་པས་གཞན་དག་འདི་སྙམ་དུ་རབ་འབྱོར་གྱི་ཡོངས་སུ་བསྡུས་པའི་ཞི་གནས་དང། ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ནི་འཇིག་རྟེན་པ ་དང། འཇིག་རྟེན་ལས་འདས་པ་ཐམས་ཅད་ལ་ཡང་ཡོད་དེ། དེ་ལ་འཇིག་རྟེན་པ་ནི་ས་འོག་མའི་རགས་པ་ཉིད་ལ་གནས་ཤིང་ས་གོང་མའི་ཞི་བ་ཉིད་ལ་གནས་ཤིང་སྦྱོར་བར་བྱེད། འཇིག་རྟེན་ལས་འདས་པ་ཐེག་པ་གཉིས་ནི་འཁོར་བའི་ཉེས་དམིགས་ལ་གནས་ཤིང་མྱ་ངན་ལས ་འདས་བའི་ཕན་ཡོན་ལ་བརྟན་ཏེ་སྦྱོར་བར་བྱེད་ན། འཇིག་རྟེན་ལས་འདས་བའི་ཐེག་པ་ཆེན་པོ་ལ་རྣལ་འབྱོར་བ་རྣམ་པ་ཅི་ལ་གནས་ཤིང་ཅི་ལ་བརྟེན་ཏེ་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད ་ལ་སྦྱོར་བར་བྱེད་སྙམ་དུ་སེམས་པ་རྣམས་ཀྱི་བསམ་བ་ལ་བརྟགས་ནས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཅི་ལ་གནས་ཅི་ལ་བརྟེན་ཏེ། ཐེག་བ་ཆེན་པོ་ལ་ཞི་གནས་དང་ལྷག་མཐོང་བསྒོམ་བར་བགྱིད་ལགས་ཤེས་ཞུས་བར་སྦྱར་རོ། །དེ་ལ་ཅི་ལ ་གནས་ཞེས་བྱ་པས་ནི་གནས་གྱི་སྦྱོར་བའི་རྒྱུ་གང་ལགས་ཞེས་ཞུས་པ་ཡིན་ཏེ། དེས་ནི་ཐབས་ཀྱི་རྒྱུ་བསྟན་ཏོ། །ཅི་ལ་བརྟེན་ཏེ་ཞེས་བྱ་བས་ནི་འཇིག་རྟེན་གྱི་སྦྱོར་བའི་རྒྱུ་གང་ལགས་ཞེས་ཞུས་བ་ཡིན་ཏེ། དེ་ནི་ཆུད་མི་ཟ་བའི་རྒྱུ་སྟོན་ཏོ། །ཐེག་པ་ཆེན་པོ་ལ་ཞེས་བྱ་བ་ནི་བྱང ་ཆུབ་སེམས་དཔའ་ཨི་ལམ་འབྲས་བུ་དང་བཅས་པ་ལ་ཞེས་བྱ་བའི་ཐ་ཚིག་སྟེ། དེས་ནི་འཇིག་རྟེན་པ་དང། ཐེག་ཕ་གཉིས་ལས་ཁྱད་པར་དུ་འཕགས་པའི་ལམ་སྟོན་ཏོ། །ཞི་གནས་དང་ལྷག་མཐོང་ཞེས་བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་དང་། ་རིགས་པ་བཞིས་ཡོངས་སུ་བསྡུས་པའི་སེམས་དང། ལྷག་པའི་ཤེས་རབ་ཅེས་བྱ་བའི་ཐ་ཚིག་སྟེ། དེས་ནི་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་སྟོན་ཏོ། །བསྒོམ ་པར་བགྱིད་པ་ལགས་ཞེས་བྱ་བ་ནི་ལམ་གྱི་ངོ་བོ་ཉིད་དེ་ལ་ཇི་ལྟར་སྦྱོར་བར་བགྱིས་ཞེས་ཞུས་པ་ཡིན་ཏེ། དེས་ནི་ལམ་གྱི་ངོ་བོ་ཉིད་ལ་རྣལ་འབྱོར་དུ་བྱེད་པ་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་བསྟན་པའི་དབང་དུ་མཛད ་ནས། བྱམས་པ་ཆོས་གདགས་བ་རྣམ་བར་བཞག་པ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་མི་གཏོང་བ་ལ་གནས་ཤིང་རྟེན་རྣམས་སོ་ཞེས་བྱ་བ་གསུངས་ཏེ། ཆོས་གདགས་པ་རྣམ་པར་བཞག་པ་ལ་ནི་གནས། བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་མི་གཏོང་བ་ལ་ནི་བརྟེན་ཏེ། ཐེག་པ་ཆེན་པོ་ལ་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞིག་ནས་དང། ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་བསྒོམ་པར་བྱའོ། །ཞེས་བྱ་བར་སྦྱར་རོ། །ངེས་ཅི་བསྟན་ཅེ་ན། ཆོས ་གདགས་པ་རྣམ་པར་བཞག་པ་ནི་བཤད་པའི་ཆོས་ཀྱིས་ཚོགས་ཡིན་པའི་ཕྱིར་དེ་ལ་གནས་པ་ནི་འཇིག་རྟེན་པ་ལས་འདས་པའི་གོ་འཕངས་ཐོབ་པའི་སྔོན་དུ་འགྲོ་བ་ཡིན་པས། དེ་ནི་འཇིག་རྟེན་བའི་གནས་དང་རྟེན་གྱི་སྦྱོར་བའི་རྒྱུ་ལས་ཁྱད་པར་དུ་འཕགས་པའི་གནས་ཀྱིས་སྦྱོང ་བའི་རྒྱུ་ཡིན་ལ་།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་རྟོགས་པའི་ཆོས་ཀྱི་སྐུ་ཡིན་པའི་ཕྱིར། དེར་སྨོན་ལམ་མི་གཏོད་པ་ནི་བྱང་ཆུབ་ཆེན་བོར་འདྲེན་པར་བྱེད་བའི་ཆོས་ཀྱི་སྔོན་དུ་འགྲོ་བ་ཡིན་པས་དེ་ནི་ཐེག་པ་གཉིས་ཀྱི་གནས་དང་རྟེན་གྱི་སྦྱོར་བའི་རྒྱུ་ལས་ཁྱད ་པར་དུ་འཕགས་པའི་རྟེན་གྱི་སྦྱོར་བའི་རྒྱུ་ཡིན་ནོ་ཞེས་སྟོན་ཏོ། །དེ་ལ་ཆོས་གདགས་པ་རྣམ་པར་གདགས་པ་ཞེས་བྱ་བ་ནི་ལུང་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གདགས་པ་རྣམ་བར་བཞག་པ་ནི་རྣམ་པ་བཞི་སྟེ་། ་ཆོས་གདགས་པ་རྣམ་པར་བཞག་པ་དང། བདེན་པ་གདགས་པ་རྣམ་པར་བཞག་པ་དང། རིགས་གདགས་པ་རྣམ་པར་བཞག་པ་དང། ཐེག་པ་གདགས་པ་རྣམ་པར་བཞག་པ་སྟེ། དེ་དག་ནི་དེ་བཞིན་གཤེགས་པ་འམ། བྱང་ཆུབ ་སེམས་དཔའ་ཁོ་ན་ཡང་དག་པར་འདོགས་ཤིང་རྣམ་པར་འཇོག་པར་མཛད་ཀྱི། ལྷར་གྱུར་པ་འམ། མིར་གྱུར་པ་འམ། དགེ་སྦྱོད?་དང། བྲམ་ཟེར་གྱུར་བ་གཞན་གང་གིས་ཀྱང་མི་ནུས། དེ་དག་ཉིད་ལས་ཐོབ་པ་ནི་མ་གཏོགས་སོ་ཞེས་གསུངས་པ་ལས་ཆོས་གདགས་པ་རྣཾ་པར་བཞག་པ ་དང་ཞེས་བྱ་བ་དང་སྦྱར་ཏེ། མདོའི་སྡེ་ལ་སོགས་པ་གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་པོ་གོ་རིམ་བཞིན་དུ་སྦྱར་བ་དང། གོ་རིམ་བཞིན་དུ་རྣམ་པར་བཞག་ཅིང་བསྡེབ་བ་གང་ཡིན་པ་དེ་ནི་ཆོས་གདགས་པ་རྣམ་པར་བཞག་བ་ཞེས་བྱའོ། །དེ་ལ་གནས་པ་ཞེས་བྱ་བ ་ནི་དེ་དག་བྱང་ཆུབ་སེམས་དཔས་ལེགས་པར་ཐོས་ལེགS་པར་བཟུང། ཁ་ཏོན་བྱང་བར་བྱས། ཡིད་ཀྱིས་ལེགས་པར་བརྟགས། མཐོང་བས་ཤིན་ཏུ་རྟོཌ་བར་བྱས་བའོ། །དེ་ལ་གནས་ན་འཁོར་བར་སྲིད་པ་དང། ལོང་སྤྱོད་ལ་སོགས་པ ་ཡོངས་སུ་མི་སྔོ་ཞིང་འཇིག་རྟེན་ལས་འདས་བའི་ལམ་ལ་སྦྱོར་བར་བྱེད་པས་ན། དེ་ནི་འཇིག་རྟེན་པ་ལས་ཁྱད་པར་དུ་འཕགས་པའི་གནས་ཀྱི་ཞི་གནས་དང་ལྷག་མཐོང་གི་ལམ་ལ་སྦྱོར་པའི་རྒྱུ་བསྟན་ཏེ། །བླ་ན་མེད་པ་ཞེས་བྱ་བ་ནི་བླ་ན་མེད་པ་དྲུག་སྟེ། མཐོང་བ་བླ ་ན་མེད་པ་དང། ཐོས་བ་བླ་ན་མེད་པ་དང། རྙེད་པ་བླ་ན་མེད་པ་དང། བསླབ་བ་བླ་ན་མེད་པ་དང། རིམ་གྲོ་བླ་ན་མེད་པ་དང། རྗེས་སུ་དྲན་པ་བླ་ན་མེད་པའོ། །ཡང་དག་པར་རྫོགས་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མ་ནོར་བ་ཞེས་བྱ་བའི་ཐ་ཚིག་གོ་།བྱང་ཆུབ ་ཅེས་བྱ་བ་ནི་རྟོགས་པའི་དོན་ཏོ། །དེར་སྨོན་ལམ་མི་གཏོང་བ་ཞེས་བྱ་བ་ནི་དང་པོ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཚན་ཉིད་ལྔ་པོ་ཡང་དག་པའི་སྨོན་ལམ་དང་པོ་ངོ་བོ་ཉིད་དང། བདག་གི་བྱང་ཆུབ་དང། །སེམས་ཅན་བྱི་དོན་བསྒྲུབ་པའི ་རྣམ་བ་དང། བླ་ན་མེད་པའི་བྱང་ཆུབ་དང། སེམས་ཅན་ཐམས་ཅད་ལ་དམིགས་པའི་དམིགས་པ་དང། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་དགེ་བའི་རྩ་བ་ཐམས་ཅད་བསྡུས་པའི་སྔོན་དུ་འགྲོ་བ་དང། སེམས་ཅན་ཐམས་ཅད་ལས་བརྟེན་པའི་ལུས ་དང་ངག་ཡིད་ཀྱིས་ཉེས་པར་སྦྱོང་པ་དང་མི་མཐུན་པའི་ཡོན་ཏན་དང། དེ་ལས་གཞན་པ་འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པའི་དོན་དག་ལ་ཡང་དག་སྨོན་བའི་དགེ་བ་དེ་དག་ཐམས་ཅད་ཀྱི་ནང་ན་ཡང་དག་པའི་སྨོན་ལམ་གྱི་མཆོག ་བླ་ན་མེད་པས་ཁྱད་པར་དུ་འཕགས་པ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ཀྱི་རྟགས་ཏུ་རྒྱུན་མི་འཆད་པར་བསམ་པ་ཐག་པ་ནས་བསྐྱེད་པར་བྱེད་པའོ། །དེ་ལ་བརྟེན་ནས་སོ་ཞེས་བྱ་བ་ནི་དེ་ལྟར་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་མི་བསྐྱེད་པ་ལ་ཉན་ཐོས་དང་རང ་སངས་རྒྱས་ཀྱི་ཡིད་ལ་བྱེད་པའི་གོ་མི་འབྱེད་བའི་ཚུལ་གྱིས་བརྟེན་སོ། །དེ་ལ་བརྟེན་ནས་སེཾས་ཅན?་གྱི་དོན་ཡལ་བར་མི་འདོད་ཞིང། མྱ་ངན་ལས་འདས་བ་ལ་མངོན་དུ་ཕྱོགས་པ་ལ་སོགས་པར་ཡོངས་སུ་མི་སྔོ་ཞིང་བླ་རྣ་མེད་པའི་བྱང་ཆུབ་ཀྱི་ལམ་ལ་སྦྱོར་བར་བྱེད་པS་ན། དེ་ནི་ཐེག་པ་གཉིས ་ལས་ཁྱད་པར་དུ་འཕགས་པའི་བརྟེན་གྱི་ཞི་གནས་དང། ལྷག་མཐོང་གི་ལམ་ལ་སྦྱོར་བའི་རྒྱུ་ཡིན་ཏེ། དེས་ནི་ཆུད་མི་ཟ་བའི་རྒྱུ་བསྟན་ཏོ། །དེ་ལྟར་ན་ཆོས་གདགས་པར་རྣམ་པར་བཞག་བ་ལ་ནི་གནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ ་མི་གཏོང་བའི་ནི་བརྟེན་ཏེ། ཐེག་པ་ཆེན་པོ་ལ་ཞི་གནས་དང། ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་བསྒོམ་པར་བྱའོ་ཞེས་བསྟན་པ་ཡིན་ཏེ། དེ་ནི་གནས་ཀྱི་སྦྱོར་བའི་རྒྱུ་དང། རྟེན་གྱི་སྦྱོར་བའི་རྒྱུ་བསྟན་པ་ཡིན་ནོ། དེའི་འོག་ཏུ་དམིགས་པས་སྦྱོར་བའི་རྒྱུ་བསྟན་པའི ་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ལ་མཚམས་སྦྱོར་བ་ཇི་ལྟ་བུ་ཞེ་ན། འདིར་འཕགས་པ་བྱམས་པས་གཞན་དག་འདི་སྙམ་དུ། དེ་ལྟར་གནས་དང་རྟེན་གྱི་སྦྱོར་བའི་རྒྱུ་བསྟན་པས་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང། ལྷག ་མཐོང་གི་ལམ་གྱི་ངོ་བོ་ཉིད་ལ་སྦྱོར་བའི་ཐེབས་དང་ཆུད་མ་ཟི་བའི་རྒྱུ་བསྟན་བུ་ཟིན་ཀྱང་དེ་ནི་དམིགས་པའི་དངོས་པོ་ལ་བརྟེན་ཏེ་སྐྱེ་བ་ཡིན་པས་བདེ་བར་གཤེགས་པས་ཀྱང་མདོ་སྔ་དང་དེ་དག་ཏུ་དམིགས་པའི་དངོས་པོ་རྣམ་པ་བཞི་བཀའ་སྩལ ་ཏེ། བཞི་གང་ཞེ་ན་ཁྱབ་བའི་དམིཌ་པ་དང། སྤྱོད་པའི་རྣམ་པར་སྦྱོང་བའི་དམིགས་པ་དང། མཁས་པའི་དམིགས་པ་དང། ཉོན?་མོངས?་པ་རྣཾ་པར་སྦྱོང་བའི་དམིགས་པའོ། །དེ་ལ་ཁྱབ་པའི་དམིགས་པ་གང་ཞེ་ན། དེ་ཡང་རྣམ་པ་བཞི་སྟེ། རྣཾ་པར་རྟོག་པ་དང་བཅས་པའི་གཟུགས ་བརྙན་དང། རྣཾ་པར་མི་རྟོཌ་པའི་གཟུཌ་བརྙན་དང། དངོས་བོའི་མཛའ་དང། དགོས་པ་ཡོངས་སུ་གྲུབ་པའོ། །སྤྱད་པ་རྣཾ་པར་སྦྱང་བའི་དམིགས་པ་གང་ཞེ་ན། དེ་ནི་རྣམ་པ་ལྔ་སྟེ། མི་སྡུག་བ་དང། བྱམS་པ་དང། རྐྱེན་འདི་པ?་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་དང། ཁཾས་རབ་ཏུ་དབྱེ་བ་དང་དབྱུཌ? ་རྡུབ་བ་དང། དབུགས་འབྱུང་བ་དྲན་བའོ། །མཁས་པའི་དམིགས་པ་གང་ཞེ་ན། དེ་ཡང་རྣམ་པ་ལྔ་སྟེ། ཕུང་པོ་ལ་མཁས་བ་དང། ཁམས་ལ་མཁས་པ་དང། སྐྱེ་མཆེད་ལ་མཁས་པ་དང། རྟེན་ཅིང་འབྲེལ་པ་ལ་མཁས་པ་དང་གནས་དང་གནས་མ་ཡིན་པ་ལ་མཁས་བདེ་ཉིད་? ་བ་རྣམ་པར་སྦྱོང་བའི་དམིགས་པ་གང་ཞེ་ན། དེ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་བའི་ལམ་གྱི་བྱེ་བྲག་གིས་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་ཡང་རྣམ་པ་གཉིས་ཏེ། ས་འོག་མ་རྣམS ་ལ་རགས་པར་ལྟ་བ་དང། ས་གོང་མ་རྣམས་ལ་ཞི་བར་ལྟ་བའོ། །འཇིག་རྟེན་ལས་འདས་བའི་ལམ་གྱི་ཉོན་མོངས་པ་རྣམ་པར་སྦྱོར་བའི་དམིགས་པ་ཡང་རྣམ་པ་གཉིས་ཏེ། རྣམ་པར་བཞག་པའི་བདེན་པ་ལ་དམིགས་པ་དང། རྣམ་པར་མ་བཞག་པའི་བདེན་པ་ལ ་དམིགས་པ་སྟེ། དེ་ལྟར་དམིགས་པ་རྣམས་བཞི་པོ་དེ་དག་གང་ལ་དམིགས་ཏེ། རྣལ་འབྱོར་གྱི་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལ་སྦྱར་བར་བྱ་ཞིང་དམིགས་པ་གང་ནི་ལམ་གང་གི་དམིགས་པ་ཡིན་སྙམ་པ་སེམས་པ་རྣམས ་ཀྱི་བསམ་པ་ལ་བརྟགས་ནས། མི་ཕམ་པ་ཉིད་ཀྱི་ཁྱབ་པའི་དམིགས་པ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་ཐམས་ཅད་དུ་འགྲོ་ཞིང། སྤྱད་པ་རྣམ་པར་སྦྱོང་བའི་དམིགས་པ་ལ་སོགས་པ་དམིགས་པ་ཐམས་ཅད་གྱིས་རྗེས་སུ་སོང ་བ་དང། འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་བཤད་པ་ཡིན་པ་དང། དེ་དག་ནི་ལྷག་མཐོང་གི་ཕྱོགས་དང། དངོས་བོ་ཐམས་ཅད་དང་ལྡན་བ་དང། ཡང་དག་པའི ་དངོས་པོ་དང་ལྡན་པ་དང། རྒྱུ་དང་འབྲས་བུའི་དངོས་པོ་དང་ལྡན་པའི་དམིགས་པ་ཡིན་ཏེ། དེ་ལ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ནི་ལྷག་མཐོང་གི་ཕྱོགས་ཀྱི་དམིགས་པ་ཡིན་ལ། རྣམ་པར་མི་རྟོག་པའི་གཟུགས་བརྙན ་ནི་ཞི་གནས་ཀྱི་ཕྱོགས་ཀྱིས་དམིགས་པ་ཡིན། དངོས་བོའི་མཛའ་ནི་ཇི་སྙེད་ཡོད་པ་ཉིད་དང། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཀྱིས་དངོས་པོ་ཐམས་ཅད་དང་ལྡན་པ་དང། ཡང་དག་པའི་དངོས་པོ་དང་ལྡན་པའི་དམིགས་པ་ཡིན། དགོས་པ་ཡོངས་གྲུབ་བ་ནི་ཡིད་ལ ་བྱེད་བ་ཡོངས་སུ་གྲུབ་པའི་རྒྱུས་འབྲས་བུ་གནས་ངན་ལེན་སྤངས་བ་དང། གནས་གྱུར་བ་དང། དངོས་གཞི་ཐོབ་པ་དང། ཤེས་བྱ་ལ་ཤེས་པ་དང། མཐོང་བ་འཇུག་བ་ཉིད་ཀྱིས་རྒྱུ་དང་འབྲས་བུའི་དངོས་པོ་དང་ལྡན་པའི་དམིགས་པ ་ཡིན་པས་དེ་དག་ནི་ཁྱབ་བའི་དམིགས་པ་ཞེས་བྱ་སྟེ། དེ་ཉིད་སྔོན་དུ་བྱ་བ་མཁྱེན་ནས། །བཅོམ་ལྡན་འདས་ཀྱིས་ཞི་གནས་དང། ལྷག་མཐོང་གི་དམིགས་པའི་དངོས་པོ་བཞི་པོ་འདི་ལྟ་སྟེ། རྣམ་པར་རྟོག་པ་དང་བཅས་བའི་གཟུགས་བར་ན་དང། རྣམ ་བར་མི་རྟོགས་པའི་གཟུགས་བརྙན་དང། དངོས་པོའི་མཛའ་དང། དགོས་པ་ཡོངས་སུ་གྲུབ་པའོ་ཞེས་གང་དག་བསྟན་པ་དེ་ལ་ཞེས་བྱ་བ་ལ་སོགས་པས་དམིགས་པ་སྦྱོར་བའི་རྒྱུ་གང་ཡིན་པ་དང། དམིགས་པ་གང་ནི་ལམ་གང་གི་དམིགས་པ ་ཡིན་པར་སྦྱར་རོ། །དེ་ལ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ཞེས་བྱ་བ་ནི་ལྷག་མཐོང་གི་རྣམ་པས་རབ་ཏུ་ཕྱེ་བའི་ཤེས་བྱའི་དངོས་པོ་དང། ཆ་མཐུན་པ་སེམས་ཀྱིས་གཟུགས་བརྙན་རང་རིག་པ་གང་ཡིན་པ་སྟེ། དེ་ལ་རྣམ་པར ་རྟོག་བ་དང་བཅས་པ་ཞེས་བྱ་བ་ནི་སྦྱོར་བའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ལྷག་མཐོང་གི་རྣམ་བ་ཤེས་རབ་ཀྱི་སྤྱོད་པ་བཞིས་བསྡུས་པ་སྒོ་གསུམ་དང་ལྡན་བ་གཞི་རབ་ཏུ་དབྱེ་བ་དྲུག་ལ་དམིགས་པ་གང་ཡིན་པའོ། །གཟུགས་བརྙན་ཞེས་བྱ་བ་ནི ་རྣམ་པར་རྟོག་པ་དང་བཅས་པའི་ལྷག་གི་རྣམ་པ་དེས་རབ་ཏུ་ཕྱེ་བ་ཞེས་བྱའི་དངོས་པོ་དང་མི་མཐུན་པ། སེམས་ཀྱི་གཟུགས་བརྙན་རང་རིག་པ་གང་ཡིན་པའོ། །དེ་ལ་སྦྱོར?་བའི་ལམ་གྱིས་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ལྷག་མཐོང་གི་རྣམ་པ་ཞེས་བྱ ་བ་ན་མཉམ་པར་བཞག་པའི་ས་པའི་ཡིད་ལ་བྱེད་པ་ལ་བརྟེན་ནས་ཤེས་བྱའི་དངོས་པོའི་རྣམ་པ་རང་གི་བློ་ལ་སྣང་པར་བྱས་པའི་ཕྱིར། མོས་པ་ཡིད་ལ་བྱེད་པའི་ལྷག་མཐོང་གི་རྣམ་པ་གང་ཡིན་པའོ། །ཤེས་རབ་ཀྱི ་སྤྱོད་པ་བཞི་གང་ཞེ་ན་རྣམ་པར་འབྱེད་པ་དང། རབ་ཏུ་རྣམ་པར་འབྱེད་པ་དང། ཡོངས་སུ་རྟོག་པ་དང། ཡོངས་སུ་དཔྱོད་པའོ། །དེ་ལ་རྣམ་པར་འབྱེད་པ་གང་ཞེ་ན། སྤྱད་པ་རྣམ་པར་སྦྱོར་བའི་དམིགས་པ་དང། མཁས་པའི་དམིགས་པ་དང། ཉོན་མོངས་པ ་རྣམ་པར་སྦྱོང་བའི་དམིགས་པ་དག་ལ་ཇི་སྙད་ཡོད་པ་ཉིད་ཀྱི་རྣམ་པར་འབྱེད་པར་བྱེད་བའི་ཤེས་རབ་གང་ཡིན་པའོ། །རབ་ཏུ་རྣམ་པར་འབྱེད་པ་གང་ཞེ་ན། དམིགས་པ་དེ་དག་ལ་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཀྱིས་རབ་ཏུ་རྣམ་པར་འབྱེད་པར་བྱེད་པའི་ཤེས་རབ་གང ་ཡིན་པའོ། །ཡོངས་སུ་རྟོག་པ་གང་ཞེ་ན། ཤེས་རབ་ད་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་རྣམ་པར་རྟོག་པ་དང་བཅས་པས་མཚན་མར་འཛིན་པར་བྱེད་པའི་ཚེ་ན་ནི་ཡོངས་སུ་རྟོག་པ་ཡིན་ནོ། །ཡོངས་སུ་དཔྱོད་པ་གང་ཞེ་ན། ཤེས་རབ་དེ་གཉིས་དང་ལྡན་པའི་ཡིད་ལ་བྱེད་པ ་རྣམ་པར་རྟོག་པ་དང་བཅས་པ་དེ་ཉིད་ཀྱིས་ཡང་དག་པར་རྟོག་པར་བྱེད་པའི་ཚེ་ན་ནི་ཡོངས་སུ་དཔྱོད་པ་ཡིན། དེ་དག་ཀྱང་དང་པོ་ནི་རྟོག་པ་ཡིན་ལ། ལྷག་མ་གསུམ་གྱིས་ནི་རྟོགས་པ་དེ་ཉིད་བྱེ་བྲག་ཏུ་བསྟན་པ་ཡིན་པར་རིག་པར་བྱའོ། །དེ་ལ་ལྷག་མཐོང་གི་སྒོ་གསུཾ ་གང་ཞེ་ན། མཚན་མ་ཙམ?་གྱི་རྗེས་སུ་ཞུགས་པ་དང། ཡོངས་སུ་བཙལ་བའི་རྗེས་སུ་ཞུགས་པ་དང། ཡོངས་སུ་བཙལ་བ་ལས་སོ་སོར་རྟོག་པའི་རྗེས་སུ་ཞུགས་པའོ། །དེ་ལ་མཚན་མ་ཙམ་གྱིས་རྗེས་སུ་ཞུགས་པ་གང་ཞེ་ན། གང་གི་ཚེ་དམ་ཆོས་ཐོས་པ་དང ་གཟུང་བའམ། དགེ་བའི་བཤེས་གཉེན་གྱི་གདམས་ངག་དང་རྗེས་སུ་དཔག་པ་ལ་མཉམ་པར་བཞག་པའི་ཡིད་ལ་བྱེད་བས་ཡིད་ལ་བྱེད་ཅིང་སེམས་པར་མི་བྱེད། རྟོག་པར་མི་བྱང?། འཇལ་བར་མི་བྱེད། ཉེ་བར་ཾརྟོག་པར་མི་བྱེད་པ་དེའི་ཚེ་ན་ནི་མཚན་མ་ཙམ་གྱི་རྗེས་སུ་ཞུགས ་པ་ཡིན་ནོ། །ཡོངས་སུ་བཙལ་བའི་རྗེས་སུ་ཞུགས་པ་གང་ཞེ་ན། གང་གི་དམ་པའི་ཆོས་ཐོས་བ་དང་གཟུང་བ་འམ། དགེ་བའི་བཤེས་གཉེན་གྱི་གདམས་ངག་དང་རྗེས་སུ་བསྟན་པ་དེ་ལ་མཉམ་པར་བཞག་པའི་ཡིད་ལ་བྱེད་པས་ཡིད་ལ་བྱེད་ཅིང་སེམས་པར་བྱེད་རྟོག་པར ་བྱེད་འཇལ་བར་བྱེད་ཉེ་བར་རྟོག་པར་བྱེད་པ་དེའི་ཚེ་ན་ནི་ཡོངས་སུ་བཙལ་བའི་རྗེས་སུ་ཞུགས་པ་ཡིན་ནོ། །ཡོངས་སུ་བཙལ་བ་ལ་སོ་སོར་རྟོགས་པའི་རྗེས་སུ་ཞུགས་བ་གང་ཞེ་ན། གང་གི་ཚེ་བསམས་ཤིང་བརྟགས་ལ་གཞལ་ཅིང་ཉེ་བར་བརྟགས་ནས་ཇི་ལྟར་རྣམ་པར་བཞག་པ ་དེ་བཞིན་དུ་སོ་སོར་རྟོག་པར་བྱེད་པ་དེའི་ཚེ་ན་ནི་ཡོངས་སུ་བཙལ་བ་ལས་སོ་སོར་རྟོག་པའི་རྗེས་སུ་ཞུགས་པ་ཡིན་ནོ། །དེ་ལ་ལྷག་མཐོང་གི་གཞི་རབ་ཏུ་དབྱེ་བ་དྲུག་ལ་དམིགས་པ་གང་ཞེ་ན། དེ་དམིགས་པས་ཡོངས་སུ་ཚོལ་བར་བྱེད་པ་ན་གཞི་རྣམ་པ་དྲུག་ཡོངས་སུ ་ཚོལ་བར་བྱེད་དེ། དོན་དང། དངོས་པོ་དང། མཚན་ཉིད་དང། ཕྱོགས་དང། དུས་དང། རིགས་པ་ཡོངས་སུ་ཚོལ་པར་བྱེད་ཅིང་ཡོངས་སུ་བཙལ་ནས་ཀྱང་དེ་དག་ལ་སོ་སོར་རྟོག་པར་བྱེད་དོ། །དེ་ལ་ཇི་ལྟར་ན་དོན་ཡོངས་སུ་ཚོལ་བར་བྱེད་ཅེ་ན་སྤྱོད་པ་རྣམ་པར་སྦྱོང་བ ་དང། མཁས་པ་དང། ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་དེ་དག་ལ་སྨྲས་པ་དེའི་དོན་ནི་འདི་ཡིན་ནོ་ཞེས་དེ་ལྟར་དོན་ཡོངས་སུ་ཚོལ་བར་བྱེད་དོ། །ཇི་ལྟར་དངོས་པོ་ཡོངས་སུ་ཚོལ་བར་བྱེད་ཅེ་ན། དམིགས་པ་དེ་དག་ཉིད་ལ་དངོས་པོ་རྣམ་པ་གཉིས་པ་ནང་གི ་དངོས་པོ་དང། ཕྱི་རོལ་གྱི་དངོས་པོ་ཡོངས་སུ་ཚོལ་བར་བྱེད་དེ། །དེ་ལྟར་དངོས་པོ་ཡོངས་སུ་ཚོལ་བར་བྱེད་དོ། །ཇི་ལྟར་མཚན་ཉིད་ཡོངས་སུ་ཚོལ་བར་བྱེད་ཅེ་ན། དམིགས་པ་དེ་དག་ཉིད་ལ་མཚན་ཉིད་རྣམ་པ་གཉིས་པོ་རང་གི་མཚན་ཉིད་དང། སྤྱིའི་མཚན་ཉིད་ཡོངས ་སུ་ཚོལ་བར་བྱེད་དེ། དེ་ལྟར་མཚན་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །ཇི་ལྟར་ཕྱོགས་ཡོངས་སུ་ཚོལ་བར་བྱེད་ཅེ་ན། དམིགས་པ་དེ་དག་ཉིད་ལ་ཕྱོགས་རྣམ་པ་གཉིས་སོ། །ནག་པོའི་ཕྱོགས་དང། དཀར་པོའི་ཕྱོགས་ཡོངས་སུ་ཚོལ་བར་བྱེད་དོ། ནག་བོའི་ཕྱོགས ་ནི་སྐྱོན་དང་ཉེས་དམིགས་ཀྱི་སྒོ་ནས་སོ། །དཀར་པོའི་ཕྱོགས་ནི་ཡོན་ཏན་དང་ཕན་ཡོན་གྱི་སྒོ་ནས་ཏེ་དེ་ལྟར་ཕྱོགས་ཡོངས་སུ་ཚོལ་པར་བྱེད་དོ། །ཇི་ལྟར་དུས་ཡོངས་སུ་ཚོལ་བར་བྱེད་ཅེ་ན། དམིགས་པ་དེ་དག་ཉིད་ལ་དུས་གསུམ་པོ་ལས་པའི ་དུས་ན་འདི་ལྟ་བུ་ཞིག་བྱུང་པར་གྱུར་ཏོ། །མ་འོངས་པའི་དུས་ན་འདི་ལྟ་བུ་ཞིག་འབྱུང་བར་འགྱུར་རོ། །ད་ལྟར་བྱུང་བའི་དུས་ན་འདི་ལྟ་བུ་ཞིག་ད་ལྟར་ཡོད་དོ་ཞེས་དེ་ལྟར་དུས་ཡོངས་སུ་ཚོལ་བར་བྱེད་དོ། །ཇི་ལྟར་རིགས་པ་ཡོངས་སུ་ཚོལ་བར་བྱེད་ཅེ་ན། དམིགས་པ ་དེ་ཉིད་ལ་རིགས་པ་བཞི་པོ་བལྟོས་པའི་རིགས་པ་དང། བྱ་བ་བྱེད་པའི་རིགས་པ་དང། འཐད་པས་བསྒྲུབས་པའི་རིགས་པ་དང། ཆོས་ཀྱི་རིགས་པ་ཡོངས་སུ་ཚོལ་བར་བྱེད་དེ། དེ་ལ་བལྟོས་པའི་རིགས་པས་ནི་ཀུན་རྫོབ་ཀྱང་ཀུན་རྫོབ་ཀྱི་སྒོ་ནས། དོན་དམ་པ ་ཡང་དོན་དམ་པའི་སྒོ་ནས། གཞི་ཡང་གཞིའི་སྒོ་ནས་ཡོངས་སུ་ཚོལ་བར་བྱེད་དོ། །བྱ་བ་བྱེད་པའི་རིགས་པས་ནི་ཆོས་རྣམས་ཀྱི་བྱེད་པ་ཡོངས་སུ་ཚོལ་བར་བྱེད་དེ་འདི་ནི་ཆོས་སོ་འདི་ནི་བྱེད་པའོ། །འདི་ནི་འདིའི་བྱེད་པའོ་ཞེས་ཡོངས་སུ་ཚོལ་བར་བྱེད་དོ། །འཐད་པས ་སྒྲུབས་བའི་རིགས་པས་ནི་ཚད་མ་གསུམ་པོ་ཡིད་ཆེས་པའི་ལུང་དང། མངོན་སུམ་དང་རྗེས་སུ་དཔག་པས་ཡོངས་སུ་ཚོལ་བར་བྱེད་དེ། ཅི་འདི་ལ་ཡིད་ཆེས་པའི་ལུང་ཡོད་དམ་མེད། ཅི་མངོན་སུམ་དུ་དམིགས་སམ་འོན་ཏེ་མ་ཡིན། ཅི་རྗེས་སུ་དཔག་པས་རིགས ་སམ། འོན་ཏེ་མ་ཡིན་ཞེས་ཡོངས་སུ་ཚོལ་བར་བྱེད་དོ། །ཆོས་ཉིད་ཀྱིས་རིགས་པས་ནི་ཆོས་རྣམས་ཀྱི་དེ་ལྟར་གྱུར་པ་ཉིད་དང། གྲགས་པའི་ཆོས་ཉིད་དང། བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་དང། གནས་པའི་ཆོས་ཉིད་ལ་མོས་པར་བྱེད་ཅིང་སེམས་པར་མི་བྱེད། ་ནམ་པར་རྟོག་པར་མི་བྱེད་དེ། དེ་ལྟར་རིགས་པ་ཡོངས་སུ་ཚོལ་བར་བྱེད་དོ།། དེ་ལ་ཅིའི་ཕྱིར་གཞི་རབ་ཏུ་དབྱེ་བ་རྣམ་པ་དྲུག་རྣམ་པར་བཞག་ཅེ་ན། རྟོགས་པ་རྣམ་པ་གསུམ་གྱིས་དབང་དུ་བྱས་པའི་ཕྱིར་ཏེ། སྨྲས་པའི་དོན་རྟོགས་པ་དང། དངོས་པོའི་མཛའ་རྟོགས ་པ་དང། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའོ། །དེ་ལ་དོན་ཡོངས་སུ་ཚོལ་བས་ནི་སྨྲས་པའི་དོན་རྟོགས་པ་ཡིན་ནོ། །དངོས་པོ་ཡོངས་སུ་ཚོལ་བ་དང། རང་གི་མཚན་ཉིད་ཡོངས་སུ་ཚོལ་བས་ནི་དངོས་པོའི་མཛའ་རྟོགས་པ་ཡིན་ནོ། །སྤྱིའི་མཚན་ཉིད་ཡོངས་སུ་ཚོལ་བ་དང། ་ཕྱོགས་ཡོངས་སུ་ཚོལ་བ་དང། དུས་ཡོངས་སུ་ཚོལ་བ་དང། རིགས་པ་ཡོངས་སུ་ཚོལ་བས་ནི་ཡང་དག་པ་ཇ་ལྟ་བ་བཞིན་དུ་རབ་ཏུ་རྟོགས་པ་ཡིན་ཏེ། རྣལ་འབྱོར་པས་ཤེས་པར་བྱ་བ་ནི་སྨྲས་པའི་དོན་དང། ཤེས་ཕེའི་དངོས་པོའི་ཇི་སྙེད་ཡོད་པ་ཉིད་དང། ཇི་ལྟ་བ་བཞིན་དུ་ཡོད ་པ་ཉིད་གང་ཡིན་པ་དེ་ཙམ་དུ་ཟང་པའི་ཕྱིར་རོ། །དེ་ལྟར་སྦྱོར་བའི་ལམ་གྱི་ཡིན་ལ་བྱེད་པས་རབ་ཏུ་ཕྱེ་བའི་ལྷག་མཐོང་གི་རྣམ་པ་ཤེས་རབ་ཀྱི་སྤྱོད་པ་བཞིན་བསྡུས་པ་སྒོ་གསུམ་དང་ལྡན་པ། གཞི་རབ་ཏུ་དབྱེ་བ་རྣམ་པ་དྲུག་ལས་དམིགས་བ་གང་ཡིན་པ་དེ་ནི་རྣམ་པར་རྟོག ་པ་དང་བཅས་པ་ཞེས་བྱ་སྟེ། དེས་ནི་ལྷག་མཐོང་ཐམས་ཅད་ཡང་དག་པར་བསྡུས་པ་ཡིན་ནོ། །རྣམ་པར་རྟོག་པ་དང་བཅས་པའི་ལྷག་མཐོང་གི་རྣམ་པ་ངེས་རབ་ཏུ་བྱ་བ་ཞེས་བྱའི་དངོས་པོ་དང་ཆ་མཐུན་པ་སེམས་ཀྱི་གཟུགས་བརྙན་དང་རིག་པ་གང་ཡིན་པ་དེ་ནི་གཟུགས ་བརྙན་ཞེས་བྱའོ་ཞེས་བྱ་བ་ལ། ཤེས་བྱའི་དངོས་པོ་གང་ཞེ་ན། སྦྱད་པ་རྣམ་པར་སྦྱོང་བའི་དམིགས་པ་དང། མཁས་པའི་དམིགས་པ་དང། ཉོན་མོངས་པ་རྣམ་པར་སྦྱོང་པའི་དམིགས་པ་སྔར་བསྟན་པ་དེ་དག་གོ། དེ་དང་ཆ་མཐུན་བ་ཞེས་བྱ་བ་ནི་རྣལ་འབྱོར་བས་དམིགས ་པ་དེ་དག་ལས་གང་ཡང་རུང་བ་མཐོང་བའམ། ཐོས་པའམ། ཡོངས་སུ་བརྟོགས་པ་གཅིག་གཟུང་སྟེ། དམ་པའི་ཆོས་ཐོས་པ་?་གཟུང་བ་འམ། དགེ་བའི་བཤེས་གཉིན་གྱི་གདམས་ངག་དང་རྗེས་སུ་བསྟན་པ་ལ་བརྟེན་ནས་དེ་ཉིད་ལ་མཉམ་པར་བཞག་པའི་ས ་བའི་ཡིད་ལ་བྱེད་པ་མངོན་དུ་བྱས་ཏེ། དེའི་རྣམ་པ་རང་གི་བློ་ལ་སྣང་བར་བྱ་བའི་ཕྱིར་མོས་པ་ཡིད་ལ་བྱེད་ཅིང་།དེ་ལྟར་མོས་པ་ཡིད་ལ་བྱེད་པ་ན་མཉམ་པར་བཞག་པའི་ས་པའི་ཡིད་ལ་བྱེད་པ་དེའི་མཐུས་ཤེས་བྱའི་དངོས་པོ་དེ་དང་འདྲ་བའི་རྣམ་པ་རང་གི་བློ་ལ་སྣང་པར་ ་གྱུར་པ་གང་ཡིན་པ་སྟེ། དེ་ནི་ཤེས་བྱའི་དངོས་པོ་དེ་ཉིད་མངོན་སུམ་དུ་མཐོང་བ་མ་ཡིན་གྱི། དེ་ལ་བརྟེན་ནས་མོས་པ་ཡིད་ལ་བྱས་པའི་མཐུས་དེ་དང་ཆ་མཐུན་བའི་རྣམ་པ་བླ་ལ་སྣང་བ་ཡིན་པས་ན་ཤེས་བྱའི་དངོས་པོ་དང་མ?་མཐུན ་བ་ཞེས་བྱའོ། །སེམས་ཀྱི་གཟུགས་བརྙན་དང་རིག་པ་ཞེས་བྱ་བ་ནི་ཤེས་བྱའི་དངོས་པོ་དང་ཆ་མཐུན་པ་དེ་ཉིད་ཀྱི་ཕྱི་རོལ་ཞེས་བྱ་བའི་དངོས་པོ་མ་ཡིན་གྱི་།ནང་གི་ལྷག་མཐོང་གི་སེམས་ཀྱི་རྣམ་པ་ཉིད་གཟུགས་བརྙན་རང་རིག་པ་དེ་ལྟ་བུར་སྣང་བའི་ཕྱིར་དེ། ་དེ་ནི་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ཞེས་བྱའོ། །ཅིའི་ཕྱིར་རྣམ་བར་རྟོག་པ་དང་བཅས་པའི་གཟུགས་བརྙན་ཞེས་བྱ་ཞེ་ན། རྣམ་པར་རྟོག་པ་དང་བཅས་པའི་ལྷག་མཐོང་གི་རྣམ་པའི་སེམས་དེས་ཤེས་བྱའི་དངོས་པོའི་རྣམ་པ་རང་གི་བློ་ལ་སྣང ་བར་བྱ་བའི་ཕྱིར་མོས་པ་ཡིད་ལ་བྱས་པས་ན་རྣམ་པར་རྟོག་པ་དང་བཅས་པའི་ལྷག་མཐོང་གི་རྣམ་པར་སེམས་དེ་ཉིད་གཟུགས་བརྙན་གྱི་རྣམ་པ་ད་ལྟ་བུར་སྣང་བའི་ཕྱིར་ཏེ་།དེ་བས་ན་ད་ནི་ལྷག་མཐོང་གི་རྣམ་པས་རབ་ཏུ་ཕྱེ་བ་ཞེས་བྱའོ། །གཟུགས་བརྙན ་ཞེས་བྱ་བའི་སྒྲ་ཡང་དཔེར་ན་གཟུགས་ལས་བལྟོས་ཏེ་གཟུགས་བརྙན་སྣང་བ་ནི་གཟུགས་ལས་བལྟོས་ཏེ་བྱུང་བ་ཡིན་ལ། གཟུགས་དང་འདྲ་ཞིང་གཟུགས་ལས་ཐ་དད་པ་མ་ཡིན་ཡང་གཟུགས་ལས་ལོགས་ཤིག་ན་སྣང་བས་གཟུགས་བརྙན་ཞེས་བྱ ་བ་བཞིན་དུ། འདི་ལྟར་གཟུགས་ལྟ་བུར་ལྟ་བ་ནི་རྣམ་པར་རྟོག་བ་དང་བཅས་པའི་ལྷག་མཐོང་གི་རྣམ་པའི་སེམས་ཉིད་ཡིན་ལ། གཟུགས་བརྙན་ལྟ་བུར་བལྟ་བ་ནི་སེམས་ཀྱི་གཟུགས་བརྙན་རང་རིག་པ་བློ་ལ་སྣང་བ་ཡིན་ཏེ། གཟུགས་བརྙན་དེ་ནི་རྣམ་པར ་རྟོག་པ་དང་བཅས་པའི་ལྷག་མཐོང་གི་རྣམ་པ་སེམས་ལས་ལྟོས་ཏེ་བྱུང་བ་ཡིན་ལ། སེམས་ཇི་ལྟར་མོས་པ་དེ་དང་འདྲ་བར་སྣང་ཞིང། སེམས་ཉིད་དེ་ལྟར་སྣང་བར་སེམས་ལས་ཐ་དད་པར་ཡང་མ་ཡིན་ཏེ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས ་བརྙན་གྱི་དམིགས་པ་འཐོབ་པ་དང་ལྷག་མཐོང་གི་ལམ་སྐྱེ་བ་ནི་འབྱུང་བའི་དུས་ཀྱང་གཅིག་།ངོ་བོ་ཉིད་དང་གཅིག་མོད་ཀྱི་རྣམ་པར་རྟོག་པའི་སེམས་ཀྱི་སྤྱོད་ཡུལ་ལྟ་བུར་བློ་ལ་སྣང་བས་ན་གཟུགས་བརྙན་ཞེས་བྱའོ། །གཞུང་གཞན་ལ་ཏིང་ངེ་འཛིན་ལས་སྐྱེས ་པའི་གཟུགས་བསྟན་དུ་མེད་པ་ཐོགས་པ་མེད་པ་ཞེས་འབྱུང་བ་ཡང་འདི་ཉིད་ཡིན་པར་རིག་པར་བྱའོ། །དེ་ལྟར་མཐོང་བའི་ལྷག་མཐོང་གི་སེམས་དེ་ནི་སྦྱོར་བའི་སེམས་ཀྱིས་ཡིད་ཁ་བྱེད་པས་རབ་ཏུ་ཕྱེ་བའི་ལྷག་མཐོང་གི་རྣམ་པ་ཤེས་རབ་ཀྱི་སྤྱོད་པ་བཞིས ་བསྡུས་པ་སྒོ་གསུམ་དང་ལྡན་པ་གཞི་རབ་ཏུ་དབྱེ་བ་རྣམ་པ་དྲུག་ལ་དམིགས་པ་ཡིན་ཏེ། །ད་དུང་མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་དང། མོས་པ་ལས་བྱུང་བ་དང་།རབ་ཏུ་དབེན་པ་ལས་བྱུང་བ་དང། དགའ་བ་བསྡུས་པ་དང། དཔྱོད་པའི་ཡིད་ལ་བྱེད་པའི ་གནས་སྐབས་ཡིན་གྱི། སྦྱོར་བ་མཐར་ཐུག་པ་དང་སྦྱོར་བ་མཐར་ཐུག་པའི་འབྲས་བུའི་ཡིད་ལ་བྱེད་པའི་གནས་སྐབས་མ་ཡིན་པས་དེའི་ཕྱིར་རྣམ་པར་རྟོག་པ་དང་བཅས་པ་ཞེས་བྱའོ། །ཡང་དེས་ཤེས་བྱའི་དངོས་པོ་དང་ཆ་མཐུན་པ་སེམས་ཀྱི་གཟུགས ་བརྙན་དང་རིག་པ་དེ་ལ་ཡང་དག་པར་རྟོག་པར་བྱེད་པ་ན་ཡོན་ཏན་དང་སྐྱོན་རྣམ་པར་ངེས་པར་རྟོག་པ་དང་བཅས་ཕྱིར་རྣམ་པར་ངེས་པར་རྟོག་པ་དང་བཅས་པ་ཞེས་ཀྱང་བྱའོ། །ཡང་དེ་རྣམ་པར་ཤེས་པའི་ངོ་བོ་ཉིད་ལས་གཟུགས་བརྙན་དེ་ཡུལ་གྱི་བྱེ ་བྲག་ཏུ་རྟོག་པ་དང་བཅས་པའི་ཕྱིར་བྱེ་བྲག་ཏུ་རྟོག་པ་དང་བཅས་པ་ཞེས་ཀྱང་བྱའོ། །ཡང་དེ་གཟུགས་བརྙན་དེ་ལ་རྣམ་པ་སྣ་ཚོགས་སུ་རྟོག་པ་དང་བཅས་པའི་ཕྱིར་སྣ་ཚོགས་སུ་རྟོག་པ་དང་བཅས་པ་ཞེས་ཀྱང་བྱའོ། །ཡང་དེ་གཟུགས་བརྙན་དེ་རྣམ་བར ་ཤེས་པའི་ངོ་བོ་ཉིད་ཡིན་ཏེ། གཉིས་མེད་པ་ལ་གཉིས་སུ་འགལ་བར་རྟོག་པ་དང་བཅས་བའི་ཕྱིར་འགལ་བར་རྟོག་པ་དང་བཅས་པ་ཞེས་ཀྱང་བྱ་སྟེ། དེ་དག་ནི་རྣམ་པར་རྟོག་པ་དང་བཅས་པ་དེའི་མིང་གི་རྣམ་གྲངས་ཡིན་ནོ། །གཟུགས་བརྙན་དེ་ནི ་གཟུགས་བརྙན་ཞེས་ཀྱང་བྱ། ཏིང་ངེ་འཛིན་གྱི་མཚན་མ་དང། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་ཡུལ་དང་ཏིང་ངེ་འཛིན་གྱི་ཐབས་དང། ཏིང་ངེ་འཛིན་གྱི་སྒོ་དང། ཡིད་ལ་བྱེད་པའི་རྟེན་དང། ནང་དུ་རྣམ་པར་རྟོག་བའི་ལུས་དང་།སྣང ་བརྙན་ཞེས་ཀྱང་བྱ་སྟེ་།དེ་དག་ནི་གཟུགས་བརྙན་དེའི་མིང་གི་རྣམ་གྲངས་ཡིན་ནོ། །རྣམ་དང་མི་རྟོག་པའི་གཟུགས་བརྙན་ཞེས་བྱ་བ་ནི་ཞི་གནས་གྱི་རྣམ་པས་རབ་ཏུ་ཕྱེ་བ་ཤེས་བྱའི་དངོས་པོ་དང་ཆ་མཐུན་པ་སེམས་ཀྱི་གཟུགས་བརྙན་བར་རིག་པ་གང་ཡིན་པ ་སྟེ། དེ་ལ་རྣམ་པར་མི་རྟོག་བ་ཞེས་བྱ་བ་ནི་ཡིད་ལ་བྱེད་པ་ཐོབ་པའི་ལམ་གྱིས་རབ་ཏུ་བྱེ་བའི་ཞི་གནས་ཀྱི་རྣམ་པ་སེམས་གནས་པ་དགུས་བསྡུས་པ། སྟོབས་དྲུག་དང་ལྡན་པ་ཡིད་ལ་བྱེད་པ་བཞིས་འཇུག་པ་གང་ཡིན་པའོ། །གཟུགས་བརྙན་ཞེས་བྱ་བ་ནི ་རྣམ་པར་མི་རྟོག་པའི་ཞི་གནས་ཀྱི་རྣམ་པ་དེས་རབ་ཏུ་ཕྱེ་བ་ཤེས་བྱའི་དངོས་པོ་དང་ཆ་མཐུན་སེམས་ཀྱི་གཟུགས་བརྙན་རང་རིག་པ་གང་ཡིན་པའོ། །དེ་ལ་ཡིད་ལ་བྱེད་པ་ཐོབ་པའི་ལམ་གྱི་རབ་ཏུ་ཕྱེ་བའི་ཞི་གནས་ཀྱི་རྣམ་པ་ཞེས་བྱ་བ་ནི་སྔར་རྣམ་པར ་རྟོག་པ་དང་བཅས་པའི་ལྷག་མཐོང་གིས་རྣམ་པར་བཞག་པའི་ས་པའི་ཡིད་ལ་བྱེད་པ་ལ་བརྟེན་ནས་ཤེས་བྱའི་དངོས་པོའི་རྣམ་པ་རང་གི་བློ་ལ་སྣང་བར་བྱ་བའི་ཕྱིར་མོས་པ་ཡིད་ལ་བྱས་སམ། དེ་ཁོ་ན་ཉིད་ཡིད་ལ་བྱས་ཏེ། རྣམ་པ་རྟོག་པ་དང་བཅས་བའི ་གཟུགས་བརྙན་གྱི་དམིགས་པ་ཐོབ་པའི་གནས་སྐབས་ན་དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་གཟུགས་བརྙན་དེ་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་པའི་ཞི་གནས་ཀྱི་རྣམ་པ་གང་ཡིན་པའོ། །སེམས་གནས་པ་དགུ་གང་ཞེ་ན། སེམས་འཇོག་པར་བྱེད་པ་དང། ་ཡང་དག་པར་འཇོག་པར་བྱེད་པ་དང། བསྡུས་ཏེ་འཇོག་པར་བྱེད་པ་དང། ཉེ་བར་འཇོག་པར་བྱེད་པ་དང། དུལ་བར་བྱེད་པ་དང། ཞི་བར་བྱེད་པ་དང། ཉེ་བར་ཞི་བར་བྱེད་པ་དང། རྒྱུད་གཅིག་ཏུ་བྱེད་པ་དང། ཏིང་ངེ་འཛིན་དུ་བྱེད་པའོ། །དེ་ལ་ཇི་ལྟར་ན་འཇོག་པར་བྱེད ་པ་ཡིན་ཞེ་ན། ཕྱི་རོལ་གྱི་དམིགས་པ་ཐམས་ཅད་ལས་ཡང་དག་པར་བསྡུས་ཏེ། རྣམ་བར་མི་གཡེང་བར་བྱ་བའི་ཕྱིར་དང་བར་བྱེད་པ་དང། ཉེ་བར་ཞི་བར་བྱེད་པ་དང། རྒྱུད་གཅིག་ཏུ་བྱེད་པ་ཡིན་ནོ། །ཇི་ལྟར་ཡང་དག་པར་འཇོག་པར་བྱེད་པ་ཡིན་ཞེ་ན། དང་པོར་? ་བརྟད་པའི་སེམས་གང་ཡིན་པ་དེ་གཡོ་བ་དང། རགས་པ་དང་།ཡང་དག་པར་མི་གནས་པ་དང། ཡོངས་སུ་མི་གནས་པར་གྱུར་ན་དེ་དམིགས་པ་དེ་ཉིད་ལ་བརྟད་པའི་ཚུལ་དང། དང་པར་བྱ་བའི་ཚུལ་གྱིས་མངོན་པར་ཚར་བཅད་པ་དང་བཅས་པས་ཕྲ་བར་བྱེད ་ཅིང། མངོན་པར་གཡེང་བར་མི་བྱེད་པ་གང་ཡིན་པ་དེ་ནི་ཡང་དག་བར་འཇོག་པར་བྱེད་པ་ཡིན་ནོ། །ཇི་ལྟར་ན་བསྡུས་ཏེ་འཇོག་པར་བྱེད་པ་ཡིན་ཞེ་ན། དེ་ལྟར་དེའི་སེམས་བཞག་པ་དང། ཡང་དག་པར་བཞག་པ་དེ་གལ་ཏེ་བརྗེད་ངས་བས་ཕྱི་རོལ་ཏུ་རྣམ་པར་གཡེང ་བར་གྱུར་ན་དེས་ཡང་ཕྱིས་དེ་ཉིད་ལ་བསྡུད་པར་བྱེད་དེ། དེ་ལྟར་ན་བསྡུས་ཏེ་འཇོག་པར་བྱེད་པ་ཡིན་ནོ། །ཇི་ལྟར་ན་ཉེ་བར་འཇོག་པར་བྱེད་པ་ཡིན་ཞེ་ན། དངོས་པོ་ཁོ་ནར་དེ་ལྟ་དེ་ལྟར་དྲན་པ་ཉེ་བར་བཞག་སྟེ་གནས་ཤིང་སེམས་དེ་ཡང་དག་པར་འཇོག་པར་བྱེད་པ་ན། ཅི ་ནས་ཀྱང་དེའི་སེམས་དེ་ཕྱི་རོལ་ཏུ་མི་འགྲོ་བར་བྱེད་དེ་།དེ་ལྟར་ན་ཉེ་བར་འཇོག་པར་བྱེད་པ་ཡིན་ནོ། །ཇི་ལྟར་འདུལ་བར་བྱེད་པ་ཡིན་ཞེ་ན། གཟུགས་དང། སྒྲ་དང། དྲི་དང། རེག་བྱའི་མཚན་མ་དང། འདོད་ཆགས་དང། ཞེ་སྡང་དང། གཏི་མུག་དང། སྐྱེས་པ ་དང། བུད་མེད་ཀྱི་མཚན་མ་གང་གིས་དེའི་སེམས་རྣམ་པར་གཡེང་བར་འགྱུར་ན། དེ་ལ་དེས་དང་པོ་ཉིད་ནས་ཉེས་དམིགས་ཀྱི་འདུ་ཤེས་སུ་བཟུང་བ་དེ་ཉིད་ཀྱི་དབང་དུ་བྱས་ནས། མཚན་མ་དེ་དག་ལ་དེའི་སེམས་འཕྲོད་མི་སྟེར་བར་བྱེད་དེ་།དེ་ལྟར་ན་དུལ་བར་བྱེད ་པ་ཡིན་ནོ། །ཇི་ལྟར་ན་ཞི་བར་བྱེད་པ་ཡིན་ཞེ་ན། འདོད་པའི་རྣམ་པར་རྟོག་པ་ལ་སོགས་པ་རྣམ་པར་རྟོག་པ་གང་དག་དང། འདོད་པ་ལ་འདུན་པ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་གང་དག་གིས་དེའི་སེམས་ཀུན་ཏུ་འཁྲུག་པར་གྱུར་ན་།དེ་ལ་དེས་དྲང་པོ་ཉིད་ནས ་ཉེས་དམིགས་ཀྱི་འདུ་ཤེས་སུ་བཟུང་བ་དེ་ཉིད་ཀྱི་དབང་དུ་བྱས་ནས་རྣམ་པར་རྟོག་པ་དང་ཉེ་བའི་ཉོན་མོངས་པ་དེ་དག་ལ་དེའི་སེམས་འཕྲོར་མི་སྟེར་བར་བྱེད་དེ། དེ་ལྟར་ན་ཞི་བར་བྱེད་བ་ཡིན་ནོ། །ཇི་ལྟར་མཉེ་བར་ཞི་བར་བྱེད་པ་ཡིན ་ཞེ་ན། དེ་བརྗེད་ངས་པའི་ཕྱིར་རྣམ་པར་རྟོག་པ་དང་ཉེ་བའི་ཉོན་མོངས་པ་དེ་གཉིས་ཀ་ཀུན་ཏུ་འབྱུང་བར་འགྱུར་ན། བྱུང་ངོ་ཅོག་དང་དུ་མི་ལེན་ཅིང་སྤོང་བར་བྱེད་དེ། དེ་ལྟར་ན་ཉེ་བར་ཞི་བར་བྱེད་པ་ཡིན་ནོ། །ཇི་ལྟར་ན་རྒྱུད་ཅིག་ཏུ་བྱེད་པ་ཡིན་ཞེ་ན། མངོན་པར་འདུ ་བྱེད་པ་དང་བཅས་པས་བར་དུ་ཆད་པ་མེད་པ་དང། རྒྱུན་འཆད་པར་ཏིང་ངེ་འཛིན་གྱི་རྒྱུན་ལ་འཇོག་པར་བྱེད་དེ། དེ་ལྟར་ན་རྒྱུན་ཅིག་ཏུ་བྱེད་པ་ཡིན་ནོ། །ཇི་ལྟར་ན་ཏིང་ངེ་འཛིན་དུ་བྱེད་པ་ཡིན་ཞེ་ན། ཀུན་ཏུ་བརྟེན་ཅིང་གོམས་པར་བྱས་ལན་མང་དུ ་བྱས་པའི་རྒྱུན་ལྷུན་གྱིས་གྲུབ་པའི་འཇུག་པ་དང། རང་གི་ངང་གིས་འཇུག་པའི་ལམ་ཐོབ་ཅིང་མངོན་དུ་བྱེད་པ་མེད་པ་དང་། ལྷུན་གྱིས་གྲུབ་པ་དེ་ཉིད་ཀྱིས་དེའི་སེམས་དེ་རྣམ་པར་གཡེང་བ་མེད་པའི་ཏིང་ནེ་འཛིན་གྱི་རྒྱུ་ལ་འཇུག་པར་འགྱུར ་ཏེ། དེ་ལྟར་ན་ཏིང་ངེ་འཛིན་དུ་བྱེད་པ་ཡིན་ནོ། །དེ་ལ་སྟོབས་དྲུག་གང་ཞེ་ན། ཐོས་པའི་སྟོབས་དང། བསམ་པའི་སྟོབས་དང། དྲན་པའི་སྟོབས་དང། ཤེས་བཞིན་གྱི་སྟོབས་དང། བརྩོན་འགྲུས་ཀྱི་སྟོབས་དང། ཡོངས་སུ་འདྲིས་པའི་སྟོབས་སོ།། ་སྟོབས་དྲུག་པོ་དེ་དག་གིས་སེམས་གནས་པ་དགུ་པོ་དེ་དག་འགྲུབ་སྟེ། དེ་ལ་ཐོབ་པའི་སྟོབས་དང། བསམ་པའི་སྟོབས་ཀྱིས་ནི་རེ་ཞིག་ཐོས་པ་གང་ཡིན་པ་དང། བསམ་པ་གང་ཡིན་པའི་དབང་དུ་བྱས་ནས། དང་པོ་ཁོ་ནར་སེམས་དམིགས་པ ་ལ་འཇོག་པར་བྱེད་པ་དང། དེ་ཉིད་ལ་གཏོང་པའི་ཚུལ་གྱིས་ཡང་དག་པར་འཇོག་པར་བྱེད་དོ། །དྲན་པའི་སྟོབས་ཀྱིས་ནི་དེ་ལྟར་སེམས་གཏང་པ་ལས་ཡང་དག་པར་བསྡུས་པ་དང། རྣམ་པར་མི་གཡེང་བར་བྱེད་པས་བསྡུས་ཏེ་འཇོག་པ་དང་ཉེ ་བར་འཇོག་བར་བྱེད་དོ། །ཤེས་རབ་ཀྱི་སྟོབས་ཀྱིས་ནི་དེ་ནས་རྣམ་པར་རྟོག་པ་དང། ཉེ་བའི་ཉོན་མོངས་པའི་མཚན་མ་དག་ལ་འཕྲོ་བའི་མི་བྱེད་པས་དུལ་བར་བྱེད་པ་དང་ཞི་བར་བྱེད་དོ། །བརྩོན་འགྲུས་ཀྱི་སྟོབས་ནི་དེ་གཉི་ཀ་དང་དུ་མི་ལེན་པ་དང། རྒྱུན ་འཆགས་པར་ཏིང་ངེ་འཛིན་གྱི་རྒྱུན་ལ་འཇོག་པར་བྱེད་པས་ཉེ་བར་ཞི་བར་བྱེད་པ་དང་རྒྱུད་གཅིག་ཏུ་བྱེད་དོ། །ཡོངས་སུ་འདྲིས་པའི་སྟོབས་ཀྱིས་ནི་ཏིང་ངེ་འཛིན་དུ་བྱེད་དོ། །ཡིད་ལ་བྱེད་པ་བཞི་གང་ཞེ་ན། བསྒྲིམས་ཏེ་འཇུག་པའི་ཡིད་ལ་བྱེད་པ ་དང། སྐབས་སུ་འཆད་ཅིང་འཇུག་པའི་ཡིད་ལ་བྱེད་པ་དང། སྐབས་སུ་འཆད་པ་མེད་པར་འཇུག་པ་ཡིད་ལ་བྱེད་པ་དང། རྩོད་པ་མེད་པར་འཇུག་པ་ཡིད་ལ་བྱེད་པའོ། །སེམས་གནས་པ་དགུ་བོ་དེ་དག་ནི་ཡིད་ལ་བྱེད་པ་དེ་བཞིས་འཇུག་སྟེ་།དེ་ལ་འཇོག ་བར་བྱེད་པ་དང། ཡང་དག་པར་བྱེད་པ་ནི་བསྒྲིམས་ཏེ་འཇུག་པའི་ཡིད་ལ་བྱེད་པས་འཇུག་གོ་།བསྡུས་ཏེ་འཇོག་པར་བྱེད་པ་དང། ཉེ་བར་འཇོག་པར་བྱེད་པ་དང། དུལ་བར་བྱེད་པ་དང་། ཞི་བར་བྱེད་པ་དང། ཉེ་བར་ཞི་བར་བྱེད་པ་ནི་སྐབས་སུ་འཆད་ཅིང ་འཇུག་བའི་ཡིད་ལ་བྱེད་པས་འཇུག་གོ། རྒྱུད་གཅིག་ཏུ་བྱེད་པ་ནི་སྐབས་སུ་འཆད་པ་མེད་པར་ཡིད་ལ་བྱེད་པས་འཇུག་གོ་།ཏིང་ངེ་འཛིན་དུ་བྱེད་བ་ནི་རྩོལ་བ་མེད་པའི་ཡིད་ལ་འཇུག་པར་བྱེད་པས་འཇུག་སྟེ་།དེ་ལྟར་ཡིད་ལ་བྱེད་པ་བཞི་པོ་དེ་དག་ནི་སེམས ་གནས་པ་དགུ་པོ་དག་ལ་ནི་ཞི་གནས་ཀྱི་ཕྱོགས་ཡིན་ནོ། །ནང་གི་སེམས་ཀྱི་ཞི་གནས་ཐོབ་པ་ལྷག་མཐོང་ལ་རབ་ཏུ་རྩོལ་བར་བྱེད་པ་ལ་ནི་ལྷག་མཐོང་གི་ཕྱོགས་ཀྱང་ཡིན་ཏེ། དེ་ལྟར་ཡིད་ལ་བྱེད་བ་ཐོབ་པའི་ལམ་གྱིས་རབ་ཏུ་ཕྱེ་བའི་ཞི་གནས་ཀྱི་རྣམ ་པ་སེམས་གནས་པ་དགུས་བསྡུས་པ་སྟོབས་དྲུག་དང་ལྡན་པའི་ཡིད་ལ་བྱེད་པ་བཞིས་འཇུག་པ་གང་ཡིན་པ་དེ་ནི་རྣམ་པར་མི་རྟོག་པ་ཞེས་བྱའོ། །རྣམ་པར་མི་རྟོག་པའི་ཞི་གནས་ཀྱི་རྣམ་པ་དེས་རབ་ཏུ་ཕྱེ་བ་ཤེས་བྱའི་དངོས་པོ་དང་ཆ་མཐུན་པ ་སེམས་ཀྱི་གཟུགས་བརྙན་དང་རིག་པ་གང་ཡིན་པ་དེ་ནི་གཟུགས་བརྙན་ཞེས་བྱའོ་ཞེས་བྱ་བ་ལ། ཤེས་བྱའི་དངོས་པོ་དང་ཆ་མཐུན་པ་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ། སྔར་རྣམ་པར་རྟོག་པ་དང་བཅས་པའི་ལྷག་མཐོང་གིས ་མཉམ་པར་བཞག་པའི་ས་བའི་ཡིད་ལ་བྱེད་པ་ལ་བརྟེན་ནས། ཤེས་བྱའི་དངོས་པོའི་རྣམ་པ་རང་གི་བློ་ལ་སྣང་བར་བྱ་བའི་ཕྱིར་མོས་པ་ཡིད་ལ་བྱས་སམ་དེ་ཁོ་ན་ཉིད་ལ་བྱས་ཏེ། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་གྱི་དམིགས་བ ་ཐོབ་པ་དེ་ཉིད་དོ། །དེ་ལ་བྱེ་བྲག་ཏུ་ན་འདིར་ནི་གཟུགས་བརྙན་དེ་ཉིད་ལ་ལྷག་མཐོང་གི་རྣམ་པས་མོས་པར་མི་བྱེད་པར་ཞི་གནས་ཀྱི་རྣམ་པས་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་སེམས་ཀྱི་ངོ་བོ་ཉིད་དུ་ཡིད་ལ་བྱེད་ཅིང་།རྩེ་གཅིག་ཏུ་མཉམ་པར་བྱེད་དོ། ། ་སེམས་ཀྱི་གཟུགས་བརྙན་རང་རིག་པ་ཞེས་བྱ་བ་ཡང་སྔ་མ་བཞིན་ཏེ། ཤེས་བྱའི་དངོས་པོ་དང་ཆ་མཐུན་པ་དེ་ཉིད་ཕྱི་རོལ་གྱི་ཤེས་བྱའི་དངོས་པོ་མ་ཡིན་གྱི། ནང་གི་གཞི་གནས་གྱི་སེམས་ཀྱི་རྣམ་པ་ཉིད་གཟུགས་བརྙན་རང་རིག་པ་དེ་ལྟ་བུར་སྣང ་བའི་ཕྱིར་ཏེ། དེ་ནི་རྣམ་བར་མི་རྟོག་པའི་གཟུགས་བརྙན་ཞེས་བྱའོ། །ཅིའི་ཕྱིར་རྣམ་མི་རྟོག་བའི་གཟུགས་བརྙན་ཞེས་བྱ་ཞེ་ན། རྣམ་པར་མི་རྟོག་བའི་ཞི་གནས་ཀྱི་རྣམ་པའི་སེམས་དེས། སེམས་ཀྱི་གཟུགས་བརྙན་རང་རིགས་པ་དེ་ཉིད་ལ་ཁོ་ན ་ཉིད་ཡིད་ལ་བྱེད་པས་སེམས་ཀྱི་ངོ་བོ་ཉིད་དུ་ཡིད་ལ་བྱེད་པས་སེམས་ཀྱི་ངོ་བོ་ཉིད་དུ་ཡིད་ལ་བྱེད་ཅིང། རྩེ་གཅིག་ཏུ་མཉམ་པར་འཇོག་པ་ན་རྣམ་པར་མི་རྟོག་པའི་ཞི་གནས་ཀྱི་རྣམ་བའི་སེམས་དེ་ཉིད་གཟུགས་བརྙན་གྱི་རྣམ་པ་དེ་ལྟ་བུར་སྣང་བའི ་ཕྱིར་ཏེ། དེ་བས་ན་དེ་ནི་ཞི་གནས་ཀྱི་རྣམ་པས་རབ་ཏུ་ཕྱེ་བ་ཞེས་བྱའོ། །གཟུགས་བརྙན་ཞེས་བྱ་བ་ནི་སྒྲ་ཡང་སྔ་མ་བཞིན་ཏེ། འདིར་གཟུགས་བརྙན་ལྟ་བུར་ལྟ་བ་ནི་རྣམ་བར་མི་རྟོག་པའི་ཞི་གནས་ཀྱི་རྣམ་པའི་སེམས་ཉིད་ཡིན་ལ། གཟུགས ་བརྙན་ལྟ་བུར་ལྟ་བ་ནི་སེམས་ཀྱི་གཟུགས་བརྙན་རང་རིག་པ་བློ་ལ་སྣང་བ་ཡིན་ཏེ། རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་དམིགས་པ་ཐོབ་པ་དང། ཞི་གནས་གྱི་ལམ་སྐྱེ་བ་ནི་འབྱུང་བའི་དུས་ཀྱང་ཅིག་།ངོ་བོ་ཉིད་དང་གཅིག་གི་རྣམ་པར་མི་རྟོག་བའི་སེམས ་ཀྱི་སྤྱོད་ཡུལ་ལྟ་བུར་བློལ་སྣང་བས་ན་གཟུགས་བརྙན་ཞེས་བྱའོ། །དེ་ལྟར་མཐོང་བའི་ཞི་གནས་ཀྱི་སེམས་དེ་ནི་ཡིད་ལ་བྱེད་པ་ཐོབ་པའི་ལམ་གྱིས་རབ་ཏུ་ཕྱེ་བའི་ཞི་གནས་ཀྱི་རྣམ་པ་སེམས་གནས་པ་དགུས་བསྡུས་པ་སྟོབས་དྲུག་དང་ལྡན་པའི་ཡིད་ལ ་བྱེད་པ་བཞིས་འཇུག་པ་ཡིན་ལ། སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པའི་གནས་སྐབས་ཡིན་པས་དེའི་ཕྱིར་རྣམ་པར་མི་རྟོག་པ་ཞེས་བྱའོ། །ཡང་དེས་སེམས་ཀྱིས་གཟུགས་བརྙན་རང་རིག་པ་དེ་ལ་ལྷག་མཐོང་གི་རྣམ་པས་རྣམ་པར་འབྱེད་པར་མི་བྱེད། ་རབ་ཏུ་རྣམ་པར་འབྱེད་པར་མི་བྱེད། ཡོངས་སུ་རྟོག་པར་མི་བྱེད། ཡོངས་སུ་དཔྱོད་པར་མི་བྱེད་པར་དམིགས་པའི་མཚན་མ་དེ་ཉིད་མི་བཏང་བའི་ཞི་གནས་ཀྱི་རྣམ་པས་སེམས་ནང་ཁོ་ནར་འཇོག་པར་བྱེད་།ཡང་དག་པར་འཇོག་པར་བྱེད། བསྡུས་ཏེ་འཇོག་པར ་བྱེད། ཉེ་བར་འཇོག་པར་བྱེད། དུལ་བར་བྱེད་།ཞི་བར་བྱེད། ཉེ་བར་ཞི་བར་བྱེད། རྒྱུད་གཅིག་ཏུ་བྱེད། ཏིང་ངེ་འཛིན་དུ་བྱེད་པས་ན་རྣམ་པར་མི་རྟོག་པ་ཞེས་བྱའོ། །སྔར་རྣམ་བར་རྟོག་པ་དང་བཅས་པའི་རྣམ་གྲངས་ཇི་སྐད་བསྟན་པ་དག་ལས་བཟློག་པའི་རྣམ ་གྲངས་ཐམས་ཅད་ཀྱང་དེ་བཞིན་དུ་ཅི་རིགས་བར་སྦྱར་ཏེ། དེ་དག་ནི་རྣམ་པར་མི་རྟོག་པ་དེའི་མིང་གི་རྣམ་གྲངས་ཡིན་ནོ། །གཟུགས་བརྙན་གྱི་མིང་གི་རྣམ་གྲངས་ནི་སྔ་མ་ཁོ་ན་བཞིན་ནོ། །བྱེ་བྲག་ཏུ་ན་སྔ་མ་ནི་ལྷག་མཐོང་གིས་རབ་ཏུ་ཕྱེ་བ་ཡིན་ལ་འདི་ནི་ཞི ་གནས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ཏེ། དེ་གཉིས་ཀ་ལ་ཡང་ལྷག་མཐོང་དང་ཞི་གནས་གཉིས་ཀའི་ཆ་ཡོད་མོས་ཀྱི་ཟུང་དུ་འབྲེལ་པའི་ལམ་མ་ཐོབ་པའི་གནས་སྐབས་ན། སྔ་མ་ནི་དམིགས་ན་མ་ཐོབ་པ་ཐོབ་པར་བྱེད་པ་ཡིན་པས་རྟོག་བའི་ཤེས་ཆེ་བའི་ཕྱིར་ལྷག ་མཐོང་གིས་རབ་ཏུ་ཕྱེ་བ་ཞེས་བྱ། འདི་ནི་དམིགས་པ་ཐོབ་པ་གོམས་པར་བྱེད་པ་ཡིན་པས་རྟོག་པ་ཤས་ཆུང་བའི་ཕྱིར་ཞི་གནས་ཀྱི་རབ་ཏུ་ཕྱེ་བ་ཞེས་བྱའོ། །དངོས་པོའི་མཛའ་ཞེས་བྱ་བ་ནི་ཟུང་དུ་འབྲེལ་བས་རབ་ཏུ་བྱེ?་པ་དམིགས ་བ་དང་གནས་ཀྱི་དངོས་པོའི་མཛའ་གནས་གྱུར་བའི་ངོ་བོ་ཉིད་གང་ཡིན་བ་སྟེ། དེ་ལ་དངོས་པོ་ཞེས་བྱ་བ་ནི་ལྷག་མཐོང་དང་ཞི་གནས་ཀྱི་དམིགས་བ་རྣམ་པར་རྟོག་པ་དང་བཅས་བའི་གཟུགས་བརྙན་དང། རྣམ་པར་མི་རྟོག་བའི་གཟུགས་བརྙན་གྱི ་དངོས་པོ་ཀུན་གཞི་རྣམ་པར་ཤེས་པའོ།། མཛའ་ཞེས་བྱ་བ་ནི་དེའི་ཇི་སྙེད་ཡོད་པ་ཉིད་དང། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཀྱི་མཐར་གྱུར་པ་གནས་གྱུར་བའི་ངོ་བོ་ཉིད་དོ། །དེ་ཅིའི་ཕྱིར་དམིགས་པ་དེ་ཉིད་ལ་དངོས་པོ་ཞེས་བྱ་ཞེ་ན། དེ་གཉིས་ནི་ཞི ་གནས་དང་ལྷག་མཐོང་གི་དངོས་བོའི་དམིགས་པ་དང་གནས་ཀྱི་དངོས་བོ་ཡིན་བའི་ཕྱིར་ཏེ། དེ་ལ་དམིགས་པའི་དངོས་པོའི་ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་ནི་དམིགས་པ་གང་གི་བསྐྱེད་བ་དེ་ཉིད་ལ་དམིགས་པ་ཡིན་བས་མཉམ་པར་བཞག ་བའི་ས་བའི་མོས་བས་ཡིད་ལ་བྱེད་བ་དང་དེ་ཁོ་ན་ཉིད་ལ་བྱེད་པའི་མཐུས་རྣམ་པར་རྟོག་པ་དང་བཅས་པ་དང། རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་དམིགས་བ་ཐོབ་པར་གྱུར་བ་དེས་ནི་གནས་དང་ལྷག་མཐོང་བསྐྱེད་ལ། ཞི་གནས་དང་ལྷག་མཐོང ་ཡང་གཟུགས་བརྟེན་གྱི་དམིགས་པ་དེ་ཉིད་ལ་དམིགས་བར་བྱེད་པའི་ཕྱིར་གཟུགས་བརྙན་གྱི་དམིགས་པ་ཀུན་གཞིའི་རྣམ་པར་ཤེས་བའི་ངོ་བོ་ཉིད་དེ་ནི་ཞི་གནས་དང་ལྷག་མཐོང་སེམས་ལས་བྱུང་བའི་ངོ་བོ་ཉིད་དེའི་དམིགས་བའི་དངོས་བོ་ཞེས་བྱའོ།། ་དེ་ལ་གནས་ཀྱི་དངོས་པོ་ཞེས་བྱ་བ་ནི་ཀུན་གཞི་རྣམ་བར་ཤེས་པ་སེམས་ལས་བྱུང་བཱི་ཆོས་ཐམས་ཅད་ཀྱི་གནས་ཀྱི་དངོས་པོ་ཡིན་བས་མཉམ་བར་བཞག་པའི་ས་པའི་མོས་བའི་ཡིད་ལ་བྱེད་པ་དང། དེ་ཁོ་ན་ཉིད་ཡིད་ལ་བྱེད་བའི་མཐུས་རྣམ་པར ་རྟོག་པ་དང་བཅས་པ་དང། རྣམ་པར་མི་རྟོག་བའི་གཟུགས་བརྙན་གྱི་དམིགས་པ་ཐོབ་པར་གྱུར་པ་དེ་ནི་ཀུན་གཞིའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན་ལ། དམིགས་པ་དེ་ལ་བརྟེན་ཏེ་སྐྱེས་བའི་ཞི་གནས་དང་ལྟ་བ་མཐོང་ནི་མཉམ་པར་བཞག་པའི་ས་བའི་སེམས ་ལས་བྱུང་བའི་ཏིང་ངེ་འཛིན་དང། ཤེས་རབ་ཀྱི་ངོ་བོ་ཉིད་ཡིན་བའི་ཕྱིར་གཟུགས་བརྙན་གྱི་དམིགས་བ་ཀུན་གཞིའི་རྣམ་པར་ཤེས་པའི་ངོ་བོ་ཉིད་དེ་ནི་ཞི་གནས་དང་ལྷག་མཐོང་དེ་?་ནི་སེམས་ལས་བྱུང་བའི་ངོ་བོ་ཉིད་དེའི་གནས་ཀྱི་དངོས་པོ་ཞེས་བྱ་སྟེ། དེའི ་ཕྱིར་གཟུགས་བརྙན་དེ་ནི་དམིགས་པ་དང་གནས་ཀྱི་དངོས་པོ་ཞེས་བྱའོ། །དེ་ལ་ཅིའི་ཕྱིར་དངོས་པོ་དེའི་ཇི་སྙེད་ཡོད་པ་ཉིད་དང། ཇི་ལྟ་བ་བཞིན་དུ་ཡོད་བ་ཉིད་ལ་མཛའ་ཞེས་བྱ་ཞེས་ན། དེ་ཙམ་གྱིས་ནི་རྣམ་གྲངས་ཀྱི་མཐར་ཕྱིན་པ་དང། མཚན་ཉིད་ཀྱི་མཐར་ཕྱིན ་པར་གྱུར་བའི་ཕྱིར་ཏེ། དེ་ལ་ཇི་སྙེད་ཡོད་པ་ཉིད་ཅེས་བྱ་བ་ནི་རྣམ་གྲངས་ཏེ། དཔེར་ན་ཕུང་པོ་ནི་ལྔ་ཁོ་ནར་ཟད་དེ་།དེ་དག་གིས་འདུས་བྱས་ཐམས་ཅད་བསྡུས་སོ། །ཁམས་ནི་བཅོ་བརྒྱད་ཁོ་ནའོ། །སྐྱེ་མཆེད་ནི་བཅུ་གཉིས་ཁོ་ན་ཏེ་།དེ་དག་གིས་ནི་འདུས་བྱས་དང ་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་བསྡུས་སོ། །འཕགས་པ་བདེན་པ་ནི་བཞི་ཁོ་ན་ཏེ། དེ་དག་གིས་ནི་ཤེས་བྱའི་དངོས་པོ་ཐམས་ཅད་བསྡུས་སོ་ཞེས་བྱ་བ་ནི་ཇི་སྙེད་ཡོད་བ་ཉིད་དོ། །ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ནི་མཚན་ཉིད་དེ། དཔེར་ན་ཇི་སྙེད་ཡོད་པ་ཉིད་ཀྱི ་རྣམ་པ་དེ་དག་གི་ཡང་དག་པ་ཉིད་དང། དེ་བཞིན་ཉིད་རིགས་པ་བཞི་དང་ལྡན་པ་ནི་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཅེས་བྱའོ། །དེ་དང་འདྲ་བར་འདིར་ཡང་ཀུན་གཞིའི་རྣམ་པར་ཤེས་བའི་འཇུག་པ་རྣམ་པར་བཞག་པའི་རྣམ་གྲངས་ཇི་སྙེད་པ་ཐམས་ཅད་ནི་ཇི་སྙེད་པ ་ཡང་བ་ཉིད་དོ། །ལྡོག་པ་རྣམ་པར་བཞག་བའི་མཚན་ཉིད་ཅི་འདྲ་བ་ནི་ཇི་ལྟ་བ་བཞིན་དུ་ཡོད་བ་ཉིད་ཅེས་བྱ་སྟེ། དེ་ཙམ་གྱིས་ན་དངོས་པོ་དེའི་མཐར་ཕྱིན་བའི་ཕྱིར་ཇི་སྙེད་ཡོད་བ་ཉིད་དང། ཇི་ལྟ་བ་བཞིན་དུ་ཡོད་པ་ནི་དངོས་བོ་དེའི་མཛའ་ཞེས་བྱའོ། །དེ་ཡང་གང་གི?་ ་དུས་ན་དངོས་པོ་དེའི་མཐར་གྱུར་བ་ཡིན་ཞེ་ན། གང་གི་ཚེ་ཀུན་གཞིའི་རྣམ་བར་ཤེས་བ་གནས་གྱུར་བ་དེའི་ཚེ་ན་དངོས་པོ་དེའི་རྣམ་གྲངས་དང་མཚན་ཉིད་ཀྱི་མཐར་གྱུར་བ་ཡིན་ནོ། །དེ་ལྟར་ན་དམིགས་བ་དང་གནས་ཀྱི ་དངོས་བོའི་མཛའ་གནས་གྱུར་བའི་ངོ་བོ་ཉིད་ནི་དངོས་བོའི་མཛའ་ཞེས་བྱ་སྟེ། དེ་ནི་སྤངས་བ་ཕུན་སུམ་ཚོགས་པ་ཡིན་རོ། །དེ་ཡང་གང་གིས་རབ་ཏུ་ཕྱེ་བ་ཡིན་ཞེ་ན་།ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བས་རབ་ཏུ་ཕྱེ་བ་ཡིན་ཏེ། གང་གི་ཚེ་ཟུང་དུ ་འབྲེལ་བའི་ལམ་སྐྱེས་པ་དེའི་ཚེ་ན་གནས་གྱུར་ཐོབ་བ་ཡིན་ལ། གནས་གྱུར་བའི་དེ་བཞིན་ཉིད་དེ་ཡང་ཟུང་དུ་འབྲེལ་བའི་ལམ་གྱི་དམིགས་བ་ཡིན་བས་གནས་གྱུར་བའི་དམིགས་པ་འཐོབ་པ་དང་ཟུང་དུ་འབྲེལ་བའི་ལམ་སྐྱེ་བ་ནི་འབྱུང་བའི་དུས ་ཀྱང་གཅིག་ངོ་བོ་ཉིད་དང་གཅིག་བས་ན་ཟུང་དུ་འབྲེལ་བས་རབ་ཏུ་ཕྱེ་བ་ཞེས་བྱ་སྟེ། དེ་ནི་དངོས་པོའི་མཛའ་ཡིན་ན། །དགོས་པ་ཡོངས་སུ་གྲུབ་བ་ཞེས་བྱ་བ་ནི་ཟུང་དུ་འབྲེལ་བས་རབ་ཏུ་ཕྱེ་བ་སྦྱོར་བ་མཐར་ཐུག་བའི་འབྲས་བུའི་ཡིད་ལ་བྱེད་བ་ཡོངས ་སུ་གྲུབ་བ་ཡང་དག་པའི་ཤེས་པའི་ངོ་བོ་ཉིད་ཡིན་པ་སྟེ། དེ་ལ་དགོས་བ་ཞེས་བྱ་བ་ནི་སྦྱོར་བ་མཐར་ཐུག་བའི་འབྲས་བུའི་ཡིད་ལ་བྱེད་བའོ།། ཡོངས་སུ་གྲུབ་བ་ཞེས་བྱ་བ་ནི་དེ་ཡོངས་སུ་གྲུབ་བའི་ཡང་དག་བའི་ཤེས་པའི་ངོ་བོ་ཉིད་དོ། །དེ་ལ་ཅིའི ་ཕྱིར་སྦྱོར་བའི་མཐར་ཐུག་བའི་འབྲས་བུའི་ཡིད་ལ་བྱེད་བ་ལ་དགོས་བ་ཞེས་བྱ་ཞེ་ན་།དགོས་པ་ཞེས་བྱ་བའི་དོན་ནི་འབྲས་བུ་དང་བྱ་བ་ཡིད་ལ། དགོས་བ་མཐར་ཐུག་བའི་འབྲས་བུ་ཡང་དངོས་བཞི་ཐོབ་བའི་འབྲས་བུ་ཡིན་བས་དེ་ཉིད་དགོས་བ་ཡིན་བའི ་ཕྱིར་དང་དེའི་ཡིད་ལ་བྱེད་བ་ཡང་བྱ་བ་ཡིན་བས་དེ་ཡང་དགོས་པ་ཡིན་པའི་ཕྱིར་རོ། །དེ་ལ་ཅིའི་ཕྱིར་དེ་ཡོངས་སུ་གྲུབ་པ་ཡང་དག་བའི་ཤེས་བའི་ངོ་བོ་ཉིད་ལ་ཡོངས་སུ་གྲུབ་བ་ཞེས་བྱ་ཞེ་ན། དེ་ཡོངས་སུ་གྲུབ་པ་ཞེས་བྱ་བ་ནི་དངོས་གཞི་ཐོབ་བ་རྡོ་རྗེ ་ལྟ་བུའི་ཏིང་ངེ་འཛིན་གྱི་གནས་ངན་ལེན་ཕྲ་མོ་སྙིང་པོ་ལ་ཡོང་བ་ལྟ་བུ་མ་ལུས་པར་སྤངས་ཏེ་ཟད་བ་དང་མི་སྐྱེ་བ་ཤེས་པ་ཐོབ་བ་ན་སྤྱོད་བ་མཐར་ཐུག་པའི་འབྲས་བུའི་ཡིད་ལ་བྱེད་བ་དེ་ཡོངས་སུ་གྲུབ་བ་ཡིན་ལ། དེ་ཉིད་ཤེས་བྱ་ཐམས་ཅད་ལ་ཆགས་པ་མེད་བ ་དང། ཐོགས་བ་མེད་བའི་ཤེས་པ་དང། མཐོང་བ་འཇུག་བའི་འཇིག་རྟེན་ལས་འདས་པའི་ཡང་དག་བའི་ཤེས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཏེ། དེ་ལྟར་ན་སྦྱོར་བ་མཐར་ཐུག་པའི་འབྲས་བུའི་ཡིད་ལ་བྱེད་པ་ཡོངས་སུ་གྲུབ་བ་ཡང་དག་བའི་ཤེས་བའི་ངོ་བོ་ཉིད་ནི ་དགོས་བ་ཡོངས་སུ་གྲུབ་བ་ཞེས་བྱ་སྟེ། དེ་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ཡང་གང་གིས་རབ་ཏུ་ཕྱེ་བ་ཡིན་ཞེ་ན། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བས་རབ་ཏུ་ཕྱེ་བ་ཡིན་ཏེ། གང་གི་ཚེ་ཟུང་དུ་འདྲེལ་བའི་ལམ་སྐྱེས་བ་དེའི་ཚེ་ན་ཡང་དག ་བའི་ཤེས་པ་ཐོབ་བ་ཡིན་ལ། ཡང་དག་པའི་ཤེས་བའི་དེ་བཞིན་ཉིད་ཀྱང་ཟུང་དུ་འབྲེལ་བའི་ལམ་གྱི་དམིགས་པ་ཡིན་བས་ཡང་དག་བའི་ཤེས་བའི་དམིགས་བ་འཐོབ་བ་དང་ཟུང་དུ་འབྲེལ་བའི་ལམ་སྐྱེ་བ་ནི་འབྱུང་བའི་དུས་ཀྱང་ཅིག་པས་ན་ཟུང་དུ་འབྲེལ་བས ་རབ་ཏུ་ཕྱེ་བ་ཞེས་བྱ་སྟེ། དེ་ནི་དོགས་བ་ཡོངས་སུ་གྲུབ་བ་ཡིན་ནོ། །དེ་ལྟར་དམིགས་བའི་དངོས་པོ་བཞི་བསྟན་པ་དེ་དག་ནི་ཁྱབ་བའི་དམིགས་པ་ཞེས་བྱ་སྟེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་ཐམས་ཅད་དུ་འགྲོ་ཞིང། སྤྱད་པ་རྣམ་པར་སྦྱོར ་བའི་དམིགས་པ་ལ་སོགས་བ་དམིགས་པ་ཐམས་ཅད་ཀྱི་རྗེས་སུ་སོང་བ་དང། འདས་བ་དང། མ་འོངས་པ་དང། ད་ལྟར་བྱུང་བའི་ཡང་དག་པར་རྫོགས་བའི་སངས་རྒྱས་ཐམས་ཅད་ཀྱིས་བཤད་པ་ཡིན་བས་ན་དེའི་ཕྱིར་ཁྱབ་བའི་དམིགས་བ་ཞེས ་བྱའོ། །ཡང་དེ་དག་ནི་ལྷག་མཐོང་གི་ཕྱོགས་དང་།ཞི་གནས་ཀྱི་ཕྱོགས་དང། དངོས་བོ་ཐམས་ཅད་དང་ལྡན་པ་དང། ཡང་དག་པའི་དངོས་པོ་དང་ལྡན་བ་དང། རྒྱུ་དང་འབྲས་བུའི་དངོས་པོ་དང་ལྡན་པའི་དམིགས་པ་ཡིན་པས་ན་དེའི་ཕྱིར་ཡང་ཁྱབ་བའི་དམིགས་བ ་ཞེས་བྱ་སྟེ། དེ་ལ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ནི་ལྷག་མཐོང་གི་ཕྱོགས་ཀྱི་དམིགས་བ་ཡིན་ནོ། །རྣམ་པར་མི་རྟོག་པའི་གཟུགས་བརྙན་ནི་ཞི་གནས་ཀྱི་ཕྱོགས་ཀྱི་དམིགས་པ་ཡིན་ནོ། །དངོས་པོའི ་མཛའ་ནི་ཇི་སྙེད་ཡོད་པ་ཉིད་དང། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཀྱི་དངོས་པོ་ཐམས་ཅད་དང་ལྡན་པ་དང། ཡང་དག་བའི་དངོས་པོ་དང་ལྡན་པར་དམིགས་པ་ཡིན་ནོ། །དགོངས་པ་ཡོངས་སུ་གྲུབ་པ་ནི་ཡིད་ལ་བྱེད་པ་ཡོངས་སུ་གྲུབ་པའི་རྒྱུས་འབྲས་བུ ་གནས་ངན་བ་ངས་པ་དང་།གནས་གྱུར་པ་དང། དངོས་གཞི་ཐོབ་པ་དང། ཤེས་བྱ་ལ་ཤེས་པ་དང། མཐོང་བ་འཇུག་བ་ཉིད་ཀྱིས་རྒྱུ་དང་འབྲས་བུའི་དངོས་པོ་དང་ལྡན་པའི་དམིགས་པ་ཡིན་ནོ། །དེ་ནི་གཞན་དག་དེ་སྙམ་དུ་རྣལ་འབྱོར་གྱི་ཡོངས་སུ་བསྡུས་པའི ་ཞི་གནས་དང་ལྷག་མཐོང་གི་ལམ་གྱིས་ངོ་བོ་ཉིད་དེ་ནི་དམིགས་པ་ལ་བརྟེན་དེ་སྐྱེ་བ་ཡིན་ན། དམིགས་པ་བཞི་པོ་གང་ལས་བརྟེན་དེ་སྐྱེ་སྙམ་པ་ལ། མི་འཕམ་པ་ཉིད་ཀྱིས་ཁྱབ་པའི་དམིགས་པ་དེ་ཉིད་མངོན་དུ་བྱ་བར་མཁྱེན་ནས་ཁྱབ་བའི་དམིགས་པ ་བཞི་བསྟན་བའི་ཚིག་གི་དོན་ལ་སོགས་པ་བཤད་བཤད་བ་ཡིན་ནོ།། །།དེའི་འོག་ཏུ་དམིགས་པ་གང་ནི་ལམ་གང་གི་དམིགས་པ་ཡིན་སྙམ་པ་ལ་དམིགས་པ་དུ་དང་གང་ཞིག་ལམ་གང་གི་དམིགས་པ་ཡིན་བསྟན ་པའི་ཕྱིར། བཅོམ་ལྡན་འདས་དུ་ཞིག་གི་གནས་ཀྱི་དམིགས་བ་ལགས་ཞེས་བྱ་བ་ལ་སོགས་བ་ཞུས་སོ། །དེ་ལ་འདིར་ཅིའི་ཕྱིར་ཞི་གནས་དང་པོར་བསྟན་ཅེ་ན། མཉམ་པར་མ་བཞག་པའི་ས་བའི་སེམས་ཆུ་བཞིན་དུ་གཡོ་བ་དེ་དང་པོར་མཉམ ་བར་བཞག་པའི་ས་བའི་ཞི་གནས་སྣོད་དང་འདྲ་བས་བཙལ་དགོས་པའི་ཕྱིར་རོ། །འོ་ན་ཁྱབ་བའི་དམིགས་པ་རྣམ་པ་བཞི་ལས་དང་པོར་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་བསྟན་ལ། དེའི་འོག་ཏུ་རྣམ་པར་མི་རྟོག་པའི ་གཟུགས་བརྙན་བསྟན་བ་དང་ཇི་ལྟར་མི་འགལ་ཞེ་ན་འགལ་བ་མེད་དེ། དེ་ལྟར་བསྟན་བ་ནི་དམིགས་པ་ཐོབ་པ་དང། དམིགས་བ་གོམས་བར་བྱེད་བའི་དབང་དུ་མཛད་བ་ཡིན་གྱི། རྣལ་འབྱོར་བ་ལས་དང་པོ་བས་དམིགས་པ་ཡོངས་སུ་ཚོལ་བ་དང། དམིགས ་བ་ཐོབ་བ་དང། དམིགས་བ་གོམས་པར་བྱེད་པ་དང། འབྲས་བུ་ཐོབ་པའི་རིགས་ནི་དང་བོ་ཁོ་ནར་རྣལ་འབྱོར་བ་དམིགས་པ་ཡོངས་སུ་ཚོལ་བའི་ཚེ་ན་མཉམ་པར་མ་བཞག་པའི་སེམས་ཀྱི་དམིགས་པ་གང་ཡང་རུང་བ་མཐོང་བ་འམ། ཐོས་པ་འམ། ཡོངས་སུ ་བརྟགས་པ་གཅིག་གཟུང་བའི་དུས་ན་ཚོལ་བ་དང། རྣམ་པར་རྟོག་པ་དང་བཅས་བའི་གཟུགས་བརྙན་གྱི་དམིགས་པ་ཡང་མི་ཐོབ། ལྷག་མཐོང་གི་ལམ་ཡང་མི་སྐྱེའོ། །དེའི་འོག་ཏུ་དམ་བའི་ཆོས་ཐོས་པ་དང། བཟུང་བའམ། དགེ་བའི་བཤེས་གཉེན་གྱི་གདམ ་ངག་དང་རྗེས་སུ་བསྟན་བ་ལ་བརྟེན་ནས་དེ་ཉིད་ལ་མཉམ་བར་བཞག་པའི་ས་པའི་ཡིད་ལ་བྱེད་བ་མངོན་དུ་བྱས་ཏེ། དེའི་རྣམ་པ་རང་གི་བློ་ལ་སྣང་བར་བྱ་བའི་ཕྱིར་མོས་པ་ཡིད་ལ་བྱེད་བའི་དུས་ན་ནི་དང་བོར་མཉམ་པར་བཞག་བའི་ས་པའི་སེམས་ཀྱིས་མོས ་བ་ཡིད་ལ་བྱ་དགོས་བས་དམིགས་བ་ཡོངས་སུ་ཚོལ་བ་དེའི་ཚེ་ནི་ཞི་གནས་སྔོན་དུ་འགྲོ་བ་ཡིན་ནོ། །དེའི་འོག་ཏུ་དེ་ལྟར་མོས་པ་ཡིད་ལ་བྱེད་བ་ན་མཉམ་བར་བཞག་པའི་ས་བའི་ཡིད་ལ་བྱེད་པ་དེའི་མཐུས་ཤེས་བྱའི་དངོས་པོ་དེ་དང་འདྲ་བའི ་རྣམ་པ་རང་གི་བློ་ལ་སྣང་བར་གྱུར་བའི་དུས་ན་ནི་རྣམ་བར་རྟོགས་བ་དང་བཅས་པའི་གཟུངས་བརྙན་གྱི་དམིགས་པ་ཐོབ་པ་དང། སྦྱོར་བའི་ལམ་གྱི་ཡིད་ལ་བྱེད་བས་རབ་ཏུ་ཕྱེ་བའི་ལྷག་མཐོང་གི་ལམ་སྐྱེས་བ་ཡིན་ནོ། །དེའི་འོག་ཏུ་དམིགས་པ ་ཐོབ་པ་དེ་ཉིད་ལ་ཞི་གནས་ཀྱི་རྣམ་པས་རྩེ་གཅིག་ཏུ་མཉམ་པར་འཇོག་པའི་དུས་ན་ནི་རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱིས་དམིགས་པ་གོམས་བར་བྱེད་བ་དང། ཡིད་ལ་བྱེད་བ་ཐོབ་པའི་ལམ་གྱིས་རབ་ཏུ་ཕྱེ་བ་མཚན་མའི་གཡེང་? ་བའི་ཞི་གནས་ཀྱི་ལམ་ན་ནང་གི་རྩ་གཅིག་པ་ཉིད་སྐྱེས་པ་ཡིན་ཏེ། ཇི་ཙམ་དུ་མཚན་མའི་གཡེང་བཞི་བའི་ཞི་གནས་ཀྱི་ལམ་ནང་གི་སེམས་རྩེ་གཅིག་པ་ཉིད་དེ་ཡངས་པ་དང་འཕེལ་བ་དང། རྒྱས་པར་གྱུར་པ་དེ་ཙམ ་དུ་དེའི་ལ་འཇུག་ཐོགས་སུ་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བ་གནས་ངན་ལེན་གྱི་ཞི་བའི་ཞི་གནས་ཀྱི་ལམ་དུས་དང་སེམས་ཤིན་ཏུ་སྦྱངས་པ་སྐྱེ་བ་ཡང་ཡངས་པ་དང་། འཕེལ་བ་དང། རྒྱས་པར་འགྱུར་ལ། ཇི་ཙམ ་དུ་ཆོས་དེ་གཉིས་ཡངས་བ་དང་འཕེལ་བ་དང་རྒྱས་པར་གྱུར་པ་ཙམ་དུ་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ལྷག་མཐོང་སེམས་ཀྱི་ངོ་བོ་ཉིད་ལ་གཉིས་མེད་བའི་དོན་རང་རིག་བའི་ངོ་བོ་ཉིད་རབ་ཏུ་དབྱེ་བ་ཡང། ་ཡངས་པ་དང། འཕལ་བ་དང། རྒྱས་པར་འགྱུར་རོ། །དེ་ལྟར་ཞི་གནས་དང་ལྷག་མཐོང་གི་སེམས་དེ་གཉིས་ཡངས་པ་དང། འཕེལ་བ་དང། རྒྱས་པར་གྱུར་པའི་ཚེ་ན་ཟུང་དུ་འབྲེལ་པར་འཇུག་པའི་ལམ་སྐྱེ་ཞིང་དངོས་པོའི་མཛའ་ ་དང་དགོངས་ལ་ཡོངས་སུ་གྲུབ་པའི་དམིགས་པ་དུས་ཅིག་ཏུ་ཐོབ་པར་གྱུར་ཏེ། དེ་ཐོབ་བའི་ཚེ་ན་སྤངས་པ་ཕུན་སུམ་ཚོགས་པས་རབ་ཏུ་ཕྱེ་བའི་འབྲས་བུ་གནས་གྱུར་བའི་ངོ་བོ་ཉིད་དང། ཡེ་ཤེས་ཕུན་སུ་ཚོགས་པས་རབ་ཏུ་ཕྱེ་བའི་འབྲས ་བུ་ཡང་དག་པའི་ཤེས་བའི་ངོ་བོ་ཉིད་གཅིག་ཏུ་ཐོབ་པ་ཡིན་ནོ། །འབྲས་བུ་དེ་གཉིས་ཐོབ་པ་ནི་རྣམ་པ་ཐམས་ཅད་མངོན་བར་རྫོགས་པར་བྱང་ཆུབ་པར་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་བླ་ན་མེད་བ་ཉིད་ཐོབ་པ་ཡིན་ཏེ། དེའི་དུས་ན ་དེ་བཞིན་གཤེགས་བ་ཉིད་ཅེས་བྱའོ། །དེ་ལྟར་ན་རྣལ་འབྱོར་པ་ལས་དང་པོ་པ་ཐོག་མ་ཁོ་ནང་དམིགས་པ་ཡོངས་སུ་ཚོལ་བའི་དུས་ན་ཞི་གནས་སྔོན་དུ་འགྲོ་བ་ཡིན་ལ། དམིགས་བ་ཐོབ་པའི་དུས་ན་ནི་ལྷག་མཐོང་གི་ཤས་ཆེ་བ་ཡིན། དམིགས ་པ་གོམས་པར་བྱེད་བའི་དུས་ན་ནི་ཞི་གནས་ཀྱི་ཤས་ཆེ་བ་ཡིན། འབྲས་བུ་ཐོབ་པའི་དུས་ན་ནི་ཟུང་དུ་འབྲེལ་པའི་ལམ་གྱི་འཇུག་པ་ཡིན་པས་ན་དེའི་ཕྱིར་འདིར་དང་པོར་འཕགས་པ་མི་འཕམ་པ་ཉིད་ཀྱིས་ཞི་གནས་ཀྱི་ལམ་གྱི་དམིགས་པ་བུ་དང ་གང་ལགས་ཞེས་ཞུས་པར་སྦྱར་རོ། །གཅིག་སྟེ་ཞེས་བྱ་བས་ནི་དུ་ལགས་ཞེས་ཞུས་པའི་ལན་བཏབ་པ་ཡིན་ནོ། །འདི་ལྟ་སྟེ་རྣམ་པར་མི་རྟོག་པ་གཟུགས་བརྙན་ནོ་ཞེས་བྱ་བས་ནི་གང་ལགས་ཞེས་ཞུས་པའི་ལན་བཏབ་པ་ཡིན་ཏེ་།དེ་ནི་དམིགS ་པ་ཐོབ་བའི་གོང་དུ་དམིགས་པ་གོམས་པར་བྱེད་པའི་གནས་སྐབས་དང་སྦྱར་རོ། །དེ་ཅིའི་ཕྱིར་ཞི་གནས་ཀྱི་དམིགས་པ་ཡིན་ཞེ་ན་རྣམ་པར་མི་རྟོག་པ་ཞེས་བྱ་བ་ནི་ཡིད་ལ་བྱེད་པ་ཐོབ་པའི་ལམ་གྱི་རབ་ཏུ་ཕྱེ་བའི་ཞི་གནས་ཀྱི་རྣམ་པ་སེམས ་གནས་པ་དགུ་བསྡུས་བ། སྟོབས་དྲུག་དང་ལྡན་པ། ཡིད་ལ་བྱེད་པ་བཞིས་འཇུག་པ་ཡིན་ལ། གཟུགས་བརྙན་ཞེས་བྱ་བ་ནི་རྣམ་པར་མི་རྟོག་བའི་ཞི་གནས་ཀྱི་རྣམ་པ་དེས་རབ་ཏུ་ཕྱེ་བ་ཤེས་བྱའི་དངོས་པོ་ཆ་མཐུན་པའི་སེམས་ཀྱི ་གཟུགས་བརྙན་དེ་དེ་རིག་པ་ཡིན་པའི་ཕྱིར་རོ། །དུ་ཞིག་ལྷག་མཐོང་གི་དམིགས་པ་ལགས་ཞེས་བྱ་བས་ཀྱང་ད་དུང་གང་ལགས་ཤེས་པར་སྦྱར་རོ། །གཅིག་ཁོ་ན་རེ་ཞེས་བྱ་བས་ནི་དུ་ལགས་ཞེས་ཞུས་བའི་ལན་བཏབ་པ་ཡིན་ནོ། ། ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ནོ་ཞེས་བྱ་བས་ནི་གང་ལགས་ཞེས་ཞུས་པའི་ལན་བཏབ་པ་ཡིན་ཏེ། དེ་ནི་དམིགས་པ་ཡོངས་སུ་བཙལ་བའི་གོང་དུ་དམིགས་པ་ཐོབ་པའི་གནས་སྐབས་དང་སྦྱར་རོ། །དེ ་ཅིའི་ཕྱིར་ལྷག་མཐོང་གི་དམིགས་པ་ཡིན་ཞེས་རྣམ་པར་རྟོག་པ་དང་བཅས་པའི་ཞེས་བྱ་བ་ནི་སྦྱོང་བའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ལྷག་མཐོང་གི་རྣམ་བ་ཤེས་རབ་ཀྱི་སྤྱོད་པ་བཞིས་བསྡུས་པ་སྒོ་གསུམ་དང་ལྡན་པ། གཞིར་བ ་ཏུ་དབྱེ་བ་རྣམ་པ་དྲུག་ལ་དམིགས་པ་ཡིན་ལ། གཟུགས་བརྙན་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་བཅས་པའི་ལྷག་མཐོང་གི་རྣམ་པ་དེས་རབ་ཏུ་ཕྱེ་བ་ཤེས་བྱའི་དངོས་པོ་དང་ཆ་མཐུན་པ་སེམས་ཀྱི ་གཟུགས་བརྙན་རང་རིགས་པ་ཡིན་པའི་ཕྱིར་རོ། །དུ་ཞིག་དེ་གཉིས་ཀའི་དམིགས་པ་ལགས་ཞེས་བྱ་བས་ཀྱང་དུ་དང་གང་ལགས་ཞེས་ཞུས་པར་སྦྱར་ཏེ། དེ་གཉི་ཀའི་ཞེས་བྱ་བ་ནི་ཟུང་དུ་འབྲེལ་པ་འཇུག་པའི་ལམ་གྱི་ཞེས་བྱ་བའི ་ཐ་ཚིག་གོ་། གཉིས་ཏེ་ཞེས་བྱ་བས་ནི་དུ་ལགས་ཞེས་ཞུས་པའི་ལན་བཏབ་པ་ཡིན་ནོ། །འདི་ལྟ་སྟེ། དངོས་པོའི་མཛའ་དང་དགོས་པ་ཡོངས་སུ་གྲུབ་པའོ་ཞེས་བྱས་པ་ནི་གང་ལགས་ཞེས་ཞུས་པའི་ལན་བཏབ་པ་ཡིན་ཏེ། དེ་ནི ་དམིགས་པ་གོམས་པར་བྱས་པའི་གོང་དུ་སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཐོབ་པའི་གནས་སྐབས་དང་སྦྱར་རོ། །དེ་གཉིས་ཅིའི་ཕྱིར་ཟུང་དུ་འབྲེལ་བའི་ལམ་གྱི་དམིགས་པ་ཡིན་ཞེ་ན། ཟུང་དུ་འདྲེལ་པའི་ལམ་གྱི་ཞི་གནས ་ཀྱི་རྣམ་པ་ནི་ཡོངས་སུ་འདྲིས་པའི་སྟོབས་དང། རྩོལ་བ་མེད་པར་འཇུག་པའི་ཡིད་ལ་བྱེད་པས་ཏིང་ངེ་འཛིན་དུ་བྱེད་པ་ཁོ་ན་ཡིན་ལ། ལྷག་མཐོང་གི་རྣམ་པ་ནི་ཡོངས་སུ་དཔྱོད་པའི་རྣམ་པས་བསྡུས་པ་ཡོངས་སུ་བཙལ་བ་ལ ་སོ་སོར་རྟོག་པའི་རྗེས་སུ་ཞུགས་པའི་སྒོ་དང་ལྡན་པ་རྟོགས་པའི་གཞི་རབ་ཏུ་དབྱེ་བ་ལ་དམིགས་པ་ཡིན་ཏེ། དེ་གཉིས་མཉམ་པར་ཟུང་དུ་འབྲེལ་པས་འཇུག་པའི་ལམ་དེ་གང་གི་ཚེ་སྐྱེ་མ་པ་དེའི་ཚེ་ན་དངོས་པོའི་མཛའ་དང་དགོངས་པ་ཡོངས་སུ ་གྲུབ་བའི་དམིགས་པ་ཐོབ་པ་ཡིན་ལ། ཟུང་དུ་འབྲེལ་བའི་ལམ་དེ་ཡང་དམིགས་པ་དེ་གཉིས་ལ་དམིགས་པ་ཡིན་པས་དམིགས་པ་དེ་ཉིད་འཐོབ་པ་དང། ཟུང་དུ་འབྲེལ་བའི་ལམ་སྐྱེ་བ་ནི་འབྱུང་བའི་དུས་ཀྱང་ཅིག། ངོ་བོ་ཉིད་དང་གཅིག་པའི་ཕྱིར ་རོ། །ད་ནི་དམིགས་པས་སྦྱོར་བའི་རྒྱུ་བསྟན་པ་ཡིན་ཏེ། སྦྱོར་བའི་རྒྱུའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་འཐོབ་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ་འཐོབ་པ་ཞེས་བྱ་བ་ནི་དེ་ལྟར་སྦྱོར ་པའི་རྒྱུ་རྣམ་པ་གསུམ་ལ་བརྟེན་ཏེ། རྣལ་འབྱོར་གྱི་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ལ་སྦྱོར་བར་བྱེད་པ་ནི་སྦྱོར་བ་མཐར་ཐུག་པའི་ལམ་གྱིས་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག ་མཐོང་གི་ལམ་གྱི་ངོ་བོ་ཉིད་ལ་སྦྱོར་བར་བྱེད་པ་ན་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་ཐོབ་པ་གང་ཡིན་པའོ། །དེ་ལ་མཚམས་སྦྱར་བ་ཇི་ལྟ་བུ་ཞེ་ན། འདིར་འཕགས་པ་བྱམས ་བས་གཞན་དག་འདི་སྙམ་དུ་དེ་ལྟར་རྣལ་འབྱོར་བས་སྦྱོར་བའི་རྒྱུ་དེ་ལྟ་བུ་ལ་བརྟེན་ཏེ། རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ལ་སྦྱོར་བར་བྱེད་པ་ནི་སྦྱོར་བ་མཐར་ཐུག་བའི་ལམ་གྱི་ཡིད་ལ་བྱེད ་པས་རབ་ཏུ་ཕྱེ་བའི་ཞི་གནས་ནི་ཇི་ལྟར་ཡོངས་སུ་བཙལ་བར་བྱ། ལྷག་མཐོང་ལ་ནི་ཇི་ལྟར་མཁས་པར་བྱ་སྙམ་དུ་སེམས་པ་རྣམས་ཀྱི་བསམ་པ་ལ་བརྟགས་ནས་སྦྱོར་བ་མཐར་ཐུག་པའི་ལམ་གྱི་མིང་ལ་བྱེད་པས་རབ་ཏུ་ཕྱེ་བའི་ཞི་གནས ་ཡོངས་སུ་བཙལ་བ་དང། ལྷག་མཐོང་ལ་མཁས་པ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་གི་དམིགས་པའི་དངོས་པོ་དེ་དག་བརྟེན་ཅིང་གནས་ནས་ཇི་ལྟར་ཞི ་གནས་ཡོངས་སུ་ཚོལ་བར་བགྱིད་པ་དང། ལྷག་མཐོང་ལ་མཁས་པ་ལགས་ཞེས་བྱ་བར་ཞུས་པ་སྦྱར་རོ། །དེ་ལ་ཇི་ལྟར་ཞི་གནས་ཡོངས་སུ་ཚོལ་བར་བགྱིད་ཅེས་བྱ་བ་ནི་སྦྱོར་བའི་རྒྱུ་ཡོངས་སུ་ཚོལ་བ་མ་ཡིན་གྱི། སྦྱོར་? ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ཞི་གནས་ཡོངས་སུ་ཚོལ་བ་སྟེ། ཇི་ཙམ་གྱིས་ན་དེ་ཐོབ་པ་ལགས་ཞེས་བྱ་བའི་ཐ་ཚིག་གོ་།ཇི་ལྟར་ལྷག་མཐོང་ལ་མཁས་པ་ལགས་ཞེས ་བྱ་བ་ཡང་སྦྱོར་བའི་ལམ་གྱི་རབ་ཏུ་ཕྱེ་བ་ལ་མཁས་པ་མ་ཡིན་གྱི། སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ལྷག་མཐོང་ལ་མཁས་པ་སྟེ། ཇི་ཙམ་གྱི་ན་དེ་ཐོབ་པ་ལགས་ཞེས་བྱ་བའི་ཐ་ཚིག་གོ་།དེ་ནས ་བཅོམ་ལྡན་འདས་ཀྱིས་ཀྱང་ཞི་གནས་ནི་མཚན་མ་དང་གནས་ངན་ལེན་གྱི་གཡེང་བའི་ངོ་བོ་ཉིད་དང་རབ་ཏུ་ཕྱེ་བས་སེམས། ཀྱི་གདུང་བ་ཡོངས་སུ་ཞི་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་བྱང་ཆུབ་སེམས་དང་ས་ཡོངས་སུ་བཙལ་བར་བྱ་བ་ཡིན ་ལ། ལྷག་མཐོང་ནི་སེམས་ཀྱི་ངོ་བོ་ཉིད་ལ་གཉིས་མེད་པའི་དོན་རང་རིག་པའི་ངོ་བོ་ཉིད་རབ་ཏུ་དབྱེ་བས་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ངོ་བོ་ཉིད་ཡིན་བའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ལ་མཁས་པར་བྱ་བ་བསྟན་བའི་དབང་དུ་མཛད ་ནས། བྱམས་པ་ངས་ཞེས་བྱ་ལ་སོགས་པ་གསུངས་ཏེ། འདིར་བཅོམ་ལྡན་འདས་ཀྱི་སྦྱོར་བའི་རྒྱུ་རྣམ་པ་གསུམ་ལས་གནས་ཀྱི་སྦྱོར་བའི་རྒྱུ་ནི་དང་པོར་སྦྱོར་བའི་ཐབས་ཀྱི་རྒྱུ་ཡིན་པས་གཙོ་ཆེར་བསྟན་ཏེ། རྟེན་གྱི་སྦྱོར་བའི་རྒྱུ་དང། ་དམིགས་པས་སྦྱོར་བའི་རྒྱུ་ཡང་སྔར་བསྟན་པ་བཞིན་དུ་སྦྱར་བར་བྱའོ། །དེ་ལ་ཆོས་གང་གིས་པ་རྣམ་པར་བཞག་པ་ཞེས་བྱ་བ་ནི་མདོར་བསྟན་པ་ཡིན་ཏེ། དཔེར་ན་བདེན་བ་གདགས་པ་རྣམ་པར་བཞག་པ་དང། རིགས་པ་གདགས་པ་རྣམ་པར་བཞག་པ་དང། ཐེག་པ་གདགས ་པ་རྣམ་པར་བཞག་པ་དང། ཐེག་པ་གདགས་པ་རྣམས་པར་བཞག་པ་དང་ཞེས་མདོར་བསྟན་པ་དང་འདྲའོ། །འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་རྒྱས་བར་བཤད་བ་ཡིན་ཏེ། དཔེར་ན་བདེན་པ་གདགས་བ་རྣམ་པར་བཞག་པ་ནི་བདེན་པ ་གཅིག་ནས་བཅུའི་བར་རོ། །རིགས་པ་གདགས་པ་རྣམ་པར་བཞག་པ་ནི་རིགས་པ་བཞིའོ། །ཐེག་པ་གདགས་པ་རྣམ་པར་བཞག་པ་ནི་ཐེག་པ་གསུམ་མོ་ཞེས་རྒྱས་པར་བཤད་པ་དང་འདྲའོ། །དེ་ལ་མདོའི་སྡེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་དེ་དང་དེ་རབ་ཏུ ་གདུལ་བ་དེ་དང་དེ་དག་དང་གདུལ་བའི་སྤྱོད་པ་རྣམས་ལས་བརྩམས་ཏེ་ཕུང་པོ་དང་ལྡན་པའི་གཏམ་དང། སྐྱེ་མཆེད་དང་ལྡན་པ་དང། རྟེན་ཅིན་འབྲེལ་བར་འབྱུང་བ་དང་ལྡན་པ་དང། ཟས་དང་བདེན་པ་དང། ཁམས་དང་ལྡན་པ་དང། ཉན་ཐོས་དང། རང ་སངས་རྒྱས་དང། དེ་བཞིན་གཤེགས་པ་དང་ལྡན་པ་དང། དྲན་པ་ཉེ་བར་གཞག་བ་དང། ཡང་དག་བའི་སྤོང་བ་དང། རྫུ་འཕྲུལ་གྱི་རྐང་པ་དང། དབང་པོ་དང། སྟོབས་དང། བྱང་ཆུབ་ཀྱི་ཡན་ལག་དང། ལམ་གྱི་ཡན་ལག་དང་ལྡན་པ་དང། མི་སྡུག་པ་དང ་དབུགས་ཐུབ་པ་དང། དབུགས་དབྱུང་བ་དང། བསླབ་པ་དང། ཤེས་ནས་དད་པ་དང། ལྡན་བའི་གཏམས་གསུངས་པ་གང་ཡིན་པ་དག་ཡང་དག་པར་སྡུད་པར་བྱེད་པ་རྣམས་ཀྱིས་ཡོངས་སུ་བཟུང་ནས་བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་དོན་དུ་འདི ་ལྟ་སྟེ། དོན་དགེ་བ་དང། དོན་དང་ལྡན་པ། ཚངས་བར?་སྤྱོད་པ་དང་ལྡན་པ་དེ་དང་དེ་དག་བསྟན་པར་བྱ་བའི་ཕྱིར་མིང་གི་ཚོགས་དང། ཚིག་གི་ཚོགས་དང། ཡི་གེའི་ཚོགས་མཐུན་པ་དག་གི་ཅི་རིགས་པར་རིམ་གྱིས་བཀོད་ཅིང་རིམ་གྱིས ་སྦྱར་བ་གང་ཡིན་པའོ། །དབྱངས་ཀྱིས་བརྙད་པའི་སྡེ་ཞེས་བྱ་བ་ནི་གང་གི་ཐ་མའི་མཇུག་ཏུ་ཚིགས་སུ་བཅད་པ་མངོན་པར་བརྗོད་པ་དང། དྲང་བའི་དོན་གྱི་མདོ་སྡེ་གང་ཡིན་པའོ། །ལུང་དུ་བསྟན་པའི་སྔ་ཞེས་བྱ་བ་ནི་གང ་ལས་ཉན་ཐོས་ཤིང་འཕོས་པ་དང་འདུས་བྱས་པ་དང། སྐྱེ་བ་ལུང་སྟོན་པ་དང་ངེས་པའི་དོན་གྱི་མདོ་སྡེ་གང་ཡིན་པའོ། །ཚིགས་སུ་བཅད་པའི་སྡེ་ཞེས་བྱ་བ་ནི་རྒྱས་བས་བཤད་པ་མ་ཡིན་པ་སྟེ། འདི་ལྟར་རྩ་བ་གཉིས་པའམ། ། ་རྩ་བ་གསུམ་བའམ་རྩ་བ་བཞི་བ་?་རྩ་བ་ལྔ་པ་འམ་།རྩ་བ་དྲུག་བར་སྡེབས་ནས་བཤད་པ་གན་ཡིན་པའོ། །ཆེད་དུ་བརྗོད་པའི་སྡེ་ཞེས་བྱ་བ་ནི་གང་ཟག་མིང་དང་རིགས་སུ་ཡོངས་སུ་མ་བརྗོད་མ་བསྟན་པར་ཕྱིས་དམ་པའི་ཆོས་ཕུན་རིང་དུ་གནས་པར ་བྱ་བ་དང། བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་བཤད་པ་གང་ཡིན་པའོ། །གླེང་གཞིའི་སྡེ་ཞེས་བྱ་བ་ནི་གང་ཟག་གི་མེད་དང་རིགས་བརྗོད་ཅིང་བསྟན་ཏེ་བཤད་པ་དང། ཅུང་ཟད་འདུལ་བ་དང་ལྡན་པའི་བྱུང་བ་དང་བཅས། གླེང་གཞི་དང་བཅས་སོ ་ཐད་པའི་མདོ་སྡེ་གང་ཡིན་པའོ། །རྟོགས་པ་བརྗོད་པའི་སྡེ་ཞེས་བྱ་བ་ནི་དཔེ་དང་བཅས་པར་བརྟན་པ་སྟེ། དཔེ་དེས་དོན་གྱི་ངོ་བོ་ཉིད་དེ་རྣམ་པར་གསལ་བར་འགྱུར་བ་གང་ཡིན་བའོ། །དེ་ལྟ་བུ་བྱུང་བའི་སྡེ་ཞེས་བྱ་བ་ནི་ཅུང་ཟད་སྔོན་གྱི་སྦྱོར་བ་དང་ལྡན་པ་གང་ཡིན ་པའོ། །སྐྱེས་པ་རབས་ཀྱི་སྡེ་ཞེས་བྱས་བ་ནི་འདས་པའི་འདུས་ལ་བརྟན་ཏེ། བཅོམ་ལྡན་འདས་ཀྱིས་འཆི་འཕོ་དང་སྐྱེ་བ་དེ་དང་དེ་དག་ཏུ་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་དང་དཀའ་བ་སྤྱད་པ་གང་ཡིན་པའོ། །ཤིན་ཏུ་རྒྱས་པའི་སྡེ་ཞེས་བྱ་བ་ནི་གང་ལས་བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང། སྟོབས་བཅུ་དང། སྒྲིབ་པ་མེད་པའི་ཡེ་ཤེས་ཡང་དག་པར་བསྒྲུབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་བསྟན་པ་གང་ཡིན་པའོ། །རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་ཞེས་བྱ་བ་ནི་གང་ལས་སངས་རྒྱས་རྣམས་དང། སངས ་རྒྱས་ཀྱི་ཉན་ཐོས་དགེ་སློང་རྣམས་དང། དགེ་སློང་མ་རྣམས་དང། དགེ་ཚུལ་རྣམས་དང། དགེ་ཚུལ་མ་རྣམས་དང། དགེ་བསྙེན་རྣམས་དང་ཐུན་མོངས་དང། ཐུན་མོང་མ་ཡིན་པ་དང། དེ་ལས་གཞན་པ་ཁྱད་པར་ཡང་འཕགས་པའི་ཡོན་ཏན་ཁྱད་པར་ཅན་ངོ་མཚར ་མེད་དུ་བྱུང་བར་གྲགས་པ་དག་བསྟན་པ་གང་ཡིན་བའོ། །གཏན་ལ་ཕབ་བར་བསྟན་པའི་སྡེ་ཞེས་བྱ་བ་ནི་མདོ་སྡེ་འདྲེན་མད་བྱེད་ཅིང་།མདོ་སྡེ་རྣམ་པར་འཆད་པར་བྱེད་ཕ་མ་ལྟ་བུའི་ཆོས་མངོན་པ་ཐམས་ཅད་དོ། །གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་པོ་དེ་དག་ལ ་མདོ་སྡེ་ཡང་ཡོད། འདུལ་བ་དང་ཡོད། ཆོས་མངོན་པ་ཡང་ཡོད་དེ། དེ་ལ་རེ་ཞིག་མདོའི་སྡེ་དང། དབྱངས་ཀྱིས་བརྙད་བའི་སྡེ་དང། ལུང་བསྟན་པའི་སྡེ་དང། ཚིགས་སུ་བཅད་བའི་སྡེ་དང། ཆེད་དུ་བརྗོད་བའི་སྡེ་གང་ཡིན་པ་དེ་ནི་ཉན་ཐོས་ཀྱི་མདོ་སྡེའི་སྡེ་སྣོད།། ་ཤིན་ཏུ་རྒྱས་པའི་སྡེ་དང། རྨད་བྱུང་བའི་ཆོས་ཀྱི་སྡེ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་མདོ་སྡེའི་སྡེ་སྣོད་དོ། །གླེང་བཞིའི་སྡེ་དང། དེ་ལྟ་བ་བྱུང་བའི་སྡེ་དང། སྐྱེས་བ་རབས་ཀྱི་སྡེ་གང་ཡིན་པ་དེ་ནི་གཉིས་ཀའི་འདུལ་བའི་སྡེ་སྣོད་དོ། །གཏན་ལ་དབབ་པར ་བསྟན་བའི་སྡེ་གང་ཡིན་པ་དེ་ནི་གཉིས་ཀའི་ཆོས་མངོན་བའི་སྡེ་སྣོད་དོ། །སྐབས་ཁ་ཅིག་ནས་ནི་གླེང་གཞིའི་སྡེ་དང། གཏན་ལར་བབ་པར་བསྟན་བའི་སྡེ་མ་གཏོགས་པ་གཞན་བཅུ་ནི་གཉི་གའི་མདོ?་སྡེའི་སྡེ་སྣོད། །གླེང་གཞིའི་སྡེ་ནི་གཉི་གའི་འདུལ་བའི་སྡེ་སྣོད་དོ། ། ་གཏན་ལ་དབབ་བར་བསྟན་པའི་སྡེ་ནི་གཉི་གའི་ཆོས་མངོན་པའི་སྡེ་སྣོད་དོ་ཞེས་ཀྱང་བཤད་དོ། །གང་དག་བྱང་ཆུབ་སེམས་དཔའ་རྣམས་ལ་བཤད་པ་དེ་དག་ཅེས་བྱ་པས་ནི་ཐེག་པ་གཉིས་ལས་ཁྱད་དུ་འཕགས་པ་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཀྱིས་བསྡུས་པའི ་ཆོས་གདགས་པ་རྣམ་པར་བཞག་པ་ཡིན་པར་བསྟན་ཏོ། །དེ་ལྟར་ཆོས་གདགས་པ་རྣམ་པར་བཞག་པ་མདོར་བསྟན་པ་དང། རྒྱས་པར་བཤད་པ་བསྟན་ནས། དེ་ནི་དེ་ལ་ཇི་ལྟར་གནས་པས་གནས་པའི་རྒྱུ་བསྟན་བའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ ་སྟེ། །དེ་ལ་གནས་པ་ནི་ཐོས་པ་དད་བསམ་པའི་ཤེས་རབ་ཀྱི་སྟོབས་བསྐྱེད་བས་ལུད་གི་ཆོས་དེ་དག་ལ་གནས་པ་སྟེ། །དེའི་ཕྱིར་བྱང་ཆུབ་སེམས་དཔས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ལེགས་པར་ཐོས་ཞེས་བྱ་བ་ནི་ཚིག་དང་དོན་ཕྱིན་ཅི་མ་ལོག་པར ་ཐོས་བའོ། །ལེགས་པར་གཟུང་ཞེས་བྱ་བ་ནི་ཐོས་པ་དེ་ཉིད་མི་བརྗེད་པར་གཟུང་བའོ། །ཁ་ཏོན་བྱེད་བར་བྱས་ཞེས་བྱ་བ་ནི་བཟུང་བ་དེ་དག་རྣམ་པར་བཤད་པ་དང། །ཁ་ཏོན་དུ་གོམས་པར་བྱས་པ་སྟེ། དེ་དག་གིས་ཐོས་བའི་ཤེས་རབ་ཀྱི་སྟོབས་བསྐྱེད་བས་ལུང་གི ་ཆོས་དེ་དག་ལ་གནས་པ་བསྟན་ཏོ།། ཡིད་ཀྱི་ལེགས་པར་བརྟགས་ཞེས་བྱ་བ་ནི་ཁ་ཏོན་བྱང་བར་བྱས་པ་དེ་དག་རིགས་བས་ཡིད་ཀྱི་མངོན་སུམ་དུ་བྱས་པའོ། །མཐོང་བས་ཤིན་ཏུ་རྟོགས་པར་བྱས་ནས་ཞེས་བྱ་བ་ནི་ཡིད་ཀྱི་མངོན ་སུམ་དུ་བྱས་པ་དེ་དག་གི་ངེས་པའི་དོན་དང་།དྲང་བའི་དོན་གང་ཡིན་པར་རིགས་པས་བསྐྱེད་པའི་?་ལེགས་པར་རྟོགས་པར་བྱས་པ་སྟེ། དེ་དག་གིས་ནི་བསམ་བའི་ཤེས་རབ་ཀྱི་སྟོབས་བསྐྱེད་པས་ལུད་གྱི་ཆོས་དེ་དག་ལ་གནས་པ་བསྟན་ཏོ། །དེ་ལྟར ་སྦྱོར་བའི་རྒྱུ་བསྟན་པ་དེ་ནི་འཇིག་རྟེན་པ་ལས་ཁྱད་པར་དུ་འཕགས་པའི་ཐབས་ཀྱི་རྒྱུ་ཡིན་པས་འདིར་གཙོ་ཆེར་སྨོས་པར་ཟད་ཀྱི་།བྱང་ཆུབ་སེམས་པ་ཞི་གནས་ཡོངས་སུ་ཚོལ་བ་དང། ལྟག་མཐོང་ལ་མཁས་པར་འདོད་པས་ཏིང་ངེ་འཛིན་གྱི་ཚོགས་བསྲུང ་ཞིང་བསགས་པ་གཞན་དག་ལ་ཡང་ངེས་པར་སྦྱར་བར་བྱ་དགོས་ཏེ། དེ་ལ་ཏིང་ངེ་འཛིན་གྱི་ཚོགས་བསྲུང་ཞིང་བསགས་པ་གང་ཞེ་ན། དེ་ནི་རྣམ་པ་བཅུ་གསུམ་སྟེ། བདག་གི་འབྱོར་པ་དང། གཞན་གྱི་འབྱོར་བ་དང། དགེ་བའི་ཆོས་ལ་འདུན་པ་དང། ཚུལ ་ཁྲིམས་ཀྱི་སྡོམ་པ་དང། དབང་པོའི་སྡོམ་པ་དང། ཟས་ཀྱི་ཚོད་རིག་པ་ཉིད་དང། ནམ་གྱི་ཆ་སྡོད་དང་ནམ་གྱི་ཆ་སྨད་ལ་ནི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་ཉིད་དང། ཤེས་བཞིན་དུ་སྤྱོད་པ་ཉིད་དང། དགེ་བའི་བཤེས་གཉེན་དང། དམ་བའི་ཆོས་ཉན་ཅིང ་སེམས་པ་དང། བར་ཆད་མེད་པ་དང། གཏོང་བ་སྤེལ་བ་དང། དགེ་སྦྱོར་གྱི་རྒྱན་དང་ལྡན་པའོ། །དེ་དག་ནི་འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པའི་ལམ་གང་ཡང་རུང་བས་འདོད་ཆགས་དང་བྲལ་བར་གྱུར་བའི་ཏིང་ངེ་འཛིན་གྱི་ཚོགས་རྒྱ་ཆེར་བསྟན ་པ་ཡིན་ཏེ། དེ་དག་གིས་ཉམས་པར་གྱུར་བའི་ཆ་དང་མཐུན་པའི་ཆོས་རྣམས་ཡོངས་སུ་སྤངས་ཤིང་ཁྱད་པར་དུ་གྱུར་པ་ནི་ཆ་དང་མཐུན་པའི་ཆོས་རྣམས་ལ་སོ་སོར་བརྟེན་བས་དེའི་འོག་ཏུ་རབ་ཏུ་དབེན་པ་དང། སེམས་རྩེ་གཅིག་པ་ཉིད་ལ་ངེས་པར་སྦྱོད་བའི་རིམ་གྱིས ་ཞི་གནས་དང་ལྷག་མཐོང་གིས་དམིགས?་པ་ཡོངས་སུ་ཚོལ་བ་བསྟན་པར་བྱ་སྟེ། འདིར་དང་པོར་སྦྱོར་བའི་ལམ་གྱིས་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ཞིག་ནས་སྔོན་དུ་འགྲོ་བར་སྦྱར་རོ། །དེ་ལ་རབ་ཏུ་དབེན་པ་ལ་སྦྱོར་བ་བསྟན་བའི་དབང་དུ་མཛད་ནས་དེ་གཅིག་པུ ་དབེན་པར་འདུག་སྟེ་ཞེས་བྱ་བ་གསུངས་སོ། །དེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨོ། །གཅིག་བུ་ཞེས་བྱ་བ་ནི་ལུས་དབེན་བའོ། །དབེན་པ་ཞེས་བྱ་བ་ནི་སེམས་དབེན་པར་རོ། །འདུག་སྟེ་ཞེས་བྱ་བ་ནི་རབ་ཏུ་དབེན་པ་ལ་ངེས་པར་སྦྱོང་བའོ། །དེ་ལ་རབ་ཏུ་དཔེན་པ་གང ་ཞེ་ན། དེ་ནི་རྣམ་པ་གསུམ་སྡེ། གནས་ཕུན་སུམ་ཚོགས་པ་དང། སྦྱོད་ལམ་ཕུན་སུམ་ཚོགས་པ་དང། དབེན་པ་ཕུན་སུམ་ཚོགས་པའོ། །དེ་ལ་གནས་ཕུན་སུམ་ཚོགས་ཞེས་བྱ་བ་ལ། གནས་ནི་རྣམ་པ་གསུམ་སྟེ། དགོན་པ་དང། ཤིང་དྲུང་དང། ཁྱིམ ་གྱིས་སྟོང་བའོ། །དེ་ལ་དགོན་པ་ཞེས་བྱ་བ་ནི་གནས་མ་ལ་བླ་?་མེད་པ་དང། དུད་ཁྲོད་དང། བས་མཛའ་ཨོ། །ཤིང་དྲུང་ཞེས་བྱ་བ་ནི་ནག་འདབ་བོ། །ཁྱིམ་གྱིས་སྟོང་པ་ཞེས་བྱ་བ་ནི་གང་ན་ཁྱིམ་གྱི་གནས་བྱ་བ་མེད་པ་སྟེ། རི་ཁྲོད་དང། རི་ཕུག་དང། རྩཝ ་གསེབ་པོ་ཕུན་སུམ་ཚོགས་པ་རྣམ་པ་ལྔ་སྟེ། དང་པོ་ཁོ་?་གནས་དབྱིབས་སུ་ཤིས་བ་བསྟན་སྡུག་པ། མཛེས་པ། ཀུན་དགའ་རབ་དང་ལྡན་པ། ནགས་ཚལ་དང་ལྡན་པ། རྫིང་བུ་དང་ལྡན་པ། གཙང་བ། ཉམས་དགའ་བ། ཤག་ཤིག་མེད་པ། སྡོད ་དུམ་དང་ཚེར་མའི་གཞིམ་ཡིན་པ། །?་མི་དང། གསེག་མགྱོ་དུམ་མི་མང་བ་གང་དེས་མཐོང་ན་སྤང་བ་ལ་བརྩོན་པ་ལ་གནས་པར་བྱ་བའི་ཕྱིར་སེམས་མངོན་པ་དང་བར་གྱུར་ཅིང། སེམས་?་པོ་དང། རབ་ཏུ་དགའ་བས་སྤོང་བ་ལ་རབ་ཏུ་སྟོང་པར་བྱེད་པ ་གང་ཡིན་པ་དེ་ནི་གནས་ཕུན་སུམ་ཚོགས་པ་དང་པོ་ཡིན་ནོ། །གཞན་ཡང་ཉིན་མོ་ནི་སྡུག་པ་ཉུང་ལ། མཚན་མོ་སྒྲ་ཆུད་ཞིང་ཀླག་ཅོད?་ཉུང་བ་དང། ཤ་སྤང་དང་སྦྲང་བུ་མཆུ་རིང་དང། རླུང་དང། ཉི་མ་དང། སྡིག་སྤྲུལ་གྱི་དགེ་བ་ཉུང་བ་གང་ཡིན་པ་དེ་?་གནས ་ཕུན་སུམ་ཚོགས་པ་གཉིས་པ་ཡིན་ནོ། །གཞན་ཡང་སེངྒེ་དང། སྟག་དང་གུང་དང། ཆོམ་རྐུན་དང། ཕ་རོལ་གྱི་དམག་ཚོགས་དང། མི་དང། མི་ཡིན་པའི་འཇིགས་པ་དང། འཇིགས་སུ་རུང་བ་མེད་ཡིད་བརྟན་ཅིང་བག་ཚབ་? ་ལ་བདེ་བ་ལ་རེག་པར་གནས་པར་འགྱུར་བ་གང་ཡིན་པ་དེ་ནི་གནས་ཕུན་སུམ་ཚོགས་པ་ཚུམ་པ་ཡིན་ནོ། །གཞན་ཡང་གང་དུ་ཆོས་གསལ་སོག་པ་འཚོ་བའི་ཡོ་བྱར་རྐྱེན་དུ་འབབ་པ་གང་དག་ཡིན་པ་དེ་དག་ཚོགས་ཆུང་དུས་འགྲུབ་ཅིང། བསོད་? ་ལ་སོགས་པས་ལུས་ངལ་བ་མེད་བར་འཚོ་བར་འགྱུར་བ་གང་ཡིན་པ་དེ་ནི་གནས་ཕུན་སུམ་ཚོགས་པ་བཞི་པ་ཡིན་ནོ། །གཞན་ཡང་གང་དུ་དགེ་བའི་བཤེས་གཉན་གྱི་ཡོངས་སུ་ཟིན་པར་འགྱུར་ཅིང། གང་དག་དེ་ལམ་ཕྱེ་བའི་གནས་རྣམས་འབྱེད ་པར་བྱེད་ཅིང། བྱ་བ་རྣམས་ཀྱང་གསལ་བར་བྱེད་པ་དང། ཤེས་པ་དང་མཐོང་བ་རྣམ་པར་དག་པར་བྱ་བའི་ཕྱིར་ཟབ་མོའི་དོན་དང། ཚིག་ཤེས་རབ་ཀྱིས་སོ་སོར་བརྟགས་ནས་ལེགས་པར་རབ་ཏུ་སྟོན་པར་བྱེད་པ་དང། དེ་ལྟ་བུའི་ཚངས་པ་མཚུངས་? ་སྤྱོད་པ་མཁས་པ?་དག་གནས་པ་གང་ཡིན་པ་དེ་ནི་གནས་ཕུན་སུམ་ཚོགས་པ་ལྔ་པ་ཡིན་ཏེ། དེ་དག་གཅིག་ཏུ་བསྡུས་པ་ནི་གནས་ཕུན་སུམ་ཚོགས་པ་ཞེས་བྱ་བའོ། །དེ་ལ་སྤྱོད་ལམ་ཕུན་སུམ་ཚོགས་པ་གང་ཞེ་ན། གནས་ཕུན་སུམ་ཚོགས་པ་དེ་ཉིད་དུ ་ཉོན་མོ་འཆགས་པ་དང་འདུག་པ་དག་གིས་འབའ་?་བར་བྱེད་ཅིང། མཚན་མོའི་ཐུན་དང་པོ་ལ་ཡང་དེ་བཞིན་དུ་བྱེད་པ་དང། ཐུན་བར་མ་ལ་གློ་གཡས་པ་ཕབ་སྟེ། རྐང་པ་རྐང་བའི་སྟེང་དུ་བཞག་ནས་སྣད་བའི་འདུ་ཤེས་དང། དྲན་པ་དང་ཤེས་བཞིན་དང་ལྡན ་པ་ཁོ་ནའི་འདུ་ཤེས་ཡིད་ལ་བྱེད་བཞིན་དུ་?་ཕྲས་ཀྱིས་ཉལ་བར་བྱེད་བ་དང། ཐུན་ཐ་མ་ལ་མྱུར་བ་གྱུར་བ་ཁོ་ནར་ལངས་ཏེ་འཆག་པ་དང་འདུག་པ་དག་གིས་འདའ་བར་བྱེད་པ་དང། འཆག་པ་ན་ཡང་འཆགས་དཀྱུས་རིང་ཞིང་ཧ་ཅང་ཡང་མི་ཕྱེ་པར ་བྱས་པའི་ས་ཕྱོགས་སུ་འཇིག་རྟེན་དང་མི་འགལ་ཞིང་འདུག་པ་དང་མི་འགལ་བར་འགྲོ་བ་དང་ལྡོག་པ་དང་ལྡན་པའི་ལུས་ཀྱིས་ལས་ཀྱིས་ཅི་?་པར་འཆགས་པ་དང་འདུག་པ་ན་ཡོད?་སངས་རྒྱས་ཀྱིས་གནད་པའི་ཁྱིའམ་ཁྲིའུ་?། རྩ་བཏིང་བའི་སྟེང་དུ་སྐྱིལ་མོ་ཀྲུང ་བཅས་ཏེ་ལུས་དྲང་པོར་བསྲངས་ནས་དྲན་པ་ཕྱོགས་བར་བཞག་སྟེ་འདུག་བའོ།། དེ་ལ་ཅིའི་ཕྱིར་སྐྱིལ་མོ་ཀྲུང་བཅའ་ཞེ་ན། རྒྱུ་རྣམ་པ་ལྔའི་ཕྱིར་ཏེ། སྤྱོད་ལམ་ངོས་ལུས་ལེགས་པར་?་ནས་ཤིན་ཏུ་སྦྱངས་པ་སྐྱེ་བ་དང་སྤྱོད་ལམ་དེས་འདུག་པས་ཡུན ་རིང་དུ་གདའ་བར་བྱེད་ཅིང་ལུས་ངལ་བར་མི་འགྱུར་བ་དང། སྤྱོད་ལམ་དེ་གཞན་དུ་མུ་སྟེགས་ཅན་ལ་སོགས་པ་དང་ཐུན་མོང་མ་ཡིན་པ་དང། སྤྱོད་ལམ་དེས་འདུག་པ་གཞན་དག་གིས་མཐོང་ན་ཤིན་ཏུ་དང་བ་སྐྱེ་བ་དང། སྤྱོད་ལམ་དེས་སངས་རྒྱས་དང ་སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱིས་རྗེས་སུ་གནང་བ་ཡིན་པའི་ཕྱིར་རོ། །དེ་ལ་ལུས་དྲང་པོར་བསྲུང་བ་གང་ཞེ་ན། ལུས་ལ་བག་ཡོངས་དྲང་པོར་བཞག་པ་དང། སེམས་ལ་གཡ་དང་ཚུལ་འཆོས་པ་མེད་པར་དྲང་པོར་བཞག་བའོ། །དེ་ལ་ལུས་བག་ཡོངས་སུ ་དྲང་པོར་བཞག་པས་ནི་ནང་གི་རྨུགས་བ་དང་གཉེད་ཀྱི་སེམས་ཡང་དག་པར་བླངས་ཏེ་མི་གནས་ལ་སེམས་ལ་གཡོ་དང་ཚུལ་འཆོས་པ་མེད་པར་དང་པོར་བཞག་པས་ནི་ཕྱི་རོལ་ཏུ་རྣམ་པར་གཡེང་བ་དང། རྒད་པའི་སེམས་ཡང་དག་པར་བླངས་ཏེ་མི ་གནས་སོ། །དྲན་པ་ཕྱོགས་པར་བཞག་སྟེ་ཞེས་བྱ་བ་ནི་དྲན་བའི་ཕྱིར་ཕྱོགས་པ་དང། མངོན་དུ་ཕྱོགས་པར་བཞག་པ་སྟེ། ཆུལ་བཛིན་ཡིད་ལ་བྱེད་པ་དང་ལྡན་པའི་དྲན་པ་ནི་ནག་པོའི་ཕྱོགས་ཐམས་ཅད་ཕྱིར་ཕྱོགས་པ་ཡིན་པ་དང། ཏིང་ངེ་འཛིན་གྱི་མཚན ་མ་ལ་དམིགས་པའི་དྲན་པ་ནི་མཉམ་པར་བཞག་པའི་ས་བའི་དམིགས་པ་ཐམས་ཅད་ལ་མངོན་དུ་ཕྱོགས་པ་ཡིན་པས་དེ་ལྟར་ངན་བའི་ཕྱིར་ཕྱོགས་པ་དང། མངོན་དུ་ཕྱོགས་པར་བཞག་པ་ནི་དྲན་པ་ཕྱོགས་པར་བཞག་པ་ཞེས་བྱ་སྟེ། དེ་ནི་སྤྱོད་ལམ ་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེ་ལ་དབེན་པ་ཕུན་སུམ་ཚོགས་པ་གང་ཞེ་ན། རྣམ་པ་གཉིས་ཏེ། ལུས་དབེན་པ་དང། སེམས་དབེན་པའོ། །དེ་ལུས་དབེན་པ་ནི་ཁྱིམ་ན་གནས་པ་དང། རབ་ཏུ་བྱུང་བ་རྣམས་དང་གཉིས་ལྡན་ཅིག་? ་གནས་པའོ།། སེམས་དབེན་པ་ནི་ཉོན་མོངས་པ་ཅན་དང། ལུད་དུ་མ་བསྟན་བའི་ཡིད་ལ་བྱེད་པ་སྤངས་ཏེ་མཉམ་བར་བཞག་པའི་ས་པ་འམ། ཏིང་འཛིན་གྱི་ཚོགས་ཀྱི་སྦྱོར་བ་ལས་བྱུང་བའི་ཡིད་ལ་བྱེད་པ་དག་བ་དོན་དང་ལྡན་པ་སྒོམ་པར་བྱ? ་བ་སྟེ། དེ་ནི་རབ་ཏུ་དབེན་པ་ལ་ངེས་པར་སྦྱོར་བ་ཞེས་བྱའོ། །དེའི་འོག་ཏུ་སེམས་རྩེ་གཅིག་པ་ཉིད་ལ་ངེས་པར་སྦྱོར་བ་བསྟན་བའི་དབང་དུ་མཛད་ནས། ནང་དུ་ཡང་དག་གཞག་ནས་ཞེས་བྱ་བ་གསུངས་སོ། །དེ་ལ་ནང་དུ་ཡང་དག་འཇོག་ཙམ་བྱ་བ་ནི ་ཏིང་ངེ་འཛིན་ཞེས་ཀྱང་བྱ། །དགེ་བའི་སེམས་རྩེ་གཅིག་པ་ཞེས་ཀྱང་བྱ་སྟེ། ང་ཡང་དང་ཡང་དུ་རྗེས་སུ་དྲན་པ་དང་ཆ་མཐུན་པ་ལ་དམིགས་པ་དང། རྒྱུ་དང་ལྡན་པ་དང། ཁ་ན་མ་ཐོ་བ་མེད་པ་དང་ལྡན་པ་དང། དགའ་བ་དང་ལྡན་བའི་སེམས་ཀྱི་རྒྱུན་གང ་ཡིན་བའོ།། དེ་ལ་ཡང་དང་ཡང་དུ་རྗེས་སུ་དྲན་བའི་སེམས་ཀྱི་?་ཞེས་བྱ་བ་ནི་མདོའི་སྡེ་ལ་སོགས་པ་ཆོས་གང་དག་ཉན་ཅིང་གཟུང་བ་དང། བླ་མ་ལ་གདམས་དག་དང་རྗེས་སུ་བསྟན་པ་ཐོབ་པ་གང་ཡིན་པ་དེའི་དབང་དུ་བྱས་ནས་མཉམ་པར་བཞག་པའི ་ས་པའི་མཚན་མ་མངོན་དུ་བྱས་ཏེ། དམིགས་པ་དེ་ལ་རྒྱུན་དང་ལྡན་པའི་དྲན་པས་རྗེས་སུ་འཇུག་པར་བྱེད་ཅིང་ཉེ་བར་གཏོད་པར་བྱེད་པའོ།། ཆ་མཐུན་བ་ལ་དམིགས་པའི་སེམས་ཀྱི་རྒྱུན་ཞེས་བྱ་བ་ནི་མཉམ་པར་བཞག་པའི་ས་པའི་དམིགས་པ་རྣམ་པ ་དུ་མ་རྣམ་པ་མང་པོ་སྣ་ཚོགས་གང་དག་ཡིན་པ་དེ་དག་ནི་ཤེས་བྱའི་དངོས་པོ་དང་ཆ་མཐུན་པ་སེམས་ཀྱི་གཟུགས་བརྙན་རང་རིག་པ་ཡིན་པས་ཤེས་བྱའི་དངོས་པོ་དང་ཆ་མཐུན་པ་ཞེས་བྱ་སྟེ། ཆ་མཐུན་བའི་དམིགས་པ་དེ་ལ་མཉམ་པར་བཞག་པའི་ས་བའི ་སེམས་ཀྱིས་དམིགས་པར་བྱེད་པའོ། །རྒྱུན་དང་ལྡན་པའི་སེམས་ཀྱི་རྒྱུན་ཞེས་བྱ་བ་ནི་དམིགས་པ་དེ་ལ་དྲན་པ་རྣམ་པར་གཡེང་བ་མེད་པ་དང། རབ་ཏུ་འཆད་པ་མེད་པ་དང། རྒྱུན་ཆགས་པ་དང། རྟག་ཏུ་གུས་པར་འཇུག་པ་གང་ཡིན་པའོ། །ཁོ་ན་མ་ཐོ་བ་མེད ་པ་དང་ལྡན་པའི་སེམས་ཀྱིས་རྒྱུན་ཞེས་བྱ་བ་ནི་དམིགས་པ་དེ་ཉིད་ལ་ཉོན་མོངས་པ་མེད་ཅིང་བདེ་བ་ལ་རེག་པར་གནས་པའི་དྲན་པས་ལམ་དུ་ཞུགས་པ་གང་ཡིན་པའོ། །དགའ་བ་དང་ལྡན་པའི་སེམས་ཀྱི་རྒྱུན་ཞེས་བྱ་བ་ནི་དམིགས་པ་དེ་ཉིད་ལ་མངོན་པར ་དགའ་?་ཞིང་བདེ་བ་ལ་རེག་པར་གནས་པའི་དྲན་པ་ལ་མང་དུ་ཞུགས་པ་གང་ཡིན་པའོ། །སེམས་རྩེ་གཅིག་པ་ཉིད་དེ་ལ་ཡང་ཞི་གནས་ཀྱི་ཕྱོགས་ཀྱང་ཡོད། ལྷག་མཐོང་གི་ཕྱོགས་ཀྱང་ཡོད་དེ། དྲི་ལ་སེམས་གནས་པ་དགུ་གན་ཡན་པ་དེ་ནི་ཞི ་གནས་ཀྱི་ཕྱོགས་སོ། །ཤེས་རབ་ཀྱི་སྦྱོར་པ་བཞི་གང་ཡིན་པ་དེ་ནི་ལྷག་མཐོང་གི་ཕྱོགས་ཏེ། དེ་ནི་སེམས་རྩེ་གཅིག་པ་ཉིད་ལ་ངེས་པར་སྦྱར་བའི་རིམ་གྱིས་སྦྱོར་པའི་ལམ་གྱི་ཞི་གནས་སྔོན་དུ་བཏང་སྟེ་དམིགས་པ་ཡོངས་སུ་བཅལ་ནས། ད་ནི་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན ་བའི་རྒྱུ་དང་ཏིང་ངེ་འཛིན་གྱི་ཚོགས་ལ་གནས་ནས་རབ་ཏུ་དབེན་པ་དང། སེམས་རྩེ་གཅིག་པ་ཉིད་ལ་ངེས་པར་སྦྱར་བའི་རིམ་གྱིས་སྦྱོང་པའི་ལམ་གྱི་ཞི་གནས་སྟེ་དམིགས་པ་ཡོངས་སུ་བཙལ་ནས། ད་ནི་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན ་གྱི་དམིགས་པ་ཐོབ་པ་དང། སྦྱོར་བའི་ལམ་གྱི་ཡང་ལ་བྱེད་པས་རབ་ཏུ་ཕྱེ་བའི་ལྷག་མཐོང་གི་ལམ་སྐྱེ་བ་བསྟན་པའི་དབང་དུ་མཛེད་ནས། ཇི་ལྟར་ལེགས་པར་བསམ་བའི་ཆོས་དེ་དག་ཉིད་ཡིད་ལ་བྱེད་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར ་ལེགས་པར་བསམས་པའི་ཆོས་དེ་དག་ཉིད་ཅེས་བྱ་བ་ནི་སྔར་ཆོས་གདགས་པ་རྣམ་པར་བཞག་པ་གང་དག་ལེགས་པར་ཐོས། ལེགས་པར་བཟུང། ཁ་ཏོན་བྱང་བར་བྱས་།ཡིད་ཀྱིས་ལེགས་པར་བརྟགས། མཐོང་བས་ཤིན་ཏུ་རྟོགས་པར་བྱས་པའི་ཆོས་དེ ་དག་ཉིད་དོ། །ཡིད་ལ་བྱེད་ཅིང་ཞེས་བྱ་བ་ནི་སྔར་ཤེས་བྱའི་དངོས་པོའི་མཚན་མ་བཟུང་སྟེ། ཇི་ལྟར་ལེགས་པར་བཟད་བའི་ཆོས་དེ་དག་ཉིད་ལ་བརྟེན་ནས་མཉམ་པར་བཞག་པའི་ས་བའི་མོས་པ་ཡིད་ལ་བྱིས་པའི་?་མཐུས་རྣམ་པར ་རྟོག་པ་དང་བཅས་པའི་གཟུགས་བརྙན་གྱི་དམིགས་པ་ཐོབ་པ་ལ་སྦྱོར་བའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ལྷག་མཐོང་གི་ཕྱོགས་ཀྱི་ཡིད་ལ་བྱེད་པ་བཞི་པོ་བསྒྲིམས་ཏེ་འཇུག་པའི་ཡིད་ལ་བྱེད་པ་དང། སྐབས་སུ་འཆག་ཅིང་འཇུག་པའི་ཡིད ་ལ་བྱེད་པ་དང། སྐབས་སུ་འཆད་པ་མེད་པར་འཇུག་པའི་ཡིད་ལ་བྱེད་པ་དང། རྩོལ་བ་མེད་པར་འཇུག་པའི་ཡིད་ལ་བྱེད་བདག་གིས་ཅི་རིག་པར་ཡིད་ལ་བྱེད་པའོ། །དེ་ཙམ་གྱིས་ན་རྣལ་འབྱོར་པ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་གྱི ་དམིགས་པ་ཐོབ་པ་དང། སྦྱོར་བའི་ལམ་གྱི་ཡིད་ལ་བྱེད་བས་རབ་ཏུ་ཕྱེ་བའི་ལྷག་མཐོང་གི་ལཾ་སྐྱེས་པ་ཡིན་ཏེ། དེའི་དུས་ན་ནི་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ལ་དམིགས་པ་ཡིན་ནོ། །དེའི་འོག་ཏུ་དམིགས་བ་འཐོབ་པ་དེ་ཉིད་ལ་ཞི ་གནས་ཀྱི་རྣམ་པས་སེམས་རྩེ་གཅིག་ཏུ་མཉམ་པར་འཇོག་པའི་དུས་ན་རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་དམིགས་པ་འཐོབ་པ་དང་ཡིད་ལ་བྱེད་པ་ཐོབ་པའི་ལམ་གྱི་རབ་ཏུ་ཕྱེ་བ་མཚན་མའི་གཡེད་བ་ཞི་བའི་ཞི་གནས་ཀྱི་ལམ་ཀྱེ་བ་བསྟན་བའི ་དབང་དུ་མཛད་ནས། སེམས་གང་གི་ཡིད་ལ་བྱེད་པའི་སེམས་དེ་ནང་དུ་རྒྱུན་ཆགས་ཡིད་ལ་བྱེད་པས་ཡིད་ལ་བྱེད་དོ་ཞེས་བྱ་བ་གསུངས་ཏེ། སེམས་གང་གིས་ཡིད་ལ་བྱེད་པའི་སེམས་དེ་ཞེས་བྱ་བ་ནི་སྔར་སྦྱོར་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ ་ཕྱེ་བའི་ལྷག་མཐོང་གི་རྣམ་པའི་སེམས་གང་གིས་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་གྱི་དམིགས་པ་ཐོབ་པ་ལ་ལྷག་མཐོང་གི་ཕྱོགས་ཀྱི་ཡིད་ལ་བྱེད་པ་བཞིས་ཅི་རིགས་པར་ཡིད་ལ་བྱེད་བའི་སེམས་དེ་ཉིད་དོ། །ནང་དུ་རྒྱུན་ཆགས་ཡིད་ལ ་བྱེད་བས་ཡིད་ལ་བྱེད་དོ་ཞེས་བྱ་ལ་ནང་དུ་ཞེས་བྱ་བ་ནི་ཞི་གནས་ཀྱི་རྣམ་པས་སེམས་རྩེ་གཅིག་ཏུ་མཉམ་པར་འཇོག་པ་སྟེ། དེ་ཡང་ལྷག་མཐོང་གི་རྣམ་པའི་སེམས་དེ་དང་དེས་མོས་པ་ཡིད་ལ། བྱས་པ་ལས་བྱུང་བ་རྣམ་པར་རྟོགས་པ་དང་བཅས་པའི་གཟུགས་བརྙན་བློ? ་ལ་སྣང་བ་དེ་གཉིས། སྦྱོར་བའི་ལམ་གྱི་གནས་སྐབས་དོན་གཟུང་བ་དང་འཛིན་པའི་རྣམ་པ་ལྟ་བུར་གཉིས་སུ་སྣང་བ་དེ་ལ་གཉིས་སུ་མེད་པར་སེམས་ཀྱི་ངོ་བོ་ཉིད་དུ་དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་གཟུགས་བརྙན་གྱི་དམིགས་པ་མ་བཏང་བའི་སེམས་དེ་ཉིད་ལ་?་ཞི་གནས ་ཀྱི་རྣམ་པས་རང་རིག་པའི་ཚུལ་དུ་མཉམ་པར་འཇོག་གོ་ཞེས་བྱ་བའི་ཐ་ཚིག་གོ། རྒྱུན་ཆགས་སོ་ཞེས་བྱ་བ་ནི་ཞི་གནས་དེ་ཉིད་ལ་སྐབས་སུ་འཆད་པ་མེད་པར་འཇུག་པའི་ཡིད་ལ་བྱེད་པས་རྒྱུད་གཅིག་ཏུ་བྱེད་པའི་དོན་ཏོ། །དེ་ཡང་རྣལ་འབྱོར་བ་དབང་པོ་རྣོན་པོ ་སེམས་ལས་སུ་རུང་བའི་ཤས་ཆེ་བ་དག་ནི་དང་པོ་ཞི་གནས་ཀྱི་སེམས་རྩེ་གཅིག་པ་དེ་ཉིད་ལ་བརྟེན་ནས་བརྩོན་འགྲུས་ཀྱི་སྟོབས་དང། སྐབས་སུ་འཆད་པ་མེད་པར་འཇུག་པའི་ཡིད་ལ་བྱེད་པས་རྒྱུད་གཅིག་ཏུ་བྱེད་བའི་དབང་གིས་ཡོངས་སུ་འདྲིས་པའི་སྟོབས ་དང་།ལྷུན་གྱིས་གྲུབ་པར་འཇུག་པའི་ཡིད་ལ་བྱེད་པ་འཐོབ་ཅིང་ཐལ་བྱུང་ཏིང་ངེ་འཛིན་དུ་བྱེད་པས་རྒྱུན་ཆགས་སུ་ཡིད་ལ་བྱེད་དོ། །རྣལ་འབྱོར་བ་དབང་པོ་རྟུལ་པོ་སེམས་ལས་སུ་རུང་པའི་ཤས་མི་ཚ་བ་དག་ནི་དང་པོ་ཞི་གནས་ཀྱི་སེམས་རྩ་གཅིག་པ་དེ་ལ ་བརྟན་ནས་སེམས་གནས་པ་དག་དང། སྟོབས་དྲུག་དང་ཡིད་ལ་བྱེད་པ་བཞི་སྔར་བསྟན་པའི་རིམ་པ་ཁོ་ན་བཞིན་དུ་རྒྱུན་ཆགས་སུ་ཡིད་ལ་བྱེད་ཅིང་ཐ་མར་ཏིང་ངེ་འཛིན་དུ་བྱེད་དེ། དེ་ནི་ཡིད་ལ་བྱེད་བ་ཐོབ་པའི་ལམ་གྱིས་རབ་ཏུ་ཕྱེ་?་མཚན་མའི་གཡོད?་བ་ཞི་བའི ་ཞི་གནས་ཀྱི་ལམ་ནང་གི་སེམས་རྩེ་གཅིག་ལ་ཉིད་ཀྱི་ངོ་བོ་ཉིད་དང་རབ་ཏུ་དབྱེ་བ་ཡིན་ནོ། །དེ་ཙམ་གྱིས་ན་རྣལ་འབྱོར་པ་རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་དམིགས་པ་འཐོབ་པ་དང། ཡིད་ལ་བྱེད་པ་ཐོབ་བའི་ལམ་གྱིས་རབ་ཏུ་ཕྱེ་བའི་ཞི་གནས་ཀྱི་ལམ་སྐྱེས ་པ་ཡིན་ཏེ། དེའི་དུས་ན་ནི་རྣམ་པར་མི་རྟོག་བའི་གཟུགས་བརྙན་ལ་དམིགས་པ་ཡིན་ནོ། །དེའི་འོག་ཏུ་དེ་ལྟར་ཡིད་ལ་བྱེད་པ་ཐོབ་པའི་ལམ་གྱིས་རབ་ཏུ་ཕྱེ་བ་མཚན་མའི་གཡེང་བཞི་བའི་ཞི་གནས་ཀྱི་ལམ་ནང་གི་སེམས་ཅེན་གཅིག་པ་ཉིད ་ཡངས་པ་དང། འཕེལ་བ་དང་རྒྱས་པར་གྱུར་བ་དེའི་མཇུག་ཐོགས་སུ་སྦྱོར་བ་མཐར་ཐུག་བའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བ་གནས་དན་ལེན་གྱི་གཡེད་བཞི་བའི་ཞི་གནས་ཀྱི་ལམ་ལུས་དང་སེམས་ཤིན་ཏུ་སྦྱངས་བའི་ངོ་བོ་ཉིད་རབ་ཏུ་དབྱེ་བ ་པའི་དབང་དུ་མཛད་ནས་དེ་ལྟར་ཞུགས་ཤིང་དེ་ལ་ལན་མང་དུ་གནས་པ་དེ་ལ་ལུས་ཤིན་ཏུ་སྦྱངས་པ་དང། སེམས་ཤིན་ཏུ་སྦྱངས་པ་འབྱུང་བ་གང་ཡིན་པ་དེ་ནི་ཞི་གནས་ཞེས་བྱ་སྟེ་ཞེས་བྱ་བ་གསུངས་ཏེ། དེ་ལྟར་ཞུགས་ཤིང་ཞེས་བྱ་བ་ནི་ཡིད་ལ་བྱེད་པ་ཐོབ ་བའི་ལམ་གྱིས་རབ་ཏུ་ཕྱེ་བ་མཚན་མའི་གཡེང་བཞི་བའི་ཞི་གནས་ལམ་ནང་གི་སེམས་རྩེ་གཅིག་པ་ཉིད་དུ་ཞུགས་པའོ། །དེ་ལ་ལན་མང་དུ་གནས་པ་ཞེས་བྱ་བ་ནི་མཚན་མའི་གཡེང་བ་ཞི་གནས་ཀྱི་ལམ་ནད་གི་སེམས་རྩེ་གཅིག་པ་ཉིད་དེ་ཡངས་པ ་དང། འཕེལ་བ་དང་རྒྱས་བར་གྱུར་བ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ཡང་སེམས་གནས་པ་དགུ་དང། སྟོབས་དྲུག་དང། ཡིད་ལ་བྱེད་པ་བཞི་པོ་དག་ཀུན་ཏུ་བསྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་བའི་རྒྱུས་ཐ་མར་ཡོངས་སུ་འདྲིས་པའི་སྟོབས་དང། ལྷུན ་གྱིས་གྲུབ་པའི་འཇུག་པའི་ཡིད་ལ་བྱེད་པ་ཐོབ་ཅིང་ཏིང་ངེ་འཛིན་དུ་བྱེད་ནུས་བའི་དུས་དང་སྦྱར་རོ། །དེ་ལ་ལུས་ཤིན་ཏུ་སྦྱངས་པ་དང། སེམས་ཤིན་ཏུ་སྦྱངས་པ་དང། འབྱུང་བ་ཞེས་བྱ་བ་ནི་སྦྱོར་བ་མཐར་ཐུག་པའི་ལམ་གྱིས་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བ་གནས་དོན ་ལེན་གྱི་གཡེང་བཞི་བའི་ཞི་གནས་ཀྱི་ལམ་གྱི་ངོ་བོ་ཉིད་ཡིན་ཏེ། དེ་ལ་ལུས་ཤིན་ཏུ་སྦྱངས་པ་ཞེས་བྱ་བ་ནི་ལུས་དབེན་པ་ལས་སྐྱེས་པ་ལུས་གྱི་གནས་ངན་ལེན་གྱི་གཉེན་པོ་ལུས་ཐོ་མདོག་བདེ་བའོ། །སེམས་ཤིན་ཏུ་སྦྱངས་པ་ཞེས་བྱ་བ་ནི་སེམས་དཔེན་བ ་ལས་སྐྱེས་པ། སེམས་ཀྱི་གནས་ངན་ལེན་གྱི་གཉེན་པོ་སེམས་ལས་སུ་རུང་བའོ། །ཡང་གཉེན་པོ་ཆོས་ཡིད་ལ་བྱེད་བའི་རྣམ་པ་ཐོས་པས་བསྒོམ་པས་སྤང་པར་བྱ་བའི་ཉོན་མོངས་པ་བསྲབས་པའི་ཕྱིར་ལས་ཤིན་ཏུ་སྦྱངས་པ་ཡིན་ལ་མཐོང་བས་སྤང་བར་བྱ་བ? ་ཉོན་མོངས་པ་བསྲབས་བའི་ཕྱིར་སེམས་ཤིན་ཏུ་སྦྱངས་པ་ཡིན་ཏེ། ལུས་ངལ་པ་མེད་པའི་ཕྱིར་དང། སེམས་ཡོངས་སུ་གདུད་བ་མེད་པའི་ཕྱིར་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཞེས་ཀྱང་བྱའོ། །ད་ནི་ཞི་གནས་ཞེས་བྱ་སྟེ་ཞེས་བྱ་བ་ནི་མཚན་?་གཡེང ་བཞི་བའི་ཞི་གནས་ཀྱི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ལྷག་མཐོང་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ལ་དམིགས་པའི་གནས་སྐབས་ན་ཇི་ཙམ་དུ་གོམས་པ་དང། ཡོངས་སུ་དག་པའི་སྟོབས་ཀྱི་དབང་བྱས་ཏེ། ཡངས་པ་དང ་འཕེལ་པ་དང། རྒྱས་པར་གྱུར་བ་དེ་ཙམ་དུ་ཡིད་ལ་བྱེད་པ་ཐོབ་པའི་ལམ་གྱིས་རབ་ཏུ་ཕྱེ་བ་མཚན་མའི་གཡེང་བཞི་བའི་ཞི་གནས་ལམ་ངན་གྱི་སེམས་རྩེ་གཅིག་པ་ཉིད་ཀྱང་ཡངས་པ་དང། འཕེལ་བ་དང། རྒྱས་པར་གྱུར་ལ། ཇི་ཙམ་དུ་ནང་གི་སེམས ་རྩེ་གཅིག་བ་ཉིད་དེ་ཡངས་པ་དང། འཕེལ་བ་དང། རྒྱས་པར་གྱུར་བ་དེ་ཙམ་དུ་དེའི་མཇུག་ཐོགས་སུ་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བ་གནས་ངན་ལེན་གྱི་གཡང་བཞི་བཞི་བཞི་གནས་ཀྱི་ལམ་ལུས་དང་སེམས་ཤིན་ཏུ་སྦྱངས ་པ་སྐྱེ་བ་ཡང་ཡངས་པ་དང། འཕེལ་བ་དང། རྒྱས་པར་འགྱུར་རོ། །ཇི་ཙམ་དུ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་དེ་ཡངས་པ་དང། འཕེལ་བ་དང། རྒྱས་པར་གྱུར་བ་དེ་ཙམ་དུ་ན་ནང་གི་སེམས་རྩེ་གཅིག་པ་དེ་སྐབས་འདིར་ཡང་ཡངས་པ་དང། འཕེལ ་བ་དང། རྒྱས་པར་འགྱུར་ཏེ། དེ་ལྟར་ན་ཆོས་གཉིས་པོ་ནད་གི་སེམས་རྩེ་གཅིག་པ་ཉིད་དང། ལུས་དང་སེམས་ཤིན་ཏུ་སྦྱངས་བ་དེ་གཉིས་ནི་གཅིག་ལ་གཅིག་བརྟེན་པ་དང། གཅིག་ལ་གཅིག་དག་ལས་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་ན་བྱང་ཆུབ ་སེམས་དཔའ་ཞི་གནས་ཡོངས་སུ་ཚོལ་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བའི་ཚིག་ཡིན་ཏེ། དེ་ལྟར་ན་ཞེས་བྱ་བའི་སྒྲས་ནི་བྱང་ཆུབ་སེམས་དཔའ་ཆོས་ཡིད་ལ་བྱེད་པ་ཁོ་ནས་ཞི་གནས་ཡོངས་སུ་ཚུལ་བར་བྱེད་བ་ཡིན་གྱི ་གཞན་གྱིས་ནི་མ་ཡིན་ནོ་ཞེས་ངེས་པར་འབྱེད་དོ། །ཞི་གནས་ཞེས་བྱ་བའི་ཚིག་གི་དོན་ནི་མཚན་མའི་གཡེང་བ་དང། གནས་ངན་ལེན་གྱི་གཡེང་བ་ཞི་བའི་གནས་ཏེ། སེམས་རྩེ་གཅིག་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། ཡོངས་སུ་ཚོལ་བ་ཞེས་བྱ་བ་ནི་སྦྱོར ་བའི་རྒྱུ་ཡོངས་སུ་ཚོལ་བའི་མ་ཡིན་གྱི་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བ་ཡོནས་སུ་ཚོལ་བ་སྟེ། དེ་ཙན་གྱིས་ན་ཞི་གནས་ཐོབ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཞི་གནས་ཡོངས་སུ་ཚོལ་བ་བསྟན་ནས། ད་ནི་བྱང་ཆུབ་སེམས ་དཔའ་ཇི་ལྟར་ལྷག་མཐོང་ལ་མཁས་པ་བསྟན་བའི་དབང་དུ་མཛད་ནས། དེ་ལུས་ཤིན་ཏུ་སྦྱངས་པ་དང། སེམས་ཤིན་ཏུ་སྦྱངས་བ་དེ་ཐོབ་ནས་ཞེས་བྱ་ལ་སོགས་པ་གསུངས་ཏེ། དེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨོ། །ལུས་ཤིན་ཏུ་སྦྱངས་པ་དང། སེམས ་ཤིན་ཏུ་སྦྱངས་པ་དེ་ཐོབ་ནས་ཞེས་བྱ་བ་ནི་སྦྱོར་བ་མཐར་ཐུག་བའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ཞི་གནས་ཀྱི་ལམ་འཐོབ་ནས་ཞེས་བྱ་བར་སྦྱར་རོ། །དེ་ཉིད་ལ་གནས་ཏེ་ཞེས་བྱ་བ་ནི་སྦྱོར་བ་མཐར་ཐུག་བའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་བྱེ་བའི ་ཞི་གནས་ཀྱི་ལམ་དེ་ཉིད་ལ་གནས་ཏེ། སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ལྷག་མཐོང་གི་ལམ་ལ་མཁས་པར་བྱའོ་ཞེས་བསྟན་ཏོ། །དེ་ཡང་མཉམ་པར་བཞག་བའི་ས་བའི་སེམས་ལ་གནས་བའི་དུས་ན་ཞི་གནས་དང ་ལྷག་མཐོང་གནས་སྐབས་ཐ་དད་པ་མ་ཡིན་ཏེ། རྟག་ཏུ་འབྲེལ་མར་བྱུང་བ་ཡིན་མོད་ཀྱི་ཟུང་དུ་འབྲེལ་པའི་ལམ་མ་ཐོབ་གྱི་བར་དུ་ཤས་ཆེ་ཆུང་གི་དབང་དུ་མཛད་པ་དང། མཉམ་པར་བཞག་པ་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཡང་དག་པ ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཐོང་བར་གྱུར་བའི་རིམ་པ་བསྟན་པར་བྱ་བ་དང། ཞི་གནས་ཀྱི་སེམས་དེ་ཉིད་ལ་ལྷག་མཐོང་གི་བྱ་བ་ཇི་ལྟ་བུ་ཡིན་པ་བསྟན་པའི་ཕྱིར། འདིར་ཞི་གནས་དེ་ཉིད་ལ་གནས་ཏེ་ཞེས་བྱ་བ་སྨོས་སོ། །སེམས་ཀྱི་རྣམ་པ་སྤངས་ནས་ཞེས་བྱ་བ་ལ ་སེམས་ཀྱི་རྣམ་པ་ཞེས་བྱ་བའི་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ཞི་གནས་ཀྱི་ལམ་དེའི་དམིགས་པ་རྣམ་པར་མི་རྟོག་པའི་གཟུགས་བརྙན་བློ་ལ་དམིགས་པའི་རྣམ་བར་སྣང་བའོ། །དེ་སྤངས་བ་ནི་རྣམ་པ་དེ་ལ་སྦྱོར་བ་མཐར་ཐུག ་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ལྷག་མཐོང་གི་བརྟགས་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་པ་མེད་པར་གཞན་གྱི་དབང་གི་ངོ་བོ་ཉིད་ཡིན་པར་སེམས་ཙམ་དུ་དེ་ཁོ་ན་ཉིད་ཡིན་ལ་བྱེད་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཡང ་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཐོང་བའི་དུས་ན་སེམས་ཀྱིས་རྣམ་པ་སྤངས་པ་ཞེས་བྱའོ། །འོ་ན་རྟོགས་པའི་གནས་སྐབས་ན་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱི་ཆོས་ནི་རྣམ་པ་མེད་པ་ཡིན་ལ། དེ་རབ་ཏུ་རྣམ་པར་འབྱེད་པར་བྱེད་པའི་ལྷག་མཐོང་གི ་སེམས་ནི་ཤེས་རབ་ཀྱི་སྤྱོད་པ་བཞི་དང་སྒོ་གསུམ་དང་བཞི་རབ་ཏུ་དབྱེ་བ་རྣམ་པ་དྲུག་ལ་དམིགས་པའི་རྣམ་པ་དང། བཅས་པ་ཡིན་ན། ཇི་ལྟར་རྣམ་པ་མེད་པའི་ཆོས་རྣམས་རྣམ་པ་དང་བཅས་པའི་སེམས་དང་གཅིག་ཏུ་བྱས་ཏེ། སོ་སོར་བརྟགས་པ་དང། ་མོངས་པར་བྱར་རུང་ཞེས། དམིགས་པར་བྱ་བའི་སེམས་དང། དམིགས་པར་བྱེད་པའི་སེམས་ཀྱིས་རྣམ་པ་གཉིས་ཡོད་པ་མ་ཡིན་ཏེ། སེམས་ཀྱི་ངོ་བོ་ཉིད་ལ་སེམས་ཀྱི་ངོ་བོ་ཉིད་ཀྱིས་རང་རིག་པའི་ཚུལ་དུ་དམིགས་པ་ཡིན་པས་ཡུལ་དང་ཡུལ་ཅན་ལྟ་བུར་མི ་འགྱུར་ཏེ། དེ་ནི་འཕགས་པ་སོ་སོ་རང་རིག་པའི་ཤེས་པ་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་བའི་ངོ་བོ་ཉིད་ཡིན་པར་བཞེད་དོ་ཞེས་སྟོན་ཏོ། །ཇི་ལྟར་བསམས་པའི་ཆོས་དེ་དག་ཉིད་ཅེས་བྱ་བ་ནི་སྔར་ཆོས་གདགས་བར་རྣམ་པར་བཞག་པ་གང་ལེགས ་བར་ཐོས་ལེགས་པར་གཟུང། ཁ་ཏོན་བྱང་བར་བྱས། ཡིད་ཀྱིས་ལེགས་པར་བརྟགས། མཐོང་བས་ཤིན་ཏུ་རྟོགས་པར་བྱས་པའི་ཆོས་དེ་དག་ཉིད། དེ་ཡང་དང་པོ་དམིགས་པ་ཡོངས་སུ་ཚོལ་བའི་དུས་ན་ཤེས་བྱ་བའི་དངོས་པོ ་མཚན་མ་བཟུང་སྟེ། ཆོས་དེ་དག་ལ་བརྟེན་ནས་མོས་པ་ཡིད་ལ་བྱས་བའི་མཐུས་རྣམ་པར་རྟོག་པ་དང་བཅས་བའི་གཟུགས་ཀྱི་དམིགས་པ་ཐོབ་པ་དེ་ཉིད་ལ་ཞི་གནས་ཀྱི་རྣམ་པས་རྩེ་གཅིག་ཏུ་མཉམ་བར་བཞག་པའི་དུས་ན་རྣམ་པར་མི་རྟོག ་པའི་གཟུགས་བརྙན་གྱི་དམིགས་པ་ཐོབ་པ་དེ་ཉིད་ལ་ཇི་ལྟར་བསམས་པའི་ཆོས་དེ་དག་ཉིད་ཅེས་བྱའི། །དང་པོ་དམིགས་པ་ཡོངས་སུ་ཚོལ་བའི་དུས་ན་ཇི་ལྟར་བསམས་བའི་ཆོས་དེ་དག་ཉིད་ནི་མ་ཡིན་ནོ།། ནང་དུ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི ་གཟུགས་བརྙན་གྱི་དམིགས་པ་དེ་ཉིད་སེམས་ལ་ཕྱི་རོལ་ཏུ་མ་གྱུར་བར་ནང་དུ་སེམས་གྱི་ངོ་བོ་ཉིད་དུ་སོ་སོར་རྟོག་བར་བྱེད། མོས་པར་བྱེད་ཅེས་བྱ་བར་སྦྱར་རོ། །དེའི་ཕྱིར་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དུ་ཞེས་བྱ་བ་གསུངས་ཏེ། ཏིང་ངེ་འཛིན ་གྱི་ཞེས་བྱ་བ་ནི་མཉམ་པར་བཞག་པའི་སེམས་རྩེ་གཅིག་པ་ཉིད་དོ། །སྤྱོད་ཡུལ་དུ་གཟུགས་བརྙན་དུ་ཞེས་བྱ་བ་ནི་སེམས་དེའི་རང་རིག་པའི་སྦྱོང་ཡུལ་སེམས་ཀྱི་ངོ་བོ་ཉིད་ཀྱི་གཟུགས་བརྙན་དུ་ཞེས་བྱ་བའི་ཐ་ཚིག་གོ་།སོ་སོར་རྟོག་བར་བྱེད་ཅེས་བྱ་བ ་ནི་རབ་ཏུ་རྣམ་པར་འབྱེད་པར་བྱེད་བའོ། །མོས་པར་བྱེད་དོ་ཞེས་བྱ་བ་ནི་མོས་པ་ཡིད་ལ་བྱེད་པ་མ་ཡིན་གྱི་དེས་པར་འབྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འོ་ན་ཏིང་ངེ་འཛིན་དང་ཤེས་རབ་ནི་ས་མང་པོ་ཡིན་པའི་ཕྱིར་རྟག་ཏུ་སེམས་དང་འཇུག་པ་ཡིན་ན། སེམས ་ཀྱི་རྣམ་པ་མེད་ན་དེ་གཉིས་ཀྱང་མེད་བར་འགྱུར་རོ། །དེ་གཉིས་མེད་ན་ཞིག་གི་ཏིང་འཛིན་ལ་ལྷག་མཐོང་ནི་ཤེས་རབ་ཡིན་པས་ཞི་གནས་དང་ལྷག་མཐོང་ཡང་མེད་པར་འགྱུར་རོ། །དེ་གཉིས་མེད་ན་ཇི་ལྟར་ཆོས་དེ་དག་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན? ་དུ་སོ་སོར་བརྟག་ཅིང་མོས་བར་བྱས་རུང་ཞེ་ན། སེམས་གང་ཡིན་པ་དང། ཏིང་ངེ་འཛིན་གང་ཡིན་པ་དང། ཤེས་རབ་གང་ཡིན་པ་དང། ཆོས་དེ་དག་གང་དག་ཡིན་པ་དེ་དག་ཐམས་ཅད་ནི་རྟོགས་པའི་གནས་སྐབས་ན་སེམས་ལས་ཕྱི་རོལ་ཏུ་གྱུར་པ་མ་ཡིན་པའི་ཕྱིར་སེམས ་བཞིན་དུ་ངོ་བོ་ཉིད་མེད་པ་དག་ཡིན་ནོ། །སེམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་ནི་སེམས་ཀྱི་ངོ་བོ་ཉིད་སེམས་མེད་པ་ཉིད་ཡིན་ཏེ། དེ་སྐད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་སེམས་ནི་སེམས་མེད་པ་ཡིན་ཏེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ཉིད་ཡིན་ནོ ་ཞེས་གསུངས་སོ་དེའི་ཕྱིར་སེམས་གྱི་རྣམ་པ་སྡངས་ནས་ཇི་ལྟར་བསམས་པའི་ཆོས་དེ་དག་ཉིད་ནང་དུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དུ་སོ་སོར་རྟོག་པར་བྱེད་མོས་པར་བྱེད་ཞེས་གསུངས་ཏེ། དེ་ནི་སྦྱོར་བའི་མཐར་ཐུག་བའི་ལམ་གྱི་ཡིད་ལ་བྱེད ་བས་རབ་ཏུ་ལྷག་མཐོང་སེམས་ཀྱི་ངོ་བོ་ཉིད་ལ་གཉིས་མེད་པའི་དོན་རང་རིག་པའི་ངོ་བོ་ཉིད་བསྟན་པ་ཡིན་ནོ། །དེའི་འོག་ཏུ་ཤེས་རབ་ཀྱི་སྤྱོད་པ་བཞི་དང་སྒོ་གསུམ་དང།ན་གཞི་རབ་ཏུ་དབྱེ་བ་རྣམ་པ་དྲུག་ལ་དམིགས་པས་དེ་ཉིད་ཀྱི་རབ་ཏུ་དབྱེ་བ་བསྟན་པའི་དབང ་དུ་མཛད་ནས། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་དག་ལ་ཞེས་བྱ་བ་ནི་སེམས་ལས་ཕྱི་རོལ་དུ་མ་གྱུར་པའི་ཆོས་སེམས་ཀྱི་ངོ་བོ་ཉིད་དེ་དག་ལའོ། །ཤེས་བྱའི་དོན་དེ་ཞེས་བྱ་བ་ནི་གཉིས་མེད་པའི་དོན་དེའོ།། ་རྣམ་པར་འབྱེད་པ་དང་།རབ་ཏུ་རྣམ་པར་འབྱེད་པ་དང། །ཡོངས་སུ་སྟོག་བ་དང། ཡོངས་སུ་སྤྱོད་པ་ཞེས་བྱ་བ་ནི་ཤེས་རབ་མི་སྤྱོད་པ་བཞི་ཞེས་ཀྱང་བྱ། ལྷག་མཐོང་རྣམ་པ་བཞི་ཞེས་ཀྱང་བྱ་སྟེ། སྐབས་འདིར་ནི་སྦྱོར་བ་མཐར་ཐུག་བའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ ་ཕྱེ་བའི་ལྷག་མཐོང་སེམས་ཀྱི་ངོ་བོ་ཉིད་ལ་གཉིས་ཡིད་བའི་དོན་རང་རིག་པའི་རྣམ་པ་ཡིན་པར་སྦྱར་རོ། །འདི་བཞིའི་ཚིག་གི་དོན་ནི་སྔར་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་གྱི་དམིགས་པ་བསྟན་པའི་སྐབས་སུ་བཤད་པ་བཞིན་དུ་རིག་པར ་བྱའོ། །བཟོད་པ་དང་འདོད་པ་དང། བྱེ་བྲག་འབྱེད་པ་ཞེས་བྱ་བ་གསུམ་གྱིས་ནི་ལྷག་མཐོང་གི་སྒོ་གསུམ་བསྟན་ཏེ། སྒོ་གསུམ་གང་ཞེ་ན། མཚན་མ་ཙམ་གྱིས་རྗེས་སུ་ཞུགས་པ་དང། ཡོངས་སུ་བཙལ་བའི་རྗེས་སུ་ཞུགས་པ་དང། ཡོངས་སུ་བཙལ་བ་ལ ་སོ་སོར་རྟོག་པའི་རྗེས་སུ་ཞུགས་པའོ། །དེ་ལ་མཚན་མ་ཙམ་གྱི་རྗེས་སུ་ཞུགས་པ་ཞེས་བྱ་བ་ནི་གང་གི་ཚེ་དམ་བའི་ཆོས་ཐོས་པ་དང། བཟུང་བ་དང། དགེ་བའི་བཤེས་གཉེན་གྱི་གདམས་དག་དང་རྗེས་སུ་བསྟན་པ་ལ་མཉམ་པར་བཞག་པའི་ས་བའི་ཡིད་ལ་བྱེད ་ཅིང་སེམས་པར་མི་བྱེད། རྟོག་པར་མི་བྱེད། འཇལ་བར་མི་བྱེད། ཉེ་བར་རྟོག་པར་མི་སྐྱེད་པ་ཡིན་ལ། བཟོད་པ་ཞེས་བྱ་བ་ཡིད་སེམས་ཀྱིས་ངོ་བོ་ཉིད་ལ་གཉིས་མེད་པའི་དོན་དེ་མཉམ་པར་བཞག་པའི་ས་བའི་ཡིད་ལ་བྱེད་བར་བཟོད་པ་ཡིན་པས ་ན། བཟོད་པ་ཞེས་བྱ་བའི་ཚིག་གི་ནི་མཚན་མ་ཙམ་གྱི་རྗེས་སུ་ཞུགས་བའི་སྒོ་བསྟན་ཏེ། སྐབས་འདིར་ནི་ཐམས་ཅད་ཀྱང་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་བས་རབ་ཏུ་ཕྱེ་བའི་ལྷག་མཐོང་གི་སྒོ་ཡིན་པར་སྦྱར་རོ། །ཡོངས་སུ་བཙལ་བའི ་རྗེས་སུ་ཞུགས་པ་ཞེས་བྱ་བ་ནི་གང་གི་ཚེ་དམ་པའི་ཆོས་ཐས་པ་དང། བཟུང་བ་འམ། དགེ་བའི་བཤེས་གཉེན་གྱི་གདམས་དག་དང་རྗེས་བསྟན་པ་དེ་ལ་མཉམ་བར་བཞག་བའི་ས་པའི་ཡིད་ལ་བྱེད་བས་ཡིད་ལ་བྱེད་བས་ཡིད་ལ་བྱེད་ཅིང་སེམས་པར་བྱེད་ཉེ་བརྟོག ་བྱེད། འཇལ་བར་བྱེད། ཉེ་བར་རྟོག་པར་བྱེད་བ་ཡིན་ལ། འདོད་པ་ཞེས་བྱ་བ་ཡང་སེམས་ཀྱི་ངོ་བོ་ཉིད་ལ་གཉིས་མེད་པའི་དོན་ཏེ། མཉམ་པར་བཞག་པའི་ཡིད་ལ་བྱེད་བས་ཡིད་ལ་བྱེད་ཅིང་སེམས་པར་བྱེད་རྟོག་བར་བྱེད་འཇལ་བར་བྱེད་ཉེ་བར་རྟོག ་པར་བྱེད་འདོད་པ་ཡིན་པས་ན་འདོད་པ་ཞེས་བྱ་བའི་ཚིག་གིས་ནི་ཡོངས་སུ་བཙལ་བའི་རྗེས་སུ་ཞུགས་པའི་སྒོ་སྟོན་ཏོ། །ཡོངས་སུ་བཙལ་བ་ལ་སོ་སོར་རྟོག་པའི་རྗེས་སུ་ཞུགས་པ་ཞེས་བྱ་བ་ནི་གང་གི་ཚེ་བསམས་ཤིང་བརྟགས་ལ་གཞལ་ཅིང་ཉེ་བར་བརྟགས་ནས ་ཇི་ལྟར་རྣམ་པར་བཞག་པ་དེ་བཞིན་དུ་སོ་སོར་རྟོག་པར་བྱེད་པ་ཡིན་ལ་བྱེ་བྲག་འབྱེད་པ་ཞེས་བྱ་བ་ཡང་སེམས་ཀྱི་ངོ་བོ་ཉིད་ལས་གཉིས་མེད་པའི་དོན་དེ་མཉམ་པར་བཞག་བའི་ས་བའི་ཡིད་ལ་བྱེད་བས་བསམ་ཤིང་བརྟགས་ལ་གཞལ་ཞིང་ཉེ་བར་བརྟགས ་ནས་ཇི་ལྟར་རྣམ་པར་བཞག་པ་དེ་བཞིན་དུ་སོ་སོར་རྟོག་ཅིང་བྱེ་བྲག་འབྱེད་པ་ཡིན་པས་ན་བྱེ་བྲག་འབྱེད་པ་ཞེས་བྱ་བའི། ཚིགས་ནི་ཡོངས་སུ་བཙལ་བ་ལ་སོ་སོར་རྟོག་པའི་རྗེས་སུ་ཞུགས་པའི་སྒོ་བསྟན་ཏོ། །ལྟ་བ་རྟོག་པ་ཞེས་བྱ་བས་ནི་གཞི་རབ་ཏུ་དབྱེ་བ ་དྲུག་ལ་དམིགས་པ་བསྟན་ཏེ། གཞི་རབ་ཏུ་དབྱེ་བ་དྲུག་གང་ཞེ་ན། དོན་དང་དངོས་པོ་དང། མཚན་ཉིད་དང། ཕྱོགས་དང་དུས་དང། རིགས་པ་ཡོངས་སུ་ཚོལ་བར་བྱེད་ཅིང་ཡོངས་སུ་བཙལ་ནས་ཀྱང་དེ་དག་ལ་སོ་སོར་རྟོག་པར་བྱེད་པ་སྟེ། དེ་དག་གི་ཚིག་གི ་དོན་ཡང་སྔར་བསྟན་པ་བཞིན་ནོ། །ལྟ་བ་ཞེས་བྱ་བ་ནི་ཡོངས་སུ་ཚོལ་བར་བྱེད་པ་ཡིན་ལ། རྟོགས་པ་ཞེས་བྱ་བ་ནི་ཡོངས་སུ་བཙལ་ནས་དེ་དག་ལ་སོ་སོར་རྟོག་པ་ཡིན་པས་ན་ལྟ་བ་དང་རྟོག་པ་ཞེས་བྱ་བའི་ཚིག་གཉིས་ཀྱི་ནི་གཞི་རབ་ཏུ་དབྱེ་བ་དྲུག་པོ ་རེ་རེ་ལ་ཡང་ཡོངས་སུ་ཚོལ་བར་བྱེད་ཅིང། ཡོངས་སུ་བཙག་ནས་སོ་སོར་རྟོག་པར་བྱེད་བའི་རིམ་གྱིས་གཞི་རབ་ཏུ་དབྱེ་བ་དྲུག་ལ་དམིགས་པ་བསྟན་ཏོ། །དེ་ནི་ལྷག་མཐོང་ཞེས་བྱ་བ་སྟེ་ལྷགS་མཐོང་ཞེས་བྱ་བ་ནི་སྦྱོར་བ་མཐར་ཐུག་བའི་ལམ་གྱི་ཡིན་ལ་བྱེད ་བས་རབ་ཏུ་ཕྱེ་བའི་ལྷག་མཐོང་གི་སེམས་ཀྱི་ངོ་བོ་ཉིད་ལ་གཉིས་སུ་མེད་པའི་དོན་རང་རིག་པའི་རྣམ་པས་སོ་སོར་རྟོག་པར་བྱེད་མོས་པར་བྱེད་བའི་ངོ་བོ་ཉིད་དང། ཤེས་རབ་ཀྱི་སྦྱོད་པ་བཞི་དང། །སྒོ་གསུམ་དང། བཞི་རབ་ཏུ་དབྱེ་བ་དྲུག་ལ་དམིགས་པས་དེ ་ཉིད་ཀྱི་རབ་ཏུ་དབྱེ་བ་བསྟན་པ་གང་ཡིན་པ་དེ་ནི་ལྷག་མཐོང་ཞེས་བྱའོ། །དེ་ཡང་རྣལ་འབྱོར་པ་ཡང་དག་པར་རབ་ཏུ་བརྩོམ་པ་དེའི་སྦྱོར་བ་མཐར་ཐུག་བའི་ལམ་གྱི་ཡིད་ལ་བྱེད་བས་རབ་ཏུ་ཕྱེ་བའི་ཞི་གནས་རྣམ་པར་མི་རྟོག་པའི་གཟུགས་ལ ་དམིགས་པའི་གནས་སྐབས་ན་ཇི་ཙམ་དུ་གོམས་པ་དང། ཡོངས་སུ་དག་པའི་སྟོབས་ཀྱི་དབང་དུ་བྱས་ཏེ། ཡངས་པོ་དང་འཕེལ་བ་དང་རྒྱས་པར་གྱུར་པ་དེ་ཙམ་དུ་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི ་ལྷག་མཐོང་གི་ངོ་བོ་ཉིད་དང། རབ་ཏུ་དབྱེ་བ་འདི་ཡང་ཡངས་པ་དང། འཕེལ་བ་དང། རྒྱས་པར་འགྱུར་ལ་།ཇི་ཙམ་དུ་ལྷག་མཐོང་གི་ངོ་བོ་ཉིད་དང་།རབ་ཏུ་དབྱེ་བ་འདི་ལ་ཡངས་པ་དང། འཕེལ་བ་དང་རྒྱས་པར་གྱུར་པ་དེ་ཙམ་དུ་མཚན་མའི་དབྱེ་བ་དང ་གནས་ངན་ལེན་གྱི་གཡེང་བ་ཞི་བའི་ཞི་གནས་ཀྱི་ངོ་བོ་ཉིད་ཀྱང་ཡངས་པ་དང། འཕེལ་བ་དང། རྒྱས་བར་གྱུར་ཏེ། དེ་ལྟར་ན་ཆོས་གཉིས་པོ་ཞི་གནས་ཀྱི་ལམ་དང། ལྷག་མཐོང་གི་ལམ་དེ་གཉིས་ནི་གཅིག་ལ་གཅིག་བརྟེན་པ་དང། ཅིག་པ ་ཅིག་རག་ལས་པ་ཡིན་པར་བྱ་སྟེ། དེ་ཡན་ཆད་ནི་ཟུང་དུ་འབྲེལ་བར་འཇུག་བའི་ལམ་དང་དངོས་པོའི་མཛའ་དང་དགོས་པ་ཡོངས་སུ་གྲུབ་པའི་དམིགས་པ་འཐོབ་ཅིང་སྦྱོར་བ་མཐར་ཐུག་བའི་འབྲས་བུའི་ཡིད་ལ་བྱེད་པ་ཉིད་ལ་སྦྱོར་བར་རིག་པར་བྱའོ། །དེ ་ལྟར་ན་བྱང་ཆུབ་སེམས་དཔའ་ལྷག་མཐོང་ལ་མཁས་པ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བའི་ཚིག་ཡིན་ཏེ། དེ་ལྟར་ན་ཞེས་བྱ་བའི་སྒྲས་ནི་བྱང་ཆུབ་སེམས་དཔའ་སེམས་ཀྱི་ངོ་བོ་ཉིད་ལ་གཉིས་མེད་པའི་དོན་རང་རིག་པའི་རྣམ་པས་ཡིད་ལ་བྱེད་བ་ནི ་ལྷག་མཐོང་ལ་མཁས་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་ངེས་པར་བྱེད་དོ། །ལྷག་མཐོང་ཞེས་བྱ་བའི་ཚིག་གི་དོན་ནི་རང་དང་སྤྱིའི་མཚན་ཉིད་དང་ལྡན་བའི་ཆོས་རྣམས་རྣམ་པར་གཞིག་བའི་ཕྱིར་ལྟ་བ་ནི་ལྷག་མཐོང་ཞེས་བྱའོ། །མཁས་པ་ཞེས་བྱ་བ་ནི་སྦྱོར ་བའི་ལམ་ནི་ཡིད་ལ་བྱེད་བས་རབ་ཏུ་ཕྱེ་བའི་ལྷག་མཐོང་ལ་མཁས་བ་མ་ཡིན་གྱི། སྦྱོར་བ་མཐར་ཐུགས་ལམ་གྱི་ཡིད་ལ་བྱེད་བས་རབ་ཏུ་ཕྱེ་བའི་ལྷག་མཐོང་ལ་མཁས་པ་སྟེ། དེ་ཙམ་གྱིས་ན་ལྷག་མཐོང་ཐོབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐོབ་བའི་ཚིག་གི ་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་འཐོབ་བའི་ཐབས་ཀྱིས་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། འཐོབ་པའི་ཐབས་ཞེས་བྱ་བ་ནི་དེ་ལྟར་ཞི་གནས་ཡོངས་སུ་བཙལ་བ་དང། ལྷག་མཐོད་ལ་མཁས་པ་ནི་སྦྱོར་བ ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་ཐོབ་པ་ཡིན་ཏེ། ཇི་སྲིད་དུ་མཐོབ་ཀྱི་བར་དུ་སྦྱོར་བྱའི་ལམ་གང་གིས་དེ་ཐོབ་བར་འགྱུར་བའི་སྒོ་ནི་ཐོབ་བའི་ཐབས་ཞེས་བྱ་བའོ། །དེ་ལ་མཚམས་སྒྲུབ་པ་ཇི་ལྟ་བུ་ཞེན ་འདིར་འཕགས་པ་བྱམས་པས་གཞན་དག་སྙམ་དུ་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ནི་མཚན་མའི་གཡེང་བ་ཞི་བ་ནང་གི་སེམས་རྩེ་གཅིག་པ་ཉིད་དང། གནས་ངན་གྱི་གཡང་བ་ལུས ་དང་སེམས་སྦྱངས་པའི་ངོ་བོ་ཉིད་དང། རབ་ཏུ་དབྱེ་བ་ནི་ཞི་གནས་ཀྱི་ལམ་གྱི་ངོ་བོ་ཉིད་ཡིན་ལ། སེམས་ཀྱི་ངོ་བོ་ཉིད་ལ་གཉིས་མེད་པའི་དོན་རང་རིག་པའི་རྣམ་པས?་ཡིད་ལ་བྱེད་བའི་ངོ་བོ་ཉིད་དང་རབ་ཏུ་འབྱེད་པ་ནི་ལྷག་མཐོང་གི་ལམ་གྱི་ངོ་བོ ་ཉིད་ཡིན་ཏེ། དེ་ཙམ་གྱིས་ན་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ཡོངས་སུ་རྫོགས་པ་ཞེས་བྱ་ན། བྱང་ཆུབ་སེམས་དཔའ་ཨི་ཡིད་ལ་བྱེད་པ་ཐོབ་པའི་ལམ་གྱིས་གནས ་སྐབས་ན་རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱིས་དམིགས་པ་ཡིད་ལ་བྱེད་པའི་ཚེ། མཚན་མའི་གཡེང་བ་ཞི་བའི་ཞི་གནས་གྱི་ལམ་གྱི་སེམས་རྩེ་གཅིག་པ་ཉིད་ཡིད་ལ་བྱེད་པ་ན། ཇི་སྲིད་དུ་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད ་པས་རབ་ཏུ་ཕྱེ་བའི་ཞི་གནས་གནས་དང་ལེན་གྱི་གཡེང་བཞི་བ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཉིད་མ་ཐོབ་པ་དེའི་བར་དུ་ཡིད་ལ་བྱེད་པ་ཐོབ་པའི་ལམ་གྱི་གནས་སྐབས་ན་རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་དམིགས་པ་ཡིད་ལ་བྱེད་པའི་ཚེན? ་མཚན་མའི་གཡེང་བ་ཞི་བའི་ཞི་གནས་ཀྱི་ལམ་ནང་གི་སེམས་རྩེ་གཅིག་བ་ཉིད་ཡིད་ལ་བྱེད་པ་དེ་ལ་ཅི་ཞེ་བྱ། བྱང་ཆུབ་སེམས་དཔའ་ཨི་སྦྱོར་བའི་ལམ་གྱི་ཡིད་ལ་བྱེད་པའི་གནས་སྐབས་ན་རྣམ་པར་རྟོག་པ་དང་བཅས་པའི་གཟུགས? ་བརྙན་གྱི་དམིགས་པ་ཡིད་ལ་བྱེད་པ་ན། ཇི་སྲིད་དུ་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ཞི་གནས་གནས་ངན་ལེན་གྱི་གཡེང་བ་ཞི་བ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཉིད་མ་ཐོབ་པ་དེའི་བར་དུ། སྦྱོར་བའི་ལམ་ཡིད་ལ ་བྱེད་པའི་གནས་སྐབས་ན། རྣམ་པར་རྟོག་པ་དང་བཅས་པ་གཟུགས་བརྙན་གྱི་དམིགས་པ་ཡིད་ལ་བྱེད་པའི་དེ་ལ་ཅི་ཞེས་བྱ་སྙམ་དུ་སེམས་པ་རྣམས་ཀྱི་བསམ་པ་ལ་བརྟགས་ནས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་ཞེས་བྱ་བ་ལ ་སོགས་པའི་ཞུ་བ་རྣམ་པ་གཉིས་ཞུས་བར་སྦྱར་ཏེ་གོ་རིམ་བཞིན་ནོ། །སེམས་ལ་དམིགས་པའི་སེམས་ནང་དུ་ཡིད་ལ་བགྱིས་བ་ན་ཞེས་བྱ་བ་ནི་ཡིད་ལ་བྱེད་པ་ཐོབ་པའི་ལམ་གྱི་གནས་སྐབས་ན། རྣམ་པར་མི་རྟོག་བའི་གཟུགས་བརྙན་གྱི་དམིགས་པ་ཡིད་ལ ་བྱེད་པའི་ཚེ་མཚན་མའི་གཡེང་བཞི་པའི་ཞི་གནས་ཀྱི་ལམ་ནང་གི་སེམས་རྩེ་གཅིག་པ་ཉིད་ཡིད་ལ་བྱེད་པ་ནའོ། །དེ་སྲིད་དུ་ལུས་ཤིན་ཏུ་སྦྱངས་པ་དང་སེམས་ཤིན་ཏུ་སྦྱངས་པ་མ་ཐོབ་པ་དེའི་བར་དུ་ཞེས་བྱ་བ་ནི་ཇི་སྲིད་དུ་སྦྱོར་བ་མཐར་ཐུག་པའི་ལམ ་གྱི་ཡིད་ལ་བྱེད་བས་རབ་ཏུ་ཕྱེ་བའི་ཞི་གནས་གནས་ངན་ལེན་གྱི་གཡེང་བ་ཞི་བ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཉིད་མ་ཐོབ་པ་དེའི་བར་དུའོ། །ཡིད་ལ་བགྱིད་པ་དེ་ལ་ཅི་ཞེས་བགྱི་ཞེས་བྱ་བ་ནི་ཡིད་ལ་བྱེད་པ་ཐོབ་པའི་ལམ་གྱི་གནས་སྐབས་ན ་རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་དམིགས་པ་ཡིད་ལ་བྱེད་པའི་ཚེ་མཚན་མའི་གཡང་བ་ཞི་བའི་ཞི་གནས་ཀྱི་ལམ་ནང་གི་སེམས་རྩེ་གཅིག་པ་ཉིད་ཡིད་ལ་བྱེད་པ་དེ་ལ་ཅི་ཞེས་བྱ་བའི་ཐ་ཚིག་གོ། ཞི་གནས་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་ཞི་གནས་ཀྱི་ལམ ་ཡོངས་སུ་རྫོགས་པའི་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ཞི་གནས་གནས་ངན་ལེན་གྱི་གཡེང་བ་ཞིབ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཉིད་ཐོབ་པ་ཡིན་གྱི། འདི་ནི་ཡིད་ལ་བྱེད་པ་ཐོབ་བའི་ལམ་གྱི་རབ་ཏུ་ཕྱེ་བ་རྣམ་པར་མི ་རྟོག་པའི་གཟུགས་བརྙན་གྱི་དམིགས་པ་ཡིད་ལ་བྱེད་པའི་མཚན་མའི་གཡེང་པ་ཞི་བའི་ཞི་གནས་ཀྱི་ལམ་ནད་གི་སེམས་རྩེ་གཅིག་པ་ཉིད་རྩོམ་དུ་ཟད་པས་ད་རུང་ཞི་གནས་ཀྱི་ལམ་ཡོངས་སུ་རྫོགས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། འོ་ན་དེ ་ལ་ཅི་ཞེས་བྱ་སྙམ་པ་ལ་ཞི་གནས་ཀྱི་རྗེས་སུ་མཐུན་པའི་མོས་པ་དང་མཚུངས་པར་ལྡན་པ་ཡིན་པར་བརྗོད་པར་བྱའོ་ཞེས་བྱ་བ་གསུངས་ཏེ། དེ་ནི་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ཞི་གནས་གནས་ངན་ལེན་གྱི ་གཡེང་བ་ཞི་བ་ལུས་དང་སེམས་ཤིན་ཏུ་སྦྱངས་པའི་རྗེས་སུ་མཐུན་པའི་མོས་པ་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པ་ཡིན་པས་དེའི་ཕྱིར་དེ་ནི་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ཞི་གནས་ཀྱི་ལམ་ཡོངས་སུ་རྫོགས ་པ་དེའི་འཐོབ་པའི་ཐབས་ཡིན་ནོ་ཞེས་སྦྱར་རོ། །ཇི་སྲིད་དུ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་མ་ཐོབ་པ་དེའི་བར་དུ་ཞེས་བྱ་བ་ནི་ཇི་སྲིད་དུ་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ཞི་གནས་གནས་ངན་ལན་གྱི་གཡེང་བ་ལུས་དང་སེམས ་ཤིན་ཏུ་སྦྱངས་པ་ཉིད་མ་ཐོབ་པའི་དེའི་བར་དུའོ། །ཇི་ལྟར་ལེགས་པར་བསམས་པའི་ཆོས་དེ་དག་ནང་དུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དུ་ཡིད་ལ་བགྱིད་པ་དེ་ལ་ཅི་ཞེས་བགྱི་ཞེས་བྱ་བ་ནི་སྦྱོར་བའི་ལམ་གྱི་ཡིད་ལ་བྱེད་པའི་གནས་སྐབས་ན་རྣམ་པར ་རྟོག་པ་དང་བཅས་པའི་གཟུགས་བརྙན་གྱི་དམིགས་པ་ཡིད་ལ་བྱེད་པ་དེ་ལ་ཅི་ཞེས་བྱ་ཞེས་བྱ་བའི་ཐ་ཚིག་གོ། ལྷག་མཐོང་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་ལྷག་མཐོང་གི་ལམ་ཡོངས་སུ་རྫོགས་པར་ནི་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ཞི ་གནས་གནས་ངན་ལེན་གྱི་གཡེང་བ་ཞི་བ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་དེ་ཐོབ་ནས་དེ་ཉིད་ལ་གནས་དེ་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ལྷག་མཐོང་སེམས་ཀྱི་ངོ་བོ་ཉིད་ལ་གཉིས་མེད་པའི་དོན་རང ་རིག་པའི་ངོ་བོ་ཉིད་དང་རབ་ཏུ་དབྱེ་བ་ཐོབ་པ་ཡིན་གྱི། འདི་ནི་སྦྱོར་བའི་ལམ་གྱི་ཡིད་ལ་བྱེད་པའི་སྐབས་ན་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་གྱི་དམིགས་པ་ཡིད་ལ་བྱེད་པ་ཙམ་དུ་ཟད་པས། ད་དུང་ལྷག་མཐོང་གི་ལམ་ཡོངས་སུ་རྫོགས ་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། འོ་ན་དེ་ལ་ཅི་ཞེས་བྱ་སྙམ་པ་ལ་ལྷག་མཐོང་གི་རྗེས་སུ་མཐུན་པའི་མོས་པ་དང་མཚུངས་པར་ལྡན་པ་ཡིན་པར་བརྗོད་པར་བྱའོ་ཞེས་བྱའོ་ཞེས་བྱ་བ་གསུངས་ཏེ། དེ་ནི་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད ་པའི་ལྷག་མཐོང་སེམས་ཀྱི་ངོ་བོ་ཉིད་ལ་གཉིས་མེད་པའི་དོན་རང་རིག་པའི་ངོ་བོ་ཉིད་དང། རབ་ཏུ་དབྱེ་བའི་རྗེས་སུ་མཐུན་པའི་མོས་པ་དང་མཚུངས་པར་ལྡན་པ་ཨིན་པས། དེའི་ཕྱིར་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི ་ལྷག་མཐོང་གི་ལམ་ཡོངས་སུ་རྫོགས་པ་དེའི་འཐོབ་པའི་ཐབས་ཡིན་ནོ་ཞེས་བྱ་བར་སྦྱར་རོ་འཐོབ་བའི་ཐབས་ཀྱི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།ད་ནི་ཆུང་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པའི་ཚིག་གི་དོན་ལ ་སོགས་པ་བཤད་པར་བྱ་སྟེ། ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཞེས་བྱ་བ་ནི་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་བསྟན་པ་འདི་ལས་རབ་ཏུ་ཉམས་ཤིང་ཆུད་ཟད་བར་མི ་འགྱུར་བར་བྱ་བའི་ཕྱིར་བསྟན་པ་དང་བཤད་པ་གདགས་པ་གཏན་ལ་དབབ་པའོ། །དེ་ནི་རྣམ་པ་བཅུ་བཞི་སྟེ། རྣམ་པར་མི་རྟོག་པའི་ཤེས་པ་ལ་གནས་པའི་ཏིང་ངེ་འཛིན་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་དང། རྣམ་པར་མི ་རྟོག་པའི་ཤེས་པའི་རྟོག་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་དང། རྒྱུ་མཚན་གསུམ་སྒོམ་པའི་དུས་མི་ཤེས་པ་རྣམ་པར་གཤིག་ཅིང་ཆུད་མི་ཟ་བར་བྱ་པའི་ཕྱིར་གདགས་པ་གཏན་ལ་དབབ་པ་དང། ཅུང་ཟད་ཙམ་གྱིས་ཆོག་པར ་འཛིན་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་དང། དབང་པོ་ཡོངས་སུ་ཉམས་པ་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་དང། དགེ་བའི་འཕེལ་བ་ཆུད་མི་ཟ་བར་བྱ་བའི་ཕྱིར ་གདགས་པ་གཏན་ལ་དབབ་པ་དང། རྟོག་པ་དང་གཡོ་བ་གཉེན་པོ་དང་བཅས་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་དང། སྒོམ་པའི་རྒྱུ་མཚན་ཡོངས་སུ་ཤེས་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་དང། ་མངོན་པའི་ང་རྒྱལ་རྣམ་པར་གཤིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་དང། ཞི་གནས་ཙམ་གྱིས་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་དང། ཕྲ་བ་ཀུན་ཏུ་འབྱུང་བས་ཡོངས་སུ་ཤེས་པ་ཆུད་མི་ཟ་བར ་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་དང། སྟོང་པ་ཉིད་ལ་སྐྲག་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་དང། ཞི་གནས་དང་ལྷག་མཐོང་བསྒོམས་པ་ལ་ངོ་བོ་ཉིད་དང། རྒྱུ་དང། འབྲས་བུ་དང། ལས་དང། ་སྦྱོར་བ་དང། འཇུག་པའི་དོན་ལས་བརྩམས་ཏེ། གདམས་ངག་གི་སྦྱིན་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་དང། བསྒོམ་པ་ལ་འདུན་པ་དྲག་པོ་མེད་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ ་པའོ། །དེ་ལ་རྣམ་པར་མི་རྟོག་པའི་ཤེས་པ་ལ་གནས་པའི་ཏིང་ངེ་འཛིན་ཆུད་མི་?་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་དང། བཅོམ་ལྡན་འདས་ཞི་གནས་ཀྱི་ལམ་དང། ལྷག་མཐོང་གི་ལམ་ཐ་དད་ཅེས་བགྱི་འམ། ཐ་དད་པ་མ་ལགས་ཞེས?་བགྱི ་ཞེས་བྱ་བ་ལ་སོགས་པའོ། །རྣམ་པར་མི་རྟོག་པའི་ཤེས་པ་རྟོགས་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་བ་ནི། བཅོམ་ལྡན་འདས་རྣམ་པར་བལྟ་བར་བགྱིད་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་གང ་ལགས་པ་དེ་ཞེས་བྱ་བ་ལ་སོགས་པའོ། །རྒྱུ་མཚན་གསུམ་པ་བསྒོམ་པའི་དུས་མི་ཤེས་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ནི། བཅོམ་ལྡན་དངས་བྱང་ཆུབ་སེམས་དཔའ་ཇི་ཙམ་གྱིས་ནི་གཅིག ་ཏུ་ལྷག་མཐོང་བསྒོམ་པ་ལགས་ཞེས་བྱ་བ་ལ་སོགས་པའོ། །ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ནི། བཅོམ་ལྡན་འདས་ལྷག་མཐོང་ལ་རྣམ་པ་དུ་མཆིས་ཞེས་བྱ ་བ་ལ་སོགས་པའོ། །དབང་པོ་ཡོངས་སུ་ཉམས་པ་རྣམ་པར་ཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ནི། བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་ནི་ཆོས་ལ་གནས་པ་ཞེས་ཀྱང་བགྱི་ཞེས་བྱ་བ་ལ་སོགས་པའོ་? ་དགེ་བ་འཕེལ་བ་ཆུང་མི་ཟ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ནི། བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་ནི་མ་འདྲེས་པའི་ཆོས་ལ་དམིགས་པ་ཅེས་ཀྱང་བགྱིས་ཞེས་བྱ་བ་ལ་སོགས་པའོ། །རྟོག་པ་དང་གཡོ་བ་གཉེན་པོ་དང་བཅི?་སྐྱེ? ་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ནི། བཅོམ་ལྡན་འདས་ཇི་ལྟར་ན་ཞི་གནས་དང་ལྷག་མཐོང་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་དུ་འགྱུར་བ་ལགས་ཞེས་བྱ་བ་ལ་སོགས་པའོ། །བསྒོམ་བའི ་རྒྱུ་མཚན་ཡོངས་སུ་ཤེས་པ་ཆུད་མི་ཟ་བའི་ཕྱིར་གདགས་པ་གཏན་ལ་དབབ་བ་ནི། བཅོམ་ལྡན་འདས་ཞི་གནས་ཀྱི་རྒྱུ་མཚན་ནི་གང་ལགས་ཞེས་བྱ་བ་ལ་སོགས་པའོ། །མངོན་པའི་ང་རྒྱལ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན ་ལ་དབབ་པ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞི་གནས་དང། ལྷག་མཐོང་བསྒོམ་པའི་ཆོས་སོ་སོ་ཡང་དག་པར་རིག་པ་དང་དོན་སོ་སོ་ཡང་དག་པར་རིག་པ་ལགས་ན་ཞེས་བྱ་བ་ལ་སོགས་པའོ། །ཞི་གནས་ཙམ་གྱིས་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས ་པ་གཏན་ལ་དབབ་པ་ནི། བཅོམ་ལྡན་འདས་ཐོས་བ་ལས་བྱུང་བའི་ཤེས་རབ་ཀྱིས་དོན་སོ་སོར་ཡང་དག་པར་རིག་པ་གང་ལགས་པ་དང་ཞེས་བྱ་བ་ལ་སོགས་པའོ། །ཕྲ་བ་ཀུན་ཏུ་འབྱུང་བས་ཡོངས་སུ་ཤེས་པ་ཆུང་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན ་ལ་དབབ་བ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་བསྒོམ་པས་ཡིད་ལ་བགྱིད་པས་གང་གིས་མཚན་མ་གང་ཇི་ལྟར་སེལ་བར་བགྱིད་ལགས་ཞེས་བྱ་བ་ལ་སོགས་པའོ། །སྟོང་པ་ཉིད་ལ་སྐྲག་པ་རྣམ་པར་བཤིག་ཅིང ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ནི། བཅོམ་ལྡན་འདས་ཐེག་པ་ཆེན་པོ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གང་རྟོགས་ན། སྟོང་པ་ཉིད་ཀྱི་མཚན་ཉིད་ལ་མངོན་པའི་ང་རྒྱལ་མ་མཆིས་པས་རབ་ཏུ་ཉམས་པར་མ་འགྱུར་བའི་སྟོང་པ ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་མཚན་ཉིད་བསྡུས་པ་གང་ལགས་ཞེས་བྱ་བ་ལ་སོགས་པའོ།། ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་ངོ་བོ་ཉིད་དང། རྒྱུ་དང་འབྲས་བུ་དང། ལས་དང། སྦྱོར་བ་དང། འཇུག་པའི་དོན་ལས་བརྩམས་ཏེ། གདམས་དག་སྦྱིན་པ ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ནི། བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་དག་གིས་ཏིང་ངེ་འཛིན་དུ་ཞིག་བསྡུས་ལགས་ཞེས་བྱ་བ་ལ་སོགས་པའོ། །བསྒོམ་པ་ལ་འདུན་པ་དྲག་པོ་མེད་པར་རྣམ་པར་གཞིག་ཅིང་ཆུད་མི་ཟ ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་ལ་ཇི་ལྟར་བསྒྲུབས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་ལགས་ཞེས་བྱ ་བ་ལ་སོགས་པས་བསྟན་ཏོ། །དེ་ལ་དང་པོར་རྣམ་པར་མི་རྟོག་པའི་ཤེས་པ་ལ་གནས་པའི་ཏིང་ངེ་འཛིན་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། རྣམ་པར་མི་རྟོག ་པའི་ཤེས་པ་ལ་གནས་པའི་ཏིང་ངེ་འཛིན་ཅེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་གི་ལམ་གཅིག་དང་ཐ་དད་པའི་མཛའ་གཉིས་དང་བྲལ་བའི་ཤེས་པ་ལ་གནས་པའི་ཏིང་ངེ་འཛིན་ཏེ། དེ་ནི་མཛའ་གཉིས་དང་བྲལ་བས་གཉིས་སུ་དབྱེར་མེད་པའི ་ཕྱིར་རྣམ་པར་མི་རྟོགས་པ་ཡང་ཡིན། ལམ་གྱི་ངོ་བོ་ཉིད་ཡིན་པས་ཤེས་པ་ཡང་ཡིན་ལ། དེ་ལ་གནས་ན་སེམས་ཀྱི་ཏིང་ངེ་འཛིན་གྲུབ་པས་རྣམ་པར་མི་རྟོག་པའི་ཤེས་པ་ལ་གནས་པའི་ཏིང་ངེ་འཛིན་ཅེས་བྱའོ། ཆུད་མི་ཟ་བར་བྱ་བའི་ཕྱིར་གདགS ་པ་གཏན་ལ་དབབ་པ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཤེས་པ་ལ་གནས་པའི་ཏིང་ངེ་འཛིན་གྱི་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང་བཤད་པས ་རྣམ་པར་མི་རྟོག་པའི་ཤེས་པ་ལ་གནས་པའི་ཏིང་ངེ་འཛིན་གདགས་པ་གཏན་ལ་དབབ་བའོ། །དེ་ལ་མཚམས་སྦྱར་བ་ཇི་ལྟ་བུ་ཞེ་ན། འདིར་འཕགས་པ་བྱམས་པས་གཞན་དག་འདི་སྙམ་དུ་ཅི་ཞིག་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་འདི ་ཉིད་དེ་ཐ་དད་དམ་གཅིག་པ་ཡིན། གལ་ཏེ་ཐ་དད་ན་ནི་སྦྱོར་བ་མཐར་ཐུག་པའི་འབྲས་བུའི་ཡིད་ལ་བྱེད་པའི་གནས་སྐབས་ན་ཡང་ཇི་ལྟར་ཟུང་དུ་འབྲེལ་ཅིང་དངོས་པོའི་མཛའ་དང་དགོས་པ་ཡོངས་སུ་གྲུབ་པའི་དམིགས་པ་གཅིག་ལ་དམིགས་པར ་འགྱུར། གལ་ཏེ་གཅིག་ན་ནི་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པའི་གནས་སྐབས་ན་ཡང་ཇི་ལྟར་རྣམ་པར་རྟོག་པ་དང་བཅས་པ་དང། རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་དམིགས་པ་ཐ་དད་པ་དམིགས་པར་འགྱུར་སྙམ་དུ་སེམས ་པ་རྣམས་ཀྱི་བསམས་པ་ལ་བརྟགས་ནས། བཅོམ་ལྡན་འདས་ཞི་གནས་ཀྱི་ལམ་དང་ལྷག་མཐོང་གི་ལམ་ཐ་དད་ཅེས་བགྱི་འམ། ཐ་དད་པ་མ་ལགས་ཞེས་བགྱི་ཞེས་བྱ་བ་ཞུས་པར་སྦྱར་རོ། །བྱམས་པ་ཐ་དད་པ་ཡང་མ་ཡིན་ཐ་དད་པ་མ་ཡིན་པ་ཡང་མ་ཡིན་ཞེས་བྱའོ་ཞེས ་བྱ་བས་ནི་བསྟན་པས་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏོ། །ཅིའི་ཕྱིར་ཐ་དད་པ་མ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་བཤད་པས་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏོ།། དེ་ལ་ལྷག ་མཐོང་གི་དམིགས་པའི་སེམས་ལ་དམིགས་པའི་ཕྱིར་རོ། །ཞེས་བྱ་བས་ནི་ཞི་གནས་ཀྱི་ལམ་ཡང་ལྷག་མཐོང་གི་དམིགས་པའི་སེམས་ཀྱི་ངོ་བོ་ཉིད་ལ་དམིགས་པས་ལམ་གྱི་ངོ་བོ་ཉིད་དུ་གཅིག་པའི་ཕྱིར་ཐ་དད་པ་མ་ཡིན་ནོ་ཞེས་བསྟན་ཏོ། །རྣམ་པར ་རྟོག་པ་དང་བཅས་པའི་གཟུགས་བརྙན་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བས་ལྷག་མཐོང་གི་ལམ་ནི་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ལ་དམིགས་པས་ཞི་གནས་དང་དམིགས་པ་ཐ་དད་པའི་ཕྱིར་གཅིག་པ་མ་ཡིན་ནོ་ཞེས་བསྟན་ཏོ། །ཚིག་གི ་དོན་སྤྱིར་བསྡུ་ན་དེ་གཉིས་ལམ་གྱི་ངོ་བོ་ཉིད་དུ་གཅིག་པའི་ཕྱིར་ནི་ཐ་དད་པ་མ་ཡིན་ལ། དམིགས་པའི་རྐྱེན་ཐ་དད་པའི་ཕྱིར་ནི་གཅིག་པ་མ་ཡིན་ཏེ། གལ་ཏེ་ལམ་གྱི་ངོ་བོ་ཉིད་ཐ་དད་ན་ནི་སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིད་ལ་བྱེད་པའི་གནས་སྐབས་ན ་ཡང་ཟུང་དུ་འགྲོལ་ཅིང་དངོས་པོའི་མཛའ་དང་དགོས་པ་ཡོངས་སུ་གྲུབ་པའི་གནས་དམིགས་པ་གཅིག་ལ་དམིགས་པར་མི་འགྱུར་ལ། དམིགས་པའི་རྐྱེན་གཅིག་ན་ནི་སྦྱོར་བ་མཐར་ཐུག་པའི་ལམ་གྱིས་ཡིད་ལ་བྱེད་པའི་གནས་སྐབས་ན་ཡང་རྣམ་པར་རྟོག་པ་དང ་བཅས་པ་དང་རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་དམིགས་པ་ཐ་དད་པ་ལ་དམིགས་པར་མི་འགྱུར་བའི་སྐྱོན་དུ་འགྱུར་བས་དེའི་ཕྱིར་དེ་གཉིས་ནི་ཐ་དད་པ་ཡང་མ་ཡིན་གཅིག་པ་ཡང་མ་ཡིན་ནོ་ཞེས་བསྟན་ཏོ། །དེ་ལྟར་རྣམ་པར་མི་རྟོག་པའི་ཤེས་པ་ལ་གནས་པའི ་ཏིང་ངེ་འཛིན་གྱིས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལ་དེ་ལས་རབ་ཏུ་མཉམ་པར་མི་འགྱུར་ཞིང་ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང་བཤད་པས་རྣམ་པར་མི་རྟོག་པའི་ཤེས་པ་ལ་གནས་པའི་ཏིང་ངེ་འཛིན ་གདགས་པ་གཏན་ལ་དབབ་པ་བསྟན་པ་ནི་རྣམ་པར་མི་རྟོག་པའི་ཤེས་པ་ལ་གནས་པའི་ཏིང་ངེ་འཛིན་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཡིན་ནོ།། །།དེའི་འོག་ཏུ་རྣམ་པར་མི་རྟོག་པའི་ཤེས་པ་རྟོགས་པ་ཆུད་མི་ཟ་བར ་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། རྣམ་པར་མི་རྟོག་པའི་ཤེས་པ་རྟོགས་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་ལ་གཉིས་མེད་པའི་ཤེས་པ་སེམས་ཀྱི་ངོ་བོ་ཉིད་དང་ཐ་དད་པ་མ ་ཡིན་པར་རྟོག་པ་སྟེ། དེ་ནི་གཉིས་མེད་པས་གཉིས་སུ་དབྱེར་མེད་པའི་ཕྱིར་རྣམ་པར་མི་རྟོག་པ་ཡང་ལམ་གྱི་ངོ་བོ་ཉིད་ཡིན་པས་ཤེས་པ་ཡང་ཡིན་ལ། དེས་སེམས་དང་ཐ་དད་པ་མ་ཡིན་པར་རྟོགས་པ་ནི་རྣམ་པར་མི་རྟོག་པའི་ཤེས་པ་རྟོགས་པ་ཞེས་བྱའོ།། ་ཆུང་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཤེས་པ་རྟོགས་པས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ ་དང་བཤད་པས་རྣམ་པར་མི་རྟོག་པའི་ཤེས་པ་རྟོགས་པ་གདགས་པ་གཏན་ལ་དབབ་པའོ།། དེ་ལ་མཚམས་སྦྱར་བ་ཇི་ལྟ་བུ་ཞེ་ན། འདིར་འཕགས་པ་བྱམས་པས་གཞན་དག་འདི་སྙམ་དུ་རྣལ་འབྱོར་པ་རྣམ་པར་མི་རྟོག་པའི་ཤེས་པ་རྟོགས་པའི ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་གང་ཡིན་པ་དེ་སེམས་དེ་དང་ཐ་དད་དམ་གཅིག་པ་ཡིན། གལ་ཏེ་ཐ་དད་ན་ནི་གཟུང་བ་དང་འཛིན་པའི་ཆོས་སུ་གྱུར་བས་གཉིས་མེད་པ་རྣམ་པར་མི་རྟོག་པའི་ཤེས་པ་ཡང་དེ་ལྟར་རྟོགས་པར་འགྱུར། གལ་ཏེ ་གཅིག་ན་ནི་སེམས་དང་གཟུགས་བརྙན་ཞེས་གདགས་སུ་ཡང་ཇི་ལྟར་རུང་དེ་སྙམ་དུ་སེམས་ཀྱི་བསམ་པ་ལ་བརྟགས་ནས། བཅོམ་ལྡན་འདས་རྣམ་པར་ལྟ་བར་བགྱིད་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་གང་ལགས་པ་དེ་ཅི་ལགས་སེམས་དེ་དང་ཟ་དད་པ ་ཞེས་བགྱི་འམ། ཐ་དད་པ་མ་ལགས་ཤེས་ཀྱི་ཞེས་བྱ་བ་ཞུས་པར་སྦྱར་རོ། །དེ་ལ་རྣམ་པར་བལྟ་བར་བགྱིད་པ་ཞེས་བྱ་བ་ནི་ལྷག་མཐོང་དང་ལྡན་པའི་རྣལ་འབྱོར་པ་རྣམ་པར་མི་རྟོག་པའི་ཤེས་པ་རྟོགས་པའོ། །ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་གང ་ལགས་པ་དེ་ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་གི་སེམས་ཀྱིས་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་རྣམ་པར་རྟོག་པ་དང་བཅས་པ་དང། རྣམ་པར་མི་རྟོག་པའི་གཟུགས་བརྙན་གང་ཡིན་པ་དེའོ། །སེམས་དེ་དང་ཞེས་བྱ་བ་ནི་གནས་དང་ལྷག་མཐོང་གི་སེམས་དེ་དང ་ངོ། །བྱམས་པ་ཐ་དད་པ་མ་ཡིན་ཞེས་བྱ་བས་ནི་བསྟན་པས་ཆུད་མ་ཟ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏོ། །ཅིའི་ཕྱིར་ཐ་དད་པ་མ་ཡིན་ཞེ་ན། ཞེས་བྱ་བ་ལ་སོགས་པས་ནི་བཤད་པས་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ ་པ་བསྟན་ཏོ། །དེ་ལ་གཟུགས་བརྙན་དེ་རྣམ་པར་རིག་བ་ཙམ་དུ་ཟད་པའི་ཕྱིར་དེ་ཞེས་བྱ་བས་ནི་གཟུགས་བརྙན་དེ་སེམས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་སེམས་དེ་དང་ཐ་དད་པ་མ་ཡིན་ཏེ། དེ་ལྟར་ཐ་དད་པ་མ་ཡིན་པར་རྟོགས་པ་ཉིད་རྣམ་པར་མི་རྟོག་པའི ་ཤེས་པ་རྟོགས་པ་ཡིན་ནོ་ཞེས་བསྟན་ཏོ། །འོ་ན་སེམས་དང་གཟུགས་བརྙན་ཞེས་གདགས་སུ་ཡང་ཇི་ལྟར་རུང་སྙམ་པ་ལས་རྣམ་པར་ཤེས་པ་ནི་དམིགས་པ་རྣམ་པར་རིག་པ་ཙམ་གྱིས་རབ་ཏུ་ཕྱེ་བ་ཡིན་ནོ་ཞེས་ངས་བཤད་དོ་ཞེས་བྱ་བ་གསུངས་ཏེ། རྣམ་པར ་ཤེས་པ་ཉིད་གཟུགས་བརྙན་གྱི་དམིགས་པ་ལྟ་བུར་སྣང་བས་སེམས་དང་གཟུགས་བརྙན་ཞེས་གདགས་སུ་ཡང་རུང་ལ་སེམས་ཀྱི་ངོ་བོ་ཉིད་ལས་ཐ་མི་དད་པའི་གཟུགས་བརྙན་དེ་ནི་རང་རིག་པའི་ཚུལ་གྱིས་རྣམ་པར་རིག་པ་ནི་རྣམ་པར་ཤེས་པའི་མཚན?་ ་ཉིད་ཡིན་ནོ་ཞེས་བསྟན་ཏོ། །དེ་ལྟར་ཐ་དད་པ་མ་ཡིན་ན་།དཔེར་ན་མིག་ཉིད་ཀྱིས་མིག་ཉིད་ལ་བརྟག་ཏུ་མི་རུང་བ་བཞིན་དུ་སེམས་ཉིད་ཀྱིས་སེམས་ཉིད་ལ་ཇི་ལྟ་བུར་བརྟག་ཏུ་རུང་སྙམ་པ་དག་གི་ཕྱིར། བཅོམ་ལྡན་འདས ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་གལ་ཏེ་སེམས་དེ་ལས་ཐ་དད་པ་མ་ལགས་ན། སེམས་དེ་ཉིད་ཀྱིས་སེམས་དེ་ཉིད་ལ་ཇི་ལྟར་རྟོགས་པར་བགྱིད་ལགས་ཞེས་བྱ་བ་ཞུས་སོ་དེ་ལ་གཞན་དག་འདི་སྙམ་དུ་རྟོག་པར་བྱེད་པའི་སེམས་ནི ་བྱེད་པ་པོ་གྱུར་པ་ཡིན་ལ་བརྟག་པར་བྱ་བ། གཟུགས་བརྙན་ནི་ལས་སུ་གྱུར་བ་ཡིན་ན། ཇི་ལྟར་དེ་གཉིས་ཐ་དད་པ་མ་ཡིན་པར་རུང་སྟེ། འཇིག་རྟེན་ནི་བྱེད་པ་པོ་དང་ལས་ནི་ཐ་དད་པར་སྣང་བའི་ཕྱིར་རོ་སྙམ་པ་ལ། ཡང་དག་པར་ནི་ཐ་དད་པ་མ་ཡིན ་པའི་?་བསྟན་པའི་ཕྱིར། བྱམས་པ་དེ་ལ་ཆོས་གང་ཡང་ཆོས་གང་ལ་ཡང་རྟོག་པར་མི་བྱེད་མོད་ཀྱི་ཞེས་བྱ་བ་གསུངས་ཏེ། ཆོས་གང་ཡང་ཞེས་བྱ་བ་ནི་བྱེད་པ་པོར་བསྟན་པ་ཡིན་ལ། ཆོས་གང་ལ་ཡང་ཞེས་བྱ་བ་ནི་ལས་སུ་བསྟན་པ་ཡིན་ཏེ། དེ་ལྟར་བྱེད་པ ་པོར་དང་ལས་སུ་གྱུར་པའི་ཚུལ་གྱིས་རྟོག་པར་བྱེད་བ་ནི་འགའ་ཡང་མེད་བར་སྟོན་ཏོ།། ཇི་ལྟར་ཞེ་ན་ཆོས་གཅིག་པུ་ནི་འགའ་ཡང་མེད་པས་རྟོག་པར་བྱེད་པ་དང་བརྟགས་པར་བྱ་བ་བྱེད་པ་པོ་དང། ལས་སུ་གྱུར་པ་འགའ་ཡང་མེད་པའི་ཕྱིར་དང། ཡང ་དག་པར་ན་སེམས་ནད་སེམས་ལས་བྱུང་བ་དང། ས་རྡུལ་ཕྲད་བ་རེ་རེ་མི་སྣང་བའི་ཕྱིར་བྱེད་པ་བོ་དང། ལས་ཀྱི་ཐ་སྙད་ཀྱང་མེད་ལ། འདུས་པ་དག་ལ་ཡང་ཀུན་རྫོབ་ཡིན་པའི་ཕྱིར་བལྟོས་པ་དང་བཅས་པའི་ཕྱིར་དང་མཐུ་མེད་པའི་ཕྱིར་བྱེད་པ་པོ་དང ་ལས་ཀྱི་ཐ་སྙད་མེད་པའི་ཕྱིར་དང་དངོས་པོ་རང་དབང་ཅན་ནི་འགའ་ཡང་མེད་པ་ཡིན་ན། འཇིག་རྟེན་པ་ནི་བྱེད་པ་པོ་ལ་མངོན་པར་ཞེན་པས་བྱ་བ་དག་འཇུག་པར་བྱེད་པར་ཟད་དེ། བྱེད་པ་པོ་མི་རིགས་པའི་ཕྱིར་བྱ་བ་དང་ལས་ཀྱང་མི་རིགས་པའི་ཕྱིར་རོ། །འོ་ན ་སེམས་ཀྱི་ངོ་བོ་ཉིད་གཅིག་ཏུ་དེ་ཇི་ལྟར་བཟུང་བ་དང་འཛིན་པའི་རྣམ་པར་སྣང་བར་འགྱུར་ཞེ་ན། འོན་ཀྱང་དེ་སྐྱེས་པའི་སེམས་གང་ཡིན་པ་དེ་དེ་ལྟར་སྣང་དོ་ཞེས་བྱ་བ་གསུངས་ཏེ། ཐོག་མ་མེད་པའི་དུས་ནས་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི ་བག་ཆགས་ཀྱིས་ཡོངས་སུ་བསྒོམ་པའི་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་དེ་ལྟར་སྣང་ངོ་ཞེས་བྱ་བའི་ཐ་ཚིག་གོ། དེ་ལ་ཆོས་གང་ཡང་ཆོས་གང་ལ་ཡང་རྟོག་པར་མི་བྱེད་ཅེས་བྱ་བས་ནི་ཡོངས་སུ་གྲུབ་པའི་སེམས་ཡོངས་སུ་དག་ལ་བསྟན་ལ། དེ་ལྟར ་སྐྱེས་བའི་སེམས་གང་ཡིན་བ་དེ་དེ་ལྟར་སྣང་ངོ་ཞེས་བྱ་བས་ནི་གཞན་གྱི་དབང་གི་སེམས་འཁྲུལ་བར་བསྟན་ཏོ། །བྱམས་པ་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པས་ནི་ཐ་དད་པ་མ་ཡིན་པའི་དོན་དེ་ཉིད་གསལ་བར་བྱ་བའི་དཔེ་སྟོན་ཏེ། དཔེར ་ན་མེ་ལོང་གི་དཀྱིལ་འཁོར་ལ་གཟུགས་བརྙན་གཞན་འབྱུང་བ་མེད་པར་གཟུགས་ཉིད་གཟུགས་བརྙན་ལྟ་བུར་སྣང་བ་ནི་གཟུགས་བརྙན་མཐོང་ངོ་སྙམ་དུ་སེམས་པ་དང་འདྲ་བར་སེམས་ཉིད་གཟུགས་བརྙན་ལྟ་བུར་སྣང་བར་ཟད་ཀྱི། སེམས་ལས་གཞན ་པའི་གཟུགས་བརྙན་མེད་དོ་ཞེས་བྱ་བར་སྟོན་ཏོ། །འདི་ལ་སྨྲ་བ་པོ་དག་མེ་ལོང་གི་དཀྱིལ་འཁོར་དང་གཟུགས་ལ་བརྟེན་ནས་གཟུགས་བརྙན་གཞན་ཞིག་འབྱུང་བས་བརྟེན་ཏེ་བྱུང་བ་གང་ཡིན་པ་དེ་དག་ཐམས་ཅད་ནི་ཡོད་པ་ཡིན་ན་དཔེ་འདི་ཇི་ལྟར ་རུང་བར?་འགྱུར་ཞེས་ཟོར་གདག?་ཀྱང་ཡོད་དེ། དེ་དབ་ལ་འདི་སྐད་ཅེས་གཟུགས་དང་གཟུགས་བརྙན་གྱི་རྣམ་པའི་རྣམ་པར་ཤེས་པ་ལས་གཞན་པའི་དོན་བྱེད་པས་རྫས་གཞན་ནི་མེད་དོ། །ཇི་ལྟར་དོན་མེད་ཅེ་ན། དོན་མེད་ཀྱང་རྣམ་པར་ཤེས་པ་སྐྱེ ་བ་སྣང་བའི་ཕྱིར་ཏེ། འདི་ལྟར་འདས་པ་དང་མ་འོངས་པ་དང་རྨི་ལམ་ལ་སོགས་པ་ལ་དོན་མེད་པར་ཡང་དེའི་རྣམ་པའི་རྣམ་པར་ཤེས་པ་སྐྱེ་བ་སྣང་བ་ལྟ་བུའོ། །ཡོད་ཅིག་ཏུ་ན་དོན་མཚུངས་པ་ལ་མོས་པའི་དབང་གིས་རྣམ་པར་དག་པ་ཐ་དད་བ ་དམིགས་པས་ཀྱང་སེམས་ཉིད་གཟུགས་བརྙན་དུ་སྣང་བར་རིགས་ཏེ་ངེས་པ་ཡིན་ཏེ། དཔེར་ན་ཆུ་ཀླུང་གི་དངོས་པོ་ཅིག་ལ་དུད་འགྲོ་རྣམས་ཀྱིས་ནི་གནས་ཀྱི་རྣམ་པར་མཐོང། ཡི་དགས་རྣམས་ཀྱིས་ནི་རྣག་གི་རྣམ་པར་མཐོང། མི ་རྣམས་ཀྱིས་ནི་ཆུའི་རྣམ་པ་ལྟ་བུར་མཐོང་བ་དང། ལྷ་རྣམས་ཀྱིས་ནི་ས་གཞི་བེ་དཱུ་རྱའི་རང་བཞིན་དུ་མཐོང་བ་ལྟ་བུའོ་ཞེས་བརྗོད་པར་བྱའོ། །དེ་ལྟར་མཉམ་པར་བཞག་པའི་ས་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་འབའ་ཞིག་སེམས ་དང་ཐ་དད་པ་མ་ཡིན་པར་ཟད་དམ། འོན་ཏེ་མཉམ་པར་བཞག་པའི་ས་པའི་སེམས་ཅན་རྣམས་ཀྱི་སྤྱོད་ཡུལ་གཟུགས་ལ་སོགས་པར་སྣང་བ་དེ་ཡང་སེམས་དང་ཐ་དད་པ་མ་ཡིན་སྙམ་པ་དག་གི་ཕྱིར། བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་ཞེས ་བྱ་བ་ལ་སོགས་བ་ཞུས་ཏེ། གཟུགས་ལ་སོགས་པར་སྣང་བ་ཞེས་བྱ་བ་ནི་སྔོན་པོ་ནི་ལ་སོགས་པའི་རྗེས་སོ།། སེམས་ཀྱི་གཟུགས་བརྙན་ཞེས་བྱ་བ་ནི་སེམས་ལ་སྣང་པར་གྱུར་པའོ། །རང་བཞིན་དུ་གནས་ཤེས་བྱ་བ་ནི་མཉམ་པར་བཞག་པའི་ས་པ? ་རྣམས་ཀྱི་སྤྱོད་ཡུལ་ཐ་མལ་བར་གནས་པའོ། །བྱམས་པ་ཐ་དད་པ་མ་ཡིན་ཞེས་བྱ་སྟེ། ཞེས་བྱ་བ་ནི་བསྟན་པའོ། །བྱིས་པ་ཕྱིན་ཅི་ལོག་གི་བློ་ཅན་རྣམས་ནི་ཞེས་བྱ་བ་ལ་སོགས་བ་ནི་བཤད་པ་སྟེ། དེས་ན་ཅིའི་ཕྱིར་སེམས་ལས་ཐ་དད་པ་ལྟ་བུར་སྣང ་སྙམ་པ་ལ། བྱིས་པ་དེ་ཁོ་ན་ཉིད་མ་མཐོང་བལྟ་བ་རབ་རིབ་ཀྱིས་ཉམས་པར་བྱས་པ་རྣམས་ནི་ཕྱི་རོལ་གྱི་དོན་མེད་བཞིན་དུ་ཡོད་པར་མཐོང་བ་ཡིན་ནོ་ཞེས་བསྟན་ཏོ།། དེ་ལྟར་རྣམ་པར་མི་རྟོག་པའི་ཤེས་པས་ཉོགས་པ་དང། རབ་ཏུ་ཕྱེ་བའི་ཞི་གནས ་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང་བཤད་པས་རྣམ་པར་མི་རྟོག་པ་གདགས་པ་གཏན་པ་ལ་དབབ་པ་བསྟན་པ་ནི་རྣམ་པར་མི་རྟོག་པའི་ཤེས་པ་རྟོགས་པ་ཆུད་མི ་ཟ་བར་བྱ་བའི་ཕྱིར་གདགས་པ་བཏན་ལ་དབབ་པ་ཡིན་ནོ། །དེའི་འོག་ཏུ་རྒྱུ་མཚན་གསུམ་སྒོམ་པའི་དུས་མི་ཤེས་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་བ་གཏན་ལ་དབབ་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། རྒྱུ་མཚན་གསུཾ ་སྡོམ་པའི་དུས་ནི་ཤེས་པ་ཞེས་བྱ་བ་ནི་ལྷག་མཐོང་གི་རྒྱུ་མཚན་དང་བཞི་གནས་ཀྱི་རྒྱུ་མཚན་དང། བཏང་སྙོམས་ཀྱི་རྒྱུ་མཚན་སྒོམ་པའི་དུས་མི་ཤེས་པའོ། །རྣམ་པར་བཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཞེས་བྱ་བ ་ནི་མི་ཤེས་པ་དེ་རྣམ་པར་གཞིག?་ཅིང་རྒྱུ་མཚན་གསུམ་སྒོམ་པའི་དུས་ཤེས་པས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལ་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང་བཤད་པས ་རྒྱུ་མཆོན་གསུམ་སྒོམ་པའི་དུས་ཤེས་པ་གདགས་པ་གཏན་ལ་དབབ་པའོ། །དེ་ལ་མཚམས་སྦྱར་བ་ཇི་ལྟ་བུ་ཞེ་ན། འདིར་འཕགས་བ་བྱམས་པས་གཞན་དག་འདི་སྙམ་དུ་རྣལ་འབྱོར་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ངོ་བོ་ཉིད ་ལ་འདི་ལ་སྦྱོར་བ་ནི་མི་མཐུན་པའི་ཕྱོགས་སྤོང་བ་དང། གཉན་པོ་འཕེལ་བའི་དུས་ཤེས་པར་བྱ་དགོས་ན། དེ་ལ་ལྷག་མཐོང་གི་རྒྱུ་མཚན་བསྒོམ་པའི་དུས་ནི་གང། ཞི་གནས་ཀྱི་རྒྱུ་མཚན་བསྒོམ་པའི་དུས་ནི་གང། བཏང་སྙོམས་ཀྱི་རྒྱུ་མཚན ་བསྒོམ་པའི་དུས་ནི་གང་སྙམ་དུ་སེམས་པ་རྣམས་ཀྱིས་བསམ་པ་ལ་བཏགས་ནས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ཞུས་བ་རྣམ་པ་དྲུག་ཞུས་པར་སྦྱར་རོ། །ཇི་ཙམ་གྱིས་ན་གཅིག་ཏུ་ལྷག་མཐོང་བསྒོམ་པ་ལགས ་ཞེས་བྱས་ནི། ལག་མཐོང་གི་རྒྱུ་མཚན་སྒོམ་པའི་དུས་གང་ལགས་ཞེས་ཞུས་པ་ཡིན་ནོ། །གང་གི་ཚེ་རྒྱུན་ཆགས་སུ་ཡིད་ལ་བྱེད་པས་སེམས་ཀྱི་མཚན་ཉིད་ཡིད་ལ་བྱེད་པའོ་ཞེས་བྱ་བས་ནི་བསྟན་པས་ལྷག་མཐོང་གི་རྒྱུ་མཚན་སྒོམ་པའི་དུས་མི་ཤེས་པ ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏེ། དེ་ལ་རྒྱུན་ཆགས་ཡིད་ལ་བྱེད་པས་ཞེས་བྱ་བས་ནི་ལྷག་མཐོང་བསྟན་ཏེ། སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པའི ་གནས་སྐབས་ཀྱི་ལྷག་མཐོང་སེམས་ཀྱི་ངོ་བོ་ཉིད་ལ་གཉིས་མེད་པའི་དོན་རང་རིག་པའི་ངོ་བོ་ཉིད་དང། ཤེས་རབ་ཀྱི་སྤྱོད་པ་བཞི་དང། སྒོ་གསུམ་དང་གཞི་རབ་ཏུ་དབྱེ་བ་རྣམ་པ་དྲུག་ལ་དམིགས་པའི་སེམས་ཀྱི་ངོ་བོ་ཉིད་ལ་གཉིས་མེད་པའི་དོན ་དེ་རྒྱུན་ཆགས་སུ་ཡིད་ལ་བྱེད་པ་ནི་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ཡིན་པར་བསྟན་ཏོ། །སེམས་ཀྱི་མཚན་ཉིད་ཅེས་བྱ་བ་ནི་ལྷག་མཐོང་གི་རྒྱུ་མཚན་ནི་རྣམ་པ་གཉིས་ཏེ་དམིགས་པའི་རྒྱུ་མཚན་དང། གཞིའི་རྒྱུ་མཚན་ནོ། །དེ་ལ་དམིགས་པའི ་རྒྱུ་མཚན་ནི་ལྷག་མཐོང་ཡིད་ལ་བྱེད་པ་ཐོབ་པའི་རྒྱུ་མཚན་ཏེ། ལྷག་མཐོང་གི་དམིགས་པ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་གང་ཡིན་པའོ།། གཞིའི་རྒྱུ་མཚན་ནི་ལྷག་མཐོང་གི་ལམ་ཡོངས་སུ་དག ་པའི་རྒྱུ་སྟེ། ལྷག་མཐོང་གི་སེམས་ཡོངས་སུ་བསྒོམ་དེའི་འོག་ཏུ་ལྷག་མཐོང་གི་ལམ་ཡོངས་སུ་དག་པར་བྱ་བའི་ཕྱིར་ཞི་གནས་ཀྱིས་སེམས་ཀྱི་མཚན་མ་ཉིད་ལ་སྦྱོར་བ་གང་ཡིན་པ་སྟེ། སྐབས་འདིར་ནི་དམིགས་པའི་རྒྱུ་མཚན་ཉིད་གཟུང ་བར་བྱའོ། །ཡིད་ལ་བྱེད་བའོ་ཞེས་བྱ་བ་ནི་ལྷག་མཐོང་གི་རྒྱུ་མཚན་བསྒོམ་པའི་དུས་བསྟན་ཏེ། ཞི་གནས་ཀྱི་སེམས་ཡོངས་སུ་བསྒོམ་པའི་དུས་སམ། མ་བསྒོམས་པ་ནི་དད་པོའི་དུས་སུ་ནི་ལྷག་མཐོང་སྒོམ་པའི་དུས་ཡིན་ཏེ། དུས་དེར་ལྷག་མཐོང ་གི་རྒྱུ་མཚན་དེ་ལྷག་མཐོང་གི་ཕྱོགས་ཡིད་ལ་བྱེད་པ་བཞི་པོ་སྔར་བསྟན་བ་དག་གིས་ཡིད་ལ་བྱས་ན་བྱེད་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་སྤོང་ཞིང་ཞེས་བྱའི་དངོས་པོ་ཡང་དག་པའི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ལ་སོགས་པ་གཉེན?་པོ? ་འཕེལ་བར་འགྱུར་རོ་ཞེས་བྱ་པའི་ཐ་ཚིག་གོ། ཇི་ཙམ་གྱིས་ན་གཅིག་ཏུ་ཞི་གནས་བསྒོམ་པ་ལགས་ཞེས་བྱ་བས་ནི་ཞི་གནས་ཀྱི་རྒྱུ་སྒོམ་པའི་དུས་མཚན་གང་ལགས་ཞུས་པ་ཡིན་ནོ། །གང་གིས་ཚེ་རྒྱུན་ཆགས་སུ་ཡིད་ལ་བྱེད་པས་བར་ཆད་མེད་པའི་སེམས་ཡིད་ལ་བྱེད ་པའོ་ཞེས་བྱ་བས་ནི་བསྟན་པས་ཞི་གནས་ཀྱི་རྒྱུ་མཚན་བསྒོམ་པའི་དུས་མི་ཤེས་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏེ། དེ་ལ་རྒྱུན་ཆགས་སུ་ཡིད་ལ་བྱེད་པས་ཞེས་བྱ་བས་ནི་ཞི་གནས་བསྟན ་ཏེ་།སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པའི་ཞི་གནས་མཚན་མ་དང་གནས་ངན་ལེན་གྱི་གཡེང་བ་ཞི་པའི་ངོ་བོ་ཉིད་དང་སེམས་གཉིས་པ་དགུ་དང་སྟོབས་དྲུག་དང་ཡིད་ལ་བྱེད་པ་བཞིའི་རབ་ཏུ་དབྱེ་བ་དང་བཅས་པས་སེམས་རྩེ་གཅིག་ཏུ་རྒྱུན ་ཆགས་སུ་ཡིད་ལ་བྱེད་པ་ནི་ཞི་གནས་ཀྱི་ལམ་གྱི་ངོ་བོ་ཉིད་ཡིན་པར་བསྟན་ཏོ། །བར་ཆད་མེད་པའི་སེམས་ཞེས་བྱ་བས་ནི་ཞི་གནས་ཀྱི་རྒྱུ་མཚན་བསྟན་ཏེ། རྒྱུ་མཚན་ནི་རྣམ་པ་གནས་ཏེ། དམིགས་པའི་རྒྱུ་མཚན་དང། ཞི་བའི་རྒྱུ་མཚན་ནོ། །དེ་ལ་དམིགས ་པའི་རྒྱུ་མཚན་ནི་ཞི་གནས་ཀྱི་ཡིད་ལ་བྱེད་པའི་ཐོབ་པའི་རྒྱུ་སྟེ། ཞི་གནས་ཀྱི་དམིགས་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་རྣམ་པར་མི་རྟོག་པའི་གཟུགས་བརྙན་གང་ཡིན་པའོ། །གཞིའི་གཟུགས་བརྙན་ནི་ཞི་གནས་ཀྱི་ལམ་ཡོངས་སུ་དག་པའི་རྒྱུ་སྟེ། ཞི་གནས ་ཀྱི་སེམས་ཡོངས་སུ་བསྒོམས་ནས་དེའི་འོག་ཏུ་ཞི་གནས་ཀྱི་ལམ་ཡོངས་སུ་དག་པར་བྱ་བའི་ཕྱིར་ལྷག་མཐོང་གི་སེམས་ཀྱི་མཚན་མ་ཉིད་ལ་སྦྱོར་བ་གང་ཡིན་པ་སྟེ། སྐབས་འདིར་མི་དམིབས?་པའི་རྒྱུ་མཚན?་ཉིད་གཟུང་བར་བྱའོ། །ཡིད་ལ་བྱེད་པའོ་ཞེས་བྱ་བས་ནི ་ཞི་གནས་ཀྱི་རྒྱུ་མཚན་བསྒོམ་པའི་དུས་བསྟན་ཏེ། སེམས་རྒོད་པར་གྱུར་པའི་སེམས་མ་རྒོད་དུ་དོགས་པའི་དུས་སུ་ནི་ཞི་གནས་བསྒོམ་པའི་དུས་ཡིན་ཏེ། དུས་དེ་ཞི་གནས་ཀྱི་རྒྱུ་མཚན་བཞི་གནས་ཀྱི་ཕྱོགས་ཀྱི་ཡིད་ལ་བྱེད་པ་བཞི་པོ་སྔར་བསྟན་པ་དག་གིས ་ཡིད་ལ་བྱས་ན་རྒོད་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་སྤོང་ཞིང་ནང་གི་སེམས་རྩེ་གཅིག་བ་ཉིད་དང། ལུས་དང་སེམས་ཤིན་ཏུ་སྦྱངས་པ་ལ་སོགས་པ་གཉེན་པོ་འཕེལ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག། ཇི་ཅན་གྱིས་ན་ཞི ་གནས་དང་ལྷག་མཐོང་གཉིས་འདྲེས་པར་གྱུར་ཏེ་མཉམ་པར་ཟུང་དུ་འཇུག་པ་ལགས་ཞེས་བྱ་བས་ནི་བཏང་སྙོམས་ཀྱི་རྒྱུ་མཚན་བསྒོམ་པའི་དུས་གང་ལགས་ཞེས་པ་ཡིན་ནོ། །གང་གི་ཚེ་སེམས་རྩེ་གཅིག་པ་ཉིད་ཡིད་ལ་བྱེད་པའོ་ཞེས་བྱ་བས་ནི་བསྟན ་བས་བཏང་སྙོམས་ཀྱི་རྒྱུ་མཚན་བསྒོམ་པའི་དུས་མི་ཤེས་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དཔག་པ་བསྟན་ཏེ། དེ་ལ་སེམས་རྩེ་གཅིག་པ་ཉིད་ཅེས་བྱ་བས་ནི་བཏང་སྙོམས་དང་བཏང་སྙོམས་ཀྱི་རྒྱུ་མཚན ་བསྟན་ཏེ། སྦྱོར་བ་མཐར་ཐུག་པའི་འབྲས་བུའི་ཡིད་ལ་བྱེད་པའི་གནས་སྐབས་ཀྱི་བཏང་སྙོམས་དངོས་པོའི་མཛའ་དང། དགོས་པ་ཡོངས་སུ་གྲུབ་པའི་དམིགས་པ་ལ། ཀུན་ནས་ཉོན་མོངས་པའི་སེམས་མཉམ་བ་དང། རྣལ་དུ་བག་པ་དང། རང་གི་ངང་གིས་འཇུག་པ ་དང། སེམས་ཉམས་བདེ་བ་དང། སེམས་ལས་སུ་རུང་བའི་རྗེས་སུ་རྩོལ་བ་མེད་པའི་བྱ་བས་གདོད་ཅིང། དམིགས་པ་དེ་ལ་རྒྱུན་ཆགས་སུ་བརྩལ་མི་དགོས་པར་སེམས་རྩེ་གཅིག་པ་ཉིད་སྙུན་གྱིས་གྲུབ་པ་ནི་བཏང་སྙོམས་ཀྱི་ལམ་གྱི་ངོ་བོ་ཉིད་ཡིན་པར་བསྟན ་ཏོ། །རྒྱུ་མཚན་ནི་རྣམ་པ་གཉིས་ཏེ། དམིགས་པའི་རྒྱུ་མཚན་དང། གཞིའི་རྒྱུ་མཚན་ནོ། །དེ་ལ་དམིགས་པའི་རྒྱུ་མཚན་ནི་བཏང་སྙོམས་ཀྱི་ཡིད་ལ་བྱེད་པ་ཐོབ་པའི་རྒྱུ་སྟེ། དངོས་པོའི་མཛའ་དང་དགོས་པ་ཡོངས་སུ་གྲུབ་པའི་དམིགས་པ་གང་ཡིན་པའོ། །གཞིའི ་རྒྱུ་མཚན་ནི་བཏང་སྙོམས་ཀྱི་ལམ་ཡོངས་སུ་དག་པའི་རྒྱུ་སྟེ། བཏང་སྙོམས་ཀྱི་སེམས་དེ་ཉིད་ཆེས་ཤིན་ཏུ་གོང་ནས་གོང་དུ་ཡོངས་སུ་དག་པར་བྱ་བའི་ཕྱིར་དམིགས་པ་དེ་ཉིད་ལ་ངན་པར་སྤྱོད་ཅིང། བརྩོན་འགྲུས་ཧ་ཅང་ལྷག་བར་བརྩོན་པར་མི་བྱེད་པ་གང་ཡིན་པ ་སྟེ། སྐབས་འདིར་ནི་དམིགས་པའི་རྒྱུ་མཚན་ཉིད་བཟུང་བར་བྱའོ། །ཡིད་ལ་བྱེད་པའོ་ཞེས་བྱ་བས་ནི་བཏང་སྙོམས་ཀྱི་རྒྱུ་མཚན་བསྒོམ་པའི་དུས་བསྟན་ཏེ། ཞི་གནས་དང་ལྷག་མཐོང་གི་ཕྱོགས་ལ་སེམས་བྱིད་པ་དང་རྒོད་པ་མེད་པའི་དུས་སུ་ནི་བཏང་སྙོམས ་བསྒོམ་པའི་དུས་ཡིན་ཏེ་དུས་དེར་བཏང་སྙོམས་ཀྱི་རྒྱུ་མཆན་ཏེ་ལྷུན་གྱིས་གྲུབ་པར་ཡིད་ལ་བྱེད་པས་ཡིད་ལ་བྱས་ན་སེམས་ཞུམ་པ་དང་རྒོད་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐག་རིང་དུ་སྤོང་ཞིང་དངོས་པོའི་མཛའ་དང། དགོས་པ་ཡོངས་སུ་གྲུབ་པས ་རབ་ཏུ་ཕྱེ་བ་སྤངས་པ་ཕུན་སུམ་ཚོགས་པ་དང། ཡེ་ཤེས་ཕུན་སུམ་ཚོགས་པའི་འབྲས་བུ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། བཅོམ་ལྡན་འདས་སེམས་ཀྱི་མཚན་མ་གང་ལེགས?་ཞེས་བྱ་བས་ནི་སྔར་ལྷག་མཐོང་གི་དམིགས་པའི་རྒྱུ་མཚན་བསྟན? ་པ་དེའི་བཤད་བ་ཞུས་པ་ཡིན་ནོ། །བྱམས་པ་ལྷག་མཐོང་གི་དམིགས་པ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་གང་ཡིན་པའོ། ཞེས་བྱ་བས་ནི་བཤད་པས། ལྷག་མཐོང་གི་རྒྱུ་མཚན་སྒོམ་པའི་དུས་མི་ཤེས་པ་རྣམ་པར ་གཤིག་ཅིང་ཆུང་མི་?་བྱ་བའི་ཕྱིར་གདགས་པ་གཏན་ལ་དབན?་པ་བསྟན་ཏེ། སེམས་ཀྱི་མཚན་མ་ཞེས་བྱ་བ་ནི་སེམས་ཀྱི་རྣམ་པ་སྟེ། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ཡིན་པར་བསྟན་ཏོ། བར་ཆད་མི་མཆིས་པའི་སེམས་གང་ལགས་ཞེས ་བྱ་བས་ནི་སྔར་ཞི་གནས་ཀྱི་དམིགས་པའི་རྒྱུ་མཚན་?་བདེའི་བཤད་པ་ཞུས་པ་ཡིན། །བྱམས་པ་ཞི་གནས་ཀྱི་དམིགས་པ་གཟུགས་བརྙན་ལ་དམིགས་པའི་སེམས་གང་ཡིན་པའོ་ཞེས་བྱ་བས་ནི་བཤད་པས་ཞི་གནས་ཀྱི་རྒྱུ་མཚན་བསྒོམ་པའི་དུས་མི ་ཤེས་པ་རྣམ་པར་གཤིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏེ། པར་ཆད་མེད་པའི་སེམས་ཞེས་བྱ་བས་ནི་དེ་ལས་བར་ཆད་མེད་པར་ལྷག་མཐོང་འབྱུང་བ་སྟེ། རྣམ་པར་མི་རྟོག་པའི་གཟུགས་བརྙན་ལ་དམིགས་བཞི ་གནས་ཀྱི་སེམས་ཉིད་ཡིན་པར་བསྟན་ཏོ། །སེམས་རྩེ་གཅིག་བ་ཉིད་གང་ལགས་ཞེས་བྱ་བས་ནི་སྔར་བཏང་སྙོམས་གྱི་དམིགས་པའི་རྒྱུ་མཚན་བསྟན་པ་དེའི་བཤད་པ་ཞུས་པ་ཡིན་ནོ།། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ ་ལ་འདི་ནི་རྣམ་པར་རིག་པ་ཙམ་ཡིན་ནོ་ཞེས་བྱ་བར་རྟོགས་ཏེ། དེ་རྟོགས་ནས་ཀྱང་དེ་བཞིན་དུ་ཡིད་ལ་བྱེད་བ་གང་ཡིན་པའོ་ཞེས་བྱ་བ་ནི་བཤད་པས་བཏང་སྙོམས་ཀྱི་རྒྱུ་མཚན་བསྒོམ་པའི་དུས་མི་ཤེས་པ་རྣམ་པར་གཞིག་ཅིང་ཆུང་མི་ཟ ་པར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏེ། སེམས་རྩེ་གཅིག་པ་ཉིད་ཅེས་བྱ་བས་དམིགས་པ་གཅིག་ཏུ་གྱུར་པ་སྟེ། གཟུགས་བརྙན་རྣམ་གཉིས་ཀྱི་དམིགས་པ་ལས་ཡང་དག་བར་འདས་ནས། དངོས་པོའི་མཛའ་དང་དགོས་པ་ཡོངས ་སུ་གྲུབ་པའི་དམིགས་པ་གཅིག་ལ་ཟུང་དུ་འབྲེལ་པའི་སེམས་སོ། །དེ་ལྟར་རྒྱུ་མཚན་གསུམ་བསྒོམ་པའི་དུས་མི་ཤེས་པ་དེ་རྣམ་པར་བཤིག་ཅིང་རྒྱུ་མཚན་གསུམ་སྒོམ་པའི་དུས་ཤེས་ངས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ ་ལ་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུང་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང་བཤད་པས་རྒྱུ་མཚན་གསུམ་བསྒོམ་པའི་དུས་ཤེས་པ་གདགས་པ་གཏན་ལ་དབབ་བ་གཏན་པ་ནི་རྒྱུ་མཚན་གསུམ་བསྒོམ་པའི་དུས་མི་ཤེས་པ་རྣམ་པར་གཞིག་ཅིང་ཆུད ་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཡིན་ནོ། །དེའི་འོག་ཏུ་ཅུང་ཟད་ཙམ་གྱིས་ཆོ་ག་བར་འཛིན་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བའི་ཕྱིར་གདགས་བ་གཏན་ལ་དབབ་བ་ནི་ཚིག་གི་དོན་ལ་སོགས་བ་བཤད་པར་བྱ་སྟེ། ཅུང་ཟད་ཙམ ་གྱིས་ཆོག་བར་འཛིན་པ་ཞེས་བྱ་བ་ནི་ཞི་གནས་དང་ལྷག་མདོང་གི་ལམ་གྱི་ངོ་བོ་ཉིད་ནི་གཞི་ཐ་དད་པ་ལས་བྱུང་བ་དང། རྣམ་པ་ཐ་དད་པ་དང། གནས་སྐབས་ཐ་དད་བ་དུ་མ་ཡོང་པས་རྣལ་འབྱོར་བས་དེ་དག་ཐམས་ཅད་ཡོངས་སུ་ཤེས་པར་བྱ་ཞིང་ཀུན་ཆུབ་པར ་བྱ་དགོས་པ་ཡིན་ན། དེ་དག་ལ་འགའ་ཅིམ་ཞིག་ཡོངས་སུ་ཤེས་པར་བྱས་ཤིང་ཀུན་ཆུབ་པར་བྱས་པས་ཆོག་པར་འཛིན་པ་ནི་ཅུང་ཟད་ཙམ་གྱིས་ཆོག་བར་འཛིན་པ་ཞེས་བྱའོ། །རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཞེས ་བྱ་བ་ནི་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་དེ་རྣམ་པར་གཞིག་ཅིང། ཅུང་ཟད་ཙམ་གྱིས་ཆོག་པར་མི་འཛིན་པས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ལམ་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང ་བཤད་པས་ཅུང་ཟད་ཅམ་གྱིས་ཆོག་པར་མི་འཛིན་པར་གདགས་པ་གཏན་ལ་དབབ་པའོ། །དེ་ལ་མཚམས་སྦྱར་བ་ཇི་ལྟ་བུ་ཞེ་ན། འདིར་འཕགས་པ་བྱམས་པས་གཞན་དག་འདི་སྙམ་དུ་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ ་གྱི་ངོ་བོ་ཉིད་དེ་གཞི་གང་ལས་བྱུང་རྣམ་པ་དུ་ཡོད་གནས་སྐབས་གང་དག་ན་ཡོད་སྙམ་དུ་སེམས་པ་རྣམས་ཀྱི་བསམ་པ་ལ་བརྟག་ནས། བཅོམ་ལྡན་འདས་ལྷག་མཐོང་ལ་རྣམ་བ་དུ་མཆིས་ཞེས་བྱ་བ་ལ་སོགས་པ་ཞུ་བ་རྣམ་པ་གཉིས་ཞུས་པར་སྦྱར་རོ། །བྱམས ་པ་རྣམ་པ་རྣམ་པ་གསུམ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་བསྟན་པས་ལྷག་མཐོང་ཅུང་ཟད་ཙམ་གྱིས་ཆོ་ག་པར་འཛིན་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏོ། །མཚན་མ་ལས་བྱུང་བ་དང། ཡོངས་སུ་ཚོལ ་པ་ལས་བྱང་བ་དང། སོ་སོར་རྟོག་པ་ལས་བྱུང་བའོ་ཞེས་བྱ་བའི་ནི་ལྷག་མཐོང་གི་ལམ་གྱི་སྒོ་གསུམ་པོ་མཚན་མ་ཙམ་གྱི་རྗེས་སུ་ཞུགས་པ་དང། ཡོངས་སུ་བཙལ་བའི་རྗེས་སུ་ཞགས་པ་དང། ཡོངས་སུ་བཅས་པ་ལ་སོ་སོར་རྟོག་པའི་རྗེས་སུ་ཞུགས་པ་ཞེས་ཇི་སྐད ་བསྟན་པ་དང་གོ་རིམ་བཞིན་དུ་སྦྱར་རོ། །དེ་ཡང་ཐོས་པ་ལས་བྱུང་བ་དང། བསམ་པ་ལས་བྱུང་བ་དང། བསྒོམ?་པ་ལས་བྱུང་བ་ཡིན་ནོ། །ཡང་དམིགས་པ་རྣམ་པར་དག་པས་རབ་ཏུ་ཕྱེ་བ་དང། ལམ་རྣམ་པར་དག་པས་རབ་ཏུ་ཕྱེ་བ་དང། དྲི་མ་མེད་པས་རྣམ་དང་དག་ ་པ་དང། རང་བཞིན་རྣམ་པར་ངག་པས་རབ་ཏུ་ཕྱེ་བ་ཡང་ཡིན་ཏེ། དེ་ལ་དམིགས་པ་རྣམ་པར་ངག་བ་ཞེས་བྱ་བ་ནི་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་གྱིས་སྤྱོད་ཡུལ་དམ་པའི་ཆོས་ཐོས་པ་དང། གཟུང་བའམ། དགེ་བའི ་བཤེས་གཉེན་གྱི་གདམས་ངག་དང་རྗེས་སུ་བསྟན་པ་ལ་མཉམ་པར་གཞག་པའི་ས་པ་ཡིད་ལ་བྱེད་པ་དམིགས་པའོ། །ལམ་རྣམ་པར་དག་པ་ཞེས་བྱ་བ་ནི་དེ་ཉིད་ལ་དམིགས་པ་རྣམ་པར་དག་པས་དམིགས་པར་བྱེད་ཅིང། བསམ་པ་ལས་བྱུང་བའི་ཤེས ་རབ་ཀྱི་སེམས་པར་བྱེད། རྟོག་པར་བྱེད། འཛམ་བར་བྱེད། ཉེ་བར་རྟོག་པར་བྱེད་པའི་ལམ་མོ། །དྲི་མ་མེད་པ་རྣམ་པར་དག་པ་ཞེས་བྱ་བ་ནི་དེ་ཉིད་ལ་ལམ་རྣམ་པར་དག་པས་བསམས་ཤིང་བརྟག་ལ་གཞལ་ཅིང། ཉེ་པར་བརྟགས་ནས་བསྒོམ་པ ་ལས་བྱུང་བའི་ཤེས་རབ་ཀྱིས་ཇི་ལྟར་རྣམ་པར་བཞག་པ་དེ་བཞིན་དུ་སོ་སོར་རྟོག་པར་བྱེད་པ་ན། ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པས་སེམས་རྣམ་པར་གྲོལ་བའོ།། རང་བཞིན་རྣམ་པར་དག་པ་ཞེས་བྱ་བ་ནི་དེ་ཉིད་ཀྱི་ཆོ་ཤེས་བྱའི་སྒྲིབ་པ་རྣམ་པར ་དག་བས་ཤེས་རབ་རྣམ་པར་གྲོལ་བའོ། །ཡང་བལྟོས་པའི་རིག་པ་དང། བྱ་བ་བྱེད་པའི་རིགས་པའི་མཚན་མ་ལས་བྱུང་བ་དང། འཐད་བས་བསྒྲུབས་པའི་རིགས་པས་ཡོངས་སུ་ཚོལ་བ་ལས་བྱུང་བ་དང། ཆོས་ཉིད་ཀྱི་རིགས་པས་སོ་སོར་རྟོག་པ་ལས་བྱུང་བ ་ཡིན་ནོ། །མཚན་མ་ལས་བྱུང་བ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་བཤད་པས་ལྷག་མཐོང་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པའི་རྣམ་པར་གཞིག་ཅིང་ཆུང་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏོ།། །།ཏིང་ངེ་འཛིན་གྱི ་སྤྱོད་ཡུལ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་འབའ་ཞིག་ཡིད་ལ་བྱེད་པའི་ལྷག་མཐོང་གང་ཡིན་པའོ་ཞེས་བྱ་བ་ནི་མཚན་མ་ཙམ་ཀྱི་རྗེས་སུ་ཞུགས་པའི་སྒོ་ཡིན་ཏེ། དེ་ནི་སྦྱོར་བའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ལྷག་མཐོང ་ཐོས་པ་ལས་བྱུང་བ་དང། དམིགས་པ་རྣམ་པར་དག་པས་རབ་ཏུ་ཕྱེ་བ་དང། བལྟོས་པའི་རིགས་པ་དང། བྱ་བ་བྱེད་པའི་མཚན་མའི་རིགས་པ་ལས་བྱུང་བ་ཡིན་ནོ།། དེ་དང་དེར་ཤེས་རབ་ཀྱི་ཤིན་ཏུ་ལེགས་པར་མ་རྟོགས་པའི་ཆོས་དེ?་དག་ཉིད་ཤིན་ཏུ ་ལེགས་པར་རྟོགས་པར་བྱི་བའི་ཕྱིར་ཡིད་ལ་བྱེད་པའི་ལྷག་མཐོང་གང་ཡིན་པའོ་ཞེས་བྱ་བས་ནི་ཡོངས་སུ་བཅལ་བའི་རྗེས་སུ་ཞུགས་པའི་སྒོ་ཡིན་ཏེ་དེ་ནི་སྦྱོར་བ་ན་ཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ལྷག་མཐོང་བསམ་བ་ལས ་བྱུང་བ་དང། ལམ་རྣམ་པར་དག་བས་རབ་ཏུ་ཕྱེ་བ་དང། འཐད་པའི་བསྒྲུབས་པའི་རིགས་པས་ཡོངས་སུ་ཚོལ་བ་ལས་བྱུང་བ་ཡིན་ནོ། །དེ་ལ་དེ་དང་དེར་ཞེས་བྱ་བ་ནི་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་གཟུགས་བརྙན་དེ ་དང་དེ་ལའོ།། ཤེས་རབ་ཀྱི་ཞེས་བྱ་བ་ནི་བསམ་བ་ལས་བྱུང་བ་དང། ལམ་རྣམ་པར་དག་པས་རབ་ཏུ་ཕྱེ་བ་དང། འཐད་པས་བསྒྲུབས་པའི་རིགས་པས་ཡོངས་སུ་ཆོལ་བ་ལས་བྱུང་པའི་ཤེས་རབ་ཀྱིས་སོ།། ཤིན་ཏུ་ལེགས་པར་མ་རྟོགས་བའི་ཆོས་དེ ་དག་ཉིད་ཅེས་བྱ་བ་ནི་སེམས་ཀྱི་ངོ་བོ་ཉིད་ལ་གཉིས་མེད་བའི་དོན་རང་རིག་པར་མ་གྱུར་པའི་གཟུགས་བརྙན་གྱི་ཆོས་དེ་དག་ཉིད་དོ།། དེ་དང་དེར་ཤེས་རབ་ཀྱིས་ཤིན་ཏུ་ལེགས་པར་རྟོགས་པའི་ཆོས་རྣམས་ལ་རྣམ་པར་གྲོལ་བས་ཤིན་ཏུ་ལེགས་པར ་བདེ་བ་དང་རེག་པར་བྱ་བའི་ཕྱིར་ཡིད་ལ་བྱེད་པའི་ལྷག་མཐོང་གང་ཡིན་པའོ་ཞེས་བྱ་བས་ནི་ཡོངས་སུ་བཙལ་བ་ལ་སོ་སོར་རྟོག་པའི་རྗེས་སུ་ཞུགས་པའི་སྒོ་ཡིན་ཏེ། དེ་ནི་སྦྱོར་བ་མཐར་ཐུག་པའི་འབྲས་བུའི་ཡིད་ལ་བྱེད་བའི་རབ་ཏུ་ཕྱེ་བའི་ལྷག་མཐོང ་བསྒོམ་པ་ལས་བྱུང་བ་དང། དྲི་མ་མེད་པར་རྣམ་པར་དག་པ་དང། རང་བཞིན་རྣམ་པར་དག་པས་རབ་ཏུ་ཕྱེ་བ་དང། ཆོས་ཉིད་ཀྱི་རིགས་པས་སོ་སོར་རྟོགས་པ་ལས་བྱུང་བ་ཡིན་ནོ། །དེ་ལ་དེར་ཞེས་བྱ་བ་ནི་སྦྱོར་བ་མཐར་ཐུག་པའི་འབྲས་བུའི་ཡིད་ལ་བྱེད་བས་རུང? ་ཏུ་ཕྱེ་བའི་དོན་རྣམ་པར་རིག་པ་ཙམ་ཉིད་ཀྱིས་རབ་ཏུ་ཕྱེ་བ་སེམས་ཀྱི་ངོ་བོ་ཉིད་དེ་དང་དེ་ལའོ།། ཤེས་རབ་ཀྱིས་ཞེས་བྱ་བ་ནི་བསྒོམ་པ་ལས་བྱུང་བ་དང། དྲི་མ་མེད་པ་རྣམ་པར་དག་པ་དང། རང་བཞིན་རྣམ་པར་དག་པས་རབ་ཏུ ་ཕྱེ་བ་དང། ཆོས་ཉིད་ཀྱི་རིགས་པས་སོ་སོར་རྟོགས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སོ།། ཤིན་ཏུ་ལེགས་པར་མ་རྟོགས་པའི་ཆོས་རྣམས་ལ་ཞེས་བྱ་བ་ནི་སེམས་ཀྱི་ངོ་བོ་ཉིད་ལ་གཉིས་མེད་བའི་དོན་རང་རིག་པའི་ཆོས་རྣམས་ལའོ། །རྣམ་པར ་གྲོལ་བས་ཞེས་བྱ་བས་ནི་དྲི་མ་མེད་པ་རྣམ་པར་དག་པ་སེམས་རྣམ་པར་གྲོལ་བ་དང། རང་བཞིན་རྣམ་པར་དག་པ་ཤེས་རབ་རྣམ་པར་གྲོལ་བས་སོ།། ཤིན་ཏུ་ལེགས་པར་བདེ་བ་ལ་རིག་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་དངོས་པོ་དང་དགོས་པ་པ ་ཡོངས་སུ་གྲུབ་པའི་དམིགས་པ་ཐོབ་པས་རབ་ཏུ་ཕྱེ་བ་སྤངས་པ་ཕུན་སུམ་ཚོགས་པ་དང། ཡེ་ཤེས་ཕུན་སུམ་ཚོགས་པའི་འབྲས་བུ་ཐོབ་བར་བྱ་བའི་ཕྱིར་རོ།། བར་ཆད་མེད་པའི་སེམས་ཞེས་བྱ་བ་ནི་ཞི་གནས་ཀྱི་སེམས་ཏེ། དེ་ལ་བར་ཆད ་མེད་པར་ལྷག་པར་ལྷག་མཐོང་འབྱུང་བའི་ཕྱིར་རོ།། དེའི་རྗེས་སུ་འབྲད་བས་ཞེས་བྱ་བ་ནི་ཞི་གནས་ཀྱི་སེམས་དེའི་རྗེས་སུ་ལྷག་མཐོང་འབྲང་བས་སོ། །དེ་ཡང་རྣམ་པ་གསུམ་དུ་བརྗོད་པར་བྱའོ་ཞེས་བྱ་བས་ནི་ཞི་གནས་ཀྱི་སེམས་དེའི་རྗེས་སུ་འབྲང་བ་ལྷག ་མཐོང་རྣམ་པ་གསུམ་ཡོད་པས་དེའི་སྔོན་དུ་འགྲོ་བ་ཞི་གནས་ཀྱི་སེམས་དེ་ཡང་རྣམ་པ་གསུམ་དུ་བརྗོད་བར་བྱའོ་ཞེས་བྱ་བའི་ཐ་ཚིག་སྟེ། ཞི་གནས་དང་མཚན་མ་ལས་བྱུང་བ་དང། ཡོངས་སུ་ཚོལ་བ། ལས་བྱུང་བ་དང། སོ་སོར་རྟོག་པ་ལས་བྱུང་བ ་རྣམ་པ་གསུམ་ཡོད་པར་བརྗོད་པར་བྱའོ།། འདི་བསྟན་པ་དང་བཤད་པས་ཞི་གནས་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་པར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་པ་ཡང་ལྷག་མཐོང་ལས་བཟློག་པའི ་ཚུལ་གྱིས་ཅི་རིགས་པར་རིག་པར་བྱ་སྟེ། དེ་དག་ནི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་གཞི་གང་ལས་བྱུང་བ་དང། རྣམ་པ་དུ་ཡོང་བ་བསྟན་པ་ཡིན་ནོ།། ཡང་ཞི་གནས་ནི་རྣམ་པ་བརྒྱད་དེ་ཞེས་བྱ་བ་དང། ཡང་རྣམ་པ་བཞི་སྟེ། ཞེས་བྱ་བས་ནི ་བསམ་གཏན་དང། གཟུགས་མེད་བའི་རབ་ཏུ་དབྱེ་བས་ནང་དུ་བསྡུས་བ་རྣམ་པ་བརྒྱད་ཡོད་པའི་ཕྱིར་དང། ཚད་མེད་པ་བཞི་ཡང་གནོད་སེམས་ལ་སོགས་པ་སེམས་ཡོངས་སུ་གདུང་བའི་ཞི་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཞི་གནས་གཙོ་ཆེར་རྣམ་པར ་བཤད་པར་ཟད་ཀྱི། དེ་དག་གི་རྗེས་སུ་འབྲང་བའི་ལྷག་མཐོང་ཡང་རྣམ་པ་དེ་རྙེད་ཡོད་པ་ཡིན་པས། དེ་དག་གིས་ནི་ཞི་གནས་དང་ལྷག་མཐོང་གི་ངོ་བོ་ཉིད་གནས་སྐབས་ན་གང་དག་ན་ཡོད་པ་བསྟན་པ་ཡིན་ཏེ། དེ་ལྟར་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ ་དེ་རྣམ་པར་གཞིག་ཅིང་ཅུང་ཟད་ཙམ་གྱིས་ཆོག་པར་མི་འཛིན་པས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང། ཆུད་མི་ཟ་བར་ཕྱ་བའི་ཕྱིར་བསྟན་པ་དང་བཤད་པ་ཅུང་ཟད་ཙམ་གྱིས་ཆོག་པར ་མི་འཛིན་པར་གདགས་པ་གཏན་ལ་དབབ་པ་བསྟན་བ་ནི་ཅུང་ཟད་ཙམ་གྱིས་ཚོག་པར་འཛིན་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཡིན་ནོ།། དེའི་འོག་ཏུ་དབང་པོ་ཡོངས་སུ་རྣམ་པར་གཞིག་ཅིང་ཆུང་མི ་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པའི་ཚིག་གི་དོན་ལ་སོགས་བ་བཤད་པར་བྱ་སྟེ། དབང་པོ་ཡོངས་སུ་ཉམས་བ་ཞེས་བྱ་བ་ནི་མངོན་པར་ཤེས་པ་དཀའ་བའི་ལམ་སྟེ། སྐབས་འདིར་བྱང་ཆུབ་སེམས་དཔའ་ཨི་ཆོས་ལ་མི་གནས་པའི་ཞི ་གནས་དང། ལྷག་མཐོང་ལ་བརྟེན་ནས་དད་པས་རྗེས་སུ་འབྲང་བ་དབང་པོ་རྟུལ་པོར་གདགས་པ་གང་ཡིན་པའོ། །རྣམ་པར་གཞིག་ཅིང་ཆུང་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཞེས་བྱ་བ་ནི་དབང་བོ་ཡོངས་སུ་ཉམས་པ་དེ་རྣམ་པར་གཞིག ་ཅིང། །དབང་པོ་ཡོངས་སུ་མ་ཉམས་པས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུང་མི་ཟ་པར་བྱ་བའི་ཕྱིར་བསྟན་པ་དང་བཤད་པས་དབང་པོ་ཡོངས་སུ་མ་ཉམས་པར ་གདགས་པ་གཏན་ལ་དབབ་པའོ། །དེ་ལ་མཚམས་སྦྱར་བ་ཇི་ལྟ་བུ་ཞེ་ན། འདིར་འཕགས་པ་བྱམས་པས་གཞན་དག་འདི་སྙམ་དུ་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལ། མངོན་པར་ཤེས་པ ་མྱུར་བ་སླ་བའི་ལམ་ཡང་ཡོད། མངོན་པར་ཤེས་པ་བུལ་བ་དཀའ་བའི་ལམ་ཡང་ཡོད་ན། དེ་དག་གི་བྱེ་བྲག་ཇི་ལྟར་ཤེས་པར་བྱ་སྙམ་དུ་སེམས་པ་རྣམས་ཀྱི་བསམ་པ་ལ་བརྟགས་ནས། བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་ནི་ཆོས་ལ ་གནས་པ་ཞེས་ཀྱང་བགྱི། ཆོས་ལ་མི་གནས་པ་ཞེས་ཀྱང་བགྱི་ན་ཆོས་ལ་གནས་པ་ནི་གང་ལགས། ཆོས་ལ་མི་གནས་པ་ནི་གང་ལགས་ཞེས་བྱ་བ་ཞུས་པར་སྦྱར་རོ། །བྱམས་པ་ཇི་ལྟར་བཟུང་བ་དང་བསམ་པའི་ཆོས་ཀྱི་མཚན་མའི་རྗེས་སུ་འབྲང་བས། དན ་ལ་ཞི་གནས་དང་ལྷག་མཐོང་གང་ཡིན་པ་དེ་ནི་ཆོས་ལ་གནས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་བསྟན་པས་དབང་པོ་ཡོངས་སུ་ཉམས་པ་རྣམ་པར་གཞག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏོ། །དེ་ལ་ཇི་ལྟར་བཟུང་པ ་དང་བསམས་པའི་ཆོས་ཞེས་བྱ་བ་ནི་ཆོས་གདགས་པ་རྣམ་པར་བཞག་པ་ཇི་སྐད་བསྟན་པ་དག་བདག་ཉིད་ཀྱི་རྐྱེན་གྱི་སྟོབས་ཀྱིས་ལེགས་པར་ཐོབ་པ་ལ་སོགས་པའོ། །མཚན་མའི་ཞེས་བྱ་བ་ནི་ཚིག་དང་ཡི་གེ་ལ་སོགས་པའི་མཚན་མའི་འོ། །རྗེས་སུ ་འབྲང་བས་ཞེས་བྱ་བ་ནི་དེ་ལ་བརྟེན་ནས་ཞེས་བྱ་བའི་ཐ་ཚིག་གོ་།དོན་ལ་ཞེས་བྱ་བ་ནི་དོན་རྟོགས་པར་བྱ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ། ཆོས་དེའི་དོན་རྟོགས་པར་བྱ་བའི་ཕྱིར་བསྒོམ་པ་ལས་བྱུང་བའི་ཞི་གནས་དང་ལྷག་མཐོང་གི་གང་ཡིན་པ་དེ ་ནི་ཆོས་གདགས་པ་རྣམ་པར་བཞག་པ་ལ་གནས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ།། བཟུང་པ་དང་བསམ་པའི་ཆོས་ལ་མི་བལྟོས་པ་ཞེས་བྱ་བ་ནི་ངེས་བདག་ཉིད་ཀྱི་རྐྱེན་གྱི་སྟོབས་ཀྱིས་ཆོས་གདགས་པ་རྣམ་པར་བཞག་པ་ཇི་སྐད་བསྟན་པ་དེ་དག་གཟུང་བ་ལ་སོགས་པར ་མི་ནུས་པས་མདོའི་སྡེ་ལ་སོགས་པ་ཆོས་བཟུང་བ་དང་བསམས་པ་མེད་པར་ཞེས་བྱ་བའི་དོན་ཏོ། །གཞན་གྱི་ཞེས་བྱ་བ་ནི་གཞན་གྱི་རྐྱེན་གྱིས་འཇུག་པ་ཡིན་གྱིས་རང་གིས?་རྐྱེན་གྱི་སྟོབས་ཀྱིས་ནི་མ་ཡིན་པའོ། །གདམས་ངག་ཅེས་བྱ་བས་ནི་རྟོགས ་པར་བྱ་བའི་དག་སྟེ། དང་པོ་ལུང་ཕོག་པའོ། །རྗེས་སུ་བསྟན་པ་ཞེས་བྱ་བས་ནི་རྟོགས་པ་ཆུང་མི་ཟ་བའི་ཕྱིར་རྗེས་སུ་བསྟན་པའོ། །དོན་ལ་ཞི་གནས་དང་ལྷག་མཐོང་གང་ཡིན་པའོ་ཞེས་བྱ་བ་ནི་དེ་ལྟར་གཞན་གྱིས་གདམས་པ་དང་རྗེས་སུ་བསྟན་པ་དེའི་དོན ་རྟོགས་པར་བྱ་བའི་ཕྱིར་བསྒོམས་པ་ལས་བྱུང་བའི་ཞི་གནས་དང་ལྷག་མཐོང་གང་ཡིན་པ་དེ་ནི་ཆོས་གདགས་པ་རྣམ་པར་བཞག་པ་ལ་དམིགས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པའི་ཆོས་བཟུང་བའི་སྟོབས་ཀྱིས་འཇུག་པ ་མ་ཡིན་པས་ཆོས་རྣམས་ལ་ངེས་པ་མེད་པའི་ཕྱིར་ཆོས་ལ་གནས་པ་མ་ཡིན་ནོ་ཞེས་བསྟན་ཏོ། །བྱམས་པ་དེ་ཡང་ནི་ཞེས་བྱ་བ་ལ་སོགས་པས་ནི་བཤད་པས་དབང་པོ་ཡོངས་སུ་ཉམས་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན ་ལ་དབབ་པ་བསྟན་ཏོ། །ཆོས་གནས་པའི་ཞི་གནས་དང་ལྷག་མཐོང་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་ཨི་ཆོས་ཀྱི་རྗེས་སུ་འབྲང་བ་དབང་པོ་རྣོན་པོར་འདོགས་སོ་ཞེས་བྱ་བས་ནི་བྱང་ཆུབ་སེམས་དཔའ་དབང་པོ་རྣོན་པོ་ཇི་ལྟར་ཐོས་པ་དང་བཟུང་བའི་ཆོས ་ཀྱི་རྗེས་སུ་འབྲང་བ་ནི་རང་གི་བློའི་སྟོབས་ཀྱིས་ཆོས་ལ་གནས་པའི་ཞི་གནས་དང་ལྷག་མཐོང་བསྟན་པར་སྐྱེས་པ་ལ་བསྒོམས་པ་ཡིན་པས་ཕྱིར་མི་ལྡོག་ཅིང་མྱུར་བ་ཁོ་ནར་ཟུང་དུ་འབྲེལ་བས་འཇུག་པ་མངོན་པར་ཤེས་པ་མྱུར་བར་བདེ་བའི ་ལམ་ཐོབ་པའི་ཕྱིར་རོ། །དེ་ལ་ནི་དབང་པོ་རྣོན་པོར་འདོགས་སོ་ཞེས་བསྟན་ཏོ། །ཆོས་ལ་མི་གནས་པ་ལ་བརྟེན་ནས་དད་པས་རྗེས་སུ་འབྲང་བ་དབང་པོ་བརྟུལ་ཕོར་འདོགས་སོ་ཞེས་བྱ་བས་ནི་བྱང་ཆུབ་སེམས་དཔའ་དབང་པོ་རྟུལ་པོ་དང ་པོ་ཉིད་ནས་མདོ་སྡེ་ལ་སོགས་པའི་ཆོས་ཉན་བ་དང་འཛིན་པར་མི་ནུས་པ་ནི་དད་པས་གཞན་གྱི་རྐྱེན་གྱིས་འཇུག་པའི་སྒོ་ནས་ཞི་གནས་དང་ལྷག་མཐོང་གི་ལམ་ཐོབ་ཀྱང་གཞན་དག་གིས་གཡོ་ཞིང་ཟུང་དུ་འབྲེལ་བའི་ལམ་མྱུར་དུ་མི་ཐོབ་པ? ་མངོན་པར་ཤེས་པ་བུལ་བ་དགའ་བའི་ལམ་ལ་གནས་པ་ཡིན་པའི་ཕྱིར་དེ་ལ་ནི་དབང་པོ་རྟུལ་པོར་འདོགས་སོ་ཞེས་བསྟན་ཏོ། །དེ་ལྟར་དབང་པོ་ཡོངས་སུ་ཉམས་པ་དེ་རྣམ་པར་གཞིག་ཅིང་དབང་པོ་ཡོངས་སུ་མཉམས་པས་རབ་ཏུ་ཕྱེ་བའི་ཞི ་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུད་མི་ཟ་བའི་ཕྱིར་བསྟན་པ་དང་བཤད་པས་དབང་པོ་ཡོངས་སུ་མ་ཉམས་པར་གདགས་པ་གཏན་ལ་དབབ་པར་བསྟན་པ་ནི་དབང་པོ་ཡོངས་སུ་ཉམས་པ ་རྣམ་པར་གཞིག་ཅིང་ཆུང་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཡིན་ནོ། །དེའི་འོག་ཏུ་དགེ་བའི་འཕེལ་བ་ཆུང་མི་ཟ་བར་འགྱུར་བའི་ཕྱིར་གདགས་པ་གཏན་ལ་དབབ་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དགེ་བ ་འཕེལ་བ་ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་མ་འདྲེས་པའི་ཆོས་ལ་དམིགས་པ་དང། འདྲེས་པའི་ཆོས་ལ་དམིགས་པ་དང། འདྲེས་པ་ཆུང་ངུའི་ཆོས་ལ་དམིགས་པ་དང། འདྲེས་པ་ཆེན་པོའི་ཆོས་ལ་དམིགས་པ་དང། འདྲེས་པ་ཚད་མེད་པའི ་ཆོས་ལ་དམིགས་པའི་རིམ་གྱིས་གོང་ནས་གོང་དུ་ལོང་ངང་རྟོགས་པའི་ཆོས་དཔག་ཏུ་མེད་པ་གྲངས་མེད་པ་མངོན་པར་འཕེལ་བར་འགྱུར་རོ། །ཆུང་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཞེས་བྱ་བ་ནི་དགེ་བ་འཕེལ་བས་རབ་ཏུ་ཕྱེ་བའི ་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུད་མི་ཟ་བར་བྱེད་པའི་བསྟན་པ་དང་བཤད་པས་དགེ་བའི་འཕེལ་བ་གདགས་པ་གཏན་ལ་དབབ་པའོ། །དེ་ལ་མཚམས་སྦྱར་བ་ཇི་ལྟ་བུ་ཞེ་ན། འདིར་འཕགས་པ ་བྱམས་པས་གཞན་དག་འདི་སྙམ་དུ་ཆོས་ལ་གནས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེའི་དམིགས་པ་ཡང་མ་འདྲེས་པའི་ཆོས་དང། འདྲེས་པའི་ཆོས་དང། འདྲེས་པ་ཆུང་ངུ་དང། ཆེན་པོར་གྱུར་པ་དང། ཚད་མེད་པའི་ཆོས་ལ ་དམིགས་པ་ཡིན་ན། དེ་དག་གིས་རབ་ཏུ་དབྱེ་བ་ནི་ཇི་ལྟ་བུ་ཡིན་བྱང་ཆུབ་སེམས་དཔས་ནི་ཇི་ཙམ་གྱིས་ན་འདྲེས་བའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཐོབ་པར་གྱུར། ས་གང་ལ་ནི་དེ་རྟོགས་ཤིང་ཐོབ་པར་འགྱུར་སྙམ་དུ་སེམས་པ ་རྣམས་ཀྱིས་བསམ་པ་ལ་བརྟགས་ནས། བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་ནི་མ་འདྲེས་པའི་ཆོས་ལ་དམིགས་པ་ཞེས་ཀྱང་བགྱིན་ཞེས་བྱ་བ་ལ་སོགས་པ་ཞུ་བ་རྣམ་པ་བཞི་ཞུས་པར་སྦྱར་རོ། །བྱམས་པ་གལ་ཏེ་བྱང་ཆུབ་སེམས་དཔའ་ཞེས་བྱ ་བ་ལ་སོགས་པས་ནི་བསྟན་པས་དགེ་པ་འཕེལ་བ་ཆུང་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏོ། །ཇི་ལྟར་བཟུང་བ་དང་བསམས་པའི་ཆོས་རྣམས་ལ་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་སོགས་པའི་རྣམ་པ་གང་གིས་མདོའི་སྡེ ་ལ་སོགས་པའི་ཆོས་བཟུང་བ་དང་བསམས་པ་རྣམས་ཀྱི་ནང་ནས་ཞེས་བྱ་བའི་ཐ་ཚིག་གོ་།མདོའི་སྡེ་ལ་སོགས་པའི་ཆོས་སོ་སོ་ལ་དམིགས་པའི་ཞེས་བྱ་བས་ནི་གསུང་རབ་ཏུ་གཏོག་པ་ཡན་ལག་བཅུ་གཉིས་པོ་དག་ལས་ཡན་ལག་གང་ཡང ་རུང་བ་ཅིག་གིས་རྣམ་གྲངས་སམ། མཚན་ཉིད་དམ། ངེས་པའི་ཚིག་གམ། རབ་ཏུ་བྱེད་པ་སྣ་གཅིག་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་སྒོམ་པར་བྱེད་པ་ནི་གསུང་རབ་ན་ཡང་མ་འདྲེས་ལ་ཅིག་གིས་ཡང་ཆོས་ཐམས་ཅད་འདྲེས་པ་མ་ཡིན ་པའི་ཕྱིར་མ་འདྲེས་བའི་ཆོས་ལ་དམིགས་པ་ཡིན་པར་སྟོན་ཏོ། །གལ་ཏེ་མདོའི་སྡེ་ལ་སོགས་པའི་ཆོས་དེ་དག་ཉིད་ཅེས་བྱ་བ་ལ་སོགས་པས་ནི་གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་ཕོ་ཐམས་ཅད་ཀྱི་རྣམ་གྲངས་དང། མཚན? ་ཉིད་དང། ངེས་བའི་ཚིག་རབ་ཏུ་དབྱེ་བ་ཐམས་ཅད་གཅིག་ཏུ་བསྲེས་ཏེ། ཐམས་ཅད་རོ་གཅིག་པ་ཉིད་དུ་དམིགས་པ་ནི་འདྲེས་པའི་ཆོས་ལ་དམིགས་པ་ཡིན་པར་སྟོན་པར་འགྱུར་རོ། །གཅིག་ཏུ་བཟླུམས་པ་དང། གཅིག་ཏུ་བསྡུ་བ་དང། གཅིག་ཏུ་བརྟུལ ་བ་དང། ཕུང་པོ་གཅིག་ཏུ་བྱས་ཏེ་ཞེས་བྱ་བས་ནི་གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་ཐམས་ཅད་གཅིག་ཏུ་བསྲེས་ནས་དེ་དག་སྤྱིའི་རྣམ་གྲངས་དང། མཚན་ཉིད་དང། ངེས་པའི་ཚིག་དང། རབ་ཏུ་དབྱེ་བའི་སྡེ་ཚན་བཞི་ཚོམས་བཞིང ་བསྡུ་བ་བསྟན་ཏེ་གོ་རིམ་བཞིན་ནོ། །ཆོས་འདི་དག་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པས་ནི་སྡེ་ཚན་བཞི་ཚོམས་བཞིར་བསྡུས་པ་དེ་དག་ཐམས་ཅད་ཀྱང་དེ་བཞིན་ཉིད་དང། བྱང་ཆུབ་དང། མྱ་ངན་ལས་འདས་པ་དང། གནས་གྱུར་པ་ལ་གཞོལ་བ ་དང། འབབ་པ་དང། བབ་པར་རོ་གཅིག་པ་ཉིད་དུ་དམིགས་པས་སྟོན་ཏོ། །དེ་ལ་དེ་བཞིན་ཉིད་ཅེས་བྱ་བ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའོ། །གཞོལ་བ་དང། འབབ་པ་དང་བབ་པ་ཞེས་བྱ་བ་ནི་ཕྱོགས་དང། མཐུན་པར་གྱུར་པ་དང། ངོ་བོ་ཉིད ་དུ་གྱུར་པ་སྟེ། རོ?་གཅིག་པ་ཞེས་བྱ་བའི་ཐ་ཚིག་གོ་།ཡང་རྣམ་པ་གཅིག་ཏུ་ན་རྣལ་འབྱོར་པའི་ཤེས་རབ་རྣམ་གསུམ་གྱིས་མཐོང་པའི་རིམ་པར་ཡང་བཤད་དོ། །རྣལ་འབྱོར་པས་སེམས་བསྐྱེད་དང། མོས་པས་སྤྱོད་པ་ལ་གནས་པ་དང། སར་ཆུང་པའི ་གནས་སྐབས་སུ་འཐོབ་པའི་བྱེ་བྲག་དུ་ཡང་བཤད་དོ།། བྱང་ཆུབ་ཅེས་བྱ་བ་ནི་དེ་བཞིན་ཉིད་རྟོགས་པ་ཡང་དག་པའི་ཤེས་པ་འཇིག་རྟེན་ལས་འདས་པའོ། །མྱ་ངན་འདས་པ་ཞེས་བྱ་བ་ནི་འདུས་མ་བྱས་པའི་དབྱིངས་སོ། །གནས་གྱུར་པ་ཞེས་བྱ་བ་ནི ་ཆོས་ཀྱི་སྐུའོ། །ཆོས་འདི་དག་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པས་ནི་དེ་ལྟར་རོ་གཅིག་བའི་ཚེས་དེ་དག་ཐམས་ཅད་ལུང་དང་རྟོགས་པའི་ཆོས་དགེ་བ་དཔག་ཏུ་མེད་པ་དག་མངོན་སུམ་དུ་བརྗོད་པ་དང་འདྲ་པར་མངོན་དུ་སྣང་བ་དང། གསལ་བ་དང། སྟོན་པར ་བྱེད་པའི་སྒོ་ནས་དགེ་པ་འཕེལ་བར་བྱེད་པ་ཡིན་ནོ་ཞེས་སྟོན་ཏོ། །དགེ་བའི་ཆོས་ཞེས་བྱ་བ་ནི་ལུང་གི་གནས་སྐབས་ན་ལམ་གྱི་ངོ་བོ་ཉིད་ནི་ངོ་བོ་ཉིད་ཀྱི་དགེ་བ་ཡང་ཡིན་ལ་མི་དགེ་བའི་གཉེན་པོ་ཡང་ཡིན་པས་ལམ་གྱི་ངོ་བོ་ཉིད་དགེ་བ་དང། རྟོགས་པའི ་གནས་སྐབས་ན་མྱ་ངན་ལས་འདས་པའི་ངོ་བོ་ཉིད་ནི་ངོ་བོ་ཉིད་ཀྱིས་དགེ་བ་ཡང་ཡིན་ལ། ཉོན་མོངས་པ་དང་བྲལ་བ་ཡང་ཡིན་པས་མྱ་ངན་ལས་འདས་པའི་ངོ་བོ་ཉིད་དགེབ་དགོ་།དཔག་ཏུ་མེད་པ་ཞེས་བྱ་བ་ནི་ཟག་པ་མེད་པའི་དགེ་བའི་ཆོས་ཀྱི་དབྱིངས ་ལ་ཡོངས་སུ་བཅད་དུ་མེད་པའི་ཕྱིར་རོ། གྲངས་མེད་པ་དག་ཅེས་བྱ་བ་ནི་དཔག་ཏུ་མེད་པ་དེ་ཉིད་ཀྱི་ཕྱིར་ཏེ། གྲངས་ལས་ཡང་དག་པར་འདས་པའི་ཕྱིར། །མངོན་པར་བརྗོད་པས་མངོན་པར་བརྗོད་པ་ཡིན་ནོ་ཞེས་བྱ་བ་ནི་མངོན་སུམ་དུ་བརྗོད་པ་དང་འདྲ་བར ་མངོན་སུམ་དུ་སྣང་བར་བྱེད་གསལ་བར་བྱེད་སྟོན་པར་བྱེད་པའི་སྒོ་ན་དགེ་བ་འཕེལ་བར་བྱེད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།འདྲེས་པའི་ཆོས་ལ་དམིགས་པ་རྣམས་ཀྱི་ཆུང་ངུ་དང་ཆེན་པོར་གྱུར་བ་དང། ཚད་མེད་པའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཞི ་གནས་དང་ལྷག་མཐོང་ནི་འདྲེས་པ་ཆུང་ངུའི་ཆོས་ལ་དམིགས་པ་ཞེས་ཀྱང་བགྱི་ཞེས་བྱ་བ་ལ་སོགས་བ་ཞུས་ཏེ་འདི་མན་ཆད་ཀྱིས་ནི་བཤད་པས་དགེ་བ་འཕེལ་བ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏོ།། བྱམས་པ ་མདོའི་སྡེ་ནས་ཞེས་བྱ་བ་ལ་སོགས་པས་ནི་གསུང་རབ་ཏུ་གཏོགས་པ་ལ་ཡན་ལག་བཅུ་གཉིས་པོ་དག་ལས་གང་ཡང་རུང་བ་ཞིག་གི་རྣམ་གྲངས་དང། མཚན་ཉིད་དང། ངེས་བའི་ཚིག་དང་རབ་ཏུ་དབྱེ་བ་ཐམས་ཅད་དང་པོ་དང། བར་དང། ཐ་མ་ཚར་ཕྱིན་ ་པས་གཅིག་ཏུ་བཟླུམས་ཏེ་སྔ་མ་བཞིན་དུ་ཆོས་འདི་ནི་དེ་བཞིན་ཉིད་དང། བྱང་ཆུབ་དང། མྱ་ངན་ལས་འདས་པ་དང། གནས་གྱུར་པ་ལ་གསོལ་བ་འབབ་བ་བབ་བ་སྟེ། ཆོས་འདི་ནི་དགེ་བའི་ཆོས་དཔག་ཏུ་མེད་པ་གྲངས་མེད་པ་དག ་མངོན་པར་རྗོད་པས་མངོན་པར་བརྗོད་པར་བྱེད་པ་ཡིན་ནོ་སྙམ་དུ་རོ་གཅིག་བར་ཡིད་ལ་བྱེད་པའི་ཞི་གནས་དང། ལྷག་མཐོང་ནི་འདྲེས་བའི་ཆོས་ལ་དམིགས་པ་མ་ཡིན་ལ་ཆོས་མཛའ་དག་ལ་དམིགས་པ་མ་ཡིན་པའི་ཕྱིར་འདྲེས་པ་ཆུང་ངུའི་ཆོས་ལ ་དམིགས་པ་ཡིན་པར་རིག་པར་བྱའོ་ཞེས་བསྟན་ཏོ། །མདོའི་སྡེ་ལ་སོགས་པ་དེ་དག་ཉིད་ཅེས་བྱ་བ་ལ་སོགས་པས་ནི་གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་པོ་དག་ལས་གང་ཡང་རུང་བ་གཉིས་སམ་གསུམ་སམ་བཅུ་གཉིས་མན་ཆད་ཇི ་སྙེད་བཟུང་བ་དང། བསམ་པ་དག་གིས་རྣམ་གྲངས་དང། མཚན་ཉིད་དང། ངེས་པའི་ཚིག་དང། རབ་ཏུ་དབྱེ་བ་ཐམས་ཅད་དང་པོ་དང། བར་དང། ཐ་མ་ཚར་ཕྱིན་པར་གཅིག་ཏུ་བཟླུམས་ཏེ་།སྔ་མ་བཞིན་དུ་ཆོས་འདི་དག་ནི་དེ་བཞིན་ཉིད་དང། བྱང་ཆུབ ་དང། མྱ་ངན་ལས་འདས་པ་དང། གནས་གྱུར་པ་ལ་གཞོལ་བ་འབབ་བ་བབ་བ་དག་སྟེ། ཆོས་འདི་དག་ནི་དགེ་བའི་ཆོས་དཔག་ཏུ་མེད་པ་གྲངས་མེད་པ་དག་མངོན་པར་རྫོགས་པས་མངོན་པར་བརྗོད་པ་ཡིན་ནོ་སྙམ་དུ་ཡིད་ལ་བྱེད་པའི་ཞི་གནས་དང། ལྷག ་མཐོང་ནི་འདྲེས་པའི་ཆོས་ལ་དམིགས་པ་ཡང་ཡིན་ལ། ཆོས་མང་པོ་ལ་དམིགས་པ་ཡང་ཡིན་པའི་ཕྱིར་འདྲེས་པ་ཆེན་པོར་གྱུར་བའི་ཆོས་ལ་དམིགས་པ་ཡིན་པར་རིག་པར་བྱའོ་ཞེས་བསྟན་ཏོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས ་པས་ནི་གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་པོ་ཐམས་ཅད་དང། དེ་དག་གི་རབ་ཏུ་དབྱེ་བ་དེ་བཞིན་གཤེགས་པའི་ཆོས་བསྟན་པ་ཚད་མེད་པ་ལ་སོགས་པ་ཐམས་ཅད་ཀྱི་རྣམ་གྲངས་དང། མཚན་ཉིད་དང། ངེས་པའི་ཚིག་དང། རབ་ཏུ ་དབྱེ་བ་ཐམས་ཅད་དང་པོ་དང། བར་མ་དང། ཐ་མར་ཚར་ཕྱིར་པར་གཅིག་ཏུ་བཟླུམས་ཏེ་སྔ་མ་བཞིན་དུ་ཆོས་འདི་དག། ཐམས་ཅད་ནི་དེ་བཞིན་ཉིད་དང། བྱང་ཆུབ་དང། མྱ་ངན་ལས་འདས་པ་དང། གནས་གྱུར་པ་ལ་གཞོལ་བ་འབབ་པ་བབ་པ་དག་སྟེ། ཆོས་འདི ་དག་ཐམས་ཅད་ནི་དགེ་བའི་ཆོས་དཔག་ཏུ་མེད་པ་དག་མངོན་པར་བརྗོད་པས་མངོན་པར་བརྗོད་པ་ཡིན་ནོ་སྙམ་དུ་རོ་གཅིག་པར་ཡིད་ལ་བྱེད་པའི་ཞི་གནས་དང་ལྷག་མཐོང་ནི་ཆོས་གདགས་པ་རྣམ་པར་བཞག་པ་ཐམས་ཅད་དང་དེ་དག་གི་རབ་ཏུ་དབྱེ་བ་ཐམས ་ཅད་ལ་དམིགས་པ་ཡིན་པའི་ཕྱིར་འདྲེས་པ་ཚད་མེད་པའི་ཆོས་ལ་དམིགས་པ་ཡིན་པར་རིག་པར་བྱའོ་ཞེས་བསྟན་ཏོ།། དེ་ལ་ཆོས་བསྟན་པ་ཚད་མེད་པ་རྣམས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་བསྟན་པ་དམིགས་པ་ཐམས་ཅད་ཀྱི་ཕྱིར་སྒོ་ཐམས ་ཅད་དང་དུས་ཐམས་ཅད་དུ་འདུལ་བའི་སྐྱེ་པོ་ཐམས་ཅད་ཀྱི་བསམ་པ་ཡང་དག་པར་མགུ་བར་བྱེད་པས་འཇུག་པ་གང་ཡིན་པ་དེ་ནི་གསུང་རབ་ཏུ་གཏོགས་པ་ཡན་ལག་རེ་རེ་ལ་ཡང་ཚད་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ་།ཆོས་ཀྱི་ཚིག་དང་ཡི་གེ་ཚད་མེད་པ་རྣམས ་ཞེས་བྱ་བ་ཡང་དེ་དང་འདྲ་སྟེ་།གསུང་རབ་ཏུ་གཏོགས་པ་རེ་རེ་ལ་ཡང་ཚང་མེད་པར་སྦྱར་རོ། །གོང་ནས་གོང་དུ་ཤེས་རབ་དང་སྤོབས་པ་ཚད་མེད་བ་རྣམས་ཞེས་བྱ་བ་ནི་འདུལ་བའི་ཞིང་གི་རྡུལ་རྙེད་པོ་བསམ་པ་ཐ་དད་པ། མོས་པ་ཐ་དད་པ། ཐེ་ཚོམ་ཐ་དད་པ། སྐད ་ཐ་དད་པ་རྣམས་ཀྱི་དུས་གཅིག་ཏུ་སོ་སོ་ནས་བསྐལ་པའི་ཞིང་གི་རྡུལ་རྙེད་དུ་ཞུ་བ་ཞུས་ཀྱང། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཅིག་ཅར་རློན་པར་དེ་ལྟ་བུའི་ཤེས་རབ་དང་སྤོབས་པ་ཕྱི་མའི་མཛའ་ཨི་མུར་ཐུག་པའི་བར་དུ་གོང་ནས་གོང་དུ་ཚད་མེད ་པ་རྣམས་སོ།། དེ་ལ་དགེ་བ་འཕེལ་བའི་རིམ་པ་ནི་མ་འདྲེས་བའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་གིས་ཀྱང། ལུང་དང་རྟོགས་པའི་དགེ་བའི་ཆོས་དཔག་ཏུ་མེད་པ་གྲངས་མེད་པ་དག་འཕེལ་བར་འགྱུར་མོད་ཀྱི། དེ་བས་ཀྱང་འདྲེས་པ་ཆུང? ་དུ་དང། ཆེན་པོར་གྱུར་པ་དང། ཚད་མེད་པའི་ཆོས་ལ་དམིགས་པ་དག་གོང་ནས་གོང་དུ་ཆེས་ཤིན་ཏུ་ཁྱད་པར་དུ་འཕེལ་བར་རིག་པར་བྱའོ། །དེ་འཐོབ་པའི་རྒྱུ་བསྟན་པའི་ཕྱིར། བཅོམ་ལྡན་འདས་བྱང་ཆུབ་སེམས ་དཔའ་ཇི་ཙམ་གྱིས་ན་ཞེས་བྱ་བ་ལ་སོགས་པས་ཞུས་སོ། །བྱམས་པ་དེ་ནི་རྒྱུ་ལྔ་ལས་ཐོབ་པར་འགྱུར་བར་རིག་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་རྒྱུ་ལྔ་པོ་དེ་དག་གང་གི་ཚེ་ཐོབ་པ་དེའི་ཚེ་ན་དེ་ཡང་ཐོབ་པར་བརྗོད་པར་བྱའོ་ཞེས་བསྟན ་ཏོ། །ཡིད་ལ་བྱེད་པའི་ཚེ་སྐད་ཅིག་སྐད་ཅིག་ལ་གནས་ངན་ལེན་གྱི་བརྟེན་ཐམས་ཅད་འཇིག་པར་བྱེད་པ་དང་ཞེས་བྱ་བ་ལ་གནས་ངན་ལེན་ནི་རྣམ་པ་གཉིས་ཏེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་བསྒོམ་པས་སྤང་བར་བྱ་བའི་གནས་ངན ་ལེན་དང། ལྟ་བའི་རྣམ་པའི་ཉོན་མོངས་པ་མཐོང་བས་སྤང་བར་བྱ་བའི་གནས་ངན་ལེན་ཏེ། དེའི་རྟེན་ནི་ཀུན་གཞིའི་རྣམ་པར་ཤེས་པའོ།། འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ནི་གནས་ངན་ལེན་དེ་དག་གི་གཉེན་པོ་ཡིན་པའི ་ཕྱིར་དེ་ཡིད་ལ་བྱེད་པའི་ཚེ་སྐད་ཅིག་སྐད་ཅིག་ལ་གནས་ངན་ལེན་དེ་དག་གི་རྟེན་ཀུན་གཞིའི་རྣམ་པར་ཤེས་པ་འཇིག་པར་བྱེད་དོ།། འདུ་ཤེས་སྣ་ཚོགས་རྣམ་པར་སྤངས་ཏེ་ཆོས་ཀྱི་ཀུན་དགའ་ལ་དགའ་བ་ཐོབ་པ་དང། ཞེས་བྱ་བ་ནི་གནས་ངན་གྱི ་སྒྲིབ་པ་དང་བྲལ་བའི་ཕྱིར་ལུས་དང་སེམས་ཤིན་ཏུ་སྦྱངས་པའི་ཞི་གནས་ཐོབ་བས་འདུ་ཤེས་སྣ་ཚོགས་དང་བྲལ་བ་སེམས་རྩེ་གཅིག་པ་ཉིད་ཀྱི་ཆོས་ཀྱི་ཀུན་དགའ་ལ་དགའ་བ་ཐོབ་པའོ། །ཆོས་སྣང་བ་ཕྱོགས་བཅུར་ཚད་མེད་ཅིང་རྣམ་པ་ཡོངས་སུ ་མ་ཆད་པ་ཡང་དག་པར་ཤེས་པ་དང་ཞེས་བྱ་བའི་ལུས་དང་སེམས་ཤིན་ཏུ་སྦྱངས་བའི་ཞི་གནས་ཐོབ་པའི་ཕྱིར་སེམས་ཀྱི་ངོ་བོ་ཉིད་ལ་གཉིས་མེད་པའི་དོན་རང་རིག་པའི་ལྷག་མཐོང་གི་ཤེས་པ་སྐྱེ་པའོ།། དགོས་པ་ཡོངས་སུ་གྲུབ་པ་དང་ལྡན་པ་རྣམ་པར ་དག་པའི་ཆ་དང་མཐུན་པའི་མཚན་མ་རྣམ་པར་མ་བརྟགས་པ་རྣམས་དེ་ལ་ཀུན་ཏུ་འབྱུང་བ་དང་ཞེས་བྱ་བ་ལ་དགོས་པ་ཡོངས་སུ་གྲུབ་པ་དང་ལྡན་པ་རྣམ་པར་དག་པ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། བདག་དང་གཞན་གྱི་དོན་ཕུན་སུམ ་ཚོགས་པའི་བྱ་བ་ཡོངས་སུ་གྲུབ་བ་དང་ལྡན་ཞིང་གང་ཟག་དང་ཆོས་ཀྱི་རྣམ་པའི་ལྟ་བ་རྣམ་པར་དག་པས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །ཆ་ཞེས་བྱ་བ་ནི་རྟོགས་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའོ། །དེ་དང་མཐུན་པའི་མཚན་མ་ནི་དེ་ཐོབ ་པའི་རྒྱུ་སྟེ། ཟུང་དུ་འབྲེལ་པས་འཇུག་བའི་ལམ་གྱི་དམིགས་པ་དངོས་པོའི་མཛའ་དང་དགོས་པ་ཡོངས་སུ་གྲུབ་པ་རྣམ་པར་མ་བརྟགས་པ་གཟུགས་བརྙན་ལས་འདས་པ་ལྷུན་གྱིས་གྲུབ་པའི་སས་བསྡུས་པ་དག་རང་གི་ངང་གིས་ཀུན་ཏུ་འབྱུང་པའོ།། ་ཆོས་ཀྱི་སྐུ་ཐོབ་བ་དང། ཡོངས་སུ་རྫོགས་པ་དང། ཡོངས་སུ་གྲུབ་པར་བྱ་བའི་ཕྱིར་རྒྱུ་གོང་མ་བས་ཆེས་གོང་མ། བཟང་པོ་བས་ཆེས་བཟང་བོ་ཡང་དག་པར་ཡོངས་སུ་འཛིན་པར་བྱེད་པའོ་ཞེས་བྱ་བ་ལ་ཆོས་ཀྱི་སྐུ་ཞེས་བྱ་བ་ནི་རྟོགས་པའི་ཆོས་སྐུ་དང། བཤད ་པའི་ཆོས་ཀྱི་ཚོགས་སོ།། དེའི་འཐོབ་པས་ནི་ས་གསུམ་པ་ལ་སྟེ། ས་དང་པོ་ལ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྟོགས་པས་གཉིས་བ་ལ་ཡོངས་སུ་སྦྱངས་པ་བྱས་བའི་རྒྱུས་ས་གསུམ་པ་ལ་མི་ཉམས་པའི་ཏིང་ངེ་འཛིན་ཐོབ་པའི་ཕྱིར་དག་ཐོས་པའི ་གཟུངས་ཐོབ་པའི་ཕྱིར་དང། རྟོགས་པའི་ཆོས་ཀྱི་སྐུ་དང། བཤད་བའི་ཆོས་ཀྱི་སྐུ་དང། བཤད་པའི་ཆོས་ཀྱི་ཚོགས་ཐོབ་པ་ཡིན་ནོ། །ཡོངས་སུ་རྫོགས་པ་ནི་ས་བཅུ་པ་ལ་སྟེ། ཐམས་ཅད་མཁྱེན་པ་ཉིད་དུ་དབང་བསྐུར་པའི་ཕྱིར་དང། ཆོས་ཀྱི་སྤྲིན་ཡོངས་སུ ་རྫོགས་པའི་ཕྱིར་རོ།། ཡོངས་སུ་གྲུབ་པ་ནི་དེ་བཞིན་གཤེགས་པའི་ས་ལ་སྟེ། མཐར་ཐུག་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །རྒྱུ་ཞེས་བྱ་བ་ནི་ས་དང་ཕ་རོལ་ཏུ་ཕྱིན་པའི་བསྒོམས་པའི་ངེས་པར་འབྱུང་བའི་ལམ་མོ།། གོང་མ་བས་ཆེས་གོང་མ། བཟང་ཕྲོ?་ནས ་ཆེས་བཟང་པོ་ཞེས་བྱ་བ་ནི་འཐོབ་པའི་རྒྱུ་བས་ཡོངས་སུ་རྫོགས་པའི་རྒྱུ་དང། ཡོངས་སུ་རྫོགས་པའི་རྒྱུ་བས་ཡོངས་སུ་གྲུབ་པའི་རྒྱུ་གོང་མ་བས་ཆེས་གོང་མ་དང་བཟང་པོ་བས་ཆེས་བཟང་པོ་ཡིན་ཏེ། ས་བཅུའི་མདོ་ལས ་གསེར་གྱི་དཔེ་བསྟན་པ་ལྟ་བུའོ། །རྒྱུ་ལྔ་པོ་དེ་དང་དུས་གཅིག་ཏུ་འཐོབ་པ་ངེས་པ་ནི་མེད་དོ།། འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ངེས་གང་ལ་རྟོགས་ཤིང་ཐོབ་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་འདྲེས་པའི་ཆོས་ལ་དམིགS ་པའི་ཞི་གནས་དང་ལྷག་མཐོང་དེ་ཞེས་བྱ་བ་ལ་སོགས་པས་ཞུས་སོ། །ས་དང་པོ་རབ་ཏུ་དགའ་བ་ལ་ནི་རྟོགས་པ་ཡིན་ལ་ཞེས་བྱ་བ་ནི་དེ་ལ་ཆོས་ཀྱི་དབྱིངས་ཐམས་ཅད་དུ་འགྲོ་བའི་དོན་རྟོགས་པའི་ཕྱིར་རོ། །ས་གསུམ་པ་འོང་བྱེད་པ་ལ་ནི་ཐོབ་པར་རིག ་པར་བྱ་སྟེ་ཞེས་བྱ་བ་ནི་དེ་ལ་ཞི་གནས་དང་ལྷག་མཐོང་གེ་ལམ་གྱིས་རབ་ཏུ་དབྱེ་བ་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་ཐམས་ཅད་ཐོབ་པའི་ཕྱིར་རོ།། ལས་དང་པོ་དག་རྗེས་སུ་གཟུང་བའི་ཕྱིར། བྱམས་པ་དེ་ལྟ་མོད་ཀྱི ་བྱང་ཆུབ་སེམས་དཔའ་ལས་དང་པོ་པས་ཀྱང་དེ་ལ་རྗེས་སུ་བསླབ་ཅིང་ཡིད་ལ་བྱ་བ་མི་གཏང་བར་བྱའོ་ཞེས་བྱ་བ་གསུངས་ཏེ། དེ་ལྟར་དགེ་བ་འཕེལ་བས་རབ་ཏུ་ཕྱེ་བའི་ཞི་གནས་དང། ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས ་པར་མི་འགྱུར་ཞིང། ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང་བཤད་པས་དགེ་བ་འཕེལ་བ་གདགས་པ་གཏན་ལ་དབབ་པ་བསྟན་པ་ནི་དགེ་བ་འཕེལ་བ་ཆུང་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཡིན་ནོ། །དེའི་འོག་ཏུ་རྟོག་པ ་དང་གཡོ་བ་གཉེན་པོ་དང་བཅས་པ་ཆུང་མི་ཟ་པར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ་།རྟོག་པ་དང་གཡོ་བ་ཞེས་བྱ་བ་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཏོ།། ་གཉེན་པོ་དང་བཅས་པ་ཞེས་བྱ་བ་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་དེའི་གཉེན་པོ་སྟེ། སྟོག་པ་དང་བཅས་བའི་གཉེན་པོ་ནི་རྟོག་པ་མེད་ཅིང་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཏོ།། དཔྱོད་པ་དང་བཅས་པའི་གཉེན་པོ་ནི་རྟོག་པ་མེད་པ་དང་དཔྱོད ་པ་མེད་པའི་ཏིང་ངེ་འཛིན་ཏོ། །ཆུང་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཞེས་བྱ་བ་ནི་རྟོག་པ་དང་གཡོ་བ་གཉེན་པོ་དང་བཅས་པས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི ་འགྱུར་ཞིང། ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང་བཤད་པ་དང་རྟོག་པ་དང། གཡོ་བ་གཉེན་པོ་དང་བཅས་པ་གཏན་ལ་དབབ་པའོ། །དེ་ལ་མཚམས་སྦྱར་བ་ཇི་ལྟ་བུ་ཞེ་ན། འདིར་འཕགས་པ་བྱམས་པས་གཞན་དག་འདི་སྙམ་དུ་རྣལ་འབྱོར ་གྱིས་ཡོངས་སུ་བསྒྱུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ངེས་ནི་མཉམ་པར་བཞག་པའི་ས་སྙོམས་པར་འཇུག་པ་དང། སྐྱེ་བ་དང་བཅས་པ་ཐམས་ཅད་རབ་ཏུ་ཕྱེ་བ་ཡིན་ལ། ས་དེ་དག་ནི་ཏིང་ངེ་འཛིན་གསུམ་གྱིས་བསྡུས་པ་ཡིན་ན་ཞི ་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ཇི་ལྟར་ཏིང་ངེ་འཛིན་གསུམ་དུ་འགྱུར་སྙམ་དུ་སེམས་རྣམས་ཀྱི་བསམ་པ་ལ་བརྟགས་ནས། བཅོམ་ལྡན་འདས་ཇི་ལྟར་ན་ཞི་གནས་དང་ལྷག་མཐོང་རྟོག་པ་དང་བཅས་ཤིང། དཔྱོད་པ་དང་བཅས་པའི་ཏིང་ངེ ་འཛིན་དུ་གྱུར་པ་ལགས་ཞེས་བྱ་བ་ལ་སོགས་བ་ཞུས་པར་སྦྱར་རོ།། བཅོམ་ལྡན་འདས་ཀྱིས་ཏིང་འཛིན་གསུམ་གྱི་རྣམ་གྲངས་དང་པོས་ནི་བསྟན་པས་རྟོག་པ་དང་གཡོ་བ་གཉེན་པོ་དང་བཅས་པ་ཆུང་མི་ཟ་བར་བྱ་བའི་ཕྱིར་རོ། གདགས་པ་གཏན་ལ་དབབ་པ ་བསྟན་ཏེ། རྣམ་གྲངས་འོག་མས་ནི་བཤད་པས་དེ་བསྟན་པར་རིག་པར་བྱའོ།། དེ་ལ་བྱམས་པ་ཇི་ལྟར་གཟུང་ཞིང་བརྟགས་པ་དང་དཔྱད་པའི་ཆོས་རྣམས་ལ་ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ་སེམས་དཔས་ཆོས། གདགས་པ་རྣམ་པར་བཞག་པ ་ཇི་ལྟར་གཟུང་བ་དེ་དག་བསམ་གཏན་དང་པོ་ལས་བསམ་གཏན་ཁྱད་པར་ཅན་མ་གཏོགས་པ་མི་ལྕོགས་པ་མེད་པ་དང། དངོས་གཞི་གང་ཡང་རུང་བ་ལ་བརྟེན་ཏེ་རྟོག་པ་དང་དཔྱོད་པ་གཉིས་ག་དང་མཚུངས་པར་ལྡན་པའི་མོས་བ ་ཡིད་ལ་བྱེད་པ་དང་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་དང་ལས་བྱུང་བའི་གཟུགས་བརྙན་གྱི་དམིགས་པ་རགས་པ་ཐོབ་པ་ལ་རྗེས་སུ་དཔྱོད་པའི་ཞི་གནས་དང། ལྷག་མཐོང་གི་བསམ་གཏན་དང་པོ་ལས་བསམ་གཏན་ཁྱད་པར་ཅན་མ་གཏོགས་པ ་དེ་ཉིད་ཀྱིས་པ་ཡིན་པས་ན་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་བའི་ཏིང་ངེ་འཛིན་ཡིན་ནོ་ཞེས་སྟོན་ཏོ།། དེ་ལ་ཇི་ལྟར་གཟུང་ཞིང་ཞེས་བྱ་བ་ནི། ཆོས་གདགས་པ་རྣམ་པར་བཞག་པ་ཐོབ་པ་དང་བསམས་པའི་ཤེས་རབ་ཀྱི་སྟོབས་བསྐྱེད་པས ་བཟུང་བའོ།། བརྟགས་པ་དང་དབྱད་པ་ཞེས་བྱ་བ་ནི་དམིགས་པ་ཡོངས་སུ་ཚོལ་བའི་དུས་ན་བསམ་གཏན་དང་པོ་ལས་བསམ་གཏན་ཁྱད་པར་ཅན་མ་གཏོགས་པ་མི་ལྕོག་པ་མེད་བ་དང། དངོས་གཞི་གང་ཡང་རུང་བ་ལ་བརྟེན་ཏེ། ཆོས་དེ་དག་ལ་རྟོག་པ ་དང་དཔྱོད་པ་གཉི་ག་དང་མཚུངས་པར་ལྡན་པའི་མོས་པ་ཡིད་ལ་བྱེད་པ་དང། དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ཡིད་ལ་བྱས་པའོ།། དེ་དག་གི་མཚན་མ་ཞེས་བྱ་བ་ནི་ཡིད་ལ་བྱེད་པ་འཐོབ་པའི་དུས་ན་གཟུགས་བརྙན་རྣམ་གཉིས་ཀྱི་མཚན་མ་བློ་ལ?་སྣང ་བའོ།། གསལ་ཞིང་རགས་པ་མྱོང་བ་ཞེས་བྱ་བ་ནི་བསམ་གཏན་དང་པོའི་རྟོག་པ་དང་བཅས་པའི་ས་བའི་གཟུགས་བརྙན་ཡིན་པའི་ཕྱིར་རོ།། རྗེས་སུ་དཔྱོད་པ་ཞེས་བྱ་བ་ནི་བསམ་གཏན་དང་པོའི་དཔྱོད་པ་དང་བཅས་པའི་གཟུགས་བརྙན་ཡིན་པའི་ཕྱིར་རོ།། རྟོག ་པ་དང་བཅས་ཤིང་དཔྱོད་བ་དང་བཅས་པའི་ཏིང་ངེ་འཛིན་ཡིན་ནོ་ཞེས་བྱ་བས་ནི་བསམ་གཏན་དང་པོ་ལས་བསམ་གཏན་ཁྱད་པར་ཅན་མ་གཏོགས་པའི་ས་པའི་ཞི་གནས་དང། ལྷག་མཐོང་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་བའི་ཏིང་ངེ ་འཛིན་པར་བསྟན་ཏོ།། དེ་དག་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ་སེམས་དཔའ་ཆོས་གདགས་པ་རྣམ་པར་བཞག་པ་ཇི་ལྟར་གཟུང་བ་དེ་དག་ཉིད་བསམ་གཏན་དང་པོའི་བསམ་གཏན་ཁྱད་པར་ཅན་འབའ་ཞིག་ལ་བརྟེན་དེ་རྟོག་པ་མེད་ཅིང་དཔྱོད་པ་ཙམ ་དུ་མཚུངས་པར་ལྡན་པའི་མོས་པ་ཡིད་ལ་བྱེད་པ་དང། དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ལས་བྱུང་པའི་གཟུགས་བརྙན་གྱི་དམིགས་པ་ཆ་ཕྲ་མོ་ཐོས་པ་ལ་རྗེས་སུ་དཔྱོད་པའི་ཞི་གནས་དང་ལྷག་མཐོང་ནི་བསམ་གཏན་ཁྱད་པར་ཅན་དེ་ཉིད་ཀྱི་ས་པ་ཡིན་པས་ན ་རྟོག་པ་མེད་ཅིང་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཡིན་ནོ་ཞེས་སྟོན་ཏོ།། དེ་ལས་མཚན་མ་གསལ་ཞིང་རག་པ་མྱོང་བའི་རྗེས་སུ་དཔྱོད་པ་མ་ཡིན་གྱི་ཞེས་བྱ་བ་ནི་དམིགས་པ་རྗེས་སུ་ཚོལ་བའི་དུས་ན་བསམ་གཏན་ཁྱད་བར་ཅན་ལ་བརྟེན་ཏེ་རྟོག་པ་མེད་ཅིང་དཔྱོད་བ་ཙམ ་དང་མཚུངས་པ་དང་ལྡན་པའི་མོས་པ་དང། དེ་ཁོ་ན་ཉིད་ཡིད་ལ་བྱས་པ་ལས་བྱུང་བའི་གཟུགས་བརྙན་ཡིན་པའི་ཕྱིར་རོ།། དེ་སྣང་བ་ལ་ཕྱིས་དྲན་པ་ཙམ་ཕྲ་མོ་མྱོང་བ་ཞེས་བྱ་བ་ནི་བསམ་གཏན་ཁྱད་པར་ཅན་འབའ་ཞིག་ལ་བརྟེན་ཏེ་ཡིད་ལ ་བྱེད་པའི་ཐོབ་པའི་གཟུགས་བརྙན་དེ་ནི་རྟོག་པ་མེད་པའི་ཕྱིར་ཆ་ཕྲ་བར་བསྟན་པ་སྟེ། དཔེར་ན་ད་ལྟར་མངོན་སུམ་གྱི་ཡུལ་ལ་དམིགས་པའི་དྲན་པ་ལྟ་བུ་མ་ཡིན་པ་འདས་པའི་ཡུལ་གྱི་རྣམ་པ་རྗེས་སུ་དྲན་པ་ལ་དམིགས་པའི་དྲན་པ་ལྟ་བུ་ལ་བྱའོ།། རྗེས་སུ་དབྱོད ་པའི་ཞེས་བྱ་བ་ནི་དེ་ཉིད་བསམ་གཏན་ཁྱད་པར་ཅན་གྱི་སྤྱོད་པ་ཙམ་དང་མཚུངས་པར་ལྡན་པའི་གཟུགས་བརྙན་ཡིན་བའི་ཕྱིར་རོ།། རྟོག་པ་མེད་ཅིང་དཔྱོད་པ་ཙམ་གྱིས་ཏིང་ངེ་འཛིན་ཞེས་བྱ་བ་ནི་བསམ་གཏན་གྱི་ཁྱད་པ་ཅན་གྱི་ས་པའི་ཞི་གནས་དང་ལྷག ་མཐོང་ནི་རྟོག་པ་མེད་ཅིང་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཡིན་པར་བསྟན་ཏེ། དེ་བསྒོམས་ན་ཚངས་པ་ཆེན་པོ་ཉིད་ཐོབ་པར་འགྱུར་རོ།། དེ་དག་གི་མཚན་མ་ལ་ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ་སེམས་དཔའ་ཆོས་གདགས་པ་རྣམ་པར་བཞག་པ་ཇི་ལྟར ་གཟུང་པ་དེ་དག་ཉིད་བསམ་གཏན་གཉིས་པ་ཡན་ཆད་སྲིད་པའི་རྩེ་མོ་མན་ཆད་ཀྱི་ཉེར་བསྡོགས་དང་དངོས་གཞི་གང་ཡང་དུང་བ་ལ་བརྟེན་ཏེ་རྟོག་པ་མེད་པ་དང། དཔྱོད་པ་མེད་པའི་མེད་པ་ཡིད་ལ་བྱེད་པ་དང། དེ་ཁོ་ན་ཉིད ་ཡིད་ལ་བྱེད་བ་ལས་བྱུང་པའི་གཟུགས་བརྙན་གྱི་དམིགས་པ་ལྷུན་གྱིས་གྲུབ་པ་ཐོབ་པ་ལ། དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་སེམས་ཙཾ་དུ་སྤྱོད་བའི་ཞི་གནས་དང་ལྷག་མཐོང་ནི་བསམ་གཏན་གཉིས་པ་ཡན་ཆད་ཀྱི་ས་བ་ཡིན་པས་ན་རྟོག་པ ་མེད་པ་དང། དཔྱོད་བ་མེད་པའི་ཏིང་ངེ་འཛིན་ཡིན་ནོ་ཞེས་སྟོན་ཏོ།། དེ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་ལྷུན་གྱིས་གྲུབ་པར་ཞེས་བྱ་བ་ནི་དམིགས་པ་ཡོངས་སུ་ཚོལ་བའི་དུས་ན་བསམ་གཏན་གཉིས་པའི་ཉེར་བསྔོགས་ཡན་ཆད་གང་ཡང་རུང་བ ་ལ་བརྟེན་ཏེ་རྟོག་པ་མེད་བ་དང། དཔྱོད་བ་མེད་པའི་མོས་པ་དང།། དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ལས་བྱུང་བའི་གཟུགས་བརྙན་ཡིན་བའི་ཕྱིར་རོ།། ཆོས་མྱོང་བ་ཡིད་ལ་བྱེད་པས་རྣམ་བར་དཔྱོད་པའི་ཞེས་བྱ་བའི་སེམས་ཀྱི་ངོ་བོ་ཉིད་ལ་གཉིས་མེད ་པའི་ཆོས་རང་རིག་པས་རྣམ་པར་དཔྱོད་པ་སྟེ། དེ་ཉིད་བསམ་གཏན་གཉིས་པའི་ཉེར་བསྔོགས་པ་ཡན་ཆད་ཀྱི་རྟོག་པ་མེད་པ་དང་དཔྱོད་པ་མེད་པའི་གཟུགས་བརྙན་ཡིན་པའི་ཕྱིར། རྟོག་པ་མེད་པ་དང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་ཡིན་ནོ་ཞེས་བྱ་བས ་ནི་བསམ་གཏན་གཉིས་པའི་ཉེར་བསྔོགས་ཡན་ཆད་སྲིད་པའི་རྩེ་མོ་མན་ཆད་ཀྱི་ས་པའི་ཞི་གནས་དང་ལྷག་མཐོང་གི་རྟོག་པ་མེད་པ་དང། དཔྱོད་པ་མེད་པའི་ཏིང་ངེ་འཛིན་ཡིན་བར་བསྟན་ཏེ། དེ་དག་ཀྱང་རྟོག་པ་དང་དབྱོད་བའི་འདོད་ཆགས་དང ་བྲལ་བའི་སྒོ་ནས་རྟོག་བ་མེད་པ་དང། དཔྱོད་པ་མེད་བ་ཞེས་བྱའི་ཀུན་ཏུ་འབྱུང་བ་མེད་བ་ནི་མ་ཡིན་ཏེ། དེར་སྐྱེས་པའི་ཚེ་དང་ལངས་པ་རྣམས་ལས་འབྱུང་ངོ། །དེ་དག་ནི་ཁམས་སུ་གཏོགས་བའི་ཏིང་ངེ་འཛིན་གསུམ་གྱི་ཚུལ་བསྟན་པ་ཡིན་ནོ།། དེ་དག་ཉིད ་ལ་བརྟེན་ནས་འཕགས་པའི་ལམ་གྱི་འཇིག་ཚོགས་འགོག་པའི་མྱ་ངན་ལས་འདས་པ་ཐོབ་པའི་ཏིང་ངེ་འཛིན་གསུམ་ནི་ཁམས་སུ་མ་གཏོགས་པའི་ཡིན་པར་རིག་པར་བྱའོ། །ཡོངས་སུ་ཚོལ་བ་ལས་བྱུང་བ་ཞེས་བྱ་བ་ནི་སྔར་སྒོ་གསུམ་བསྟན་པ་ལས་ཡོངས་སུ་བཙལ་བའི་རྗེས་སུ ་ཞུགས་པའི་སྒོ་དང་སྦྱར་རོ།། རྟོག་བ་དང་བཅས་ཤིང་ཧེས་བྱ་བ་ནི་དེའི་ཚེ་དམ་པའི་ཆོས་ཐོས་པ་དང། གཟུང་བ་འམ། དགེ་བའི་བཤེས་གཉེན་གྱི་གདམས་ངག་དང་རྗེས་སུ་བསྟན་པ་དེ་ལ་མཉམ་པར་བཞག་པའི་ས་པའི་ཡིད་ལ་བྱེད་པའི་ཕྱིར་རོ།། དཔྱོད་པ་དང་བཅས ་པ་ཞེས་བྱ་བ་ནི་སེམས་པར་བྱེད། རྟོག་པར་བྱེད། འཇལ་བར་བྱེད། ཉེ་བར་རྟོག་པར་བྱེད་པའི་ཕྱིར་ཏེ། འདིར་ཡང་རྟོག་པ་དང་བཅས་ཤིང་དཔྱོད་བ་དང་བཅས་པའི་ཏིང་ངེ་འཛིན་གྱི་ས་ནི་སྔ་མ་བཞིན་ནོ།། སོ་སོར་རྟོག་པ་ལས་བྱུང་བ་ཞེས་བྱ་བ་ནི་ཡོངས་སུ ་བཙལ་བ་ལ་སོ་སོར་རྟོག་པའི་རྗེས་སུ་ཞུགས་པའི་སྒོ་དང་སྦྱར་རོ།། རྟོག་པར་བྱེད་ཅིང་ཞེས་བྱ་བ་ནི་དེའི་ཚེ་བསམས་ཤིང་བརྟགས་ལ་གཞལ་ཅིང་ཉེ་བར་བརྟགས་ཟིན་པའི་ཕྱིར་རོ།། དཔྱོད་པ་ཙམ་ཞེས་བྱ་བ་ནི་ཇི་ལྟར་རྣམ་པར་བཞག་པའི་དེ་བཞིན་དུ ་སོ་སོར་རྟོག་པར་བྱེད་པའི་ཕྱིར་ཏེ། འདིར་ཡང་ས་ནི་སྔ་མ་བཞིན་ནོ། །འདྲེས་པའི་ཆོས་ལ་དམིགས་པ་ཞེས་བྱ་བ་ནི་འདྲེས་པ་ཆུང་ངུ་དང་ཆེན་པོར་གྱུར་པ་དང། ཚད་མེད་པའི་ཆོས་ལ་དམིགས་པ་དང་སྦྱར་རོ།། རྟོག་པ་མེད་པ་དང་དཔྱོད་པ་མེད་པ་ཞེས་བྱ་བ་ནི་རོ ་གཅིག་པ་ཉིད་དུ་དམིགས་པའི་ཕྱིར་ཏེ། འདིར་ཡང་ས་ནི་སྔ་མ་བཞིན་ནོ།། དེ་ལྟར་རྟོག་པ་དང་གཡོ་བ་གཉེན་པོ་དང་བཅས་པས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་ཡིན་ནོ། །དེའི་འོག་ཏུ་སྒོམ་བའི་རྒྱུ་མཚན་ཡོངས་སུ་ཤེས་པ་ཆུང་མི་ཟ་བར་བྱ་བའི ་ཕྱིར་གདགས་པ་གཏན་ལ་དབབ་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། བསྒོམ་པའི་རྒྱུ་མཚན་ཡོངས་སུ་ཤེས་པ་ཞེས་བྱ་བ་ནི་གནས་བསྒོམ་པའི་དུས་སུ་ཞི་གནས་ཀྱི་རྒྱུ་མཚན་དང། རབ་ཏུ་འཛིན་པ་བསྒོམ་པའི་དུས་སུ་རབ་ཏུ་འཛིན་བའི་ ་རྒྱུ་མཚན་དང། བཏང་སྙེམས་བསྒོམ་པའི་དུས་སུ་བཏང་སྙོམས་ཀྱི་རྒྱུ་མཚན་ཡོངས་སུ་ཤེས་པའོ། །ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཞེས་བྱ་བ་ནི་བསྒོམ་པའི་རྒྱུ་མཚན་ཡོངས་སུ་ཤེས་པས་རབ ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང་བཤད་པས་བསྒོམ་པའི་རྒྱུ་མཚན་ཡོངས་སུ་ཤེས་པ་གདགས་པ་གཏན་ལ་དབབ་པའོ། །དེ་ལ ་མཚམས་སྦྱར་བ་ཇི་ལྟ་བུ་ཞེ་ན། འདིར་འཕགས་པ་བྱམས་པས་གཞན་དག་འདི་སྙམ་དུ་རྣལ་འབྱོར་བ་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ངོ་བོ་ཉིད་དེ་ལ་སྦྱོད་བ་ན། ཞི་གནས་ཀྱི་དུས་སུ་ཞི་གནས་སྒོམ་པའི་རྒྱུ ་མཚན་དང། རབ་ཏུ་འཛིན་པའི་དུས་སུ་རབ་ཏུ་འཛིན་པ་བསྒོམ་པའི་རྒྱུ་མཚན་དང། བཏང་སྙོམས་ཀྱི་དུས་སུ་བཏང་སྙོམས་སྒོམ་པའི་རྒྱུ་མཚན་ཡོངས་སུ་ཤེས་པར་བྱ་དགོས་ན། རྒྱུ་མཚན་གསུམ་པོ་དེ་དག་གང་ཡིན་སྙམ་དུ་སེམས་པ་རྣམས ་ཀྱི་བསམ་པ་ལ་བརྟགས་ནས། བཅོམ་ལྡན་འདས་ཞི་གནས་ཀྱི་རྒྱུ་མཚན་ནི་གང་ལགས། རབ་ཏུ་འཛིན་པའི་རྒྱུ་མཚན་ནི་གང་ལགས། བཏང་སྙོམས་ཀྱི་རྒྱུ་མཚན་ནི་གང་ལགས་ཞེས་བྱའོ་ཞུས་བར་སྦྱད་དོ།། འདིར་དུས་སུ་ཡིད་ལ་བྱེད་པ་བསྟན ་བས་ནི་བསྟན་བས་སྒོམ་པའི་རྒྱུ་མཚན་ཡོངས་སུ་ཤེས་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏོ། །དམིགས་པའི་རྒྱུ་མཚན་དང། གཞིའི་རྒྱུ་མཚན་བསྟན་བས་ནི་བཤད་བར་རིག་པར་བྱའོ།། བྱམས་པ་སེམས ་རྒོད་པ་འམ་རྒོད་དུ་དགོས་པ་ན་ཞེས་བྱ་བས་ནི་ཞི་གནས་ཀྱི་དུས་བསྟན་ཏེ། དུས་དེར་ཞི་གནས་ལྷག་པར་བསྒོམ་དགོས་པའི་ཕྱིར་རོ།། དེ་ལ་སེམས་རྒོད་པ་འམ་ཞེས་བྱ་བ་ནི། རྒོད་པ་དང་འགྱོད་པས་སེམས་ཉེ་བར་མ་ཞི་བའོ། །རྒོད་དུ་དོགས་པ་ན? ་ཞེས་བྱ་བ་ནི་འཕྲོ་བའི་བསམ་པ་ཉེ་བར་གནས་པར་གྱུར་པའོ།། འདིར་རྒྱུ་མཚན་ནི་རྣམ་པ་གཉིས་ཏེ། དམིགས་བའི་རྒྱུ་མཚན་དང། གཞིའི་རྒྱུ་མཚན་ནོ། །དེ་ལ་དམིགས་པའི་རྒྱུ་ནི་ཡིད་ལ་བྱེད་པ་འཐོབ་བའི་རྒྱུ་ཡིན་ལ། གཞིའི་རྒྱུ་མཚན་ནི་ལམ་ཡོངས་སུ་དག་པའི་རྒྱུ ་ཡིན་པར་རིག་པར་བྱའོ།། དེ་ལ་ཀུན་ཏུ་སྐྱོ་བར་འགྱུར་བ་དང། མཐུན་བའི་ཆོས་རྣམས་ཞེས་བྱ་བས་ནི་ཞི་གནས་ཀྱི་གཞིའི་རྒྱུ་མཚན་བསྟན་ཏེ། སྡུག་བསྔལ་དང་ཀུན་འབྱུང་བའི་རྣམ་པ་དག་གོ་།ཞི་གནས་ཀྱི་སེམས་ཡོངས་སུ་བསྒོམས་ནས། དེའི་འོག་ཏུ ་ཞི་གནས་ཀྱི་ལམ་ཡོངས་སུ་དག་པར་བྱ་བའི་ཕྱིར་ལྷག་མཐོང་གི་སེམས་ཀྱི་མཚན་མ་ཉིད་ལ་སྦྱོར་བ་ཡང་ཞི་གནས་ཀྱི་གཞིའི་རྒྱུ་མཚན་ཡིན་ནོ།། དེ་ལ་སྔ་མས་ནི་མི་མཐུན་པའི་ཕྱོགས་བཟློག་ལ། ཕྱི་མས་ནི་གཉེན་བོའི་རྗེས་སུ་འཇུག་སྟེ། སྐབས ་འདིར་ནི་སྔ་མ་ཉིད་དུ་བཟུང་ངོ།། བར་ཆད་མེད་པའི་སེམས་དེ་ཞེས་བྱ་བས་ནི་ཞི་གནས་ཀྱི་དམིགས་པའི་རྒྱུ་མཚན་བསྟན་ཏེ། རྣམ་པར་མི་རྟོག་པའི་གཟུགས་བརྙན་ལ་དམིགས་པ་ཞི་གནས་ཀྱི་སེམས་དེའི་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་ཞི་གནས ་ཀྱི་རྒྱུ་མཚན་ཞེས་བྱའོ་ཞེས་བྱ་བས་ནི་རྒོད་པ་ཉེ་བར་ཞི་བའི་གནས་ནི་ཞི་གནས་ཡིན་ལ། དེའི་རྒྱུ་མཚན་ནི་ཡིད་ལ་བྱེད་པ་དེ་ཡིན་པས་ན་ཞི་གནས་ཀྱི་རྒྱུ་མཚན་ཞེས་བྱའོ་ཞེས་སྟོན་ཏོ། །སེམས་བྱིང་དམ་བྱིང་དུ་ངོ་?་ཞེས་བྱ་བས ་ནི་རབ་ཏུ་འཛིན་པའི་དུས་བསྟན་ཏེ། དུས་དེར་རབ་ཏུ་འཛིན་ག་ལྷག་པར་བསྒོམ་དགོས་པའི་ཕྱིར་རོ། །རབ་ཏུ་འཛིན་པ་ཞེས་བྱ་བ་ནི་སེམས་བྱིད?་བ་གཟེངས་བསྟོད་ཅིང་དམིགས་པ་ལ་ཉེ་བར་གཏོད་པ་སྟེ། ལྷག་མཐོང་གི་ཆ་ཡིན་ནོ།། དེ་ལ་སེམས ་བྱིང་ངམ་ཞེས་བྱ་བ་ནི་རྨུགས་པ་དང་གཉིད་ཀྱིས་སེམས་ཉམས་པར་བྱས་པའོ། །བྱིང་དུ་དོགས་པ་ན་ཞེས་བྱ་བ་ནི་བྱིང་བའི་རྗེས་སུ་མཐུན་པར་གྱུར་པ་ནའོ། །མངོན་པར་དགའ་བར་འགྱུར་བ་དང། མཐུན་པའི་ཆོས་རྣམས་ཞེས་བྱ་བས་ནི་རབ་ཏུ་འཛིན ་པའི་གཞིའི་རྒྱུ་མཚན་བསྟན་ཏེ། འགོག་པ་དང་ལམ་གྱི་རྣམ་པ་དགོ་།རབ་ཏུ་འཛིན་བའི་སེམས་ཡོངས་སུ་བསྒོམས་ནས་དེའི་འོག་ཏུ་རབ་ཏུ་འཛིན་པའི་ལམ་ཡོངས་སུ་དག་པར་བྱ་བའི་ཕྱིར་ཞི་གནས་ཀྱི་མཚན་མ་ཉིད་ལ་སྦྱོར་བ་ཡང ་རབ་ཏུ་འཛིན་པའི་གཞིའི་རྒྱུ་མཚན་ཡིན་ནོ། །དེ་ཡང་སྔ་མས་ནི་མི་མཐུན་པའི་ཕྱོགས་ལས་བཟློག་ལ། ཕྱི་མས་ནི་གཉེན་པའི་རྗེས་སུ་འཇུག་སྟེ། སྐབས་འདིར་ནི་སྔ་མ་ཉིད་གཟུང། །སེམས་ཀྱི་མཚན་མ་དེ་ཞེས་བྱ་བས་ནི་རབ་ཏུ་འཛིན་པའི་དམིགS ་པའི་རྒྱུ་མཚན་བསྟན་ཏེ། ལྷག་མཐོང་གི་དམིགས་པ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དེའོ། ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་རབ་ཏུ་འཛིན་པའི་རྒྱུ་མཚན་ཞེས་བྱའོ་ཞེས་བྱ་བས་ནི་སེམས་བྱིང་བ་གཟེངས་སྟོད་ཅིང་དམིགས་པ ་ལ་ཉེ་བར་གཏོད་པ་ནི་རབ་ཏུ་འཛིན་པ་ཡིན་ལ། དེའི་རྒྱུ་མཚན་ནི་ཡིད་ལ་བྱེད་པ་དེ་ཡིན་པས་ན་རབ་ཏུ་འཛིན་པའི་རྒྱུ་མཚན་ཞེས་བྱའོ་ཞེས་བསྟན་ཏོ། །ཞི་གནས་ལ་གཅིག་ཏུ་ངེས་པ་འམ། ལྷག་མཐོང་ལ་གཅིག་ཏུ་ངེས་པ་འམ། ཟུང་དུ ་འབྲེལ་བའི་ལམ་ཡང་རུང་སྟེ་ཞེས་བྱ་བས་ནི་བཏང་སྙོམས་ཀྱི་དུས་བསྟན་ཏེ། དུས་དེ་གསུམ་དུ་བཏང་སྙོམས་ལྷག་པར་བསྒོམ་དགོས་པའི་ཕྱིར་རོ།། དེ་གཉིས་ཀ་ཉེ་བའི་ཉོན་མོངས་པས་ཉེ་བར་ཉོན་མོངས་པ་མེད་པ་ལ་ཞེས་བྱ་བས་བཏང་སྙོམས ་ཀྱི་གཞིའི་རྒྱུ་མཚན་བསྟན་ཏེ། ཞི་གནས་པ་གཅིག་ཏུ་ངེས་པའི་ལམ་ལ་ནི་རྒོད་པ་དང་འགྱོད་པའི་ཉེ་བའི་ཉོན་མོངས་པ་མེད་ལ། ལྷག་མཐོང་ལ་གཅིག་ཏུ་ངེས་པའི་ལམ་ལ་ནི་རྨུགས་པ་དང་གཉིད་ཀྱི་ཉེ་བའི་ཉོན་མོངས་པ་མེད། ཟུང་དུ་འབྲེལ ་པའི་ལམ་ལ་ནི་དེ་གཉི་གའི་ཉེ་བའི་ཉོན་མོངས་པ་མེད་པའོ།། བཏང་སྙོམས་ཀྱི་སེམས་དེ་ཉིད་ཅེས་ཤིན་ཏུ་གོང་ནས་གོང་དུ་ཡོངས་སུ་དག་པར་བྱ་བའི་ཕྱིར་དམིགས་པ་དེ་ཉིད་ལ་ངན་པར་དཔྱོད་ཅིང་བརྩོན་འགྲུས་ཧ་ཅང་ལྷག་པར་རྩོམ་པར?་མི ་བྱེད་པ་ཡང་བཏང་སྙོམས་ཀྱི་གཞིའི་རྒྱུ་མཚན་ཡིན་ནོ།། དེ་ཡང་སྔ་མས་ནི་མི་མཐུན་པའི་ཕྱོགས་ལས་བཟློག་ལ། ཕྱི་མས་ནི་གཉེན་པོའི་རྗེས་སུ་འཇུག་སྟེ་སྐབས་འདིར་ནི་སྔ་མ་ཉིད་གཟུང་ངོ། །སེམས་རང་གི་དང་གིས་འཇུག་པ་ན་ཞེས་བྱ་བ་ནི་བཏང་སྙོམས་ཀྱི ་དམིགས་པའི་རྒྱུ་མཚན་བསྟན་ཏེ། ཟུང་དུ་འབྲེལ་བའི་ལམ་གྱི་དམིགས་པ་དངོས་པོའི་མཛའ་དང་དགོས་པ་ཡོངས་སུ་གྲུབ་པའི་གནས་སྐབས་སོ། །ཡིད་ལ་བྱེད་པ་ལྷུན་གྱིས་གྲུབ་པ་གང་ཡིན་པ་དེ་བཏང་སྙོམས་ཀྱི་རྒྱུ་མཚན་ཞེས་བྱའོ་ཞེས་བྱ་བས་ནི་ཡིད་ལ ་བྱེད་པ་ལྷུན་གྱིས་གྲུབ་པས་ནི་བཏང་སྙོམས་ཡིན་ལ། དེའི་རྒྱུ་མཚན་ནི་གནས་སྐབས་དེ་དག་ནི་ཡིད་ལ་བྱེད་པ་ལྷུན་གྱིས་གྲུབ་པ་དེ་ཡིན་པས་ན་བཏང་སྙོམས་ཀྱི་རྒྱུ་མཚན་ཞེས་བྱའོ་ཞེས་བསྟན་ཏ?། །དེ་ལྟར་བསྒོམ་པའི་རྒྱུ་མཚན་ཡོངས་སུ་ཤེས ་པས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུད་མི་ཟ་བའི?་ཕྱིར?་བསྟན་པ་དང་བཤད་བས་བསྒོམ་པའི་རྒྱུ་མཚན་ཡོངས་སུ་ཤེས་པ་གདགས་པ་གཏན་ལ་དབབ་པ་བསྟན་པ་ནི་སྒོམ ་པའི་རྒྱུ་མཚན་ཡོངས་སུ་ཤེས་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཡིན་ནོ། །དེའི་འོག་ཏུ་མངོན་པའི་ང་རྒྱལ་རྣམ་པ་ངག་ཤིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་བའི་ཚིག་གི་དོན་ལ་སོགས་པ་བཤད ་པར་བྱ་སྟེ། མངོན་པའི་ང་རྒྱལ་ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལ་སྦྱོར་བའི་གནས་སྐབས་ནི་ཞི་གནས་ཙམ་དང་ཤེས་པ་དང། མཐོང་བ་ངན་དོན་ཙམ་སྐྱེས་པ་ལ་བརྟེན་ནས་ཡོངས་སུ་མ་ཤེས་པ་དང། མངོན་སུམ ་དུ་མ་བྱས་པའི་ཆོས་དང་དོན་གཞན་དག་ཀྱང་ཡོངས་སུ་ཤེས་ཤིང་མངོན་སུམ་དུ་བྱས་སོ་སྙམ་དུ་མངོན་པའི་ང་རྒྱལ་བྱེད་པའོ།། རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཞེས་བྱ་བ་ནི་མངོན་པའི་ང་རྒྱལ་དེ ་རྣམ་པར་གཞིག་ཅིང་མངོན་པའི་ང་རྒྱལ་མེད་པས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང་བཤད་བས་མངོན་པའི ་ང་རྒྱལ་མེད་པ་གདགས་པ་གཏན་ལ་དབབ་པའོ། །དེ་ལ་མཚམས་སྦྱར་བ་ཇི་ལྟ་བུ་ཞེ་ན། འདིར་འཕགས་པ་བྱམས་པས་གཞན་དག་འདི་སྙམ་དུ་རྣལ་འབྱོར་པ་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི ་ངོ་བོ་ཉིད་ལ་སྦྱོར་བས་ནི་བདག་ཉིད་ཆོས་དང་དོན་སོ་སོ་ཡང་དག་པར་རིག་པ་ལ་མངོན་པའི་ང་རྒྱལ་མེད་པར་བྱ་དགོས་ན། ཆོས་སོ་སོ་ཡང་དག་པར་རིག་པ་དང། དོན་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་རབ་ཏུ་དབྱེ་བ་ནི་ཇི་ལྟ་བུ ་ཡིན་དེ་དག་ཇི་ལྟར་ན་སོ་སོ་ཡང་དག་པར་རིག་པར་འགྱུར་སྙམ་དུ་སེམས་པ་རྣམས་ཀྱི་བསམ་པ་ལས་བརྟགས་ནས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་བསྒོམ་པའི་ཆོས་སོ་སོ་ཡང་དག་པར་རིག་པ་དང། ་དོན་སོ་སོ་ཡང་དག་པར་རིག་པ་ལགས་ན་ཞེས་བྱ་བ་ལ་སོགས་པ་ཞུས་པར་སྦྱར་རོ།། འདིར་བཅོམ་ལྡན་འདས་ཀྱིས་ཆོས་དང་དོན་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་དང། རབ་ཏུ་དབྱེ་བ་ཡང་བསྟན། དེ་དག་བྱང་ཆུབ་སེམས་དཔས ་ཇི་ལྟར་སོ་སོ་ཡང་དག་པར་རིག་པ་ཡང་བསྟན་ཏེ། དེ་ཡང་ཆོས་ནི་གནས་ཡིན་ལ་དོན་ནི་གནས་པ་ཡིན་པས་གནས་ཀྱི་གནས་པ་མཚོན་དགོས་པའི་ཕྱིར་དང་པོ་ཆོས་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་དང་རབ་ཏུ་དབྱེ་བ་ཡང་བསྟན། དེ་བྱང ་ཆུབ་སེམས་དཔས་ཇི་ལྟར་སོ་སོ་ཡང་དག་པར་རིག་པར་བསྟན་ཏོ། །དེ་ལ་བྱམས་པ་རྣམ་པ་ལྔས་ཆོས་སོ་སོ་ཡང་དག་པར་རིག་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ནི་བསྟན་པས་སོ་སོ་ཡང་དག་པར་རིག་པ་ལ་མངོན་པའི་ང་རྒྱལ་རྣམ་པར་གཞིག་ཅིང་ཆུད ་མི་ཟ་བའི་ཕྱིར་བདགས་པ་གཏན་ལ་དབབ་པ་བསྟན་ཏེ། དེ་ཉིད་ཀྱི་ཆོས་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་ཀྱང་བསྟན་ཏོ། །མིང་གང་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་བཤད་པས་དེ་བསྟན་ཏེ། དེ་ཉིད་ཀྱིས་སོ་སོ་ཡང་དག་པར་རིག་པའི་རབ ་ཏུ་དབྱེ་བ་ཡང་བསྟན་ཏོ། །དེ་ལྟར་ན་ཞེས་བྱ་བ་ལ་སོགས་པས་ནི་དེ་བྱང་ཆུབ་སེམས་དཔས་ཇི་ལྟར་སོ་སོ་ཡང་དག་པར་རིག་པ་བསྟན་ཏོ། །དེ་ལ་ཆོས་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་ནི་རྣམ་པ་གཉིས་ཏེ་བཤད་པའི་ཆོས་དང། རྟོགས ་པའི་ཆོས་སོ། །བཤད་པའི་ཆོས་ནི་རྟོགས་པའི་ཆོས་ཀྱི་རྩ་བ་ཡིན་པའི་ཕྱིར་དེ་བསྟན་པས་རྟོགས་པའི་ཆོས་མ་བསྟན་ཀྱང་ཞར་ལ་རིག་པར་བྱ་སྟེ་།བཤད་པའི་ཆོས་ནི་མིང་དང་ཚིག་དང། ཡི་གེ་དང། སོ་སོ་བ་དང། བསྡུས་པའི་ངོ་བོ་ཉིད་ཡིན ་པའི་ཕྱིར་མིང་དང་ཚིག་དང་ཡི་གེ་དང། སོ་སོ་བ་དང་བསྡུས་པས་སོ་ཞེས་བྱ་བ་གསུངས་སོ། །མིང་གང་ཞེ་ན། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའི་ཆོས་རྣམས་ལ་ངོ་བོ་ཉིད་དང་བྱེ་བྲག་གི་མིང་དུ་བཏགས་པ་གང་ཡིན་པའོ་ཞེས་བྱ་བ་ལ། ཀུན ་ནས་ཉོན་མོངས་བའི་ཆོས་རྣམས་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའོ། །རྣམ་པར་བྱང་བའི་ཆོས་རྣམས་ཞེས་བྱ་བ་ནི་དད་པ་ལ་སོགས་པའོ། །ངོ་བོ་ཉིད་ཀྱི་མིང་དུ་བྱ་བར་བཏགས་པ་ཞེས་བྱ་བ་ནི་འདི་ནི་འདོད་ཆགས་སོ། །འདི་ནི་དད་པའོ་ཞེས ་བྱ་བར་བཏགས་པའོ། །བྱེ་བྲག་གི་མིང་དུ་བྱ་བར་བཏགས་པ་ཞེས་བྱ་བ་ནི་འདོད་ཆགས་འདི་ནི་ཡོངས་སུ་ཤེས་པར་བྱ་བའོ། །འདི་ནི་སྤང་བར་བྱ་བའོ། །དད་པ་འདི་ནི་ཐོབ་པར་བྱ་བའོ། །འདི་ནི་བརྟེན་པར་བྱ་བའོ་ཞེས་བྱ་བ་ལ་སོགས་པར་བཏགས ་པའོ། །ཚིག་གང་ཞེ་ན་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་དོན་རྗེས་སུ་ཐ་སྙད་གདགས་པའི་ཕྱིར་གནས་དང་རྟེན་མིང་དེ་དག་ཉིད་ཀྱི་ཚོགས་ལ་བརྟེན་པ་གང་ཡིན་པའོ།། ཞེས་བྱ་བ་ནི་མིང་དེ་དག་ཉིད་ཀྱི་ཚོགས་གནས་དང་རྟེན ་ཡིན་ཏེ། དེ་ལ་བརྟེན་པ་ནི་ཚིག་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དོན་རྗེས་སུ་ཐ་སྙད་གདགས་པའི་ཕྱིར་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པའི་མིང་ཅན་གྱི་ཆོས་དེ་དག་སྤང་བར་བྱའོ་ཞེའམ། རྣམ་པར་བྱང་བའི་མིང་ཅན་གྱི་ཆོས་དེ ་དག་སྒོམ་པར་བྱའོ་ཞེས་བྱ་བ་ལ་སོགས་པར་དེ་དག་གི་དོན་མཚོན་པར་བྱ་བའི་ཕྱིར་རོ། །གནས་དང་རྟེན་ཅེས་བྱ་བ་ནི་མིང་དེ་དག་ཉིད་ཀྱི་ཚོགས་གནས་དང་རྟེན་ཡིན་ཏེ། དེ་ལ་ཚིག་དང་གནས་ཤིང་རྟེན་བའི་ཕྱིར། མིང་དེ་དག་ཉིད་ཀྱི་ཚོགས་ཞེས་བྱ ་ནི་འདོད་པ་དང་སྲེད་བའི་འདོད་ཆགས་ཡོངས་སུ་ཤེས་པར་བྱ་བ་དང་སྤང་བར་བྱ་བ་ཞེས་བྱ་བ་ལྟ་བུ་དང། ལས་དང། འབྲས་བུ་དང། བདེན་པ་དང་དཀོན་མཆོག་ལ་ཡིད་ཆེས་ཤིང་སེམས་དང་བའི་དད་པ་ཐོབ་པར་བྱ་བ་དང། བརྟེན་པར་བྱ་བ་ཞེས ་བྱ་བ་ལྟ་བུ་ལ་སོགས་པའོ།། བརྟེན་པ་གང་ཡིན་པའོ་ཞེས་བྱ་བ་ནི་གནས་དང་རྟེན་དུ་གྱུར་བའི་མིང་དེ་དག་ཉིད་ཀྱི་ཚོགས་ལ་ཚིག་བརྟེན་པ་སྟེ། མིང་དེ་དག་ཉིད་ཀྱི་ཚོགས་ལ་དེའི་དོན་རྗེས་སུ་ཐ་སྙད་གདགས་བའི་ཕྱིར་ཚིགས་ཏུ་བརྗོད་པ་འབྱུང ་བས་ན་མིང་ལ་བརྟེན་བ་ནི་ཚིག་ཡིན་ནོ། ཡི་གེ་གང་ཞེ་ན། དེ་གཉི་གའི་གནས་ཀྱི་ཡིག་འབྲུ་གང་ཡིན་བའོ་ཞེས་བྱ་བ་ནི་མིང་དང་ཚིག་དེ་གཉིས་ཀའི་གནས་སུ་གྱུར་པ་ཨ་ཨཱ་ཨི་ཨའི་ཞེས་བྱ་བ་ལ་སོགས་པའི་ཡིག་འབྲུ་ནི་ཡི་གེ་ཡིན་ནོ ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་སོ་སོ་ལས་ཞེས་བྱ་བ་ནི་མིང་དང་ཚིག་དང་ཡིག་འབྲུ་སོ་སོ་ལས་སོ། །མ་འདྲེས་པ་ལ་སོ་སོའི་ཡིད་ལ་བྱེད་བས་ཞེས་བྱ་བ་ནི་མིང་དང་ཚིག་དང་ཡི་གེ་བཀོད་པ་ཁྱད་པར་དུ་འཕགས་པ་དང་ལྡན་པའི་མདོའི་སྔ་ལ ་སོགས་བའི་ཆོས་རྣམས་ཀྱི་མིང་དམ། ཡང་ན་ཚིག་གམ། ཡང་ན་ཡི་གེ་སྣ་ཅིག་ལ་དམིགས་པའི་ཡིད་ལ་བྱེད་པས་སོ། །བསྡུས་པ་ལས་ཞེས་བྱ་བ་ལ་སོགས་པས་ནི་སྔ་མ་ལས་བཟློག་པ་ཡིན་ནོ། །དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ན་ཆོས ་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་སྟེ་ཞེས་བྱ་བ་ནི་ཚིག་དང། ཡི་གེ་དང། སོ་སོ་བ་དང། བསྡུས་པས་ཆོས་སོ་སོ་ཡང་དག་པར་རིག་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ནས་ཆོས་སོ་སོ་ཡང་དག་པར་རིག་བའི་ངོ་བོ་ཉིད་དང། རབ་ཏུ་དབྱེ་བ་ཞེས་བྱའོ ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལྟར་ན་ཆོས་སོ་སོ་ཡང་དག་པར་རིག་པ་ཡིན་ནོ་ཞེས་བྱ་བས་ནི་དེ་བྱང་ཆུབ་སེམས་དཔས་ཇི་ལྟར་སོ་སོ་ཡང་དག་པར་རིག་པ་བསྟན་ཏོ། །དེ་ལྟར་ཆོས་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་དང། རབ་ཏུ་དབྱེ་བ་དང། དེ ་བྱང་ཆུབ་སེམས་དཔས་ཇི་ལྟར་སོ་སོ་ཡང་དག་པར་རིག་པ་བསྟན་ནས། ད་ནི་དེ་ལ་གནས་པ་དོན་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་དང་རབ་ཏུ་དབྱེ་བ་དང། དེ་བྱང་ཆུབ་སེམས་དཔས་ཇི་ལྟར་སོ་སོ་ཡང་དག་པར་རིག་པ་བསྟན་པར་བྱ་སྟེ། དེ་ནི་རྣམ་པ ་བཞིས་བསྟན་ཏེ། ཤེས་བྱའི་དོན་ཐམས་ཅད་བསྡུས་པ་དང། བསྟན་པའི་དོན་ཐམས་ཅད་བསྡུས་པ་དང། སེམས་ལ་བརྟག་པའི་དོན་ཐམས་ཅད་བསྡུས་པ་དང། གནས་དང་གནས་པ་ཟབ་པ་དང་རྒྱ་ཆེ་བའི་དོན་ཐམས་ཅད་བསྡུས་བས་སོ། །དེ་ལ་ཤེས ་བྱའི་དོན་ཐམས་ཅད་བསྡུས་པས་དོན་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་དང། རབ་ཏུ་དབྱེ་བ་དང། དེ་བྱང་ཆུབ་སེམས་དཔས་ཇི་ལྟར་སོ་སོ་ཡང་དག་པར་རིག་པ་ནི་བྱང་ཆུབ་སེམས་དཔས་རྣམ་པ་བཅུས?་དོན་སོ་སོ་ཡང་དག་པར་རིག་པ་ཡིན་ཏེ ་ཞེས་བྱ་བ་ལ་སོགས་པ་བསྟན་ཏེ། འདིར་ཇི་སྙེད་ཡོད་པ་ཉིད་དང་ཞེས་བྱ་བ་ལ་སོགས་པས་ནི་བསྟན་པས་དོན་སོ་སོ་ཡང་དག་པར་རིག་པ་ལ་མངོན་པའི་ང་རྒྱལ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ ་བསྟན་ཏོ། །དེ་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་ཀྱང་བསྟན་ཏོ། །བྱམས་པ་དེ་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་རྣམས་ལ་ཞེས་བྱ་བ་ལ་སོགས་པས་ནི་བཤད་པ་དེ་བསྟན་ཏེ། དེ་ཉིད་ཀྱི་དོན་སོ་སོ་ཡང་དག་པར ་རིག་པའི་རབ་ཏུ་དབྱེ་བ་ཡང་བསྟན་ཏོ། །དེ་བྱང་ཆུབ་སེམས་དཔས་ཇི་ལྟར་སོ་སོ་ཡང་དག་པར་རིག་པ་ནི་གནས་སྐབས་དེ་དག་ཐམས་ཅད་ཀྱིས་བསྟན་པར་སྦྱར་རོ། །དེ་ལ་ཤེས་བྱའི་དོན་ཐམས་ཅད་བསྡུས་པ་ཞེས་བྱ་བ་ནི་ཤེས་བྱའི་དངོས ་པོ་ནི་ཇི་སྙེད་ཡོད་པ་ཉིད་དང་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་དོ། །ཤེས་བྱའི་དངོས་པོ་གང་ཞེ་ན། འཛིན་པའི་དོན་དང་གཟུང་བའི་དོན་ཏོ།། འཛིན་པའི་དོན་ནི་གཟུང་བའི་དོན་ཀྱང་ཡིན་ཏེ། གཟུང་བའི་དོན་གང་ཞེ་ན། གནས་ཀྱི་དོན་དང་ལོངས་སྤྱོད་ཀྱི ་དོན་ཏེ། དེ་དག་གིས་ནི་ཤེས་བྱའི་དངོས་པོའི་ཇི་སྙེད་ཡོད་པ་ཉིད་བསྟན་ཏོ།། འཛིན་པའི་དོན་ལ་སོགས་པ་དེ་དག་ཉིད་ལ་ཕྱིན་ཅི་ལོག་གི་དོན་སྔོན་དུ་འགྲོ་བ་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པའི་དོན་ཏོ། དེ་དག་ཉིད་ལ་ཕྱིན་ཅི་མ་ལོག་པའི ་དོན་སྔོན་དུ་འགྲོ་བ་གང་ཡིན་པ་དེ་ནི་རྣམ་པར་བྱང་བའི་དོན་ཏེ། དེ་དག་གིས་ནི་ཤེས་བྱའི་དངོས་པོའི་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་བསྟན་ཏེ། དེ་ནི་བསྟན་པ་དང་དོན་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་ཡིན་ནོ། །རྣམ་པར་དབྱེ་བ་ཞེས་བྱ་བ་ནི་རྣམ ་གྲངས་སོ། །ཕུང་པོ་རྣམས་ཀྱིས་ནི་གྲངས་ལྔས་སོ་ཞེས་བྱ་བ་ནི་ཕུང་པོ་རྣམས་ཀྱི་རྣམ་པ་རབ་ཏུ་དབྱེ་བ་ནི་ཞེས་བྱ་བར་སྦྱར་ཏེ། དེས་ནི་ངོ་བོ་ཉིད་བསྟན་ཏོ། །ནང་གི་སྐྱེ་མཆེད་རྣམས་ཀྱི་ནི་གྲངས་དྲུག་གིས་སོ་ཞེས་བྱ་བ་ཡང་རྣམ་པ་རབ་ཏུ་དབྱེ་བ་སྟེ། དེས ་ནི་ཟབ་པ་མ་བསྟན་ཏོ།། ཕྱི་རོལ་གྱི་སྐྱེ་མཆེད་རྣམས་ཀྱི་ཡང་གྲངས་དྲུག་ཁོ་ནས་སོ་ཞེས་བྱ་བ་ཡང་རྣམ་པ་རབ་ཏུ་དབྱེ་བ་སྟེ། དེས་ནི་ལོངས་སྤྱོད་བསྟན་ཏོ།། སོགས་པའོ་ཞེས་བྱ་བའི་སྒྲས་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས ་ཐམས་ཅད་ཀྱི་རྣམ་པ་རབ་ཏུ་དབྱེ་བ་གཞན་ཡང་བསྡུ་བ་བསྟན་ཏོ། །དེ་བཞིན་ཉིད་གང་ཡིན་པ་ཞེས་བྱ་བ་ནི་མཚན་ཉིད་དོ། །འབྱུང་བའི་དེ་བཞིན་ཉིད་ཅེས་བྱ་བ་ནི་ཉོན་མོངས་པ་དང་ལས་དང་སྐྱེ་བའི་རྒྱུན་གྱིས་འཁོར་བར་འབྱུང་བ་ནི ་རྣམ་པ་དེ་དག་གིས་གཞན་དུ་མ་ཡིན་པས་དེ་བཞིན་ཉིད་ཅེས་བྱ་སྟེ། འདུ་བྱེད་རྣམས་ཀྱི་ཐོག་མ་དང། ཐ་མ་མེད་པ་ཉིད་གང་ཡིན་པའོ། །མཚན་ཉིད་ཀྱི་དེ་བཞིན་ཉིད་ཅེས་བྱ་བ་ནི་མཚན་ཉིད་གསུམ་པོ་དག་གང་ཟག་དང་ཆོས་ཀྱི་ངོ་བོ་ཉིད་མེད་པ་ནི་དེ་དག་གིས ་གཞན་དུ་མ་ཡིན་པས་དེ་བཞིན་ཉིད་ཅེས་བྱ་སྟེ། ཆོས་ཐམས་ཅད་ཀྱི་གང་ཟག་བདག་མེད་པ་དང་ཆོས་བདག་མེད་པ་གང་ཡིན་པའོ། །རྣམ་པར་རིག་པའི་དེ་བཞིན་ཉིད་ཅེས་བྱ་བ་ནི་གཉིས་མེད་པའི་ངོ་བོ་ཉིད་ནི་ངོ་བོ་ཉིད་དེ་གཞན་དུ་མ་ཡིན་པས ་དེ་བཞིན་ཉིད་ཅེས་བྱ་སྟེ། འདུ་བྱེད་རྣམས་རྣམ་པར་རིག་པ་ཙམ་གང་ཡིན་པའོ།། གནས་པའི་དེ་བཞིན་ཉིད་ཅེས་བྱ་བ་ནི་སྡུག་བསྔལ་གྱི་ངོ་བོ་ཉིད་དུས་ལ་སོགས་པར་གནས་པ་ནི་ངོ་བོ་ཉིད་དེ་གཞན་དུ་མ་ཡིན་པས་དེ་བཞིན་ཉིད་ཅེས་བྱ་སྟེ། ་སྡུག་བསྔལ་གྱི་བདེན་པ་བསྟན་པ་གང་ཡིན་པའོ། །ལོག་པར་བསྒྲུབ་པའི་དེ་བཞིན་ཉིད་ཅེས་བྱ་བ་ནི་ལས་དང་ཉོན་མོངས་པས་སྐྱེ་བ་བསྒྲུབ་པ་ནི་ལོག་པར་བསྒྲུབ་པ་དེ་ཉིད་ཀྱིས་གཞན་དུ་མ་ཡིན་པར་དེ་བཞིན་ཉིད་ཅེས་བྱ་སྟེ། ཀུན་འབྱུང་གི་བདེན་པ་བསྟན ་པ་གང་ཡིན་པའོ། །རྣམ་པར་དག་པའི་དེ་བཞིན་ཉིད་ཅེས་བྱ་བ་ནི་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་འགགས་པས་རྣམ་པར་དག་པ་ནི་རྣམ་པར་དག་པ་དེ་ཉིད་ཀྱིས་གཞན་དུ་མ་ཡིན་པས་དེ་བཞིན་ཉིད་ཅེས་བྱ་སྟེ། འགོག་པའི་བདེན་པ་བསྟན་པ ་གང་ཡིན་པའོ།། ཡང་དག་པར་བསྒྲུབ་པའི་དེ་བཞིན་ཉིད་ཅེས་བྱ་བ་ནི་ལོག་པར་བསྒྲུབ་པའི་གཉེན་པོ་འཕགས་པའི་ལམ་གྱི་མྱ་ངན་ལས་འདས་བསྒྲུབ་པ་ནི་ཡང་དག་པར་སྒྲུབ་པ་དེ་ཉིད་ཀྱིས་གཞན་དུ་མ་ཡིན་པས་དེ་བཞིན་ཉིད་ཅེས་བྱ་སྟེ། ་ལམ་གྱི་བདེན་པ་བསྟན་པ་གང་ཡིན་པའོ།། བྱམས་པ་དེ་བ་ཞེས་བྱ་བ་ལ་སོགས་པས་ནི་དེ་བཞིན་ཉིད་བདུན་པོ་དེ་དག་སེམས་ཅན་གྱི་བྱེ་བྲག་དང། ཆོས་ཀྱི་བྱེ་བྲག་དང། བྱང་ཆུབ་ཀྱི་བྱེ་བྲག་དང་ལམ་གྱི་བྱེ་བྲག་ཏུ་བསྡུ་བའི་ཚུལ ་སྟོན་ཏོ།། སེམས་ཅན་ཐམས་ཅད་ནི་འཁོར་བར་འབྱུང་བ་དང་།སྡུག་བསྔལ་དང་ཀུན་འབྱུང་བའི་བྱེ་བྲག་ཡིན་པས་འབྱུང་བ་དང། གནས་པ་དང། ལོག་པར་བསྒྲུབ་བའི་དེ་བཞིན་ཉིད་ཀྱིས་མཚུངས་ཤིང་མཉམ་མོ། །ཆོས ་ཐམས་ཅད་ནི་བདག་མེད་པ་དང་རྣམ་པར་རིག་པ་ཙམ་གྱི་བྱེ་བྲག་ཡིན་པས་མཚན་ཉིད་དང་རྣམ་པར་རིག་བའི་དེ་བཞིན་ཉིད་ཀྱི་མཚུངས་ཤིང་མཉམ་མོ།། བྱང་ཆུབ་ཐམས་ཅད་ནི་འགོག་པའི་བྱེ་བྲག་ཡིན་པས་རྣམ་པར་དག་པའི་དེ་བཞིན་ཉིད་ཀྱིས་མཚུངས ་ཤིང་མཉམ་མོ་འོ་ན་བྱང་ཆུབ་ཐམས་ཅད་མཚུངས་ཤིང་མཉམ་ན་ཅིའི་ཕྱིར་སངས་རྒྱས་ཀྱི་རྣམ་པར་གྲོལ་བ་ལས་ནི་ཆོས་ཀྱི་སྐུའི་མཚན་ཉིད་ཀྱི་སེམས་ཅན་གྱི་དོན་ལ་འཇུག་པ་འབྱུང་ལ། ཉན་ཐོས་དང་རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བ་ལས་ནི ་མ་ཡིན་ཞེ་ན་།དེ་དག་ཉོན་མོངས་བའི་སྒྲིབ་པ་ལས་རྣམ་བར་གྲོལ་བས་མཚུངས་ཀྱང་ཤེས་བྱའི་སྒྲིབ་བ་ལས་རྣམ་པར་གྲོལ་བའི་ཆོས་ཀྱི་སྐུས་མི་མཚུངས་ཏེ། དེ་ཡང་སྔོན་གྱི་ལམ་གྱི་དབང་ཙམ་དུ་ཟད་ཀྱི་རང་བཞིན་ནི་ཐ་དད་པར་ངེས་པ ་ནི་མ་ཡིན་ཏེ། ཇི་སྐད་དུ། ཇི་ལྟར་མདུད་པའི་དབང་གིས་ན། །གོས་ལ་ཚོན་བཀྲའི་རི་མོ་ལྟར། །དེ་བཞིན་ཤུགས་ཀྱི་དབང་གིས་ན། །གྲོལ་བ་ཡེ་ཤེས་རི་མོ་བཀྲ་ཞེས་བཤད་པ་ལྟ་བུའོ།། ཐོབ་པ་ཐམས་ཅད་འདྲེས་བའི་ཆོས་ལ་དམིགS ་པའི་ཞི་གནས་དང་ལྷག་མཐོང་གིས་བསྡུས་པའི་ཤེས་རབ་ཅེས་བྱ་བ་ནི་ཆོས་ཐམས་ཅད་རོ་གཅིག་པ་ཉིད་དུ་དམིགས་པའི་ལམ་གྱི་ངོ་བོ་ཉིད་ཡིན་ཏེ། ལས་ཐམས་ཅད་ནི་འཕགས་པའི་ལམ་ཡན་ལག་བརྒྱད་བའི་བྱེ་བྲག་ཡིན་པས། ་ཡང་དག་པར་བསྒྲུབ་པའི་དེ་བཞིན་ཉིད་ཀྱི་མཚུངས་ཤིང་མཉམ་མོ། །འཛིན་པའི་དོན་ཅེས་བྱ་བ་ནི་དམིགས་པ་དང་བཅས་པའོ།། གཟུང་བའི་དོན་ཅེས་བྱ་བ་ནི་དམིགས་པར་བྱ་བའོ།། ཡང་འཛིན་པའི་དོན་གང་ཡིན་པ་དེ་ནི་གཟུང་བའི་དོན ་བྱང?་ཡིན་ནོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཡིད་ཀྱི་རྣམ་པར་ཤེས་པའི་གཟུང་བ་ཡིན་པའི་ཕྱིར་རོ། །གནས་ཀྱི་དོན་ཅེས་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་སོ། །གྲོང་ཚིགས་ཞེས་བྱ་བ་ནི་གྲོང་གི་མཚམས་ཏེ། གྲོང་དང་གྲོང་དེ་ཉིད་ཀྱིས་འཁོར་དུ་གཏོགས ་བའི་གྲོང་གི་མཚམས་གཅིག་གོ། གྲོང་ཚིགས་བརྒྱ་དང་དེ་སྟོང་དང། དེ་འབུམ་དང་ཞེས་བྱ་བ་ནི་མཚོན་པ་ཙམ་དུ་ཟད་ཀྱི་གྲངས་ཀྱི་མཛའ་དེ་དག་ཏུ་ངེས་པ་ནི་མ་ཡིན་ནོ། །རྒྱ་མཚོ་ལ་ཐུག་པའི་ས་ཞེས་བྱ་བ་ནི་འཛམ་བུའི་གླིང་གི་དབུས་ནས་གཟུང ་སྟེ། ཕྱོགས་བཞིར་རྒྱ་མཚོ་ལ་ཐུག་པ་བཞི་ཡོད་པར་སྦྱར་རོ། །དེ་ཡང་གྲོང་ཚིགས་འབུམ་ལ་རྒྱ་མཚོ་ལ་ཐུག་པའི་ས་གཅིག་ཏུ་བསྒྲེ་བ་ཡང་མ་ཡིན་རྒྱ་མཚོ་ལ་ཐུག་བའི་ས་འབུམ་ལ་རྒྱ་མཚོའི་གླིང་གཅིག་ཏུ་བསྒྲེ་བ་ཡང་མ་ཡིན་ཏེ། གྲོང་ཚིག ་དང་འབུམ་ལ་ཐུག་པའི་ཚར་གཅིག། རྒྱ་མཚོ་ཐུག་པའི་ས་ཡང་འབུམ་ལ་ཐུག་པའི་ཚར་གཅིག་ཏུ་སོ་སོར་བཞག་པ་ཡིན་ནོ། །འཛམ་བུའི་གླིང་ལ་སོགས་པ་ལ་ཡང་དེ་བཞིན་དུ་ཚར་སོ་སོར་སྦྱར་བར་བྱ་སྟེ། དེ་ལྟར་གྲོང་ཚིགས་དང་དེ་བརྒྱ་ལ་སོགས ་པ་བསྟན་པ་ནི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པར་མངོན་པར་བསྒྲུབ་པའི་རྒྱུ་ཡིན་གྱི། འཇིག་རྟེན་གྱི་ཁམས་ཀྱི་ཚད་མཉམ་པ་དེ་དང། གྲངས་ངེས་བསྒྲེ་བ་ནི་མ་ཡིན་ནོ། །ལོངས་སྤྱོད་ཀྱི་དོན་ཅེས་བྱ་བ་ནི་ཡོངས་སུ་ལོངས་སྤྱད་པར་བྱ ་བའི་གཞིའོ། །ཡོངས་སུ་བཟུང་བ་ཞེས་བྱ་བ་ནི་ཡོངས་སུ་གཟུང་བའི་དངོས་པོ་བདུན་ཏེ། བདག་དང་ཕ་མ་དང་བུ་དང་ཆུང་མ་དང་བྲན་དང་བྲན་མོ་དང་ལས་བྱེད་པ་དང། ཞོ་ཤས་འཚོ་བ་དང་མཛའ་ཤེས་དང་བློན་པོ་དང་ཉེ་དུ་དང་སྣག་གི ་གཉེ་ན་མཚམས་ཀྱི་དངོས་པོ་དང་ཞིང་གི་དངོས་པོ་དང། ཁང་ཁྱིམ་གྱི་དངོས་པོ་དང། ཟོང་དགྲམ་བའི་དངོས་པོ་དང། བསོད་ནམས་བྱ་བའི་དངོས་པོ་དང། ལས་ཀྱི་མཛའ་ལ་སྦྱོར་བའི་དངོས་པོ་དང། ནོར་སོགས་པའི་དངོས་པོའོ།། ཡོ་བྱད་ཅེས ་བྱ་བ་ནི་ཡོ་བྱད་བཅུ་སྟེ། ཟས་དང། སྐོམ་དང། གཞོན་པ་དང། གོས་དང། རྒྱན་ཆ་དང། བཞད་གད་དང། གླུ་བྲོ་དང། རོལ་མོའི་སྒྲ་དང། སྤོས་དང། མེ་ཏོག་ཕྲེང་དང། བྱུག་པ་དང། སྣོད་སྤྱད་དང། སྣང་བ་དང། སྐྱེས་པ ་དང། བུད་མེད་ཀྱིས་བསྙེན་བཀུར་བྱེད་པ་རྣམས་སོ།། ཕྱིན་ཅི་ལོག་གི་དོན་ཞེས་བྱ་བ་ནི་ཕྱིན་ཅི་ལོག་རྣམ་པ་བཞིས་འདུ་ཤེས་དང། སེམས་དང་ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པའོ།། འཛིན་པ་ལ་སོགས་པའི་དོན་དེ་དག་ཉིད་ལ་ཞེས་བྱ་བ་ནི ་འཛིན་པ་དང། གཟུང་བ་དང། གནས་དང། ལོངས་སྤྱོད་ཀྱི་དོན་དེ་དག་ལའོ། །འདུ་ཤེས་ཕྱིན་ཅི་ལོག་ཅེས་བྱ་བ་ནི་ཕྱིན་ཅི་ལོག་བཞིན་འདུ་ཤེས་ཀྱིས་ཡོངས་སུ་རྟོག་པའོ།། སེམས་ཕྱིན་ཅི་ལོག་ཅེས་བྱ་བ་ནི་སེམས་ཕྱིན་ཅི་ལོག་བཞི་པོ ་དག་ལ་ལྟ་བས་མངོན་པར་ཞེན་པའི་སེམས་འདོད་ཆགས་ལ་སོགས་པས་ཀུན་ནས་ཉོན་མོངས་པར་གྱུར་པའོ།། ལྟ་བ་ཕྱིན་ཅི་ལོག་ཅེས་བྱ་བ་ནི་འདུ་ཤེས་ཀྱིས་ཡོངས་སུ་རྟོག་པ་དེ་ཉིད་ལ་དེ་བཞིན་དུ་བཟོད་པ་དང། འདོད་པ་དང། རྣམ་པར ་འཇིག་པ་དང། མངོན་པར་ཞེན་པའོ།། ཕྱིན་ཅི་མ་ལོག་པའི་དོན་ཅེས་བྱ་བ་ནི་ཕྱིན་ཅི་ལོག་གི་དོན་དེ་ལས་བཟློག་པ་ཡིན་ནོ།། ཀུན་ནས་ཉོན་མོངས་པའི་དོན་ཅེས་བྱ་བ་ནི་འཛིན་པའི་དོན་དེ་དག་ཉིད་ལ་ཕྱིན་ཅི་ལོག་གི་དོན་སྔོན་དུ་འགྲོ་བ་གང ་ཡིན་པ་སྟེ། དེ་ཡང་རྣམ་པ་གསུམ་མོ། །ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་སོ། །དེ་དག་གི་རབ་ཏུ་དབྱེ་བ་ནི་རྣམ་པར་བཞག་སྟེ། ངོ་བོ་ཉིད་དང། རབ་ཏུ་དབྱེ་བ་དང། རྒྱུ་དང་།གནས ་སྐབས་དང། སྒོ་དང་།ཆེ་བ་དང། ཕྱིན་ཅི་ལོག་དང་།རྣམ་གྲངས་དང། ཉེས་དམིགས་ཀྱིས་སོ། །དེ་ལ་ངོ་བོ་ཉིད་གང་ཞེ་ན། ཆོས་གང་སྐྱེ་བ་ན་བདག་ཉིད་ཀྱང་རབ་ཏུ་མ་ཞི་བའི་མཚན་ཉིད་དུ་སྐྱེ་བ་དེ་སྐྱེས་པས་འདུ་བྱེད་ཀྱི་རྒྱུད་ཀྱང་རབ་ཏུ ་མ་ཞི་བ་ཁོ་ནར་འཇུག་པའོ།། རབ་ཏུ་དབྱེ་བ་གང་ཞེ་ན། ཉོན་མོངས་པ་དྲུག་དང། ཉེ་བའི་ཉོན་མོངས་བ་མང་པོ་དག་གི་མཚན་ཉིད་རབ་ཏུ་དབྱེ་བའོ། །རྒྱུ་གང་ཞེ་ན། རྣམ་པ་དྲུག་སྟེ། རྟེན་དང། དམིགས་བ་དང། འདུ་བའི་?་བཤད་པ་དང། གོམས་པ་དང། ཡིད་ལ ་བྱེད་པ་ལས་ཉོན་མོངས་པ་སྐྱེ་བའོ། །གནས་སྐབས་གང་ཞེ་ན། རྣམ་བ་བདུན་ཏེ། བག་ལ་ཉལ་བ་དང། ཀུན་ནས་དཀྲིས་པ་དང། ཀུན་རྟགས་པ་དང། ལྷན་ཅིག་སྐྱེས་བ་དང་ཆུང་ངུ་དང། འབྲིང་དང། ཆེན་པོ་གནས་སྐབས་སོ། །སྒོ་གང་ཞེ་ན། རྣམ་པ ་གཉིས་ཏེ། ཀུན་ནས་བཀྲིས་པ་དང། བག་ལ་ཉལ་གྱི་སྒོའོ།། ཆེ་བ་གང་ཞེ་ན། རྣམ་པ་དྲུག་སྟེ། ལྟུང་བ་དང། སྐྱེ་བ་དང་།རྒྱུད་དང་།གཞི་དང། ལས་ཀུན་ནས་སློང་བ་དང། མཐར་གྱུར་པའོ། །ཕྱིན་ཅི་ལོག་གང་ཞེ་ན། རྣམ་པ་བདུན་ཏེ། ཕྱིན་ཅི ་ལོག་པ་བཞི་དང་དེ་དག་ལ་འདུ་ཤེས་དང། ལྟ་བ་དང། སེམས་ཕྱིན་ཅི་ལོག་ཏུ་གྱུར་པའོ། །རྣམ་གྲངས་གང་ཞེ་ན། རྣམ་གྲངས་མང་པོ་འདི་ལྟ་སྟེ། ཀུན་ཏུ་སྦྱོར་བ་དང། འཆིང་བ་དང། བག་ལ་ཉལ་དང་།ཉེ་བའི་ཉོན་མོངས་བ་དང། ཀུན་ནས ་དཀྲིས་པ་དང། ཆུ་བོ་དང། སྦྱོར་བ་དང་།ཉེ་བར་ལེན་པ་དང། མདུད་པ་དང། སྒྲིབ་པ་དང། ཐ་བ་དང། དྲི་མ་དང། སྡིག་པ་དང། ཟུག་རྔུ་དང། ཡོངས་སུ་འཛིན་པ་དང། རྩ་བ་དང། ཉེས་བར་སྤྱོད་བ་དང། ཟག་པ་དང། ཕོངས་པ་དང། ཡོངས་སུ་གདུང ་པ་དང། འཁྲུག་པ་དང། འཐབ་པ་དང། མེ་དང་།རིམས་ནད་དང། ནག་སྦྱོར་བ་དང། གགས་དང། དེ་ལྟ་བུ་དང། མཐུན་པ་ཉོན་མོངས་པའི་རྣམ་གྲངས་མང་པོ་དག་གོ། ཉེས་དམིགས་གང་ཞེ་ན། ཉེས་དམིགས་རྣམ་པ་དུ་མ་འདི་ལྟ་སྟེ་།སེམS ་ཀུན་ནས་ཉོན་མོངས་པར་བྱེད་པ་དང། དམིགས་པ་ལ་ཕྱིན་ཅི་ལོག་པར་བྱེད་པ་དང། བག་ལ་ཉལ་བརྟན་པར་བྱེད་པ་དང། རྒྱུ་མཐུན་པའི་འདུ་བྱེད་ཀྱི་རྒྱུད་འཇུག་པར་བྱེད་པ་དང་།བདག་དང་གཞན་དང་གཉི་ག་ལ་གནོད་པ་དང། ཚེ་འདི་དང ་ཕྱི་མ་གཉིས་ཀའི་ཁ་ན་མ་ཐོབ་བསྐྱེད་པ་དང། དེ་ལ་སྐྱེས་བའི་སེམས་ལས་བྱུང་བ་སྡུག་བསྔལ་བ་དང། ཡིད་མི་བདེ་བ་ཉམས་སུ་མྱོང་བར་བྱེད་པ་དང། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་འགྲུབ་པར་བྱེད་པ་དང། མྱ ་ངན་ལས་འདས་པ་ལས་རྒྱུད་ཐག་རིང་བར་བྱེད་པ་དང། དགེ་བའི་ཆོས་རྣམས་ལས་ཡོངས་སུ་ཉམས་པར་བྱེད་པ་དང། ལོངས་སྤྱོད་ཉམས་པར་བྱེད་པ་དང། འཁོར་གྱི་ནང་དུ་ཞུམ་པར་འགྱུར་བ་དང། ཕྱོགས་དང་ཕྱོགས་མཚམས་རྣམས་སུ ་སྡིག་པ་མི་སྙན་པའི་སྒྲ་གྲགས་པར་འགྱུར་བ་དང། དད་པ་རྣམས་ཀྱིས་སྨད་པར་འགྱུར་བ་དང། འགྱོད་བཞིན་དུ་འཆི་བའི་དུས་བྱེད་པ་དང། ལུས་ཞིག་སྟེ་འཆི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟ་བའི་སེམས་ཅན་རྣམས་སུ་སྐྱེ་བ ་དང། བདག་གི་དོན་ཐོབ་པར་མི་འགྱུར་བའོ།། ལས་ཀྱི་ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་ནི་ལུས་དང་ངག་དང་ཡིད་ཀྱི་མངོན་པར་འདུ་བྱེད་པ་རྣམས་སོ། །དེ་དག་གིས་རབ་ཏུ་དབྱེ་བ་ཡང་རྣམ་པ་དགུས་རྣམ་པར་བཞག་སྟེ། ངོ་བོ་ཉིད་དང། ་རབ་ཏུ་དབྱེ་བ་དང། རྒྱུ་དང་གནས་སྐབས་དང། སྒོ་དང་།ཆེ་བ་དང་།ཕྱིན་ཅི་ལོག་པ་དང། རྣམ་གྲངས་དང། ཉེས་དམིགས་ཀྱིས་སོ། །དེ་ལ་ངོ་བོ་ཉིད་གང་ཞེ་ན། ཆོས་གང་སྐྱེ་བ་དང། མངོན་པར་འདུ་བྱེད་པའི་མཚན་ཉིད་ཀྱང་སྐྱེ་ལ། དེ་སྐྱེས ་བས་ལུས་དང་ངག་གི་མངོན་པར་འདུ་བྱེད་པ་ཡང་འཇུག་པའོ་།རབ་ཏུ་དབྱེ་བ་གང་ཞེ་ན། རྣམ་པ་གཉིས་ཏེ། དགེ་བ་བཅུ་དང་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ། འཇུག་བའི་གང་ཟག་གི་མཚན་ཉིད་རབ་ཏུ་དབྱེ་བ་དང ་ལས་ཀྱི་ལམ་དེ་ཉིད་ཀྱི་ཆོས་ཀྱི་མཚན་ཉིད་རབ་ཏུ་དབྱེ་བའོ།། རྒྱུ་གང་ཞེ་ན། རྣམ་པ་བཅུ་གཉིས་ཏེ། ཆགས་པ་དང། ཞེ་སྡང་དང། གཏི་མུག་དང། བདག་དང། །གཞན་དང། གཞན་གྱིས་རྗེས་སུ་འཇུག་པ་དང། ཟང་ཟིང་དང། འཇིགས་པ ་དང། གནོད་པ་བྱ་བའི་ཕྱིར་དང།?་རྩེ་ཞིང་དགའ་བ་དང། ཆོས་སུ་འདུ་ཤེས་པ་དང། ལོག་པར་ལྟ་བའོ།། གནས་སྐབས་གང་ཞེ་ན། རྣམ་པ་ལྔ་སྟེ་།ཆུང་ངུ་དང། འབྲིང་དང། ཆེན་པོ་དང་།བྱུང་བ་དང། བག་ཆགས་ཀྱི་གནས་སོ།། སྒོ་གང་ཞེ་ན། རྣམ་པ ་གཉིས་ཏེ། འབྲས་བུ་འབྱིན་པའི་སྒོ་དང། གནོད་པ་བྱེད་པ་དང། ཕན་འདོགས་པའི་སྒོའོ། །ཆེ་བ་གང་ཞེ་ན། རྣམ་པ་དྲུག་སྟེ། མངོན་པར་འདུ་བྱེད་པ་དང། གོམས་པ་དང། ངོ་བོ་ཉིད་དང། གཞི་དང། མི་མཐུན་པའི་ཕྱོགས་སུ་གཅིག་ཏུ་ངེས་པ་དང་? ་མི་མཐུན་བའི་ཕྱོགས་སེལ་བའོ།། ཕྱིན་ཅི་ལོག་གང་ཞེ་ན། རྣམ་པ་གསུམ་སྟེ། བྱ་བ་ཕྱིན་ཅི་ལོག་དང། འཛིན་པ་ཕྱིན་ཅི་ལེག་དང། དགའ་བ་ཕྱིན་ཅི་ལོག་གོ། རྣམ་གྲངས་གང་ཞེ་ན། ལས་བྱས་པ་དང། མ་བྱས་པ་དང། བསགས་པ་དང། མ? ་བསགས་པ་དང། བསམས་པ་ལས་བྱུང་བ་དང། མ་བསམས་པ་ལས་བྱུང་བ་དང། རྣམ་པར་སྨིན་པར་ངེས་པ་དང། རྣམ་པར་སྨིན་པར་མ་ངེས་པ་དང། རྣམ་པར་སྨིན་པ་རྣམ་པར་སྨིན་ཟིན་པ་དང། རྣམ་པར་སྨིན་པ་རྣམ་པར་མ་སྨིན་པ་དང། ་དགེ་བ་དང། མི་དགེ་བ་དང། ལུང་དུ་མ་བསྟན་པ་དང། སྡོམ་བས་བསྡུས་པ་དང། སྡོམ་པ་མ་ཡིན་པས་བསྡུས་པ་དང། སྡོམ་པས་བསྡུས་པ་ཡང་མ་ཡིན་ལ། སྡོམ་བ་མ་ཡིན་པས་བསྡུས་པ་ཡང་མ་ཡིན་པ་དང། སྦྱིན་པ་ལས་བྱུང་བ་དང། ་ཚུལ་ཁྲིམས་ལས་བྱུང་བ་དང། བསྒོམ་པ་ལས་བྱུང་བ་དང། བསོད་ནམས་དང། བསོད་ནམས་མ་ཡིན་པ་དང། མི་གཡོ་བ་དང། བདེ་བ་མྱོང་བར་འགྱུར་བ་དང། སྡུག་བསྔལ་མྱོང་བར་འགྱུར་བ་དང། སྡུག་བསྔལ་ཡང་མ་ཡིན། བདེ་བ ་ཡང་མ་ཡིན་པ་མྱོང་པར་འགྱུར་བ་དང། ཚེ་འདི་ལ་མྱོང་བར་འགྱུར་བ་དང། སྐྱེས་ནས་མྱོང་བར་འགྱུར་བ་དང། ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་དང། འདས་པ་དང། མ་འོངས་བ་དང། དེ་ལྟར་བྱུང་བ་དང། འདོད་པ་དང་ལྡན་པ་དང། ་གཟུགས་དང་ལྡན་པ་དང། གཟུགས་མེད་པ་དང་ལྡན་པ་དང། སློབ་པ་དང། མི་སློབ་པ་དང། སློབ་པ་ཡང་མ་ཡིན། མི་སློབ་པ་ཡང་མ་ཡིན་པ་དང། མཐོང་བས་སྤང་བར་བྱ་བ་དང། བསྒོམ་པས་སྤང་བར་བྱ་བ་དང། སྤང་བར ་བྱ་བ་མ་ཡིན་པ་དང། གནག་ལ་རྣམ་པར་སྨིན་པ་གནག་པ་དང། དཀར་ལ་རྣམ་པར་སྨིན་པ་དཀར་བ་དང། དཀར་ནག་རྣམ་པར་སྨིན་པ་དཀར་ནག་དང། གནག་པ་ཡང་མ་ཡིན། དཀར་བ་ཡང་མ་ཡིན་ལ་རྣམ་པར་སྨིན་པ་ཡང་མེད་དེ། ་ལས་ཟད་པར་འགྱུར་བ་དང། ཡོན་པོའི་ལས་དང། ཉེ་བའི་ལས་དང། སྙིགས་མའི་ལས་དང། གཙང་མའི་ལས་དང། མཐུན་པའི་ལས་དག་གོ། ཉེས་དམིགས་གང་ཞེ་ན། རྣམ་པ་བདུན་སྟེ། བདག་ལ་གནོད་པ་དང། གཞན་ལ་གནོད་པ་དང ་གཉིས་ཀ་ལ་གནོད་པ་དང། ཚེ་འདིའི་ཁ་ན་མ་ཐོ་བ་སྐྱེད་པ་དང། ཚེ་ཕྱི་མའི་ཁ་ན་མ་ཐོ་བ་སྐྱེད་པ་དང། དེ་ལ་སྐྱེས་པའི་སེམས་ལས་བྱུང་བ་སྡུག་བསྔལ་བ་དང། ཡིད་མི་བདེ་བ་ཉམས་སུ་མྱོང་བར་འགྱུར་རོ། །སྐྱེ་བའི་ཀུན་ནས་ཉོན་མོངས་པ་ཞེས་བྱ་བ ་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང། ལས་ཀྱི་ཀུན་ནས་ཉོན་མོངས་པས་ཁམས་སུ་སྐྱེ་བ་མེད་དོ། །དེའི་རབ་ཏུ་དབྱེ་བ་ནི་རྣམ་པ་བཞིས་རྣམ་པར་བཞག་སྟེ། རབ་ཏུ་དབྱེ་བ་དང། སྡུག་བསྔལ་བ་དང། མ་ངེས་པ་དང། འཇུག་པས་སོ། །དེ་ལ་རབ ་ཏུ་དབྱེ་བ་ནི་རྣམ་པ་ལྔ་སྟེ། ཁམས་ཀྱི་རབ་ཏུ་དབྱེ་བ་དང། འགྲོ་བའི་རབ་ཏུ་དབྱེ་བ་དང། གནས་གཞན་གྱིས་རབ་ཏུ་དབྱེ་བ་དང་།རིགས་ཀྱི་རབ་ཏུ་དབྱེ་བ་དང། འཇིག་རྟེན་ན་ལུས་ཀྱི་རབ་ཏུ་དབྱེ་བའོ། །དེ་ལ་ཁམས་གསུམ་གྱིས་རབ་ཏུ་དབྱེ་བ་ནི་ཁམས ་གསུམ་དུ་སྐྱེ་བའོ།། འགྲོ་བའི་རབ་ཏུ་དབྱེ་བ་ནི་འགྲོ་བ་ལྔར་སྐྱེ་བའོ།། གནས་གཞན་གྱི་རབ་ཏུ་དབྱེ་བ་ནི་འདོད་པའི་ཁམས་ན་གནས་གཞན་སུམ་ཅུ་རྩ་དྲུག་དང། གཟུགས་ཀྱི་ཁམས་ན་གནས་གཞན་བཅོ་བརྒྱད་དང། གཟུགས་མེད་བའི ་ཁམས་ན་གནས་གཞན་བཞི་སྟེ། དེ་དག་བསྡོམས་ན་གནས་གཞན་ལྔ་བཅུ་རྩ་བརྒྱད་དུ་སྐྱེ་བའོ། །རིགས་ཀྱི་རབ་ཏུ་དབྱེ་བ་ནི་འདོད་པའི་ཁམས་ན་ནི་རྣམས་ལ་སྐྱེ་བ་རྣམ་པ་གསུམ་ཡོད་དོ།། རིགས་?་ངན་བ་སྐྱེ་བ་དང། རིགས་བཙུན་པར་སྐྱེ་བ་དང། ་རིགས་ངན་བར་ཡང་མ་ཡིན་རིགས་བཙུན་པར་ཡང་མ་ཡིན་པར་སྐྱེ་བ་དང། འདོད་པ་ན་སྤྱོད་བའི་ལྷ་རྣམས་ལ་ཡང་སྐྱེ་བ་རྣམ་པ་གསུམ་ཡོད་དེ། ལྷ་མ་ཡིན་དུ་སྐྱེ་བ་དང། ས་གཞི་ལ་བརྟེན་བའི་ནང་དུ་སྐྱེ་བ་དང། ནམ་མཁའ་ཨི་གཞལ་མེད་ཁང་དུ་བརྟེན ་པའི་ནང་དུ་སྐྱེ་བ་དང། གཟུགས་ཀྱི་ཁམས་ན་ཡང་སྐྱེ་བ་རྣམ་པ་གསུམ་ཡོད་དེ་།སོ་སོའི་སྐྱེ་བོ་རྣམས་ཀྱི་འདུ་ཤེས་དང་བཅས་པ་དང། འདུ་ཤེས་མེད་པར་སྐྱེ་བ་དང། འཕགས་པ་རྣམས་ཀྱི་གནས་གཙང་མར་སྐྱེ་བ་དང། གཟུགས་མེད་པའི ་ཁམས་ན་ཡང་སྐྱེ་བ་རྣམ་པ་གསུམ་ཡོད་དེ། འདུ་ཤེས་ཚད་མེད་པ་རྣམས་ཀྱི་ནང་དུ་སྐྱེ་བ་དང། ཅི་ཡང་མེད་པར་འདུ་ཤེས་པ་རྣམས་ཀྱི་ནང་དུ་སྐྱེ་བ་དང། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བ་སྟེ་།དེ་དག་བསྡོམ་ན་རིགས་བཅུ ་གཉིས་སུ་སྐྱེ་བའོ། །འཇིག་རྟེན་ན་ལུས་ཀྱི་རབ་ཏུ་དབྱེ་བ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་དག་ན་སེམས་ཅན་ཚད་མེད་པ་རྣམས་ཀྱི་སྐྱེ་བ་ཚད་མེད་པ་དག་ཡིན་པར་རིག་པར་བྱའོ། །དེ་ལ་སྡུག་བསྔལ་བའི་རབ་ཏུ་དབྱེ་བ་ནི་ཡུན ་རིང་བོ་ནས་སྐྱེ་བ་དེ་དག་དུ་འགྲོ་ཞིང་འཁོར་པ་རྣམས་ཀྱི་ཡན་ལག་དང་ཉིད་ལག་བཅད་པ་མང་པོ་ཉམས་སུ་མྱོང་བ་ལས་ཁྲག་འཛག་ཅིང་འབབ་པ་དང། དེར་ཕ་མ་དང་ཕུ་ནུ་དང་བུ་སྲིང་གི་ཕྱིར་སྡུག་བསྔལ་བ་དང། གཉེན་བ་ཤེས་དང། ནོར་དང། ་ལོངས་སྤྱོད་ཟད་པ་མང་པོ་ཉམས་སུ་མྱོང་བ་རྣམས་ཀྱི་མཆི་མ་མང་པོ་འཛག་ཅིང་འབབ་པ་དང། དེ་དག་ཏུ་མའི་ནུ་ཞོ་འཐུངས་པ་རྒྱ་མཚོ་ཆེན་པོ་བཞིའི་ཆུ་བས་ཀྱང་ཆེས་མང་ངོ་ཞེས་གསུངས་པ་དང་དེ་ལྟ་བུ་དང་མཐུན་པ་རྣམས་ནི་སྐྱེ་བའི་སྡུག་བསྔལ་བའི ་རབ་ཏུ་དབྱེ་བ་ཡིན་པར་རིག་པར་བྱའོ། །དེ་ལ་མ་ངེས་བའི་རབ་ཏུ་དབྱེ་བ་ནི་སྐྱེ་བ་དེ་དག་ལ་འགྲོ་ཞིང་འཁོར་བ་རྣམས་ཀྱི་ཕ་དང་མའི་མཐར་ཐུག་པའི་མེད་བ་དང། ཕ་མ་དང། ཕུ་ནུ་དང་བུ་སྲིང་དང་མཁན་པོ་དང། སློབ་དཔོན་དང། ་བླ་མ་ལྟ་བུར་མ་གྱུར་པ་མེད་པ་དང་།གང་ཟག་གཅིག་གི་སྐལ་པ་གཅིག་གི་རུས་བའི་ཕུང་པོ་ཡང་གལ་ཏེ་སྡུད་བ་ཅིག་ཡོད་ལ་བསྡུས་ནས་ཀྱང་འཇིག་པ་དང། རུལ་པར་མི་འགྱུར་དུ་ཟིན་ན་རི་བོ་ངོས་ཡངས་ཙམ་མོ་ཞེས་གསུངས་བ་དང། དེ་ལྟ་བུ་དང་མཐུན་པ ་རྣམས་ནི་སྐྱེ་བའི་མ་ངེས་བའི་རབ་ཏུ་དབྱེ་བ་ཡིན་པར་རིག་པར་བྱའོ། །དེ་ལ་འཇུག་བའི་རབ་ཏུ་དབྱེ་བ་ནི་སྐྱེ་བ་དེ་དག་ཏུ་འགྲོ་ཞིང་འཁོར་རྣམས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བའི་ངོ་བོ་ཉིད་དང། དོན་དང་རབ་ཏུ་དབྱེ་བ་དང། གོ་རིམ་དང། བསྡུ་བ ་དང། རྟེན་རྣམ་པར་བཞག་པ་དག་ཡིན་པར་རིག་པར་བྱའོ།། རྣམ་པར་བྱང་བའི་དོན་ཞེས་བྱ་བ་ནི་འཛིན་པའི་དོན་ལ་སོགས་པ་དེ་དག་ཉིད་ལ་ཕྱིན་ཅི་མ་ལོག་པའི་དོན་སྔོན་དུ་འགྲོ་བ་གང་ཡིན་པའོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་བའི་ཆོས་ཞེས ་བྱ་བ་ནི་དྲན་བ་ཉེ་བར་གཞག་པ་ལ་སོགས་བའོ། །བྱམས་པ་རྣམ་བ་བཅུ་པོ་དེ་དག་གིས་དོན་ཐམས་ཅད་བསྡུས་བར་རིག་པར་བྱའོ། །ཞེས་བྱ་བས་ནི་ཤེས་བྱའི་དོན་ཐམས་ཅད་བསྡུས་པས་དོན་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་དང། རབ་ཏུ ་དབྱེ་བ་དང། དེ་བྱང་ཆུབ་སེམས་དཔས་ཇི་ལྟར་སོ་སོ་ཡང་དག་པར་རིག་པའི་མཇུག་བསྡུ་བ་བསྟན་ཏོ། །དེའི་འོག་ཏུ་བསྟན་པའི་དེ་ན་ཐམས་ཅད་བསྡུས་བས་དོན་སོ་སོ་ཡང་དག་བར་རིག་པའི་ངོ་བོ་ཉིད་དང། རབ་ཏུ་དབྱེ་བ་དང། དེ་བྱང ་ཆུབ་སེམས་དཔས་ཇི་ལྟར་སོ་སོ་ཡང་དག་པར་རིག་པའི་བྱམས་པ་ཡང་བྱང་ཆུབ་སེམས་དཔས་རྣམ་པ་ལྔས་དོན་སོ་སོ་ཡང་དག་པར་རིག་པ་ཡིན་ཏེ། ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། འདིར་ཡང་དོན་རྣམ་པ་ལྔ་གང་ཞེ་ན་ཞེས་བྱ་བ་ལ ་སོགས་པས་ནི་དོན་སོ་སོ་ཡང་དག་པར་རིག་པ་ལ་མངོན་པའི་ང་རྒྱལ་རྣམ་པ་དག་ཞིག་ཅིང་ཆུང་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏེ། དེ་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་ཀྱང་བསྟན་ཏོ།། བྱམས་པ་དེ? ་ལ་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་ནི་ཞེས་བྱ་བ་ལ་སོགས་པས་ནི་བཤད་པས་དེ་བསྟན་ཏེ། དེ་ཉིད་ཀྱིས་དོན་སོ་སོ་ཡང་དག་པར་རིག་པའི་བྱང་ཆུབ་སེམས་དཔས་ཇི་ལྟར་སོ་སོ་ཡང་དག་པར་རིག་པ་ནི་གནས་སྐབས་དེ་དག་ཐམས་ཅད ་གྱིས་བསྟན་པར་སྦྱར་རོ། །དེ་ལ་བསྟན་པའི་དོན་ཐམས་ཅད་བསྡུས་པ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་པ་དོན་ཡོངས་སུ་ཤེས་པར་བྱ་བའི་ཡུལ་ཡོངས་སུ་ཤེས་བའི་ངོ་བོ་ཉིད་དང། ཡོངས་སུ་ཤེས་པའི་འབྲས་བུ་ཐམས ་ཅད་དང་བསྡུས་པ་སྟེ། དེ་ལ་ཡོངས་སུ་ཤེས་བར་བྱ་བའི་དངོས་པོ་དང། ཡོངས་སུ་ཤེས་པར་བྱ་བའི་དོན་ཏོ།། ཡོངས་སུ་ཤེས་པར་བྱ་བའི་ངོ་བོ་ཉིད་ནི་ཡོངས་སུ་ཤེས་བའོ། །ཡོངས་སུ་ཤེས་པར་བྱ་བའི་འབྲས་བུ་ནི་ཡོངས་སུ་ཤེས་བའི་འབྲས་བུ་འཐོབ་པ ་དང། དེ་རབ་ཏུ་རིག་པར་བྱེད་པ་སྟེ། དེ་ནི་བསྟན་པ་དང། དོན་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་ཡིན་ནོ།། ཤེས་བྱ་ཐམས་ཅད་ཅེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའི་ཆོས་དང་མཐུན་པའི་ཕྱོགས་ཐམས་ཅད་དོ། །འདི་ལྟ ་སྟེ། ཕུང་པོ་རྣམས་ཞེས་བྱ་བ་འམ་ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ་སེམས་དཔས་ཡོངས་སུ་ཤེས་པར་བྱ་བའི་དངོས་པོའི་ཐོག་མར་ཕུང་པོ་ལ་སོགས་པ་ཡིན་པར་བསྟན་ཏོ།། དེ་ལྟ་བུ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་ཀུན་ནས་ཉོན་མོངས་བ ་དང། རྣམ་པར་བྱང་བའི་ཕྱོགས་དང་མཐུན་པའི་ཆོས་ཐམས་ཅད་བསྡུ་བ་བསྟན་ཏོ། །རྣམ་པ་ཇི་སྙེད་ཀྱིས་ཞེས་བྱ་བ་ནི་རྣམ་གྲངས་ཇི་སྙེད་ཡོད་པ་ཉིད་ཀྱིས་སོ།། ཤེས་བྱ་དེའང་ཞེས་བྱ་བ་ནི་ཡོངས་སུ་ཤེས་པར་བྱ་བའི་དངོས་བོ་དེའོ། །ཇི་ལྟ་བ་བཞིན་ཞེས ་བྱ་བ་ནི་མཚན་ཉིད་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་དོ། །འདིས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་པའི་དོན་རྣམ་པ་བཅུ་སྟོན་ཏེ། བདེན་པ་གཉིས་ཀྱི་དོན་དང། ཉེས་དམིགས་དང་ཕན་ཡོན་གྱི་ངེན?་དང? ་རྐྱེན་ལས་བྱང་ཞིང་དུས་རྟོགས་པའི་དོན་དང། མི་རྟག་པ་དང། སྡུག་བསྔལ་བའི་དོན་དང། རྣམ་པར་བཞག་པ་བདེན་པའི་དོན་དང། རྣམ་པར་མ་བཞག་པ་བདེན་པའི་དོན་དང། བསྡུ་བ་དང། དབྱེ་བའི་དོན་དང། ལན་གདའ་?་པའི ་དོན་དང། གསང་བ་དང། བསྒྲགས་བའི་དོན་ཏོ། དེ་ལ་བདེན་པ་གཉིས་ཀྱི་དོན་ནི་ཀུན་རྫོབ་དང་དོན་དམ་པ་ཞེས་བྱ་བས་བསྟན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བདེན་པ་གཉིས་ལ་བརྟེན་ནས་ཆོས་བསྟན་པའི་ཕྱིར་རོ།། ་ཉེས་དམིགས་དང་ཕན་ཡོན་གྱི་དོན་ནི་སྐྱོན་དང་ཡོན་ཏན་ཞེས་བྱ་བས་བསྟན་ཏེ། བདེན་པ་གཉིས་བསྟན་པ་དེར་ཡང་ཀུན་ནས་ཉོན་མོངས་པའི་སྐྱོན་གྱི་ཉེས་དམིགས་བརྗོད་ལ། རྣམ་པར་བྱང་བའི་ཕན་ཡོན་བརྗོད་པའི་ཕྱིར་རོ། །རྐྱེན ་ལས་བྱུང་ཞིང་དུས་སུ་རྟོགས་པའི་དོན་ནི་རྐྱེན་དང་དུས་བྱ་བས་བསྟན་ཏོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་དེ་དག་ཀྱང་རྐྱེན་རྣམས་འབྱུང་བ་ཡིན་གྱི་དབང་ཕྱུག་ལ་སོགས་པ་ལས་བྱུང་བ་མ་ཡིན་པ ་དང། དེ་དག་ཀྱང་འདས་པ་དང་མ་འོངས་པ་དང། ད་ལྟར་བྱུང་བའི་དུས་སུ་རྟོགས་པ་ཡིན་པའི་ཕྱིར་རོ། །མི་རྟག་པའི་དོན་ནི་སྐྱེ་བ་དང་གནས་པ་དང་འཇིག་པའི་མཚན་ཉིད་ཅེས་བྱ་བས་བསྟན་ཏེ། ཀུན་ནས་ཉོན་མོངས་པ་དང། རྣམ་པར ་བྱང་བའི་ཆོས་དེ་དག་ཀྱང་ཕལ་ཆེར་འདུས་བྱས་ཀྱི་མཚན་ཉིད་རྣམས་ཀྱིས་རབ་ཏུ་ཕྱེ་བས་མི་རྟོག་པའི་ཕྱིར་རོ། །སྡུག་བསྔལ་བའི་དོན་ནི་ནད་པ་ལ་སོགས་པས་ཞེས་བྱ་བས་བསྟན་ཏེ། འདུས་བྱས་ཀྱི་མཚན་ཉིད་རྣམས་ཀྱིས་རབ་ཏུ ་ཕྱེ་བའི་མི་རྟག་པ་དེ་དག་ནི་ནད་དང། ཤུ་བ་དང། ཟུག་རྡུ་དང། སྡིག་པ་ལ་སོགས་པའི་མཚན་ཉིད་ཀྱིས་སྡུག་བསྔལ་བ་ཡིན་བའི་ཕྱིར་རོ། །རྣམ་པར་བཞག་པའི་དོན་ནི་སྡུག་བསྔལ་དང་ཀུན་འབྱུང་བ་ལ་སོགས་པ་ཞེས་བྱ་བ་བསྟན་ཏེ། ཀུན་ནས་ཉོན ་མོངས་པ་དང། རྣམ་པར་བྱང་བའི་ཆོས་དེ་དག་ཀྱང་ཉན་ཐོས་ཀྱི་ཐེག་པར་ནི་བདེན་པ་བཞི་རྣམ་པར་བཞག་པར་བསྟན་པའི་ཕྱིར་རོ། །རྣམ་པར་མ་བཞག་པའི་བདེན་པའི་དོན་ནི་དེ་བཞིན་ཉིད་དང། ཡང་དག་བའི་མཛའ་དང། ཆོས་ཀྱི་དབྱིངས ་ཞེས་བྱ་བ་བསྟན་ཏེ། ཆོས་དེ་དག་ཀྱང་ཐེག་པ་ཆེན་པོར་ནི་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་དབྱིངས་དེ་ནི་ཆོས་གནས་པར་བྱ་བའི་ཕྱིར་འདུག་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །བསྡུ་བ ་དང་དབྱེ་བའི་དོན་ནི་བསྡུ་བ་དང་དབྱེ་བ་ཞེས་བྱ་བས་བསྟན་ཏོ། །ཆོས་དེ་དག་ཀྱང་མདོར་བསྡུ་བ་དང། རྒྱས་པར་དབྱེ་བ་གཉིས་ཀྱིས་སྟོན་པར་མཛད་པའི་ཕྱིར་རོ། །ལན་གདབ་པའི་དོན་ནི་མགོ་གཅིག་ཏུ་ལན་གདབ་པ་དང། རྣམ་པར་དབྱེ ་བ་དང། དྲིས་ཏེ་ལན་གདབ་པ་དང། བཞག་པ་ཞེས་བྱ་བས་བསྟན་ཏེ། ཆོས་དེ་དག་གི་དྲིས་པ་ལན་འདེབས་ན་ཡང་རྣམ་པ་དེ་བཞིས་ལན་འདེབས་པར་མཛད་པའི་ཕྱིར་རོ། །དེ་ལ་མགོ་གཅིག་ཏུ་ལན་གདབ་པ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད ་འཆི་བར་འགྱུར་རམ་ཞེས་འདྲི་བ་ལ་ཐམས་ཅད་འཆི་བར་འགྱུར་རོ་ཞེས་མགོ་གཅིག་ཏུ་ལན་གདབ་པ་ལྟ་བུ་ལ་སོགས་པའོ། །རྣམ་པར་དབྱེ་ཞིང་ལན་གདབ་པ་ཞེས་བྱ་བ་ནི་ཤི་བ་ཐམས་ཅད་སྐྱེ་བར་འགྱུར་རམ་ཞེས་འདྲི་བ་ལ་གང་དག་ཉོན་མོངས་པ ་དང། བཅས་པ་དེ་དག་ནི་སྐྱེ་བར་འགྱུར་རོ། །གང་དག་ཉོན་མོངས་པ་མེད་པ་དེ་དག་ནི་སྐྱེ་བར་མི་འགྱུར་རོ་ཞེས་རྣམ་པར་ཕྱེ་སྟེ་ལན་གདབ་པ་ལྟ་བུ་ལ་སོགས་པའོ། །དྲིས་ཏེ་ལན་གདབ་པ་ནི་ཞེས་བྱ་བ་ནི་མི་རྣམས་ཁྱད་པར་དུ་འཕགས་པ་ཡིན་ནམ་དམན ་པ་ཡིན་ཞེས་འདྲི་བ་ལས་གང་ལས་བལྟོས་ཏེ་འདྲི་ཞེས་ཕྱིར་དྲིས་ནས་གལ་ཏེ་ངན་སོང་རྣམས་ལས་བལྟོས་ཏེ་འདྲིའོ་ཞེས་ཟེར་ན་ནི་ཁྱད་པར་དུ་འཕགས་པ་ཡིན་ནོ་ཞེས་ལན་གདབ་བ་དང། གལ་ཏེ་ལྷ་རྣམས་ལས་བལྟོས་ཏེ་འདྲིའོ ་ཞེས་ཟེར་ན་ནི་དམན་པ་ཡིན་ནོ་ཞེས་ལན་གདབ་པ་ལྟ་བུ་ལ་སོགས་པའོ། །བཞག་པས་ལན་གདབ་པ་ནི་བདག་ཕུང་པོ་རྣམས་དང་གཅིག་གམ་ཐ་དད་ཅེས་འདྲི་བ་ལ་བདག་གཏན་མེད་པས་ཕུང་པོ་རྣམས་གཅིག་གམ་ཐ་དད་པར་འགྱུར་བ ་ཡོད་རེ་སྐན་སྙམ་དུ་དོན་གྱི་དབང་དེ་ཡིད་ལ་བྱས་ཏེ་ཅང་མི་སྨྲ་བས་ལན་གདབ་པ་ལ་སོགས་པའོ། །གསང་བ་དང་བསྒྲགས་པའི་དོན་ནི་གསང་བ་དང་བསྒྲགས་པ་ཞེས་བྱ་བས་བསྟན་ཏེ་།སེམས་ཅན་སྣོད་དུ་མ་གྱུར་པ་དག་ལ་དོན་ཟབ་མོ ་གསང་པ་དང། སྣོད་དུ་གྱུར་པ་དག་ལ་སྒྲོགས་པར་མཛད་པའི་ཕྱིར་རོ། །དེ་ལ་རྣམ་པ་ཇི་སྙེད་ཡོད་པ་ཉིད་ཀྱིས་ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་ལ་སོཌ་པའི་རྣམ་པ་དག་གིས་སོ།། མཚན་ཉིད་ཇི་ལྟ་བུ་བཞིན་དུ་ཡོད་པ་ཉིད་ཀྱིས་ཤེས་པར་བྱ་བ་ནི ་སྡུག་བསྔལ་ལ་སོགས་པའི་མཚན་ཉིད་དག་གིས་སོ།། དེ་གཉིས་ཀར་འཛིན་པར་བྱེད་པ་ཞེས་བྱ་བ་ནི་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་དང། ཡོངས་སུ་ཤེས་པར་བྱ་བའི་དོན་དེ་གཉིས་ཀ་འཛིན་པར་བྱེད་པ་ཡོངས་སུ་ཤེས་པར་བྱ་བའི་ངོ་བོ་ཉིད་ཡིན ་ཏེ། དེའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་བའི་ཆོས་གང་ཡིན་པ་དག་སྟེ་ཞེས་བྱ་བ་སྨོས་སོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་འདུལ་བ་ཞེས་བྱ་བ་ནི་དྲན་པ་ཉེ་བར་བཞག་བ་ལ་སོགས་པས་འདོད་ཆགས་ལ་སོགས་པ་རྩེ་འཇིལ ་བའོ། །མ་ལུས་པར་སྤོང་བ་ཞེས་བྱ་བ་ནི་ཡོངས་སུ་གཏུགས་ཏེ་སྒོམ་པའོ། །དགེ་སྦྱོང་ཉིད་ཅེས་བྱ་བ་ནི་དྲི་མ་མེད་པའི་ལམ་མོ། །འབྲས་བུ་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པ་ལ་སོགས་པའོ། །ཡོན་ཏན་འཇིག་རྟེན་པ་ཞེས་བྱ་བ་ནི་བསམ་གཏན་དང་ཚད་མེད ་པ་ལ་སོགས་པའོ། །འཇིག་རྟེན་ལས་འདས་པ་ཞེས་བྱ་བ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་ཞེས་བྱ་བ་ལ་སོགས་པའོ། །ཐུན་མོང་ཞེས་བྱ་བ་ནི་ཉོན་མོངས་པ་མེད་པ་དང། སྨོན་ནས་ཞེས་བྱ་བ་ལ་སོགས་པའོ། །ཐུན་མོང་མ་ཡིན་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་མ ་འདྲེས་པ་བརྒྱ་བཞི་བཅུ་ལ་སོགས་པའོ། །མངོན་དུ་བྱ་བ་ནི་འབྲས་བུ་ཐོབ་བའོ། །དེ་རབ་ཏུ་རིག་པར་བྱེད་པ་ཞེས་བྱ་བ་ནི་ཡོངས་སུ་ཤེས་པའི་འབྲས་བུ་འཐོབ་དེ་རབ་ཏུ་རིག་པར་བྱེད་པ་ཟད་པ་དང་མི་སྐྱེ་བ་ཤེས་པའོ། །མངོན་སུམ་དུ་བྱས་པའི་ཆོས་དེ་དག ་ཉིད་ལ་ཞེས་བྱ་བ་ནི་ཡོངས་སུ་ཤེས་པའི་འབྲས་བུ་འཐོབ་པ་དེ་དག་ཉིད་ལའོ། །རྣམ་པར་གྲོལ་བ་ཤེས་པ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །གཞན་དག་ལ་ཡང་རྒྱ་ཆེར་སྟོན་པ་དང་ཡང་དག་པར་སྟོན་པ་ཞེས་བྱ་བ་ནི་རང་གིས་རྟོགས་བའི་ཤེས་པ་གཞན ་ལ་བརྡ་སྤྲོད་བར་བྱེད་པའོ། །བྱམས་པ་དོན་ལྔ་པོ་དེ་དག་གིས་ཀྱང་དོན་ཐམས་ཅད་བསྡུས་པར་རིག་པར་བྱའོ་ཞེས་བྱ་བ་ནི་བསྟན་པའི་དོན་ཐམས་ཅད་བསྡུས་པས་དོན་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་དང། རབ་ཏུ་དབྱེ་བ་དང། དེ་བྱང་ཆུབ ་སེམས་དཔས་ཇི་ལྟར་སོ་སོ་ཡང་དག་པར་རིག་པའི་མཇུག་བསྡུ་བ་བསྟན་ཏོ། །དེའི་འོག་ཏུ་སེམས་ལ་བརྟགས་པའི་དོན་ཐམས་ཅད་བསྡུས་པས་དོན་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་དང། རབ་ཏུ་དབྱེ་བ་དང། དེ་བྱང་ཆུབ་སེམས་དཔས་ཇི་ལྟར ་སོ་སོ་ཡང་དག་བར་རིག་པ་ནི་བྱམས་པ་ཡང་བྱང་ཆུབ་སེམས་དཔས་རྣམ་པ་བཞིས་དོན་སོ་སོ་ཡང་དག་པར་རིག་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། འདིར་ཡང་དོན་རྣམ་པ་བཞི་གང་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་བསྟན་པས་དོན ་སོ་སོ་ཡང་དག་པར་རིག་པ་ལ་མངོན་པའི་ང་རྒྱལ་རྣམ་པར་གཞིག་ཅིང་ཆུང་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏེ། དེ་ཉིད་ཀྱིས་དོན་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་ཀྱང་བསྟན་ཏོ།། བཤད་པ་དང་རབ་ཏུ ་དབྱེ་བཱི་ནི་ལོག་ཤིག་ཏུ་མ་བསྟན་ཏེ། སྐབས་དེ་ཉིད་ཀྱིས་རིག་བར་བྱའོ། །དེ་ཡང་བྱང་ཆུབ་སེམས་དཔས་ཇི་ལྟར་སོ་སོ་ཡང་དག་པར་རིག་པ་ནི་གནས་སྐབས་དེ་དག་ཐམས་ཅད་ཀྱིས་བསྟན་པར་སྦྱར་རོ། །དེ་ལ་སེམས་ལ་བརྟག་པའི་དོན ་ཐམས་ཅད་བསྡུས་པ་ཞེས་བྱ་བ་ནི་སེམས་ཀྱི་རྒྱུ་བརྟག་པ་དང། སེམས་ཀྱི་མྱོང་བ་བརྟག་པ་དང། སེམས་ཀྱི་རྣམ་པར་རིག་པ་བརྟག་པ་དང། སེམས་ཀྱི་ཀུན་ནས་ཉོན་མོངས་པ་བརྟག་པ་དང། རྣམ་པར་བྱང་བ་བརྟགས་པས་གོ་རིམ་བཞིན་དུ་ལུས་དང ་ཚོར་བ་དང་སེམས་དང། ཆོས་དྲན་པ་ཉེ་བར་བཞག་པའི་དོན་ཐམས་ཅད་བསྡུས་པ་སྟེ། དེ་ལ་སེམས་ཀྱི་རྒྱུ་བརྟག་པ་ནི་སེམས་ཀྱི་ལེན་པའི་དོན་ཅེས་བྱ་བས་བསྟན་ཏེ། ཀུན་གཞིའི་རྣམ་པར་ཤེས་པ་ཉིད་མཚམས་སྦྱོར་བའི་རྒྱུ་གཉིས ་པོ་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་བག་ཆགས་དང། རྟེན་དང་བཅས་པའི་དབང་པོ་གཟུགས་ཅན་ལེན་པ་སྟེ། དེ་ཉིད་ཀྱིས་ལུས་དྲན་པ་ཉེ་བར་གཞག་པའི་དོན་ཐམས་ཅད་བསྡུས་པ་ཡང་བསྟན་ཏོ། །སེམས་ཀྱི་མྱོང་བ ་བརྟགས་པ་ནི་མྱོང་བའི་དོན་ཅེས་བྱ་བས་བསྟན་ཏོ། །བདག་གོ་སྙམ་དུ་རྣམ་པར་རིག་བར་ཚོར་བ་རྣམ་པ་གསུམ་མྱོང་བ་སྟེ། དེ་ཉིད་ཀྱི་ཚོར་བ་དྲན་པ་ཉེ་བར་གཞག་བའི་དོན་ཐམས་ཅད་བསྡུས་པ་ཡང་བསྟན་ཏོ། །སེམས་ཀྱི་རྣམ་པར ་རིག་པ་བརྟག་པ་ནི་རྣམ་པར་རིག་པའི་དོན་ཅེས་བྱ་བས་བསྟན་ཏེ། དམིགས་པ་རྣམ་པར་རིག་པས་སེམས་ཙམ་དུ་རིག་པ་སྟེ། དེ་ཉིད་ཀྱིས་སེམས་དྲན་པ་ཉེ་བར་བཞག་པའི་དོན་ཐམས་ཅད་བསྡུས་པ་ཡང་བསྟན་ཏོ། །སེམས་ཀྱི་ཀུན་ནས ་ཉོན་མོངས་བ་དང་རྣམ་པར་བྱང་བ་བརྟག་པ་ནི་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའི་དོན་ཅེས་བྱ་བས་བསྟན་ཏོ། །སེམས་དེ་ཉིད་ཀྱི་སེམས་དང་སེམས་ལས་བྱུང་བ་དག་གི་གནས་དང་དམིགས་པའི་རྣམ་པ་མ་རྟོག་པ་དང། ་རྟོགས་པ་ལས་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་འགྱུར་བ་སྟེ། དེ་ཉིད་ཀྱི་ཆོས་དྲན་པ་ཉེ་བར་གཞག་པའི་དོན་ཐམས་ཅད་བསྡུས་པ་ཡང་བསྟན་ཏོ། །བྱམས་པ་དོན་རྣམ་པ་བཞི་པོ་དེ་དག་གིས་ཀྱང་དོན་ཐམས་ཅད་བསྡུས་པར་རིག་པར ་བྱའོ་ཞེས་བྱ་བ་ནི་སེམས་ལ་བརྟག་པའི་དོན་ཐམས་ཅད་བསྡུས་པས་དོན་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་རབ་ཏུ་དབྱེ་བ་དང། དེ་བྱང་ཆུབ་སེམས་དཔས་ཇི་ལྟར་སོ་སོ་ཡང་དག་པར་རིག་པའི་འཇུག་བསྡུ་བ་བསྟན་ཏོ། །དེའི་འོག་ཏུ ་གནས་དང་གནས་པ་ཟབ་པ་དང་རྒྱ་ཆེ་བའི་དོན་ཐམས་ཅད་བསྡུས་པས་དོན་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་དང། དབྱེ་བ་དང། དེ་བྱང་ཆུབ་སེམས་དཔས་དེ་ལྟར་སོ་སོ་ཡང་དག་པར་རིག་པ་ནི་བྱམས་པ་བྱང་ཆུབ་སེམས་དཔས་རྣམ ་པ་གསུམ་གྱི་དོན་ཡང་དག་པར་རིག་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། འདིར་ཡང་དོན་རྣམ་པ་གསུམ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་བསྟན་པའི་དོན་སོ་སོ་ཡང་དག་པར་རིག་པ་ལ་མངོན་པའི་ང་རྒྱལ་རྣམ་པར་གཞིག་ཅིག ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏེ། དེ་ཉིད་ཀྱིས་དོན་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་བསྟན་ཏོ། །བྱམས་པ་དེ་ལ་ཚིག་འབྲུའི་དོན་ནི་ཞེས་བྱ་བ་ལ་སོགས་པས་ནི་བཤད་པས་དེ་བསྟན་ཏེ། དེ་ཉིད་ཀྱི་དོན ་སོ་སོ་ཡང་དག་པར་རིག་པའི་རབ་ཏུ་དབྱེ་བ་ཡང་བསྟན་ཏོ། །དེ་བྱང་ཆུབ་སེམས་དཔས་ཇི་ལྟར་སོ་སོ་ཡང་དག་པར་རིག་པ་ནི་གནས་སྐབས་དེ་དག་ཐམས་ཅད་ཀྱིས་བསྟན་པར་སྦྱར་རོ།། དེ་ལ་གནས་དང། གནས་པ་དང། ཟབ་པ་དང་རྒྱ་ཆེ་བའི་དོན ་ཐམས་ཅད་བསྡུས་པ་ཞེས་བྱ་བ་ལ་གནས་ནི་ཚིག་འབྲུའི་དོན་ཏེ། གནས་པ་ནི་དོན་གྱི་དོན་ཏོ། །དེ་གཉིས་ནི་བསྟན་པ་ཟབ?་པ་དང། དོན་ཟབ་པར་ཤེས་པར་བྱ་སྟེ། གོ་རིམ་བཞིན་ནོ། །ཁམས་ཀྱིས་དོན་གྱིས་རྒྱ་ཆེ་སྟེ། དཔག་ཏུ་མེད་པའི་ཕྱིར་རོ། །དེ་ནི་བསྟན ་པ་དང། དོན་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་ཡིན་ནོ། །མིང་གི་ཚོགས་ལ་སོགས་པ་ཞེས་བྱ་བ་ནི་སྔར་ཆོས་སོ་སོ་ཡང་དག་པར་རིག་པའི་སྐབས་སུ་མིང་དང་ཚིག་དང་ཡི་གེ་སོ་སོ་པ་དང། བསྡུས་པ་བསྟན་པ་དང་ཡིན་པར ་བལྟ་བར་བྱའོ། །དེ་ཁོ་ནའི་མཚན་ཉིད་ཅེས་བྱ་བ་ནི་གཟུང་བ་ཉིད་ཀྱིས་སོ། །ཡོངས་སུ་ཤེས་བའི་མཚན་ཉིད་ཅེས་བྱ་བ་ནི་འཛིན་པ་ཉིད་ཀྱིས་སོ། །སྤང་བའི་མཚན་ཉིད་ཅེས་བྱ་བ་ནི་འབྲལ་བ་ཉིད་ཀྱིས་སོ། །མངོན་དུ་བྱ་བའི་མཚན་ཉིད་ཅེས་བྱ་བ་ནི་འཐོབ ་པ་ཉིད་ཀྱིས་སོ། །བསྒོམ་པའི་མཚན་ཉིད་ཅེས་བྱ་བ་ནི་ཆུད་མི་ཟ་བའི་ཚུལ་གྱིས་སོ། །རྣམ་པར་རབ་ཏུ་དབྱེ་བའི་མཚན་ཉིད་ཅེས་བྱ་བ་ནི་དེ་ཁོ་ན་རྣམ་པ་གཉིས་ཏེ། མེ་ལོང་གི་དེ་ཁོ་ན་དང་སྣང་བའི་དེ་ཁོ་ན་ཞེས་བྱ་བ་ལྟ་བུ་དང། ཡོངས་སུ་ཤེས་པ་ནི ་དགུ་སྟེ། འདོད་པ་དང་ལྡན་པའི་སྡུག་བསྔལ་དང། ཀུན་འབྱུང་བ་མཐོང་བས་སྤང་པར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་ནི་ཡོངས་སུ་ཤེས་པ་དང་པོའོ། །གཟུགས་དང་གཟུགས་མེད་པ་དང་ལྡན་པའི་སྡུག་བསྔལ་དང། ཀུན་འབྱུང་བ་མཐོང་བས ་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་ནི་ཡོངས་སུ་ཤེས་པ་གཉིས་པའོ། །འདོད་པ་དང་ལྡན་པའི་འགོག་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་ནི་ཡོངས་སུ་ཤེས་པ་གསུམ་བའོ། །འདོད་པ་དང་ལྡན་བའི་ལམ་མཐོང ་བས་སྤང་བར་བྱ་བའི་ཉོན་མོངས་བ་རྣམས་སྤངས་པ་ནི་ཡོངས་སུ་ཤེས་པ་བཞི་བའོ་གཟུགས་དང་གཟུགས་མེད་པ་དང་འགོག་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་ནི་ཡོངས་སུ་ཤེས་པ་ལྔ་པའོ། །གཟུགས་དང་གཟུགས་མེད ་པའི་ལམ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་ནི་ཡོངས་སུ་ཤེས་པ་དྲུག་པའོ། །ཐ་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་སྤངས་པ་ནི་ཡོངས་སུ་ཤེས་པ་བདུན་བའོ། །གཟུགས་ཀྱི་འདོད་ཆགས་སྤངས་པ་ནི་ཡོངས་སུ་ཤེས་པ ་བརྒྱད་བའོ། །གཟུགས་མེད་པའི་འདོད་ཆགས་སྤངས་པ་ནི་ཡོངས་སུ་ཤེས་པ་དགུ་པའོ་ཞེས་བྱ་བ་ལྟ་བུ་དང། སྤངས་པ་ནི་རྣམ་པ་གཉིས་ཏེ། མཐོང་བས་སྤངས་བ་དང། བསྒོམ་པས་སྤང་བ་ལྟ་བུའོ་ཞེས་བྱ་བ་ལྟ་བུ་དང། མངོན་དུ་བྱ་བ་ནི་རྣམ་པ་གཉིས་ཏེ ་ལམ་མངོན་དུ་བྱ་བ་དང། འབྲས་བུ་མངོན་དུ་བྱ་བ་ལྟ་བུའོ། །ཞེས་བྱ་བ་ལྟ་བུ་དང། སྒོམ་པ་ནི་རྣམ་པ་བཞི་སྟེ། འཐོབ་པ་བསྒོམ་པ་དང། བརྟེན་པ་བསྒོམ་པ་དང། སྤང་བ་བསྒོམ་པ་དང། གཉེན་པོ་བསྒོམ་པའོ་ཞེས་བྱ་བ་ལྟ་བུ་ལ་སོགས་པར་དེ་དག ་གི་རྣམ་པར་རབ་ཏུ་དབྱེ་བ་གང་ཡིན་བའོ། །གནས་དང་གནས་པར་འབྲེལ་བའི་མཚན་ཉིད་ཅེས་བྱ་བ་ནི་ཆོས་དང་དོན་དུ་འབྲེལ་བ་སྟེ། དེ་ཡང་དེའི་བདག་ཉིད་ཀྱི་མཚན་ཉིད་ཀྱི་འབྲེལ་བ་དང། དེ་ལས་སྐྱེས་པའི་མཚན་ཉིད་ཀྱི་འབྲེལ་བའོ། །བར་དུ་གཅོད ་པའི་ཆོས་ཀྱི་མཚན་ཉིད་ཅེས་བྱ་བ་ནི་སྒྲིབ་པ་ལ་སོགས་པའོ། །རྗེས་སུ་མཐུན་པའི་ཆོས་ཀྱི་མཚན་ཉིད་ཅེས་བྱ་བ་ནི་ལེགས་པར་མཉམ་པ་ལ་སོགས་བའོ། །ཉེས་དམིགས་དང་ཕན་ཡོན་གྱི་མཚན་ཉིད་ཅེས་བྱ་བ་ནི་བདག་དང་གཞན་གྱི་དོན་ཡོངས་སུ་མཉམ་པ ་དང། ཕུན་སུམ་ཚོགས་པར་འགྱུར་བའོ། །ཁམས་ལྔ་ཞེས་བྱ་བ་ནི་དཔག་ཏུ་མེད་པ་ལྔ་སྟེ། དེ་དག་གི་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་ལ་མཁས་པར་བྱེད་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་དཔག་ཏུ ་མེད་པ་སྟེ། སྣོད་ཀྱི་འཇིག་རྟེན་ཕྱོགས་བཅུ་དཔག་ཏུ་མེད་ཅིང?་མིང་ཡང་དཔག་ཏུ་མེད་པ་བྱང་ཆུབ་སེམས་དཔས་ཡོངས་སུ་སྦྱང་བ་བྱ་བ་དག་གོ། སེམས་ཅན་གྱི་ཁམས་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་དཔག་ཏུ་མེད་པ་སྟེ། རིགས་པ་ཡང ་དག་པར་སྒྲུབས་པ་དང། མ་བསྒྲུབས་པའི་སེམས་ཅན་གྱི་རིགས་དྲུག་ཅུ་རྩ་བཞི་པོ་བྱང་ཆུབ་སེམས་དཔས་ཡོངས་སུ་སྨིན་པར་བྱ་བ་དག་གོ། ཆོས་ཀྱི་ཁམས་ཞེས་བྱ་བ་ནི་ཆོས་ཀྱི་ཁམས་དཔག་ཏུ་མེད་པ་སྟེ། དགེ་བ་དང་མི་དགེ་བ་དང། ལུང་དུ་མ? ་བསྟན་པའི་ཆོས་གང་དག་གིས། འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་གྱི་ཁམས་དེ་དག་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བར་འགྱུར་བ་བྱང་ཆུབ་སེམས་དཔས་རྟོགས་པར་བྱ་བ་དག་གོ། གདུལ་བའི ་ཁམས་ཞེས་བྱ་པ་ནི་གདུལ་བའི་ཁམས་དཔག་ཏུ་མེད་པ་སྟེ། སེམས་ཅན་དེ་དག་གི་ནང་ན་སེམས་ཅན་གང་དག་རིགས་ཡང་དག་པར་བསྒྲུབས་ཤིང་སྐལ་པ་དང་ལྡན་པ་གཏན་དུ་སྡུག་བསྔལ་ལས་ཐར་བར་བྱང་རུང་བ་བྱང་ཆུབ་སེམས ་དཔས་རྣམ་པར་གྲོལ་བར་བྱ་བ་དག་གོ། འདུལ་བའི་ཐབས་ཀྱིས་ཁམས་ཞེས་བྱ་བ་ནི་འདུལ་བའི་ཐབས་དཔག་ཏུ་མེད་པ་སྟེ། སེམས་ཅན་དེ་དག་ཉིད་རྣམ་པར་ཐར་པར་བྱ་བའི་ཐབས་བྱང་ཆུབ་སེམས་དཔས་ལེགས་པར་བསྟན་པར་བྱ་བ ་དག་གོ། བྱམས་པ་དོན་རྣམ་པ་གསུམ་པོ་དེ་དག་གིས་ཀྱང་དོན་ཐམས་ཅད་བསྡུས་པར་རིག་པར་བྱའོ་ཞེས་བྱ་བས་ནི་གནས་དང་གནས་པ་ཟབ་པ་དང་རྒྱ་ཆེ་བའི་དོན་ཐམས་ཅད་བསྡུས་པས་དོན་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་དང ་རབ་ཏུ་དབྱེ་བ་དང། དེ་བྱང་ཆུབ་སེམས་དཔས་ཇི་ལྟར་སོ་སོ་ཡང་དག་པར་རིག་པའི་མཇུག་བསྡུ་བ་བསྟན་ཏོ། །དེ་ལྟར་མངོན་པའི་ང་རྒྱལ་རྣམ་པར་གཞིག་ཅིང་མངོན་པའི་ང་རྒྱལ་མེད་པས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི ་ལམ་གྱི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང་བཤད་པས་མངོན་པའི་ང་རྒྱལ་མེད་པ་གདགས་པ་གཏན་ལ་དབབ་པ་བསྟན་པ་ནི་མངོན་པའི་ང་རྒྱལ་རྣམ་པར་གཞིག་ཅིང་ཆུད་མི ་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཡིན་ནོ། །དེའི་འོག་ཏུ་ཞི་གནས་ཙམ་གྱིས་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ཞི་གནས་ཙམ་གྱིས་ཞེས་བྱ ་བ་ནི་ལྷག་མཐོང་གི་ཤེས་པ་དང་མཐོང་བ་མེད་པ་ཞི་གནས་འབའ་ཞིག་དག་གིས་སོ།། ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཞེས་བྱ་བའི་ཞི་གནས་ཀྱིས་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ཡོངས་སུ་རྫོགས་པར་མི་འགྱུར་བའི ་ཕྱིར་དེ་ཙམ་གྱིས་ཆོག་པར་འཛིན་ན་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ལས་རབ་ཏུ་ཉམས་ཤིང་ཆུད་ཟ་བར་འགྱུར་བས་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང་བཤད་པས་ཤེས ་རབ་རྣམ་པ་གསུམ་གྱིས་དོན་སོ་སོ་ཡང་དག་པར་རིག་པའི་བྱེ་བྲག་དང། བསྒོམ་པ་ལས་བྱུང་བའི་ཤེས་པ་དང། མཐོང་བའི་ངོ་བོ་ཉིད་ཀྱིས་རབ་ཏུ་ཕྱེ་བའི་ལྷག་མཐོང་གི་ལམ་གདགས་པ་གཏན་ལ་དབབ་པའོ། །དེ་ལ་མཚམས ་སྦྱར་བ་ཇི་ལྟ་བུ་ཞེ་ན། འདིར་འཕགས་པ་བྱམས་པས་གཞན་དག་འདི་སྙམ་དུ་རྣལ་འབྱོར་པ་ཞི་གནས་དང་ལྷག་མཐོང་གི་ངོ་བོ་ཉིད་ལ་སྦྱོར་བར་བྱེད་པས་ཞི་གནས་ཙམ་དང། ཤེས་པ་དང། མཐོང་བ་ངན་དོན་ཙམ་གྱིས་ཆོ་ག་པར་མི་གཟུང ་ཞིང་ཞི་གནས་ཀྱི་ལམ་ཡོངས་སུ་དག་པ་ལ་བརྟེན་དེ་ལྟག་མཐོང་གི་ལམ་ཡོངས་སུ་རྫོགས་པར་བྱ་དགོས་ན། ཤེས་རབ་རྣམ་གསུམ་གྱིས་དོན་སོ་སོ་ཡང་དག་པར་རིག་པའི་བྱེ་བྲག་དང་བསྒོམ་པ་ལས་བྱུང་བའི་ཤེས་རབ་དང་མཐོང་བའི་ངོ་བོ་ཉིད ་ཀྱིས་རབ་ཏུ་ཕྱེ་བའི་ལྷག་མཐོང་གི་ལམ་ཡོངས་སུ་རྫོགས་པ་གང་ཡིན་སྙམ་དུ་སེམས་པ་རྣམས་ཀྱི་བསམ་པ་བརྟགས་ནས། བཅོམ་ལྡན་འདས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱི་དོན་སོ་སོ་ཡང་དག་པར་རིག་པ་གང་ལགས་པ་དང ་ཞེས་བྱ་བ་ལ་སོགས་པ་ཞུ་བ་རྣམ་པ་གཉིས་ཞུས་པར་སྦྱར་རོ། །འདིར་ཤེས་རབ་རྣམ་གསུམ་གྱིས་དོན་སོ་སོ་ཡང་དག་པར་རིག་པའི་བྱེ་བྲག་བསྟན་པས་ནི་ཞི་གནས་ཙམ་གྱིས་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ?་ ་བ་བསྟན་ཏོ། །བསྒོམས་པ་ལས་བྱུང་པའི་ཤེས་པ་དང། མཐོང་བའི་ངོ་བོ་ཉིད་བསྟན་པས་ནི་བཤད་པས་དེ་བསྟན་ཏོ། །ཐོས་པ་ལས་བྱུང་བའི་ཤེས་རབ་ཅེས་བྱ་བ་ནི་ཚིག་འབྲུལ། གནས་ཏེ་སྐྱེ་བ་ཡིན་པས་ངེས་ནི ་ཚིག་འབྲུ་ལ་སོགས་པའི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་དོ་ཞེས་སྟོན་ཏོ། །དེ་ལ་ཚིག་འབྲུ་ལ་གནས་པའི་དོན་ཅེས་བྱ་བ་ནི་མིང་དང། ཚིག་དང། ཡི་གེ་དང། སོ་སོ་བ་དང། བསྡུས་པ་ལས་བརྟེན་པའི་དོན་ཏོ། །སྒྲ་ཇི་བཞིན་པའི ་དོན་ཅེས་བྱ་བ་ནི་དགོངས་པ་མེད་པའི་དོན་ཅེས་བྱ་བས་བསྟན་ཏོ། །མངོན་དུ་མ་གྱུར་བའི་དོན་ཅེས་བྱ་བ་ནི་མཉམ་པའི་ས་པའི་དམིགས་བ་ཤེས་བྱའི་དངོས་པོ་དང་ཆ་མཐུན་པའི་གཟུགས་བརྙན་མངོན་དུ་མ་གྱུར་བའོ། །རྣམ་པར་ཐར་པའི ་རྗེས་སུ་མཐུན་བའི་དོན་ཅེས་བྱ་བ་ནི་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་དོན་སོ་སོ་ཡང་དག་པར་རིག་པས་རྣམ་པར་ཐར་པར་བྱེད་པའི་རྒྱུད་བའི་རྒྱུ་ཡིན་པའི་ཕྱིར་རོ། །རྣམ་པར་ཐར་པར་བྱེད་པ་མ་ཡིན་པའི་དོན་ཅེས་བྱ་བ་ནི་དེ་ཉིད ་ཀྱི་མངོན་སུམ་དུ་རྣམ་པར་ཐར་པར་བྱེད་མི་ནུས་བའི་ཕྱིར་རོ། །སོ་སོ་ཡང་དག་པར་རིག་པར་བྱེད་དོ་ཞེས་བྱ་བ་ནི་ཁ་ཕྱིར་བལྟས་ཏེ་འཇུག་པའི་ཤེས་རབ་ཀྱིས་སོ།། བསམས་པ་ལས་བྱུང་བའི་ཤེས་རབ་ཅེས་བྱ་བ་ནི་རིགས་པས་ཚུལ ་བཞིན་དུ་རྟོགས་པ་ལས་བྱུང་བ་སྟེ། དེ་ཡང་མཉམ་པར་གཞག་པའི་ས་པ་ཉིད་མ་ཡིན་པས་ཚིག་འབྲུ་ལ་གནས་པའི་དོན་ཁོ་ན་སོ་སོ་ཡང་དག་པར་རིག་པར་བྱེད་པ་ཡིན་མོད་ཀྱི། རིགས་པས་ཚུལ་བཞིན་དུ་རྟོག་པའི་རྒྱུས་སྒྲ་ཇི་བཞིན ་མ་ཡིན་པའི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་དོ་ཞེས་བསྟོན་ཏོ། །ཚིག་འབྲུ་ལ་གནས་པ་ཁོ་ནའི་དོན་ཅེས་བྱ་བ་ནི་ཐོས་པའི་དོན་ལ་བརྟེན་བའི་ཕྱིར་རོ། །སྒྲ་ཇི་བཞིན་མ་ཡིན་པ་དགོངས་པ་ཅན་གྱི་དོན་ཅེས་བྱ་བ་ནི་རིགས་པས་བརྟགས ་པའི་དོན་ཡིན་པའི་ཕྱིར་རོ། །མངོན་དུ་མ་གྱུར་པའི་དོན་ཅེས་བྱ་བ་ནི་སྔ་མ་བཞིན་ཏེ། འོན་ཀྱང་མཉམ་པར་བཞག་པའི་ས་པའི་མོས་པས་ཡིད་ལ་བྱེད་པའི་དོན་གྱི་རྗེས་སུ་འཇུག་བས་སྔ་མ་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །རྣམ་པར་ཐར་པའི་རྗེས་སུ་ཆོས ་མཐུན་པའི་དོན་ཅེས་བྱ་བ་ནི་བར་ཆད་མེད་པའི་ལམ་གྱི་རྟེན་ཡིན་པའི་ཕྱིར་རོ། །རྣམ་པར་ཐར་པར་བྱེད་པ་མ་ཡིན་པའི་དོན་ཅེས་བྱ་བ་ནི་སྔ་མ་བཞིན་ཏེ། འོན་ཀྱང་དེ་མ་ཐག་ཏུ་ཉོན་མོངས་པ་ལས་རྣམ་པར་ཐར་པར་བྱེད་ནུས་པའི་དོན་གྱི་རྗེས་སུ་འཇུག ་པས་སྔ་མ་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །སོ་སོ་ཡང་དག་པར་རིག་པར་བྱེད་དོ་ཞེས་བྱ་བ་ནི་རིགས་པས་ཚུལ་བཞིན་དུ་རྟོགས་པའི་ཤེས་རབ་ཀྱིས་སོ། །བསྒོམས་པ་ལས་བྱུང་བའི་ཤེས་རབ་ཅེས་བྱ་བ་ནི་ཆོས་ངེས་པར་བྱས་པ་ལས་བྱུང་བ་སྟེ། ་དེས་ནི་སྔ་མ་གཉི་གའི་དོན་དང་དེ་ལས་ཁྱད་པར་དུ་གྱུར་པ་ཚིག་འབྲུ་ལ་གནས་པ་མ་ཡིན་པ་ལ་སོགས་པའི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་དོ་ཞེས་སྟོན་ཏོ། །ཚིག་འབྲུ་ལ་གནས་པའི་དོན་ཅེས་བྱ་བ་ནི་སྔ་མ་གཉིས་ཀའི་དོན་ཀྱང་རྟོགས ་པའི་ཕྱིར་རོ། ཚིག་འབྲུལ་གནས་པ་མ་ཡིན་པའི་དོན་ཅེས་བྱ་བ་ནི་བརྗོད་པའི་སྒྲ་དང་མ་འདྲེས་པའི་ཕྱིར་རོ། །སྒྲ་ཇི་བཞིན་པའི་དོན་ཅེས་བྱ་བ་ནི་ཐོས་པའི་དོན་ལ་དམིགས་པའི་ཕྱིར་རོ། །དགོངས་པ་ཅན་གྱི་དོན་ཅེས་བྱ་བ་ནི་བསམས ་པའི་དོན་ལ་དམིགས་པའི་ཕྱིར་རོ། །ཤེས་བྱའི་དངོས་པོ་དང་ཆ་མཐུན་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་ཀྱིས་མངོན་དུ་གྱུར་པའི་དོན་ཅེས་བྱ་བ་ནི་མཉམ་པར་བཞག་པའི་ས་པའི་ཞི་གནས་དང། ལྷག་མཐོང་གི་ལམ་གྱི ་དམིགས་པ་མངོན་དུ་གྱུར་པས་རང་རིག་པའི་དོན་ཏོ། །རྣམ་པར་ཐར་པའི་རྗེས་སུ་ཆེས་ཤིན་ཏུ་མཐུན་པའི་དོན་ཅེས་བྱ་བ་ནི་བར་ཆད་མེད་པ་ལམ་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །རྣམ་པར་ཐར་པར་བྱེད་པའི་དོན་ཅེས་བྱ་བ་ནི་རྣམ་པར་གྲོལ་བའི་ལམ་གྱི ་དེ་བཞིན་ཉིད་ཡིན་པའི་ཕྱིར་རོ། །སོ་སོ་ཡང་དག་པར་བྱེད་པར་བྱེད་དེ་ཞེས་བྱ་བ་ནི་ངེས་པར་གྱུར་པའི་ཤེས་རབ་ཀྱི་སོ་དེ་དག་ཐ་དད་དུ་བྱ་བ་ནི་དེ་ཡིན་ནོ་ཞེས་བྱ་བS་ནི་མཉམ་པར་མ་བཞག་པའི་ས་པའི་དོན་དང། མཉམ ་པར་བཞག་པའི་ས་པའི་རྗེས་སུ་མཐུན་པའི་དོན་དང། མཉམ་པར་བཞག་པའི་ས་པའི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་བས་དེ་དག་གི་བྱེ་བྲག་བསྟན་པ་ཡིན་ནོ།། དེ་ལྟར་ཤེས་རབ་རྣམ་པ་གསུམ་གྱིས་དོན་སོ་སོ་ཡང་དག་པར ་རིག་པའི་བྱེ་བྲག་བསྟན་ནས། ད་ནི་བསྒོམས་པ་ལས་བྱུང་བའི་ཤེས་པ་མཐོང་བའི་ངོ་བོ་ཉིད་བསྟན་པའི་ཕྱིར། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་བསྒོམས་པ་ཞེས་བྱ་བ་ལ་སོགས་བ་ཞུས་སོ། །རྣམ་གྲངས ་དུ་མས་སྟོན་པར་བྱེད་མོད་ཀྱི་ཞེས་བྱ་བ་ནི་ཤེས་པ་ནི་དོན་དམ་པའི་བདེན་པ་འཛིན་པ་དང། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་འཛིན་པ་དང། སྣ་ཚོགས་མ་ཡིན་པ་འཛིན་པའོ།། མཐོང་བ་ནི་ཀུན་རྫོབ་ཀྱི་བདེན་པ་འཛིན་པ་དང། ཇི་སྙེད ་ཡོད་པ་ཉིད་འཛིན་པ་དང། སྣ་ཚོགས་པའོ་ཞེས་བྱ་བ་ལ་སོགས་པའི་དབྱེ་བས་སོ། །མདོར་བསྡུས་ཏེ་བཤད་པར་བྱའོ་ཞེས་བྱ་བ་ནི་ངོ་བོ་ཉིད་བསྟན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་ལྷག་མཐོང ་གི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་པ་ཡིན་ནོ་ཞེས་བྱ་བ་ནི་དོན་དམ་པའི་བདེན་པ་དང། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་དང་རྣམ་པ་སྣ་ཚོགས་མ་ཡིན་པའི་ཕྱིར་རོ། །མ་འདྲེས་བའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་གི ་ཤེས་རབ་གང་ཡིན་པ་དེ་ནི་མཐོང་བ་ཡིན་ནོ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པ་དང་ཇི་སྙེད་ཡོད་པ་ཉིད་དང། རྣམ་པ་སྣ་ཚོགས་ཡིན་པའི་ཕྱིར་རོ།། དེ་ལྟར་ཞི་གནས་ཙམ་གྱི་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ཡོངས་སུ་རྫོགས་པར་མི ་འགྱུར་བའི་ཕྱིར་དེ་ཙམ་གྱིས་ཆོག་པར་འཛིན་ན་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ལས་རབ་ཏུ་ཉམས་ཤིང་ཆུང་ཟ་བར་འགྱུར་པས་དེ་ལ་རབ་ཏུ་ཉམས་པར་མི་འགྱུར་ཞིང། ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང་བཤད་པས་ཤེས ་རབ་རྣམ་གསུམ་གྱི་དོན་སོ་སོ་ཡང་དག་པར་རིག་པའི་བྱེ་བྲག་དང། བསྒོམས་པ་ལས་བྱུང་བའི་ཤེས་པ་དང། མཐོང་བའི་ངོ་བོ་ཉིད་ཀྱིས་རབ་ཏུ་ཕྱེ་བའི་ལྷག་མཐོང་གི་ལམ་གདགས་པ་གཏན་ལ་དབབ་པ་བསྟན་པ་ནི་ཞི་གནས་ཙམ་གྱིས་ཆུད་མི་ཟ ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཡིན་ནོ། །དེའི་འོག་ཏུ་ཕྲ་བ་ཀུན་ཏུ་འབྱུང་བས་ཡོངས་སུ་ཤེས་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ཕྲ་བ་ཀུན་ཏུ ་འབྱུང་བས་ཞེས་བྱ་བ་ནི་རྣམ་པར་རིག་པའི་དེ་བཞིན་ཉིད་མཉམ་པར་བཞག་པའི་ས་པའི་ཤེས་རབ་རྣམ་གསུམ་གྱིས་ཡིད་ལ་བྱེད་པས་སོ། །ཡོངས་སུ་ཤེས་པ་ཞེས་བྱ་བ་ནི་གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་བའི་མཚན ་ཉིད་མེད་པའི་ཆོས་ཡོངས་སུ་ཤེས་ཤིང། གཞན་གྱི་དབང་གི་ཀུན་ནས་ཉོན་མོངས་པའི་ཆོས་རབ་ཏུ་སྤངས་ཏེ། ཡོངས་སུ་གྲུབ་པའི་རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་ཐོས་པའོ། །ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ ་པ་ཞེས་བྱ་བ་ནི་ཕྲ་བ་ཀུན་ཏུ་འབྱུང་བས་ཡོངས་སུ་ཤེས་པས་རབ་ཏུ་ཕྱེ་བའི་ཞི་གནས་དང། ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གཏན་པ་དང། བཤད་པས་ཕྲ་བ ་ཀུན་ཏུ་འབྱུང་བས་ཡོངས་སུ་ཤེས་པ་གདགས་པ་གཏན་ལ་དབབ་པའོ། །དེ་ལ་མཚམས་སྦྱར་བ་ཇི་ལྟ་བུ་ཞེ་ན། འདིར་འཕགས་པ་བྱམས་པས་གཞན་དག་འདི་སྙམ་དུ་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང། ལྷག་མཐོང་གི་ལམ? ་གྱི་ངོ་བོ་ཉིད་ལ་སྦྱོར་བར་བྱེད་པ་ནི་རྣམ་པར་རིག་པའི་དེ་བཞིན་ཉིད་མཉམ་པར་བཞག་པའི་ས་པའི་ཤེས་རབ་རྣམ་གསུམ་གྱིས་ཡིད་ལ་བྱེད་པས་གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་མེད་པའི་ཆོས ་ཡོངས་སུ་ཤེས་ཤིང། གཞན་གྱི་དབང་གི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤངས་ཏེ། ཡོངས་སུ་གྲུབ་པའི་རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་ཐོབ་པར་བྱ་དགོས་ན། དེ་དག་གི་རྣམ་པར་གཞག་པའི་ཚུལ་ཇི་ལྟ་བུར་ཡིན་སྙམ ་དུ་སེམས་པ་རྣམས་ཀྱི་བསམ་པ་ལ་བརྟགས་ནས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་བསྒོམ་པས་ཡིད་ལ་བགྱིད་པ་གང་གིས་མཚན་མ་གང་ཇི་ལྟར་རྣམ་པར་སེལ་བར་བགྱིད་པ་ལགས་ཞེས་བྱ་བ་ལ་སོཌ ་པས་ཞུས་པ་རྣམ་པ་ལྔར་ཞུས་པ་སྦྱར་རོ། །དེ་ལ་ཞུ་བ་དང་པོ་འདིར་ནི་ཡིད་ལ་བགྱིད་པ་གང་གི་མཚན་མ་གང་ཇི་ལྟར་རྣམ་པར་སེལ་བར་བགྱིད་ཅེས་དོན་རྣམ་པ་གསུམ་ཞུས་པ་ཡིན་ཏེ། དེ་དག་གིས་ནི་བསྟན་པས་ཕྲ་བ་ཀུན་ཏུ་འབྱུང ་བས་ཡོངས་སུ་ཤེས་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏོ། །ཞུ་བ་ལྷག་མ་བཞིས་ནི་བཤད་པས་དེ་བསྟན་པར་རིག་པར་བྱའོ། །དེ་ལ་ཡིད་ལ་བགྱིད་པ་གང་གིས་ཞེས་ཞུས་པའི་ལན་དུ། དེ་བཞིན་ཉིད ་ཡིད་ལ་བྱེད་པས་ཞེས་བྱ་བ་གསུངས་ཏེ། རྣམ་པར་རིག་པའི་དེ་བཞིན་ཉིད་རྣམ་པར་བཞག་པའི་ས་པའི་ཤེས་རབ་རྣམ་པ་གསུམ་གྱི་ཡིད་ལ་བྱེད་པ་སྟེ། ད་ནི་ཕྲ་བ་ཀུན་འབྱུང་བས་ཤེས་བྱ་བའི་དོན་ཏོ། །མཚན་མ་གང་རྣམ་པར་སེལ ་བར་བགྱིད་ལགས་ཞེས་ཞུས་པའི་ལན་དུ་ཆོས་ཀྱི་མཚན་མ་དང་དོན་གྱི་མཚན་མ་རྣམ་པར་སེལ་བར་བྱེད་དེ་ཞེས་བྱ་བ་གསུངས་ཏེ། གཞན་གྱི་དབང་གི་མཚན་ཉིད་ཀྱི་མཚན་མ་རྣམ་པར་སེལ་བར་བྱེད་དེ། དེས་ནི་གཞན་གྱི་དབང་གི་ཀུན ་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤང་བར་བསྟན་ཏོ། །དེ་ལ་ཆོས་ཞེས་བྱ་བ་ནི་སྔར་ཆོས་སོ་སོ་ཡང་དག་པར་རིག་པའི་སྐབས་སུ་མིང་དང་ཚིག་དང་ཡི་གེ་སོ་སོ་ཡང་དག་པར་རིག་པར་བྱ་བ་བསྟན་པ་གང་ཡིན་བའོ། །དོན་ཅེས་བྱ་བ ་ནི་སྔར་དོན་སོ་སོ་ཡང་དག་པར་རིག་པར་བྱ་བའི་སྐབས་སུ་རྣམ་པ་བཅུ་དང་ལྔ་དང་བཞི་དང། གསུམ་གྱིས་སོ་སོ་ཡང་དག་པར་རིག་པར་བྱ་བ་བསྟན་པ་གང་ཡིན་པའོ། །མཚན་མ་ཞེས་བྱ་བ་ནི་ཆོས་དང་དོན་ཉིད་མཚན་མ་སྟེ། སེམས་ཀྱི་རྣམ་པ ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ནི་གཞན་གྱི་དབང་གི་མཚན་ཉིད་རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་ཡིན་པས་གནས་གྱུར་བར་བྱ་དགོས་པའི་ཕྱིར ་རྣམ་པར་བསལ་བར་བྱ་བ་ཡིན་ནོ།། ཇི་ལྟར་རྣམ་པར་སེལ་བར་བགྱིད་ཅེས་ཞུས་པའི་ལན་དུ། མིང་དང་མིང་གི་ངོ་བོ་ཉིད་མི་དམིགས་ཤིང་དེའི་གནས་མཚན་མ་ཡང་ཡང་དག་པར་རྗེས་སུ་མི་མཐོང་བར་རྣམ་པར་སེལ་ཏོ་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་མེད་པའི་ཆོས་ཡོངས་སུ་ཤེས་ཤིང་གཞན་གྱི་དབང་གི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤངས་པ་སེལ་ཏོ།། དེ་ལ་ཆོས་དང་དོན་གྱི་མཚན་མ་ནི ་གཞན་གྱི་དབང་གི་མཚན་ཉིད་དེ་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་ཡིན་ལ། མིང་ལ་སོགས་པའི་ཀུན་བརྟགས་པའི་མཚན་ཉིད་དེ་མཚན་ཉིད་མེད་པའི་ཆོས་ཡིན་ནོ། །མིང་ལ་མིང་གི་ངོ་བོ་ཉིད་དམིགས་ཤིང་ཞེས་བྱ་བས་ནི་གཞན ་གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་མེད་པའི་ཆོས་ཡོངས་སུ་ཤེས་པས་རྣམ་པར་སེལ་བ་བསྟན་ཏེ། གཞན་གྱི་དབང་གི་མཚན་ཉིད་རྣམ་པར་རྟོག་པའི་སྦྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ ་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་དེ་ལ་ངོ་བོ་ཉིད་དམ། བྱེ་བྲག་དུ་མིང་བཏགས་པ་གང་ཡིན་པ་དེ་ནི་ཀུན་བརྟགས་པའི་མཚན་ཉིད་ཡིན་པས་མིང་དེ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཡིན་པའི་ཕྱིར་ཀུན་བརྟགས ་པའི་མིང་ལ་མིང་གི་ངོ་བོ་ཉིད་མི་དམིགས་པས་རྣམ་པར་སེལ་ཏོ། །དེའི་གནས་མཚན་མ་ཡང་ཡང་དག་པར་རྗེས་སུ་མི་མཐོང་བས་ཞེས་བྱ་བས་ནི་གཞན་གྱི་དབང་གིས་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤངས་པས་རྣམ་པར ་སེལ་བ་བསྟན་ཏེ། ཀུན་བརྟགས་པའི་མིང་དེའི་གནས་གཞན་གྱི་དབང་གི་མཚན་ཉིད་རྣམ་པར་རྟག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་གང་ཡིན ་པ་དེ་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཀྱི་ངོ་བོ་ཉིད་མེད་པ་ཡིན་པའི་ཕྱིར་ཀུན་བརྟགས་པའི་མིང་དེའི་གནས་གཞན་གྱི་དབང་གི་མཚན་མ་ཡང་ཡང་དག་པར་རྗེས་སུ་མི་མཐོང་བས་རྣམས་པར་སེལ་ཏོ། །རྣམ་པར་སེལ་ཏོ། །ཞེས་བྱ ་བས་ནི་དེ་ལྟར་བྱང་ཆུབ་སེམས་དཔས་གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་མེད་པའི་ཆོས་ཡོངས་སུ་ཤེས་ཤིང་གཞན་གྱི་དབང་གི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་རབ་ཏུ་སྤངས་པས་གཞན་གྱི་དབང ་གི་མཚན་ཉིད་ཀྱི་མཚན་མ་དེ་རྣམ་པར་སེལ་ཏོ། །དེ་རྣམ་པར་བསལ་ན་ཡོངས་སུ་གྲུབ་པའི་རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་ཐོས་པ་ཡིན་ཏེ། གནས་གྱུར་པས་རབ་ཏུ་བྱེ་བ་ཡོངས་སུ་གྲུབ་པའི་དེ་བཞིན་ཉིད་ཀྱི་དོན་སོ་སོ་ཡང་དག ་པར་རིག་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། མིང་ལ་ཇི་ལྟ་བ་བཞིན་དུ་ཚིག་དང་ཡི་གེ་ལ་ཡང་དེ་བཞིན་ཏེ། དེ་དག་གིས་ནི་ཆོས་ཀྱི་མཚན་མ་ཇི་ལྟར་རྣམ་པར་སེལ་བ་བསྟན་ཏེ། དོན་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ནི་དོན་གྱི་མཚན ་མ་ཇི་ལྟར་རྣམ་པར་སེལ་བ་བསྟན་ཏོ། །རྣམ་པ་བཅུ་དང། ལྔ་དང། བཞི་དང། གསུམ་པོ་དག་ནི་ཀུན་བརྟགས་པའི་མཚན་ཉིད་ཡིན་ལ། དེ་དག་གི་སོ་སོར་ཡང་དག་པར་རིག་པར་བྱ་པའི་དོན་ནི་གཞན་གྱི་དབང་གི་མཚན་ཉིད་ཡིན་པས་གཞན་གྱི ་དབང་གི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་མེད་པའི་ཆོས་ཡོངས་སུ་ཤེས་ན་གཞན་གྱི་དབང་གི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱིས་ཆོས་རབ་ཏུ་སྤོང་ཞིང་ཡོངས་སུ་གྲུབ་པའི་རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་ཐོབ་པར ་འགྱུར་ལ་ཡང་དེ་བཞིན་དུ་རིག་པར་བྱའོ།། ཁམས་ཀྱི་བར་ལ་ཞེས་བྱ་བ་ནི་སྔར་དོན་སོ་སོ་ཡང་དག་པར་རིག་པ་རྣམ་པ་བཅུ་སྨོས་པ་ནས་གཟུང་སྟེ། ལྔ་དང། བཞི་དང་གསུམ་གྱི་ཐ་མར་ཁམས་ཀྱི་དོན་རྣམ་པ་ལྔ་པོ་འཇིག་རྟེན་གྱི་ཁམས ་དང་སེམས་ཅན་གྱི་ཁམས་དང། ཆོས་ཀྱི་ཁམས་དང། གདུལ་བའི་ཁམས་དང། གདུལ་བའི་ཐབས་ཀྱི་ཁམས་ཞེས་སྨོས་པའི་བར་དག་གཟུང་སྟེ། ཁམས་ཀྱི་ཀུན་བརྟགས་པའི་ངོ་བོ་ཉིད་མི་དམིགས་ཤིང། ཀུན་བརྟགས་པའི་ངོ་བོ་ཉིད ་དེའི་གནས་གཞན་གྱི་དབང་གི་མཚན་མ་ཡང་ཡང་དག་པར་རྗེས་སུ་མི་མཐོང་བས་དོན་གྱི་མཚན་མ་གཞན་གྱི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རྣམ་པར་སེལ་ཏོ་ཞེས་བྱ་བར་སྦྱར་རོ། །བཅོམ་ལྡན་འདས་ཅི་ལགས་དེ་བཞིན ་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པའི་མཚན་མ་གང་ལགས་པ་དེ་ཡང་རྣམ་པར་སེལ་བར་བགྱིད་ལགས་སམ་ཞེས་བྱ་བས་ནི་དེ་ལྟར་གཞན་གྱི་དབང་གི་མཚན་མ་རྣམ་པར་བསལ་ན་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་སྤོང་ཞིང ་རྣམ་པར་བྱད་པའི་མཚན་ཉིད་ཀྱི་ཆོས་འཐོབ་པ་ཡིན་ན་རྣམ་པར་བྱད་བའི་མཚན་ཉིད་ཀྱི་ཆོས་ཐོབ་པའི་དུས་ན་ཡོངས་སུ་གྲུབ་པའི་དེ་བཞིན་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པའི་མཚན་མ་གང་ཡིན་པ་དེ་ཡང་རྣམ་པར་བསལ་བར་བྱ་བ་ཡིན་ནམ ་ཞེས་ཞུས་པ་ཡིན་ནོ།། བྱམས་པ་དེ་བཞིན་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པ་ལ་ནི་མཚན་མ་མེད་དེ་མི་དམིགས་ན་དེ་ལ་ཅི་ཞིག་རྣམ་པར་སེལ་བར་འགྱུར་ཏེ་ཞེས་བྱ་བ་ལ། དེ་བཞིན་ཉིད་ཅེས་བྱ་བ་ནི་ཡོངས་སུ་གྲུབ ་བའི་དེ་བཞིན་ཉིད་དོ། །དོན་སོ་སོ་ཡང་དག་པར་རིག་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ། །མཚན་མ་ཞེས་བྱ་བ་ནི་གཉིས་སུ་དམིགས་པའོ།། མེད་དེ་མི་དམིགས་ན་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གཉིས་སུ ་དམིགས་པ་སྟེ། དེ་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་ལས་ཀྱང་རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་དངོས་པོ་མེད་པ་ཡིན། རྣམ་པ་ནི་ཞི་བ་ཡིན། བདག་པོ་ནི་དྲན་པ་ཡིན། མཚན་ཉིད་ནི་མེད་པ ་ཡིན་ནོ་ཞེས་གསུངས་སོ། །དེ་ལ་ཅི་ཞིག་རྣམ་པར་སེལ་བར་འགྱུར་ཏེ་ཞེས་བྱ་བ་ནི་བཙལ་བ་ཅི་ཡང་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། གང་མེད་པ་རྣམ་པར་སེལ་བར་བློ་འཇུག་པ་དེ་ནི་དེ་བཞིན་གཤེགས་པས་གསུངས་པའི་ཆོས་བདག་མེད ་པ་ཆུད་པའི་གནས་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པས་ནི་ཆོས་དང་དོན་གྱི་མཚན་མ་ཐམས་ཅད་ཟིལ་གྱིས་གནོན་གྱི་ཞེས་བྱ་བ་ནི་གནས་གྱུར་པས་རབ་ཏུ་ཕྱེ་བ་ཡོངས་སུ་གྲུབ་པའི་དེ ་བཞིན་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་བནི་ཡང་དག་བ་མ་ཡིན་པ་ཀུན་རྟོགས་པས་རབ་ཏུ་ཕྱེ་བ་གཞན་གྱི་དབང་གི་མཚན་མ་ཐམས་ཅད་ཀྱི་གཉེན་པོ་ཡིན་པས་ངེས་དེ་རྣམ་པར་སེལ་ཏོ་ཞེས་བྱ་བའི་ཐ་ཚིག་གོ། དེ་ནི་གང་གིས་ཀྱང ་ཟིལ་གྱིས་མནན་པར་བྱ་བ་ཡིན་པར་མི་སྨྲའོ་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་དེ་བཞིན་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པ་དེ་ནི་རྣམ་པར་བསལ་བར་བྱ་བ་མ་ཡིན་པའི་ཕྱིར་རོ།། བཅོམ་ལྡན་འདས་ཀྱི་ཆབ་རྙོག་མ་ཅན་མཆིས་པའི་སྣོང ་ཀྱི་དཔེ་དང། མེ་ལོང་ཡོངས་སུ་མདག་པའི་དཔེ་དང། མཚེའུ་འཁྲུགས་པའི་དཔེས་ཞེས་བྱ་བ་ལ་སོགས་པས་ནི་དེ་བཞིན་ཉིད་ཡིད་ལ་བྱེད་པས་ཞེས་བྱ་བ་ལ། དེ་བཞིན་ཉིད་རྣམ་པར་རིག་པའི་དེ་བཞིན་ཉིད་དོ་ཡིད་ལ་བྱེད་པ་ནི་མཉམ་པར་བཞག་པའི་ས ་པའི་ཤེས་རབ་རྣམ་གསུམ་གྱིས་ཡིད་ལ་བྱེད་པས་སོ་ཞེས་བཤད་པ་དེ་ཉིད་དམིགས་ཀྱིས་སྟོན་ཏོ། །དེ་ལ་དཔེ་དེ་གསུམ་མདོ་གཞན་དག་ལས་སེམས་རྙེད?་ཅན་དུ་གྱུར་པའི་ཉེས་པ་ནི་གསུམ་སྟེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི ་ཉེས་པ་དང། བག་ལ་ཉལ་བར་གྱི་ཉེས་པ་དང། ཀུན་ནས་དཀྲིས་པའི་ཉེས་པའོ། །དེ་དག་གིས་ཐོས་པ་དང། བསམས་པ་དང། བསྒོམས་པ་ལས་བྱུང་བའི་སེམས་རྙོག་པ་ཅན་དུ་གྱུར་ན་དེ་བཞིན་ཉིད་ཡིད་ལ་བྱེད་ཅིང་ཡང་དག་པ་ཇི་ལྟ་བ ་བཞིན་དུ་ཤེས་པར་མི་ནུས་ཀྱི། དེ་ལས་བཟློག་པས་ནི་མི་ནུས་སོ་ཞེས་གསུངས་པའི་དཔེ་ཡིན་ནོ།། མ་བསྒོམས་པའི་སེམས་ཀྱིས་ཞེས་བྱ་བ་ནི་མཉམ་པར་བཞག་པའི་སེམས་ཉེས་པ་སྔ་མ་གསུམ་གྱི་རྙོག་པ་ཅན་དུ་གྱུར་པས་སོ་སོ་ཡང ་དག་པར་ཇི་ལྟ་བ་བཞིན་དུ་ཤེས་པར་མི་ནུས་ཀྱི་ཞེས་བྱ་བ་ནི་རྣམ་པར་རིག་པའི་དེ་བཞིན་ཉིད་ཡིད་ལ་བྱེད་ཅིང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་མི་ནུས་པའོ། །སེམས་ཀྱི་སོ་སོར་བརྟགས་པ་ནི་གང་ལགས་ཞེས་བྱ་བ་ནི་མཉམ་པར ་བཞག་པའི་ས་པའི་སེམས་གང་དག་གི་རྣམ་པར་རིག་པའི་དེ་བཞིན་ཉིད་ཡིད་ལ་བགྱིད་ལགས་ཞེས་བྱ་བའི་ཐ་ཚིག་གོ། དེ་བཞིན་ཉིད་ནི་གང་ལས་དགོངས་ཞེས་བྱ་བ་ནི་མཉམ་པར་བཞག་པའི་ཤེས་རབ་གསུམ་གྱིས་ཡིད་ལ་བགྱི་པའི་དེ ་བཞིན་ཉིད་དེ་གང་ལགས་ཞེས་བྱ་བའི་ཐ་ཚིག་གོ། བྱམས་པ་སེམས་ཀྱི་སོ་སོར་བརྟགས་པ་རྣམ་པ་གསུམ་གྱི་ཕྱིར་ཏེ་ཞེས་བྱ་བས་ནི་ཆུ་རྙོག་པ་ཅན་གྱི་སྣོད་ལ་སོགས་པ་ལས་བཟློག་པའི་དཔེས་སེམས་ཉེས་པ་གསུམ་གྱིས་རྙོག་པ་ཅན་དུ་མ ་གྱུར་པས་རྣམ་པར་རིག་པའི་དེ་བཞིན་ཉིད་ཡིད་ལ་བྱེད་ཅིང། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་ནུས་པའི་སེམས་རྣམ་པ་གསུམ་བསྟན་ཏེ། མཉམ་པར་བཞག་པའི་ས་བའི་ཐོས་བ་ལས་བྱུང་བའི་སེམས་ལ་སོགས་པས ་རྣམ་པར་རིག་པའི་དེ་བཞིན་ཉིད་ལ་སོ་སོར་བརྟག་པའོ། །རྣམ་པར་རིག་པའི་དེ་བཞིན་ཉིད་ལས་དགོངས་ཏེ་ཡོངས་སུ་བརྟན་པ་ཡིན་ནོ་ཞེས་བྱ་བས་ནི་དེ་ལྟར་མཉམ་པ་བཞག་པའི་ས་པའི་ཤེས་རབ་རྣམ་གསུམ་གྱིས་ཡིད་ལ་བྱ་བའི་དེ་བཞིན ་ཉིད་ནི་རྣམ་པར་རིག་པའི་དེ་བཞིན་ཉིད་འདུ་བྱེད་རྣམས་རྣམ་པར་རིག་པ་ཙམ་ཉིད་གང་ཡིན་པའོ་ཞེས་བསྟན་ཏོ། །དེ་ལྟར་མཉམ་པར་བཞག་པའི་ས་པའི་ཤེས་རབ་རྣམ་གསུམ་གྱིས་རྣམ་པར་རིག་པའི་དེ་བཞིན་ཉིད་ལ་སོ་སོ་རྟོག་པ་ནི་དེ ་བཞིན་ཡིད་ལ་བྱེད་པས་ཞེས་སྔར་སྨོས་པ་ཡིན་ཏེ། དེས་ནི་ཕྲ་བ་ཀུན་ཏུ་བྱུང་བས་ཞེས་བྱ་བའི་དོན་བསྟན་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་ལྟར་ཆོས་དང་དོན་སོ་སོ་ཡང་དག་པར་རིག་པ་དང། མཚན་མ་རྣམ་པར་སེལ་བ ་ལ་ཞུགས་པའི་ཞེས་བྱ་བ་ལ་སོགས་པས་ནི་སྔར་མཚན་མ་གང་ཇི་ལྟར་རྣམ་པར་སེལ་བར་བགྱིད་ལགས་ཞེས་ཞུས་པས་གཞན་གྱི་དབང་གི་མཚན་མ་མཚན་ཉིད་མེད་པའི་ཆོས་ཡོངས་སུ་ཤེས་པ་དང། ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི ་ཆོས་ཀྱིས་རབ་ཏུ་སྤངས་པས་རྣམ་པར་སེལ་ཏོ་ཞེས་བསྟན་པ་དེ་ལས་གཞན་གྱི་དབང་གི་མཚན་མ་རྣམ་པར་གསལ་དཀའ་བ་གང་ཡིན་པ་དང། དེ་དག་གཉེན་པོ་གང་གིས་སེལ་བ་སྟོན་ཏོ། །མཚན་མ་དུ་ཞིག་ནི་རྣམ་བར་བསལ་དཀའ་བདག ་ལགས་ལ་ཞེས་བྱ་བས་ནི་སྔར་ཆོས་ཀྱི་མཚན་མ་དང་དོན་གྱི་མཚན་མ་རྣམ་པར་སེལ་བར་བྱེད་དོ་ཞེས་སྨོས་པ་དེ་དག་གི་ནང་ནས་གནས་སྐབས་སུ་མཚན་མ་རྣམ་པར་བསལ་དཀའ་བ་མཆིས་ཞེས་བྱ་བར་སྦྱར་རོ། །གང་གིས་ན་དེ་དག་རྣམ་པར?་སེལ་བ ་ལགས་ཞེས་པ་ནི་གཉེན་པོ་གང་གིས་ཞེས་བྱ་བར་སྦྱར་རོ། །དུ་ཞིག་ནི་རྣམ་པ་བསལ་དཀའ་བ་དག་ལགས་ལ་ཞེས་བྱ་བའི་ལན་དུ་བཅུ་སྟེ་ཞེས་བྱ་བ་གསུངས་ཏེ། ཆོས་དང་དོན་སོ་སོ་ཡང་དག་པ་རིག་པར་བྱེད་པ་སྔར་བསྟན་པ་དག་གི་ནང་ནས་གནས ་སྐབས་བཅུ་ལ་མཚན་མ་རྣམ་པར་བསལ་བར་ཡོད་དོ་ཞེས་བྱ་བར་སྦྱར་ཏེ། གནས་སྐབས་བཅུ་ལ་མཚན་མ་རྣམ་པར་བསལ་དཀའ་བ་ནི་བཅུ་དྲུག་ཡོད་པར་རིག་པར་བྱའོ།། གང་གིས་དེ་དག་རྣམ་པར་སེལ་ལགས་ཞེས་ཞུས་པའི་ལན་དུ། དེ་དག་ནི ་སྟོང་པ་ཉིད་ཀྱི་རྣམ་པར་སེལ་ཏོ་ཞེས་བྱ་བ་གསུངས་ཏེ། གནས་སྐབས་བཅུ་ལ་མཚན་མ་རྣམ་པར་བསལ་དཀའ་བ་བཅུ་དྲུག་ཡོད་པ་དེ་དག་སྟོང་པ་ཉིད་བཅུ་དྲུག་གིས་རྣམ་པར་སེལ་ཏོ་ཞེས་བྱ་བར་སྦྱར་རོ།། བཅུ་གང་ཞེ་ན་ཞེས་བྱ་བ་ནི་གནས་སྐབས ་བཅུ་གང་ཞེས་བྱ་བར་སྦྱར་ཏེ། གནས་སྐབས་བཅུ་པོ་འདིའི་མཚན་མ་ཐམས་ཅད་རྣམ་པར་བསལ་དཀའ་བ་ནི་མ་ཡིན་གྱི། དཀའ་སླ་འདྲེན་མར་ཡོད་པ་ལས་འདིར་ནི་སླ་བ་རྣམས་མ་སྨོན་པར་དཀའ་བ་ཉི་ཆེ་སྟོན་ཏེ། དཀའ་བ་ཡང་གནས་སྐབས ་བཅུ་པོ་ཁ་ཅིག་ལ་རེ་རེ་ཡོད། ཁ་ཅིག་ལ་གཉིས་གཉིས་ཡོད། ལ་ལ་ལ་བཞི་ཡོད་པས་རྣམ་པ་བཅུ་དྲུག་ཏུ་འགྱུར་རོ། །ཆོས་ཀྱི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པའི་ཞེས་བྱ་བ་ནི་གནས་སྐབས་དང་པོ་སྟེ། སྔར་ཆོས་སོ་སོ་ཡང་དག ་པར་རིག་པར་བྱེད་པ་བསྟན་པ་དང་སྦྱར་རོ། །དེ་ལ་ནི་མཚན་མ་རྣམ་པར་བསལ་དཀའ་བ་ཅིག་ཡོད་དེ། ཚིག་དང་ཡི་གེའི་མཚན་མ་སྣ་ཚོགས་གང་ཡིན་པའོ། །དེ་ནི་མིང་དང་ཚིག་དང་ཡི་གེའི་གནས་ཆོས་ཀྱི་མཚན་མ་སྣ་ཚོགས་ཡིན་པས་ཀུན་བརྟབS ་པའི་ཐ་སྙད་ལ་མངོན་པར་ཞེན་པའི་རྒྱུ་ཡིན་པའི་ཕྱིར་རྣམ་པར་བསལ་དཀའ་བ་ཞེས་བྱའོ། །དེ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རྣམ་བར་སེལ་ཏོ་ཞེས་བྱ་བས་ནི་མིང་དང། ཚིག་དང། ཡི་གེའི་གནས་འདུས་བྱས་དང། འདུས་མ་བྱས་ཀྱི་ཆོས ་ཐམས་ཅད་སྟོང་བར་མཉམ་པར་བཞག་པའི་ས་པའི་ཤེས་རབ་རྣམ་གསུམ་གྱིས་ཡིད་ལ་བྱས་ན་དེ་རྣམ་པར་སེལ་བར་འགྱུར་བའི་ཕྱིར་རོ། །གནས་དེ་བཞིན་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་བའི་ཞེས་བྱ་བ་ནི་གནས་སྐབས ་རྣམ་པ་གཉིས་ཏེ། སྔར་དེ་བཞིན་ཉིད་རྣམ་པ་བདུན་གྱི་ནང་ནས་གནས་པའི་དེ་བཞིན་ཉིད་ནི་ངས་སྡུག་བསྔལ་གྱི་བདེན་པ་བསྟན་པ་གང་ཡིན་པའོ་ཞེས་བསྟན་པའི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པ་དང་སྦྱར་རོ། །དེ་ལ་ཡང་མཚན་མ་རྣམ་པར་བསལ ་དཀའ་བ་ཅིག་ཡོད་དེ། སྐྱེ་བ་དང། འཇིག་པ་དང། གནས་པ་དང། གཞན་དུ་འགྱུར་བ་ཉིད་ཀྱི་རྒྱུན་གྱི་རྗེས་སུ་འཇུག་པའི་མཚན་མ་གང་ཡིན་པའོ། །དེ་ནི་སྡུག་བསྔལ་གྱི་བདེན་པ་སྡུག་བསྔལ་གསུམ་དང་བརྒྱད་ཀྱི་ནང་ནས་འདུ་བྱེད་ཀྱི་སྡུག་བསྔལ ་ཡིན་པས་ཤིན་ཏུ་རྟོགས་པར་དཀའ་བའི་ཕྱིར་རྣམ་པར་བསལ་དཀའ་པ་ཞེས་བྱའོ། །དེ་ནི་མཚན་ཉིད་སྟོང་པ་ཉིད་དང། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ། །ཞེས་བྱ་བ་ནི་མཚན་ཉིད་དང་མཚན་གཞི་མེད་པ་དང། སྟོན ་དང། ཕྱི་མའི་མཛའ་མེད་པས་སྟོང་པ་ཉིད་དུ་ཡིད་ལ་བྱས་ན་དེ་ལ་རྣམ་པར་སེལ་བའི་ཕྱིར་རོ། །འཛིན་པའི་དོན་སོ་སོ་ཡང་དག་བར་རིག་པར་བྱེད་པའི་ཞེས་བྱ་བ་ནི་གནས་སྐབས་གསུམ་པ་སྟེ། སྔར་དོན་སོ་སོ་ཡང་དག་པར་རིག་པ་བཅུའི་སྐད་སུ ་འཛིན་པའི་དོན་ནི་སྐྱེ་མཆེད་གཟུགས་ཅན་ལྔ་དང་སེམས་དང། ཡིད་དང། རྣམ་པར་ཤེས་པ་དང། སེམས་ལས་བྱུང་བའི་ཆོས་རྣམས་སོ་ཞེས་བསྟན་པའི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པ་དང་སྦྱར་རོ། །དེ་ལ་ནི་མཚན་མ་རྣམ་པར་བསལ ་བ་དཀའ་བ་གཉིས་ཡོད་དེ། འཇིག་ཚོགས་ལ་ལྟ་བའི་མཚན་མ་དང། ངའོ?་སྙམ་པའི་མཚན་མ་གང་ཡིན་པའོ། །དེ་གཉིས་ནི་འཛིན་པའི་དོན་རྣམས་ལས་སེམས་ལས་བྱུང་བའི་ཆོས་འཇིག་ཚོགས་ལ་ལྟ་བ་དང། ངའོ་སྙམ་པའི་ང ་རྒྱལ་ཡིན་པས་ཤིན་ཏུ་དབུལ་བར་བྱ་བའི་ཕྱིར་རྣམ་པར་བསལ་དཀའ་བ་ཞེས་བྱའོ། །དེ་ནི་ནང་སྟོང་པ་ཉིད་དང། མི་དམིགས་པ་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ་ཞེས་བྱ་བ་ནི་ནང་གི་ཕུང་པོ་སྟོང་པ་ཉིད་དང། བདག་མ་དམིགས་པར་ཡིད་ལ་བྱས་ན་ད་གཉིས ་རྣམ་པར་སེལ་བར་འགྱུར་བའི་ཕྱིར་རོ། །བཟུང་བའི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པའི་ཞེས་བྱ་བ་ནི་གནས་སྐབས་བཞི་པ་སྟེ། སྔར་དོན་སོ་སོ་ཡང་དག་པར་རིག་པ་རྣམ་པ་བཅུའི་སྐབས་སུ་བཟུང་བའི་དོན་ནི་ཕྱི་རོལ་གྱི་སྐྱེ་མཆེད་དྲུག་པོ ་དག་ཡིན་ནོ་ཞེས་བསྟན་པ་སོ་སོ་ཡང་དག་པར་རིག་པར་བྱེད་པ་དང་སྦྱར་རོ། །དེ་ལ་ཡང་མཚན་མ་རྣམ་པར་བསལ་དཀའ་པ་ཞིག་ཡོད་དེ། ལོངས་སྤྱོད་ལ་ལྟ་བའི་མཚན་མ་གང་ཡིན་པའོ། །དེ་ནི་ཡུལ་ཡིད་དུ་འོང་བ་བདག་གིར་བྱ་བ་ཡིན ་པས་རྗེས་སུ་འཆགས་པའི་གནས་ཡིན་པའི་ཕྱིར་རྣམ་པར་བསལ་དཀའ་བ་ཞེས་བྱའོ། །དེ་ནི་ཕྱི་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ་ཞེས་བྱ་བ་ནི་ཕྱིའི་ཡུལ་རྣམས་སྟོང་པར་ཡིད་ལ་བྱས་ནས་དེ་རྣམ་པར་སེལ་བར་འགྱུར་བའི་ཕྱིར་རོ། །ཡོངས་སུ ་ལོངས་སྤྱོད་པའི་དོན་དུ་སྐྱེས་པ་དང་བུད་མེད་ཀྱི་གཉེན་བཀུར་དང་ཡོ་བྱད་དང་ལྡན་པ་སོ་སོ་ཡང་དག་པར་རིག་པར་བྱེད་པའི་ཞེས་བྱ་བ་ནི་གནས་སྐབས་ལྔ་པ་སྟེ། སྔར་དོན་སོ་སོ་ཡང་དག་པར་རིག་པ་རྣམ་པ་བཅུའི་སྐབས་སུ་ལོངས ་སྤྱོད་ཀྱི་དོན་ཡོངས་སུ་ལོངས་སྤྱད་པའི་ཕྱིར་ངས་སེམས་ཅན་རྣམས་ཀྱི་ཡོངས་སུ་བཟུང་བ་དང། ཡོ་བྱད་བསྟན་པ་གང་དག་ཡིན་པ་རྣམས་སོ་ཞེས་བསྟན་པའི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པ་དང་སྦྱར་རོ། །དེ་ལ་ཡང་མཚན་མ་རྣམ ་པར་བསལ་དཀའ་བ་གཉིས་ཡོད་དེ། །ནང་གི་བདེ་བའི་མཚན་མ་དང། ཕྱི་རོལ་གྱི་སྡུག་པའི་མཚན་མ་གང་ཡིན་པའོ། །དེ་གཉིས་ནི་ཡོངས་སུ་བསྡུ་བའི་དངོས་པོ་བདུན་དང་ཡོ་བྱད་བཅུ་པོ་དག་ལས་ནང་གི་ཚོར་བ་ལ་ལོག་པར་བདེ་བར ་མོས་པ་དང། ཕྱི་རོལ་གྱི་གཉེན་བཀུར་ལ་སོགས་པ་ལོག་པར་སྡུག་པར་མོས་པ་ཡིན་པས་མངོན་པར་ཞེན་པའི་གནས་ཀྱི་རྣམ་པར་ཡིན་པའི་ཕྱིར་རྣམ་པར་བསལ་དཀའ་བ་ཞེས་བྱའོ། །དེ་ནི་ཕྱི་ནང་སྟོང་པ་ཉིད་དང། རང ་བཞིན་གྱིས་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ་ཞེས་བྱ་བ་ནི་ནང་གི་བདེ་བ་དང། ཕྱི་རོལ་གྱི་སྡུག་བསྔལ་བའི་མཚན་མ་རྨི་ལམ་བཞིན་དུ་ཕྱི་ནང་སྟོང་པ་དང། ནད་དང་ཕྱི་རོལ་ལ་ལོག་པར་མོས་པ་རང་བཞིན་གྱིས་སྟོང་པར་ཡིད་ལ་བྱས ་ན་དེ་གཉིས་རྣམ་པར་སེལ་བའི་ཕྱིར་རོ། །གནས་ཀྱི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པའི་ཞེས་བྱ་བ་ནི་གནས་སྐབས་དྲུག་པ་སྟེ། སྔར་དོན་སོ་སོ་ཡང་དག་པར་རིག་པ་རྣམ་པ་བཅུའི་སྐབས་སུ་གནས་ཀྱི་དོན་ན་འཇིག་རྟེན་གྱི་ཁམས་གང ་ཡིན་པ་སྟེ་ཞེས་བསྟན་པའི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པ་དང་སྦྱར་རོ། །དེ་ལ་ཡང་མཚན་མ་རྣམ་པར་བསེལ་དཀའ་བ་ཅིག་ཡོད་དེ། ཚད་མེད་པའི་མཚན་མ་གང་ཡིན་པའོ།། དེ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ ་ལ་རྟོག་པ་ཡིན་པས་གཡེང་བའི་རྣམ་པ་ཡིན་པའི་ཕྱིར་རྣམ་པར་བསལ་དཀའ་བ་ཞེས་བྱའོ། །དེ་ནི་ཆེན་པོ་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ་ཞེས་བྱ་བ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ཐམས་ཅད་ནམ་མཁའ་དང་འདྲ ་བར་སྟོང་པ་ཡིད་ལ་བྱས་ན་དེ་རྣམ་པར་སེལ་བར་འགྱུར་བའི་ཕྱིར་རོ། །གཟུགས་མེད་པ་ལ་བརྟེན་ཏེ་ཞེས་བྱ་བ་ནི་གནས་སྐབས་བདུན་པ་སྟེ། སྔར་དོན་སོ་སོ་ཡང་དག་པར་རིག་པ་རྣམ་པ་བཅུའི་སྐབས་སུ་ཀུན་ནས་ཉོན་མོངས་པའི་དོན་ནི་རྣམ་པ ་གསུམ་སྟེ། ཁམས་གསུམ་པའི་ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པའི་ཞེས་བསྟན་པའི་ནང་ནས། གཟུགས་མེད་པའི་ཁམས་ཀྱི་ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པའི་དོན་སོ་སོ་ཡང་དག་པར ་རིག་པར་བྱེད་པ་དང་སྦྱར་རོ། །དེ་ལ་ཡང་མཚན་མ་རྣམ་པར་བསལ་དཀའ་བ་ཅིག་ཡོད་དེ། ནང་གི་ཞི་བའི་རྣམ་པར་ཐར་པའི་མཚན་མ་གང་ཡིན་པའོ། །དེ་ནི་མེད་པ་དང་ཅི་ཡང་མེད་པ་དང། ཕྲ་བ་འདུ་ཤེས་པ་ལ་ཞི་བ་རྣམ་པར་ཐར་པར་ལྟ་བ་ཡིན་པས ་འཇིག་ཚོགས་ལ་ལྟ་བའི་རྣམ་པ་ཡིན་པའི་ཕྱིར་རྣམ་པར་བསལ་དཀའ་བ་ཞེས་བྱའོ། །དེ་ནི་འདུ་ས་བྱས་སྟོང་པ་ཉིད་གྱིས་རྣམ་པར་སེལ་ཏོ་ཞེས་བྱ་བ་ནི་དེ་ཡང་འདུས་བྱས་ཀྱི་ཁོངས་སུ་གཏོགས་ལ། འདུས་མ་བྱས་ཐམས་ཅད་རྐྱེན་ལ་རག་པ་ལས ་པས་སྟོང་པ་ཉིད་དུ་ཡིད་ལ་བྱས་ན་དེ་རྣམ་པར་སེལ་བར་འགྱུར་བའི་ཕྱིར་རོ། །མཚན་ཉིད་ཀྱི་དེ་བཞིན་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པའི་ཞེས་བྱ་བ་ནི་གནས་སྐབས་བརྒྱད་པ་སྟེ། སྔར་དེ་བཞིན་ཉིད་རྣམ་པ་བདུན་གྱི་ནང་ནས་མཚན ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་ཆོས་ཐམས་ཅད་ཀྱི་གང་ཟག་བདག་མེད་པ་དང། ཆོས་བདག་མེད་པ་གང་ཡིན་པའོ་ཞེས་བསྟན་པའི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པ་དང་སྦྱར་རོ། །དེ་ལ་ནི་མཚན་མ་རྣམ་པར་བསལ་དཀའ་བ་བཞི་ཡོད་དོ། །གང ་ཟག་བདག་མེད་པའི་མཚན་མ་དང། ཆོས་བདག་མེད་པའི་མཚན་མ་དང། རྣམ་པར་རིག་པ་ཙམ་གྱི་མཚན་མ་དང། དོན་དམ་པའི་མཚན་མ་གང་ཡིན་པའོ། །དེ་དག་ནི་ཡང་དག་པ་མ་ཡིན་པའི་ཀུན་རྟོག་པས་དེ་ལྟར་འཛིན་པ། ཡིན་པས་ན ་མཚན་ཉིད་ལ་མངོན་པར་ཞེན་པའི་རྣམ་པ་ཡིན་པའི་ཕྱིར་རྣམ་པར་བསལ་དཀའ་བ་ཞེས་བྱའོ།། དེ་ལ་དང་པོ་ནི་མཛའ་ལས་འདས་པ་སྟོང་པ་ཉིད་ཀྱི་རྣམ་པར་སེལ་ཏེ། གང་ཟག་གཏན་མེད་པས་དགག་པ་ཡང་གཏན་མེད་པའི་ཕྱིར་རོ། །གཉིས ་པ་ནི་དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་རྣམ་པར་སེལ་ཏེ། ཆོས་དངོས་པོ་མེད་པས་དགག་པ་ཡང་གཏན་མེད་པའི་ཕྱིར་རོ།། གསུམ་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏེ།། འཁྲུག་པའི་རང་བཞིན་གྱི་རྣམ་པར་རིག ་པ་ནི་གཉིས་མེད་པས་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །བཞི་པ་ནི་དོན་དམ་པ་སྟོང་པ་ཉིད་ཀྱི་རྣམ་པར་སེལ་ཏེ། ཡང་དག་པའི་ཤེས་པ་དམ་པ་དང། དེའི་དོན་དེ་བཞིན་ཉིད་ནི་ཀུན་བརྟགས་པའི་ཐ་སྙད་དང་བྲལ་བ་དང། ་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་གནས་གྱུར་པས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །རྣམ་པར་དག་པའི་དེ་བཞིན་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པའི་ཞེས་བྱ་བ་ནི་གནས་སྐབས་དགུ་པ་སྟེ། སྔར་དེ་བཞིན་ཉིད་རྣམ་པ་བདུན་གྱི་ནང ་ནས་རྣམ་པར་དག་པའི་དེ་བཞིན་ཉིད་ནི་ངས་འགོག་པའི་བདེན་པ་བསྟན་པ་གང་ཡིན་པའོ་ཞེས་བསྟན་པའི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པ་དང་སྦྱར་རོ། །དེ་ལ་ཡང་མཚན་མ་རྣམ་པར་བསལ་དཀའ་བ་གཉིས་ཡོད་དེ། འདུས་མ་བྱས་ཀྱི ་མཚན་མ་དང། འགྱུར་བ་མེད་པའི་མཚན་མ་གང་ཡིན་པའོ། །དེ་གཉིས་ནི་འགོག་པ་ལ་འདུས་མ་བྱས་པ་དང། ཕུང་པོ་མེད་པ་ཉིད་དུ་མངོན་པར་ཞེན་པ་ཡིན་པས་འཇིག་ཚོགས་འགོག་པ་ལ་དམིགས་པའི་མཚ་མ་ཕྲ་མོ་ཡིན་པའི་ཕྱིར ་རྣམ་པར་བསལ་དཀའ་བ་ཞེས་བྱའོ། །དེ་ལ་དང་པོ་ནི་འདུས་མ་བྱས་སྟོང་པ་ཉིད་ཀྱི་རྣམ་པར་སེལ་ཏེ། འདུས་མ་བྱས་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །གཉིས་པ་ནི་འགྱུར་བ་མེད་པ་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏེ། འགྱུར་བ་མེད་པ་ཞེས་ཀྱང ་བྱ། དོར་བ་མེད་པ་ཞེས་བྱ་སྟེ། འགྱུར་བ་དང་དོར་བ་ཞེས་བྱ་བ་ནི་ཕུང་པོའི་མིང་གི་རྣམ་གྲངས་སོ།། དེ་མེད་པ་ནི་འགོག་པ་མྱ་ངན་ལས་འདས་པ་སྟེ། དེ་ནི་དོན་དམ་པའི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་སྟོང་པའི་ཕྱིར། དེ་ཡིད་ལ་བྱས་ན་མཚན་མ་དེ་རྣམ ་པར་སེལ་བར་འགྱུར་བའི་ཕྱིར་རོ། །མཚན་མ་དེའི་གཉེན་པོ་སྟོང་པ་ཉིད་དེ་ཉིད་ཡིད་ལ་བྱེད་པའི་ཞེས་བྱ་བ་ནི་གནས་སྐབས་བཅུ་པ་སྟེ། སྔར་དོན་སོ་སོ་ཡང་དག་པར་རིག་པ་རྣམ་པ་བཅུའི་སྐབས་སུ་རྣམ་པར་བྱང་བའི་དོན་ནི་ཀུན་ནས་ཉོན་མོངས་པ ་རྣམ་པ་གསུམ་པོ་དེ་དག་ཉིད་དང་བྲལ་བར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་གང་དག་ཡིན་པ་རྣམས་ཏེ་ཞེས་བསྟན་པ་ལས་རྣམ་པར་མ་བཞག་པའི་དེ་བཞིན་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པ་དང་སྦྱར་མངོན་པར་ཞེན་པ་ཡིན་པས། མཐུན་པའི་ཆོས་ལ་སྲེད་པ ་རྣམ་པར་བསལ་དཀའ་བ་ཅིག་ཡོད་དེ། སྟོང་པ་ཉིད་ཀྱི་མཚན་མ་གང་ཡིན་པའོ།། དེ་སྟོང་པ་ཉིད་ཤེས་པ་གང་གི་མཚན་མ། ཐམས་ཅད་རྣམ་པར་སེལ་བར་འགྱུར་བའི་སྟོང་པ་ཉིད་དེ་ལ་མངོན་པར་ཞེན་པ་ཡིན་པས། མཐུན་པའི་ཆོས་ལ་སྲེད་པ ་ཡིན་པའི་ཕྱིར་རྣམ་པར་བསལ་དཀའ་བ་ཞེས་བྱའོ། །དེ་ནི་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ་ཞེས་བྱ་བ་ནི་སྟོང་པ་ཉིད་ཤེས་པ་གང་གི་མཚན་མ་ཐམས་ཅད་རྣམ་པར་སེལ་བར་འགྱུར་བའི་སྟོང་པ་ཉིད་དེ་ཡང་སྟོང་པ་ཉིད་དུ་མཉམ ་པར་བཞག་པའི་ས་པའི་ཤེས་རབ་རྣམ་གསུམ་གྱིས་ཡིད་ལ་བྱས་ན་མཚན་མ་དེ་རྣམ་པར་སེལ་བར་འགྱུར་བའི་ཕྱིར་རོ།། དེ་དག་གིས་ཀྱང་གཞན་གྱི་དབང?་གི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་མེད་པའི་ཆོས་ཡོངས་སུ་ཤེས ་ན་གཞན་གྱི་དབང་གི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤོང་བ་བསྟན་པ་ཡིན་ནོ།། བཅོམ་ལྡན་འདས་མཚན་མ་རྣམ་པར་སེལ་བར་བགྱིད་པ་ན་ཞེས་བྱ་བ་ལ་སོགས་པས་ནི་གཞན་གྱི་དབང་གི་ཀུན་ནས་ཉོན་མོངས་པའི ་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤངས་ནས་ཡོངས་སུ་གྲུབ་པའི་རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་ཐོབ་བར་འགྱུར་བ་སྟོན་ཏོ།། བྱམས་པ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་གྱི་མཚན་མ་རྣམ་པར་སེལ་བར་བྱེད་ཅིང་ཞེས་བྱ་བ་ནི་ཞི་གནས ་དང། ལྷག་མཐོང་གི་དམིགས་པ་གཟུགས་བརྙན་གཉིས་རྣམ་པར་སེལ་བར་བྱེད་པ་སྟེ། དེས་ནི་གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་དུ་མངོན་པར་ཞེན་པ་མེད་པ་བསྟན་ཏོ། །ཀུན་ནས་ཉོན་མོངས་པའི་འཆིང་བའི ་མཚན་མ་ལས་ཡོངས་སུ་གྲོལ་བར་འགྱུར་ལ་ཞེས་བྱ་བ་ནི་གཞན་གྱི་དབང་གི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤོང་བར་འགྱུར་བ་སྟེ། དེས་ནི་གནས་གྱུར་པ་ཉིད་བསྟན་ཏོ། །དེ་ཡན་རྣམ་པར་སེལ་ཏོ།། ་ཞེས་བྱ་བ་ནི་གང་ལས་གྲོལ་བར་འགྱུར་བའི་འཆིང་བ་དེ་ཡང་རྣམ་པར་སེལ་ཏེ། དེས་ནི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤངས་ན་རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་ཐོབ་པར་འགྱུར་བ་ཉིད་བསྟན་པ་ཡིན་ནོ། །བྱམས ་པ་སྟོང་པ་ཉིད་དེ་དག་ནི་ཞེས་བྱ་བ་ལ་སོགས་པས་ནི་སྔར་བྱམས་པ་དེ་བཞིན་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པས་ནི་ཆོས་དང་དོན་གྱི་མཚན་མ་ཐམས་ཅད་ཟིལ་གྱིས་གནོན་གྱི་ཞེས་སྨོས་པའི་དོན་ཏེ། ཡོངས་སུ་གྲུབ་པའི་དེ ་བཞིན་ཉིད་ཡིད་ལ་བྱེད་པ་ནི་གཞན་གྱི་དབང་གི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་ཐམས་ཅད་ཀྱི་གཉེན་པོ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།བྱམས་པ་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པའི་ཚིག་གི་དོན་ནི་གོ་སླའོ། །དེ ་ལྟར་ཕྲ་བ་ཀུན་ཏུ་འབྱུང་བས་ཡོངས་སུ་ཤེས་པས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང། བཤད་པས་ཕྲ་བ་ཀུན་ཏུ་འབྱུང་བས ་ཡོངས་སུ་ཤེས་པ་གདགས་པ་གཏན་ལ་དབབ་པ་བསྟན་པ་ནི་ཕྲ་བ་ཀུན་ཏུ་འབྱུང་བས་ཡོངས་སུ་ཤེས་པ་ཆུང་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཡིན་ནོ།། དེའི་འོག་ཏུ་སྟོང་པ་ཉིད་ལ་སྐྲག་པ་རྣམ་པར་གཞིཅ་ཅིང་ཆུང་མི ་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དེ་བབ་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། སྟོང་པ་ཉིད་ལ་སྒྲག་པ་ཞེས་བྱ་བ་ནི་ཀུན་བརྟག་པའི་མཚན་ཉིད་ཀྱི་སྟོང་པ་ཉིད་ཀྱི་སྟོང་པ་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་མཚན་ཉིད ་ཀྱིས་དོན་མ་རྟོགས་ན་ངེས་སྐྲག་པར་འགྱུར་རོ། །རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཞེས་བྱ་བ་ནི་སྐྲག་པ་དེ་རྣམ་པར་གཞིག་ཅིང་ཀུན་བརྟགས་པའི་མཚན་ཉིད་ཀྱིས་གཞན་གྱི་དབང་དང། ཡོངས་སུ་གྲུབ ་པའི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུང་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང། བཤད་པ་སྟོང་པ་ཉིད་ཀྱིས་སྐྲག་པ་རྣམ་པར་གཞིག་ཅིང་གདགS ་པ་གཏན་ལ་དབབ་པའོ།། དེ་ལ་མཚམས་སྦྱར་པ་ཇི་ལྟ་བུ་ཞེ་ན་འདིར་འཕགས་པ་བྱམས་པས་གཞན་དག་འདི་སྙམ་དུ་དེ་དག་གཞན་གྱི་དབང་གི་མཚན་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པའི་གནས་སྐབས་བཅུའི་མཚན ་མ་རྣམ་པར་བསལ་དཀའ་བ་རྣམ་པ་བཅུ་དྲུག་གི་སྟོང་བ་ཉིད་བཅུ་དྲུག་གི་རྣམ་པར་སེལ་ཅིང་སྟོང་པ་ཉིད་རེ་རེ་ལ་ཡང་མཚན་མ་ཐམས་ཅད་ཀྱི་གཉེན་པོར་མི་འགྱུར་བ་ནི་མ་ཡིན་ནོ།། ཞེས་གསུངས་ན་ཐེ་པ་ཆེན་པོ་ལ་བྱང་ཆུབ་སེམས ་དཔའ་རྣམས་ཀྱིས་གང་རྟོགས་ན་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་མངོན་པའི་ང་རྒྱལ་མེད་པས་རབ་ཏུ་ཉམས་པར་མི་འགྱུར་བའི་སྟོང་པ་ཉིད་ཀྱིས་མཚན་ཉིད་བསྡུས་པ་གང་ཡིན་སྙམ་དུ་སེམས་པ་རྣམས་ཀྱི་བསམ་པ་ལ་བརྟགས་ནས། ་བཅོམ་ལྡན་འདས་ཐེག་པ་ཆེན་པོ་ལ། བྱང་ཆུབ་སེམས་དཔའ་ནམས་ཀྱི་གང་རྟོགས་ན་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་མངོན་པའི་ང་རྒྱལ་མ་མཆིས་པས་རབ་ཏུ་ཉམས་པར་མི་འགྱུར་བའི་སྟོང་པ་ཉི་ཀྱི་མཚན་ཉིད་བསྡུས་པ་གང་ལགས་ཞེས ་བྱ་བ་ཞུས་པ་དང་སྦྱར་རོ།། འདིར་ལེགས་སོ་ཞེས་བྱ་བ་བྱིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་བསྟན་པས་སྟོང་པ་ཉིད་ལ་སྐྲག་པ་རྣམ་པར་གཟག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལེ་དབབ་པ་བསྟན་པར་བྱ་སྟེ། ཉིད་ནི་བྱང་ ་ཆུབ་སེམས་དཔའ་རྣམས་ཀྱི་ཆུང་ཟ་བར་འགྱུར་བའི་རྒྱུ་མངོན་པའི་ང་རྒྱལ་གྱི་གཉེན་པོ་ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེའི་མཚན་ཉིད་ཡོངས་སུ་ཤེས་པར་བྱས་ན་ཆུད་མི་ཟ་བར་འགྱུར་བས་དེའི་ཕྱིར ་བྱམས་པ་ཁྱོད་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་སྟོང་པ་ཉིད་ལས་རབ་ཏུ་ཉམས་པར་མི་འགྱུར་བར་བྱ་པའི་ཕྱིར་དེ་བཞིན་གཤེགས་པ་ལ་ཁྱོད་དོན་འདི་ཉིད་འདྲི་བ་ལེགས་སོ་ཞེས་བཀའ་སྩལ་པ་ཉིད་ཀྱིས་དེ་མདོར་བསྟན་པ་ཡིན་པའི་ཕྱིར་རོ།། ་སྟོང་པ་ཉིད་ལས་རབ་ཏུ་ཉམས་པ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་ཡོངས་སུ་མི་ཤེས་པ་ཞེས་བྱ་བའི་ཐ་ཚིག་གོ་།ཐེག་པ་ཆེན་པོ་མཛའ་དག་ལས་ཀྱང་རབ་ཏུ་ཉམས་པར་འགྱུར་བའི་ཕྱིར་རོ།། ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་ཡོངས་སུ ་མི་ཤེས་པས་ནི་ཐེག་པ་ཆེན་པོའི་དོན་ཀྱང་ཡོངས་སུ་མི་ཤེས་པའི་ཕྱིར་ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའ་ཨི་ལམ་འབྲས་བུ་དང་བཅས་པ་མཛའ་དག་ལས་མ་ཐོབ་པའི་ཉམས་པས་ཡོངས་སུ་ཉམས་པར་འགྱུར་བའི་ཕྱིར་རོ། །བྱམས་པ་དེའི ་ཕྱིར་ཉོན་ཅིག་དང་སྟོང་པ་ཉིད་ཀྱི་མཚན་ཉིད་བསྡུས་པ་ཁྱོད་ལ་བཤད་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་བཤད་པས་སྟོང་པ་ཉིད་ལ་སྐྲག་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏོ།། ་གཞན་གྱི་དབང་གི་མཚན་ཉིད་དང་ཡོངས་སུ་གྲུབ་པའི་མཚན་ཉིད་རྣམ་པ་ཐམས་ཅད་དུ་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའི་ཀུན་བརྟགས་པའི་མཚན་ཉིད་དང། ཤིན་ཏུ་རྣམ་པར་བྲལ་བ་ཉིད་ཅེས་བྱ་བ་ནི་གཞན་གྱི་དབང་དང། ་ཡོངས་སུ་གྲུབ་པའི་མཚན་ཉིད་ལ་གཞན་གྱི་དབང་གི་ཀུན་ནས་ཉོན་མོངས་པ་ཡིན་ནོ། །ཡོངས་སུ་གྲུབ་པ་ནི་རྣམ་པར་བྱང་བ་ཡིན་ན་ཞེས་ངོ་བོ་ཉིད་དང་བྱེ་བྲག་ཏུ་མི་བརྡར་སྒྲོ་འདོགས་པ་ནི་ཀུན་བརྟགས་པའི་མཚན་ཉིད་ཡིན་པས། མཆན? ་ཉིད་སྔ་མ་གཉིས་ཀུན་བརྟགས་པའི་མཚན་ཉིད་དང། ཤིན་ཏུ་རྣམ་པར་བྲལ་པ་ཉིད་ནི་མཚན་ཉིད་དེ་གཉིས་ཀུན་བརྟགས་པའི་མཚན་ཉིད་ཀྱིས་སྟོང་པ་ཡིན་པས་སྟོང་པ་ཉིད་ནི་མཚན་ཉིད་བསྡུས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལ་དམིགས ་པ་གང་ཡིན་པ་ཞེས་བྱ་བ་ནི་གཞན་གྱི་དབང་དང། ཡོངས་སུ་གྲུབ་པའི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་དེ་དམིགས་པ་གང་ཡིན་པའོ།། དེ་ནི་ཐེག་པ་ཆེན་པོ་ལ་སྟོང་པ་ཉིད་ཀྱི་མཚན་ཉིད་བསྡུས་པ་ཞེས་བྱའོ་ཞེས་བྱ་བས་ནི་ཀུན་བརྟགས ་བའི་མཚན་ཉིད་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡིན་ལ། གཞན་གྱི་དབང་གི་མཚན་ཉིད་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ཀྱང་ངོ་བོ་ཉིད་མེད་པ་ཡིན་ཡོངས་སུ་གྲུབ་པའི་མཚན ་ཉིད་ནི་དོན་དམ་པ་ངོ་བོ་ཉིད་ཁོ་ནས་ངོ་བོ་ཉིད་མེད་པ་ཡིན་པས། གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་མེད་པའི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ན་གཞན་གྱི་དབང་གི་ཀུན་ནས་ཉོན་མོངས་པའི་མཚན་ཉིད ་ཀྱི་ཆོས་རབ་ཏུ་སྤོང་ཞིང། གཞན་གྱི་དབང་གི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤངས་ནས། ཡོངས་སུ་གྲུབ་པའི་རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་ཐོས་པར་འགྱུར་བ་ནི་ཐེག་པ་ཆེན་པོ་ལ་སྟོང་པ་ཉིད་ཀྱི་མཆན?་ཉིད་ཀྱི ་བསྡུས་པ་ཡིན་ནོ་ཞེས་བསྟན་ཏོ།། དེ་ལྟར་སྟོང་པ་ཉིད་ལ་སྐྲག་པ་རྣམ་པར་གཞིག་ཅིང་ཀུན་བརྟགས་པའི་མཚན་ཉིད་ཀྱིས་སྟོང་པ་གཞན་གྱི་དབང་དང། ཡོངས་སུ་གྲུབ་པའི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བའི་ཞི་གནས་དང། ལྷག་མཐོང་གི་ལམ་གྱིས། ་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང། བཤད་པ་སྟོང་པ་ཉིད་ལ་སྐྲག་པ་རྣམ་པར་གཞིག་ཅིང་གདགས་པ་གཏན་ལ་དབབ་པ་བསྟན་པ་ནི་སྟོང་པ་ཉིད་ལ་སྐྲག་པ་རྣམ་པར་གཞིག་ཅིང་ཆུད? ་མི་ཟ་བའི་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཡིན་ནོ།། དེའི་འོག་ཏུ་ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་ངོ་བོ་ཉིད་དང་རྒྱུ་དང་འབྲེས་བུ་དང། ལམ་དང་སྦྱོར་བ་དང། འཇུག་པའི་དོན་ལས་བརྩམས་ཏེ། གདམས་ངག ་གི་སྦྱིན་པ་ཆུད་མི་ཟ་བའི་ཕྱིར་གདགས་པ་གཏན་ལ་དབབ་པའི་ཚིག་གིས་དོན་ལ་སོགས་པ་བཤད་པར་བྱ་སྟེ། འདིར་ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་ངོ་བོ་ཉིད་ལ་སོགས་པ་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་པས་རབ་ཏུ་བྱེ་བའི ་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང། བཤད་པས་ཞི་གནས་དང། ལྷག་མཐོང་བསྒོམ་པ་ལ་ངོ་བོ་ཉིད་ལ་སོགས་པའི་དོན་ལས་བརྩམས་ཏེ། གདམས ་ངག་སྦྱིན་པ་གདགས་པ་གཏན་ལ་དབབ་པ་བསྟན་པ་ནི་ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་ངོ་བོ་ཉིད་ལ་སོགས་པའི་དོན་ལ་བརྩམས་ཏེ། གདམས་ངག་སྦྱིན་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཞེས་བྱའོ། །དེ་ལ ་མཚམས་སྦྱར་བ་ཇི་ལྟ་བུ་ཞེ་ན། འདིར་འཕགས་པ་བྱམས་པས་གཞན་དག་འདི་སྙམ་དུ། རྣལ་འབྱོར་པ་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ལ་སྦྱོར་བར་བྱེད་པས་ནི་ཞི་གནས་དང་ལྷག་མཐོང་བསྒོམ ་པ་ལ་ངོ་བོ་ཉིད་ལ་སོགས་པའི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་པས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུད་མི་ཟ་བའི་ཕྱིར་ངོ་བོ་ཉིད་ལ་སོགས་པའི་དོན་ལས ་བརྩམས་ཏེ། གདམས་ངག་སྦྱིན་པ་གདགས་པ་གཏན་ལ་དབབ་པ་ཤེས་པར་བྱ་དགོས་ན། ཞི་གནས་དང་ལྷག་མཐོང་གི་སྒོམ་པ་ལ་ངོ་བོ་ཉིད་ཀྱི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་པ་ནི་ཇི་ལྟ་བུ་ཡིན། རྒྱུ་དང། འབྲས་བུ་དང། ལས ་དང། སྦྱོར་བ་དང། འཇུག་པའི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་བ་ནི་ཇི་ལྟ་བུ་ཡིན་སྙམ་དུ་སེམས་པ་རྣམས་ཀྱིས་བསམ་བ་ལ་བརྟགས་ནས། བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་དག་གིས་ཏིང་ངེ་འཛིན་དུ་ཞིག་བསྡུས་ལགས་ཞེས ་བྱ་བ་ལ་སོགས་པ་ཞུས་པར་སྦྱར་རོ། །འདིར་ཞི་གནས་དང་ལྷག་མཐོང་དག་གིས་ཏིང་ངེ་འཛིན་དུ་ཞིག་བསྡུས་ལགས་ཞེས་བྱ་བ་ཞུས་པ་དང་པོ་འདིས་ནི་ངོ་བོ་ཉིད་ཀྱི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་པ་ཇི་ལྟ་བུ་ཡིན་ཞེས་ཞུས་པ ་ཡིན་ཏེ། དེ་ལན་དང་བཅས་པས་ནི་བསྟན་པས་ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་གདམས་ངག་སྦྱིན་པ་ཆུད་མི་ཟ་པར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏོ། །ལྷག་མ་རྣམས་ཀྱིས་ནི་རྒྱུ་དང་འབྲས་བུ་དང། ལས ་དང་སྦྱོར་བ་དང། འཇུག་པའི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་པ་ཇི་ལྟ་བུ་ཡིན་པ་རིམ་བཞིན་དུ་སྟོན་ཏེ། དེ་དག་གིས་ནི་བཤད་བས་ཞི་གནས་དང་ལྷག་མཐོང་བསྒོམ་པ་ལས་གདམས་ངག་སྦྱིན་པ་ཆུད?་མི་ཟ་བར་བྱ་བའི་ཕྱིར་གདགས་པ ་གཏན་ལ་དབབ་པ་བསྟན་ཏོ། །དེ་ལ་བྱམས་པ་ངས་ཞེས་བྱ་བ་ལ་སོགས་པས་ནི་ཞི་གནས་དང་ལྷག་མཐོང་གི་ལམ་ནི་ཏིང་ངེ་འཛིན་ཡིན་ལ། དེའི་དམིགས་པའི་ཁྱབ་པའི་དམིགས་པ་དང་སྦྱད་པ་རྣམ་པར་སྦྱོང་བའི་དམིགས་པ་དང། མཁས་པའི ་དམིགས་པ་དང། ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་ཡིན་པས་ལམ་དང་དམིགས་པའི་ངོ་བོ་ཉིད་དེས་ནི་ཐེག་པ་ཐམས་ཅད་དང་ལྡན་པའི་ཏིང་ངེ་འཛིན་ཉེར་བསྡོགས་དང། དངོས་གཞི་དང་བཅས་པ་ཐམས་ཅད་བསྡུས་པའི་ཕྱིར་རྣལ་འབྱོར ་པ་ཐེག་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གང་ཡང་རུང་བ་ལ་སྦྱོར་བར་འདོད་པས་ནི་ཞི་གནས་དང། ལྷག་མཐོང་གི་ལམ་དང་དམིགས་པའི་ངོ་བོ་ཉིད་དེ་བརྩོན་པར་བྱའོ་ཞེས་ངོ་བོ་ཉིད་ཀྱི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་པ་ཆུད་མི་ཟ་བར་བྱ་བའི ་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏོ།། དེའི་འོག་ཏུ་རྒྱུའི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཞི་གནས་དང ་ལྷག་མཐོང་རྒྱུ་གང་ལས་བྱུང་བ་ལགས་ཞེས་བྱ་བ་ཞུས?་སོ། །བྱམས་པ་ཚུལ?་ཁྲིམས་རྣམ་པ་དག་པའི་རྒྱུ་ལས་བྱུང་པ་དང། ཐོས་པ་དང་བསམས་པ་ལས་བྱུང་བའི་ལྟ་བ་རྣམ་པར་དག་བའི་རྒྱུ་ལས་བྱུང་བའི་ཡིན་ནོ་ཞེས་བྱ་བ་ལ་ཞི་གནས་ནི་ལྷག་པའི་སེམས ་ཡིན་པས་དེ་ནི་ལྷག་པའི་ཚུལ་ཁྲིམས་ལ་བརྟེན་ཏེ་བྱུང་བའི་ཚུལ་ཁྲིམས་རྣམ་པར་དག་པའི་རྒྱུ་ལས་བྱུང་བ་ནི་ཞི་གནས་ཡིན་ནོ། །ལྷག་མཐོང་ནི་བསྒོམ་པ་ལས་བྱུང་བ་ལྷག་པའི་ཤེས་རབ་ཡིན་བས་དེ་ནི་ཐོས་པ་དང་བསམ་པ་ལས་བྱུང ་བའི་ལྟ་བ་རྣམ་པར་དག་པ་ལ་བརྟེན་ཏེ་བྱུང་བའི་ཕྱིར་ཐོས་པ་དང་བསམ་པ་ལས་བྱུང་བའི་ལྟ་བ་རྣམ་པར་དག་པའི་རྒྱུ་ལས་བྱུང་བའི་ནི་ལྷག་མཐོང་ཡིན་ཏེ། དེས་ནི་རྣལ་འབྱོར་པ་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ལ་སྦྱོར ་བར་འདོད་པས་ནི་ཚུལ་ཁྲིམས་རྣམ་པར་དག་པ་དང་ལྟ་བ་རྣམ་པར་དག་པར་བྱའོ་ཞེས་རྒྱུའི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་བ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏོ།། དེའི་འོག་ཏུ་འབྲས་བུའི་དོན་ལས ་བརྩམས་ཏེ། གདམས་ངག་སྦྱིན་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་དེ་དག་གི་འབྲས་བུ་གང་ལགས་པར་བརྗོད་པར་བགྱི་ཞེས་བྱ་བ་ཞུས?་སོ། །བྱམས་པ་སེམས་རྣམ་བར་དག་པ ་ནི་འབྲས་བུ་ཡིན། ཤེས་རབ་རྣམ་པར་དག་ནི་འབྲས་བུ་ཡིན་ནོ་ཞེས་བྱ་བས་ནི་ཞི་གནས་ཀྱི་མཚན་མའི་གཡེང་བ་དང་གནས་ངན?་ལེན་གྱི་གཡེང་བའི་ངོ་བོ་ཉིད་དང། རབ་ཏུ་དབྱེ་བ་ཡིན་པས་ངེས་སེམས་རྣམ་བར་གྲོལ་བར་འགྱུར་བའི ་ཕྱིར་སེམས་རྣམ་པར་དག་བ་ནི་ཞི་གནས་ཀྱི་འབྲས་བུ་ཡིན་ནོ་ལྷག་མཐོང་གི་སེམས་ཀྱི་ངོ་བོ་ཉིད་ལ་གཉིས་མེད་པའི་དོན་རང་རིག་པའི་ངོ་བོ་ཉིད་དང། རབ་ཏུ་དབྱེ་བ་ཡིན་པས་དེས་ཤེས་རབ་རྣམ་པར་གྲོལ་བར་འགྱུར་བའི་ཕྱིར་སེམས་རྣམ་པར་དག་པ་ནི ་ལྷག་མཐོང་གི་འབྲས་བུ་ཡིན་ནོ་ཞེས་བསྟན་ཏོ།། བྱམས་པ་ཡང་ཞེས་བྱ་བ་ལ་སོགས་པས་ནི་ཐེག་པ་གསུམ་ཆར་གྱི་དགེ་བའི་ཆོས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱང་ལམ་དང་དམིགས་པའི་ངོ་བོ་ཉིད་ཀྱི་རབ་ཏུ ་ཕྱེ་བ་ཡིན་པས་ཞི་གནས་དང་ལྷག་མཐོང་གི་འབྲས་བུ་ཡིན་པར་བསྟན་ཏེ་།དེས་ནི་རྣལ་འབྱོར་པ་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ལ་སྦྱོར་བར་འདོད་པས་ནི་སེམས་རྣམ་པར་དག་པ་དང། ཐེག་བ་ཐམས་ཅད་ཀྱི་དགེ་བའི་ཆོས་འཇིག ་རྟེན་པ་དང། འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱང་ཐོབ་པར་བྱའོ་ཞེས་འབྲས་བུའི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་པ་ཆུད་མི་ཟ་བའི་ཕྱིར་གདགས་པ་གཏན་ལ་དབབ་བ་བསྟན་ཏོ། །དེའི་འོག་ཏུ་ལམ་གྱི་དོན་ལས་བརྩམས་ཏེ། ་གདམས་ངག་སྦྱིན་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་གི་ལས་ཅི་ལགས་ཞེས་བྱ་བ་ཞུས?་སོ། །མཚན་མའི་འཆིང་བ་དང། གནས་ངན་ལེན་གྱི་འཆིང་བ ་ལས་རྣམ་པར་ཐར་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ལ་མཚན་མ་ནི་གཞན་གྱི་དབང་གི་མཚན་ཉིད་དེ་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་ཡིན་པས་འཆིང་བ་ཞེས་བྱའོ། །གནས་ངན་ལེན་ནི་ཀུན་བརྟགས་པའི་མཚན་ཉིད་དེ་ཐ ་སྙད་ལ་མངོན་པར་ཞེན་པའི་བག་ཆགས་ཡིན་པས་འཆིང་བ་ཞེས་བྱའོ། །དེ་གཉིས་ལས་རྣམ་པར་ཐར་པ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་དེ་གནས་གྱུར་པ་ཡིན་པས་རྣམ་པར་ཐར་པ་ཞེས་བྱའོ།། དེ་གཉིས་ལས་རྣམ་པར་ཐར་པ་དང ་དེ་ཐོབ་པར་བྱེད་པ་ནི་ཞི་གནས་དང་ལྷག་མཐོང་གི་ལམ་ཡིན་ཏེ། དེས་ནི་རྣལ་འབྱོར་པ་ཞི་གནས་དང་ལྷག་མཐོང་གི་ངོ་བོ་ཉིད་ལ་སྦྱོར་བར་འདོད་པས་ནི་གཞན་གྱི་དབང་གི་དང་ཀུན་ནས་བརྟགས་པའི་འཆིང་བ་ལས ་རྣམ་པར་ཐར་པར་བྱ་ཞིང་ཡོངས་སུ་གྲུབ་པར་ཐོབ་པར་བྱའོ་ཞེས་ལས་ཀྱི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་བ་ཆུད་མི་ཟ་བར་བྱ་བའི་ཕྱིར?་གདགས་པ་གཏན་ལ་དབབ་པ་བསྟན་ཏོ། །དེའི་འོག་ཏུ་སྦྱོར་བའི་དོན་ལས་བརྩམས་ཏེ། ་གདམས་ངག་སྦྱིན་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་གགས་རྣམ་པ་ལྔ་གསུངས་པ་གང་དག་ལགས་པ་དེ་དག་ལས་བྱ་བ་ལ་སོགས་པ་ཞུས་ཏེ། གགས་ལྔ་དང། ་སྒྲིབ་པ་ལྔ་དང། རྣམ་པར་གཡེང་བ་ལྔ་པོ་དག་ལམ་གང་གི་ཡང་ཡིན་པ་ཤེས་པར་བྱ་ཞིང་དེ་དག་རྣམ་པར་བསལ་ཏེ་ཞི་གནས་དང་ལྷག་མཐོང་གི་ངོ་བོ་ཉིད་ལ་སྦྱོར་བ་བསྟན་པ་ནི་སྦྱོར་བའི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་པ ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཡིན་པར་སྟོན་ཏོ། །གགས་རྣམ་པ་ལྔ་ཞེས་བྱ་བ་ནི་ལུས་ལ་ལྟ་བ་དང། ལོངས་སྤྱོད་ལ་ལྟ་བ་དང། འཕགས་པའི་གཏམ་འདོད་པ་བཞིན་མ་ཐོས་པ་དང། འདྲེས་པར་གནས་པ་དང། ་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་སྟེ་འདོད་པའི་ཡོན་ཏན་ལ་ཆགས་པ་མེད་པ་དང། འཇིག་རྟེན་ལས་འདས་པའི་ཆོས་འཐོབ་པའི་བར་ཆད་བྱེད་པས་ན་གགས་ཞེས་བྱའོ།། ལུས་ལ་ལྟ་བ་ཞེས་བྱ་བ་ནི་ནང་གི་སྐྱེ་མཆེད་ལ་ཆགས་པའོ།། ་ལོངས་སྤྱོད་ལ་ལྟ་བ་ཞེས་བྱ་བ་ནི་ཕྱི་རོལ་གྱི་སྐྱེ་མཆེད་ལ་ཆགས་པ་སྟེ། དེ་གཉིས་ནི་ཉོན་མོངས་པའི་འདོད་པ་དང་འདོད་པ་ལ་འདུན་པའི་རང་བཞིན་ཡིན་བས་ཚུལ་ཁྲིམས་རྣམ་པར་དག་པའི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་ཞི་གནས ་ཡིན་ནོ།། འཕགས་པའི་གཏམ་འདོད་པ་བཞིན་མ་ཐོས་བ་ཞེས་བྱ་བ་ནི་འབེལ་བའི་གཏམ་རྣམ་པར་གཏན་ལ་འབེབས་པ་དང་ཐོས་པ་དང་བསམས་པའི་སྒོ་གཉིས་ཀ་ནས་མ་ཐོབ་པ་སྟེ། དེ་ནི་ཐོས་པ་དང་བསམས་པ་ལས་བྱུང་བའི་ལྟ་བ་རྣམ་པར ་དག་པའི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་ལྷག་མཐོང་གི་གགས་ཡིན་ནོ།། འདྲེས་པར་གནས་པ་ཞེས་བྱ་བ་ནི་ལུས་མི་དབེན་པའོ།། ཅུང་ཟད་ཙམ་གྱིས་ཆོས་པར་འཛིན་པ་ཞེས་བྱ་བ་ནི་སེམས་མི་དབེན་པའོ། །དེ་ལ་ཡང་ཅིག་ཤོས་འདྲེས ་པར་གནས་པས་ནི་ཞི་གནས་དང་ལྷག་མཐོང་ལ་སྦྱོར་བར་མི་བྱེད་ལ། ཅིག་ཤོས་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་ནི་སྦྱོར་བར་འཛིན་པས་ནི་སྦྱོར་བ་མཐར་ཐུག་པར་མི་འགྱུར་བས་དེ་གཉིས་ནི་ཞི་གནས་དང་ལྷག་མཐོང་དེ་གཉིས་ཀའི་གནས ་ཡིན་ནོ། །སྒྲིབ་བ་ལྔ་ཞེས་བྱ་བ་ནི་རྒོད་པ་དང། འགྱོད་པ་དང། རྨུགས་པ་དང། གཉིད་དང། ཐེ་ཚོམ་དང། འདོད་པ་ལ་འདུན་པ་དང། གནོད་སེམས་ཏེ། དེ་ཁོ་ནའི་དོན་ལ་སྒྲིབ་གཡོགས་བྱེད་པས་སྒྲིབ་པ་ཞེས་བྱའོ།། དེ་ལ་རྒོད་པ་ཞེས་བྱ་བ་ནི ་ཉེ་དུ་དང། ཡུལ་དང་མི་འཆི་བར་རྟོག་པ་ལ་བརྟེན་ནས་སྔོན་བརྒོད་པ་དང། རྩེས་པ་དང། དགའ་བ་དང། དགའ་མགུར་སྤྱད་པ་རྗེས་སུ་དྲན་པ་ན་སེམས་རྣམ་པར་མ་ཞི་ཞིང་འཆར་པ་སྐྱེ་བ་གང་ཡིན་པའོ།། འགྱོད་བ་ཞེས་བྱ་བ་ནི་ཉེ་དུ་ལ་སོགས་པ ་དེ་དག་ཉིད་ལ་རྟོག་པ་ན་ཅིའི་ཕྱིར་བདག་གིས་དེ་དག་སྤངས་ཏེ། རབ་ཏུ་བྱུང་སྙམ་པ་དེ་ལྟ་བུ་རྐྱེན་གྱིས་སེམས་འགྱོད་ཅིང་ཡིད་ལ་གཅེས་པ་སྐྱེ་བ་གང་ཡིན་པ་སྟེ། དེའི་ཕྱིར་རྒོད་པ་དང་འགྱོད་པ་དེ་གཉིས་ནི་གཞི་མཐུན་པས་སྒྲིབ་པ ་གཅིག་ཏུ་མཛད་དོ།། གཞན་ཡང་འགྱོད་པ་ཞེས་བྱ་བ་ནི་བྱ་བ་མ་བྱས་པ་དང། འགྱོད་པ་དང་པོ་སྐྱེས་པ་དེ་འགྱོད་པའི་གནས་དཀྲིས་པ་དེ་ཉིད་བསལ་མ་ནུས་ནས་ཕྱི་མའི་དུས་སུ་སེམས་ཀྱི་རྒྱུན་འགྱོད་ཅིང་ཡིད་ལ་བཅགས་པ་སྐྱེ་བ་ཡང་ཡིན ་ཏེ་།དེ་ནི་རྒོང་པ་དང་གཞི་མི་མཐུན་མོང་ཀྱི་ཇི་ལྟར་རྒོད་པས་རྣམ་པར་གཡེང་བའི་རྣམ་པས་ཉེ་བར་ཞི་བར་མི་བྱེད་པ་དེ་བཞིན་དུ་འདིས་དང་ཡིད་མི་བདེ་པའི་རྣམ་པས་ཉེ་བར་ཞི་བར་མི་བྱེད་པའི་ཕྱིར་འདིར་ཡང་?་པ་བྱ་བ་མཐུན ་བས་ན་སྒྲིབ་པ་གཅིག་ཏུ་མཛད་དེ། དེ་ནི་ལྷག་མའི་སེམས་ཀྱི་དེ་ཁོ་ནའི་དོན་ལ་སྒྲིབ་གཡོགས་བྱེད་པས་ན་ཞི་གནས་དང་ཀྱི་སྒྲིབ་པ་ཡིན་ནོ། །རྨུགས་བ་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་ལྟ་བ་དང། འཚོ་བ་ཉམས་པ་ལ་སོགས་པ་ལ་བརྟེན་ནས་སྦྱོང ་བ་ལ་སྦྱོར་བ་མ་བྱས་པའི་ཉོན་མོངས་པ་ཐམས་ཅད་སྐྱེ་བ་དང། མཐུན་པ་ལུས་དང་སེམས་རྨུགས་ཤིང་ལས་སུ་མི་རུང་བ་གང་ཡིན་པའོ།། གཉིད་ཅེས་བྱ་བ་ནི་སེམས་མངོན་པར་བསྡུད་པ་སྟེ། རྨུགས་པ་ནི་ཉོན་མོངས་པ་སྐྱེད་པས་སྤོང ་བའི་སྦྱོར་བ་འཇིག་པར་བྱེད་ལ། གཉིད་ནི་སེམས་མངོན་པར་བསྡུད་པས་སྤོང་བའི་སྦྱོར་བ་འཇིག་པར་བྱེད་བས་བྱ་བ་མཐུན་པའི་ཕྱིར་སྒྲིབ་པ་གཅིག་ཏུ་མཛད་དོ། ཐེ་ཚོམ་ནི་ཅེས་བྱ་བ་སྟོན་པའམ་ཆོས་སམ་བསླབ་པ་འམ་གདམས ་ངག་དང་རྗེས་སུ་བསྟན་པ་འམ་རྟོགས་པ་འམ། དུས་གསུམ་མམ། བདེ་བ་ནེམ་ནུར་བྱེད་ཅིང་ཐེ་ཚོམ་ཟ་བ་གང་ཡིན་པའོ།། དེ་ལ་རྨུགས་པ་ནི་ལས་སུ་མི་རུང་བསློང་ཡིན་ལ། གཉིད་ནི་མངོན་པར་བསྡུད་བས་སློང་བ་ཡིན། ཐེ་ཚོམ་ནི ་ཡིད་གཉིས་ཟ་བས་ལྷག་པའི་ཤེས་རབ་ཀྱི་དེ་ཁོ་ནའི་དོན་ལ་སྒྲིབ་གཡོགས་བྱེད་བས་ན་དེ་དག་ནི་ལྷག་མཐོང་གི་སྒྲིབ་པ་ཡིན་ནོ།། འདོད་པ་ལ་འདུན་པ་ཞེས་བྱ་བ་ནི་སྡུག་པའི་མཚན་མའི་རྗེས་སུ་འབྲང་ཞིང་འདོད་བའི་ཡོན་ཏན་ལྔ་ལ་ལྟ་བ་ལ ་སོགས་པར་འདོད་པ་དང། སྔོན་མྱོང་བ་རྗེས་སུ་དྲན་ནས་རྟོག་པར་འདོད་པ་གང་ཡིན་པའོ། །གནང་ངོ?་སེམས་ཞེས་བྱ་བ་ནི་ཁོང། ཁྲོ་བའི་རྒྱུ་གང་ཡང་རུང་བ་རྗེ་སུང?་ངན?་པའི་སེམས་ཀྱི་ཀུན་ནས་མནར་སེམས་དང། གནོད་པར་བྱ་བར་འདེད?་པ ་ཁོད་ཁྲོ་པའི་རྒྱུ་དེ་ཉིད་ལ་ཤས་ཆེར་རྗེས་སུ་རྟོག་པའི་སེམས་ཀྱིས་ཀུན་ནས་མནར་སེམས་གང་ཡིན་པའོ། །དེ་གཉིས་ནི་འདོད་པ་ལས་དབེན་པ་སྡིག་ཏོ་མི་དགེ་བའི་ཆོས་ལས་དབེན་པས་རབ་ཏུ་ཕྱེ་བའི་ཞི་གནས་དང། ལྷག་མཐོང་གི་ལམ་གྱི་དེ་ཁོ་ནའི ་དོན་ལ་སྒྲི་བ་གཡོགས་བྱེད་པས་ན་དེ་གཉིས་ཀའི་སྒྲིབ་པ་ཡིན་ནོ། །དེ་ལྟར་སྒྲིབ་པ་བསྟན་ནས་དེ་དག་སྤངས་པས་ཞི་གནས་དང་ལྷག་མཐོང་གི་ལམ་ཡོངས་སུ་དག་པ་ལ་སྦྱོར་བའི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་པ་ཆུད་མི་ཟ་བར་བྱ་བའི ་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཇི་ཙམ་གྱིས་ན་ཞེས་བྱ་བ་ལ་སོགས་པ་ཞུས?་སོ། །རྨུགས་པ་དང་གཉིད་ནི་ནང་དུ་ཞུམ་པར་བྱེད་པ་ཡིན་པས་དེ་གཉིས་ལེགས་པར་རབ་ཏུ་ཆོམས་པར་འགྱུར། ཞི་གནས ་ཀྱི་ལམ་ཡོངས་སུ་དག་པ་ཡིན་ནོ། །རྒོད་པ་དང་འགྱོད་པ་ནི་ཕྱི་རོལ་དུ་རྣམ་པར་གཡེང་བ་ཡིན་པས་དེ་གཉིས་ལེགས་པར་རབ་ཏུ་ཆོམས་པར་གྱུར་ན་ལྷག་མཐོང་གི་ལམ་ཡོངས་སུ་དག་པ་ཡིན་ཏེ། སྔར་སྒྲིབ་པའི་གནས་སྐབས་ནི་སྦྱོར་བའི་ལམ་ཡིན་པས ་དེར་ནི་གནས་ལ་རྒོད་པ་དང། འགྱོད་པ་སྒྲིབ?་པ་ལྷག་མཐོང་ལ་རྨུགས་པ་དང་གཉིད་སྒྲིབ་པར་བསྟན་གྱི། འདིར་ཡོངས་སུ་དག་པའི་གནས་སྐབས་ནི་སྦྱོར་བ་མཐར་ཐུག་པའི་ལམ་ཡིན་བས་སྔ་མ་ལས་ཟློག་སྟེ་སྦྱར་རོ། །བཅོམ་ལྡན་འདས་བྱང་ཆུབ ་སེམས་དཔའ་ཞི་གནས་དང་ལྷག་མཐོང་ལ་ཞུགས་པས་རྣམ་པར་དུ་དག་གིས་སེམས་རྣམ་པར་ཡོངས་སུ་འཚལ་བར་བགྱིད་ལགས་ཞེས་བྱ་བས་ནི་ཞི་གནས་དང་ལྷག་མཐོང་གི་ཏིང་ངེ་འཛིན་ཐཾས་ཅད་བསྡུས་ལ། ཏིང་ངེ་འཛིན་དེ་དག་གི་བར་དུ་གཅོད་པར ་བྱེད་པའི་ཆོས་ནི་སེམས་རྣམ་པར་གཡེང་བ་ཡིན་པས་དེ་དག་ཡོངས་སུ་ཤེས་པར་བྱ་སྟེ། སྤང་བར་བྱ་བའི་གདམས་ངག་སྦྱིན་དགོས་པས་དེ་སྐད་ཞུས་སོ། །བྱམས་པ་རྣམ་པ་ལྔས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ ་ཞུགས་པའི་བྱང་ཆུབ་སེམས་དབའ་ཐེག་པ་སྨན་བ་ཡིད་ལ་བྱེད་པ་ལ་སོགས་བའི་གཡེང་བ་ནི་འཇིག་རྟེན་ལས་འདས་པ་རྣམ་བར་མི་རྟོག་བའི་ཤེས་པའི་རྟེན་དུ་གྱུར་པའི་ཏིང་ངེ་འཛིན་གྱི་བར་དུ་གཅོད་པར་བྱེད ་པ་ཡིན་པས་ཡོངས་སུ་ཤེས་པར་བྱས་ཏེ་སྤང་བར་བྱའོ་ཞེས་སྟོན་ཏོ། །ཐེག་བ་ཆེན་པོ་དང་ལྡན་བའི་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་ལམ་འབྲས་བུ་དང་བཅས་པ་དང་ལྡན་པ་ཆོས་བདག་མེད་པ་ཡིད་ལ་བྱེད་པའོ། །ཉན ་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱེད་བ་ཞེས་བྱ་བ་ནི་དགེ་སྦྱོང་གི་ལམ་ལ་གནས་པ་དང། འབྲས་བུ་ཐོབ་པ་དང། ལྡན་པ་གང་ཟག་བདག་མེད་པར་ཡིད་ལ་བྱེད་པའོ་འདོད་པའི་ཡོན་ཏན་ལྔ་ཞེས་བྱ་བ་ནི་འདོད་པའི་ཁམས ་ཀྱི་དངོས་པོའི་འདོད་བའི་གཟུགས་ལ་སོགས་པ་ལྔའོ།། འདུ་འཛི་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་དང། ཁྱིམ་བ་དང་འགྲོགས་པ་ལ་སོགས་པའོ། །མཚན་མ་དང་ཞེས་བྱ་བ་ནི་སྐྱེས་པ་དང་བུད་མེད་ལ་སོགས་བའི་དབྱིབས་ཀྱི་མཚན་མའོ།། རྣམ ་པར་རྟོག་པ་ཞེས་བྱ་བ་ནི་འདོད་པ་དང་གནོད་སེམས་ཀྱི་རྣམ་པར་རྟོག་པ་ལ་སོགས་བའོ།། ཉེ་བའི་ཉོན་མོངས་པ་ཞེས་བྱ་བ་ནི་སེམས་ཉེ་བར་ཉོན་མོངས་པར་བྱེད་པ་དང་མཐུན་པའི་གཞི་ཐམས་ཅད་དོ།། ཕྱི་རོལ་གྱི་དམིགས་པ་ཞེས་བྱ་བ་ནི ་ཡུལ་གྱི་རྣམ་པ་ཐམས་ཅད་དེ་དག་ལ་དེ་དག་དང་འབྲེལ་བའི་སེམས་སྐྱེ་བས་སེམས་འཕྲོར་གཏོང་བ་ཞེས་བྱ་བར་སྦྱར་རོ།། རྨུགས་པ་དང་གཉིས་ཀྱིས་བྱིང་བ་འམ་ཞེས་བྱ་བ་ནི་རྨུགས་པ་དང་གཉིད་ཀྱིས་བྱིང་བ་དྲངས་པ་གང་ཡིན་པ་དེས་སེམས ་ཉོ་བར་ཉོན་མོངས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་།སྙོམས་པར་འཇུག་པའི་རོ་མྱོང་བ་ཞེས་བྱ་བའི་བསམ་གཏན་དང་སྙོམས་པར་འཇུག་པའི་རོ་མྱང་བར་བྱེད་པ་ནི་ལྷ་ཚེ་རིང་པོ་རྣམས་སུ་སྐྱེ་བ་སྒྲུབ་བ་ཡིན་བས་བསམ་གཏན་དང་སྙོམས ་པར་འཇུག་པར་འགྱུར་བར་མི་ནུས་བས་དེས་སེམས་ཅན་གྱི་དོན་ཉམས་པར་འགྱུར་བའི་ཕྱིར་རོ།། སྙོམས་པར་འཇུག་པའི་ཉེ་བའི་ཉོན་མོངས་པ་ཞེས་བྱ་བ་ནི་ཞུམ་པ་དང་རྒོད་པར་འགྱུར་བ་ལ་སོགས་པའོ། །ཕྱི་རོལ་གྱི་མཚན་མ་ལ་བརྟེན་ནས་ནང་གི་ཏིང་ངེ ་འཛིན་གྱི་སྤྱོད་ཡུལ་གྱི་མཚན་མ་ཡིད་ལ་བྱེད་ན་ཞེས་བྱ་བ་ནི་རྒྱུ་བའི་གནས་སྐབས་ནི་ཕྱི་རོལ་གྱི་མཚན་སྡུག་པ་དང་མི་སྡུག་པ་གཟུངས་པར་ཡིན་པ་དེ་ལ་བརྟེན་ནས་གནས་པའི་སྐབས་སུ་དེ་ལ་རྗེས་སུ་ཆགས་པ་དང། ཁོང་ཁྲོ་བ་ལ་སོགས་པ་སེམས ་ལ་མཚན་མར་བྱེད་པ་དང། ཡང་ཕྱི་རོལ་གྱི་མཚན་མ་དང་བརྟན་པ་ལ་སོགས་པ་འདྲ་བར་ནང་གི་གཟུགས་བརྙན་ལ་བལྟ་བ་དང། ཡང་རྙེད་པ་དང་བཀུར་སྟི་ལ་སོགས་པའི་རྒྱུ་མཚན་གྱི་ཕྱིར་ཏིང་ངེ་འཛིན་གྱི་མཚན་མ་ཡིད་ལ་བྱེད་པ་ནི་མཚན ་མ་མེད་པའི་ཏིང་ངེ་འཛིན་གྱི་མི་མཐུན་བའི་ཕྱོགས་ཡིན་པའི་ཕྱིར་རོ།། གང་གི་ཡིད་ལ་བྱེད་པ་ལ་བརྟེན་ནས་བྱུང་བའི་ཚོར་བ་ལ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་ལ་བརྟེན་པ་ཡིད་ལ་བྱེད་པ་ལ་བརྟེན་ནས་བྱུང་བའི་ལུས་དང། སེམས་ཀྱི་ཚོར་བ་ཟག ་པ་དང་བཅས་པ་སྲིད་པ་དང་རྗེས་སུ་ཆགས་པ་འཕགས་པའི་ལམ་ཐམས་ཅད་དང་མི་མཐུན་པ་ལའོ། །གནས་ངན་ལེན་གྱི་ལུས་ཀྱིས་ཞེས་བྱ་བ་ནི་ཉོན་མོངས་པ་དང་བཅས་པའི་ལུས་ཀྱིས་སོ།། དེ་དག་གིས་ནི་གགས་ལྔ་དང། སྒྲིབ་པ ་ལྔ་དང། རྣམ་པར་གཡེང་བ་ལྔ་བོ་དག་ལམ་གང་གིས་གང་ཡིན་བ་ཞེས་པར་བྱ་ཞིང་དེ་དག་རྣམ་པར་བསལ་ཏེ་ཞི་གནས་དང་ལྷག་མཐོང་གི་ངོ་བོ་ཉིད་ལ་སྦྱར་བར་བྱའོ་ཞེས་སྦྱོར་བའི་དོན་ལས་བརྩབས་ཏེ། གདམས་ངག་སྦྱིན་པ་ཆུད་མི་ཟ་བར ་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་པའོ། །དེའི་འོག་ཏུ་འཇུག་པའི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་བའི་ཕྱིར། བཅོམ་ལྡན་འདས་ཞི་གནས་དང ་ལྷག་མཐོང་དག་བྱང་ཆུབ་སེམས་དཔའ་ཨི་ས་དང་པོ་ནས་བཟུངས་ཏེ། དེ་བཞིན་གཤེགས་པའི་སའི་བར་ལ་གང་གི་གཉེན་པོ་ལགས་ཞེས་བྱ་བ་ཞུས་ཏེ། ས་ཐམས་ཅད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་ཞི་གནས་དང ་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ལ་འཇུག་པ་བསྟན་པ་ནི་འཇུག་པའི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཡིན་པར་སྟོན་ཏོ། །བྱམས་པ་ཞི་གནས་དང་ལྷག ་མཐོང་གི་དང་པོ་ལ་ནི་ངན་སོང་བའི་ཉོན་མོངས་པ་དང། ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་བའི་གཉེན་པོ་ཡིན་ནོ་ཞེས་བྱ་བ་ནི་ས་དང་པོའི་མི་མཐུན་པའི་ཕྱོགས་ནི་ངན་སོང་དང་སོ་སོའི་སྐྱེ་བོ་ཉིད་ཡིན་ལ། ཞི་གནས་དང་ལྷག་མཐོང ་གི་ལམ་གྱི་ངོ་བོ་ཉིད་ཀྱིས་རབ་ཏུ་ཕྱེ་བ་བདག་མེད་པའི་ཤེས་པ་ཐོབ་པ་ནི་དེའི་གཉེན་པོ་ཡིན་པའི་ཕྱིར་རོ། །གཉིས་པ་ནི་ལྟུང་བ་འཕྲ་མོའི་འཁྲུལ་པ་ཀུན་ཏུ་འབྱུང་བ་རྣམས་ཀྱིའོ་ཞེས་བྱ་བ་ནི་སང་གཉིས་པའི་མི་མཐུན་པའི་ཕྱོགས་ནི་ངང ་ཚུལ?་ངན་པ་དང། ལོག་པར་བསྒྲུབས་པ་ཡིན་ལ་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཚུལ་ཁྲིམས་རྣམ་པར་དག་པ་དང། ཡང་དག་པར་བསྒྲུབ་པ་ཐོབ་པ་ནི་དེའི་གཉེན་པོ་ཡིན་པའི་ཕྱིར་རོ། །གསུམ་པ་ལ ་ནི་འདོད་པའི་འདོད་ཆགས་ཀྱིའོ།། ཞེས་བྱ་བ་ནི་ས་གསུམ་པའི་མི་མཐུན་པའི་ཕྱོགས་ནི་འདོད་པའི་འདོད་ཆགས་ཡིན་ལ། ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ཀྱིས་རབ་ཏུ་ཕྱེ་བ་ནི་ཉམས་པའི་བསམ་གཏན་དང་སྙོམས་པར ་འཇུག་པ་ཐོབ་པ་ནི་དེའི་གཉེན་པོ་ཡིན་པའི་ཕྱིར་རོ། །བཞི་པ་ལ་ནི་སྙོམས་པར་འཇུག་པ་ལ་སྲེད་པ་དང། ཆོས་ལ་སྲེད་པའི་འོ་ཞེས་བྱ་བ་ནི་ས་བཞི་པའི་མི་མཐུན་པའི་ཕྱོགས་ཀྱི་སྙོམས་པར་འཇུག་པ་ལ་སྲེད་པ་དང། ཆོས་ལ ་སྲེད་པ་ཡིན་ལ་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ཀྱི་རབ་ཏུ་ཕྱེ་བ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་བའི་ཆོས་རྣམས་ལ་ལན་མང་དུ་གནས་པ་དང། མདོའི་སྡེ་ལ་སོགས་པའི་ཆོས་ནས་ཚོགས་ཀྱི་ང་རྒྱལ་རྣམ་པར་བསལ་བ་ཐོབ་པ་ནི་དེའི་གཉེན་པོ ་ཡིན་པའི་ཕྱིར་རོ། །ལྔ་པ་ལ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་གཅིག་ཏུ་མི་ཕྱོགས་པ་ཉིད་དང་མངོན་དུ་ཕྱོགས་པ་ཉིད་ཀྱིའོ་ཞེས་བྱ་བ་ནི་ལམ་ལྔ་པའི་མི་མཐུན་པའི་ཕྱོགས་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཕྱོགས་ཀྱི ་རྒྱུད་ཐ་དད་པར་ལྟ་བ་ཡིན་ལ་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ཀྱིས་རབ་ཏུ་ཕྱེ་བ་འཕགས་པའི་བདེན་པ་བཞི་བསྒོམ་པ་ན་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའི་ཕྱོགས་ཀྱི་རྒྱུད་ཐ་དད་པར་མི་དམིགས་པ་ཐོབ་པ་ནི་དེའི་གཉོན ་པོ་ཡིན་པའི་ཕྱིར་རོ། །ས་དྲུག་པ་ལ་ནི་མཚན་མ་མང་པོ་ཀུན་ཏུ་འབྱུང་པའི་འོ་ཞེས་བྱ་བ་ནི་ས་དྲུག་པའི་མི་མཐུན་པའི་ཕྱོགས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོའི་མངོན་དུ་མ་གྱུར་པས་མཚན་མ་མང་པོ་ཀུན་ཏུ་འབྱུང་བ་ཡིན་ལ། ཞི་གནས ་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ཀྱིས་རབ་ཏུ་ཕྱེ་བ་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོའི་དེ་བཞིན་ཉིད་མངོན་དུ་གྱུར་པས་ཀུན་ནས་ཉོན་མོངས་བ་དང་རྣམ་པར་བྱང་བའི་མཚན་མ་ནག་པོ་དང། དཀར་པོའི་ཕྱོགས་མི་དམིགས་པ་ཐོབ་པ་ནི ་དེའི་གཉེན་པོ་ཡིན་པའི་ཕྱིར་རོ། །བདུན་པ་ལ་ནི་མཚན་མ་ཕྲ་མོ་ཀུན་ཏུ་འབྱུང་བའི་འོ་ཞེས་བྱ་བ་ནི་ས་བདུན་པའི་མི་མཐུན་པའི་ཕྱོགས་ནི་མངོན་པར་འདུ་བྱེད་པ་དང། རྩོལ་བའི་མཚན་མ་ཕྲ་མོ་ཀུན་ཏུ་འབྱུང་བ་ཡིན་ལ། ཞི་གནས་དང་ལྷག ་མཐོང་གི་ལམ་གྱི་ངོ་བོ་ཉིད་ཀྱིས་རབ་ཏུ་ཕྱེ་བ་འགྲང་པ་གཅིག་པའི་ལམ་དང། འབྲེལ་པ་མཚན་མ་མེད་པའི་གནས་ཐོབ་པ་ནི་དེའི་གཉེན་པོ་ཡིན་པའི་ཕྱིར་རོ།། བརྒྱད་པ་ལ་ནི་མཚན་མ་མེད་པ་ལ་བརྩོལ་བ་དང། མཚན་མ་ལ་དབང་དུ་མ་གྱུར་པའི ་འོ་ཞེས་བྱ་བ་ནི་ས་བརྒྱད་པའི་མི་མཐུན་པའི་ཕྱོགས་ནི་མཚན་མ་མེད་པ་ལ་རྩོལ་པ་དང་།མཚན་མ་དང་དབང་མ་ཐོབ་པ་ཡིན་ལ་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ཀྱིས་རབ་ཏུ་ཕྱེ་བ་མངོན་པར་འདུ་བྱེད་པ ་མེད་ཅིང་མཚན་མ་ལ་གནས་པ་དང། མཚན་མ་ཟིལ་གྱིས་མནན་ཏེ། དབང་བཅུ་ཐོབ་པ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བར་བྱེད་པ་ནི་དེའི་གཉེན་པོ་ཡིན་པའི་ཕྱིར་རོ། །དགུ་པ་ལ་ནི་རྣམ་པ་ཐམས་ཅད་དུ་ཆོས་སྟོན་པ་ལ་དབང་དུ་མ ་གྱུར་པའི་འོ་ཞེས་བྱ་བ་ནི་ས་དགུ་པའི་མི་མཐུན་པའི་ཕྱོགས་ནི་བློ་གྲོས་རྒྱ་ཆེན་པོས་གཞན་དག་ལ་ཆོས་ཡང་དག་པར་སྟོན་པ་བླ་ན་མེད་པ་ལས་བརྩམས་ནས་ཆོས་ཀྱི་རྣམ་གྲངས་དང། མཚན་ཉིད་དང། ངེས་པའི་ཚིག་དང། རབ་ཏུ་དབྱེ ་པས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་དབང་དུ་མ་གྱུར་པ་ཡིན་ལ་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ཀྱི་རབ་ཏུ་ཕྱེ་བ་སྨྲ་བའི་བརྩོན་པ་ཕུན་སུམ་ཚོགས་པས་བདག་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་གོང་ནས ་གོང་དུ་ཡེ་ཤེས་ཁྱད་པར་ཅན་ཡོངས་སུ་ཚོལ་ཞིང་ཆོས་སྟོན་པར་བྱེད་པ་ནི་དེའི་གཉེན་པོ་ཡིན་པའི་ཕྱིར་རོ།། བཅུ་པ་ལ་ནི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པས་སོ་སོ་ཡང་དག་པར་རིག་པ་མི་འཐོབ་པའི་འོ་ཞེས་བྱ་བ་ནི་ས་བཅུ་པའི་མི་མཐུན ་པའི་ཕྱོགས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཆོས་ཀྱི་དབང་བསྐུར་བ་ཆེན་པོ་མ་ཐོབ་པ་ཡིན་ལ། ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡོངས་སུ་སྦྱང་བ་བྱས་པའི་ས་བསྡུས་པ་དང། ཏིང་ངེ ་འཛིན་ཡོངས་སུ་རྫོགས་པ་ཐོབ་པ་དང། དབང་བསྐུར་བ་ཐོབ་པ་དང། ཆེ་བ་ཉིད་མཐར་ཕྱིན་པར་སོང་བ་ལ་སོགས་པས་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་སོ་སོ་ཡང་དག་པར་རིག་པ་ཐོབ་པ་ནི་དེའི་གཉེན་པོ་ཡིན་པའི་ཕྱིར་རོ། །དེ་བཞིན ་གཤེགས་པའི་ས་ལ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་བ་མཆོག་ཅེས་ཤིན་ཏུ་ཕྲ་པའི་གཉེན་པོ་ཡིན་ཏེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སའི་མི་མཐུན་པའི་ས་ཕྱོགས་ནི་གནས་ངན་ལེན་འཕྲ་མོ་སྙིང་པོ་ལ་ཡོད་པ་ལྟ་བུ་རྡོ ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཡང་དག་པར་མ་བཅོས་པ་ཡིན་ལ་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ཀྱི་རབ་ཏུ་ཕྱེ་བ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་གནས་ངན་ལེན་སྙིང་པོ་ལ་ཡོད་པ་ལྟ་བུ་དེ་སྤངས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན ་པར་རྫོགས་པར་བྱང་ཆུབ་པ་ནི་དེའི་གཉེན་པོ་ཡིན་པའི་ཕྱིར་རོ།། དེ་ལེགས་པར་བཅོམས་པས་དེ་ཐམས་ཅད་ལ་ཆགས་པ་མེད་པ་དང། ཐོགས་པ་མེད་པའི་ཤེས་པ་དང། མཐོང་བ་ཐོབ་པ་ཞེས་བྱ་བ་ནི་སྒྲིབ་པ་ཕྲ་མོ་དེ་ལགས་པར ་མ་ལུས་པར་བཅོམ་པས་ཤེས་བྱ་ཐམས་ཅད་ལ་མངོན་དུ་མི་ཕྱོགས་བའི་ཕྱིར་ཆགས་པ་མེད་པ་དང། གང་ལ་ཉན་ཐོས་ལ་སོགས་པའི་ཤེས་པ་ཐོབ་པར་འགྱུར་བ་དེ་ལ་མི་ཐོགས་པའི་ཕྱིར་ཐོགས་པ་མེད་པའི་ཤེས་པ་དང་མཐོང་བ་བརྙེས་པའོ། །དགོས ་པ་ཡོངས་སུ་གྲུབ་པའི་དམིགས་པ་ལ་ཞེས་བྱ་བ་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་བདག་དང་གཞན་གྱི་དོན་མཐར་ཕྱིན་པ་ཐོབ་པ་ནས་ཞེས་བྱ་བ་སྦྱར་རོ། །ཆོས་ཀྱི་སྐུ་ཤིན་ཏུ་རྣམ་པར་དག་པ་ལ་གནས་པ་ཡིན་ནོ་ཞེས་བྱ་བ་ནི་གནས་གྱུར་པས་རབ་ཏུ ་ཕྱེ་བ་དེ་བཞིན་གཤེགས་པའི་གནས་པ་ལ་གནས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།ལྷག་མཐོང་བསྒོམ་པ་ལ་ངོ་བོ་ཉིད་ལ་སོགས་པའི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་པས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི ་ངོ་བོ་ཉིད་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུང་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང་བཤད་པས་ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་ངོ་བོ་ཉིད་ལ་སོགས་པའི་དོན་ལས་བརྩམས་ཏེ། གདམས་ངག་སྦྱིན་པ་གདགས་པ་གཏན ་ལ་དབབ་པ་བསྟན་པ་ནི་ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་ངོ་བོ་ཉིད་དང། རྒྱུ་དང་འབྲས་བུ་དང། ལས་དང་སྦྱོར་བ་དང། འཇུག་པའི་དོན་ལས་བརྩམས་ཏེ། གདམས་ངགས་སྦྱིན་པ་ཆུང་མི་ཟ་བར་བྱ་བའི་ཕྱིར་གདགས ་པ་གཏན་ལ་དབབ་པ་ཡིན་ནོ། །དེའི་འོག་ཏུ་བསྒོམ་པ་ལོ་འདུན་པ་དྲག་པོ་མེད་པ་རྣམ་པར་གཞི་གཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པའི་ཚིག་གི་དོན་ལ་སོགས་པ་བཤད་པ་བྱ་སྟེ། བསྒོམ་པ་ལས་འདུན་པ་དྲག་པོ ་མེད་པ་ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ལ་སྦྱོར་བ་ན། ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་བར་འགྱུར་བ་དང་ཇི་ལྟར་བྱང་ཆུབ་སེམས་དཔའ་མཐུ ་ཆེན་པོ་མངོན་པར་བསྒྲུབ་པ་དང། ཇི་ལྟར་ཕུང་པོའི་ལྷ་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་ཚོར་བ་ཐམས་ཅད་འགགས་པར་འགྱུར་ཞིང་ཤེས་ན། བསྒོམ་པའི་འབྲས་བུ་མ་རྟོགས་པས་བསྒོམ་པ་ལ་འདུན་པ་དྲུག་པོ ་མེད་པའོ། །རྣམ་པར་གཞིག་ཅིང་ཆུང་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ཞེས་བྱ་བ་ནི་འདུན་པ་དྲག་པོ་མེད་པ་དེ་རྣམ་པར་གཞིག་ཅིང་འདུན་པ་དྲག་པོས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད ་དེ་ལས་རབ་ཏུ་ཉམས་པ་མི་འགྱུར་ཞིང་ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་པ་དང་བཤད་པས་བསྒོམ་པ་ལས་འདུན་པ་དྲག་པོ་མེད་པ་རྣམ་པར་གཞིགས་པ་གདགས་པ་གཏན་ལ་དབབ་པའོ། །དེ་ལ་མཚམས་སྦྱར་བ་ཇི་ལྟ་བུ་ཞེ་ན། འདིར ་འཕགས་པ་བྱམས་པས་གཞན་དག་འདི་སྙམ་དུ་རྣལ་འབྱོར་པ་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ལ་སྦྱོར་བས་ཇི་ལྟར་བསྒྲུབས་ན་བླ་ན་མེད་པ་ཡང་དག་བར་རྫོགས་པའི་བྱང་ཆུབ ་མངོན་པར་རྫོགས་པར་འཚང་རྒྱ་བ་དང། བྱང་ཆུབ་སེམས་དཔའ་མཐུ་ཆེན་པོ་མངོན་པར་འགྲུབ་པ་དང། ཚོར་བ་ཐམས་ཅད་འགགས་པར་འགྱུར་སྙམ་དུ་སེམས་པ་རྣམས་ཀྱི་བསམ་པ་ལ་བརྟགས་ནས། བཅོམ་ལྡན་འདས་བྱང་ཆུབ་སེམས ་དཔའ་ཞི་གནས་དང་ལྷག་མཐོང་ལ་ཇི་ལྟར་བསྒྲུབ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་ལགས་ཞེས་བྱ་བ་ལ་སོགས་པ་ཞུ་བ་རྣམ་པ་གསུམ་ཞུས་པར་སྦྱར་རོ། །དེ་ལ་ཞུ ་བ་དང་པོ་འདི་ལན་དང་བཅས་པས་ནི་བསྟན་པས་ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་འདུན་པ་དྲག་པོ་མེད་པར་རྣམ་པར་གཞག་ཅིང་ཆུད་མི་ཟ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏོ།། ཞུ་བ་ལྷག་མ་གཉིས་པོ་ལན་དང་བཅས་པས ་ནི་བཤད་པས་དེ་བསྟན་ཏོ།། བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་ཐོབ་ནས་ཞེས་བྱ་བ་ནི་དང་པོ་སྦྱོར་བའི་ལམ་གྱི་ཡིད་ལ་བྱེད་པའི་གནས་སྐབས་ན་རྣམ་པར་རྟོགས་པ་དང་བཅས་པ་དང་།རྣམ་པར་མི་རྟོག ་པའི་གཟུགས་བརྙན་གྱི་དམིགས་པ་ཐོབ་པ་དང་སྦྱར་རོ།། དེ་བཞིན་ཉིད་རྣམ་པ་བདུན་ལས་བརྩམས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ཟུང་དུ་འབྲེལ་བའི་ལམ་གྱི་དམིགས་པ་ཇི་ལྟར་ཐོབ་པ་སྟོན་ཏེ། དེ་བཞིན་ཉིད་རྣམ་པ་བདུན་ནི་འབྱུང ་བའི་དེ་བཞིན་ཉིད་ལ་སོགས་པ་སྔར་བསྟན་པ་དག་གོ། ཇི་ལྟར་ཐོས་པ་དང་བསམ་པའི་ཆོས་རྣམས་ལ་ཞེས་བྱ་བ་ནི་ཆོས་གདགས་པ་རྣམ་པར་བཞག་པར་ཞི་གནས་དང་ལྷག་མཐོང་དང་།དེ་བཞིན་ཉིད་བདུན་གྱི་དམིགས་པར་གྱུར་པ? ་རྣམས་ལ་ཏེ། ངེས་ནི་ཐོས་པ་དང་བསམས་པ་ལས་བྱུང་བའི་ཤེས་རབ་བསྟན་ཏོ། །མཉམ་པར་བཞག་པའི་སེམས་ཀྱིས་ཞེས་བྱ་བ་ནི་བསྒོམས་པ་ལས་བྱུང་བའི་ཤེས་རབ་བསྟན་ཏོ།། ལེགས་པར་གཟུང་བ་དང། ལེགས་པར་བསམས་པ? ་དང། ལེགས་པར་རྣམ་པར་བཞག་པའི་ཞེས་བྱ་བ་ནི་ཤེས་རབ་རྣམ་གསུམ་གྱིས་རིམ་གྱིས་ཏེ། དེ་ཙམ་གྱིས་ན་དེ་བཞིན་ཉིད་དེ་ནང་དུ་ཡིད་ལ་བྱང་རུང་བར་སྟོན་ཏོ། །དེ་བཞིན་ཉིད་དེ་ཉིད་ནང་དུ་ཡིད་ལ་བྱེད་དེ ་ཞེས་བྱ་བ་ནི་དེ་བཞིན་ཉིད་བདུན་གྱི་དོན་སེམས་ཙམ་ལས་བཟླས་ཏེ། དེ་བཞིན་ཉིད་དུ་ཡིད་ལ་བྱེད་པའོ། །དེ་དེ་ལྟར་དེ་བཞིན་ཉིད་ཡིད་ལ་བྱེད་པ་ན་ཞེས་བྱ་བ་ལ་སོགས་པས་ནི་སྦྱོར་བ་མཐར་ཐུག་པའི་ལམ་གྱི་ཡིད་ལ་བྱེད ་པ་ལས་འདའ་ཞིང། ས་དང་པོའི་ཟུང་དུ་འབྲེལ་བའི་ལམ་སྐྱེ་བ་དང། དངོས་པོའི་མཛའ་ཨི་དམིགས་པའི་རིམ་པ་སྟོན་ཏོ།། མཚན་མ་ཕྲ་མོ་ཞེས་བྱ་བ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་རྣམ་པར་རྟོགས་པའོ།། སེམས་ལྷག་པར ་བཏང་སྙོམས་སུ་འཇོག་ན་ཞེས་བྱ་བ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་པར་མི་བྱེད་ན་ཞེས་བྱ་བའི་ཐ་ཚིག་གོ། མཚན་མ་རགས་པ་ཞེས་བྱ་བ་ནི་ཀུན་བརྟགས་པའི་ཐ་སྙད་ཀྱི་རྣམ་པར་རྟོག་པ་གཟུགས་ཞེས་བྱ་བ་ལ་སོགས ་པར་ཚིག་གི་གདགས་པ་དག་གོ། བྱམས་པ་དེ་ལ་མཚན་མ་ཕྲ་མོ་ནི་འདི་དག་ཡིན་ཏེ་ཞེས་བྱ་བ་ལ་མཚན་མ་ཕྲ་མོ་ཉི་ཤུ་རྩ་གཅིག་ལ་དང་པོ་བཞིའི་དོན་ནི་དྲན་པ་ཉེ་བར་བཞག་པ་བཞིའི་རྗེས་སུ་འབྲང་བས་རིག་པར་བྱའོ།། ལྷག་མ ་རྣམས་ཀྱི་དོན་ནི་སྟོང་པ་ཉིད་བཅུ་དྲུག་གི་རྗེས་སུ་འབྲང་བས་རིག་བར་བྱ་སྟེ། དོར་བ་མེད་པ་སྟོང་པ་ཉིད་ལ་ནི་ཚིག་གཉིས་བསྡུས་པའི་མཚན་མ་གཅིག་དང་སྦྱར་བར་བྱའོ།། མཚན་ཉིད་སྟོང་པ་ཉིད་ལ་ནི་མཚན་མ་གཉིས་སོ།། ལྷག་མ་རྣམས ་ནི་རེ་རེ་དང་སྦྱར་བར་རིག་པར་བྱའོ། །སེམས་ཀྱི་ལེན་པའི་མ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ཉིད་མཚམས་སྦྱོར་བའི་རྒྱུ་གཉིས་པོ་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་བག་ཆགས་དང། རྟེན་དང་བཅས ་པའི་དབང་པོ་གཟུགས་ཅན་ལེན་པ་སྟེ། དེ་བླངས་པའི་ནང་གི་ལུས་དང་ཕྱིའི་ལུས་དང། ཕྱི་ནང་གཉིས་ཀའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་ལུས་དྲན་པ་ཉེ་བར་གཞོག་པ་ན་ལུས་དེ་ལ་མི་གཙང་བའི་མཚན་མ་དང། དེ་བཞིན་ཉིད་ཀྱི་མཚན་མ་ཏིང་ངེ་འཛིན ་གྱི་སྤྱོད་ཡུལ་གཟུགས་བརྙན་གྱི་རྣམ་པར་སྣང་བ་གང་ཡིན་པ་ཉིད་འདིར་སེམས་ཀྱི་ལེན་པའི་མཚན་མ་ཞེས་བྱའོ། །མྱོང་བའི་མཚན་མ་ཞེས་བྱ་བ་ནི་སེམས་དེ་ཉིད་ཀྱི་བདག་ཏུ་མོངས་པ་དང། བདག་ཏུ་ལྟ་བ་དང། བདག་ཏུ་ང་རྒྱལ་དང། བདག ་ལ་ཆགས་པ་སྟེ། དེས་མྱོང་བའི་ནང་གི་ཚོར་བ་དང། ཕྱིའི་ཚོར་བ་དང། ཕྱི་ནང་གཉི་གའི་ཚོར་བ་ལ་ཚོར་བའི་རྗེས་སུ་ལྟ་ཞིང་ཚོར་བ་དྲན་པ་ཉེ་བར་འཇོག་པ་ན། ཚོར་བ་ལ་སྡུག་བསྔལ་བའི་མཚན་མ་དང། དེ་བཞིན་ཉིད་ཀྱི་མཚན་མ་ཏིང་ངེ་འཛིན ་གྱི་སྤྱོད་ཡུལ་གཟུགས་བརྙན་གྱི་རྣམ་པར་སྣང་བ་སྟེ་གང་ཡིན་པ་ཉིད་འདིར་སེམས་ཀྱི་མྱོང་པའི་མཚན་མ་ཞེས་བྱའོ།། རྣམ་པར་རིག་པའི་མཚན་མ་ཞེས་བྱ་བ་ནི་སེམས་དེ་ཉིད་ཀྱི་དམིགས་པ་རྣམ་པར་རིག་པ་སྟེ། དེ་སེམས་ཙམ་དུ་རྣམ་པར ་རིག་པའི་སེམས་དང། ཕྱི་རོལ་གྱི་སེམས་དང་།ཕྱི་ནང་གཉིས་ཀའི་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་སེམས་དྲན་པ་ཉེ་བར་འཇོག་པ་ན། སེམས་དེ་ལ་མི་རྟག་པའི་མཚན་མ་དང་།དེ་བཞིན་ཉིད་ཀྱི་མཚན་མ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ ་གཟུགས་བརྙན་གྱི་རྣམ་པ་གང་ཡིན་པ་ཉིད་འདིར་སེམས་ཀྱི་རྣམ་པར་རིག་པའི་མཚན་མ་ཞེས་བྱའོ།། ཀུན་ནས་ཉོན་མོངས་པའི་མཚན་མ་དང་རྣམ་པར་བྱང་བའི་མཚན་མ་ཞེས་བྱ་བ་ནི་སེམས་དེ་ཉིད་སེམས་དང། སེམས་ལས་བྱུང་བ་དག་སྟེ། ་དེ་དག་གི་གནས་དང། དམིགས་པའི་ཆོས་ལ་ནང་གི་ཆོས་དང། ཕྱིའི་ཆོས་དང། ཕྱི་ནང་གཉིས་ཀའི་ཆོས་ལ་དེ་ཆོས་ཀྱི་རྗེས་སུ་ལྟ་ཞིང་ཆོས་དྲན་པ་ཉེ་བར་འཇོག་པ་ན་ཆོས་དེ་དག་མ་རྟོགས་པས་སྡུག་བསྔལ་བ་དང་། ཀུན་འབྱུང་བ ་བདག་མེད་པའི་རྣམ་པས་ཀུན་ནས་ཉོན་མོངས་པར་འགྱུར་བའི་མཚན་མ་དང། དེ་དག་གི་དེ་བཞིན་ཉིད་ཀྱི་མཚན་མ་དང། ཆོས་དེ་དག་རྟོགས་བས་འགོག་བ་དང་ལམ་དང་བདག་མེད་པའི་རྣམ་པས་རྣམ་པར་བྱང་བར་འགྱུར ་པའི་མཚན་མ་དང། དེ་དག་གི་དེ་བཞིན་ཉིད་ཀྱི་མཚན་མ་ཏིང་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་གྱི་རྣམ་པར་སྣང་བ་གང་ཡིན་པ་ཉིད་འདིར་སེམས་ཀྱི་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའི་མཚན་མ་ཞེས་བྱའོ། །ནང་གི་མཚན ་མ་ཞེས་བྱ་བ་ནི་ནང་སྟོང་པ་ཉིད་རྟོགས་པའི་རྣམ་པའོ།། ཕྱི་རོལ་གྱི་མཚན་མ་ཞེས་བྱ་བ་ནི་སྟོང་པ་ཉིད་རྟོག་པའི་རྣམ་པའོ།། དེ་གཉིས་གའི་མཆན་མ་ཞེས་བྱ་བ་ནི་ཕྱི་ནད་སྟོང་པ་ཉིད་རྟོགས་པའི་རྣམ་པའོ། །སེམས ་ཅན་ཐམས་ཅད་ཀྱི་དོན་ལ་སྦྱར་བར་བྱའོ།། སྙམ་པའི་མཚན་མ་ཞེས་བྱ་བ་ནི་སྟོང་པ་ཉིད་སྟོང་པ་ཉིད་རྟོག་པའི་རྣམ་པ་སྟེ། །དེ་ནི་དེ་ལྟར་ཕྱི་ནང་གཉིས་ཀ་སྟོང་པ་ཉིད་ཡིམ་ན། སྟོང་པ་ཉིད་ལ་ནི་ཅི་ཡང་བསྒྲུབ་ཏུ་མེད་དོ་སྙམ་ནས་སེམས་ཅན་གྱི་དོན་ཡལ ་བར་འདོར་བའི་གཉེན་པོར་ཅི་ཡང་སྒྲུབ་ཏུ་མེད་དེ་སྙམ་པའི་སྟོང་བ་ཉིད་དེ་ཡང་སྟོང་པས་སེམས་ཅན་ཐམས་ཅད་ཀྱི་དོན་ལ་སྦྱར་བར་བྱའོ་སྙམ་དུ་སྟོང་པ་ཉིད་སྟོང་པ་ཉིད་དུ་རྟོགས་བའོ།། ཤེས་པའི་མཚན་མ་ཞེས་བྱ་བ་ནི་ཆེན་པོ་སྟོང་པ་ཉིད་རྟོགས ་པའི་རྣམ་པ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཕྱི་རོལ་གྱི་དངོས་པོ་མ་ཡིན་གྱི་ཤེས་པའི་ངོ་བོ་ཉིད་དུ་རྟོགས་པའོ། །དེ་བཞིན་ཉིད་དང། སྡུག་བསྔལ་དང། ཀུན་འབྱུང་བ་དང། འགོག་པ་དང། ལམ་གྱི་མཚན་མ་ཞེས ་བྱ་བ་ནི་དོན་དམ་པ་སྟོང་པ་ཉིད་རྟོགས་པའི་རྣམ་པ་སྟེ། རྣམ་པར་མ་བཞག་པའི་དེ་བཞིན་ཉིད་དང། རྣམ་པར་གཞག་པའི་བདེན་པ་བཞི་རྟོགས་པའོ།། འདུས་བྱས་ཀྱི་མཚན་མ་ཞེས་བྱ་བ་ནི་འདུས་བྱས་སྟོང་པ་ཉིད་རྟོགས་པའི་རྣམ་ག་སྟེ། ་འདུས་བྱས་སྟོང་པ་ཉིད་དུ་རྟོགས་བའོ།། འདུས་མ་བྱས་ཀྱི་མཚན་མ་ཞེས་བྱ་བ་ནི་འདུས་མ་བྱས་སྟོང་པ་ཉིད་དུ་རྟོགས་པའི་རྣམ་པ་སྟེ། འདུས་མ་བྱས་སྟོང་པ་ཉིད་དུ་རྟོགས་པའོ། །རྟགས་པའི་མཚན་མ་ནི་ཞེས་བྱ་བ་ནི་མཛའ་ལས་འདས་པ་སྟོང ་པ་ཉིད་རྟོཌ་པའི་རྣམ་པ་སྟེ། རྟག?་པ་རྟག་པའི་དུས་དང། ཐར་ཟུག་ཐེར་ཟུག་གི་དུས་སུ་གང་ཟག་གཏན་མེད་པར་རྟོགས་པའོ། །མི་རྟག་པའི་མཚན་མ་ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་རྟོཌ་པའི་རྣམ་པ་སྟེ། འདུས ་བྱས་སྔོན་དང་ཕྱི་མའི་མཛའ་མེད་པ་མི་རྟག་པ་སྟོང་པ་ཉིད་རྟོགས་པའོ།། སྡུག་བསྔལ་དང། འགྱུར་བ་དང་བཅས་པའི་རང་བཞིན་གྱི་མཚན་མ་ཅེས་བྱ་བ་ནི་དོར་བ་མེད་པ་སྟོང་པ་ཉིད་རྟོགས་པའི་རྣམ་པ་སྟེ། སྡུག་བསྔལ་གྱི ་རང་བཞིན་དང། འགྱུར་བ་དང་བཅས་པའི་རང་བཞིན་ཞེས་བྱ་བ་ཚིག་གཉིས་བསྡུས་པའི་མཚན་མ་ཅིག་དང་སྦྱར་རོ། །དེ་ལ་སྡུག་བསྔལ་གྱི་རང་བཞིན་ཡང་ཕུང་བོའོ། །འགྱུར་བ་དང་བཅས་པའི་རང་བཞིན་ཡང་ཕུང་པོ ་སྟེ?། སྡུག་བསྔལ་གྱི་བདེན་པ་ཉིད་ཡིན་པའི་ཕྱིར་མི་རྟག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །སྡུག་བསྔལ་གྱི་རང་བཞིན་གྱི་ཕུང་པོ་དང། འགྱུར་བ་དང་བཅས་པའི་རང་བཞིན་གྱི་ཕུང་པོ་དེ་ནི་དོར་བ་ཞེས་བྱ་སྟེ། ཕུང་པོའི ་མིང་གི་རྣམ་གྲངས་ཡིན། དོར་བ་མེད་པ་ནི་མྱ་ངན་ལས་འདས་པ་སྟེ། དེ་ནི་སྡུག་བསྔལ་གཏན་འགགས་ཕ་དང། འགྱུར་བ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་རྟོགས་པའི་རྣམ་པ་ནི་སྡུག་བསྔལ་དང་འགྱུར་བ་མེད་པའི་ས་པའི ་རང་བཞིན?་གྱི་མཚན་མ་ཞེས་བྱའོ། །དེ་ལ་མི་འགྱུར་བའི་རང་བཞིན་གྱི་མཚན་མ་ཞེས་བྱ་བ་ནི་རང་བཞིན་གྱིས་སྟོང་པ་ཉིད་རྟོགས་པའི་རྣམ་པ་སྟེ། སྡུག་བསྔལ་དང་འགྱུར་བ་དང་བཅས་པའི་རང་བཞིན་དེ་མི་འགྱུར་བའི་རང ་བཞིན་རྟག་པ་ཡིན་ནོ་སྙམ་པ་དེ་རང་བཞན་གྱིས་སྟོང་བ་ཉིད་དུ་རྟོགས་པ་ཞེས་བྱ་བར་སྦྱར་རོ། །དེ་ལ་ཡང་ལ་ལ་འདི་སྙམ་དུ་གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ཡིན་ལ་སེམས་ཅན་རྣམས་ཀྱི་རང་བཞིན་དུ་གྱུར ་པའི་འདོད་ཆགས་ལ་སོགས་པའི་སྤྱོད་བ་དང་བསམ་པ་དང། བག་ལ་ཉལ་དང། མོས་པ་དང། ཁམས་དང། རིགས་ཞེས་བྱ་བ་ལ་སོགས་པ་མི་འགྱུར་བའི་རང་བཞིན་ཅན་གང་དག་གི་དབང་གིས་བསམ་པ་དང། བག་ལ་ཉལ་སྣ་ཚོགས ་མཁྱེན་བ་དང་མོས་པ་སྣ་ཚོགས་མཁྱེན་པ་དང། ཁམས་སྣ་ཚོགས་མཁྱེན་པ་ཞེས་བྱ་བ་ལ་སོགས་པ་སངས་རྒྱས་ཀྱིས་ཆོས་མ་འདྲེས་པ་རྣམས་འཇུག་པར་འགྱུར་བའི་ཆོས་གང་ཡིན་པ་དེ་དག་འཐང་པར་མི་འགྱུར་ཏེ། དེ་བས་ན་མི་འགྱུར་བའི ་རང་བཞིན་གྱི་ཆོས་དེ་དག་ནི་དོན་དམ་པར་ཡོད་དོ་སྙམ་དུ་སེམས་དཔའ་ཨི་ཆོས་དེ་དག་རང་བཞིན་གྱིས་སྟོང་པ་ཉིད་དུ་ཡིད་ལ་བྱེད་པ་ན་སྟོང་པ་ཉིད་དུ་མཐོང་བའི་རྣམ་བ་ནི་དེ་མི་འགྱུར་བའི་རང་བཞིན་གྱི་མཚན་མ་ཞེས་བྱའོ། །འདུས་བྱས་ཀྱི་མཚན་ཉིད་མི ་འདྲ་བའི་མཚན་མ་འམ། དེའི་རང་གི་མཚན་ཉིད་ཀྱི་མཚན་མ་ཞེས་བྱ་བ་ནི་མཚན་ཉིད་སྟོང་པ་ཉིད་རྟགས་པའི་རྣམ་པ་སྟེ། འདུས་བྱས་ཀྱི་མཚན་ཉིད་མི་འདྲ་བ་ནི་འདུས་མ་བྱས་པ་སྟེ་དོན་དམ་པའི་བདེན་པའོ། །དེའི་རང་གི་མཚན་ཉིད་ནི་འདུས་བྱས་ཏེ ་ཀུན་རྫོབ་ཀྱི་བདེན་པའོ། །མཚན་ཉིད་དེ་གཉིས་རང་བཞིན་མེད་པ་སྟོང་པ་ཉིད་དུ་རྟོགས་པ་སྟེ་མཚན་མ་གཉིས་སོ་སོར་བགྲང་ངོ། །ཐམས་ཅད་ཐམས་ཅད་ཅེས་བྱ་བར་རིག་ནས་ཐམས་ཅད་ཀྱི་མཚན་མ་ཞེས་བྱ་བ་ནི་ཐམས་ཅད་སྟོང་པ་ཉིད་རྟོགས ་པའི་རྣམ་པ་སྟེ། འདུས་བྱས་དང་འདུས་མ་བྱས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའོ། །གང་ཟག་བདག་མེད་པའི་མཚན་མ་ཞེས་བྱ་བ་ནི་མི་དམིགས་པ་སྟོང་པ་ཉིད་རྟོགས་པའི་རྣམ་པ་སྟེ། གང་ཟག་མི་དམིགས་པ་སྟོང ་བ་ཉིད་དུ་རྟོགས་པའི། །ཆོས་བདག་མེད་པའི་མཚན་མ་ཞེས་བྱ་བ་ནི་དངོས་པོ་མེད་པ་སྟོང་པ་ཉིད་རྟོགས་པའི་རྣམ་པ་སྟེ། ཆོས་རྣམས་དངོས་པོ་མེད་པ་སྟོང་པ་ཉིད་དུ་རྟོགས་པའོ། །དེ་ལྟར་ཞུགས་ཤིང་ཞེས་བྱ་བ་ནི་གཞན་གྱི་དབང ་གི་མཚན་མ་ཐམས་ཅད་ཀྱི་གཉེན་པོ་དེ་བཞིན་ཉིད་ལ་ཞུགས་པའོ། །དེ་ལ་མང་དུ་གནས་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་དེ་ཀུན་ཏུ་བསྟེན་གོམས་པར་བྱས་ལན་མང་དུ་བྱས་པའོ།། དུས་དུས་སུ་ཞེས་བྱ་བ་ནི་ཞི་གནས་ཀྱི་དུས་དང། ལྷག ་མཐོང་གི་དུས་དང། གཉིས་ཀའི་དུས་སུའོ། །དེ་ལྟར་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་ལ་ཅི་ཞིག་འབྱུང་བར་འགྱུར་ཞེ་ན། ནང་གི་སོ་སོའི་བདག་ཉིད་ལ་སོ་སོ་རང་རིག་པ་དེ་བཞིན་ཉིད་རྣམ་པ་བདུན་སོ་སོར་རྟོགས་པའི་ཤེས་པ ་རྣམ་པ་བདུན་སྐྱེ་བར་འགྱུར་ཏེ་ཞེས་བྱ་བ་གསུངས་ཏེ། དེ་ལ་ནང་གི་སོ་སོའི་བདག་ཉིད་ལ་ཞེས་བྱ་བ་ནི་སེམས་ཀྱི་ངོ་བོ་ཉིད་ལའོ། །སོ་སོར་རང་རིག་པ་ཞེས་བྱ་བ་ནི་གཉིས་མེད་པའོ། །དེ་བཞིན་ཉིད་རྣམ་པ་བདུན་སོ་སོར་རྟོགས ་པའི་ཞེས་བྱ་བ་ནི་འབྱུང་བའི་དེ་བཞིན་ཉིད་ལ་སོགས་པ་སྟེ། ཤེས་བྱའི་དངོས་པོའི་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཀྱི་མཚན་ཉིད་ནི་དེ་བདུན་དུ་འདུས་པའི་ཕྱིར་རོ།། ཤེས་པ་རྣམ་པ་བདུན་སྐྱེ་བར་འགྱུར་ཏེ་ཞེས་བྱ་བ་ནི་དེ་བཞིན་རྣམ་པ་བདུན ་རྟོགས་པའི་སྒོ་ནས་ཤེས་པ་ཡང་རྣམ་པ་བདུན་ཞེས་བྱ་བར་ཟད་ཀྱི་ཤེས་པའི་ངོ་བོ་ཉིད་ལ་ནི་རྣམ་པ་བདུན་དུ་དབྱེ་བ་མེད་དེ། མཐོང་བའི་ལམ་གྱི་ངོ་བོ་ཉིད་གཅིག་ཏུ་ཟད་དོ། །དེ་ནི་དེའི་མཐོང་བའི་ལམ་ཡིན་ནོ། །ཞེས་བྱ་བ་ནི་སེམས་ཀྱི ་ངོ་བོ་ཉིད་ལ་གཉིས་མེད་པའི་དོན་སོ་སོ་རང་རིག་པའི་ཤེས་པ་དེའོ།། དེ་ཐོབ་པས་ཞེས་བྱ་བ་ནི་མཐོང་བའི་ལམ་དེའོ། །ཡང་དག་པ་ཉིད་སྐྱོན་མེད་པ་ཞེས་བྱ་བ་ནི་དང་པོ་ཁོ་ནས་དེ་ཁོ་ན་མཐོང་བའོ།། དེ་བཞིན་གཤེགས་པའོ་རིགས་ཞེས་བྱ་བ་ནི ་གདོན་མི་ཟ་བར་དེ་བཞིན་གཤེགས་པ་ཉིད་དུ་འགྱུར་བར་ངེས་པའོ།། ས་དང་བོ་ཞེས་བྱ་བ་ནི་རབ་ཏུ་དགའ་བའོ། །ས་དེའི་ཕན་ཡོན་ཞེས་བྱ་བ་ནི་ས་དང་པོ་དང་ཕན་ཡོན་གང་དག་བསྟན་པ་དེ་དག་གོ། །དེས་སྔར་ཞེས་བྱ་བ་ནི་མཐོང ་བའི་ལམ་མ་ཐོབ་པའི་དུས་ན་ཏེ། སྦྱོར་བའི་ལམ་གྱི་ཡིད་ལ་བྱེད་པའི་གནས་སྐབས་ནའོ། །ད་ལྟར་ན་ཅི་།ཐོད་བའི་ལམ་ཐོབ་པས་དངོས་པོའི་མཛའ་ཨི་དམིགས་པ་ཐོབ་པ་ཡིན་ཏེ་ཞེས་བྱ་བ་ནི་དེས་སངས་རྒྱས་ཀྱི་ས་ཉིད་ལ་ཡོངས་སུ་གྲུབ ་པ་ཡིན་མོད་ཀྱི་།དང་པོར་ས་དང་པོ་ལ་རྟོགས་བའི་ཕྱིར།། དགོངས་པ་ཡོངས་སུ་གྲུབ་པའི་དམིགས་པ་ཡང་མེད་པ་མ་ཡིན་མོད་ཀྱི་ཡོངས་སུ་རྫོགས་པ་མ་ཡིན་པས་དེ་ཐོབ་བོ་ཞེས་མ་བསྟན་ཏོ། །དེས་གོང་མི་གོང་མ་རྣམས་སུ་ཞེས་བྱ་བ་ནི་ས ་གཉིས་པ་ཡན་ཆད་དུའོ།། དམིགས་བ་རྣམ་པ་གསུམ་པོ་དེ་དག་ཉིད་ཡིད་ལ་བྱེད་པ་ན་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་བཅས་བའི་གཟུགས་བརྙན་དག། རྣམ་པར་མི་རྟོག་བའི་གཟུགས་བརྙན་དང། དངོས་པོའི་མཛའ་ཨི་དམིགས་པའོ། །ནང་གི་མཚན ་མ་རྣམ་པར་སེལ་བ་ཉིད་ཀྱི་ས་ཞེས་བྱ་བ་ནི་དམིགས་པ་གསུམ་པོ་དེ་ལ་གཉིས་མེད་པའི་དོན་གྱིས་ཏེ། དེ་ཉིད་ཁྱེའུ་ཆེས་ཕྲ་མོ་ལྟ་བུར་བལྟ་བར་བྱའོ།། ཀུན་ནས་ཉོན་མོངས་པའི་ཆ་མཐུན་པའི་རྣམ་པ་ཐམས་ཅད་ཅེས་བྱ་བ་གཞན་གྱི་དབང་གི ་མཚན་མ་སྟེ། དེ་ནི་ཁྱེའུ་སྦོམ་པོ་ལྟ་བུར་བལྟ་བར་བྱའོ། །མཚན་མ་རྣམས་ཞེས་བྱ་བ་ནི་གཞན་གྱི་དབང་གི་མཚན་མ་རྣམས་སོ། །གནས་ངན་ལེན་རྣམས་ཞེས་བྱ་བ་ནི་ཀུན་བརྟགས་པའི་བག་ཆགས་རྣམས་སོ། །གསེར་ལྟ་བུར་ཞེས་བྱ་བ ་ནི་ས་བཅུ་པའི་མདོ་ལས་དང་བོ་ནས་ས་བཅུ་བའི་བར་དུ་སེམས་རྣམ་པར་སྤྱོད་བ་གསར་ལ་དཔེ་བླངས་བ་དང་སྦྱར་རོ།། ཚུལ་དེས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གྱི་བར་དུ་མངོན་པར་རྫོགས་པར་སངས་རྒྱས་ཞིང་དགོས ་པ་ཡོངས་སུ་གྲུབ་པ་ཡང་འཐོབ་སྟེ་ཞེས་བྱ་བ་གསུངས་ཏེ། དགོས་པ་ཡོངས་སུ་གྲུབ་བའི་དམིགས་པ་ནི་ཡེ་ཤེས་ཕུན་སུམ་ཚོགས་པའོ། །བྱམས་པ་བྱང་ཆུབ་སེམས་དཔའ་ཞི་གནས་དང་།ལྷག་མཐོང་ལ་དེ་ལྟར་གྲུབ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ་ཞེས་བྱ་བ་ནི་སྔར་ཞུས་པའི་ལན་གྱི་བསྡུ་བ་བསྟན་ཏེ། དེས་ནི་བསྟན་པས་བསྒོམ་པ་ལ་འདུན་པ་དྲག་པོ་མེད་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ ་བསྟན་ཏོ།། དེའི་འོག་ཏུ་བྱང་ཆུབ་སེམས་དཔས་ཇི་ལྟར་བསྒྲུབས་ན་བྱང་ཆུབ་སེམས་དཔའ་ཨི་མཐུ་ཆེན་པོ་མངོན་པར་འགྲུབ་པས་བསྒོམ་པ་ལ་འདུན་པ་དྲག་པོ་མེད་པར་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ ་པ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཨི་ཇི་ལྟར་སྒྲུབ་པར་བགྱིད་ན་བྱང་ཆུབ་སེམས་དཔའ་ཨི་མཐུ་ཆེན་པོ་མངོན་པར་སྒྲུབ་པ་ལགས་ཞེས་བྱ་བ་མངོན་བར་ཞུས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་མཐུ་ཆེན་པོ་རྣམ་པ་ལྔ་སྟེ། མངོན་བར་ཤེས ་པའི་མཐུ་དང། ཆོས་ཀྱི་མཐུ་དང། ལྷན་ཅིག་སྐྱེས་པའི་མཐུ་དང། ཐུན་མོང་གི་མཐུ་དང། ཐུན་མོང་མ་ཡིན་པའི་མཐུའོ། །དེ་ལ་མངོན་པར་ཤེས་པའི་མཐུ་གང་ཞེ་ན་མངོན་པར་ཤེས་པ་དྲུག་སྟེ། རྫུ་འཕྲུལ་གྱི་ཡུལ་ཤེས་པ་མངོན ་དུ་བྱ་བའི་མངོན་པར་ཤེས་པ་དང། ལྷའི་རྣ་བའི་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ་དང། སེམས་ཀྱི་རྣམ་གྲངས་ཤེས་པ་མངོན་དུ་བྱ་པའི་མངོན་པར་ཤེས་པ་དང། སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས ་པ་དང། འཆི་འཕོ་དང་སྐྱེ་བ་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ་དང་།ཟག་བ་ཟད་པ་ཤེས་པ་མངོན་དུ་བྱ་པའི་མངོན་པར་ཤེས་པའོ། །དེ་ལ་རྫུ་འཕྲུལ་གྱི་ཡུལ་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ་ཞེས་བྱ་བ་ལ་རྫུ་འཕྲུལ་གྱི ་ཡུལ་ནི་གང། རྫུ་འཕྲུལ་གྱི་ཡུལ་ཤེས་བ་མངོན་དུ་བྱ་བ་ནི་གང་ཞེ་ན། རྫུ་འཕྲུལ་གྱི་ཡུལ་ཞེས་བྱ་བ་ནི་གཅིག་ཏུ་གྱུར་བས་མང་བོར་འགྱུར་ཞེས་བྱ་བ་ལ་སོགས་བ་ནས་རྒྱས་པར་ཚངས་བའི་འཇིག་རྟེན་གྱི་བར་དུ་ལུས་ཀྱི་དབང་བསྒྱུར ་བར་བྱེད་དོ་ཞེས་བྱ་བའི་བར་གང་ཡིན་པ་སྟེ། རྫུ་འཕྲུལ་གྱི་ཡུལ་ཤེས་པ་དེས་ཡུལ་དེ་ཉམས་སུ་མྱོང་བ་དང། ཉེ་བར་སྟོན་པར་བྱེད་པས་ན་དེའི་ཕྱིར་རྫུ་འཕྲུལ་གྱི་ཡུལ་ཞེས་བྱའོ། །དེ་ལ་རྣམ་པར་བསྒྱུར་བ་དང་སྤྲུལ་པའོ།། དེ་ལ་ཡོངས་སུ་བསྒྱུར་པ་ཞེས ་བྱ་བ་ནི་དངོས་པོ་ཡོད་པའི་རང་བཞིན་གཞན་དུ་བསྒྱུར་བ་སྟེ་གཡོ་བར་བྱེད་པ་དང། འབར་བར་བྱེད་པ་དང། ཁྱབ་པར་བྱེད་པ་དང། རྣམ་པར་སྟོན་པ་དང། གཞན་དུ་འགྱུར་བར་བྱེད་པ་དང། འགྲོ་བ་དང་འོང་བར་བྱེད་པ་དང། བསྡུས་པ་དང་རྒྱས་པར ་བྱེད་བ་དང། གཟུགས་ཐམས་ཅད་ལུས་སུ་འཇུག་པར་བྱེད་བ་དང། སྐལ་པ་མཉམ་བའི་བར་དུ་འགྲོ་བར་བྱེད་པ་དང། སྣང་བར་བྱེད་ཅིང་མི་སྣང་བར་ཡང་བྱེད་བ་དང། དབང་བྱེད་པ་དང། གཞན་གྱི་རྫུ་འཕྲུལ་ཟིལ་གྱིས་གནོན་པར་བྱེད་པ་དང། ་སྤོབས་པ་སྦྱིན་པ་དང། དྲན་བ་སྦྱིན་བ་དང། བདེ་བ་སྦྱིན་པ་དང། འོད་ཟེར་འབྱིན་པ་དང། དེ་ལྟ་བུ་དང་མཐུན་བ་དག་ནི་ཡོངས་སུ་བསྒྱུར་བ་ཞེས་བྱའོ། །དེ་ལ་སྤྲུལ་པ་ཞེས་བྱ་བ་ནི་དངོས་པོ་མེད་པ་ལས་སྤྲུལ་བའི་སེམས་ཀྱིས་ཇི་ལྟར་འདོད་པ་བཞིན་དུ ་སྤྲུལ་པ་སྟེ། དེ་ནི་རྣམ་པ་གསུམ་སྟེ། ལུས་སྤྲུལ་པ་དང། ངག་སྤྲུལ་པ་དང། ཡུལ་སྤྲུལ་པའོ། །དེ་ལ་ལུས་སྦྲུལ་པ་ནི་བདག་དང་འདྲ་བ་འམ་མི་འདྲ་བ་བར་སྤྲུལ་པ་དང། གཞན་དང་འདྲ་བ་འམ་མི་འདྲ་བར་སྤྲུལ་པ་དང། ལུས་ཀྱི་སྤྲུལ་པ་མང ་པོ་སྤྲུལ་པ་སྟེ། དེ་དག་ཀྱང་དབང་པོ་འདྲ་བ་དང། དབང་པོའི་རྟེན་སྤྲུལ་བར་བྱེད་ཀྱི་དབང་པོ་ཉིད་ནི་མ་ཡིན་ནོ།། ངག་སྤྲུལ་པ་ནི་གདངས་སྙན་པ་དང། སྐད་གསལ་བ་དང། བདག་དང་འབྲེལ་པ་དང། གཞན་དང་འབྲེལ་པ་དང། གཉིས་ཀ་དང་མ ་འབྲེལ་པ་དང། ཆོས་སྟོན་པར་རྟོགས་པ་དང། བག་མེད་པ་བསྐུལ་བར་རྟོགས་པའོ།། ཡུལ་སྦྲུལ་པ་ནི་ཟས་དང་སྐོམ་ལ་སོགས་པ་དང། ནོར་བུ་དང་མུ་ཏིག་ལ་སོགས་པ་དང། གཟུགས་དང། སྒྲ་དང། དྲི་དང། རོ་དང། རེག་བྱར་རྟོགས་པ་ཕྱི་རོལ་གྱི་ཡེ ་བྱད་ཐམས་ཅད་ཇི་ལྟར་འདོད་པ་བཞིན་དུ་སྤྲུལ་པ་སྟེ། ཡོངས་སུ་བསྒྱུར་པ་དང། སྤྲུལ་པ་དེ་གཉིས་གཅིག་ཏུ་བསྡུས་པ་ནི་རྫུ་འཕྲུལ་གྱི་ཡུལ་ཞེས་བྱའོ། །རྫུ་འཕྲུལ་གྱི་ཡུལ་ཤེས་པ་ཞེས་བྱ་བ་ནི་མཐུ་དེ་དང་ལྡན་པའི་ཤེས་པ་བསྒོམས་པ་ལས་བྱུང ་པའི་བསྒོམས་པའི་འབྲས་བུ་གང་ཡིན་པ་སྟེ། ཤེས་པ་དེ་ནི་ཡུལ་ཉམས་སུ་མྱོང་བ་དང། ཉེ་བར་སྟོན་པར་འགྱུར་བས་ནི་དེའི་རྫུ་འཕྲུལ་གྱི་ཡུལ་ཤེས་པ་ཞེས་བྱའོ། །རྫུ་འཕྲུལ་གྱི་ཡུལ་ཤེས་པ་མངོན་དུ་བྱ་བ་ནི་ཞེས་བྱ་བ་ནི་ཤེས་པ་དེ་ཉིད ་ཀྱི་ས་བོན་སྐྱེ་བའི་རྐྱེན་གྱིས་ཡོངས་སུ་ཟིན་ཅིང་ཡོངས་སུ་རྟས་པ་གང་ཟག་དེའི་རྒྱུད་ཀྱིས་རྗེས་སུ་འཇུག་བ་གང་ཡིན་པ་སྟེ། ས་བོན་ཡོངས་སུ་རྟས་པས་གང་ཟག་དེས་ཤེས་པ་དེ་མངོན་དུ་བྱེད་པར་གྱུར་པས་དེའི་ཕྱིར་དེ་ནི་རྫུ་འཕྲུལ་གྱི་ཡུལ ་ཤེས་པ་མངོན་དུ་བྱ་བ་ཞེས་བྱའོ།། དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པའི་རྫུ་འཕྲུལ་གྱི་ཡུལ་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ་ཞེས་བྱའོ། །དེའི་ལས་ནི་རྣམ་པ་གཉིས་ཏེ། སེམས་ཅན་རྣམས་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་འདུན ་པར་བྱས་ནས་སངས་རྒྱས་ཀྱི་བསྟན་པ་ལ་འཛུད་པར་བྱེད་པ་དང། སེམས་ཅན་སྡུག་བསྔལ་བ་རྣམས་ལ་ཕན་གདགས་པ་རྣམ་པ་དུ་མ་མང་པོ་སྣ་ཚོགས་ཉེ་བར་སྒྲུབ་པར་བྱེད་པའོ།། ལྷའི་རྣ་བའི་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ ་ཞེས་བྱ་བ་ལ། ལྷའི་རྣ་བ་ནི་གང་། ལྷའི་རྣ་བའི་ཤེས་པ་ནི་གང། ལྷའི་རྣ་བའི་ཤེས་པ་མངོན་དུ་བྱ་བ་ནི་གང་ཞེ་ན། ལྷའི་རྣ་བ་ཞེས་བྱ་བ་ནི་ལྷའི་གནས་པ་བསམ་གཏན་རྣམས་བསྒོམས་པའི་འབྲས་བུ་རྣ་བས་བསྡུས་པའི་གཟུགས་དང་བ ་གང་ཡིན་པ་སྟེ། ལྷའི་རྣ་བ་དེ་ལྷའི་གནས་པ་དེ་ལ་བརྟེན་པ་དང། དེའི་འབྲས་བུ་དང། དེས་བསྡུས་བས་ན་དེའི་ཕྱིར་ལྷའི་རྣ་བ་ཞེས་བྱའོ། །དེས་ནི་ལྷ་དང་མིའི་སྒྲ་དང། འཕགས་པ་རྣམས་དང། འཕགས་པ་མ་ཡིན་པ་རྣམས་དང། སྒྲ ་བོ་ཆེ་རྣམས་དང། སྒྲ་ཆུང་ངུ་རྣམས་དང། གསལ་བ་རྣམས་དང། མི་གསལ་བ་རྣམས་དང་སྤྲུལ་པ་རྣམས་དང། སྤྲུལ་པ་མ་ཡིན་པ་རྣམས་དང། ཐག་རིང་བ་རྣམས་དང། ཐག་ཉེ་བ་རྣམས་ཐོས་པ་ཡིན་ཏེ། དེ་དག་ཀྱང་མདོར་བསྡུ་ན། འགྲོ་བའི ་གནས་ཀྱི་ཁྱད་པར་དང། ལེགས་པར་གསུངས་པ་དང། ཉེས་པར་བཤད་པའི་ཁྱད་བར་དང་།ཆེ་ཆུང་གི་ཁྱད་པར་དང། གོ་བར་བྱེད་པ་དང། མི་བྱེད་བའི་ཁྱད་པར་དང། མཐུ་དང་ལྡན་པ་དང་མི་ལྡན་པའི་ཁྱད་པར་དེ་དང། ཐག་ཉེ་རིང ་གི་ཁྱད་པར་ཡིན་པས་དེར་སྒྲའི་ཁྱད་པར་ཐམས་ཅད་བསྡུས་པར་ལྟ་བར་བྱའོ། །དེ་ལ་གལ་ཏེ་འོག་དང་སྟེང་དང་ཐད་ཀར་འཇིག་རྟེན་གྱི་ཁམས་གཞན་ལས་བརྩམས་ཏེ། ཐོས་པར་འཇུག་པར་མི་བྱེད་ན་ནི་འོག་ཏུ་མནར་མེད་པ་ལ་ཐུག་བ ་ཡན་ཆད། སྟེང་དུ་འོག་མིན་ལ་ཐུག་པ་མན་ཆད་ཐད་ཀར་སྟོང་གསུམ་གྱི་སྟོང་ཆེན་པོའི་ཁམས་ཅིག་ཚུན་ཆད་ཀྱིས་སྒྲ་ཐོས་སོ།། གལ་ཏེ་འཇུག་པར་བྱེད་ན་ནི་འོག་དང་སྟེང་དང་ཐད་ཀར་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པ ་དག་གི་སྒྲ་ཐམས་ཅད་ཐོས་ཏེ། དེ་ནི་ལྷའི་རྣ་བ་ཞེས་བྱའོ།། ལྷའི་རྣ་བའི་ཤེས་པ་ཞེས་བྱ་བ་ནི་རྣ་བ་དེ་ལ་བརྟེན་བའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཤེས་པ་བསྒོམས་པ་ལས་བྱུང་བ་བསྒོམས་བའི་འབྲས་བུ་གང་ཡིན་པ་སྟེ། ་ཤེས་པ་དེ་ནི་སྒྲ་དེ་དག་ཐོས་པ་དང་།ཉམས་སུ་མྱོང་བར་འགྱུར་བས་ན་དེའི་ཕྱིར་ལྷའི་རྣ་བའི་ཤེས་པ་ཞེས་བྱའོ། །ལྷའི་རྣ་བའི་ཤེས་པ་མངོན་དུ་བྱ་བ་ནི་ཤེས་པ་དེ་ཉིད་ཀྱི་ས་བོན་སྐྱེ་བའི་རྐྱེན་གྱིས་ཡོངས་སུ་ཟིན་ཅིང་ཡོངས་སུ་རྟས་པ་གང་ཟག་དེའི་རྒྱུད་ཀྱི་རྗེས་སུ་འཇུག་པ་གང་ཡིན་པ ་སྟེ། ས་བོན་ཡོངས་སུ་རྟས་པས་གང་ཟག་དེས་ཤེས་པ་དེ་མངོན་དུ་བྱེད་བར་འགྱུར་བས་ན་དེའི་ཕྱིར་དེ་ནི་ལྷའི་རྣ་བའི་ཤེས་པ་མངོན་དུ་བྱ་བ་ཞེས་བྱའོ།། དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་ལྷའི་རྣ་པའི་ཤེས་བ་མངོན་དུ་བྱ་བའི་ཤེས་པ་ཞེས་བྱའོ། །དེའི ་ལས་ནི་དག་གི་སྤྱོད་པ་དགེ་བ་དང་མི་དགེ་བ་དག་ཐོས་ནས་སེམས་ཅན་དེ་དག་ལ་ཅི་རིགས་ཅི་འོས་བར་ན་ནན་ཏན་བྱེད་པ་ཡིན་ནོ། །སེམས་ཀྱི་རྣམ་གྲངས་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ་ཞེས་བྱ་བ་ལ་སེམས་ཀྱི་རྣམ་གྲངས་ནི་གང། སེམས ་ཀྱི་རྣམ་གྲངས་ཤེས་པ་ནི་གང། སེམས་ཀྱི་རྣམ་གྲངས་ཤེས་པ་མངོན་དུ་བྱ་བ་ནི་གང་ཞེ་ན། སེམས་ཀྱི་རྣམ་གྲངས་ཞེས་བྱ་བ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཕྱོགས་དཔག་ཏུ་མེད་གྲངས་མེད་པ་དག་ན་སེམས་ཅན་འཁོད་པ་རྣམས་ཀྱི་སེམས་ཉོན་མོངས་པས ་ཀུན་ནས་དཀྲིས་པ་དང། ཉོན་མོངས་པས་ཀུན་ནས་དཀྲིས་པ་དང་བྲལ་བ་དང་ཉོན་མོངས་པ་དང་འབྲེལ་ཅིང་བག་ལ་ཉལ་དང་བཅས་པ་དང། ཉོན་མོངས་པ་དང་འབྲལ་པ་མ་ཡིན་ཞིང་བག་ལ་ཉལ་མེད་པ་དང། སྨོན་ལམ་ལྡོག་པར་བཏབ་པ་དང་སྨོན་ལམ་ལེགས ་བར་བཏབ་པ་དང། དམན་པ་དང། བར་མ་དང། གྱ་ནོམ་པ་དང། བདེ་བ་དང་ལྡན་པ་དང། སྡུག་བསྔལ་དང། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་ལྡན་པར་འཇུག་པ་གང་ཡིན་པའོ། །སེམས་ཀྱི་རྣམ་གྲངས་ཤེས་བ་ཞེས་བྱ་བ་ནི ་དེ་ལ་དམིགས་བའི་ཤེས་པ་མཐུ་དང་ལྡན་པ་བསྒོམས་པ་ལས་བྱུང་འཡིད་བསྒོམས་པའི་འབྲས་བུ་གང་ཡིན་པ་སྟེ། ཤེས་པ་གཅིག་གིས་དང་སེམས་ཅན་གཅིག་གིས་སེམས་གང་ཡིན་པ་དང། ཇི་ལྟ་བུ་དང། ཇི་འདྲ་བ་དང། ཇི་སྙེད་པར་གནས་པ་ཐམས་ཅད ་ཅིག་ཅར་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཤེས་སོ།། ཤེས་པ་གཅིག་ཁོ་ནས་སེམས་ཅན་?་བོ་དག་གི་སེམས་གང་ཡིན་པ་དང་ཇི་ལྟ་བུ་དང་ཇི་འདྲ་བ་དང་ཇི་སྙེད་ཉེ་བར་གནས་པ་ཐམས་ཅད་དང་ཅིག་ཅར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པས་ན་དེའི་ཕྱིར ་སེམས་ཀྱི་རྣམ་གྲངས་ཤེས་པ་ཞེས་བྱའོ། །སེམས་ཀྱི་རྣམ་གྲངས་ཤེས་པ་མངོན་དུ་བྱ་བ་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ། དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་སེམས་ཀྱི་རྣམ་གྲངས་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ་ཞེས་བྱའོ ་དེའི་ལས་ནི་སེམས་ཅན་རྣམས་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་དང། མོས་པ་སྣ་ཚོགས་ཤེས་པ་དང། ཁམས་དང་སྤྱོད་པ་སྣ་ཚོགས་ཤེས་པ་དང། མྱ་ངན་ལས་འདས་པ་འགྲོ་བའི་ལམ་སྣ་ཚོགས་ཤེས་པས་དེ་དག་ཏུ་ཅི ་རིགས་པར་སྦྱོར་བ་བྱེད་པ་ཡིན་ནོ། །སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ་ཞེས་བྱ་བ་ལ། སྔོན་གྱིས་གནས་རྗེས་སུ་དྲན་པའི་ཤེས་པ་ནི་གང། སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་མངོན་དུ་བྱ་བ་ནི་གང་ཞེ་ན། སྔོན་གྱི ་གནས་རྗེས་སུ་དྲན་པ་ཞེས་བྱ་བ་ནི་ཕྱོགས་བཅུའི་སེམས་ཅན་གྱི་རིས་རྣམ་པ་སྣ་ཚོགས་དག་ན། སེམས་ཅན་མིང་དང་བརྡ་སྣ་ཚོགས་རྣམ་པར་བཞག་པ་ཐ་དད་པ་རྣམས་ཀྱི་སྔོན་འདས་པའི་རབས་དག་གི་ལུས་ཀྱི་རྣམ་པ་མངོན་པར་བརྗོད་པ་ན། ཐ་སྙད ་ཀྱི་གཞི་བརྒྱད་ལ་བརྟེན་པའི་སྤྱོད་པ་དྲུག་རྗེས་སུ་དྲན་པ་གང་ཡིན་པ་སྟེ། ཐ་སྙད་ཀྱི་གཞི་བརྒྱད་གང་ཞེ་ན། མིང་ནི་འདི་ཞེས་བྱ་རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། ཟས་ནི་འདི་འདི་ལྟ་བུ་ཞིག་ཟ་ཟ། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ ་ཞིག་མྱོང། ཚེ་རིང་ཁྱད་ནི་འདི་ཙམ་ཞིག། ཡུན་ནི་འདི་སྲིད་གཅིག་གནས་གནས། ཚེ་ནི་འདི་ཙམ་ཞིག་ཐུབ་ཅེས་བྱ་བའོ། །ཐ་སྙད་ཀྱི་གཞི་བརྒྱ་ལ་བརྟེན་པའི་སྤྱོད་པ་དྲུག་གང་ཞེ་ན། བོད་པའི་བརྡ་དང། རྒྱལ་རིགས་ལ་སོགས་པའི་རིགས་རྣམས ་དང། ཕ་མ་དང་ཟས་སྐོམ་ལ་སོགས་པའི་བྱ་བ་དང། དར་བ་དང། རྒུད་པ་དང། ཚེའི་རྣམ་པ་སྣ་ཚོགས་ཏེ། འདི་ལྟར་འཇིག་རྟེན་ཐ་སྙད་ཀྱི་གཞི་བརྒྱད་པོ་ལ་བརྟེན་ནས་བདག་དང། གཞན་དག་གི་སྤྱོད་པ་དྲུག་པོ་དག་ཐ་སྙད་འདོགས་པ་ན ་བདག་གམ། འདིའི་མིང་ནི་འདི་ཞེས་བྱ། །བདག་གམ་འདིའི་རིགས་ནི་རྒྱལ་རིགས་ལ་སོགས་པ་ནི་འདི་ཞེས་བྱ། བདག་གམ་འདིའི་ཕ་མ་ནི་འདི་ཡིན་པས་རུས་ནི་འདི་ཞེས། བདག་གམ་འདིའི་ཟས་སྐོམ་ལ་སོགས་པའི་བྱ་བས་ཟས་མི་འདི་ལྟ་བུ་ཞིག ་ཟ་ཟ། བདག་གམ་འདི་དར་བ་དང། རྒུད་པས་བདེ་བ་དང། སྡུག་བསྔལ་མི་འདི་ལྟ་བུ་ཞིག་འབྱུང། བདག་གམ་འདིའི་ན་ཚོགས་ནི་གཞོན་པའམ། བར་མ་འམ་རྒན་པ་འདི་ཙམ་ཞིག་གནས་གནས་སོ་ཞེས་ཐ་སྙད་འདོགས་པར་བྱེད་པའི་ཕྱིར་ཏེ། བདག ་དང་གཞན་དག་གི་སྔོན་འདས་པའི་ཚེ་རབས་དག་གི་ལུས་ཀྱི་རྣམ་པ་ཐ་སྙད་ཀྱི་གཞི་བརྒྱད་ལ་བརྟེན་པའི་སྤྱོད་པ་དྲུག་པོ་དེ་དག་རྗེས་སུ་དྲན་པ་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་ཞེས་བྱའོ། །སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་ཞེས་བྱ་བ་ནི་དྲན་པ ་དེ་ལ་བརྟེན་ཅིང་མཚུངས་པར་ལྡན་པའི་ཤེས་པ་མཐུ་དང་ལྡན་པ་བསྒོམས་པ་ལས་བྱུང་བ་བསྒོམས་པའི་འབྲས་བུ་གང་གིས་དེ་ལ་དྲན་པ་འཇུག་པ་གང་ཡིན་པ་སྟེ། ཤེས་པ་དེས་བདག་དང་གཞན་དག་གི་སྔོན་གྱི་གནས་དང། སྲིད་པ་བར ་མ་དང། སྔོན་གྱི་སྤྱོད་པ་ཉུང་དུ་དང། །མང་པོ་དང། ཚད་མེད་པ་དང་སྐད་ཅིག་དག་ཐད་ཅིག་དང། ཡུད་ཙམ་ལ་སོགས་པའི་རྒྱུན་བར་ཆད་མེད་པའི་ཚུལ་གྱིས་ཞུགས་པ་དང། བསྐལ་བ་བགྲང་བའི་ཚུལ་གྱིས་གྲངས་སུ་བྱར་ནུས་པའི་ཆ་དང། གྲངས་སུ་བྱར་མི ་ནུས་པའི་དུས་དཔག་ཏུ་མེད་པ་དག་དང། གང་འདོད་པ་དང། ཇི་ཙམ་འདོད་པ་ལ་ཤེས་པ་ཐོགས་པ་མེད་པར་འཇུག་པར་འགྱུར་བས་ན་དེའི་ཕྱིར་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་ཞེས་བྱའོ། །དེ་སྔོན་དུ་བྱ་བ་ནི་སྔ་མ་བཞིན་ཏེ། དེ་དག་ཐམས་ཅད ་གཅིག་ཏུ་བསྡུས་པ་ནི་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་སྔོན་དུ་བྱ་བའི་མངོན་པར་ཤེས་པ་ཞེས་བྱའོ། །དེའི་ལས་ནི་སེམས་ཅན་རྣམས་སངས་རྒྱས་བཅོམ་ལྡན་འདས་ལ་དད་པ་སྐྱེད་པ་དང། འཁོར་བ་ལས་སྐྱོ་བ་བསྐྱེད་པའི་ཕྱིར་བྱང ་ཆུབ་སེམས་དཔའ་ཨི་སྤྱོད་པ་མཆོག་རྨད་དུ་བྱུང་བ་སྐྱེས་པའི་རབས་ཀྱི་སྡེ་སྣོད་སྣ་ཚོགས་བསྟན་པ་དང། སེམས་ཅན་རྣམས་ཀྱི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ལས་བརྩམས་ཏེ། སྔོན་གྱི་ཚུལ་དང་ལྡན་པའི་དེ་ལྟ་བུ་བྱུང་བའི་སྡེ་སྣོད་སྣ ་ཚོགས་བསྟོན་པ་དང། སྔོན་གྱི་མཐར་རྟོག་བརྟག་པར་སྨྲ་བ་དང། ཁ་ཅིག་རྟག་པར་སྨྲ་བ་རྣམས་ཀྱི་རྟག་པར་ལྟ་བ་སེལ་བར་བྱེད་པ་ཡིན་ནོ། །འཆི་འཕོ་དང་སྐྱེ་བ་ཤེས་པ་ལ་མངོན་དུ་བྱ་བའི་མངོན་པར་ཤེས་པ་ཞེས་བྱ་བ་ལ་འཆི་འཕོ་དང་སྐྱེ་བ་ནི ་གང། འཆི་འཕོ་དང་སྐྱེ་བ་ཤེས་པ་ནི་གང་།འཆི་འཕོ་དང་སྐྱེ་བ་ཤེས་པ་མངོན་དུ་བྱ་བ་ནི་གང་ཞེ་ན། འཆི་འཕོ་དང་སྐྱེ་བ་ཞེས་བྱ་བ་ནི་སེམས་ཅན་འཆི་འཕོ་བ་དང། སྐྱེ་བ་དང། ཁ་དོག་ངན་པ་དང། ཁ་དོག་བཟང་བ་དང། ངན་བ་དང། ངན ་འགྲོར་འགྲོ་བ་དང། བདེ་འགྲོར་འགྲོ་བ་དང་ལུས་དང། ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་དང། ལྡན་པ་ལོག་པར་ལྟ་བ་འཕགས་པ་ལ་སྐུར་པ་འདེབས་པ། ལོག་པའི་ལམ་མངོན་པར་འདུ་བྱེད་པ། ཡང་དག་པར་བླངས་པའི་རྒྱུས་རྒྱུ་དེ་དང། རྐྱེན ་དེས་ལུས་ཞིག་པ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོར་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བ་དང། ལུས་དང། ངག་དང། ཡིད་ཀྱི་ལེགས་པར་སྤྱོད་པ་དང་ལྡན་པ་ཡང་དག་པ་དེ་ལྟ་བ་འགགས་པ་རྣམས་ལ་ཡིད་ཆེས་པ། ཡང ་དག་པའི་ལམ་མངོན་པར་འདུ་བྱེད་པ་ཡང་དག་པར་བླངས་པའི་རྒྱུས་རྒྱུ་དེ་དང། རྐྱེན་དེས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་གྱི་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་སེམས་ཅན་གྱི་རིས་དེ?་དང་དེ་ནས་ཤི ་འཕོས་ནས་སེམས་ཅན་གྱི་རིས་དེ་ལས་གཞན་པར་སྐྱེ་བ་གང་ཡིན་པའོ། །འཆི་འཕོ་བ་དང་སྐྱེ་བ་ཤེས་པ་ཞེས་བྱ་བ་ནི་ལྷའི་མིག་གི་ཤེས་པ་སྟེ། ལྷའི་མིག་ཞེས་བྱ་བའི་ལྷའི་གནས་པ་བསམ་གཏན་རྣམས་བསྒོམས་པའི་འབྲས་བུ ་མིག་གིས་བསྡུས་པའི་གཟུགས་དང་བ་གང་ཡིན་པ་སྟེ། ལྷའི་མིག་དེ་ལྷའི་གནས་པ་བརྟེན་པ་དང། དེའི་འབྲས་བུ་དང། དེས་བསྡུས་པས་ན་དེའི་ཕྱིར་ལྷའི་མིག་ཅེས་བྱའོ། །དེས་ནི་འཆི་འཕོ་བ་དང། སྐྱེ་པའི་རབ་ཏུ་དབྱེ་བ་ཇི་སྐད་བསྟན་པ་དེ་དག་དང། སྣང་དང། ་ཆ་ཕྲ་བ་དང། གཟུགས་སྤྲུལ་པ་དང། ལྷའི་གཟུགས་དང་བ་ཡང་མཐོང་སྟེ། དེར་གཟུགས་ཀྱི་ཁྱད་པར་ཐམས་ཅད་འདུས་པར་བལྟ་བར་བྱའོ། །དེ་ལ་གལ་ཏེ་འོག་དང་སྟེང་དང་ཐད་ཀར་འཇིག་རྟེན་གྱི་ཁམས་གཞན་ལས་བརྩམས་ཏེ། མཐོང་བ ་འཇུག་པར་མི་བྱེད་ན་ནི་འོག་ཏུ་མནར་མེད་པ་ལ་ཐུག་པ་ཡང་ཆད་སྟེང་དུ་འོག་མིན་ལ་ཐུག་པ་མན་ཆད་ཐད་ཀར་སྟོང་གསུམ་གྱི་སྟོང་ཆེན་པོའི་ཁམས་ཅིག་ཚུན་ཆད་ཀྱི་གཟུགས་མཐོང་ངོ། །གལ་ཏེ་འཇུག་པར་བྱེད་ན་འོག་དང་སྟེང་དང་ཐད་ཀར་འཇིག ་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པ་དག་གི་གཟུགས་ཐམས་ཅད་མཐོང་སྟེ་དེ་ནི་ལྷའི་མིག་ཅེས་བྱའོ། །ལྷའི་མིག་གི་ཤེས་པ་ཞེས་བྱ་བ་ནི་མིག་དེ་ལ་བརྟེན་པའི་རྣམ་པར། ཤེས་པ་དང་མཚུངས ་པར་ལྡན་པའི་ཤེས་པ་བསྒོམས་པ་ལས་བྱུང་བའི་བསྒོམས་པའི་འབྲས་བུ་གང་ཡིན་པ་སྟེ། ཤེས་པ་དེ་ནི་གཟུགས་དེ་དག་མཐོང་བ་ཉམས་སུ་མྱོང་བར་འགྱུར་བས་ན་དེའི་ཕྱིར་ལྟའི་མིག་གི་ཤེས་པ་ཞེས་བྱ་སྟེ། དེ་ཉིད་འཆི་འཕོ་དང་སྐྱེ་བ ་ཤེས་བྱ་ཞེས་བྱའོ། །དེ་མངོན་དུ་བྱ་བ་ནི་སྔ་མ་བཞིན་ཏེ། དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་འཆི་འཕོ་དང་སྐྱེ་བ་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ་ཞེས་བྱའོ། །དེའི་ལས་ནི་ཕྱོགས་བཅུའི་སེམས་ཅན་རྣམས་ཀྱི་ལུས་ཀྱི ་སྤྱོད་པ་དགེ་བ་དང་མི་དགེ་བ་དག་གཟིགས་ནས་ཅི་རིགས་ཅི། འོས་པར་དེ་དག་ལ་ནན་ཏན་བྱེད་པ་ཡིན་ནོ། །ཟག་པ་ཟད་པ་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ། ཞེས་བྱ་བ་ལ། ཟག་པ་ཟད་པ་ནི་གང། ཟག་པ་ཟད་པ་ཤེས ་པ་མངོན་དུ་བྱ་བ་ནི་གང་ཞེ་ན། ཟག་པ་ཟད་པ་ཞེས་བྱ་བ་ནི་ཀུན་ཏུ་སྦྱོར་བ་མ་ལུས་པར་འཇུག་པ་གང་ཡིན་པའོ། །ཟག་པ་ཟད་པ་ཤེས་པ་བྱ་བ་ནི་འཇིག་རྟེན་པའི་ཟག་པ་ཤེས་པ་དང། མི་སྐྱེ་བ་ཤེས་པས་ཟག་པ་ཟད་པ་དེ ་ཤེས་པ་དེ་གང་ཡིན་པ་སྟེ། ཟག་པ་ཐམས་ཅད་ཀྱི་བག་ལ་ཉལ་མ་ལུས་པར་སྤངས་པའི་ཕྱིར་དེའི་གཉེན་པོར་གྱུར་པ་ཟག་པ་མེད་པའི་སེམས་དང་ཟག་པ་མེད་པའི་ཤེས་རབ་ལྷག་པའི་སེམས་དང། ལྷག་པའི་ཤེས་རབ་མཆོག་གིས་བསྡུས་པ་ནི ་ཟག་པ་ཟད་པས་ཟག་པ་མེད་པའི་སེམས་རྣམ་པར་གྲོལ་བ་དང། ཤེས་རབ་རྣམ་པར་གྲོལ་བ་ཞེས་བྱ་སྟེ། དེ་ཡང་མཐོང་བའི་ལམ་དང། བསྒོམ་པའི་ལམ་ལ་བརྟེན་ཏེ་ཐོས་ནས་སློབ་པ་དང་མི་སློབ་པའི་ས་དེ་ཉིད་ལ་བདག་གིས་ཐོབ་པོ་སྙམ་དུ་ཟག ་པ་ཟད་པ་ཤེས་པ་འདིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ལ་ངེས་གཞན་དག་གིས་དེ་ཐོབ་པ་དང། མ་ཐོབ་པ་དང། བདག་དང་གཞན་དག་གིས་དེ་འཐོབ་པའི་ཐབས་དང་ཐབས་མ་ཡིན་པ་དང། གཞན་དག་གི་དེ་འཐོབ་པ་ནི་མངོན་པའི་ང་རྒྱལ ་དང་མངོན་པའི་ང་རྒྱལ་མེད་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པས་ནི་དེའི་ཕྱིར་དེ་ནི་ཟག་པ་ཟད་པ་ཞེས་བྱའོ། །དེ་མངོན་དུ་བྱ་བ་ནི་སྔ་མ་བཞིན་ཏེ། དེ་ཡང་བྱང་ཆུབ་སེམས་དཔས་ནི་དེ་མཁྱེན་ཀྱང་བདག་ཉིད་ཀྱིས་མངོན་དུ་མི་མཛད་དེ ་ཟག་པ་དང་བཅས་པའི་དངོས་པོ་ཟག་པ་དང་ལྷན་ཅིག་ཏུ་མི་སྤོང་བར་ཐག་པ་དང་བཅས་པའི་དངོས་པོ་དེ་ལ་ཀུན་ནས་ཉོན་མོངས་པ་མེད་པས་སྤྱོད་དེ། དེ་ནི་མཐུ་ཐམས་ཅད་ཀྱི་ནང་ན་ཆེས་མཐུ་ཆེ་བ་ཡིན་པ་རིག་པར་བྱའོ། །དེ་དག་ཐམས་ཅད ་གཅིག་ཏུ་བསྡུས་པ་ནི་ཟག་པ་ཟད་པ་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ་ཞེས་བྱའོ། །དེའི་ལས་ཀྱང་བདག་ཉིད་ཀྱང་ཀུན་ནས་ཉོན་མོངས་པ་ཅན་དུ་མི་འགྱུར་ལ་གཞན་ལ་སྟོན་ཅིང་མངོན་པའི་ང་རྒྱལ་ཡང་སེལ་བར་བྱེད་པ་ཡིན་ནོ།། ་ཤེས་པ་དྲུག་པོ་དེ་དག་དང་ལྡན་པའི་རྣལ་འབྱོར་པ་ནི་དུས་ལ་བབ་ན་ཉེ་བར་སྟོན་པ་འམ། གནས་པ་འམ་གཞན་དག་གི་དོན་ཀུན་ཏུ་སྤྱོད་པ་འམ། དེ་ལ་དྲི་བ་དྲིས་པའི་ལན་གདབ་པ་མངོན་པར་ཤེས་པར་འགྱུར་བས་ན། དེའི་ཕྱིར་མངོན་པར་ཤེས་པ་ཞེས་བྱའོ། །དེ ་ལ་མངོན་པར་ཤེས་པ་དང་པོ་གསུམ་ནི་མངོན་པར་ཤེས་པ་ཁོ་ན་ཡིན་གྱི་རིག་པ་ནི་མ་ཡིན་ནོ། །ཐ་མ་གསུམ་ནི་མངོན་པར་ཤེས་པ་ཡང་ཡིན་ལ་རིག་པ་ཡང་ཡིན་ཏེ། དུས་གསུམ་ལ་ཀུན་ཏུ་རྨོངས་པའི་གཉེན་པོར་གྱུར་པའི་ཕྱིར་རོ། །དེ་ལ་དང་པོས་ནི་གཞན ་དགེ་འདུན་པར་བྱེད་དེ་བདག་ལ་གཞན་དག་གུས་པ་དང་རི་མོ་ཆེར་སྐྱེད་པར་ཡང་བྱེད་དོ། །གཉིས་པས་ནི་གཞན་དག་གི་ངག་གི་སྤྱོད་པ་དགེ་བ་དང་མི་དགེ་བ་ཤེས་ནས་དེ་དག་ལ་བསྐུལ་པ་དང་རངས་པར་ཡང་བྱེད་དོ། །གསུམ་པས་ནི་གཞན་དག་གི་སེམས ་ཀྱི་རྒྱུད་དགེ་བ་དང་མི་དགེ་བ་ཀུན་ཤེས་པར་བྱས་ནས་ལེགས་པར་འདོམས་པར་ཡང་བྱེད་དོ། །ཐ་མ་གསུམ་གྱིས་ནི་རྟགས་པའི་མཛའ་དང་ཆད་པའི་མཛའ་སྤངས་ནས་ཟག་པ་ཟད་པ་ལ་མངོན་པའི་ང་རྒྱལ་མེད་པར་དབུ་མའི་ལམ་ལེགས་པར་སྟོན་ཅིང་ད ་ལ་?་མོས་པར་ཡང་བྱེད་དེ། དེ་ནི་མངོན་པར་ཤེས་པའི་མཐུ་ཡིན་ནོ། །དེ་ལ་ཆོས་ཀྱི་མཐུ་གང་ཞེ་ན། སྦྱིན་པའི་མཐུ་དང། ཚུལ་ཁྲིམས་ཀྱི་མཐུ་དང། བཟོད་པའི་མཐུ་དང། བརྩོན་འགྲུས་ཀྱི་མཐུ་དང། བསམ་གཏན་གྱི་མཐུ་དང། ཤེས་རབ་ཀྱི་མཐུའོ། །ཆོས ་ཀྱི་མཐུ་དེ་དག་ཀྱང་རྣམ་པ་བཞི་སྟེ། མི་མཐུན་པའི་ཕྱོགས་སྤོང་བ་དང། ཚོགས་ཡོངས་སུ་སྨིན་པར་བྱེད་པ་དང། བདག་དང་གཞན་ལ་ཕན་གདགས་པ་དང། ཕྱི་མ་ལ་འབྲས་བུ་འབྱིན་པར་བྱེད་པའོ། །དེ་ལ་སྦྱིན་པའི་མཐུ་རྣམ་པ་བཞི་ཇི་ལྟ་བུ་ཞེ་ན། །བྱང་ཆུབ ་སེམས་དང་སྦྱིན་པ་བྱིན་པ་ན་མི་མཐུན་པའི་ཕྱོགས་སེར་སྣ་སྤོང་བ་ནི་མི་མཐུན་པའི་ཕྱོགས་སྤོང་བ་ཡིན་ནོ། །དེའི་སྦྱིན་པ་དེ་དག་ཉིད་ཀྱི་བྱང་ཆུབ་ཀྱི་ཚིགས་སུ་གྱུར་པ་ཡང་ཡིན་ལ། བསྡུ་བའི་དངོས་པོ་སྦྱིན་པས་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ ་ནི་ཚོགས་ཡོངས་སུ་སྨིན་པར་བྱེད་པ་ཡིན་ནོ། །སྦྱིན་པའི་སྔ་རོལ་དུ་ཡང་ཡིད་དགའ་ལ་སྦྱིན་པའི་ཚེ་ཡང་སེམས་དང་བར་བྱེད་ཅིང་བྱིན་པའི་འོག་ཏུ་ཡང་འགྱོད་པ་མེད་དེ། དུས་གསུམ་དུ་དགའ་བའི་སེམས་ཀྱིས་བདག་ཉིད་ལ་ཕན ་འདོགས་པ་དང། གཞན་དག་གི་བཀྲེས་པ་དང། སྐོམ་པ་དང། གྲང་བ་དང། ཚ་བ་དང། ན་བ་དང། འདོད་པས་འཕོངས་པ་དང། འཇིགས་པའི་སྡུག་བསྔལ་སེལ་བས་གཞན་ལ་ཕན་འདོགས་པ་ནི་བདག་དང་གཞན་ལ་ཕན་འདོགས་པ་ཡིན་ནོ།། ་ཕ་རོལ་ཏུ་ཡང་གང་དང་གང་དུ་སྐྱེས་པར་ཕྱུག་པ་དང། ལོངས་སྤྱོད་ཆེ་བ་དང། རྩ་འཇིང་ཆེ་བ་དང། གཡོག་འཁོར་མང་བར་འགྱུར་ལ། སྦྱིན་པ་ཡང་མོས་པར་འགྱུར་བ་ནི་ཕྱི་མ་ལ་འབྲས་བུ་འབྱིན་པར་བྱེད་པ་ཡིན་ནོ། །ཚུལ་ཁྲིམས་ཀྱི་མཐུ་རྣམ ་བ་བཞི་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སེམས་དཔའ་ཨི་ལུས་དང་ངག་གི་སྡོམ་པའི་ཚུལ་ཁྲིམས་ཡང་དག་པར་ལེན་པ་ན། མི་མཐུན་པའི་ཕྱོགས་འཆལ་པའི་ཚུལ་ཁྲིམས་སྤོང་བ་ནི་མི་མཐུན་པའི་ཕྱོགས་སྤོང་བ་ཡིན་ནོ། །དེའི་ཚུལ་ཁྲིམས་ཡང་དག་པར ་བླངས་པ་དེ་བདག་ཉིད་ཀྱི་བྱང་ཆུབ་ཀྱི་ཕྱོགས་སུ་གྱུར་པ་ཡང་ཡིན་ལ། བསྡུ་བའི་དངོས་པོ་དོན་མཐུན་པས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་ནི་ཚོགས་ཡོངས་སུ་སྨིན་པར་བྱེད་པ་ཡིན་ནོ། འཆལ་པའི་ཚུལ་ཁྲིམས་ཀྱི་རྐྱེན་གྱིས ་འཇིགས་པ་དང། ཁ་ན་མ་ཐོ་བ་དང། འཁོན་དུ་འཛིན་པ་སྤོང་བ་ནི་བདེ་བར་གཉིད་ཀྱིས་ལོག་ཅིང་བདེ་བར་སད་པར་འགྱུར་བ་དང། འགྱོད་པ་མེད་ཅིང་མཆོག་ཏུ་དགའ་བ་ནས་སེམས་ཏིང་ངེ་འཛིན་དུ་འགྱུར་བའི་བར་གྱི་བདག་ཉིད་ལ་ཕན ་འདོགས་པ་དང། སེམས་ཅན་ཐམས་ཅད་ལ་ཡང་རྣམ་པ་ཐམས་ཅད་ཀྱིས་ཐོ་མི་མཚམས་པས་མི་འཇིགས་པ་སྦྱིན་པས་གཞན་ལ་ཕན་འདོགས་པ་ནི་བདག་དང་གཞན་ལ་ཕན་འདོགས་པ་ཡིན་ནོ། །ལུས་ཞི་གནས་ཀྱང་གཞི་ངེས་བདེ་འགྲོ། ་མཐོ་རིས་ཀྱི་འཇིག་རྟེན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ལ། ཚུལ་ཁྲིམས་ལ་ཡང་མོས་པར་འགྱུར་བ་ནི་ཕྱི་མ་ལ་འབྲས་བུའི་བྱིན་པར་བྱེད་པ་ཡིན་ནོ། །བཟོད་པའི་མཐུ་རྣམ་པ་བཞི་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སེམས་དཔའ་བཟོད་པ་དང་ལྡན་པའི ་མི་མཐུན་པའི་ཕྱོགས་མི་བཟོད་པ་སྤོང་བ་ནི་མི་མཐུན་པའི་ཕྱོགས་སྤོང་བ་ཡིན་ནོ། །དེའི་བཟོད་པ་དེ་བདག་ཉིད་ཀྱི་བྱང་ཆུབ་ཀྱི་ཕྱོགས་སུ་གྱུར་པ་ཡིན་ལ། བསྡུ་བའི་དངོས་པོ་དོན་མཐུན་པས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་ནི་ཚོགས ་ཡོངས་སུ་སྨིན་པར་བྱེད་པ་ཡིན་ནོ། །བདག་ཉིད་འཇིགས་པ་ཆེན་པོ་ལས་སྐྱོབ་པས་བདག་ཉིད་ལ་ཕན་འདོགས་པ་དང། གཞན་དག་ཀྱང་འཇིགས་པ་ཆེན་པོ་ལས་སྐྱོབ་པས་གཞན་ལ་ཕན་འདོགས་པ་ནི་བདག་དང་གཞན་ལ་ཕན་འདོགས་པ ་ཡིན་ནོ། །གཞི་ངེས་ཕྱི་མ་ལ་འཁོན་པ་མེད་པར་མི་འགྱུར་ཞིང་འབྱེད་པ་མི་མང་ལ། སྡུག་བསྔལ་བ་དང་ཡིད་མི་བདེ་བ་མང་བར་མི་འགྱུར་ཏེ། འགྱོད་པ་མེད་པར་འཆི་བའི་དུས་བྱེད་པར་འགྱུར་ལ། ལུས་ཞིག་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི ་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ལ། བཟོད་པ་ལ་ཡང་མོས་པར་འགྱུར་བ་ནི་ཕྱི་མ་ལ་འབྲས་བུ་འབྱིན་པར་བྱེད་པ་ཡིན་ནོ། །བརྩོན་འགྲུས་ཀྱི་མཐུ་རྣམ་པ་བཞི་ཇི་ལྟ་བུ་ཞེ་ན་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་ཏེ་རྣམ་པ ་མི་མཐུན་པའི་ཕྱོགས་ལེ་ལོ་སྤོང་བ་ནི་མི་མཐུན་པའི་ཕྱོགས་སྤོང་བ་ཡིན་ནོ། །དེའི་བརྩོན་འགྲུས་དེ་བདག་ཉིད་ཀྱི་བྱང་ཆུབ་ཀྱི་ཕྱོགས་སུ་གྱུར་པ་ཡང་ཡིན་ལ། བསྡུ་བའི་དངོས་པོ་དོན་མཐུན་པས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་ནི ་ཚོགས་ཡོངས་སུ་སྨིན་པར་བྱེད་པ་ཡིན་ནོ། །བརྩོན་འགྲུས་བརྩོམས་པ་སྡིག་པ་མི་དགེ་བའི་ཆོས་རྣམས་དང་མ་འདྲེས་པར་བདེ་བ་ལ་རག་པར་གནས་པ་སྔོན་ལས་གོང་དུ་ཁྱད་པར་དུ་གྱུར་པ་མཐོང་ནས་དགའ་ཞིང་མཆོག་ཏུ་དགའ་བླུས? ་བདག་ཉིད་ཕན་འདོགས་པ་དང། དགེ་བའི་ཕྱོགས་ལ་བརྩོན་པས་གཞན་ལ་ལུས་དང། ངག་གིས་རྣམ་པར་མི་འཚེ་བ་དང། གཞན་དག་ཀྱང་བརྩོན་འགྲུས་རྩོམ་པ་ལ་འདུན་པ་སྐྱེད་པས་གཞན་ལ་ཕན་འདོགས་པ་ནི། བདག ་དང་གཞན་ལ་ཕན་འདོགས་པ་ཡིན་ནོ། །ཕྱི་མ་ལ་ཡང་རྒྱུ་སྟོབས་དང་ལྡན་པ་སྐྱེས་བུའི་རྩལ་མངོན་པར་དགའ་བར་འགྱུར་བ་ནི་ཕྱི་མ་ལ་འབྲས་བུ་འབྱིན་པར་བྱེད་པ་ཡིན་ནོ། །བསམ་གཏན་གྱི་མཐུ་རྣམ་པ་བཞི་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སེམས ་དཔའ་བསམ་གཏན་ལ་སྙོམས་པར་འཇུག་པ་ན། མི་མཐུན་པའི་ཕྱོགས་ཚིག་གི་རྟོག་པ་དང། དགའ་བ་དང། བདེ་བ་དང། གཟུགས་ཀྱི་འདུ་ཤེས་ལ་སོགས་པ་སྤོང་པ་ནི་མི་མཐུན་པའི་ཕྱོགས་སྤོང་བ་ཡིན་ནོ། །དེའི་བསམ་གཏན་དེ་དག ་ཉིད་ཀྱི་བྱང་ཆུབ་ཀྱི་སོགས་སུ་གྱུར་པ་ཡང་ཡིན་ལ། བསྡུ་བའི་དངོས་པོ་དོན་མཐུན་པས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་ནི་ཚོགས་ཡོངས་སུ་སྨིན་པར་བྱེད་པ་ཡིན་ནོ། །ཚེ་འདི་ཉིད་ལ་བདེ་བར་གནས་པས་བདག་ཉིད་ལ་ཕན་འདོགས ་པ་དང། ཞི་ཞིང་རབ་ཏུ་ཞི་ལ་འདོད་ཆགས་དང་བྲལ་བས་སེམས་ཅན་རྣམས་ཀྱི་ནང་ན་གནོད་བ་མེད་ཅིང་རྣམ་པར་མི་འཁྲུགས་པས་གཞན་ལ་ཕན་འདོགས་པ་ནི་བདག་དང་གཞན་ལ་ཕན་འདོགས་པ་ཡིན་ནོ། །བསམ་གཏན་གྱི་འབྲས་བུ་ཕྱི་མ ་ལ་ཡེ་ཤེས་རྣམ་པར་དག་པ་དང། མངོན་པར་ཤེས་པ་མངོན་པར་བསྒྲུབ་པ་དང། རྣམ་པར་དག་པའི་ལྷར་སྐྱེ་བར་འགྱུར་བ་ནི་ཕྱི་མ་ལ་འབྲས་བུ་འབྱིན་པར་བྱེད་པ་ཡིན་ནོ། །ཤེས་རབ་ཀྱི་མཐུ་རྣམ་པ་བཞི་ཇི་ལྟ་བུ་ཞེན་བྱང་ཆུབ་སེམས? ་དཔང་ཤེས་རབ་དང་ལྡན་པར་མི་མཐུན་པའི་ཕྱོགས་མ་རིག་པ་སྤོང?་བ་ནི་མི་མཐུན་པའི་ཕྱོགས་སྤོང་བ་ཡིན་ནོ། །དེའི་ཤེས་རབ་དེ་བདག་ཉིད་ཀྱི་བྱང་ཆུབ་ཀྱི་ཚོགས་སུ་གྱུར་པ་ཡང་ཡིན་ལ། བསྡུ་བའི་དངོས་པོ་སྦྱིན་པ་དང་སྙན་པར་སྨྲ་བ ་དང་དོན་མཐུན་པ་དང། དོན་སྤྱད་པས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་ནི་ཚོགས་ཡོངས་སུ་སྨིན་པ་ཡིན་ནོ། །ཤེས་བྱའི་དངོས་པོའི་དོན་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པ་དང་ལྡན་པའི་དགའ་བ་དང་མཆོག་ཏུ་དགའ་བ་རྒྱ་ཆེན་པོས་བདག་ཉིད་ལ ་ཕན་འདོགས་པ་དང། ཐམས་ཅད་དུ་རིགས་པར་ལུང་འབོག་པས་ཚེ་འདི་དང་ཚེ་ཕྱི་མ་ལ་ཕན་པ་དང། བདེ་བས་སེམས་ཅན་རྣམས་ལ་ཕན་གདོགས?་པ་ནི་གཞན་ལ་ཕན་འདོགས་པ་ཡིན་ནོ། །ཕྱི་མ་ལ་ངེས་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར ་བསྡུས་པར་བྱེད་པ་དང། སྒྲིབ་པ་གཉིས་དང་བྲལ་བ་མངོན་དུ་བྱེད་པར་འགྱུར་བ་ནི་ཕྱི་མ་ལ་འབྲས་བུ་འབྱིན་པར་བྱེད་པ་ཡིན་ཏེ། །ཆོས་ཐམས་ཅད་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་འདུས་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཐུ་ནི་རྣམ་པ་བཞི་པོ་དེ ་དག་དུ་འདུས་པས་དེ་ནི་ཆོས་ཀྱི་མཐུ་ཡིན་ནོ། །དེ་ལ་ལྷན་ཅིག་སྐྱེས་པའི་མཐུ་གང་ཞེ་ན། རང་བཞིན་གྱི་ཚེ་རབས་དྲན་པ་དང། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་སོ་སོར་བརྟགས་ནས་སྡུག་བསྔལ་ཡུན་རིང་པོ་རྣམ་པ་སྣ་ཚོགས་མི་བཟང་བ་རྒྱུན་མི ་འཆད་པས་མི་མཛེས་པ་དང། སེམས་ཅན་རྣམས་ཀྱི་དོན་ཁོ་ནའི་ཕྱིར་སེམས་ཅན་གྱི་དོན་སྒྲུབ་པའི་སྡུག་བསྔལ་བས་དགའ་བ་དང། དགའ་ལྡན་དུ་སྐྱེས་ན་ཚེའི་ཚད་ཇི་སྲིད་པར་དགའ་ལྡན་ན་གནས་པ་དང། དགའ་ལྡན་དུ་སྐྱེས་པའི་ལྷའི་བུ ་གཞན་དག་གནས་གསུམ་པོ་ལྷའི་ཚེ་དང། ལྷའི་ཁ་དོག་དང། ལྷའི་གྲགས་པ་ཟིལ་གྱིས་གནོན་པ་དང། དགའ་ལྡན་ནས་འབབ་བ་ལ་སོགས་པ་ནས་རྡོ་རྗེའི་གདན་ལ་མངོན་པར་རྫོགས་པར་འཚང་རྒྱ་བ་དང། ཆོས་ཀྱི་འཁོར་ལོ་བསྐོར་བ་དང། ་ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་བར་གྱི་མཐུ་ཆེན་པོ་ངོ་མཚར་རྨད་དུ་བྱུང་བ་དག་ནི་མངོན་པར་ཤེས་པས་མངོན་པར་འདུ་བྱས་པ་མ་ཡིན་གྱི། རང་བཞིན་གྱིས་མཐུ་ཡིན་པས་ན་དེའི་ཕྱིར་དེ་དག་ནི་ལྷན་ཅིག་སྐྱེས་པའི་མཐུ་ཞེས་བྱའོ། །དེ་ལ་ ་ཐུན་མོང་གི་མཐུ་ནི་གང་ཐུན་མོང་མ་ཡིན་པའི་མཐུ་ནི་གང་ཞེ་ན། ཉན་ཐོས་དང། རང་སངས་རྒྱས་རྣམས་དང་ཐུན་མོང་མ་ཡིན་པའི་མཐུ་ནི་རྣམ་པ་གསུམ་སྟེ། ཆ་འཕྲ་བ་དང། རྣམ་པ་དང། ཁམས་སོ། །དེ་ལ་ཆ་འཕྲ་བ་ཞེས ་བྱ་བ་ནི་དེ་བཞིན་གཤེགས་པ་འམ་བྱང་ཆུབ་སེམས་དཔའ་ནི་མཐུའི་ཐབས་དཔག་ཏུ་མེད་གྲངས་མེད་པས་ཇི་ལྟར་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་རྣམས་ཀྱི་དོན་མཛད་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་གང་ཡིན ་པའོ། །རྣམ་པ་ཞེས་བྱ་བ་ནི་མངོན་པར་ཤེས་པའི་མཐུ་དང། ཆོས་ཀྱི་མཐུ་དང་ལྷན་ཅིག་སྐྱེས་པའི་མཐུ་རྣམ་པ་ཐམས་ཅད་དང་ལྡན་པ་གང་ཡིན་པའོ། །ཁམས་ཞེས་བྱ་བ་ནི་འཇིག་རྟེན་པའི་ཁམས་ཐམས་ཅད་དང། སེམས་ཅན་གྱི ་ཁམས་ཐམས་ཅད་དེའི་མཐུའི་ཡུལ་དུ་གྱུར་པ་གང་ཡིན་པ་སྟེ། དེ་ནི་ཐུན་མོང་མ་ཡིན་པའི་མཐུ་ཞེས་བྱའོ། །ཐུན་མོང་གི་མཐུ་ནི་རྣམ་པ་དེ་དག་མ་གཏོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་མཐུ་དེ་ལས་གཞན་པ་ཐམས་ཅད ་ནི་ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་མ་ཡིན་པའམ་ཡང་ན་དེའི་ཕྱིར་དེ་ནི་ཐུན་མོང་གི་མཐུ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་རྣམ་པ་ལྔ་པོ་དེ་དག་ནི་རེ་རེ་ཞིང་ཡང་རྒྱུ་ལྔས?་བསམ་གྱིས་མི་ཁྱབ་པར་རིག་པར ་བྱ་སྟེ། རྟོག་གོ་ཐམས་ཅད་ལས་ཡང་དག་པར་འདས་པ་ཉིད་ཀྱི་ཕྱིར་དང། འཇིག་རྟེན་དཔེ་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་དང། མཐུ་དེ་སེམས་ཤིན་ཏུ་སྦྱང་བ་བྱས་པ་ཁོ་ན་དང་འབྲེལ་པ་ཉིད་ཀྱི་ཕྱིར་དང། མཉམ་པར་མ་བཞག་པའི ་ས་པའི་སེམས་དང་གཅིག་ཏུ་ཆ་མི་མཐུན་པ་ཉིད་ཀྱི་ཕྱིར་དང། དེ་མཉམ་པར་བཞག་པའི་སེམས་དང་འབྲེལ་པ་ཉིད་ཡིན་པའི་ཕྱིར་ཏེ། དེ་དག་ནི་བྱང་ཆུབ་སེམས་དཔའ་ཨི་མཐུ་ཆེན་པོ་ཞེས་བྱའོ། །བྱམས་པ་བྱང་ཆུབ་སེམས་དཔའ་གནས ་དྲུག་ལ་མཁས་པ་ནི་བྱང་ཆུབ་སེམས་དཔའ་ཨི་མཐུ་ཆེན་པོ་མངོན་པར་བསྒྲུབ་པ་ཡིན་ཏེ། སེམས་ཀྱི་སྐྱེ་བ་ལ་མཁས་པ་དང། གནས་པ་ལ་མཁས་པ་དང། བསླང་བ་ལ་མཁས་པ་དང། འཕེལ་བ་ལ་མཁས་པ་དང། འགྲིབ་པ་ལ་མཁས་པ་དང ་ཐབས་ལ་མཁས་པའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་དེ་དག་ནི་རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པ་ལ་སོགས་པའི་རྒྱུ་ལྔ་པོ་ཇི་སྐད་སྔར་བསྟན་པ་དེ་དག་གིས་བསམ་གྱིས་མི་ཁྱབ་པ་ཡིན་པས་དེ་དག ་མངོན་པར་བསྒྲུབ་པ་ནི་སེམས་ཀྱི་སྐྱེ་བ་ལ་མཁས་པ་ལ་སོགས་པ་ལ་རག་ལས་པ་ཡིན་ནོ། །ཞེས་སྟོན་ཏོ། །བརྟན་པ་དང་སྣོད་རྣམ་པར་རིག་པ་མི་རིག་པའི་སེམས་ཀྱི་སྐྱེ་བ་ནི་འདི་ལྟ་སྟེ། ལེན་པའི་རྣམ་པར་ཤེས་པའི་སྐྱེ་བའོ་ཞེས་བྱ་བ་ནི་ལེན་པའི་རྣམ་པར ་ཤེས་པ་ནི་བརྟན་རྣམ་པར་རིག་པ་མི་རིག་པ་དང། སྣོད་རྣམ་པར་རིག་པ་མི་རིག་པ་ཡིན་པས་དེའི་སྐྱེ་བ་ལ་མཁས་པ་ནི། བྱང་ཆུབ་སེམས་དཔའ་ཨི་མཐུ་ཆེན་པོ་མངོན་པར་སྒྲུབ་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལ་བརྟན་པ་ཞེས་བྱ་བ་ནི ་ལེན་པའི་རྣམ་པར་ཤེས་པ་ཉིད་ཡིན་ཏེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་རྣམས་ཀྱི་བག་ཆགས་ཀྱི་གནས་ཡིན་པའི་ཕྱིར་རོ། །སྣོད་ཅེས་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་ནོ། །རྣམ་པར་རིག་པ་ཞེས་བྱ་བ་ནི་ཀུན་གཞིའི་ངོ་བོ་ཉིད་དུ་རང་རིག་པའི་ཚུལ ་དུ་རྣམ་པར་རིག་པའོ། །མི་རིག་པ་ཞེས་བྱ་བ་ནི་རྣམ་པ་དང། དམིགས་པ་ཡོངས་སུ་མ་ཆད་པའི་ཕྱིར་རོ། །དེའི་སྐྱེ་བ་ལ་མཁས་པ་ནི་ཀུན་གཞིའི་རྣམ་པར་ཤེས་པའི་སྒྲིབ་པ་དང་གནས་ངན་ལེན་ཐམས་ཅད་རྣམ་པར་བསལ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཨི་མཐུ་ཆེན་པོ་མངོན་པར ་སྒྲུབ་པ་ཡིན་ནོ། །དམིགས་པ་རྣམ་པ་སྣ་ཚོགས་རྣམ་པར་རིག་པའི་སེམས་ཀྱི་སྐྱེ་བ་ནི་འདི་ལྟ་སྟེ། རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པའི་སྐྱེ་བའོ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ནི་དམིགས་པ་རྣམ་པ་སྣ་ཚོགས་རྣམ་པར་རིག་པ་ཡིན་པས་དེའི་སྐྱེ? ་བ་ལ་མཁས་པ་ནི། བྱང་ཆུབ་སེམས་དཔའ་ཨི་མཐུ་མངོན་པར་སྒྲུབ་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལ་དམིགས་པ་རྣམ་པ་སྣ་ཚོགས་རྣམ་པར་རིག་པ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ཡུལ་ཅིག་ཅར་འཛིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་ཞེས ་བྱ་བ་ནི་ངེས་པར་རྟོག་པ་དང། རྗེས་སུ་དྲན་པར་ནུས་པའི་ཕྱིར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་མན་ཞེས་བྱ་བ་ནི་ཤེས་པ་སྟེ། འཇུག་པའི་རྣམ་པར་ཤེས་པ་རྣམས་སོ། །དེ་དག་རྣམ་པར་རིག་པར་བྱེད་པ་ནི་མ་ན་བ་ཛཉཱ་ན་ཏེ། ཤེས་པ་རྣམ་པར་ཤེས་པ་ཞེས་བྱའོ།། ་དེའི་འཇུག་པ་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ཡོད་དེ། ཐུན་མོང་པའི་ཕྱི་རོལ་དང་ནང་གི་ཡུལ་ཅིག་ཅར་འཛིན་པ་ཞེས་བྱ་བས་བསྟན་ཏེ། །ཕྱི་རོལ་གྱི་ཡུལ་ནི་གཟུགས་ལ་སོགས་བའོ། །ནང་གི་ཡུལ་ནི་དབང་པོ་དང་སེམས་དང་སེམས་ལས་བྱུང་བ་དག ་གོ། ཅིག་ཅར་འཛིན་པ་ནི་ཕྱི་ནང་གི་ཡུལ་ནས་སྐྱེས་པའི་ཚེར?་བ་ཅིག་ཅར་མྱོང་བར་བྱེད་པའི་ཕྱིར་རོ། །ཐུན་མོང་མ་ཡིན་པ་ནི་སྐད་ཅིག་དང། ཐང་ཅིག་དང། ཡུད་ཙམ་ཅིག་ལ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ཅིག་ཅར་ཏིང་ངེ་འཛིན་མང་པོ་ལ་སྙོམས་པར་འཇུག ་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་མང་པོ་དག་གི་བྱ་བ་གང་ཡིན་པ་དེ་ནི་གཅིག་པུ་བྱའོ་སྙམ་ནས་ཏིང་ངེ་འཛིན་མང་པོ་ལ་སྙོམས་པར་འཇུག་པའོ། །སངས་རྒྱས་ཀྱི་ཞིང་མང་པོ་མཐོང་བ། དེ་བཞིན་གཤེགས་པ་མང་པོ་མཐོང་བ་ཞེས་བྱ་བ་ལ་མཐོང་བ་ནི་མིག་གི་རྣམ་པར ་ཤེས་པའི་ཡུལ་ཡིན་ན། ཡིད་ཀྱི་རྣམ་པར་ཤེས་པས་མཐོང་བར་ཇི་ལྟར་རུང་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པ་ཉེ་བར་གནས་པ་ལས་བྱུང་བ་ནི་འཇུག་པའི་རྣམ་པར་ཤེས་པ་ཐམས་ཅད་དང། གནས་དང་དམིགས་པ་མཐུན་པར་འཇུག་པས་ངེས་མཐོང་བ་ལ་འགལ ་པ་མེད་དེ། དཔེར་ན་སེམས་པ་ལས་ལུས་དང་ངག་གི་ལས་བཞིན་ནོ། །དམིགས་པའི་མཚན་མ་ཆུང་ངུ་རྣམ་པར་རིག་པའི་སེམས་ཀྱི་སྐྱེ་བ་ནི་འདི་ལྟ་སྟེ། འདོད་པ་དང་ལྡན་པའི་སེམས་ཀྱི་སྐྱེ་བ་ཞེས་བྱ་བ་ནི་ཁམས་ཆུང་བ་དང། མཉམ་པར་མ་བཞག་པའི ་ས་པ་ཡིན་པའི་ཕྱིར་རོ། །དམིགས་པའི་མཚན་མ་ཆེན་པོར་གྱུར་པ་རྣམ་པར་རིག་པའི་སེམས་ཀྱི་སྐྱེ་བ་ནི་འདི་ལྟ་སྟེ། གཟུགས་དང་ལྡན་པའི་སེམས་སྐྱེ་བའོ་ཞེས་བྱ་བ་ནི་ཁམས་ཆེ་བ་དང། མཉམ་པར་མ་བཞག་པའི་ས་པ་ཡིན་པའི་ཕྱིར་རོ། །དམིགས་པའི་མཚན་མ་ཚད?་མེད ་པ་རྣམ་པར་རིག་པའི་སེམས་ཀྱི་སྐྱེ་བ་ནི་འདི་ལྟ་སྟེ། ནམ་མཁའ་དང། རྣམ་ཤེས་མཛའ་ཡས་སྐྱེ་མཆེད་དང་ལྡན་པའི་སེམས་ཀྱི་སྐྱེ་བའོ་ཞེས་བྱ་བ་ནི་མཛའ་ཡས་སོ་སྙམ་པའི་འདུ་ཤེས་ཚད་མེད་པའི་ས་པ་ཡིན་པའི་ཕྱིར་རོ། །དམིགས་པའི་མཚན་མ་ཕྲ་མོ་རྣམ་པར་རིག་པའི ་སེམས་ཀྱི་སྐྱེ་བ་ནི་འདི་ལྟ་སྟེ། ཅི་ཡང་མེད་པའི་སྐྱེ་མཆེད་དང་ལྡན་པའི་སེམས་ཀྱི་སྐྱེ་བའོ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་དང་ལྡན་པའི་འདུ་ཤེས་ཅི་ཡང་མེད་དོ་སྙམ་པའི་ཕྲ་པའི་ས་པ་ཡིན་པའི་ཕྱིར་རོ། །དམིགས་པའི་མཚན་མ་མཐར་ཐུག་པ་རྣམ ་པར་རིག་པའི་སེམས་ཀྱི་སྐྱེ་བ་ནི་འདི་ལྟ་སྟེ། འདུ་ཤེས་མེད་མིན་སྐྱེ་མཆེད་དང་ལྡན་པའི་སེམས་ཀྱི་སྐྱེ?་བའོ་ཞེས་བྱ་བ་ནི་ཁམས་དང་ས་དང་འཇིག་རྟེན་པའི་ལམ་གྱི་མཐར་ཐུག་པ་ཡིན་པའི་ཕྱིར་རོ། །མཚན་མ་མེད་པ་རྣམ་པར་རིག་པའི་སེམས་ཀྱི་སྐྱེ ་བ་ནི་འདི་ལྟ་སྟེ། འཇིག་རྟེན་ལས་འདས་པ་དང། འགོག་པ་ལ་དམིགས་པའི་སེམས་ཀྱི་སྐྱེ་བའོ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པ་དང། འགོག་པའི་སྙོམས་པར་འཇུག་པ་ལ་དམིགས་པ་མཚན་མ་མེད་པའི ་ཕྱིར་རོ། །སྡུག་བསྔལ་དང་ལྡན་པའི་སེམས་ཀྱི་སྐྱེ་བ་ནི་འདི་ལྟ་སྟེ། སེམས་ཅན་དམྱལ་བ་པའི་སེམས་སྐྱེ་བའོ་ཞེས་བྱ་བ་ནི་དེ་དག་གི་ཀུན་གཞིའི་རྣམ་པར་ཤེས་པའི་ཚོར་བ་བཏང་སྙོམས་ཀྱང་གློ་བུར་གྱི་སྡུག་བསྔལ་གྱི་ཚེར་བ་ཟིལ་གྱིས ་མནན་པའི་ཕྱིར་རོ། །ཚེར་བ་འདྲེན་མ་དང་ལྡན་པའི་སེམས་ཀྱི་སྐྱེ་བ་ནི་འདི་ལྟ་སྟེ། འདོད་པ་ན་སྤྱོད་པ་ནི་སེམས་ཀྱི་སྐྱེ་བའོ་ཞེས་བྱ་བ་ནི་ལས་ཀྱི་རྣམ་པར་སྨིན་པ་འདྲེན་མ་དང་ལྡན་པའི་ཕྱིར་རོ། །དགའ་བ་དང་ལྡན་པའི་སེམས་ཀྱི་སྐྱེ་བ་ནི་འཆི ་ལྟ་སྟེ། བསམ་གཏན་དང་པོ་དང་གཉིས་པའི་སེམས་ཀྱི་སྐྱེ་བའོ་ཞེས་བྱ་བ་ནི་དབེན་པ་ལས་སྐྱེས་པའི་དགའ་བ་དང། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་ལྡན་པའི་ཕྱིར་རོ།། བདེ་བ་དང་ལྡན་པའི་སེམས་ཀྱི་སྐྱེ་བ་ནི་འདི ་ལྟ་སྟེ། བསམ་གཏན་གསུམ་པའི་སེམས་ཀྱི་སྐྱེ་བའོ་ཞེས་བྱ་བ་ནི་ནང་ཡོངས་སུ་དང་བ་ལས་སྐྱེས་པའི་བདེ་བ་དང་ལྡན་པའི་ཕྱིར་རོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་སེམས་ཀྱི་སྐྱེ་བ་ནི་འདི་ལྟ་སྟེ། བསམ་གཏན་བཞི་པ་དང། ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་པའི་བར་གྱི་སེམས་ཀྱི་སྐྱེ་བའོ་ཞེས་བྱ་བ་ནི་སྐྱོན་བརྒྱད་བའོ། །རྟོག་པ་དང། དཔྱོད་པ་དང། དབུགས་རྡུབ་པ་དང། དབུག་དབྱུང་བ་དང། བདེ་བ་དང་སྡུག་བསྔལ་བ་དང། ཡིད་ལ?་བདེ་བ ་དང་ཡིད་མི་བདེ་བ་དང་བྲལ་བའི་ཕྱིར་རོ། །ཉོན་མོངས་པ་ཅན་དང་ལྡན་པའི་སེམས་ཀྱི་སྐྱེ་བ་ནི་འདི་ལྟ་སྟེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་ལྡན་པའི་སེམས་སྐྱེ་བའོ་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་སེམས་ཡོད ་པའི་གནས་སྐབས་ཐམས་ཅད་ཀྱིའོ། །དགེ་བ་དང་ལྡན་པའི་སེམས་སྐྱེ་བ་ནི་འདི་ལྟ་སྟེ། དད་པ་ལ་སོགས་པ་དང་ལྡན་པའི་སེམས་ཀྱི་སྐྱེ་བའོ། །ཞེས་བྱ་བ་ནི་སེམས་ཡོད་པའི་གནས་སྐབས་ཐམས་ཅད་ན་དགེ་བ་བཅུ་གཅིག་གམ། དབང ་པོ་ལྔ་དང་ལྡན་པའི་འོ། །ལུང་དུ་མ་བསྟན་པ་དང་ལྡན་པའི་སེམས་ཀྱི་སྐྱེ་བ་ནི་འདི་ལྟ་སྟེ། དེ་གཉི་ག་དང་མི་ལྡན་པའི་སེམས་ཀྱི་སྐྱེ་བའོ། །ཞེས་བྱ་བ་ནི་སེམས་ཡོད་པའི་གནས་སྐབས་སྔ་མ་གཉིས་མ་གཏོགས་པ་རྣམ་པར་སྨིན་པ ་ལས་སྐྱེ་བ་དང། སྤྱོད་ལམ་ལས་བྱུང་བ་དང། གཟོའི་གནས་ལས་བྱུང་བ་དང། སྤྲུལ་བྱེད་པའི་སེམས་ཀྱི་སྐྱེ་བའོ། །སེམས་ཀྱི་སྐྱེ་བ་ཞེས་བྱ་བ་ནི་སེམས་ཀྱི་འཇུག་པ་དང་སེམས་ལྡོག་པ་སྟེ། དེ་དག་ནི་སེམས་ཀྱི་སྐྱེ་བ་རྣམ་པ་བཅུ་དྲུག ་ཡིན་ནོ། །ཇི་ལྟར་ན་གནས་པ་ལ་མཁས་པ་ཡིན་ཞེ་ན། གལ་ཏེ་རྣམ་པར་རིག་པའི་དེ་བཞིན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའོ་ཞེས་བྱ་བ་ནི་སེམས་ཀྱི་གནས་པ་ནི་གཉིས་པའི་ངོ་བོ་ཉིད་ཡིན་པས། རྣམ་པར་རིག་པའི་དེ་བཞིན་ཉིད་འདུ ་བྱེད་རྣམས་རྣམ་པར་རིག་པ་ཙམ་ཉིད་དུ་ཤེས་པ་ནི་དེ་ལ་མཁས་པ་ཡིན་པར་སྟན་ཏོ། །ཇི་ལྟར་ན་བསླང་བ་ལ་མཁས་པ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་སེམས་ཀྱི་བསླང་བར་ནི་གཞན་གྱི་དབང་དང། ཀུན་བརྟགས་པའི་འཆིང་བ་ལས ་རྣམ་པར་གྲོལ་ཞིང་ཡོངས་སུ་གྲུབ་དེ་བཞིན་ཉིད་དུ་གནས་པར་གྱུར་པ་ཡིན་པས། དེ་ལྟར་ཤེས་པ་ནི་དེ་ལ་མཁས་པ་ཡིན་པར་སྟོན་ཏོ།། མཚན་མའི་འཆིང་བ་ཞེས་བྱ་བ་ནི་གཞན་གྱི་དབང་གི་མཚན་མའོ། །གནས་ངན་ལེན་གྱི་འཆིང་བ ་ཞེས་བྱ་བ་ནི་ཀུན་བརྟགས་པའི་བག་ཆགས་སོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ་ཞེས་བྱ་བ་ནི་གཞན་གྱི་དབང་གི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དུ་ཤེས་ལ། ཀུན་བརྟགས་པ་ནི་མཚན་ཉིད་མེད་པར་ཤེས་བའོ། །དེ་ལས་སེམས ་འདི་བསླང་བར་བྱའོ། །ཞེས་བྱ་བ་ལ་མཁས་པ་ཡིན་ནོ་ཞེས་བྱ་བ་ནི་འཆིང་བ་དེ་གཉིས་དེ་ལྟར་ཤེས་ནས་དེ་ལས་རྣམ་པར་གྲོལ་བར་བྱ་ཞིང་ཡོངས་སུ་གྲུབ་པའི་དེ་བཞིན་དུ་གནས་པར་གྱུར་པར་བྱ་བ་ལ་མཁས་པ་སྟེ། དེ་ཙམ་གྱིས་ན་སེམས་ཀྱི་བསླང ་བ་ལ་མཁས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།ཇི་ལྟར་ན་འཕེལ་བ་ལ་མཁས་པ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་སེམས་ཀྱི་འཕེལ་བ་ནི་གནས་གྱུར་བའ?་ངོ་བོ་ཉིད་ཡིན་པས་དེ་ཟུང་དུ་འབྲེལ་པའི་ལམ་གྱིས་སྐྱེ་བ་དང་འཕེལ་བ་ཤེས་པ་ནི་དེ ་ལ་མཁས་པ་ཡིན་པར་སྟོན་ཏོ། །གཉེན་པོའི་སེམས་གང་ཡིན་པ་སྟེ་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་དེ་བཞིན་དུ་གནས་གྱུར་བའི་སེམས་སོ། །སྐྱེ་བ་དང་འཕེལ་བ་ཞེས་བྱ་བ་ནི་ཟུང་དུ་འབྲེལ་པའི་ལས་ཀྱི་རང?་གི་མཚན་ཉིད་སྐྱེ་བ་དང་རྒྱུན་འཕེལ་བའོ།། ་ཇི་ལྟར་ན་འགྲིབ་པ་ལ་མཁས་པ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་སེམས་ཀྱི་མཚན་མ་དང་གནས་ངན་ལེན་གྱི་ཉོན་མོངས་པ་ཅན་དུ་གྱུར་པའི་སེམས་ཡིན་པས་དེ་ཟུང་དུ་འབྲེལ་བའི་ལམ་གྱིས་འགྲིབ་པ་དང་བྲི་བར་ཤེས་པ ་ནི་དེ་ལ་མཁས་པ་ཡིན་པར་སྟོན་ཏོ། །དེ་དང་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཞེས་བྱ་བ་ནི་འཕེལ་བ་དེ་དང་ངོ། །འགྲིབ་ཅིང་འབྲི་བ་ཞེས་བྱ་བ་ནི་ཟུང་དུ་འབྲེལ་བའི་ལམ་གྱི་རང་གིས་མཚན་ཉིད་འགྲིབ་པ་དང་རྒྱུན་འབྲི་བའོ། །ཇི་ལྟར་ན་ཐབས་ལ ་མཁས་པ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་སྔར་ཞུས་པའི་ལན་གྱི་མཇུག་བསྡུ་བ་བསྟན་ཏེ། ངེས་ནི་བཤད་པས་བསྒོམ་པ་ལ་འདུན་པ་དྲག་པོ་མེད་པ་རྣམ་པར་གཞིག་ཅིང་ཆུང་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན ་ཏོ། །དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཚོར་བ་དང་ཐམས་ཅད་འགོག་པ་ཤེས་པ་བསྒོམ་པ་ལ་འདུན་པ་དྲག་པོ་མེད་པ་རྣམ་པར་བཞག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ ་གཏན་ལ་དབབ་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཚོར་བ་ཐམས་ཅད་མ་ལུས་པར་འགག་གོ་ཞེས་གསུངས་པ་ལ་ཞེས་བྱ་བ་ལ་སོགས་པ་ཞུས་སོ། །བཅོམ ་ལྡན་འདས་གང་འགག་པའི་ཚོར་བ་དེ་དག་གང་ལགས་ཞེས་བྱ་བ་ནི་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་གནས་སྐབས་ན་ཡོད་པའི་ཚོར་བ་དང། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་གནས་སྐབས ་སུ་འགག་པའོ། །གནས་ཀྱི་གནས་ངན་ལེན་རིག་པ་ཞེས་བྱ་བ་ལ་གནས་ཞེས་བྱ་བ་ནི་གནས་མ་གྱུར་པའི་གནས་སྐབས་ན་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་ཡིན་ཏེ། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དང། བག་ཆགས ་ཐམས་ཅད་ཀྱི་གནས་ཡིན་པའི་ཕྱིར་རོ། །སྐབས་འདིར་ནི་གནས་གྱུར་བ་ཕུང་བོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་གནས་སྐབས་ཡིན་པས་ཀུན་གཞིའི་རྣམ་པར་ཤེས་པ་གནས་གྱུར་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་ལ་གནས་ཞེས ་བྱ་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་སོགས་པ་དང། སྟོབས་བཅུ་ལ་སོགས་པའི་ཤེས་པ་ཐམས་ཅད་ཀྱི་གནས་ཡིན་པའི་ཕྱིར་རོ། །གནས་ངན་ལེན་ཅེས་བྱ་བ་ནི་གནས་གྱུར་བའི་གནས་སྐབས་ན་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཉོན་མོངས་པའི་བག ་ཆགས་གནས་ངན་ལེན་དང་བཅས་པ་ལ་བྱ་སྟེ། ལུས་དང་སེམས་ལས་སུ་མི་རུང་བ་དང། གནས་ངན་ལེན་པར་བྱེད་པའི་ཕྱིར་རོ། །སྐབས་འདིར་ནི་གནས་གྱུར་པ་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་གནས་སྐབས་ཡིན་པས ་ཕུང་པོའི་ལྷག་མ་ཙམ་ཡོད་པ་ལ་གནས་ངན་ལེན་ཅེས་བྱ་སྟེ། ཚོར་བའི་གཞི་ཡིན་པའི་ཕྱིར་རོ། །རིག་པ་ཞེས་བྱ་བ་ནི་ཚོར་བ་སྟེ་གནས་མ་གྱུར་པའི་གནས་སྐབས་ན་ནི་ཀུན་གཞིའི་རྣམ་པར་ཤེས་པའི་ཚོར་བ་སྡུག་བསྔལ་ཡང་མ་ཡིན་།བདེ་པ ་ཡང་མ་ཡིན་པ་དང། དེ་ལ་གློ་བུར་གྱི་ཚོར་བ་བློ་བདེ་བ་དང། སྡུག་བསྔལ་བ་དང། གཉིས་ཀ་མ་ཡིན་པ་དག་རིག་པའོ། སྐབས་འདིར་ནི་གནས་གྱུར་པའི་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་གནས་སྐབས་ཡིན་པས་གནས ་གྱུར་པའི་ཚོར་བ་བཏང་སྙོམས་ལ་བྱ་སྟེ། དེ་ཡང་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ནི་དབྱིངས་སུ་འགག་གོ་ཞེས་བྱ་བར་སྦྱར་རོ། །དེའི་དབྱིངས་སུ་ཡུལ་རིག་པ་ཞེས་བྱ་བ་ལ་དེའི་ཞེས་བྱ་བ་ནི་གནས་ཀྱི་གནས་ངན་ལེན་རིག་པ ་དེའི་འོ་འབྲས་བུ་ཞེས་བྱ་བ་ནི་དེའི་ངོ་བོ་ཉིད་ལམ་ལོགས་ཤིག་ཏུ་ན་ཡུལ་གཞན་མེད་མོད་ཀྱི། རྣམ་པ་ལྟ་བུར་སྣང་བས་འབྲས་བུ་ཞེས་བྱའོ། །ཡུལ་རིག་པ་ཞེས་བྱ་བ་ནི་སྤྱོད་ཡུལ་དུ་སྣང་བ་རིག་པའི་ཚོར་བའོ། །དེ་ཡང་གནས་མ་གྱུར ་པའི་གནས་སྐབས་ན་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཉོན་མོངས་པའི་བག་ཆགས་གནས་ངན་ལེན་དང་བཅས་པ་དེའི་འབྲས་བུ་ལུས་དང་ལོངས་སྤྱོད་གནས་ཀྱི་རྣམ་པར་སྣང་བའི་སྤྱོད་ཡུལ་མ་དག་པ་རྣམ་པར་རིག་པའི ་ཚོར་བ་ཡིན་ནོ། །སྐབས་འདིར་ནི་གནས་གྱུར་པའི་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་གནས་སྐབས་ཡིན་པས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དབང་སྒྱུར་པའི་རྣམ་པར་རིག་པ་ཤིན་ཏུ་རྣམ་པར་རིག་པའི་མཚན ་ཉིད་རིག་པ་སྟེ། དེ་ཡང་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འགག་གོ་ཞེས་བྱ་བར་སྦྱར་རོ། །གནས་ཀྱི་གནས་ངན་ལེན་རིག་པ་དེའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར་དེ་ལ་གནས་ཀྱི་གནས་ངན་ལེན་རིག་པ་ནི་རྣམ ་པ་བཞིར་རིག་པར་བྱ་སྟེ་ཞེས་བྱ་བ་གསུངས་ཏེ། དེ་ནི་གནས་མ་གྱུར་པ་སོ་སོའི་སྐྱེ་བོ་དང། སློབ་པ་རྣམས་ལ་ཡང་རང་རང་གི་སྦྱོར་བ་ཇི་ལྟ་བ་བཞིན་དུ་ཡོད་མོད་ཀྱི། སྐབས་འདིར་ནི་གནས་གྱུར་བ་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན ་ལས་འདས་པའི་དབྱིངས་ན་ཡོད་པ་དང་སྦྱར་ཏེ། ཉན་ཐོས་དང་རང་སངས་རྒྱས་དང་བག་ཆགས་དང་བཅས་པ་ཡིན་པས་འདིར་ནི་དེ་བཞིན་གཤེགས་པ་ཉིད་དང་སྦྱར་རོ། །གཟུགས་ཀྱི་གནས་ངན་ལེན་རིག་པ་ཞེས་བྱ་བ་ནི་གནས་མ་གྱུར་པའི ་གནས་སྐབས་ན་ནི་འདོད་པ་དང་གཟུགས་ཀྱི་ཁམས་སུ་གཏོགས་པའི་ཕུང་པོ་གཟུགས་ཀྱི་གནས་ཀུན་གཞིའི་རྣམ་པར་ཤེས་པ་གཟུགས་ཀྱི་བག་ཆགས་དང་བཅས་པའི་རིག་པའི་ཚོར་བ་ཡིན་ནོ། །སྐབས་འདིར་ནི་གནས་གྱུར་པ་ཕུང་པོའི་ལྷག ་མ་དང་བརྒྱལ?་བའི་མྱ་ངན་ལས་འདས་པའི་གནས་སྐབས་ཡིན་པས་གཟུགས་ཀྱི་ཕུང་པོའི་གནས་ཀུན་གཞིའི་རྣམ་པར་ཤེས་པ་གཟུགས་ཀྱི་བག་ཆགས་དང་བཅས་པ་གནས་གྱུར་པའི་ཕྱིར་ཞིང་སྐུ་དང་མཚན་དང་དཔེ་བྱད་དང་གསུང་དབྱངས ་མཛའ་ཡས་པ་དང། སྤྱི་གཙུག་བལྟར་མ་སྣང་བ་ལ་སོགས་པ་གཟུགས་ཀྱི་ཕུང་པོ་གནས་གྱུར་པའི་ཚོར་བ་བཏང་སྙོམས་རིག་པ་ལ་བྱའོ། །གཟུགས་མེད་པའི་གནས་ངན་ལེན་རིག་པ་ཞེས་བྱ་བ་ནི་གནས་མ་གྱུར་པའི་གནས་སྐབས་ན་ནི་ཁམས ་གསུམ་དུ་གཏོགས་པའི་ཕུང་པོ་གཟུགས་ཅན་མ་ཡིན་པའི་གཞིའི་གནས་ཀུན་གཞིའི་རྣམ་པར་ཤེས་པ་ཕུང་པོ་གཟུགས་ཅན་མ་ཡིན་པའི་བག་ཆགས་དང་བཅས་པ་རིག་པའི་ཚོར་བ་ཡིན་ནོ། །སྐབས་འདིར་ནི་གནས་གྱུར་པ་ཕུང་པོའི་ལྷག་མ་དང ་བཅས་པའི་མྱ་ངན་ལས་འདས་པའི་གནས་སྐབས་ཡིན་པས་ཚོར་བ་འཕུང་པོ་གནས་ཀུན་གཞིའི་རྣམ་པར་ཤེས་པ་ཚོར་བའི་བག་ཆགས་དང་བྱས་པ་གནས་གྱུར་པའི་ཕྱིར་བདེ་བ་དང་ཁ་ན་མ་ཐོ་བ་མེད་པ་ཚད་མེད་པ་རྒྱུ་ཆེན་པོ་ལ་གནས་པ་ལ་སོགས་པ་ཚོར་བའི ་ཕུང་པོ་གནས་གྱུར་བའི་ཚོར་བ་བཏང་སྙོམས་རིག་པ་དང། འདུ་ཤེས་ཀྱི་ཕུང་པོ་གནས་ཀུན་གཞི་རྣམ་པར་ཤེས་པ་འདུ་ཤེས་ཀྱི་བག་ཆགས་དང་བཅས་པ་གནས་གྱུར་པའི་ཕྱིར་མིང་གི་ཚོགས་དང། ཚིག་གི་ཚོགས་དང་ཡི་གེའི་ཚོགས་ཐམས་ཅད་ཀྱི ་སྟོན་པ་ལ་དབང་འབྱོར་པ་ལ་སོགས་པ་འདུ་ཤེས་ཀྱི་ཕུང་པོའི་གནས་གྱུར་པའི་ཚོར་བ་བཏང་སྙོམས་རིག་པ་དང། འདུ་བྱེད་ཀྱི་ཕུང་པོའི་གནས་ཀུན་གཞིའི་རྣམ་པར་ཤེས་པ་འདུ་བྱེད་ཀྱི་བག་ཆགས་དང་བཅས་པ་གནས་གྱུར་པའི་ཕྱིར་ཡོངས་སུ ་བསྒྱུར་བ་དང། སྤྲུལ་པ་དང། འཁོར་བསྡུ་བ་དང། དཀར་པོའི་ཆོས་ཅན་དགུག་པ་ལ་སོགས་པ་འདུ་བྱེད་ཀྱི་ཕུང་པོ་གནས་གྱུར་བའི་ཚོར་བ་བཏང་སྙོམས་རིག་པ་དང། རྣམ་པར་ཤེས་པའི་ཕུང་པོའི་གནས་ཀུན་བཞི་རྣམ་པར་ཤེས་པ་རྣམ་པར་ཤེས ་པའི་བག་ཆགས་དང་བཅས་པ་གནས་གྱུར་པའི་ཕྱིར་མེ་འོང་ལྟ་བུ་དང། མཉམ་པ་ཉིད་དང། སོ་སོར་རྟོག་པ་དང། བྱ་བ་སྒྲུབ་པའི་ཡེ་ཤེས་ལ་སོགས་པ་རྣམས་པར་ཤེས་པའི་ཕུང་པོ་གནས་གྱུར་པའི་ཚོར་བ་བཏང་སྙོམས་རིག་པར་བྱའོ། །འབྲས་ ་བུ་གྲུབ་པའི་གནས་ངན་ལེན་རིག་པ་ཞེས་བྱ་བ་ནི་གཟུགས་ཀྱི་གནས་རིག་པ་དང། གཟུགས་མེད་པའི་གནས་རིག་པ་དེ་དག་ཉིད་དང་ད་ལྟར་ཕུང་པོའི་རྒྱུད་ཉིད་ལ་ཉམས་སུ་མྱོང་བ་སྟེ། དེའི་ཕྱིར་ད་ལྟར་གྱི་གང་ཡིན་པའོ་ཞེས ་གསུངས་སོ། །དེ་ཡང་གནས་མ་གྱུར་པའི་གནས་སྐབས་ན་ནི་གནས་མ་གྱུར་པའི་གནས་སྐབས་ཀྱི་གནས་རིག་པ་དང་གཟུགས་མེད་པའི་གནས་རིག་པ་དེ་དག་ཉིད་ད་ལྟར་ན་བག་ཆགས་དང་བཅས་པའི་ཕུང་པོའི་རྒྱུད་ཉིད་ཉམས་སུ་མྱོང་བ་སྟེ། དེ་ནི་ཟག་པ་དང ་བཅས་པ་ཡིན་པས་གནས་ངན་ལེན་རིག་པ་ཞེས་བྱའོ། །སྐབས་འདིར་ནི་གནས་གྱུར་པའི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་གནས་སྐབས་ཡིན་པས་གནས་གྱུར་པའི་གནས་སྐབས་ཀྱི་གཟུགས་ཀྱི་གནས་རིག་པ་དང། གཟུགས་མེད་པའི ་གནས་རིག་པའི་དེ་དག་ཉིད་ད་ལྟར་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་རྒྱུད་ཉིད་ལ་ཉམས་སུ་མྱོང་བ་སྟེ། དེ་ནི་ཕུང་པོ་ལྷག་མ་ཚད་ཡོད་པ་ཡིན་པས་གནས་ངན་ལེན་རིག་པ་ཞེས་བྱའོ། །འབྲས་བུ་མ་གྲུབ་བའི་གནས་ངན་ལེན་རིག་པ་ཞེས་བྱ་བ་ནི ་གཟུགས་ཀྱི་གནས་རིག་པ་དང། གཟུགས་མེད་པའི་གནས་རིག་པ་དེ་དག་ཉིད་ད་ལྟར་ཕུང་པོའི་རྒྱུད་ཉིད་ལ་ཉམས་སུ་མྱོང་བ་མ་ཡིན་གྱི་ཕྱིས་ཉམས་སུ་མྱོང་བའི་རྒྱུ་ད་ལྟར་གྱི་ས་བོན་གྱི་ཚུལ་དུ་ཕུང་པོའི་རྒྱུད་ལ་ཡོད་པ་སྟེ། དེའི་ཕྱིར་མ་འོངས་པའི་རྒྱུར་གྱུར་པ ་གང་ཡིན་པའོ་ཞེས་གསུངས་སོ།། དེ་ཡང་གནས་མ་གྱུར་པའི་གནས་སྐབས་ན་འཆིང་བ་མཛའ་དག་ཡོད་པ་སོ་སོའི་སྐྱེ་བོ་རྣམས་ལ་ནི་ཉོན་མོངས་པ་ཅན་གྱི་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་གཟུགས་ཀྱི་གནས་རིག་པ་དང། གཟུགས་མེད་པའི་གནས ་རིག་པ་དག་ཕྱིས་ཉམས་སུ་མྱོང་བར་འགྱུར་བའི་རྒྱུ་ནི་ད་ལྟར་ས་བོན་གྱི་ཚུལ་དུ་ཕུང་པོའི་རྒྱུད་ལ་ཡོད་ལ་ཡོད་པ་རྐྱེན་ཉེ་བར་མ་གྱུར་པས་ད་དུང་ཉམས་སུ་མ་མྱོང་བ་ལ་བྱའོ།། འཆིད་པ་མ་ཚང་བ་སློབ་པ་རྣམས་ལ་ནི་ཉོན་མོངས་པ་ཅན། ཉོན་མོངས་པ་མ་ཡིན་པའི་མ ་རིག་པའི་འདུས་ཏོ་རེག་པ་ལས་བྱུང་བའི་གཟུགས་ཀྱི་གནས་རིག་པ་དང་གཟུགས་མེད་པའི་གནས་རིག་པ་དག་ཕྱིས་ཉམས་སུ་མྱོང་བར་འགྱུར་བའི་རྒྱུ་ནི་ད་ལྟར་ས་བོན་གྱི་ཚུལ་དུ་ཕུང་པོའི་རྒྱུད་ལ་ཡོད་ལ་རྐྱེན་ཉེ་བར་མ་གྱུར་པས་ད་དུང་ཉམས་སུ་མ་མྱོང་བ་ལ་ཡང་བྱའོ།། སློབ་པར? ་གྱུར་པའི་ཕྱིས་གནས་གྱུར་ཅིང་མི་སློབ་པར་གྱུར་པའི་དུས་ན་གནས་གྱུར་པའི་གནས་སྐབས་ཀྱི་གཟུགས་ཀྱི་གནས་རིག་པ་དང། གཟུགས་མེད་པའི་གནས་རིག་པ་མྱོང་བར་འགྱུར་བའི་རྒྱུ་རིག་པའི་འདུས་ཏེ་རེག་པ་ལ་བྱུང་བའི་ཆོར་བ་ད་ལྟར་སློབ་པ་ཉིད་ཀྱི་རྒྱུད ་ལ་ཡོད་པ་ལ་ཡང་འབྲས་བུ་མ་གྲུབ་པ་མ་འོངས་པའི་རྒྱུར་གྱུར་པ་ཞེས་བྱའོ། །གནས་གྱུར་པའི་གནས་སྐབས་ན་མི་སློབ་པའི་རྒྱུད་ལ་གནས་གྱུར་པས་རབ་ཏུ་དབྱེ་བའི་གཟུགས་ཀྱི་གནས་རིག་པ་དང། གཟུགས་མེད་པའི་གནས་རིག་པ་དེ་དག་ཉིད་འབྲས་བུར་གྲུབ ་ཟིན་ཏེ། ཕྱིས་འབྲས་བུ་གཞན་ཐོབ་པར་འགྱུར་བ་མེད་ཀྱང་འབྲས་བུར་གྲུབ་པ་དེ་ཉིད་ཀྱི་རྒྱུན་ཕྱི་མ་ཉམས་སུ་མྱོང་བར་འགྱུར་བའི་རྐྱེན་གྱི་ཉེ་བར་མ་གྱུར་བ་རྒྱུ་ནི་གནས་གྱུར་པ་ཕུང་པོའི་ལྷག་མ་བཅས་པའི་མྱ་ངན་ལས་འདས་པའི་རྒྱུད་དེ་ལ་ཡོད་པ་ལ་ཡང ་འབྲས་བུ་མ་གྲུབ་པ་མ་འོངས་པའི་རྒྱུར་གྱུར་པ་ཞེས་བྱ་སྟེ། སྐབས་འདིར་ནི་སོ་སོའི་སྐྱེ་བོ་དང། སློབ་པའི་རྣམ་གྲངས་སྔ་མ་ཤོས་དང་མི་སྦྱར་གྱི། སློབ་པའི་རྣམ་གྲངས་ཕྱི་མ་ལ་ཤོས་དང་མི་སློབ་པའི་རྒྱུད་ལ་ཡོད་པ་སྦྱར་རོ།། དེའི་འབྲས་བུ་ཡུལ་རིག ་པའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར་ཡུལ་པ་ཡང་རྣམ་པ་བཞིར་རིག་པར་བྱ་སྟེ་ཞེས་བྱ་བ་གསུངས་ཏེ། དེ་དག་ཉིད་ཀུན་གཞི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན་མོད་ཀྱི། ཡུལ་གྱི་རྣམ་པ་ལྟ་བུར་སྣང་བས་འབྲས་བུ་ཞེས་བྱའོ།། གནས་རིག་པ་ཞེས་བྱ་བ ་ནི་སྣོད་ཀྱི་འཇིག་རྟེན་རིག་པ་སྟེ། དེ་ཡང་གནས་གྱུར་པའི་གནས་སྐབས་ན་ནི་གནས་ཀྱི་རྣམ་པར་སྣང་བ་སྣོད་ཀྱི་འཇིག་རྟེན་མ་དག་པ་རྣམ་པར་རིག་པ་ཡིན་ནོ།། སྐབས་འདིར་ནི་གནས་གྱུར་ལ་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་གནས ་སྐབས་ཡིན་པས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དེ་བཞིན་གཤེགས་པའི་གནས་གཞལ་མེད་ཁང་ཆེན་པོ་ཁ་དོག་ཕུན་སུམ་ཚོགས་པ་དང། དབྱིབས་ཕུན་སུམ་ཚོགས་པ་ལ་སོགས་པར་སྔར་གླེང་གཞིའི་སྐབས་སུ་བསྟན ་པ་ལྟ་བུ་རྣམ་པར་རིག་པ་ལ་བྱའོ། །ཡོ་བྱད་རིག་པ་ཞེས་བྱ་བ་ནི་གནས་དེ་ཉིད་ལས་ལུས་ཀྱི་ཡོ་བྱད་འབྱུང་བ་དག་རིག་པ་སྟེ། དེ་ཡང་གནས་མ་གྱུར་པའི་གནས་སྐབས་ན་ནི་ལུས་ཀྱི་ཡོ་བྱད་བཅུར་སྔར་བསྟན་པ་ལྟ་བུ་དག་རིག་པ་ཡིན་ནོ། །སྐབས ་འདིར་ནི་གནས་གྱུར་པ་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་གནས་སྐབས་ཡིན་པས་འཇིག་རྟེན་ལས་འདས་པའི་ཡོ་བྱད་ཕུན་སུམ་ཚོགས་པ་དག་རྣམ་པར་རིག་པ་ལ་བྱའོ། །ལོངས་སྤྱོད་རིག་པ་ཞེས་བྱ་བ་ནི་གནས་དང་ཡོ ་བྱད་དེ་དག་ལས་ལོངས་སྤྱད་པ་སྣ་ཚོགས་ཀྱི་རྣམ་པར་རིག་པ་སྟེ། དེ་ཡང་གནས་མ་གྱུར་པའི་གནས་སྐབས་ན་ནི་ལུས་ཀྱི་ཡོ་བྱད་ལ་ལོངས་སྤྱད་པ་རིག་པ་ཡིན་ནོ། །སྐབས་འདིར་ནི་གནས་གྱུར་པ་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི ་གནས་སྐབས་ཡིན་པས་ལོངས་སྤྱོད་རྫོགས་པའི་སྐུ་དང། སྤྲུལ་པའི་སྐུ་དང། བདག་དང་གཞན་དག་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱད་པ་མྱོང་བར་མཛད་པར་རིག་པ་ལ་བྱའོ།། བལྟོས་པའི་རིགས་པ་ཞེས་བྱ་བ་ནི་གནས་དང་ཡོ་བྱད ་དང་ལོངས་སྤྱོད་རིག་པ་དེ་དག་རྒྱུ་གང་ལ་བལྟོས་པའི་རྒྱུའི་རྒྱུན་ཡོངས་སུ་མ་རྡུགས་པར་ཡོད་པར་རིག་པ་སྟེ། དེ་ཡང་གནས་མ་གྱུར་པའི་གནས་སྐབས་ན་ནི་གནས་དང་ཡོ་བྱད་དང་ལོངས་སྤྱོད་རིག་པའི་རྒྱུ་སྔོན་དགེ་བ་དང་མི་དགེ་བ་ལ་སོགས ་པའི་ལས་བྱས་ཤིང་བསགས་པ་དག་གི་རྒྱུན་ད་ལྟར་འབྲས་བུ་མྱོང་བའི་གནས་སྐབས་ན་ཡང་ཡོངས་སུ་མ་རྡུགས་པར་ཡོད་པ་ནི་རིག་པ་ཡིན་ནོ། །སྐབས་འདིར་ནི་གནས་གྱུར་པ་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི ་གནས་སྐབས་ཡིན་པས་ད་ལྟ་གནས་དང། ཡོ་བྱད་དང་ལོངས་སྤྱོད་རིག་པའི་རྒྱུ་སྔོན་སྦྱིན་པ་ལ་སོགས་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་པ་དག་གི་རྒྱུན་ད་ལྟར་འབྲས་བུ་མྱོང་པའི་གནས་སྐབས་ན་ཡང་ཡོངས་སུ་མ་རྡུགས་པར ་རིག་པ་ཡིན་ཏེ། བལྟོས་པ་ཞེས་བྱ་བ་ནི་རྒྱུའི་དོན་ཡིན་ནོ། །དེ་ལྟར་གནས་ངན་ལེན་རིག་པ་དང་དེའི་འབྲས་བུ་ཡུལ་རིག་པ་དེ་ནི་གནས་མ་གྱུར་པ་སོ་སོའི་སྐྱེ་བོ་དང་སློབ་པ་རྣམས་ལ་ཡང་རང་རང་གི་སྦྱོར་བ་ཇི་ལྟ་བ་བཞིན་དུ་ཡོད་ཀྱི། སྐབས་འདིར ་ནི་གནས་གྱུར་པ་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ན་ཡོད་པ་དང་སྦྱར་བ་བསྟན་པའི་ཕྱིར། དེ་ཡན་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ནའོ་ཞེས་བྱ་བ་གསུངས་ཏེ། དེ་ཡང་ཞེས་བྱ་བ ་ནི་གནས་ཀྱི་གནས་ངན་ལེན་རིག་པ་རྣམ་པ་བཞི་དང། དེའི་འབྲས་བུ་ཡུལ་རིག་པ་རྣམ་པ་བཞིའོ། །ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ནའོ་ཞེས་བྱ་བ་ནི་དེ་ནི་ཚོར་བ་དེ་དག་ཡོད་དོ་ཞེས་བྱ་བའི་ཐ་ཚིག་གོ་།ཉན་ཐོས ་དང་རང་སངས་རྒྱས་ལ་ཡང་དེ་དག་ཡོད་མོད་ཀྱི། དེ་ནི་བག་ཆགས་དང་བཅས་པའི་མྱ་ངན་ལས་འདས་པ་ཡིན་པས་སྐབས་འདིར་ནི་དེ་བཞིན་གཤེགས་པ་ཉིད་ཀྱི་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་དང་སྦྱར་རོ། །འབྲས་བུ་མ ་གྲུབ་པ་ཞེས་བྱ་བ་ལ་སོགས་པ་ནི་སློབ་པར་གྱུར་པ་ཕྱིས་གནས་གྱུར་ཅིང་མི་སློབ་པར་གྱུར་པའི་དུས་ན་གནས་གྱུར་པའི་གནས་སྐབས་ཀྱི་གཟུགས་ཀྱི་གནས་རིག་པ་དང། གཟུགས་མེད་པའི་གནས་རིག་པ་མྱོང་བར་འགྱུར་བའི་རྒྱུ་རིག་པའི་འདུས ་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ད་ལྟར་སློབ་པ་ཉིད་ཀྱི་རྒྱུད་ལ་ཡོད་པ་མྱོང་བའི་སློབ་པ་རྣམས་ཀྱི་ནི་ཚོར་བ་འདྲེན་མར་མྱོང་བ་སྟོན་ཏོ། །རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་མྱོང་བ་ཞེས་བྱ་བ་ནི་སློབ་པ་རྣམས་ཏེ། དེ་དག་ལ་ཡང་མ་རིག? ་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོད་མོད་ཀྱི། དེ་ནི་ཕྱིས་གནས་གྱུར་ཅིང་མི་སློབ་པར་གྱུར་པའི་དུས་ན་གནས་གྱུར་པའི་གནས་སྐབས་ཀྱི་གནས་རིག་པ་དང། གཟུགས་མེད་པའི་གནས་རིག་པ་མྱོང་བར་འགྱུར ་བའི་རྒྱུ་མ་ཡིན་པས་འདིར་མ་སྨོས་སོ།། སློབ་པ་རྣམས་ཀྱི་མཐོང་བའི་ལམ་དང། བསྒོམ་པའི་ལམ་གྱིས་རབ་ཏུ་ཕྱེ་བའི་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་དེའི་རྒྱུ་ཡིན་པས་འབྲས་བུ་མ་གྲུབ་པ་མ་འོངས་པའི་རྒྱུར་གྱུར་པ ་ཞེས་བྱ་སྟེ། དེ་ལྟ་བུའི་ཚོར་བ་མྱོང་བའི་གང་ཟག་སློབ་པ་རྣམས་ཀྱི་འབྲས་བུ་མ་གྲུབ་པའི་གནས་ངན་ལེན་རིག་པ་ཞེས་བྱ་བར་སྦྱར་རོ།། དེའི་མི་མཐུན་པའི་ཕྱོགས་ཐམས་ཅད་ཀྱི་ཐམས་ཅད་དུ་འགགས་པ་མ་ཡིན་ཏེ་ཞེས་བྱ་བ་ནི་རིག་པའི ་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དེའི་མི་མཐུན་པའི་ཕྱོགས་ཉོན་མོངས་པ་ཅན་གྱི་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང། ཉོན་མོངས་པའི་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བསྒོམས་པས་སྤང་བར ་བྱ་བ་དག་གོ་།འདྲེན་མར་མྱོང་ངོ་ཞེས་བྱ་བ་ནི་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང། མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འདྲེན་པར་མྱོང་པའོ།། ཉན་ཐོས་དང་རང་སངས་རྒྱས་ཀྱི་མི་སློབ་པས་ཀྱང་ཉོན་མོངས་པ ་ཅན་གྱི་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྤངས་ཀྱང་ཉོན་མོངས་པ་མེད་པའི་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་སྤངས་པས་དེ་དག་ཀྱང་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བ་དང། ཉོན་མོངས་པ་མེད་པའི ་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འདྲེན་མར་མྱོང་བར་སྦྱར་རོ། །འབྲས་བུ་གྲུབ་པ་མྱོང་བ་ནི་ཞེས་བྱ་བ་ལ་སོགས་པས་ནི་དེ་བཞིན་གཤེགས་པའི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ན་འབྲས་བུ་གྲུབ ་པའི་ཚོར་བ་མྱོང་བ་ལ་ནི་མ་རིག་པ་མེད་དེ། རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འབའ་ཞིག་མྱོང་བར་སྟོན་ཏོ།། ཚེར་བ་རྣམ་པ་དེ་གཉི་ག་ཐམས་ཅད་ཀྱི་ཐམས་ཅད་དུ་འགགས་ཏེ་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་མ་རིག་པའི་འདུས་ཏེ་རེག་པ ་ལས་བྱུང་བའི་ཚོར་བ་དང། ཉོན་མོངས་པ་མེད་པའི་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དེ་གཉིས་ཀའོ།། རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འབའ་ཞིག་མྱོང་ངོ་ཞེས་བྱ་བ་ནི་སྒྲིབ་པ་རྣམ་པ་གཉིས་དང་བྲལ་བའི་ཡེ ་ཤེས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ།། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བ་ན་དེ་ཡང་འགག་པར་འགྱུར་ཏེ་ཞེས་བྱ་བ་ནི་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དེ་ཡང་འགག་པར་འགྱུར ་ཏེ། ཕྲད་པའི་ཚོར་བ་དང། འབྲལ་བའི་ཚོར་བའི་སྐྱེ་བའི་ས་བོན་ཀུན་གཞི་རྣམ་པར་ཤེས་པ་ཡོངས་སུ་ཟད་པའི་ཕྱིར་རོ།། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་སྔར་ཞུས་པའི་ལན་གྱི་མཇུག་བསྡུ་བ་བསྟན་ཏེ། དེས་ཀྱང་བཤད་པས་སྒོམ་པ་ལ་འདུན ་པ་དྲག་པོ་མེད་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་ཕྱེ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་བསྟན་ཏོ།། གལ་ཏེ་དེ་བཞིན་གཤེགས་པ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདས་ན་ཇི་ལྟར་འཁོར་བའི ་མཛའ་ཨི་བར་དུ་གཞན་གྱི་དོན་མཛད་པ་གྲུབ་པར་འགྱུར་ཞེ་ན། དེ་བཞིན་གཤེགས་པ་ནི་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་ན་ཡོངས་སུ་མྱ་ངན་ལས་འདའ་བ་སྟོན་ཀྱང་སེམས་ཅན་གྱི་དོན་མཛད་པ་རྒྱུན་མི་གཅོད་དེ། དེ་བཞིན་གཤེགས་པའི་རྣམ་པར་གྲོལ ་བ་ནི་སྣ་ཚོགས་ཡིན་པའི་ཕྱིར་རོ།། དེ་ལྟར་སྒོམ་པ་ལ་འདུན་པ་དྲག་པོ་མེད་པ་རྣམ་པར་གཞིག་ཅིང་འདུན་པ་དྲག་པོས་རབ་ཏུ་ཕྱེ་བའི་ཞི་གནས་དང་ལྷག་མཐོང་གི་ལཾ་གྱི་ངོ་བོ་ཉིད་དེ་ལས་རབ་ཏུ་ཉམས་པར་མི་འགྱུར་ཞིང་ཆུད་མི་ཟ་བར་བྱ་བའི་ཕྱིར ་བསྟན་པ་དང་བཤད་པས་སྒོམ་པ་ལ་འདུན་པ་དྲག་པོ་མེད་པ་རྣམ་པར་གཞིག་བ་གདགས་པ་གཏན་ལ་དབབ་པ་བསྟན་པ་ནི་བསྒོམས་པ་ལ་འདུན་པ་དྲག་པོ་མེད་པ་རྣམ་པར་གཞིག་ཅིང་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ ་དབབ་པ་བསྟན་པ་ཡིན་ནོ། །ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ། །ད་ནི་འདི་མན་ཆད་ནི་དམ་པའི་ཆོས་ཡོངས་སུ་བཟུང་བ་དང། མདོའི་སྡེའི་ལུས་རྣམ་པར་བཞག་པའི་དངོས་པོ་བསྡུ་བ་དང ་མདོ་སྡེའི་ངེས་པའི་ཚིག་བསྟན་པ་དང། འབྲས་བུ་ཐོབ་པའི་ཆེ་བ་ཉིད་རྣམས་ཀྱི་མཇུག་བསྡུ་བ་སྟོན་ཏོ། །དེ་ལ་དམ་པའི་ཆོས་ཡོངས་སུ་གཟུང་བ་ནི། དེ་སྐད་ཅེས་བཀའ་སྩལ་ནས་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་ལ་རྣལ་འབྱོར་གྱི་ལམ་ཞེས་བྱ་བ་ནི ་ཚུལ་ཁྲིམས་དང། རིགས་པའི་རྣལ་འབྱོར་གྱི་ཡོངས་སུ་བསྡུས་པའི་ཞི་གནས་དང། ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་གང་ཡིན་པའོ། །ཡོངས་སུ་རྫོགས་པ་ཞེས་བྱ་བ་ནི་སྦྱོར་བའི་རྒྱུ་དང། འཐོབ་པ་དང། འཐོབ་པའི་ཐབས་དང། ཆུད་མི་ཟ་བར་བྱ་བའི་ཕྱིར ་གདགས་པ་གཏན་ལ་དབབ་པ་དག་གིས་སོ། །ཤིན་ཏུ་ཡོངས་སུ་དག་པ་ཞེས་བྱ་བ་ནི་ཁྱབ་པའི་དམིགས་པ་བཞི་པོ་དག་ལས་ཞི་གནས་ཀྱི་ལམ་དང། ལྷག་མཐོང་གི་ལམ་དང། ཟུང་དུ་འབྲེལ་བའི་ལམ་ཤིན་ཏུ་ཡོངས་སུ་དག་པའོ། །རྣལ་འབྱོར་ལ་ཤིན་ཏུ་རྣམ ་པར་ངེས་ཤིང་ཞེས་བྱ་བ་ནི་གཏན་ལ་དབབ་པ་ཞེས་བྱ་བའི་ཐ་ཚིག་གོ་།མཁས་པ་ཞེས་བྱ་བ་ནི་སྐབས་སུ་བབ་པར་ཤེས་བྱ་བའི་དོན་ཏོ། །ལེགས་སོ་ལེགས་སོ་ཞེས་བྱ་བ་ནི་བསྟོད་པ་དང། རྗེས་སུ་ཡི་རང་བར་མཛད་པ་སྟེ་ངེས་ན་གཞན་དག་དམ་པའི་ཆོས་འདི་ཡོངས་སུ ་འཛིན་པར་འགྱུར་རོ། །ངས་ཀྱང་ཞེས་བྱ་བ་ལ་སོགས་པས་ནི་དམ་པའི་ཆོས་འདི་ཡོངས་སུ་གཟུང་བའི་འོས་ཡིན་པར་སྟོན་ཏོ། །རིགས་ཀྱི་བུ་རྣམས་དང། རིགས་ཀྱི་བུ་མོ་དག་གིས་འདི་ལ་ཤིན་ཏུ་བརྩོན་པར་བྱེད་པའི་རིགས་སོ་ཞེས་བྱ་བས་ནི་དེ་བཞིན་གཤེགS ་པའི་གདུང་རྒྱུན་མི་བཅད་པའི་མན་ངག་གི་དམ་པའི་ཆོས་ཡོངས་སུ་འཛིན་དུ་གཞུག་པ་བསྟན་ཏེ། དེ་དག་ནི་དམ་པའི་ཆོས་ཡོངས་སུ་བཟུང་བ་བསྟན་པ་ཡིན་ནོ། །མདོའི་སྡེའི་ལུས་རྣམ་པར་བཞག་པའི་དངོས་པོ་བསྡུ་བ་ནི། དེ་ནས་བཅོམ་ལྡན་འདས ་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་རྣམས་ཀྱིས་བསྟན་ཏེ། དེ་ལ་ཚིགས་སུ་བཅད་པ་དང་པོས་ནི་སྔར་སྦྱོར་བའི་རྒྱུ་རྣམ་པ་གཉིས་པོ་གནས་ཀྱི་སྦྱོར་བའི་རྒྱུ་དང། རྟེན་གྱིས་སྦྱོར་བའི་རྒྱུ་བསྟན ་པ་ལས་གནས་ཀྱི་ས་སྦྱོར་བའི་རྒྱུ་ཆོས་གདགས་པ་རྣམ་པར་བཞག་པ་དེ་ལ་གནས་པའི་ཕན་ཡོན་སྟོན་ཏོ། །ཆོས་རྣམས་གདགས་པ་རྣམ་པར་བཞག་པ་གང་ཡིན་པ་དེ་ནི་ཞེས་བྱ་བ་ནི་མདོའི་སྡེའི་ལ་སོགས་པ་ཆོས་གདགས་པ་རྣམ་པར་བཞག་པ ་གང་ཡིན་པའོ། །རྣལ་འབྱོར་ཅེས་བྱ་བ་ནི་ཚུལ་ཁྲིམས་དང་རིགས་པའི་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང། ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ལ་ཞེས་བྱ་བར་སྦྱར་རོ། བག་ཡོད་ཅེས་བྱ་བ་ནི་ནན་ཏན་དང་བརྩོན་འགྲུས་ཀྱིས་བག་ཡོད་པར་སྒྲུབ ་པའི་རྣལ་འབྱོར་པ་རྣམས་ལ་ཞེས་བྱ་བའི་ཐ་ཚིག་གོ་།དོན་ཆེན་ཡིན་ཞེས་བྱ་བ་ནི་ཕན་འདོགས་པའི་ཕྱིར་རོ། །ཇི་ལྟར་ཕན་འདོགས་པས་དོན་ཆེ་བ་ཡིན་ཞེ་ན། གང་དག་ཆོས་དེར་བརྟེན་ནས་རྣལ་འབྱོར་འདིར། །ཡང་དག་བརྩོན་པ་དེ་དག་བྱང་ཆུབ་ཐོབ་ཅེས་བྱ་བ་གསུངས་ཏེ། ་རྣལ་འབྱོར་པ་གང་དག་ཆོས་གདགས་པ་རྣམ་པར་བཞག་པ་དེ་ལ་གནས་ནས། རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང། ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་འདི་ལ་ཡང་དག་པར་བརྩོན་པ་དེ་དག་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕྱིར་ཞེས་བསྟན་ཏོ། ཚིཌ ་སུ་བཅད་པ་གཉིས་པས་ནི་ཆོས་གདགས་པ་རྣམ་པར་བཞག་པས་དེ་ལ་བསམ་པ་ཐག་པ་ནས་མི་གནས་པའི་ཉེས་དམིགས་སྟོན་ཏེ། གང་དག་གླག་ལྟ་ཞེས་བྱ་བ་ནི་གང་དག་ཆོས་བདུད་རྩི་འདི་གཏན་གཞིག་པ་འམ། དམ་པའི་ཆོས་ལྟར་བཅོས་པ་སྤེལ་ལོ ་སྙམ་པའི་བསམ་པས་བསྟན་པ་འདི་ལ་གླཌ་ལྟ་བའོ། །དེ་སྐད་རྒོལ་བ་ལས་ཐལ་བར་ལྟ་བས་ཞེས་བྱ་བས་ནི་རྟོག་གེ་བ་ལ་ལ་གཞན་དང་གྲུབ་པའི་མཛའ་འགྲན་ཞིང་བརྩད་པ་དང་རང་གི་གྲུབ་པའི་མཛའ་ཉམས་ལ་ཐུག་པའི་ཚེ་སངས་རྒྱས་ཀྱི་བསྟན་པ་ལས ་གཏན་ཚིགས་དང་དཔེ་དང། རིག་པ་ལ་སོགས་པ་བསླབས་པ་ཕས་ཀྱི་རྒོལ་བ་དེ་ལས་བདག་ཐར་བར་བྱའོ་སྙམ་དུ་སེམས་པའོ། །ཆོས་ཀུན་ཆུབ་བྱེད་པ་ཞེས་བྱ་བ་ནི་དེ་ལྟར་གླགས་ལྟ་བའི་བསམས་པ་དང། དེ་སྐད་རྒོལ་བ་ལས་ཐར་བར་ལྟ་བའི་བསམ་པས ་སངས་རྒྱས་ཀྱི་ཆོས་འདི་སྒྲུབ་པར་བྱེད་པའོ། །བྱམས་པ་ཞེས་བྱ་བ་ནི་བོད་པའི་ཚིག་གོ་།དེ་དག་རྣལ་འབྱོར་འདི་ལས་ནི། །ཐག་རིང་གནམ་ས་རིང་བ་ཇི་བཞིན་ནོ་ཞེས་བྱ་བ་གང་ཟག་དེ་དག་རྣལ་འབྱོར་གྱི་ཡོངས་སུ་བསྡུས་པའི་ལམ་འདི་ཐག་རིང་སྟེ། དཔེར་ན་གནམ་ས ་ཐག་རིང་བ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།ཚིགས་སུ་བཅད་པ་གསུམ་པའི་རྩ་བ་དང་པོ་གཉིས་ཀྱིས་ནི་སྔར་བརྟེན་ཅིང་སྦྱོར་བའི་རྒྱུ་བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་ལམ་མི་གཏོང་བ་བསྟན་པའི་ཕན་ཡོན་སྟོན་ཏེ། བློ་ལྡན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨོ ་སེམས་ཅན་དོན་ཞེས་བྱ་བ་ནི་སེཾས་ཅན་གྱི་གཅེས་པར་བྱེད་པའོ། །དེ་དག་ལས་ལན་བྱེད་རིགས་ནས་སེམས་ཅན་དོན་བརྩོན་མིན་ཞེས་བྱ་བ་ནི་སེམས་ཅན་དེ་དག་ལས་ལན་དུ་ཕན་པ་བྱེད་པར་འོང་པར་རིག་ནས་སེཾས་ཅན་གྱི་དོན་ལ་བརྩོན་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། ་ཚིག་གི་དོན་སྤྱིར་ན་བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་ལམ་མི་གཏོང་བའི་བྱང་ཆུབ་ཀྱི་སེམས་དེའི་རྒྱུ་ནི་སྙིང་རྗེ་ཡིན་ལ། སྙིང་རྗེའི་ཡུལ་ནི་སེམས་ཅན་ཐམས་ཅད་ཡིན་པས་སྙིང་རྗེས་ནི་སེམས་ཅན་གྱི་དོན་གཅེས་པར་བྱེད་ལ། སེམས་ཅན་གྱི་དོན་བྱེད་པ་ན། འགྲོ་ལ་ཕན་ཕྱིར ་སངས་རྒྱས་འགྲུབ་པར་ཤོག་ཅེས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱེད་པ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་ལམ་མི་གཏོང་བ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཚིགས་སུ་བཅད་པ་གསུམ་པའི་རྩ་བ་འོག་མ་གཉིས་ཀྱིས་ནི་ཟང་ཟིང་གི་བསམ་པས་སེམས་ཅན ་གྱི་དོན་བྱེད་པ་ལ་བྱང་ཆུབ་ཀྱི་སེམས་མེད་པའི་ཉེ་དམིགས་སྟོན་ཏེ། ལན་དེར་རྟོག་ན་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་ལ་ཅུང་ཟད་སྦྱོར་བ་ན། དེ་དག་ལས་ལན་འོང་དུ་རེ་ཞིང་དེ་ལ་རྟོག་ནའོ། །ཀུན་གྱི་དམ་པ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་སོ། །ཟང་ཟིང་མེད་པའི ་དགའ་བ་ཞེས་བྱ་བ་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་དང་པོ་རབ་ཏུ་དགའ་བས་རབ་ཏུ་ཕྱེ་བའོ། །ཚིགས་སུ་བཅད་པ་བཞི་པས་ནི་གནས་ཀྱི་སྦྱོར་བའི་རྒྱུ་ཆོས་གདགས་པ་རྣམ་པར་བཞག་པ་དེ་ལ་གནས་ནས་ཀྱང་རབ་ཏུ་དབེན་པ་དང། སེམས་རྩེ་གཅིག་པ་ཉིད ་ལ་མི་སྦྱོར་བའི་ཉེས་དམིགས་སྟོན་ཏོ། །གང་དག་འདོད་ཕྱིར་ཆོས་ཀྱི་ལུང་འབོག་པ་ཞེས་བྱ་བ་ནི་ཆོས་གདགས་པ་རྣམ་པར་བཞག་པ་ཆུབ་བར་བྱས་ནས་རབ་ཏུ་དབེན་པ་དང། སེམས་རྩེ་གཅིག་པ་ཉིད་ལ་མི་སྦྱོར་བར་རྙེད་པ་དང། བཀུར་སྟི་ལ་སོགས་པ་ཟང་ཟིང ་འདོད་པའི་ཕྱིར་གྲོང་དང་འདུ་འཛིའི་ནང་ནས་གནས་ཤིང་ཆོས་ཀྱི་ལུང་འབོག་པའོ། །དེ་དག་འདོད་པ་སྤངས་པ་ཕྱིར་ལེན་ཏེ། ཞེས་བྱ་བ་ནི་སྔར་རབ་ཏུ་བྱུང་བ་ལ་སོགས་པའི་རིམ་གྱི་དངོས་པོའི་འདོད་པ་སྤངས་པའི་ཕྱིར་ལེན་ཏེ་ཞེས་བྱ་བའི་ཐ་ཚིག་གོ་།རྨོངས་པ་དེ་དག་ཆེས ་ཀྱི་རིན་པོ་ཆེ། །རི?་ཐང་མེད་པ་རྙེད་ཀྱང་སྤོང་ཞིང་རྒྱུ་ཞེས་བྱ་བ་ནི་གང་ཟག་རྨོངས་པ་དེ་དག་ནི་དཔེར་ན་ལ་ལ་ཞིག་གིས་རིན་པོ་ཆེ་རིན་ཐང་མེད་པ་རྙེད་ཀྱང་དེ་སྤངས་ཏེ། སྤོང་ཞིང་རྒྱུ་བ་དང་འདྲ་བར་ཆོས་ཀྱི་རིན་པོ་ཆེ་རིང་ཐང་མེད་པ་རྙེད་ཀྱང་འདོད་པའི་ལོངས ་སྤྱོད་ལ་སྤོང་ཞིང་འཁོར་བ་ན་རྒྱུ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། ཚིགས་སུ་བཅད་པ་ལྔ་པས་ནི་ཕན་ཡོན་དང་ཉེས་དམིགས་དེ་ལྟ་བུ་དག་ཡོད་པས་དེའི་ཕྱིར་སྦྱོར་བའི་རྒྱུ་རྣམ་པ་གཉིས་ལ་བརྟེན་ལ། རྣལ་འབྱོར་གྱི་ཡོངས་སུ་བསྡུས་པའི་ལམ་ལ་བརྩོན ་པར་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ་།དེ་ཕྱིར་རྩོད་དང་འདུ་འཛི་སྤྲོས་ལྡན་པ།། རྣམ་པར་སྤོང་བ་ཞེས་བྱ་བ་ནི་འདོད་པའོ། །བརྩོན་འགྲུས་མཆོག་སྟེ་ཞེས་བྱ་བ་ནི་ལེ་ལོ་སྤང་བ་བསྟན་ཏེ། སྡེ་དག་གིས་ནི་གནས་ཀྱི་སྦྱོར་བའི་རྒྱུ་ལ་བརྟེན་ཅིང་བསྐུལ་བ ་བསྟན་ཏོ། །ལྷར་བཅས་འཇིག་རྟེན་བསྒྲལ་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སྙིང་རྗེས་སེམས་ཅན་ལ་དམིགས་པའི་སྒོ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་བསྟན་ཏེ། དེས་ནི་རྟེན་གྱི་སྦྱོར་བའི་རྒྱུ་ལ་བརྟེན་ཅིང་ཞེས་བསྐུལ ་བ་བསྟན་ཏོ།། རྣལ་འབྱོར་འདི་ལ་རབ་ཏུ་བརྩོན་པར་གྱིས་ཞེས་བྱ་བ་ནི་དེ་ལྟར་སྦྱོར་བའི་རྒྱུ་རྣམ་པ་གཉིས་ལ་བརྟེན་ནས་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ལམ་གྱི་ངོ་བོ་ཉིད་ལ་བརྩོན་པར་གྱིས་ཤིག་ཅེས་བསྐུལ་བ་བསྟན་ཏོ། ། ་མདོའི་སྡེའི་ངེས་པའི་ཚིག་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ།། ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་ལ་དགོངས་པ་ངེས་པར་འགྲེལ་གྱི་ཆོས་ཀྱི་རྣམ ་གྲངས་འདིས་ཞེས་བྱ་བ་ནི་དེས་པའི་དོན་བསྟན་པའི་མདོ་སྡེ་འདིའི་ལུས་རྣམ་པར་བཞག་པ་སྤྱི་ལ་སྙེགས་སོ། །བསྟན་པ་འདི་ཞེས་བྱ་བ་ནི་རྣལ་འབྱོར་ངེས་པའི་དོན་བསྟན་པའི་ལེའུ་འདི་ཉི་ཚེ་དང་སྦྱར་རོ། །རྣལ་འབྱོར་ངེས་པའི་དོན ་བསྟན་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་རིགས་པའི་རྣལ་འབྱོར་གྱི་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གིས་ལམ་གྱི་ངོ་བོ་ཉིད་ཀྱི་དོན་ངེས་པར་བསྟན་པ་ཞེས་བྱ་བའི་ཐ་ཚིག་གོ་། འབྲས་བུ་ཐོབ་པའི་ཆེ་བ་ཉིད་ནི། ་རྣལ་འབྱོར་ངེས་པའི་དོན་བསྟན་པ་འདི་བཤད་པ་ན་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། འབྲས་བུ་ཐོབ་པའི་ཆེ་བ་ཉིད་ཅེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་ཆོས་བསྟན་པའི་འབྲས ་བུའི་ཕན་ཡོན་ཆེ་བ་རྣམ་པ་ལྔ་བསྟན་པ་གང་ཡིན་པ་སྟེ། ལྔ་གང་ཞེ་ན། དེ་དག་ལས་སེམས་ཅན་ཁ་ཅིག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བ་དང། དེ་དག་ལས་སེམས་ཅན་ཁ ་ཅིག་ནི་དམ་པའི་ཆོས་བསྟན་པ་དེ་ཉིད་ཀྱི་ཚེ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་བསྐྱེད་པར་འགྱུར་བ་དང། དེ་དག་ལས་སེམས་ཅན་ཁ་ཅིག་ནི་དམ་པའི་ཆོས་བསྟན་པའི་མོད་ལ་ཟག་པ་ཟད་པར་འགྱུར་བ་དང། ་དེ་དག་ལས་སེམས་ཅན་ཁ་ཅིག་ནི་དམ་པའི་ཆོས་ཐོས་པ་དེ་ཉིད་ཀྱི་མོད་ལ་བྱང་ཆུབ་སེམས་དཔའ་ཨི་བཟོད་པ་མཆོག་ཐོབ་པར་འགྱུར་བ་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམ་པའི་ཆོས་བསྟན་པས ་ལུང་འབོག་པ་དང། ཁ་ཏོན་བྱེད་པ་དང། ཡང་དག་པར་སྒྲུབ་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཚུལ་གྱིས་དམ་པའི་ཆོས་ཀྱི་ཚུལ་ཡུན་རིང་དུ་གནས་པར་བྱེད་པ་སྟེ། ལྔ་པོ་དག་ལས་དང་པོ་བཞི་ནི། སྲོག་ཆགས ་དྲུག་འབུམ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ་ཞེས་བྱ་བ་ལ་སོགས་པའི་དོན་བཞི་དང་གོ་རིམ་བཞིན་དུ་སྦྱར་རོ། །ལྔ་པ་ནི་མདོ་སྡེ་ཐམས་ཅད་ཀྱི་མཇུག་ནས། བཅོམ་ལྡན་འདས་ཀྱིས་དེ ་སྐད་ཅེས་བཀའ་སྩལ་ནས། ལྷ་ལ་སོགས་པའི་འཇིག་རྟེན་ཡི་རང་ཏེ་མངོན་པར་དགའ་ཨོ་ཞེས་འབྱུང་བའི་སྐབས་དང་སྦྱར་རོ།། སྐབས་འདིར་དམིགས་ཀྱི་མ་སྨོས་ཀྱང་མཇུག་ནས་བྱུང་བ་ཉིད་སྐབS་འདིར་སྦྱར་བར་བྱའོ། །དེ་དག་གི ་ཚིག་གི་དོན་ནི་སྔར་བཤད་པ་བཞིན་ནོ། །རྣལ་འབྱོར་པ་ཆེན་པོའི་ཡིད་ལ་བྱེད་པ་ཐོབ་པར་གྱུར་ཏོ་ཞེས་བྱ་བ་ནི་སྣང་བ་མེད་པའི་ཏིང་ངེ་འཛིན་མངོན་དུ་གྱུར་པ་སྟེ། དེ་ཉིད་ཀྱི་བཟོད་པ་མཆོག་ཐོབ་པ་བསྟན་ཏོ། །ལེའུ་བརྒྱད་པའི་ཚིག་གི ་དོན་ལ་སོགས་པ་བཤད་ཟིན་ཏོ།། དེ་ལྟར་ཆོས་གདགས་པ་རྣམ་པར་བཞག་པ་ལས་བརྩམས་ནས། རྣལ་འབྱོར་གྱི་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་བར་དུ་དབྱེ་བས་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ཡོངས ་སུ་ཤེས་པར་བྱ་བ་བསྟན་ནས། དེའི་འོག་ཏུ་ཐེག་པ་རྣམ་པར་བཞག་པ་ལས་བརྩམས་ནས། ཐེག་པའི་རྣམ་པར་དབྱེ་བ་ཇི་ལྟ་བ་བཞིན་དུ་བསྟན་ནས་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ཡོངས་སུ ་ཤེས་པར་བྱ་བ་བསྟན་པའི་ཚིག་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་ཞུ་བ་ཞུས་པ ་ཞེས་བྱ་བ་ལ་སོགས་པ་འཕགས་པ་སྤྱན་རས་གཟིགས་ཀྱི་ལེའུ་དགུ་པ་འདི་གསུངས་སོ།། དེ་ལེའུ་དགུ་པ་འདིའི་བསྡུས་པའི་དོན་ནི་མདོར་བསྡུ་ན་ཐེག་པ་རྣམ་པར་བཞག་པ་ལས་བརྩམས་ནས་ཐེག་པའི་རྣམ་པར ་དབྱེ་བ་ཇི་ལྟ་བ་བཞིན་བསྟན་པ་ཡིན་ནོ།། དེ་ཡང་རྣམ་པར་དབྱེ་ན་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ལ་མཁས་པར་བྱ་བ་ལས་བརྩམས་ནས་དྲིས་པ་དང་ལན་བརྗོད་པ་སྟེ། ཕ་རོལ་ཏུ་ཕྱིན་པ་རྣམས་ཐེག་པ་ཆེན་པོས ་བསྡུས་པའི་ཕྱིར་རོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ལ་མཁས་པར་བྱ་བ་ལ་བརྩམས་ནས་ཤེས་པར་བྱ་བ་ནི་ཐེག་པ་རྣམ་པར་བཞག་པ་ལས་བརྩམས་ནས་ཞེས་བྱ་བས་བསྟན་ཏེ། ཐེག་པ་རྣམ་པར ་བཞག་པ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའ་ཨི་ལམ་འབྲས་བུ་དང་བཅས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་ལམ་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་རྣམས་སོ།། འབྲས་བུ་ནི་སངས་རྒྱས་ཀྱི་སའོ། །དེ་དག ་ནི་ལམ་འདིས་འགྲོ་བའི་ཕྱིར་ཐེག་པ་དང། འབྲས་བུ་བགྲོད་པར་བྱ་བའི་ཕྱིར་ཐེག་པ་ཞེས་བྱ་སྟེ། དེ་ལྟར་ན་ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའ་ལམ་འབྲས་བུ་དང་བཅས་པ་རྣམ་པར་གཞག་པ་ལས་བརྩམས ་པ་ཡིན་མོད་ཀྱི། ཇི་ལྟར་ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའ་ལམ་དང་འབྲས་བུ་དང་བཅས་པ་རྣམ་པར་བཞག་པ་དེ་ལས་ནི་གང་ཕ་རོལ་ཏུ་ཕྱིན་པ་ནི་གང་ལམ་ནི་གང་འབྲས་བུ་ནི་གང་ཞེས་དེ་དག་གི་རྣམ་པར་དབྱེ་བ་ཇི་ལྟ་བ་བཞིན ་བསྟན་པ་ནས་ནི་རྟོགས་པ་ཡིན་ལ། ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་རྟོགས་པ་དང་སྤྱོད་པ་དེ་གཉིས་ཀ་ཡིན་ལ། འབྲས་བུ་ནི་སངས་རྒྱས་ཀྱི་ས་ཡིན་པས་སྤྱོད་པ་ཡོངས་སུ་རྫོགས་པས་རྟོགས་པ་ཡང་ཡོངས་སུ་རྫོགས་པར་འགྱུར་ལ། ་ཡོངས་སུ་རྟོགས་པའི་ལམ་དེ་ཡོངས་སུ་རྫོགས་པས་འབྲས་བུ་སངས་རྒྱས་ཀྱི་ས་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་སྤྱོད་པ་ཐོག་མར་འགྲོ་བའི་གོ་རིམ་གྱི་དབང་དུ་བྱས་ནས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་མཁས ་པར་བྱ་བ་ལས་བརྩམས་ནས་ཞེས་བྱ་བ་རྨོས་པར་ཟད་ཀྱི། དངོས་སུ་ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའ་ཨི་ལམ་འབྲས་བུ་དང་བཅས་པ་རྣམ་པར་བཞག་པ་ལས་བརྩམས་ནས་ཞེས་བྱ་བར་སྦྱར་ཏེ། དེ་ནི་ལེའུ་འདི་ལ་ལུས ་རྣམ་པར་བཞག་པ་སྤྱི་དང་སྦྱར་རོ།། དྲིས་པ་དང་ལན་བརྗོད་པ་ཞེས་བྱ་བ་ནི་ཐེག་པའི་རྣམ་པར་དབྱེ་བ་ཇི་ལྟ་བ་བཞིན་བསྟན་པ་ཞེས་བྱ་བས་བསྟན་ཏེ། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ལ་མཁས་པའི་རྣམ་པར་དབྱེ་བ་ཇི ་ལྟ་བ་བཞིན་དུ་བསྟན་ཞེས་བྱ་བའི་ཐ་ཚིག་གོ་། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ལ་མཁས་པ་དེ་ཡང་རྣམ་པ་གཉིས་ཏེ། ཇི་ལྟར་ཡོངས་སུ་རྫོགས་པ་དང། གང་དག་ཡོངས་སུ་རྫོགས་པའོ།། དེ་ལྟ་ཇི་ལྟར་ཡོངས་སུ་རྫོགS ་པ་ཞེས་བྱ་བ་ནི་རྟོགས་པ་ཡོངས་སུ་རྫོགས་པའི་སྒོ་ནས་སྤྱོད་པ་ཡོངས་སུ་རྫོགས་པར་མངོན་པའི་ཕྱིར་ས་རབ་ཏུ་དབྱེ་བས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བསྟན་པ་སྟེ། དེའི་ཕྱིར་འདིར་རྟོགས་པ་ཡོངས་སུ་རྫོགས་པ་རབ་ཏུ་དབྱེ་བ ་ཐོག་མར་སྟོན་ཏེ། དེ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དབའ་རྣམས་ཀྱི་ས་བཅུ་གང་ལགས་པ་དེ་དག་ནི་འདི་ལྟ་སྟེ་ཞེས་བྱ་བ་ནས་དེའི་ཕྱིར་སྨོན་ལམ་རྒྱ་ཆེན་པོས་འགྲོ་བ་དང། སྨོན?་པ ་གྱི་སྟོབས་ཅན་རྣམས་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །གང་དག་ཡོངས་སུ་རྫོགས་པ་ཞེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བཅུ་ཡོངས་སུ་རྫོགས་པར་བསྟན་པ་སྟེ། ་དེའི་ཕྱིར་འདིར་རྟོགས་པ་ཡོངས་སུ་རྫོགས་པའི་རབ་ཏུ་དབྱེ་བ་བསྟན་པའི་འོག་ཏུ་སྦྱོང་པ་ཡོངས་སུ་རྫོགས་པའི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་དབྱེ་བ་སྟོན་པ་སྟེ། དེ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ ་པའི་གཞི་དུ་མཆིས་ལགས་ཞེས་བྱ་བ་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅང་པ་འདི་དག་བཀའ་སྩལ་ཏོ་ཞེས་བྱ་བ་ལ་ཐུག་པའི་བར་གྱིས་བསྟན་ཏོ། །དེ་ལ་དང་པོར་ས་རབ་ཏུ་དབྱེ་བའི་ཚིག་དོན་ལ ་སོགས་པ་བཤད་པར་བྱ་སྟེ་དེ་ཡང་རྣམ་པ་གཉིས་ཏེ། བསྟན་པ་དང། བཤད་པའོ།། དེ་ལ་བསྟན་པ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་བཅུ་གང་ལགས་པ་དེ་དག་ནི་འདི་ལྟ་སྟེ་ཞེས་བྱ་བ་ནས ་སངས་རྒྱས་ཀྱི་ས་ནི་བཅུ་གཅིག་ལགས་ན་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། དེས་ནི་བྱང་ཆུབ་སེམས་དཔའ་ཨི་གནས་པ་བཅུ་དང་དེ་བཞིན་གཤེགས་པའི་གནས་པ་བསྟན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི ་གནས་པ་བཅུ་ནི་རབ་ཏུ་དགའ་བའི་ས་ལ་གནས་བ་དང། ལྟག་པའི་ཚུལ་ཁྲིམས་ལ་གནས་པ་དང། ལྷག་པའི་སེམས་ལ་གནས་པ་དང། བྱང་ཆུབ་ཀྱི་ཕྱོགས་དང་ལྡན་བའི་ལྷག་བའི་ཤེས་རབ་ལ་གནས་པ་དང། །བདེན ་པ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་དང། རྟེན་ཅིང་འབྲེལ་བར་འབྱུང་བ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་དང། མཚན་མ་མེད་པ་ལ་གནས་པ་མངོན་པར་འདུ་བྱེད་པ་དང་བཅས་ཤིང་བརྩོལ་བ་དང ་བཅས་པ་དང། མཚན་མ་མེད་པ་ལ་གནས་པ་མངོན་པར་འདུ་བྱེད་པ་མེད་པ་ལ་ལྷུན་གྱིས་གྲུབ་པ་དང། སོ་སོ་ཡང་དག་པར་རིག་པ་ལ་གནས་པ་དང། གནས་པ་མཆོག་གོ་།དེ་ལ་རབ་ཏུ་དགའ་བ་ལ་གནས་པ་ནི་བྱང་ཆུབ་སེམས་དཔའ་ཨི་ས ་རབ་ཏུ་དགའ་བ་ཞེས་བྱ་བས་བསྟན་ཏེ། རིགས་པ་ལ་གནས་པ་དང། མོས་པས་སྤྱོད་པ་ལ་གནས་པ་ལས་ཡང་དག་པར་འདས་ཏེ། ལྷག་པའི་བསམ་པ་དག་པའི་བྱང་ཆུབ་སེམས་དཔའ་ཨི་གནས་པ་གང་ཡིན་པའོ། །ལྷག་པའི ་ཚུལ་ཁྲིམས་ལ་གནས་པ་ནི་དྲི་མ་མེད་པ་ཞེས་བྱ་བས་བསྟན་ཏེ། ལྷག་པའི་བསམ་པ་དག་པའི་གཞིས་རང་བཞིན་ཀྱིས་ཚུལ་ཁྲིམས་དང་ལྡན་པའི་གནས་གང་ཡིན་པའོ་ལྷག་པའི་སེམས་ལ་གནས་པ་ནི་འོང་བྱེད་པ་ཞེས ་བྱ་བས་བསྟན་ཏེ། ལྷག་པའི་ཚུལ་ཁྲིམས་ལ་གནས་པ་རྣམ་པར་དག་པའི་གཞི་དག་གིས་འཇིག་རྟེན་པའི་བསམ་གཏན་དང་རྣམ་པར་ཐར་པ་དང། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དག་ལ་གནས་བ་གང་ཡིན་པའོ། ། ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་བའི་ལྷག་པའི་ཤེས་རབ་ལ་གནས་པ་ནི་འོད་འཕྲོ་ཅན་ཞེས་བྱ་བས་བསྟན་ཏེ། འཇིག་རྟེན་པའི་ཤེས་པ་རྣམ་པར་དག་པའི་གནས་སུ་གྱུར་པའི་ཏིང་ངེ་འཛིན་ལ་བརྟེན་ནས་བདེན་པ་རྟོགས་པར ་བྱ་བའི་ཕྱིར། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་ཡང་དག་པར་རབ་ཏུ་རྣམ་པར་འབྱེད་པའི་གནས་པ་གང་ཡིན་པའོ། །བདེན་པ་དང་ལྡན་པའི་ལྷག་པའི ་ཤེས་རབ་ལ་གནས་པ་ནི་ཤིན་ཏུ་སྦྱངས་དཀའ་ཞེས་བྱ་བས་བསྟན་ཏེ། བྱང་ཆུབ་ཀྱི་ཕྱོགས་རབ་ཏུ་རྣམ་པར་འབྱེད་པ་ལ་བརྟེན་ནས་འཕགས་པའི་བདེན་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པཱི ་གནས་གང་ཡིན་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་ནི་མངོན་དུ་གྱུར་ཅེས་བྱ་བས་བསྟན་ཏེ། བདེན་པ་རྟོགས་པ་དེ་ཉིད་ཀྱི་དབང་དུ་བྱས་ནས། དེ་མ་ཤེས་པས་སྡུག་བསྔལ ་འབྱུང་བ་རྒྱུ་དང་བཅས་པ་རབ་ཏུ་རྣམ་པར་འབྱེད་བས་རབ་ཏུ་ཕྱེ་བ་དང། དེ་ཤེས་པས་སྡུག་བསྔལ་འགོག་པ་རྒྱུ་དང་བཅས་པས་རབ་ཏུ་རྣམ་པར་འབྱེད་པས་རབ་ཏུ་ཕྱེ་བའི་གནས་གང་ཡིན་པའོ། །མཚན་མ་མེད་པ་ལ ་གནས་པ་མངོན་པར་འདུ་བྱེད་བ་དང་བཅས་ཤིང་རྩོལ་བ་དང་བཅས་པ་ནི། རིང་དུ་སོང་བ་ཞེས་བྱ་བས་བསྟན་ཏེ། ལྷག་པའི་ཤེས་རབ་ལ་གནས་པ་སྔ་མ་དེ་གསུམ་གྱི་དབང་དུ་བྱས་ནས་མངོན་པར་འདུ་བྱེད་བ་རྩོལ་བས ་རྒྱུན་ཆགས་སུ་བར་ཆད་མེད་པར་ཆོས་ཐམས་ཅད་ལ་དེ་བཞིན་ཉིད་རྣམ་པར་མི་རྟོག་པའི་ཤེས་རབ་བསྒོམ་པ་དང་ལྡན་པའི་གནས་པ་གང་ཡིན་པའོ། །མཚན་མ་མེད་པ་ལ་གནས་པ་མངོན་པར་འདུ་བྱེད་པ་མེད་ཅིང་ལྷུན་གྱིས་གྲུབ ་པ་ནི་མི་གཡོ་བ་ཞེས་བྱ་བ་བསྟན་ཏེ། མཚན་མ་མེད་པ་ལ་སྔ་མ་དེ་ཉིད་ཤས་ཆེར་བསྒོམ་པས་རང་གི་དད་ཉིད་ཀྱིས་སོ་རྒྱུན་ཆགས་སུ་བར་ཆད་མེད་བར་འཇུག་བའི་ལམ་དང་ལྡན་པའི་གནས་པ་གང་ཡིན་པའོ། །སོ་སོ་ཡང་དག་པར ་རིག་པར་གནས་པ་ནི། ལེགས་པའི་བློ་གྲོས་ཞེས་བྱ་བས་བསྟན་ཏེ། ཤེས་རབ་དན་ལྡན་པའི་ཏིང་ངེ་འཛིན་ཤིན་ཏུ་ཡོངས་སུ་དག་ཅིང་མི་གཡོ་བ་དེ་ཉིད་ལ་བརྟེན་ཅིང་བློ་གྲོས་ཆེན་པོ་རྒྱ་ཆེར་རབ་ཏུ་ཐོབ་སྟེ། གཞན་དག་ཆོས་ཡང ་དག་པར་སྟོན་པ་བླ་ན་མེད་པ་ལ་བརྩམས་ན། ཆོས་རྣམས་ཀྱི་རྣམ་གྲངས་དང་མཚན་ཉིད་དང་ངེས་པའི་ཚིག་དང་རབ་ཏུ་དབྱེ་བ་རབ་ཏུ་རྣམ་པར་འབྱེད་པའི་གནས་པ་གང་ཡིན་པའོ། །གནས་པའི་མཆོག་ནི་ཆོས་ཀྱི་སྦྲིན་ཞེས་བྱ་བས ་བསྟན་ཏེ། བྱང་ཆུབ་སེམས་དཔའ་གང་ལ་གནས་ནས་བྱང་ཆུབ་སེམས་དཔའ་ཨི་ལམ་གྱི་མཐར་ཐུག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཆོས་ཀྱི་དབང་བསྐུར་བ་ཆེན་པོ་ཐོབ་བོ་སྐྱེ་བ་གཅིག་གིས་ཐོགས་པ་འམ། ཡང་ནི་སྲིད་པ ་ཐ་མ་པར་གྱུར་པ་སྟེ་།གནས་པ་དེའི་མཇུག་ཐོགས་སུ་བར་ཆད་མེད་པ་ཁོ་ནར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་སངས་རྒྱས་ཀྱིས་འཕྲིན་ལས་ཐམས་ཅད་མཛད་པར་འགྱུར་བའི་གནས ་པ་གང་ཡིན་པའོ།། དེ་བཞིན་གཤེགས་པའི་གནས་པ་ནི་སངས་རྒྱས་ཀྱི་ཞེས་བྱ་བས་བསྟེན་ཏེ། གནས་པ་མཆོག་དེ་ཉིད་ལས་འདས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ན་ཤེས ་བྱ་ཐམས་ཅད་ལ་ཆགས་པ་མེད་པ་དང། ཐོགས་པ་མེད་པའི་ཤེས་པ་དང་མཐོང་བ་བརྙེས་ཏེ་།སྐུ་གསུམ་དང་ཡེ་ཤེས་བཞི་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྒྱ་བཞི་བཅུ་ལ་སོགས་པའི་ཆེ་བ་ཉིད་མཐར་ཕྱིན་ཅིང ་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་མཛད་པའི་གནས་པ་གང་ཡིན་པའོ།། ས་དེ་དག་གི་ཚིག་དོན་ནི་མིང་ལ་མཁས་པའི་སྐབས་སུ་འོག་ནས་བསྟན་ཏོ།། བཤད་པ་ནི་རྣམ་པ་བདུན་ཏེ། འབྲས་བུ་ལ་མཁས་པ་དང་།མི ་མཐུན་པའི་ཕྱོགས་དང། གཉེན་པོ་ལ་མཁས་པ་དང། མིང་ལ་མཁས་པ་དང། མི་མཐུན་པའི་ཕྱོགས་རབ་ཏུ་དབྱེ་བ་ལ་མཁས་པ་དང། གཉེན་པོའི་དབྱེ་པ་ལ་མཁས་པ་དང། བདག་དང་གཞན་གྱི་རྒྱུད་ཡོངས་སུ་སྨིན་བའི ་གནས་པ་ལ་མཁས་པ་དང། བསམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་པའོ། །དེ་ལ་འབྲས་བུ་ལ་མཁས་པ་ནི་ས་དེ་དག་རྣམ་པར་དག་བ་དུ་དག་དང་ཞེས་ཞུས་པ་དང། སྤྱན་རས་གཟིགས་དབང་ཕྱུགས་དེ ་དག་ནི་རྣམ་པ་བཞི་དང་ཞེས་བཀའ་སྩལ་པའི་གནས་སྐབས་ནས་བཟུང་སྟེ། སྤྱན་རས་གཟིགས་དབང་ཕྱུག་དེ་ལས་དང་པོ་ནི་བསམ་པ་རྣམ་པར་དག་པས་བསྡུས་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །མི་མཐུན་པའི་ཕྱོགས་དང ་གཉེན་པོ་ལ་མཁས་པ་ནི། ཡན་ལག་དུ་དག་གིས་བསྡུས་ལགས་ཞེས་ཞུས་པ་དང། ཡན་ལག་བཅུ་གཅིག་གིས་བསྡུས་པར་རིག་པར་བྱའོ་ཞེས་བཀའ་སྩལ་པའི་གནས་སྐབས་ནས་བཟུང་སྟེ། ཡན་ལག་བཅུ་གཅིག་གང་ཞེ་ན་ཞེས་བྱ་བ་ལ ་སོགས་པས་བསྟན་ཏོ། །མིང་ལ་མཁས་པ་ནི། བཅོམ་ལྡན་འདས་ཅིའི་སླ་དུ་ས་དང་པོ་ལ་རབ་ཏུ་དགའ་ཞེས་བགྱི་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །མི་མཐུན་པའི་ཕྱོགས་ཀྱི་རབ་ཏུ་དབྱེ་བ་ལ་མཁས་པ་ནི། བཅོམ་ལྡན་འདས་ས་དེ་དག ་ལ་ཀུན་ཏུ་རྨོངས་པ་ནི་དུ་མཆིས་གནས་ངན་ལེན་མི་མཐུན་པའི་ཕྱོགས་ནི་དུ་མཆིས་ལགས་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །གཉེན་པོའི་རབ་ཏུ་དབྱེ་བ་ལ་མཁས་པ་ནི་བཅོམ་ལྡན་འདས་དེ་དག་རྣམ་པར་དག་པ་དུ་དག་གིས་རྣམ་པར ་བཞག་ལགས་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །བདག་དང་གཞན་གྱི་རྒྱུད་ཡོངས་སུ་སྨིན་པའི་གནས་ལ་མཁས་པ་ནི། བཅོམ་ལྡན་འདས་ཅིའི་སླད་དུ་སྲིད་པར་སྐྱེ་བ་ཐམས་ཅད་ཀྱི་ནང་ན་བྱང་ཆུབ་སེམས་དཔའ་ཨི་སྐྱེ་བ་རབ་མཆོག་ཅེས་བགྱི་ལགS ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །བསམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་པ་ནི། བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་རྣམས་སྨོན་ལམ་རྒྱ་ཆེན་པོས་མཆི་བ་དང། སྨོན་ལམ་གྱ་ནོམ་བ་དང་ལྡན་བ་དང ་སྨོན་ལམ་སྟོབས་ཅན་ལགས་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེ་ལ་དང་པོར་འབྲས་བུ་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། འབྲས་བུ་ཞེས་བྱ་བ་ནི་ས་ཐམ་ཅད་ནི་རྒྱུའི་ལུས་དང་འབྲས་བུའི་མཚན་ཉིད་ཀྱི་རབ་ཏུ་ཕྱེ་བ་འཇུག་པ ་དང་གནས་པའི་ངོ་བོ་ཉིད་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཨི་གནས་པ་བཅུ་དང། དེ་བཞིན་གཤེགས་པའི་གནས་པ་དེ་དག་ཐམས་ཅད་ཀྱང་སྔ་མ་སྔ་མ་ནི་རྒྱུའི་ལུས་ཡིན་ལ། ཕྱི་མ་ཕྱི་མ་ནི་འབྲས་བུའི་མཚན་ཉིད་ཡིན་པས། རྒྱུའི་ལུས་ནི ་འཇུག་པའི་ངོ་བོ་ཉིད་ཡིན་འབྲས་བུའི་མཆན་ཉིད་ནི་གནས་པའི་ངོ་བོ་ཉིད་ཡིན་མོད་ཀྱི། རིགས་ལ་གནས་པ་དང་མོས་པས་སྤྱོད་པ་ལ་གནས་པ་འཇིག་རྟེན་པ་དེ་གཉིས་ལ་བརྟེན་ནས་རབ་ཏུ་དགའ་བ་ལ་གནས་པ་ཡན་ཆད་ནི་ཐམས་ཅད་ཀྱང་འཇིག ་རྟེན་ལས་འདས་བའི་གནས་པ་མངོན་པར་རྟོགས་པ་ཡིན་པས་འབྲས་བུ་ཞེས་བྱའོ།། འབྲས་བུ་ལ་མཁས་པ་ཞེས་བྱ་བ་ནི་འབྲས་བུ་དེ་དག་ཀྱང་རྣམ་པར་དག་པ་བཞིས་བསྡུས་པས་ས་རབ་ཏུ་དབྱེ་བ་ལ་མཁས་པ་གང་ཡིན་པ་སྟེ། དེའི་ཕྱིར་དེ་བསྟན ་པའི་དབང་དུ་མཛད་ནས། ས་དེ་དག་རྣམ་པར་དག་པ་དུ་དག་དང་ཞེས་བྱ་བ་ལ་སོགས་པ་ཞུས་ནས། སྤྱན་རས་གཟིགས་དབང་ཕྱུག་དེ་དག་གི་རྣམ་པར་དག་པ་བཞི་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལས་ས་དང་པོ་ནི་བསམ་པ་རྣམ་པར་དག ་པས་བསྡུས?་ཞེས་བྱ་བ་ནི་ས་དང་པོ་ནི་ལྷག་པའི་བསམ་པ་རྣམ་པར་དག་པའི་གནས་ཡིན་ལ། བསམ་པ་རྣམ་པར་དག་པ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པའི་ཁམས་སངས་རྒྱས་ཀྱི་ཆོས་རྣམས་ལ་ཡོད་པ་ཉིད་དུ་ཡིད་ཆེས་པས་རབ་ཏུ་ཕྱེ ་པ་དང། ལྷག་པའི་བསམ་པའི་ཁམས་སངས་རྒྱས་ཀྱི་ཆོས་རྣམས་ལ་ཡོན་ཏན་དང་ལྡན་པ་ཉིད་དུ་ཡིད་ཆེས་པས་རབ་ཏུ་ཕྱེ་བའི་རྒྱུ་ལས་བྱུང་བ། བསམ་པ་མངོན་པར་རྟོགས་པའི་ངོ་བོ་ཉིད་བསམ་པ་ལས་བྱུང་བའི་ཤེས་རབ་ཆེན་པོའི ་ངོ་བོ་ཉིད་དང་དེ་དང་ལྡན་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ས་དང་པོ་ནི་བསམ་པ་རྣམ་པར་དག་པས་བསྡུས་པ་ཡིན་ནོ།། བསམ་པ་མངོན་པར་རྟོགས་པའི་ངོ་བོ་ཉིད་དེ ་ཡང་བྱང་ཆུབ་སེམས་དཔའ་ཨི་ལྷག་པའི་བསམ་པ་སངས་རྒྱས་ཀྱི་ཆོས་རྣམས་ལ་མོས་པ་དང། སོ་སོར་རྟོགས་པ་དང་ངེས་པར་འབྱེད་པ་དང་བསྔོན་དུ་འགྲོ་བ་དང། ཆོས་རྣམ་པར་འབྱེད་པ་སྔོན་དུ་འགྲོ་བ་གང་ཡིན་བའོ། །དེ་ནི་རྣམ་པ་བཅོ ་ལྔ་སྟེ། མཆོག་གི་བསམ་པ་དང། ཚུལ་ཁྲིམས་ཀྱི་བསམ་པ་དང། ཕ་རོལ་ཏུ་ཕྱིན་པའི་བསམ་པ་དང། དེ་ཁོ་ནའི་དོན་གྱི་བསམ་པ་དང། མཐུའི་བསམ་པ་དང། ཕན་པའི་བསམ་པ་དང། བདེ་བའི་བསམ་པ་དང། སྡུག་པའི་བསཾ ་པ་དང། བརྟན་པའི་བསམ་པ་དང། མི་སླུ་བའི་བསམ་པ་དང། མ་དག་པའི་བསམ་པ་དང། དག་པའི་བསམ་པ་དང། ཤིན་ཏུ་དག་པའི་བསམ་པའི་བསམ་པ་དང། ཚར་བཅད་པའི་བསམ་པ་དང། ལྷན་ཅིག་སྐྱེས་པའི་བསམ་བའོ།། ་དེ་ལ་མཆོག་གི་བསམ་པ་ཞེས་བྱ་བ་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་དཀོན་མཆོག་རྣམས་ལ་བྱང་ཆུབ་སེམས་དཔའ་ཨི་ལྷག་པའི་བསམ་པ་གང་ཡིན་པའོ། །ཚུལ་ཁྲིམས་ཀྱི་བསམ་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཚུལ ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལ་ལྷག་པའི་བསམ་པ་གང་ཡིན་པའོ། །ཕ་རོལ་ཏུ་ཕྱིན་པའི་བསམ་པ་ཞེས་བྱ་བ་ནི་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ ་ཡང་དག་པར་འགྲུབ་པར་བྱ་བའི་ལྷག་པའི་བསམ་པ་གང་ཡིན་པའོ། །དེ་ཁོ་ནའི་དོན་གྱི་བསམ་བ་ཞེས་བྱ་བ་ནི་ཆོས་དང་གང་ཟག་བདག་མེད་པ་དོན་དམ་པ་ཆོས་རྣམས་ཀྱི་དེ་བཞིན་ཉིད་ཟབ་མོ་ལ་ལྷག་པའི་བསམ་པ་གང་ཡིན་པའོ།། ་མཐུའི་བསམ་པ་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པའི་མཐུ་འམ། ལྷན་ཅིག་སྐྱེས་པའི་བསམ་གྱིས་མི་ཁྱབ་པ་ལ་ལྷག་པའི་བསམ་པ་གང་ཡིན་པའོ། །ཕན་པའི་བསམ་པ་ཞེས་བྱ་བ་ནི་སེམས ་ཅན་རྣམས་ལ་དགེ་བ་ཉེ་བར་སྒྲུབ་པར་འདོད་པ་གང་ཡིན་པའོ། །བདེ་བའི་བསམ་པ་ཞེས་བྱ་བ་ནི་སེམས་ཅན་རྣམས་ལ་ཕན་བདགས་པ་ཉེ་བར་སྒྲུབ་པར་འདོད་པ་གང་ཡིན་པའོ། །ལྷག་པའི་བསམ་པ་ཞེས་བྱ་བ་ནི་སེམས་ཅན་རྣམས་ལ ་ཟང་ཟིང་མེད་པའི་སེམས་དང། སྡུག་པའི་རྣམ་པར་སྨིན་པ་དང། འབྲེལ་པ་མེད་པའི་སེམས་གང་ཡིན་པའོ། བསྟན་པའི་བསམ་པ་ཞེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་གཅིག་ཏུ་ངེས་པ་གང་ཡིན་པའོ། ་མི་བསླུ་བ་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་གྱི་ཐབས་དང་བྱང་ཆུབ་ཀྱི་ཐབས་ལ་ཕྱིན་ཅི་མ་?་པའི་ཤེས་པ་དང་ལྡན་པའི་མོས་པ་གང་ཡིན་པའོ། །མ་དག་པའི་བསམ་པ་ཞེས་བྱ་བ་ནི་རྨོས་པས་སྤྱོད་པའི་ས་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག ་བའི་བསམ་པ་གང་ཡིན་པའོ།། དག་པའི་བསམ་པ་ཞེས་བྱ་བ་ནི་བསམ་བདག་པའི་ས་ནས་བཟུང་སྟེ། སྤྱོད་པ་ངེས་པའི་སའི་བར་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་གང་ཡིན་པའོ། །ཤིན་ཏུ་དག ་པའི་བསམ་པ་ཞེས་བྱ་བ་ནི་མཐར་ཐུག་པ་འགྲོ་བའི་ས་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་གང་ཡིན་པའོ། །ཚར་གཅོད་པའི་བསམ་པ་ཞེས་བྱ་བ་ནི་མ་དག་པའི་བསམ་པ་ཡིན་པ་དེ་ཉིད་ཡིན་ཏེ། སོ་སོ་བརྟག་པར ་བྱ་བའི་ཕྱིར་རོ།། ལྷན་ཅིག་སྐྱེས་པའི་བསམ་པ་ཞེས་བྱ་བ་ནི་དག་པ་དང་ཤིན་ཏུ་དག་པའི་བསམ་པ་གང་ཡིན་པ་དེ་ཉིད་ཡིན་ཏེ། རང་བཞིན་གྱི་དེའི་བདག་ཉིད་དུ་གྱུར་པ་དང། རྟེན་ལ་ཤིན་ཏུ་གནས་པའི་ཕྱིར་རོ།། བསམ་པ་བཅོ་ལྔ་པོ ་དེ་དག་ཀྱང་མདོར་བསྡུ་ན་རྣམ་པ་བཞིང་གྱུར་ཏེ། དོན་གང་ལ་ལྷག་པའི་བསམ་པ་དང། ཁྱད་པར་གང་གིས་ལྷག་པའི་བསམ་པ་དང། ས་གང་ལ་ལྷག་པའི་བསམ་པ་དང། གོ་རིམ་གང་གིས་ལྷག་པའི ་བསམ་པར་གྱུར་པའོ།། དེ་ལ་དོན་གང་ཞེ་ན། བདག་དང་གཞན་གྱི་དོན་ལ་སྟེ། བདག་གི་དོན་གྱི་གཞི་ནི་རྣམ་པ་ལྔ་སྟེ། མཆོད་པའི་གཞི་དང། དགེ་བའི་ཆོས་ཀྱི་གཞི་དང་དགེ་བའི་ཆོས་བསྒོམ་པ་རྟག་ཏུ་བྱེད་བའི་གཞི་དང། ཀུན་ནས ་ཉོན་མོངས་པ་མེད་པའི་སེམས་ཀྱིས་འཁོར་བར་འཁོར་བའི་གཞི་དང། སངས་རྒྱས་ཀྱི་བསྟན་པ་ལ་སྙིང་ཐག་པ་ནས་དང་པ་བྱ་བའི་གཞིའོ།། དེ་ལ་ལྷག་པའི་བསམ་པ་ཡང་རྣམ་པ་ལྔ་སྟེ། མཆོག་གི་བསམ་པ་ནས་མཐུའི་བསམ་པའི ་བར་དུ་གོ་རིམ་བཞིན་ནོ།། གཞན་གྱི་དོན་ནི་རྣམ་པ་གཉིས་ཏེ། ཚེ་རབས་གཞན་དུ་ཕན་པའི་གཞི་དང། ཚེ་རབས་འདི་ལ་བདེ་བའི་གཞིའོ།། དེ་གཉིས་ལ་ནི་ལྷག་པའི་བསམ་པ་གཉིས་ཏེ། ཕན་པའི་བསམ་པ་དང། བདེ་བའི ་བསམ་པ་དང་གོ་རིམ་བཞིན་ནོ། །ཁྱད་པར་གང་གིས་ཞེ་ན། རྣམ་པ་གསུམ་གྱིས་ཏེ། གཞན་གྱི་དོན་གྱི་ཐབས་དང། བདག་གི་དོན་གྱི་ཐབས་དང། གཉིས་ཀའི་དོན་གྱི་ཁྱད་པར་གྱིས་ཏེ། ལྷག་པའི་བསམ་པ་དང་བརྟན་པའི་བསམ ་པ་དང། མི་བསླུ་བའི་བསམ་པ་དང་གོ་རིམ་བཞིན་ནོ།། ས་གང་ལ་ཞེ་ན། ས་གསུམ་པ་ལ་ཡོད་དེ་མ་དག་པའི་ས་དང། དག་པའི་ས་དང། ཤིན་ཏུ་དག་བའི་ས་ལ་སྟེ། མ་དག་པའི་བསམ་པ་དང། དག་པའི་བསམ་པ་དང། ཤིན་ཏུ་དག ་བའི་བསམ་པ་དང། གོ་རིམ་བཞིན་ནོ། །གོ་རིམ་གང་གིས་ཤེ་ན། རྣམ་པ་གསུམ་གྱིས་ཏེ། མ་དག་པའི་བསམས་པས་དག་པའི་བསམ་པ་སྐྱེད་ལ་དག་པའི་བསམ་པས་ཤིན་ཏུ་དག་པའི་བསམ་པ་སྐྱེར་པ་སྟེ། ཚར་བཅད་པའི ་བསམ་པ་དང། ལྷན་ཅིག་སྐྱེས་པའི་བསམ་པ་དང་གོ་རིམ་བཞིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ལྷག་པའི་བསམ་པ་དགེ་བས་ཐམས་ཅད་དུ་རྟོགས་པ་བཅོ་ལྔ་པོ་དེ་དག་གིས་བྱ་བ་བཅུ་བྱེད། མཆོག་གི་བསམ་པས་ནི་དཀོན ་མཆོག་ལ་མཆོད་པ་དང། བྱང་ཆུབ་ཀྱི་ཚོགས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་རྣམ་པ་ཐམས་ཅད་ལ་སྦྱོར་པར་བྱེད་དོ། །ཚུལ་ཁྲིམས་ཀྱི་བསམ་པས་ནི་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་སོ། །སྡོམ་པ་ཡང་དག་པར་བླངས་པ་ལ ་སྲོག་གི་ཕྱིར་ཡང་བསམས་བཞིན་དུ་ཉེས་པར་འབྱུང་བར་མི་བྱེད་ལ། ཉེས་པ་བྱུང་ན་ཡང་མྱུར་བར་སོ་སོར་འཆགS་པར་བྱེད་དོ།། ཕ་རོལ་ཏུ་ཕྱིན་པའི་བསམ་པས་ནི། དགེ་བའི་ཆོས་རྣམས་བསྒོམ་པ་རྟག་ཏུ་བྱེད་པས་བག་ཡོད་པར་གནS ་ཤིང་མཆོག་ཏུ་བག་ཡོད་པར་གནས་པར་བྱེད་པའོ། །དེ་ཁོ་ནའི་དོན་གྱི་བསམ་པས་ནི་སེམས་ཅན་གྱི་ཕྱིར་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་འཁོར་བར་འཁོར་བར་བྱེད་ལ་མྱ་ངན་ལས་འདས་པའི་ལྷག་པའི་བསམ་པ ་མི་གཏོང་བར་བ་ཡང་བྱེད་དོ། །མཐུའི་བསམ་པས་ནི་བསྟན་པ་ལ་སྙིང་ཐག་པ་ནས་དང་ཅིང་སྟོན་པར་ཡང་བྱེད་ལ་བསྒོམ་པ་ལ་གཅེས་པར་འཛིན་ཏེ། འདོད་པ་སྐྱེས་པས་ཤས་ཆེར་གནས་ལ་ཐོས་པ་དང་བསམ་པ་ཙམ་གྱིས་ཆོག་པར་མི་འཛིན ་པར་བྱེད་དོ།། ཕན་པའི་བསམ་པ་དང། བདེ་བའི་བསམ་པ་དང། ལྷག་པའི་བསམ་པས་ནི་སེམས་ཅན་གྱི་དོན་གྱི་བྱ་བ་རྣམ་པ་ཐམས་ཅད་ལ་སྦྱོར་བར་བྱེད་དོ། །སྦྱོར་བར་བྱས་ཀྱང་ཡོངས་སུ་སྐྱོ་བ་མི་སྐྱེད་པར་བྱེད་དོ།། བརྟན་པའི་བསམ་པས ་ནི་བརྩོན་འགྲུས་འབར་བ་དང། བརྩོན་འགྲུས་རྒྱ་ཆེན་པོ་ཡང་དག་པར་རྩོམ་པ་ལ་གནས་ཏེ། སྦྱོར་བ་ལྷོད་པར་མི་འགྱུར་ཞིང་སྦྱོར་བ་ཉམས་པར་མི་འགྱུར་བར་བྱེད་དོ།། མི་བསླུ་བའི་བསམ་པས་ནི་དགེ་བའི་ཆོས་མངོན་པར་བསྒྲུབ་པ ་དེ་དང་དེ་དག་ལ་མངོན་པར་ཤེས་པ་མྱུར་བར་འགྱུར་ཏེ། ཁྱད་པར་ཐོབ་པ་དམའ་བ་དང། ཅུང་ཟད་ཙམ་དང་ངན་དོན་ཙམ་གྱིས་ཆོག་པར་མི་འཛིན་པར་བྱེད་དོ།། ཚར་བཅད་པའི་བསམ་པ་ནི་ལྷན་ཅིག་སྐྱེས་པ ་ལྷག་པའི་བསམ་པ་འདྲེན་པར་བྱེད་དོ། །ལྷན་ཅིག་སྐྱེས་པའི་བསམ་པས་ནི་ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་པའི་ཕྱིར་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱ་པར་བྱེད་དོ།། ་བཅོམ་ལྡན་འདས་ཀྱིས་སྐབས་དེ་དང་དེ་དག་ཏུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་བསྟན་པ་དང། གདགས་པ་དང་བཤད་པ་ཐམས་ཅད་ཀྱང་བསམ་པ་བཅོ་ལྔ་པོ་འདིར་འདུས་ལ་དུས་གསུམ་གྱི་བྱང་ཆུབ་སེམS ་དཔའ་ཐམས་ཅད་ཀྱང་བསམ་པ་བཅོ་ལྔ་པོ་འདིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བས་ན་བསམ་པ་ལྔ་པོ་འདི་དག་ནི་བྱང་ཆུབ་ཆེན་པོའི་འབྲས་བུའི་ཕན་ཡོན་ཅན་ཡིན་བའི་ཕྱིར ་འབྲས་བུ་ལ་མཁས་པའི་སྐབས་སུ་བསྟན་ཏོ། །ས་དང་པོའི་སྐབས་འདིར་མ་དག་པའི་བསམ་པ་ནི་དག་པར་གྱུར་ལ། ཤིན་ཏུ་དག་པའི་བསམ་པ་ནི་རྒྱུའི་ལུས་སུ་ཡོད་པས། བསམ་པ་རྣམ་པར་དག་པ་བཅོ་ལྔ་པོ་ཐམས་ཅད ་ཀྱིས་བསྡུས་པར་བལྟ་བར་བྱའོ། །ས་གཉིས་པ་ནི་ལྷག་པའི་ཚུལ་ཁྲིམས་རྣམ་པར་དག་པས་སོ་ཞེས་བྱ་བ་ནི་ས་གཉིས་པ་ནི་ལྷག་པའི་ཚུལ་ཁྲིམས་ལ་གནས་པ་ཡིན་ལ། ལྷག་པའི་ཚུལ་ཁྲིམས་རྣམ་པར་དག་པ་ནི་བྱང་ཆུབ ་སེམས་དཔའ་རྣམས་ཀྱིས་སེམས་ཀྱི་དགེ་བ་མི་ལྕོགས་པ་མེད་པ་ལ་སོགས་པའི་གནས་ཐམས་ཅད་ལ་བརྟེན་ཏེ་དམིགས་པའི་རྒྱུ་ལས་བྱུང་བའི་ཚུལ་ཁྲིམས་མངོན་པར་རྟོགས་པ་འཕགས་པ་དགྱེས་པའི་ལུས་དང། ངག་གི ་ལས་དང། ཡིད་ཀྱི་ངོ་བོ་ཉིད་དང་དེ་དང་ལྡན་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར། ས་གཉིས་པ་ནི་ལྷག་པའི་ཚུལ་ཁྲིམས་རྣམ་པར་དག་པས་བསྡུས་པ་ཡིན་ནོ། །ཚུལ་ཁྲིམས་མངོན་པར་རྟོགས་པའི་ངོ་བོ་ཉིད་ལ ་ཡང་བྱང་ཆུབ་སེམས་དཔའ་ཨི་ལྷག་པའི་ཚུལ་ཁྲིམས་བསླབ་པ་རྣམ་པར་དག་པ་ཤེས་ནས་དང་པ་ཐོབ་པས་རབ་ཏུ་ཕྱེ་བ་གང་ཡིན་པའོ། །དེ་ནི་རྣམ་པ་དགུ་སྟེ་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་དང། ཚུལ་ཁྲིམས་ཐམས་ཅད་དང། བཀའ་བའ་ཨི ་ཚུལ་ཁྲིམས་དང། ཐམས་ཅད་ཀྱི་སྒོ་ནས་ཚུལ་ཁྲིམས་དང། སྐྱེས་བུ་དམ་པའི་ཚུལ་ཁྲིམས་དང། རྣམ་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་དང། ཕོངས་ཤྔ་འདོད་པ་ལ་ཚུལ་ཁྲིམས་དང། འདི་དང་གཞན་དུ་བདེ་བར་འགྱུར་བའི་ཚུལ་ཁྲིམས ་དང།?་རྣམ་པར་དག་པའི་ཚུལ་ཁྲིམས་སོ། །བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་ཕུང་པོ་ཆེན་པོ་འདི་ནི་བྱང་ཆུབ་སེམS་དཔའ་ཨི་འབྲས་བུ་སྐྱེད་པ་སྟེ། འདི་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པས་ན་འབྲས་བུ་ལ་མཁས་པའི་སྐབས་སུ་བསྟན་ཏོ། །ས་གསུམ་པ་ནི་ལྷག་པའི་སེམས་རྣམ་པར་དག་པས་སོ་ཞེས་བྱ་བ་ནི་ས་གསུམ་པ་ནི་ལྷག་པའི ་སེམས་ལ་གནས་པ་ཡིན་ལ། ལྷག་པའི་སེམས་རྣམ་པར་དག་པ་ནི་འདོད་པའི་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བ་བསམ་གཏན་དང་སྙོམས་པར་འཇུག་པ་ཉེར་བརྡོགས་དང། དངོས་བཞིད་བཅས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ས ་གསུམ་པོ་ནི་ལྷག་པའི་སེམས་རྣམ་པར་དག་པས་བསྡུས་པ་ཡིན་ནོ།། བསམ་གཏན་དང་སྙོམས་པར་འཇུག་པ་ཉེར་བརྟོགས་དང་དངོས་བཞིར་བཅས་པའི་ངོ་བོ་ཉིད་དེ་ཡང་བྱང་ཆུབ་སེམས་དཔའ་ཨི་ལྷག་པའི་སེམས་ཀྱི་བསླབ་པ་རྣམ་པར་དག ་པ་བསམ་གཏན་ཐོབ་པས་རབ་ཏུ་ཕྱེ་བ་གང་ཡིན་པའོ།། དེ་ཡང་རྣམ་པ་དགུ་སྟེ། བསམ་གཏན་གྱི་ངོ་བོ་ཉིད་དང། དངོས་བཞིར་བཅས་པའི་ངོ་བོ་ཉིད་བསམ་གཏན་གྱི་ངོ་བོ་ཉིད་དང་།དཀའ་བའི་བསམ་གཏན་དང ་ཐམས་ཅད་ཀྱི་སྒོ་ནས་བསམ་གཏན་དང། སྐྱེས་བུ་དམ་པའི་བསམ་གཏན་དང། རྣམ་པ་ཐམས་ཅད་ཀྱི་བསམ་གཏན་དང། ཕོངས་ཤིང་འདོད་པ་ལ་བསམ་གཏན་དང། འདི་དང་གཞན་དུ་བདེ་བར་འགྱུར་བའི་བསམ་གཏན་དང། ་རྣམ་པར་དག་པའི་བསམ་གཏན་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་དཔག་ཏུ་མེད་པ་འདི་དག་ནི་བྱང་ཆུབ་ཆེན་པོའི་འབྲས་བུར་གྱུར་པ་སྟེ། དེ་དག་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་རྣམས་བསམ་གཏན་གྱི་ཕ ་རོལ་ཏུ་ཕྱིན་པ་ཡིན་པ་ཡོངས་སུ་རྫོགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པས་ན་འབྲས་བུ་ལ་མཁས་པའི་སྐབས་སུ་བསྟན་ཏོ། །ས་བཞི་པ་ནས་བཟུང་སྟེ། སངས་རྒྱས་ཀྱི་སའི་བར་ནི ་ལྷག་པའི་ཤེས་པ་རྣམ་པར་དག་པ་གོང་ནས་གོང་དུ་བྱ་ནོམ་པ་བས་ཀྱང་ཆེས་གྱ་ནོམ་པས་བསྡུས་པར་རིག་པར་བྱ་སྟེ་ཞེས་བྱ་བ་ནི་ས་བཞི་པའི་བྱང་ཆུབ་ཀྱི་ཕྱོགས་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་ཡིན་ས་ལྔ་པ་ནི་བདེན་པ་དང ་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་ཡིན་།ས་དྲུག་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་ཡིན། ས་བདུན་པ་ནི་གནས་པ་སྔ་མ་དེ་གསུམ་གྱི་དབང་དུ་བྱས་ནས་མཚན་མ་མེད་པ ་ལ་གནས་པ་མངོན་པར་འདུ་བྱེད་པ་དང་བཅས་ཤིང་རྩོལ་བ་དང་བཅས་པ་ཡིན་པས་དེ་ཡང་ལྷག་པའི་ཤེས་རབ་ཀྱི་རབ་ཏུ་ཕྱེ་བ་ཡིན། ས་བརྒྱད་པ་ནི་མཚན་མ་མེད་པ་ལ་གནས་པ་སྔ་མ་དེ་ཉིད་ཤས་ཚར་བསྒོམས་པས ་མཚན་མ་མེད་པ་ལ་གནས་པ་མངོན་པར་འདུ་བྱེད་པ་མེད་ཅིང་ལྷུན་གྱིས་གྲུབ་པ་ཡིན་པས་དེ་ཡང་ལྷག་པའི་ཤེས་རབ་ཀྱིས་རབ་ཏུ་ཕྱེ་བ་ཡིན། ས་དགུ་པའི་ཤེས་རབ་དང་ལྡན་པའི་ཏིང་ངེ་འཛིན་ཤིན་ཏུ་ཡོངས་སུ་དག་ཅིང་མི་གཡོ་བ་དེ་ཉིད་ལ་བརྟེན་ནས ་སོ་སོ་ཡང་དག་པར་རིག་པ་ལ་གནས་པ་ཡིན་པས་དེ་ཡང་ལྷག་པའི་ཤེས་རབ་ཀྱི་རབ་ཏུ་ཕྱེ་བ་ཡིན། ས་བཅུ་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཆོས་ཀྱི་དབང་བསྐུར་བ་ཆེན་པོ་ཐོབ་པས་གནས་པ་མཆོད་ཡིན་པའི་ཕྱིར་དེ ་ཡང་ལྷག་བའི་ཤེས་རབ་ཀྱི་རབ་ཏུ་ཕྱེ་བ་ཡིན། སངས་རྒྱས་ཀྱིས་ནི་འབྲས་བུའི་གནས་དེ་སྤངས་པ་དང། ཡེ་ཤེས་ཕུན་སུམ་ཚོགས་པ་ཡིན་པས་དེ་ཡང་ལྷག་པའི་ཤེས་རབ་ཀྱི་རབ་ཏུ་ཕྱེ་བ་ཡིན་ལ་ལྷག་པའི་ཤེས་རབ་རྣམ་པར་དག་པ་ནི་ཤེས་བྱ་ཇི ་ལྟ་བ་བཞིན་དུ་ཡོད་པ་ཉིད་ཀྱི་རྟོགས་པའི་ཤེས་རབ་དང་ཤེས་བྱ་ཇི་སྙེད་ཡོང་བ་ཉིད་ཀྱི་རྟོགས་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པས་ན་ས་བཞི་པ་ཡན་ཆད་ཀྱི་ཤེས་རབ་རྣམ་པར་དག་པས་བསྡུས་པ་ཡིན་ནོ། །ཤེས་རབ་དང་ཡེ་ཤེས་ཀྱི་ངོ་བོ་ཉིད་དེ་ཡང ་སློབ་པ་དང་མི་སློབ་པའི་རྒྱུད་ལ་མངའ་བ་དོན་དམ་པའི་བདེན་པ་དང། ཀུན་རྫོབ་ཀྱི་བདེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་འབྱེད་པ་གང་ཡིན་པའོ། །དེ་ཡང་རྣམ་པ་དགུ་སྟེ། ཤེས་རབ་ཀྱི་ངོ་བོ་ཉིད་དང། ཤེས་རབ་ཐམས་ཅད་དང། ཐམས་ཅད་ཀྱི ་སྒོ་ནས་ཤེས་རབ་དང། སྐྱེས་བུ་དམ་པའི་ཤེས་རབ་དང། རྣམ་པ་ཐམས་ཅད་ཀྱི་ཤེས་རབ་དང། ཕོངས་ཤིང་འདོད་པ་ལ་ཤེས་རབ་དང། འདི་དང་གཞན་དུ་བདེ་བར་འགྱུར་བའི་ཤེས་རབ་དང། རྣམ་པར་དག་པའི་ཤེས་རབ་པོ་བྱང་ཆུབ་སེམས ་དཔའ་རྣམས་ཀྱི་ཤེས་རབ་ཤིན་ཏུ་རྣམ་པར་ངེས་ཤིང་དཔག་ཏུ་མེད་པ་འདི་ནི་བྱང་ཆུབ་ཆེན་པོའི་འབྲས་བུར་འགྱུར་བ་སྟེ། དེ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ཏེ། བླ་ན་མེད ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པས་ན། འབྲས་བུ་ལ་མཁས་པའི་སྐབས་སུ་བསྟན་ཏོ། །ས་དེ་དག་ནི་རྣམ་པར་དག་པ་བཞི་པོ་དག་གིས་བསྡུས་པ་ཡིན་ནོ་ཞེས་བྱ་བ་ནི ་མཇུག་བསྡུ་བ་ཡིན་ཏེ། ས་དེ་དག་ནི་ཞེས་བྱ་བས་ནི་འབྲས་བུ་བསྟན་ཏོ། །རྣམ་པར་དག་པས་བཞི་པོ་དེ་དག་གིས་བསྡུས་པ་ཡིན་ནོ། །ཞེས་བྱ་བས་ནི་འབྲས་བུ་ལ་མཁས་པ་བསྟན་ཏེ། དེ་ཡང་མདོར་བསྡུ་ན་འཇིག་རྟེན་པའི་ས ་ལས་ཡང་དག་པར་འདས་པ་མ་མཐོང་བའི་ལམ་གྱིས་རབ་ཏུ་ཕྱེ་བ་ལྷག་བའི་བསམ་པ་རྣམ་པར་དག་པས་ནི་ས་དང་པོའི་འབྲས་བུ་ཐམས་ཅད་བསྡུས་པ་ཡིན་ལ། མཐོང་བའི་ལམ་དེ་ཉིད་ཤེས་ནས་དད་པའི་ཚུལ་ཁྲིམས་ཐོབ ་པ་ལ་བརྟེན་ཏེ། བསྒོམ་པའི་ཚུལ་ཁྲིམས་རྣམ་པར་དག་པས་ནི་ས་གཉིས་པའི་འབྲས་བུ་ཐམས་ཅད་བསྡུས་སོ། །ལྷག་པའི་ཚུལ་ཁྲིམས་རྣམ་པར་དག་པ་དེ་ལ་བརྟེན་ཏེ་བསམ་གཏན་ལ་སྙོམས་པར་འཇུག་པ་ཐོབ་པའོ་ལྷག ་བའི་སེམས་རྣམ་པར་དག་པས་ནི་ས་གསུམ་པའི་འབྲས་བུ་ཐམས་ཅད་བསྡུས་པ་ཡིན་ལ། ལྷག་པའི་སེམས་རྣམ་པར་དག་པ་དེ་དག་ལ་བརྟེན་ཏེ་ཤེས་བྱའི་དངོས་པོ་ཇི་སྙེད་ཡོད་པ་ཉིད་དང་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཡང་དག ་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དང་མཐོང་བའི་ལྷག་པའི་ཤེས་རབ་རྣམ་པར་དག་པས་ནི་ས་བཞི་པ་ཡན་ཆད་ཀྱི་འབྲས་བུ་ཐམས་ཅད་བསྡུས་པར་རིག་པར་བྱའོ།། དེ་ལ་ལྷག་བའི་བསམ་པ་རྣམ་པར་དག་པ་ནི་མཐོང་བའི་ལམ ་གྱི་ངོ་བོ་ཉིད་ཡིན་པས་གཅིག་ཏུ་ཡང་ཟད་ན། ལྷག་པའི་ཚུལ་ཁྲིམས་རྣམ་པར་དག་པ་དང། ལྷག་པའི་སེམས་རྣམ་པར་དག་པ་དང། ལྷག་བའི་ཤེས་རབ་རྣམ་པར་དག་པ་ནི་བསླབ་པའི་ངོ་བོ་ཉིད་ཡིན་ན་ཅིའི་ཕྱིར་གྲངས་གསུམ་དུ? ་ངེས་ཤེ་ན། དེ་ནི་ཏིང་ངེ་འཛིན་གྱི་གནས་ཀྱི་དོན་དང། ཤེས་པའི་རྟེན་གྱི་དོན་དང། བྱ་བ་བྱས་པའི་དོན་གྱི་ཕྱིར་ཏེ། དེ་ལ་ཏིང་ངེ་འཛིན་གྱི་གནས་གྱི་དོན་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་ཏེ། ལྷག་པའི་ཚུལ་ཁྲིམས་ལ་གནས་ན་སེམS ་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་རེག་པར་འགྱུར་བའི་ཕྱིར་རོ། །ཤེས་པའི་རྟེན་གྱི་དོན་ནི་ལྷག་པའི་སེམས་ཀྱི་བསླབ་པ་ཡིན་ཏེ། སེམས་མཉམ་པར་བཞག་པའི་དྲན་པ་རྩེ་གཅིག་པ་ལ་ཤེས་བྱའི་དངོས་པོ་ལ་ཡང་དག་པ་ཇི་ལྟ་བ་བཞིན ་དུ་ཤེས་པ་དང་མཐོང་བ་འཇུག་པའི་ཤེས་པ་སྐྱེ་བའི་ཕྱིར་རོ།། བྱ་བ་བྱས་པའི་དོན་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡིན་ཏེ། ཤེས་པ་དང་མཐོང་བ་འབའ་ཞིག་ཏུ་རྣམ་པར་དག་པས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བ་མངོན་སུཾ ་དུ་བྱེད་པའི་ཕྱིར་རོ། །དེ་ནི་རང་གི་དོན་བླ་ན་མེད་པ་ཡིན་པས་བྱ་བ་བྱས་པའི་དོན་ཅེས་བྱ་བ་སྟེ། སྒྲིབ་པ་གཉིས་སྤོང་བ་དེ་ནི་བྱ་བའི་མཆོག་ཡིན་པས་དེའི་གོང་དུ་བྱ་བ་གཞན་མེད་པའི་ཕྱིར་རོ། །འོ་ན་བསླབ་པ་དེ་གསུམ་གོ་རིམ་ཅིའི་ཕྱིར་དེ་ལྟར ་རྣམ་པར་བཞག་ཅེ་ན། ལྷག་པའི་ཚུལ་ཁྲིམས་ལ་གནས་ན་ལྷག་པའི་སེམས་ཀྱི་ཏིང་ངེ་འཛིན་འཐོབ་ལ། ལྷག་པའི་སེམས་ལ་བརྟེན་ན་ལྷག་པའི་ཤེས་རབ་སྐྱེ་བའི་ཕྱིར་རོ།། འོ་ན་ཅིའི་ཕྱིར་ལྷག་པའི་ཚུལ་ཁྲིམས་དང། ལྷག་པའི་སེམས་དང ་ལྷག་པའི་ཤེས་རབ་ཅེས་བྱ་ཞེ་ན། །ལྷག་པ་ཞེས་བྱ་བ་ནི་དབང་དུ་བྱ་བའི་དོན་དང་ལྷག་པའི་དོན་ཏེ། དེ་ལ་དབང་དུ་བྱ་བའི་དོན་ནི་ལྷག་པའི་སེམས་ཀྱི་དབང་དུ་བྱས་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ ་པ་ཡིན་ནོ། །ལྷག་པའི་ཤེས་རབ་ཀྱི་དབང་དུ་བྱས་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་ལྷག་པའི་སེམས་ཀྱི་བསླབ་པ་ཡིན་ནོ། །སྒྲིབ་པ་སྤོང་པའི་དབང་དུ་བྱས་པའི་ཤེས་པ་དང་མཐོང་བ་གང་ཡིན་པ་དེ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ ་པ་ཡིན་ཏེ། དེ་ནི་དབང་དུ་བྱ་བའི་དོན་ཏོ། །ལྷག་པའི་དོན་ནི་བསླབ་པ་དེ་རྣམས་ནི་བདེ་བར་གཤེགས་པའི་བསྟན་པ་འདི་ཁོ་ན་ལ་ཡོད་ཀྱི་འདི་ལས་ཕྱི་རོལ་པ་རྣམས་དང་ཐུན་མོངས་མ་ཡིན་པས་ཕྱི་རོལ་བ་ལས་ལྷག་པའི ་དོན་ཏེ། དེ་ནི་ལྷག་པའི་དོན་ཏོ། །འོ་ན་བསླབ་པ་དེ་གསུམ་ས་དེ་དག་ལ་ཇི་སྐད་བསྟན་པ་བཞིན་སོ་སོར་ངེས་པ་ཁོ་ན་ཡིན་ནམ་ཞེ་ན། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡོད་ལ་ལྷག་པའི་སེམས་དང། ལྷག་པའི་ཤེས་རབ་ཀྱི་བསླབ་པ་མེད ་བ་ཡང་ཡོད་ཀྱི། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡོད་ལ་ལྷག་པའི་སེམས་དང་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་མེད་པ་དང། ལྷག་པའི་སེམས་ཀྱི་བསླབ་པ་ཡོད་ལ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་མེད་པ་ནི་མི་སྲིད་དེ། དེའི་ཕྱིར ་གང་ན་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡོད་པ་དེ་ན་ལྷག་པའི་སེམས་དང། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡང་ཡོད་ལ། །གང་ན་ལྷག་པའི་སེམས་ཀྱི་བསླབ་པ་ཡོད་པ་དེ་ན་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡང་ཡོད་པ་? ་རིག་པར་བྱ་སྟེ། བསླབ་པ་གསུམ་གྱིས་བསྡུས་པའི་སའི་ཡོན་ཏན་གཞན་ཐམས་ཅད་ཀྱང་ཚུལ་དེ་བཞིན་དུ་རིག་པར་བྱའོ། །འབྲས་བུ་ལ་སོགས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ། །དེའི་འོག་ཏུ་མི་མཐུན་པའི་ཕྱོགས ་དང་གཉེན་པོ་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ནི་ས་བཅུ་གཅིག་པོ་དེ་དག་གི་སོ་སོའི་མི་མཐུན་པའི་ཕྱོགས་སྤང་བ་དང། གཉེན་པོ་སྒོམ་པ་དང། བསྒོམ་པའི་འབྲས་བུ་ཐོབ་པ་དང། དེ་གཉིས ་ཀའི་གནས་ཡོངས་སུ་རྫོགས་པ་ལ་མཁས་པའོ། །དེའི་ཕྱིར་ཡན་ལག་དུ་དག་གིས་བསྡུས་པ་ལགས་ཞེས་ཞུས་པ་དང། ཡན་ལག་བཅུ་གཅིག་གིས་བསྡུས་པར་རིག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ས་དང་པོའི་མི ་མཐུན་པའི་ཕྱོགས་སྤང་པ་གང་ཞེ་ན། མོས་པས་སྤྱོད་པའི་ས་ཞེས་བྱ་བས་བསྟན་ཏེ། ས་དང་པོའི་མི་མཐུན་པའི་ཕྱོགས་ནི་སོ་སོའི་སྐྱེ་བོ་ཉིད་དོ། །དེ་ཡང་མོས་པས་སྤྱོད་པའི་ས་མན་ཆད་འཇིག་རྟེན་ལས་འདས་པའི་ལམ་མ་ཐོབ་པ ་ཐམས་ཅད་ཡིན་པར་སྦྱར་རོ། །གཉེན་པོ་བསྒོམ་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ཨི་ཆོས་སྤྱོད་པ་རྣམ་པ་བཅུ་པོ་དག་ལ་མོས་པ་ཤིན་ཏུ་བསྒོམ་པའི་ཕྱིར་བཟོད་པས་དེ་ལས་ཡང་དག་པར་འདས་ནས་ཞེས་བྱ་བས་བསྟན་ཏེ། དང ་པོ་སེམས་བསྐྱེད་པ་ནས་བཟུང་སྟེ། འཇིག་རྟེན་པའི་ཆོས་ཀྱི་མཆོག་ལ་ཐུག་གི་བར་དུ་ཆོས་སྤྱོད་པ་བཅུ་པོ།། ཐེག་པ་ཆེན་པོ་དང་ལྡན་པའི་མདོ་སྡེ་ལ་སོགས་པའི་ཆོས་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཀྱིས་བསྡུས་པ་དག་ཡི་གེར་འདྲིར ་བཅུག་སྟེ། འཛིན་པ་དང། མཆོད་པ་དང། གཞན་དག་ལ་སྦྱིན་པ་དང། སྟོན་པ་ན་གུས་པར་བྱས་ཏེ། ཉན་པ་དང། བདག་ཉིད་ཀློག་པ་དང། ཀུན་ཆུབ་པར་ལུང་ནོད་པ་དང། ལུང་འབོག་པ་རྣམས་རྒྱ་ཆེར་དབྱངས་ཀྱི་ཁ་དོན་བྱེད་པ་དང། ་གཞན་དག་ལ་རྒྱ་ཆེར་ཡང་དག་པར་སྟོན་པ་དང། གཅིག་པུ་དབེན་པར་སོང་སྟེ་སེམས་དཔའ་དང། །སྒོམ་པའི་རྣམ་པར་རྗེས་སུ་འཇུག་པར་བྱེད་པ་དག་གིས་བསྡུས་པའི་དགེ་བའི་རྩ་བ་ཤིན་ཏུ་བསགས་ཤིང་ངེས་པར ་འབྱེད་པའི་ཆ་དང་མཐུན་པའི་མོས་པ་ཤིན་ཏུ་བསྒོམས་པའི་ཕྱིར་ཆོས་སྟོང་པ་ལ་བཟོད་པས་མོས་པས་སྤྱོད་པའི་ས་དེ་ལས་ཡང་དག་པར་འདས་པའི་གཉེན་པོ་བསྒོམ་པ་ཡིན་ནོ། །བསྒོམ་པའི་འབྲས་བུ་ཐོབ་པ ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ཉིད་ཀྱང་སྐྱོན་མེད་པ་ལ་འཇུག་གོ་ཞེས་བྱ་བས་བསྟན་ཏེ། བྱང་ཆུབ་སེམས་དཔའ་ཨི་ཡང་དག་པ་ཉིད་སྐྱོན་མེད་པ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་སེམས་དང་པོ་མངོན་པར་འགྱུར་པ་སྟེ། ས་? ་པོ་ཐོབ་པའོ། །དེ་ནི་རྣམ་པ་བཞིས་བསྟན་ཏེ། གནས་པ་དང། ངེས་པའི་ཚིག་དང། རབ་ཏུ་གནས་པ་དག་ཁྱད་པར་རོ། །དེ་ལ་གནས་པ་ཞེས་བྱ་བ་ནི་ཐོག་མར་ན་བྱང་ཆུབ་སེམས་དཔའ་ཇི་ལྟ་བུ་དག་ལ་སེམས་དེ་སྐྱེ་བ་སྟེ། དགེ་བའི་རྩ་བ་ཤིན ་ཏུ་བསགས་པའི་གནས་ཡོད་པའོ། །དགེ་བའི་རྩ་བ་ཤིན་ཏུ་བསགས་པའི་དེ་ཡང་རྣམ་པ་དགུར་རིགས་པར་བྱ་སྟེ། ཚུལ་ཁྲིམས་འཁོར་དང་བཅས་པ་ལེགས་པར་བྱས་པ་ཉིད་ཀྱི་ཕྱིར་ཆོས་བསགས་པ་དང། ཏིང་ངེ་འཛིན་འཁོར་དང་བཅས་པ་ལེགས་པར ་བྱས་པ་ཉིད་ཀྱི་ཕྱིར་སྤྱོད་པ་བསགས་པ་དང། ཐོས་པ་ལས་བྱུང་བའི་ཤེས་པ་ལེགས་པར་བྱས་པ་ཉིད་ཀྱི་ཕྱིར་བསྙེན་བཀུར་བྱས་པ་བསགས་པ་དང། བསམ་པ་ལས་བྱུང་བའི་ཤེས་པས་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དགེ་བའི་ཆོས་ལེགས་པར་རྟོགས་པ་ཉིང ་ཀྱི་ཕྱིར་ཡོངས་སུ་བསྡུས་པ་བསགས་པ་དང། དེ་ཁོ་ན་རྟོགས་པར་སྦྱོར་བའི་སྒོམ་པ་ལ་གདམས་ངག་ལེགས་པར་རྣེད་ཀྱི་ཕྱིར་ཡོངས་སུ་བཟུང་བ་བསགས་པ་དང། དེ་ཁོ་ན་རྟོགས་པ་ཐོབ་པ་ཉིད་ཀྱི་ཕྱིར་བསམ་པ་རྣམ་པར་དག་པ་བསགས་པ་དང། སེམས་ཅན་གྱི་དོན ་བྱ་བ་ལྷག་པའི་བསམ་པ་ཉིད་ཀྱི་ཕྱིར་ཤིན་ཏུ་རྒྱས་པ་བསགས་པ་དང། ཐམས་ཅད་མཁྱེན་པའི་ཡེ་ཤེས་འདོད་པ་ཉིད་ཀྱི་ཕྱིར་མོས་པ་བསགས་པ་དང། སྙིང་རྩེས་བ་དང་སྙིང་རྗེ་ལ་མང་དུ་གནས་པའི་ཕྱིར་མངོན་དུ་གྱུར་པ་བསགས་པ་སྟེ། ་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་ཤིན་ཏུ་བསགས་པའི་གནས་ཏེ་དེ་ལྟ་བུ་ཡོད་པ་ལ་སེམས་ཏེ་སྐྱེ་བས་ས་དང་པོ་ལ་གནས་པ་ཡིན་ནོ། །གང་གི་ཕྱིར་ཞེས་བྱ་བ་ནི་ཅི་ལ་དམིགས་ནས་དེ་སྐྱེ་བ་སྟེ། སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་ཤེས་པ་དང ་སྤོང་བ་དང་མངོན་སུམ་དུ་བྱེད་པ་དང། བསྒོམ་པ་བླ་ན་མེད་པ་དང་ལྡན་པ་མངོན་པར་འདོད་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཡེ་ཤེས་དེ་ལ་ཡང་ལས་རྣམ་པ་དགུའི་བྱེ་བྲག་གིས་རྣམ་པ་དགུར་རིག་པར་བྱ་སྟེ། སངས་རྒྱས་ཀྱི་སྟོབས་ཀྱི་ཡེ་ཤེས་དྲིས་པ ་ལན?་འདེབས་པའི་ལས་ཅན་དང། སངས་རྒྱས་ཀྱི་མི་འཇིགས་པའི་ཡེ་ཤེས་ཕས་ཀྱི་རྒོལ་བ་ཆེར་གཅད་པའི་ལས་ཅན་དང། སངས་རྒྱས་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་གང་ཟག་དང་བདག་མེད་པར་རྟོགས་པར་བྱ་བའི་ཕྱིར་གདམ་ངག་སྦྱིན་པའི་ལས་ཅན་དང། ་སངས་རྒྱས་ཀྱིས་ཡོངས་སུ་སྐྱབས་པའི་ཡེ་ཤེས་བསྡུ་བའི་དངོས་པོ་བཞི་པོ་དག་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ལས་ཅན་དང། སངས་རྒྱས་ཀྱི་རྣམ་པར་སྦྱོང་བའི་ཡེ་ཤེས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དེའི་གཞི་ཡོངས་སུ་སྦྱང་བའི་ལས ་ཅན་དང། སངས་རྒྱས་ཀྱིས་མ་ལུས་པར་མཁྱེན་པའི་ཡེ་ཤེས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་ཉིན་མཚན་དྲུག་ཏུ་རྣམ་པར་གཟིགས་པའི་ལས་ཅན་དང། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྤྱོད་པའི་ཡེ་ཤེས་དང། སེམས་ཐོགས་པ་མེད་པའི་ཕྱིར་ཞིང ་ཐམས་ཅད་ཐོགས་པ་མེད་པ་དང། ཉོན་མོངས་པ་ཅན་མ་ཡིན་པའི་སྤྲུལ་པས་འཇུག་པར་བྱེད་པའི་ལས་ཅན་དང། སངས་རྒྱས་ཀྱི་ཐུགས་སུ་ཆུད་པའི་ཡེ་ཤེས་སེམས་ཅན་དེ་དག་གིས་དུས་གསུམ་གྱི་བསམ་པ་བག་ལ་ཉལ་སྐད་ཅིག་གཅིག་གིས་མཁྱེན་པའི་ལས་ཅན ་དང། སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་ཡེ་ཤེས་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱད་ཅིག་ཅར་ཆོས་ཀྱི་འཁོར་ལོ་བསྐོར་ལོ་བསྐོར་བས་རྣམ་པར་ཐར་པའི་ཐབས་ལ་མཁས་པའི་ལས་ཅན་ཏེ། སངས་རྒྱས་ཀྱི་ཡེ་ཤེས་དེ་ལྟ་བུ་མངོན་པར་འདོད་པཱི ་ཕྱིར་སེམས་དེ་སྐྱེ་བས་ས་དང་པོ་ལ་གནས་པ་ཡིན་ནོ། །གཞི་གང་ཡིན་པ་ཞེས་བྱ་བ་ནི་གཞི་གང་ལས་སེམས་ཇི་ལྟ་བུར་མཚན་ཉིད་ཅི་འདྲ་ཞིང་གང་གིས་བདག་ཉིད་དུ་སྐྱེ་བ་སྟེ། སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བའི་གཞི་ལས་སྙིང་རྗེའི་བདག་ཉིད་སྐྱེ་བའོ།། ་?་རྗེ་ཆེན་པོ་སྔོན་དུ་འགྲོ་བ་དེ་ཡང་སྙིང་རྗེ་ཆེན་པོ་ཉིད་རྣམ་པ་དགུར་རིག་པར་བྱ་སྟེ། ཕྲ་བའི་སྡུག་བསྔལ་ཉིད་ཤེས་པའི་དབང་གིས་སྐྱེ་བ་ཉིད་ཀྱི་ཕྱིར་དབང་དུ་གྱུར་པ་ཆེན་པོ་ཉིད་དང། སེམས་ཅན་སྡུག་བསྔལ་ཡོངས་སུ་བསྐྱབ་པའི་ཐབས ་ལ་མཁས་པས་པ་ཡོངས་སུ་ཟད་པ་ཉིད་ཀྱི་ཕྱིར་ཡོངས་སུ་འཛིན་པ་ཆེན་པོ་ཉིད་དང། དེའི་དུས་དང་འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་བྱ་བར་ཁས་ལེན་པས་འཕེལ་བ་ཉིད་ཀྱི་ཕྱིར་རབ་ཏུ་རྟོགས་པ་ཆེན་པོ་ཉིད་དང།། ་དེ་བཞིན་གཤེགས་པའི་སྟོབས་དཔག་ཏུ་མེད་པ་འབྲས་བུ་ཡོངས་སུ་འཛིན་པ་ཉིད་ཀྱི་ཕྱིར་དཔག་ཏུ་མེད་པ་ཆེན་པོ་དང། རྒྱ་ཆེན་པོ་ལ་མོས་པ་དང་ཟབ་མོ་ཤེས་པས་མི་མཐུན་པའི་ཕྱོགས་ལས་རྒྱལ་བ་ཉིད་ཀྱི་ཕྱིར་ཤིན་ཏུ་རྣམ ་པར་ཕྱེ་བ་རྣམ་པར་འབྱེད་པ་ཆེན་པོ་ཉིད་དང། རང་གིས་མངོན་པར་རྫོགས་པར་བྱང་ཆུབ་བ་ལ་གཞོལ་བ་ཉིད་ཀྱི་རྗེས་སུ་མཐུན་པ་ཉིད་དང། ཁྱད་པར་དུ་འགྲོ་བའི་མན་ངག་ཡོངས་སུ་ཚོལ་བ་ཉིད་ཀྱི་ཕྱིར་ཡང་དག་པར་ཚོལ་བ་ཉིད་དང། ་ཡོན་ཏན་ཡོངས་སུ་གཟུང་བ་གཙོར་བྱེད་པ་ཉིད་ཀྱི་ཕྱིར་དམ་པ་ཆེན་པོ་དང། འབྲས་བུ་ཡིད་དུ་འོང་བའི་རྒྱུ་ཟད་མི་ཤེས་པ་དང། མྱ་ངན་ལས་འདས་པ་ལ་གཞོལ་བ་ཉིད་ཀྱི་ཕྱིར་གནས་པ་དང། མཐར་ཕྱིན་པ་ཆེན་པོ་ཉིད་དང། སྙིང་རྗེ ་ཆེན་པོ་སྔོན་དུ་འགྲོ་བའི་གཞི་དེ་ལྟ་བུ་ལས་སྙིང་རྗེའི་བདག་ཉིད་དུ་སེམས་དེ་སྐྱེ་བས་ས་དང་པོ་ལ་གནས་པ་གནས་པ་ཡིན་ནོ། །ཅི་འདྲ་བའི་སེམས་སྐྱེ་བ་ཞེས་བྱ་བ་ནི་སེམས་དེ་སྐྱེས་ན་ཕན་ཡིན་ཅིར་འགྱུར་བ་སྟེ། སེམས ་དེ་སྐྱེད་མ་ཐག་ཏུ་སོ་སོ་སྐྱེ་བོའི་ས་ལས་ཤིན་ཏུ་འདས་པ་དེ་འདྲ་བའི་སེམས་སྐྱེ་བའོ། །སོ་སོའི་སྐྱེ་བོའི་ས་ལས་ཤིན་ཏུ་འདས་པ་ནི་འཕགས་པ་ཉིད་དེ་འཇིག་རྟེན་ལས་འདས་པའི་ལམ་ཐོབ་པར་སྟོན་ཏོ། །ཤིན་ཏུ་འདས་པ་དེ ་ཡང་རྣམ་པ་བརྒྱད་དུ་རིག་པར་བྱ་སྟེ། མངལ་དུ་ཞུགས་པ་དང་མཐུན་པས་འཇིག་རྟེན་ལས་འདས་པའི་སེམས་དང་པོར་མངོན་པར་འགྲུབ་པ་ཉིད་ཀྱི་ཕྱིར་ཞུགས་པས་ཤིན་ཏུ་འདས་པ་དང། རིགས་སུ་སྐྱེས་པ་དང་མཐུན་པས?་དེ་བཞིན ་གཤེགས་པའི་རིགས་སུ་སྐྱེས་པ་ཉིད་ཀྱི་ཕྱིར་རིགས་ཀྱི་ཤིན་ཏུ་འདས་པ་དང་འདྲ་བའི་བུ་དང་མཐུན་པར་ཐེག་པ་ཆེན་པོའི་སྐྱོད་པ་ལས་སྐྱེས་པ་ཉིད་ཀྱི་ཕྱིར་ནད་མེད་པས་ཤིན་ཏུ་འདས་པ་དང། འགྲོ་བ་གཞན་དུ་སྐྱེས་པ་དང་མཐུན་པས་འཇིག་རྟེན་པའི་འགྲོ་བས་མ་བསྡུས་ལ ་འཇིག་རྟེན་ལས་འགྲོ་བ་ལས་ཤིན་ཏུ་འདས་པ་དང། ལུང་གི་རང་བཞིན་དང་མཐུན་པས་སྙིང་རྗེའི་བདག་ཉིད་ཀྱིས་གཞན་གྱི་དགོངས་པ་བདག་གི་དགོངས་པ་ཉིད་ཡིན་པའི་ཕྱིར་ཆོས་ཉིད་ཀྱིས་ཤིན་ཏུ་འདས་པ་དང། བཅས་ནས་གནས་པ་དང། མཐུན་པས་འཁོ ་བར་ཡོངས་སུ་མི་གཏོང་ལ་ཀུན་ནས་ཉོན་མོངས་པ་མེད་པའི་ཐབས་ལ་མཁས་པ་གནས་པ་ཉིད་ཀྱི་ཕྱིར་གནས་པ་ཤིན་ཏུ་འདས་པ་དང། བཙས་ནས་འཚོ་བ་དང་མཐུན་པས་སྟོང་པ་ཉིད་རྟོགས་པའི་འཕགས་པའི་ཤེས་རབ་ཀྱི་ཕྱིར་མཉམ་པ་ཉིད་ཀྱིས ་ཤིན་ཏུ་འདས་པ་དང། ཕུན་སུམ་ཚོགས་པ་དང་མཐུན་པས་སངས་རྒྱས་ཀྱི་རིགས་ལས་ཡོངས་སུ་མི་ཉམས་ཤིང། མྱ་ངན་ལས་འདས་པ་ལས་གཞོལ་བའི་ཉིད་ཀྱི་ཕྱིར་ངེས་པས་ཤིན་ཏུ་འདས་པ་སྟེ། དེ་ལྟར་སེམས་དེ་སྐྱེད་མ་ཐག་ཏུ་སོ་སོའི་སྐྱེ་བོའི ་ས་ལས་ཤིན་ཏུ་འདས་པ་དེ་འདྲ་བའི་སེམས་སྐྱེ་བས་ས་དང་པོ་ལ་གནས་པ་ཡིན་ནོ། །དེ་ལ་ངེས་པའི་ཚིག་ཅེས་བྱ་བ་ནི་ཅིའི་ཕྱིར་ས་དང་པོ་རབ་ཏུ་དགའ་བ་ཞེས་བྱ་བར་རྣམ་པར་བཞག་ཅེ་ན། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་གནས ་པ་ཉིད་བླ་ན་མེད་པ་ཐོག་མར་ཐོབ་པས་མཆོག་ཏུ་དགའ་བ་ཞེས་བྱ་བའི་ཕྱིར་རབ་ཏུ་དགའ་བ་ཞེས་བྱ་སྟེ། དེ་ནི་འོག་མ?་ནས་མི་ལ་མཁས་པའི་སྐབས་སུ་སྟོན་ཏོ། །དེ་ལ་རབ་ཏུ་གནས་པ་ཞེས་བྱ་བ་ནི་བསམ་པ་ཕུན་སུམ་ཚོགས་པ་དང། སྦྱོར་བ་ཕུན་སུམ་ཚོགས ་པ་དང། ཡོངས་སུ་བསྔོ་བ་ཕུན་སུམ་ཚོགས་པས་ས་རྒྱ་ཆེར་ཡོངས་སུ་སྦྱོང་བ་ལ་སྦྱོར་བ་བྱེད་པའོ། །དེ་ལ་བསམ་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་ཡིད་ཆེས་པ་དང། དང་བའི་དབང་གིས་བསམ་པ་ཕུན་སུམ་ཚོགས་པས་སྦྱོར་བ་བྱེད་པའོ། །ཡིད་ཆེས ་པ་དེ་ཡང་དངོས་པོ་གང་ལ་ཡིད་ཆེས་པ་དེ་དབང་བྱེད་པ་དེའི་བྱེ་བྲག་གིས་དབང་བྱེད་པ་དེ་རྣམ་པ་དགུར་རིག་པར་བྱ་སྟེ། དཀོན་མཆོག་གསུམ་པོ་དག་ལ་ཡིད་ཆེས་པའི་དབང་དང། བདག་གིས་རྟོགས་པ་རྣམ་པར་དག་པའི་ཡིད་ཆེས་པའི་དབང་དང ་གཞན་གྱིས་རྟོགས་པ་ལ་སྲིད་པར་འཛིན་པའི་ཡིད་ཆེས་པའི་དབང་དང། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྙིང་བརྩེ་བ་དང། སྙིང་རྗེའི་ཡིད་ཆེས་པཱི་དབང་དང། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དེ་ཉིད་ཀྱི་ཕྱིར་བྱམས་པའི་ཡིད་ཆེས་པའི ་དབང་དང། དེ་ཡོངས་སུ་སྨིན་པར་བྱ་བ་ཚེ་རབ་དུ་མར་རབ་ཏུ་བསྒྲུབ་པའི་ཕྱིར་ཡུན་རིང་དུ་འཁོར་བར་ཁས་བླངས་པའི་ཕྱིར་ཡོངས་སུ་མི་སྐྱོ་བའི་དད་པའི་དབང་དང། ཉོན་མོངས་པ་ཅན་མ་ཡིན་པར་འཁོར་བར་བྱ་བའི་ཕྱིར་སེར་སྣ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པའི ་མི་མཐུན་པའི་ཕྱོགས་ཀྱི་ཆོས་ལ་འཛེམ་པའི་ཕྱིར་ཚུལ་གང་དང་ངོ་ཚ་ཤེས་ཤིང་ཁྲེ་ལ་ཡོད་པའི་དད་པའི་དབང་དང། ཆོས་མཐུན་པ་ལ་རྣམ་པར་ཐོ་མི་འཚལ་བའི་ཕྱིར་ངེས་པའི་དད་པའི་དབང་དང། དེ་ལ་བསྟི་སྟང་བྱེད་པའི་ཕྱིར་བསྟན ་པ་ལ་ཡིད་ཆེས་པའི་དབང་སྟེ། དེ་ལྟ་བུའི་བསམ་པ་ཕུན་སུམ་ཚོགས་པས་སྦྱོར་བར་བྱེད་པ་ཡིན་ནོ། །སྦྱོར་བ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་དགེ་བའི་རྩ་བ་སོགས་པ་ལ་རྒྱུན་མི་འཆད་པར་མངོན་པར་བརྩོན་བས་སྦྱོར་བར་བྱེད་པའོ། །དགེ་བའི ་རྩ་བ་བསོགས་པ་དེ་ཡང་རྣམ་པ་བརྒྱད་དུ་རིག་པར་བྱ་སྟེ། ཆུད་མི་ཟ་བར་བྱ་བའི་ཕྱིར་བསྙེན་བཀུར་བྱེད་པ་སོགས་པ་དང། འབྲེལ་པའི་གཏམ་རྣམ་པར་གཏན་ལ་འབེབས་པ་ལ་དགའ་བའི་ཕྱིར་ཆོས་ཀྱི་ཀུན་དགའ་དག་ལ་སོགས་པ ་དང། མང་དུ་ཐོས་པ་ཚོལ་བ་ལ་དོམས་མི་མྱོང་བའི་ཕྱིར་མང་དུ་ཐོས་པ་ལ་སོགས་པ་དང། ཇི་སྐད་ཐོས་པའི་ཚུལ་ལ་ཚུལ་བཞིན་དུ་རྟོག་པའི་ཕྱིར་རྟོག་པ་སོགས་པ་དང། བསམ་གཏན་རོ་མྱང་བ་མེད་པའི་ཕྱིར་གནས་མེད་པ་སོགས་པ་དང། ་བྱང་ཆུབ་སེམས་དཔའ་ཨི་བསླབ་པ་རྣམས་ལ་པར་དུ་གཅོད་པ་ཡོངས་སུ་སྤང་པའི་ཕྱིར་རྙེད་པ་དང་བཀུར་སྟེ་ཐོབ་པ་དང། མ་ཐོབ་པ་ལ་ལྷག་པར་ཆགས་པ་མེད་པ་ལ་སོགས་དང། དེ་ཉིད་ཀྱི་ཕྱིར་ཡོ་བྱད་ལ་མངོན་པར་དགའ་བ་མེད་པ་ལ་སོགས་པ་དང། འཇིག་རྟེན་ལས ་འདས་པའི་སེམས་རྒྱུན་མི་འཆད་པར་མངོན་དུ་བྱེད་པའི་ཕྱིར་རིན་པོ་ཆེ་ལྟ་བུའི་སེམས་ལ་སོགས་པ་སྟེ། དེ་ལྟ་བུ་ནི་སྦྱོར་བ་ཕུན་སུམ་ཚོགས་པས་སྦྱོར་བར་བྱེད་པ་ཡིན་ནོ། །ཡོངས་སུ་བསྔོ་བ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་ཐད་མཁྱེན་པའི་ས་མངོན་པར ་འདོད་པའི་ཐབས་ཀྱི་སྦྱོར་བར་བྱེད་པ་ཐམས་ཅད་མཁྱེན་པའི་ས་མངོན་པར་འདོད་པ་དང། ཇི་ལྟར་མངོན་པར་འདོད་པའི་བྱེ་བྲག་གི་རྣམ་པ་བཅུ་གཅིག་ཏུ་རིག་པར་བྱ་སྟེ། དེ་བཞིན་གཤེགས་པའི་སྟོབས་ལ་སོགས་པ་ལ་དམིགས་པས་ཐམས ་ཅད་མཁྱེན་པའི་ས་མངོན་པར་འདོད་པ་དང། རྣམ་པར་དག་པས་ཐམས་ཅད་མཁྱེན་པའི་ས་མངོན་པར་འདོད་པ་དང། ཡོངས་སུ་སྤོང་པ་ཐམས་ཅད་མཁྱེན་པའི་ས་མངོན་པར་འདོད་པ་དང། དེ་སྐད་སྨྲས་པ་དེ་བཞིན་བྱེད་པས་ཐམས་ཅད་མཁྱེན་པའི ་མ་མངོན་པར་འདོད་པ་དང། རྗེས་སུ་བསྲུང་པས་ཐམས་ཅད་མཁྱེན་པའི་ས་མངོན་པར་འདོད་པ་དང། རིགས་སུ་འབྱིན་པར་བྱེད་པས་ཐམས་ཅད་མཁྱེན་པའི་ས་མངོན་པར་འདོད་པ་དང། མི་གཡོ་བ་ཐམས་ཅད་མཁྱེན་པའི་ས་མངོན་པར་འདོད་པ་དང། མི་འདོར་བ་དང་ལྡན་པར་ཐམས་ཅད ་མཁྱེན་པའི་ས་མངོན་པར་འདོད་པ་དང། སོགས་པས་ཐམས་ཅད་མཁྱེན་པའི་ས་མངོན་པར་འདོད་པ་དང། ཚོལ་བས་ཐམས་ཅད་མཁྱེན་པའི་ས་མངོན་པར་འདོད་པ་སྟེ། དེ་ལྟ་བུ་ནི་ཡོངས་སུ་བསྔོ་བ་ཕུན་སུམ་ཚོགས་པས་སྦྱོར་བར་བྱེད་པ་ཡིན་ནོ། །དེ་ལྟར ་བསམ་པ་ཕུན་སུམ་ཚོགས་པ་དང། སྦྱོར་བ་ཕུན་སུམ་ཚོགས་པ་དང། ཡོངས་སུ་བསྔོ་བ་ཕུན་སུམ་ཚོགས་པ་ནི་ས་རྒྱ་ཆེར་ཡོངས་སུ་སྤོང་པ་ནི་སྦྱོར་བར་བྱེད་པ་ཡིན་ཏེ། སྦྱོར་བ་ནི་རྣམ་པ་བཞི་སྟེ། དད་པ་དང། འདུན་པ་དང། བརྩོན་འགྲུས་དང། ཐབས་སོ།། ་དེ་ལ་བསམ་པ་ཕུན་སུམ་ཚོགས་པ་ལས་དད་པའི་དབང་ཞེས་བྱ་བ་ནི་དད་པ་སྟེ། དེས་ན་འདུན་པ་གསུམ་པ་ཡིན་ནོ། །སྦྱོར་བ་ཕུན་སུམ་ཚོགས་པ་ལས་དགེ་བའི་རྩེ་བ་སོགས་པ་ལས་རྒྱུན་མི་འཆད་པར་མངོན་པར་བརྩོན ་པ་ཞེས་བྱ་བ་ནི་བརྩོན་འགྲུས་ཡིན་ནོ། །ཡོངས་སུ་བསྔོ་བ་ཕུན་སུམ་ཚོགས་པ་ལས་ཐམས་ཅད་མཁྱེན་པའི་ས་མངོན་པར་འདོད་པ་ཞེས་བྱ་བ་ནི་ཐབས་ཡིན་ནོ། །དེ་ལ་ཁྱད་པར་ཞེས་བྱ་བ་ནི་ས་དང་པོ་ལ་གནས་བ་ཁྱད་པར་གང་གིས་ཉན ་ཐོས་དང་དང་སངས་རྒྱས་རྣམས་ལ་ཁྱད་པར་དུ་འཕགས་པའོ། །དེ་ནི་རྣམ་པ་གསུམ་སྟེ། འདུན་པའི་ཁྱད་པར་དང། སྒྲུབ་པའི་ཁྱད་པར་དང། འབྲས་བུའི་ཕན་ཡོན་གྱི་ཁྱད་པར་རོ། །དེ་ལ་འདུན་པའི་ཁྱད་པར་ཞེས་བྱ་བ་ནི་སྨོས་ལམ ་ཆེན་པོ་མངོན་པར་བསྒྲུབ་པའོ། །སྨོན་ལམ་ཆེན་པོ་མངོན་པར་སྒྲུབ་པ་དེ་ཡང་དགེ་པའི་སྨོན་ལམ་གྱི་བྱེ་བྲག་ལས་རྣམ་པ་བཅུར་རིག་པར་བྱ་སྟེ། ཕྱི་མ་ལ་དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་རྣམ་པ་ཐམས་ཅད་དཔག་ཏུ་མེད ་བར་བྱ་བའི་སྨོན་ལམ་ཆེན་པོ་དང། སངས་རྒྱས་བཅོམ་ལྡན་འདས་ཀྱི་དམ་པའི་ཆོས་ཡོངས་སུ་བཟུང་ཞིང་བསྲུང་བ་དང། ཆོས་ཀྱི་ཚུལ་ཡང་དག་པར་བཟུང་པར་བྱ་བའི་སྨོན་ལམ་ཆེན་པོ་དང། དགའ་ལྡན་གྱི་གནས་ན་ཞུགས་པ་ནས ་ཡོངས་སུ་མྱ་ངན་ལས་འདས་པའི་བར་གྱི་སྨོན་ལམ་ཆེན་པོ་དང། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པའི་རྣམ་པ་ཐམས་ཅད་ལེགས་པར་སྤྱད་པར་བྱ་བའི་སྨོན་ལམ་ཆེན་པོ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྨོན་ལམ་ཆེན་པོ་དང། ་འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པར་བསྟན་པར་བྱ་བའི་སྨོན་ལམ་ཆེན་པོ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་སྨོན་ལམ་ཆེན་པོ་དང། ཐེག་པ་ཆེན་པོ་ལ་འཇུག་པར་བྱ་བའི་བྱང་ཆུབ་སེམས ་དཔའ་ཐཾས་ཅད་དང། བསམ་པ་དང་སྦྱོར་བ་གཅིག་པར་བྱ་བའི་སྨོན་ལམ་ཆེན་པོ་དང། ཡང་དག་པའི་སྦྱོར་བ་ཐཾས་ཅད་འབྲས་བུ་ཡོད་པར་བྱ་བའི་སྨོན་ལམ་ཆེན་པོ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་བྱ་བའི་སྨོན་ལམ་ཆེན་པོ་སྟེ། དེ་ལྟར་ཡང ་དག་པའི་སྨོན་ལམ་གྱི་བྱེ་བྲག་སྨོན་ལམ་ཆེན་པོ་བཅུ་པོ་དག་རཻ་ལ་ཡང་སྐྱེན་ལམ་གྱི་འཁོར་འབུམ་ཕྲག་གྲངས་མེད་པ་དག་མངོན་པར་སྒྲུབ་པར་བྱེད་པ་ནི་འདུན་པའི་ཁྱད་པར་ཞེས་བྱའོ། །སྒྲུབ་པའི་ཁྱད་པར་ཞེས་བྱ་བ་ནི་ད་ལྟར་སྨོན་ལམ་ཤིན་ཏུ་སྒྲུབ་པ་སྟེ། བསུ་རུང་བའི་སེམས ་དང་གཉེན་པོའི་སེམས་སུ་གྱུར་བས་དང་པ་ལ་སོགས་པ་ཡོངས་སུ་སྦྱོར་བའི་ཆོས་སྒྲུབ་པར་བྱེད་པའི། །འབྲས་བུའི་ཕན་ཡོན་གྱི་ཁྱད་པར་ནི་རྣམ་པ་བཞི་སྟེ། ལས་སུ་རུང་པའི་འབྲས་བུའི་ཕན་ཡོན་གྱི་ཁྱད་པར་དང། འཇུག་པའི་འབྲས་བུའི་ཕན་ཡོན་གྱི་ཁྱད་པར ་དང། རྣམ་པར་སྨིན་པ་ཡོངས་སུ་འཛིན་པའི་འབྲས་བུའི་ཕན་ཡོན་གྱི་ཁྱད་པར་དང། སྨོན་ལམ་ཞེས་པ་འབྲས་བུའི་ཕན་ཡོན་གྱི་ཁྱད་པར་རོ། །དེ་ལ་ལས་སུ་རུང་བའི་འབྲས་བུའི་ཡན་ཡོན་གྱི་ཁྱད་པར་ཞེས་བྱ་བ་ནི་གསེར་གྱིས་ལེ་སྦྲམ་ཡོངས་སུ་སྦྱང་བ ་བྱས་ནས་ལས་སུ་རུང་བ་དང་འདྲ་བའི་དང་པ་ལ་སོགས་པའི་དགེ་བའི་ཆོས་དེ་དག་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་མཆད་པ་བྱེད་པས་ཕན་ཡོན་གྱི་ཞིང་བཀོད་པ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་སྙིང་རྗེའི་ཞིང་བཀོད་པ་དང་།བྱང་ཆུབ ་ཏུ་ཡོངས་སུ་བསྔོ་བར་བྱེད་པས་བླ་ན་མེད་པའི་འབྲས་བུ་ལ་དགོད་པས་ཡོངས་སུ་སྦྱད་བར་བྱས་ན་གོང་ནས་གོང་དུ་ལས་སུ་རུང་པར་འགྱུར་བའོ། །འཐུག་པའི་འབྲས་བུའི་ཕན་ཡོན་གྱི་ཁྱད་པར་ཞེས་བྱ་བ་ནི་དེ་ད་དཔོན་ཆེན་པོས་འགྲོན་པོ་མང་པོ་རྒྱ་མཚོ ་ལས་?་པ་དང་འདྲ་བར་བྱང་ཆུབ་སེམས་དཔའ་དེད་དཔོན་ཆེན་པོར་གྱུར་པས་སེམས་ཅན་འགྲོན་པོ་ཕལ་པོ་ཆེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱད་ཆེན་པོར་ཕྱིན་པར་བྱ་བའི་ཕྱིར་ཡང་དག་པར་སྦྱོར་བར་བྱེད་པའོ། །རྣམ་པར་སྨིན་པ་ཡོངས་སུ་འཛིན་པའི་འབྲས་བུའི་ཕན ་ཡོན་གྱི་ཁྱད་པར་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། ལུས་ཀྱི་ཆེ་བ་ནི་འཛམ་བུའི་གླིང་གི་དབང་ཕྱུག་ཉིད་དུ་འགྱུར་བའོ། །རྒྱུ་མཐུན་པ་རྒྱ་ཆེ་བ་ནི་སྟོང་བ་ཆེན་པོས་སེམས་ཅན་རྣམས་བསྡུས་བའི?་གཙོ་བོར་གྱུར་ཅིང་སེར་སྣའི་དྲི་མ་ཟློག་པ་ལ་མཁས་པ་དང་།དེ་བཞིན ་གཤེཌ་བའི་བསྟན་པ་ལ་རབ་ཏུ་བྱུང་བ་དང་།སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་ཏིང་ངེ་འཛིན་བརྒྱ་རབ་ཏུ་ཐོབ་ཅིང་སྙོམས་པར་འཇུག་པ་ལ་སོགས་པ་ལའོ། །སྨོན་ལམ་ཤེས་པའི་འབྲས་བུའི་ཕན་ཡོན་གྱི་ཁྱད་པར་ཞེས་བྱ་བ་ནི་དེ་ཡན་ཆད་བྱང་ཆུབ་སེཾས་དཔའ་ཨི་སྨོན་ལམ་གྱི་སྟོབས་ཅན་རྣམS ་སྨོན་ལམ་ཁྱད་བར་ཅན་གྱི་རྣམ་པར་འཕྲུལ་ཏེ་།དེ་དག་གི་ལུས་སམ། འོད་དམ། རྫུ་འཕྲུལ་ལམ། མིག་གམ། སྦྱོང་ཡུལ་ལམ། དབྱངས་སམ། སྤྱོད་པ་འམ། བཀོད་པའམ་བྱིན་གྱིས་བརླབས་སམ། མོས་པ་འམ་།མངོན་པར་འདུ་བྱེད་པ་དག་ཀྱང་བསྐལ་པ ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་ཇི་སྙེད་པ་དེ་སྙེད་དུ་ཡང་བརྗོད་པར་སླ་བ་མ་ཡིན་ནོ་ཞེས་གསུངས་སོ་།གནས་པ་དང་ཁྱད་པར་དེ་དག་ཐོབ་པས་ན་དེ་ཡན་ལག་དེ་ཡོངས་སུ་རྫོགས་པ་ཡིན་ཞེས་བྱ་བ་གསུངས་ཏེ། མི་མཐུན་བའི་ཕྱོགས་སྤངས་པ་དང་།གཉེན ་པོ་སྒོམ་པ་དང་།སྒོམ་བའི་འབྲས་བུ་ཐོབ་བའི་ཕྱིར་རོ། །ས་གཉིས་པའི་མི་མཐུན་པའི་ཕྱོགས་སྤང་བ་གང་ཞེ་ན། ལྟུང་བ་ཕྲ་མོའི་འཁྲུལ་བ་ཀུན་ཏུ་འབྱུང་བ་དག་ལ་ཤེས་བཞིན་དུ་སྤང་བར་མི་ནུས་པས། དེ་ཡན་ལག་དེས་ཡོངས་སུ ་རྫོགས་པ་ཡིན་ཏེ། ཞེས་བྱ་བས་བསྟན་ཏེ། ས་གཉིས་པའི་མི་མཐུན་པའི་ཕྱོགས་ནི་ལུས་ལ་སོགས་པས་སེམས་ཅན་རྣམས་ལ་ལོག་པར་བསྒྲུབ་པའོ། །དེ་ཡང་ས་དང་པོ་ལ་ལྷག་པའི་བསམ་པ་དག་ལ་གནས་སུ་ཟིན་ཀྱང་བྱང ་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ལྟུང་བ་ཕྲ་མོ་སེམས་བསྐྱེད་པ་ལ་སོགས་པ་ངོ་བོ་ཉིད་ཀྱི་འཁྲུལ་པ་ལ་སོ་སོར་བརྟག་པའི་བྱ་བས་བསྲུང་དགོས་པ་ཉིད་ཡིན་པར་སྦྱར་རོ། །གཉེན་པོའི་བསྒོམ་པ་གང་ཞེ་ན་།དེ་ཡན་ལག་དེ་ཡོངས་སུ ་རྫོགས་པར་བྱ་བའི་ཕྱིར་འབད་བས་ཞེས་བྱ་བས་བསྟན་ཏེ། ས་དང་པོ་ནས་གཉིས་པར་འབར་བའི་གནས་སྐབས་ན་འབྱུང་བར་བྱེད་པ་རྣམ་པར་དག་པ་ཞེས་བྱ་བ་དྲང་པོའི་བསམ་པ་ཐོབ་པས་ས་དང་པོ་ལ་གནས་འཕར་ཞིང་གཉིས་པ་གནོན་པར་གྱུར་པ་? ་འབད་པའོ། །དེ་ལ་འབྱུང་བར་བྱེད་པ་རྣམ་པར་དག་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ས་དང་པོ་ལ་ལེགས་པར་ཡོངས་སུ་སྦྱང་བ་བྱས་པའི་བྱང་ཆུབ་སེམས་དཔའ་ཨི་ས་གཉིས་པ་ལ་མངོན་པར་འདོད་པ་ན་།མངོན་པར་རྟོགས་པ་དང་ལྡན་བའི་བྱང་ཆུབ་སེམས་དཔའ་ཨི་འཇིག ་རྟེན་ལས་འདས་པའི་ལམ་ལ་གནས་ཏེ། ཚུལ་ཁྲིམས་རྣམ་པར་དག་བའི་དབང་དུ་བྱས་ནས་ས་དང་པོ་ནས་གཉིས་པའི་བར་དུ་འབྱུང་བར་བྱེད་པའོ། །དྲང་པོའི་བསམ་པ་ཞེས་བྱ་བ་ནི་སོ་སོར་བརྟག་པའི་བྱ་བ་མེད་པས་ཚུལ་ཁྲིམས་རྣམ་པར་དག་པའི་དབང་དུ ་བྱས་པའི་སེམས་ཀྱི་བསམ་པ་སྟེ། དེ་ལ་འབད་པའི་གཉེན་པོ་བསྒོམ་པ་ཡིན་ནོ། །སྒོམ་པའི་འབྲས་བུ་ཐོབ་པ་གང་ཞེ་ན། དེ་ཡང་འཐོབ་བོ་ཞེས་བྱ་བས་བསྟན་ཏེ། ས་གཉིས་པ་ལ་རང་བཞིན་རྣམ་པར་དག་པས་གནས་པ་དང། འབྲས་བུའི་ཕན་ཡོན་གྱི་ཁྱད ་བར་གྱིས་ཁྱད་བར་བསྟན་པ་ཐོབ་བོ། །དེ་ལ་རང་བཞིན་རྣམ་པར་ངག་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་རྣམ་པར་དག་པ་རྣམ་པ་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་རྣམ་པར་དག་བ་དང་།དགེ་བའི་ཆོས་བསྡུད་པའི་ཚུལ་ཁྲིམས་རྣམ་པར་དག་པ་དང། སེམས ་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་རྣམ་པར་དག་པའོ། །དེ་ལ་སྡོམ་པའི་ཚུལ་ཁྲིམས་རྣམ་པར་དག་པ་ནི་རྣམ་པ་གཉིས་ཏེ། རྣམ་པ་ཐཾས་ཅད་སྤངས་པ་དང་།རྟག་ཏུ་རྒྱུན་མི་འཆད་བར་རྗེས་སུ་བསྲུང་བར་སྐྱོན་མེད་པའོ། །དེ་ལ་རྣམ་པ་ཐམས་ཅད་སྤངས་པ་ཞེས་བྱ་བ་ནི་མི ་དགེ་བ་བཅུའི་ལས་ཀྱི་ལམ་ཐམས་ཅད་སྤངས་ཞིང་དགེ་བ་བཅུའི་ལས་ཀྱི་ལམ་ཐམས་ཅད་ཡང་དག་པར་བླངས་ཏེ་གནས་པའོ། །རྟག་ཏུ་རྒྱུན་མི་འཆད་པར་རྗེས་སུ་བསྲུང་བ་སྐྱོན་མེད་བ་ཞེས་བྱ་བ་ནི་དེ་ལྟར་དགེ་བ་བཅུའི་ལས་ཀྱི་ལམ་ཐཾས་ཅད་ཡང་དག ་པར་བླངས་ཏེ་གནས་པ་དེ་ལ་འབྱུང་འཇུག་བྱེད་པ་སྟེ། དེ་ཉིད་ཀྱིས་ནི་ངང་ཚུལ་ངན་པའི་དྲི་མ་དང་བྲལ་བས་བསྟན་ཏོ་།དགེ་བའི་ཆོས་བསྡུད་པའི་ཚུལ་ཁྲིམས་རྣམ་བར་དག་པ་ཡང་རྣམ་པ་གཉིས་ཏེ་།མི་མཐུན་པའི་ཕྱོགས་དང ་མཉེན་པོར་གྱུར་པ་ལ་འབྲས་བུ་དང་བཅས་པའི་ལས་ཀྱི་ལམ་དུ་རབ་ཏུ་བརྟགས་ནས་གཉེན་པོ་མངོན་པར་སྒྲུབ་པར་སྦྱོང་བར་འདོད་པ་དང་།དགེ་བའི་ལས་ཀྱི་ལམ་གོང་ནས་གོང་དུ་རྣམ་པར་དག་པས་འབྲས་བུ་དང་བཅས་ལ་རབ་ཏུ་བརྟགས ་ནས་མཆོག་མངོན་བར་སྒྲུབ་པར་སྦྱོར་བར་འདོད་པའོ། །དེ་ལ་དང་པོ་ནི་ངན་འགྲོ་དང་བདེ་འགྲོའི་ལས་ཀུན་ཏུ་སྤྱོད་པའི་རྒྱུས་འབྲས་བུ་ཡང་དག་པར་འགྲུབ་པ་རྣམ་པར་བཞག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ནས་ངན་འགྲོའི་རྒྱུའི ་ལས་ཡང་དག་པར་ལེན་པར་བྱེད་བའོ། །གཉིས་པ་ནི་དགེ་བ་བཅུའི་ལས་ཀྱིས་ལམ་དེ་དག་ཐེག་པ་གསུམ་གྱི་ཚུལ་གྱིས་སྒྲུབ་བའི་རྒྱུས་གོང་ནས་གོང་དུ་འབྲས་བུ་ཡང་དག་བར་འགྲུབ་པ་རྣམ་པར་བཞག་པ་ཡང་དག་པ་ཇི་ལྟ་བ ་བཞིན་དུ་རབ་ཏུ་ཤེས་ནས་།དེ་ལྟ་བས་ན་བདག་གི་མངོན་པར་སྒྲུབ་ཏུ་འདྲ་བ་ལ་རྣམ་པ་ཐམས་ཅད་ཡོངས་སུ་སྦྱང་ཞིང་མངོན་པར་སྒྲུབ་པ་ཉིད་ལ་བརྩོན་པར་བྱའོ་ཞེས་དེ་བས་ཀྱང་ཡང་དག་པར་སློབ་པར་བྱེད་པ་སྟེ། དེ་གཉིས་ནི་ལོག ་པར་རྩོལ་བའི་དྲི་མ་དང་བྲལ་བ་བསྟན་ཏོ། །སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་རྣམ་པ་ལྔ་སྟེ། ཡོངས་སུ་ཤེས་པ་དང་།སྨོན་ལམ་དང། སྒྲུབ་པ་དང། རྒྱུ་མཐུན་པ་དང། རྒྱུ་མཐུན་པའི་འབྲས་བུའོ། །དེ་ལ་ཡོངས་སུ་ཤེས་པ་ནི་རྣམ་པ ་གསུམ་སྟེ། གནས་སྐབས་ཀྱི་འབྲས་བུ་ཡོངས་སུ་ཤེས་པ་ནི་མི་དགེ་བའི་ལས་ཀྱི་ལམ་ཆེན་པོ་དང་།འབྲིང་དང་།ཆུང་ངུ་ངན་སོང་གསུམ་དུ་རིམ་བཞིན་དུ་འགྲོ་བས་ཡོངས་སུ་ཤེས་པའོ། །རྣམ་པར་སྨིན་པ་ནི་འབྲས་བུའི་བྱེ་བྲག་ཡོངས་སུ་ཤེས ་པ་ནི་མི་དགེ་བའི་ལས་ཀྱི་ལམ་རེ་རེས་ཀྱང་ངན་སོང་གསུམ་དུ་རྣམ་པར་སྨིན་པའི་འབྲས་བུ་སྐྱེད་པར་ཡོངས་སུ་ཤེས་པའོ། །རྒྱུ་མཐུན་པའི་འབྲས་བུའི་བྱེ་བྲག་ཡོངས་སུ་ཤེས་པ་ནི་བརྒྱ་ལ་མིང?་སྐྱེ་ན་ཡང་རྒྱུ་མཐུན་བའི་འབྲས་བུ་གཉིས་གཉིས་མྱོང་བར་འགྱུར་བར ་ཡོངས་སུ་ཤེས་པའོ། །སྨོན་ལམ་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་བྱ་བའི་དོན་དུ་དགེ་པའི་ཆོས་བསྡུ་བའི་ཕྱིར་ཐེག་བ་ཆེན་པོའི་མངོན་པར་དགའ་བ་ཉིད་ཀྱི་བསམ་པ་སྨོན་པའོ། །སྒྲུབ་པ་ཞེས་བྱ་བ་ནི་བདག་ཀྱང་དགེ་བའི་ལས་ཀྱི་ལམ་ལ་གནས ་བར་བྱེད་ཅིང་།དེའི་མི་མཐུན་བའི་ཕྱོགས་སྤོང་བར་བྱེད་ལ་གཞན་དག་ཀྱང་དེ་ལ་འཇོག་པར་སྒྲུབ་པའོ། །རྒྱུ་མཐུན་པ་ཞེས་བྱ་བ་ནི་སྙིང་རྗེ་སྐྱེས་པ་ལ་བརྟེན་ནས་སེམས་ཅན་རྣམས་ལ་དེ་བས་ཀྱང་ཤས་ཆེད?་སྙིང་རྗེའི་སེམས་བསྐྱེད་བའོ། །རྒྱུ་མཐུན་བའི ་འབྲས་བུ་ཞེས་བྱ་བ་ནི་སྙིང་རྗེའི་ཁྱད་པར་གྱིས་ཡོངས་སུ་ཟིན་བའི་མཐུན་བའི་ཁྱད་པར་གྱི་སེམས་ཅན་རྣམས་ལ་སྡུག་བསྔལ་བར་རྟོག་ཅིང་གཉེན་པོ་སྒྲུབ་པར་བྱེད་པ་སྟེ། དེ་ལངས་ཀྱང་ལོག་པར་རྩོལ་བའི་དྲི་མ་དང་བྲལ་བར་བསྟན་ཏོ། །འབྲས ་བུའི་ཕན་ཡོན་གྱི་ཁྱད་བར་ཞེས་བྱ་བ་ནི་སྔར་ས་དང་པོའི་སྐབས་སུ་ལས་སུ་རུང་བ་འབྲས་བུའི་ཕན་ཡོན་གྱི་ཁྱད་པར་དང། འཇུག་པའི་འབྲས་བུའི་ཕན་ཡོན་གྱི་ཁྱད་པར་གྱི་རྣམ་པར་སྨིན་པ་ཡོངས་སུ་འཛིན་པ་འབྲས་བུའི་ཕན་ཡོན་གྱི་ཁྱད་པར་དང་།སྨོན་ལཾ ་ཤེས་བ་འབྲས་བུའི་ཕན་ཡོན་གྱི་ཁྱད་པར་བསྟན་པ་དག་ཉིད་འདིར་སྔ་མ་ལས་གོང་ནས་གོང་དུ་ཁྱད་པར་འཕགས་པ་ཅི་རིགས་པའོ། །དེ་གཉི་གའི་གནས་ཡོངས་སུ་རྫོགས་པ་གང་ཞེ་ན་།དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན ་ཞེས་བྱ་བས་བསྟན་ཏེ། མི་མཐུན་པའི་ཕྱོགས་སྤང་བ་དང། གཉེན་པོ་དེ་གཉི་གའི་གནས་སའི་དངོས་གཞི་ཡོངས་སུ་རྫོགས་པ་ཡིན་ཏེ། བསྒོམ་པའི་འབྲས་བུ་འཐོབ་པའི་ཕྱིར་ས་གསུམ་པའི་མི་མཐུན་པའི་ཕྱོགས་སྤང་པ་གང་ཞེ་ན། འཇིག ་རྟེན་བའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པ་ལ་སྙོམས་པར་འཇུག་པ་དང། ཐོས་པའི་གཟུངས་ཡོངས་སུ་རྫོགས་པའི་ཐོབ་པར་མི་ནུས་པས་དེ་ཡན་ལག་དེས་ཡོངས་སུ་མ་རྫོགས་པ་ཡིན་ཏེ་ཞེས་བྱ་བས་བསྟན་ཏེ། ས་གསུམ་པའི་མི ་མཐུན་པའི་ཕྱོགས་ན་ཐོས་པ་དང་བསམ་པ་དང་བསྒོམ་པའི་ཆོས་རྣམས་བརྗེད་པས་མུན་པའི་ཚུལ་ཅན་ཉིད། །དེ་ཡང་ས་གཉིས་པ་ལྷག་པའི་བསམ་པ་དག་པའི་གཞིས་རང་བཞིན་གྱིས་ཚུལ་ཁྲིམས་དང་ལྡན་པ་ལ་གནས་སུ་ཟིན ་ཀྱང་འཇིག་རྟེན་པའི་བསམ་གཏན་དང་།རྣམ་པར་ཐར་པ་དང་།ཏིང་ངེ་འཛིན་དང་།སྙོམས་པར་འཇུག་པ་དག་ལ་དབང་ཡོངས་སུ་རྫོགས་པ་མ་ཐོབ་པ་དང་།ཐོབ་པ་ཡོངས་སུ་ཚོལ་བའི་ཡོངས་སུ་རྫོགས་པ་ཉིད་མ་ཐོབ་པ་ཉིད་ཡིན་པ་དང་སྦྱར་རོ། ། ་གཉེན་པོ་སྒོམ་གང་ཞེ་ན། དེ་ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་ཞེས་བྱ་བས་བསྟན་ཏེ་།ས་གཉིས་པ་ནས་གསུམ་པར་འཕར་བའི་གནས་སྐབས་ན་འདོད་ཆགས་དང་བྲལ་བར་སྦྱོར་བ་འབྱུང་བར་བྱེད་པ་ཞེས་བྱ ་བདག་བའི་སེམས་ཀྱི་བསམ་པ་ཡིད་ལ་བྱེད་བའི་རྒྱུས་འདོད་ཆགས་དང་བྲལ་བར་སྦྱོར་བ་ཞེས་བྱ་བ་སྦྱོར་བ་རྣམ་པ་གསུམ་ཐོབ་པས་ས་གཉིས་ལས་འཕར་ཞིང་གསུམ་པ་གནོན་པར་འགྱུར་བ་དེ་ལ་འབར་བའོ། །དེ་ལ་འདོད་ཆགས ་དང་བྲལ་བ་སྦྱོར་བ་འབྱུང་བར་བྱེད་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་ས་གཉིས་པ་ལ་ལྷག་པའི་བསམ་པ་ཡོངས་སུ་སྦྱངས་པའི་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའ་ཨི་ས་གསུམ་པ་ན་འདོད་བའི་འདོད་ཆགས་དང་བྲལ་བའི་བསཾ ་གཏན་དང་།གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་སྤྱོད་བའི་རྒྱུ་འདོད་ཆཌ་དང་བྲལ་བར་སྦྱོར་བ་ཞེས་བྱ་བ་སྦྱོར་བ་རྣམ་པ་གསུམ་འབྱུང་བར་བྱེད་པའི་སེམས་ཀྱི་བསམ་པ་ཡིད་ལ་བྱེད་བའོ། །དག་པའི་སེམས་ཀྱི་བསམ་པ་ཡིད་ལ་བྱེད་པ ་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བར་སྦྱོར་བའི་སེམས་ཀྱི་བསམ་པ་དག་པ་དེ་འབྱུང་བའི་རྒྱུ་ཡིད་ལ་བྱེད་པའོ། །འདོད་ཆགས་དང་བྲལ་བར་སྦྱོར་བ་ནི་ཞེས་བྱ་བ་ནི་འདོད་བའི་འདོད་ཆགས་དང་བྲལ་བའི་བསམ་གཏན་དང་།གཟུགས་མེད་བའི་སྙོམས་པར་འཇུག ་པ་ཉོ་བར་སྒྲུབ་སྟེ། གནས་པར་མ་གྱུར་གྱི་བར་དུ་དེ་ལ་སྦྱོར་བའི་རྒྱུ་གང་ཡིན་པའོ། །སྦྱོར་བ་རྣམ་པ་གསུམ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་ལ་ཀུན་ཏུ་བསྲུང་བའི་སྦྱོར་བ་དང། ཐེག་པ་དམན་པ་ཀུན་ཏུ་བསྲུངས་བའི་སྦྱོར་བ་དང། ཐབས་ཡོངས་སུ་གཟུང ་བའི་སྦྱོར་བའོ། །དེ་ལ་ཀུན་ནས་ཉོན་མོངས་པ་ལས་ཀུན་ཏུ་བསྲུང་བའི་སྦྱོར་བ་ནི་རྣམ་པ་གཉིས་ཏེ། འདུ་བྱེད་དུ་གྱུར་བ་ཐམས་ཅད་ལ་མི་རྟག་པའི་ཡོངས་སུ་རྟོག་པ་དང། མངོན་དུ་བརྟེན་པར་བྱ་བ་མ་ཡིན་པར་ཡོངས་སུ་རྟོག་པའོ། །དེ་ལ་མི་རྟག་བའི? ་ཡོངས་སུ་རྟོག་པ་ཞེས་བྱ་བ་ལ་འདུ་བྱེད་ཐམས་ཅད་ལ་ཚེལ་འདུ་བྱེད་མི་གནས་པས་ཉེས་དམིགས་སྣ་ཚོགས་ཀྱིས་སུན་འབྱིན་པར་བྱེད་པའོ། །མངོན་དུ་བརྟེན་པར་བྱ་བ་མ་ཡིན་པར་ཡོངས་སུ་རྟོག་པ་ཞེས་བྱ་བ་ནི་དེ་དག་ལ་རྟེན་མེད་པས་སེམས་སྐྱོ་བ?་སྐྱེད ་བར་བྱེད་པའོ། །ཐེག་པ་དམན་པ་ལ་ཀུན་ཏུ་བསྲུང་བའི་སྦྱོར་བ་ནི་རྣམ་པ་གསུམ་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་ཡང་དག་པར་གཏོང་བ་དང། སེམས་ཅན་རྣམས་ལ་སེམས་ཀྱི་བསམ་པ་ཉེ་བར་འཇོག་པ་དང་།སེམས་ཅན་ཡོངས་སུ ་སྐྱོབ་པའི་ཕྱིར་བརྩོན་འགྲུས་རྩོམ་པར་བྱེད་པའོ། །དེ་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་ཡོངས་སུ་གཏོང་བ་ཞེས་བྱ་བའི་སངས་རྒྱས་ཀྱི་ཡེ་ཤེས་ཡོན་ཏན་ཡོངས་སུ་འཛིན་པ་ཚ་བ་ཉིད་དང་།རྣམ་པར་དག་པ་ཆེ་བ་ཉིད་དང་ལྡན་པ་ལ་ཡོན་ཏན ་སྣ་ཚོགས་ཀྱིས་ཕན་ཡོན་དུ་ལྟ་ཞིང་དེ་ལ་འདོད་པ་སྐྱེས་པ་ཡིན་ནོ། །སེམས་ཅན་རྣམས་ལ་སེམས་ཀྱི་བསམ་པ་ཉེ་བར་འཇོག་པ་ཞེས་བྱ་བ་ནི་སྙིང་ཐག་པ་ནས་འདུག་པས་སེམས་ཅན་གྱི་ཁམས་ལ་མགོན་མེད་པའི་སྡུག་བསྔལ་རྣམ ་པ་སྣ་ཚོགས་ཀྱི་སྡུག་བསྔལ་བར་བལྟའོ། །སེམས་ཅན་ཡོངས་སུ་སྐྱོབ་པའི་ཕྱིར་བརྩོན་འགྲུས་རྩོམ་པར་བྱེད་པ་ཞེས་བྱ་བ་ནི་རྣམ་པ་གསུམ་སྟེ། གང་ལས་ཡོངས་སུ་བསྐྱབ་པའི་བྱ་བའི་ལས་དང་།ཉོན་མོངས་པ་དང་སྐྱེས་པའི ་ཀུན་ནས་ཉོན་མོངས་པ་ལས། །ཇི་ལྟར་ཡོངས་སུ་བསྐྱབ་པར་བྱ་བ་ནི་བསླབ་པ་གསུམ་འཛིན་དུ་གཞུག་པའོ། །ཇི་ལྟར་ན་ཡོངས་སུ་སྐྱོབ་བ་པོར་གྱུར་པ་ནི་མྱ་ངན་ལས་འདས་པའི་དབྱིངས་རྣམ་པ་གཉིས་ཐོབ་པར་བྱེད་པའོ། །ཐབས་ཡོངས་སུ་གཟུང ་བའི་སྦྱོར་བ་ཡང་རྣམ་པ་གསུམ་སྟེ། མཐར་ཕྱིན་པའི་རྟོགས་པ་དང། མཐར་ཕྱིན་པའི་སྒྲུབ་པའི་གོང་ནས་གོང་མ་རྟོགས་པ་དང་།དེ་སྒྲུབ་པའི་གནས་ལ་སྦྱོར་པ་རྟོགས་པའོ། །དེ་ལ་མཐར་ཕྱིན་པ་རྟོགས་པ་ཞེས་བྱ་བ་ནི་སེམས་ཅན་དེ ་དག་གཏན་དུ་སྡུག་པ་ལས་རྣམ་པར་གྲོལ་བར་བྱ་བའི་ཐབས་ནི་ཉོན་མོངས་པ་ཐམས་ཅད་ཀྱིས་མ་བསྒྲིབས་པ་སངས་རྒྱས་ཀྱི་མཐར་ཕྱིན་པའི་ཡེ་ཤེས་ཁོ་ན་ཡིན་པར་མཐོང་བའོ། །མཐར་ཕྱིན་པ་སྒྲུབ་པའི་གོང་ནས་གོང་མ་རྟོགས་པ་ཞེས་བྱ ་བ་ནི་ཤེས་རབ་ཀྱི་སྣང་བ་དེ་འགྲུབ་བར་བྱས་པ་ནི་ས་དང་པོ་མན་ཆད་ཀྱི་ཏིང་ངེ་འཛིན་གོང་ནས་གོང་དུ་མངོན་བར་འགྲུབ་པ་ཡིན་པར་མཐོང་བའོ། །དེ་སྒྲུབ་པའི་གནས་ལ་སྦྱོར་བ་ཞེས་བྱ་བ་ནི་ཤེས་རབ་ཀྱི་སྣང་བ་དེ་སྒྲུབ་པའི་གནས ་ནི་བསམ་གཏན་དང། ཏིང་ངེ་འཛིན་ཡིན་ལ་དེ་ལ་སྦྱོར་བ་ནི་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་མཉམ་པ་སྔོན་དུ་འགྲོ་བ་ཡིན་པར་མཐོང་བ་སྟེ། འདིའི་དུས་ན་གང་ཟག་ལ་མངོན་པར་ཞེན་པས་འཕགས་པ་ཆོས་ཁོངས་སུ་ཆུང་བའི ་མངོན་པའི་ང་རྒྱལ་ནི་ཡོད་དོ། །དེ་ལ་ཀུན་ནས་ཉོན་མོངས་པ་ལས་ཀུན་ཏུ་སྦྱོར་བས་ནི་འདོད་པའི་འདོད་ཆགས་དང་བྲལ་བར་བྱེད་ལ་ཐེག་པ་དམན་པ་ལས་ཀུན་ཏུ་བསྲུང་བའི་སྦྱོར་བས་ནི་ཉན་ཐོས་དང་རང་སངས་རྒྱས་གྱི་སར་ལྟེང་བར? ་མི་བྱེད་དོ། །ཐབས་ཡོངས་སུ་གཟུང་བས་ནི་ཤེས་རབ་ཀྱི་སྣང་བ་ཚད་མེད་པའི་གནས་སུ་གྱུར་པའི་ཏིང་ངེ་འཛིན་དང་ཐོས་པའི་གཟུངས་མངོན་པར་སྒྲུབ་པར་བྱེད་དེ་།དེ་ལ་འབད་བ་ནི་གཉེན་པོ་སྒོམ་པ་ཡིན་ནོ། །སྒོམ་པའི་འབྲས་བུ་ཐོབ་པ་གང་ཞེ་ན་།དེ་ཡང་འཐོབ་བོ་ཞེས ་བྱ་བས་བསྟན་ཏེ། ས་གསུམ་པ་ལ་འདོད་ཆགས་དང་བྲལ་བའི་འབྲས་བུས་གནས་པ་དང། འབྲས་བུའི་ཕན་ཡོན་གྱི་ཁྱད་པར་གྱིས་ཁྱད་པར་འཐོབ་པར་བསྟན་པའོ། །དེ་ལ་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་བསམ་གཏན་དང་གཟུགས་མེད་པའི ་སྙོམས་པར་འཇུག་པ་ཐོབ་པའོ། །འདོད་ཆགས་དང་བྲལ་བའི་འབྲས་བུ་ཞེས་བྱ་བ་ནི་ཚད་མེད་པ་བཞི་དང་།མངོན་པར་ཤེས་པ་ལྔ་ཐོབ་པའི་གཟུངས་ཐོབ་པའོ། །འབྲས་བུའི་ཕན་ཡོན་གྱི་ཁྱད་པར་ནི་སྔ་མ་བཞིན་ནོ། །གནས་པ་དང་ཁྱད་པར་དེ་དག ་ཐོབ་པས་ན་དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་ཞེས་བྱ་བ་གསུངས་ཏེ་།མི་མཐུན་བའི་ཕྱོགས་སྤོང་བ་དང་།གཉེན་པོ་བསྒོམས་པ་དང་།བསྒོམས་པའི་འབྲས་བུ་ཐོབ་པའི་ཕྱིར་རོ། །ས་བཞི་པའི་མི་མཐུན་པའི་ཕྱོགས་སྤང་བ་གང་ཞེ་ན་།བྱང ་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཇི་ལྟར་ཐོས་པ་དག་གིས་དེ་ལ་མེད་དུ་གནས་པར་བྱ་བ་དང་།སྙོམས་པར་འཇུག་པ་ལ་སྲེད་པ་དང་།ཆོས་ལ་སྲད་པ་ལས་སེམས་ལྷག་པར་བཏང་སྙོམས་སུ་འཇོག་མི་ནུས་པས་དེ་ཡན་ལག་དེས ་ཡོངས་སུ་རྫོགས་པ་ཡིན་ཏེ་ཞེས་བྱ་བས་བསྟན་ཏེ་།ས་བཞི་པ་མི་མཐུན་པའི་ཕྱོགས་ནི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པས་བསྡུས་པའི་ལྷན་ཅིག་སྐྱེས་པའི་ཉོན་མོངས་པ་ཕྲ་མོ་ཀུན་ཏུ་འབྱུང་བའོ། །དེ་ཡང་གསུམ་པ་ལས ་ལྷག་པའི་ཚུལ་ཁྲིམས་ལ་གནས་པའི་རྣམ་པར་དག་པའི་གཞི་དག་གིས་འཇིག་རྟེན་པའི་བསམ་གཏན་དང་།རྣམ་པར་ཐར་པ་དང་།ཏིང་ངེ་འཛིན་དང་།སྙོམས་པར་འཇུག་པ་དག་ལ་གནས་སུ་ཟིན་ཀྱང་བདེན་པ་རྟོགས་པར་བྱ་བའི་ཕྱིར་དྲན་པ་ཉེ ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་ཡང་དག་པར་རབ་ཏུ་རྣམ་པར་འབྱེད་བར་མི་ནུས་པ་དང། འཇིག་རྟེན་པའི་སྙོམས་པར་འཇུག་བ་དང་ཐོས་པའི་ཆོས་ལ་སྲེད་པ་ལས ་སེམས་ལྷག་པར་བཏང་སྙོམས་སུ་འཇོག་མི་ནུས་པ་ཉིད་ཡིན་པ་དང་སྦྱར་རོ། །གཉེན་པོ་བསྒོམས་པ་གང་ཞེ་ན་།དེ་ཡན་ལག་དེས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་ཞེས་བྱ་བས་བསྟན་ཏེ། ས་གསུམ་པ་ནས་བཞི་པར་འཕར ་བའི་གནས་སྐབས་ན། རྣམ་པར་དག་པ་དང་གཉེན་པོ་བསྒོམ་པ་འཕེལ་བའི་རྒྱུ་རྣམ་པར་བཞག་པ་ཞེས་བྱ་བ་ཆོས་ལ་སྣང་བས་འཇུག་པ་ཐོབ་པས་གསུམ་པ་ལས་འཕར་ཞིང་བཞི་བ་ནོད་པར་གྱུར་པ་དེ་ལ་འབད ་པའོ། །དེ་ལ་རྣམ་པར་དག་པ་དང་གཉེན་པོ་སྒོམས་པ་འཕེལ་བའི་རྒྱུ་ཞེས་བྱ་བ་ནི་ས་གསུམ་པ་ལ་སྣང་བ་ཤིན་ཏུ་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་ཨི་ས་གཞི་གནོད་པ་ནས་བཞི་པ་རྣམ་པར་དག་པ་འཕེལ་བ་ཞེས་བྱ་བ་ཡེ་ཤེས ་ཡོངས་སུ་སྨིན་པར་བྱེད་བའི་ཆོས་ཀྱི་ཡེ་ཤེས་ཡོངས་སུ་སྨིན་པས་དེ་བཞིན་གཤེགས་པའི་རིགས་སུ་དེའི་བདག་ཉིད་ཀྱི་ཆོས་ཐོབ་པའི་ཕྱིར་དེ་བཞིན་གཤེགས་པའི་རིགས་སུ་ཡང་དག་པར་གྲུབ་པ་དང། གཉེན་པོ་སྒོམ་པ་འཕེལ་པ ་ཞེས་བྱ་བ་ཀུན་ནས་ཉོན་མོངས་པའི་གཉེན་པོ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་བའི་ཆོས་བསྒོམ་པ་འཕེལ་བར་འགྱུར་བ་དེ་གཉིས་ཀྱི་རྒྱུའོ། །ཆོས་ལ་སྣང་བས་འཇུག་པ་ཞེས་བྱ་བ་དེ་བཞིན་གཤེགས་པའི ་བསྟན་བའི་ཆོས་རྣམ་པར་དཔྱད་པ་ཐ་དད་པ་ལས་གསུམ་པའི་ས་རྟོགས་པའི་ཤེས་རབ་ཀྱི་སྣང་བས་ཆོས་རྣམ་པར་དཔྱད་པ་ཐ་དད་པ་དེ་དག་རྟོགས་པར་བྱེད་པ་སྟེ་།དེ་ནི་ས་གསུམ་པའི་དུས་ན་གང་ཟག་ལ་མངོན་པར་ཞེན་བས་འཕངས་པ ་ཆོས་ཁོང་དུ་ཆུང་བའི་ང་རྒྱལ་གྱི་གཉེན་པོ་དགས་གཞི་པ་ཉིད་ཀྱི་རྣམ་པར་དག་པ་དང་།གཉེན་བོ་སྒོམ་པ་འཕེལ་བའི་རྒྱུ་ཡང་ཡིན་ཏེ་།དེ་ལ་འབད་བ་ནི་གཉེན་བོ་སྒོམ་པ་ཡིན་ནོ། །སྒོམ་པའི་འབྲས་བུ་འཐོབ་པ་གང་ཞེ་ན་དེ་ཡང་འཐོབ་བོ་ཞེས་བྱ་བས་བསྟན་ཏེ ་ས་བཞི་པ་རྣམ་པར་དག?་པ་འཕེལ་བ་རྣམ་པར་གཞག་པ་དང་།གཉེན་པོ་བསྒོམས་པ་རྣམ་པར་འཕེལ་བ་རྣམ་པར་གཞག་པ་དང་།དེའི་འབྲས་བུ་རྣམ་པར་བཞག་པས་གནས་དང་འབྲས་བུའི་ཁྱད་པར་གྱི་ཁྱད་པར་ཐོབ་པ་བསྟན་པ་ཐོབ་པའོ། །དེ་ལ ་དག་བ་འཕེལ་བ་ཞེས་བྱ་བ་ནི་ཡོངས་སུ་སྨིན་པར་བྱེད་པའི་ཆོས་ཀྱི་ཡོངས་སུ་སྨིན་བས་དེ་བཞིན་གཤེགས་པའི་རིགས་སུ་དེ་བདག་ཉིད་ཀྱི་ཐོབ་པའི་ཕྱིར་དེ་བཞིན་གཤེགས་པའི་རིགས་སུ་ཡང་དག་པར་འགྲུབ་པ་ཡིན་ནོ། །དེ་ལ་ཡེ་ཤེས་ཡོངས་སུ་སྨིན་པར་བྱེད་བའི ་ཆོས་ཐོབ་པ་ཞེས་བྱ་བ་ནི་ཡིས་བཞི་པོ་རང་གི་གནས་ལ་གནས་པའི་ཡེ་ཤེས་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་ཆེན་པོ་ལ་གནས་པ་ཡོངས་སུ་སྨིན་པར་བྱེད་པའི་ཆོས་ཀྱི་ཕྱིར་མི་ལྡོག་པའི་བསམ་པ་དང་།དཀོན་མཆོག་གསུམ་ལ་དད་པ་དང་ལྡན ་པའི་ཡེ་ཤེས་དཀོན་མཆོག་གསུམ་གྱི་རྣམ་པ་ཤེས་ནས་དད་པ་ཡོངས་སུ་སྨིན་པར་བྱེད་པའི་ཆོས་དཀོན་མཆོག་གསུམ་ལ་དད་པ་མི་བྱེད་པའི་མཐར་ཐུག་པའི་འགྲོ་བ་དང་།དེ་བཞིན་ཉིད་ཀྱི་ཡེ་ཤེས་གང་ཟག་དང། ཆོས་བདག་མེད་པའི་དེ་བཞིན ་ཉིད་ཤེས་པ་ཡོངས་སུ་སྨིན་པར་བྱེད་པའི་ཆོས་འདུ་བྱེད་ཀྱི་སྐྱེ་བ་དང་འཇིག་པ་དང། རང་བཞིན་གྱིས་མ་སྐྱེས་པར་རྣམ་པར་འཇིག་པ་དང་།རྣམ་པར་བཞག་བའི་ཡེ་ཤེས་ཀུན་ནས་ཉོན་མོངས་པ་དང་།རྣམ་པར་བྱང་བ་རྣམ ་པར་བཞག་པ་ཤེས་པ་ཡོངས་སུ་སྨིན་པར་བྱེད་བའི་ཆོས་འཇིག་རྟེན་འབྱུང་བ་དང་།ལས་ཀྱི་སྲིད་པར་སྐྱེ་བ་ལ་རྣམ་པར་འཇིག་པ་ལ་སོགས་པ་ཐོབ་པའོ། །དེ་བཞིན་གཤེགས་པའི་རིགས་སུ་དེའི་བདག་ཉིད་ཀྱི་ཆོས་ཐོབ་པ་ཞེས་བྱ་བ་ནི་ཆོས་གང་ ་གི་དེ་བཞིན་གཤེགས་པ་རབ་ཏུ་ཕྱེ་བ་ཤེས་བྱའི་སྒྲིབ་པ་སྤྱོད་པ་ཡོངས་སུ་འཛིན?་པར་འགྱུར་བའི་ཆོས་ཐོབ་པའོ། །དེ་བཞིན་གཤེགས་པའི་རིགས་སུ་ཡོངས་སུ་གྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟར་ཡེ་ཤེས་ཡོངས་སུ་སྨིན་པར་བྱེད་པའི་ཆོས་ཀྱི་ཡེ ་ཤེས་ཡོངས་སུ་སྨིན་པས་མང་དུ་ཐོས་པའི་གནས་ཀྱིས་ཡེ་ཤེས་ཁྱད་པར་དུ་ཞུགས་པར་གྱུར་པས་ཤེས་བྱའི་སྒྲིབ་པ་སྤོང་བ་ཡོངས་སུ་འཛིན་པའི་ཁྱད་པར་ཡོངས་སུ་གྲུབ་པ་སྟེ་།དེའི་དུས་ན་དུས་གསུམ་གྱིས་སངས་རྒྱས་རྣམས་ཀྱི་སྟོབས་ལ་སོགས ་རྣམ་པར་དག་པའི་རྒྱུད་ཐ་དད་པ་ལྟ་བའི་ང་རྒྱལ་ནི་ཡོད་དོ། །གཉེན་པོ་བསྒོམས་པའི་འཕེལ་བ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་བའི་གཉེན་པོ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་བསྒོམ་པ་འཕེལ་བའོ། །དེ་ཡང་རྣམ་བ་གཉིས་ཏེ། ་ཀུན་ནས་ཉོན་མོངས་པ་ལས་ཀུན་ཏུ་བསྲུང་བའི་ཕྱིར་བསྒོམ་བ་འཕེལ་བ་དང་ཐེག་པ་དམན་བ་ལས་ཀུན་ཏུ་བསྲུང་བའི་ཕྱིར་བསྒོམ་པ་འཕེལ་བའོ?། །དེ་ལ་ཀུན་ནས་ཉོན་མོངས་པ་ལ་ཀུན་ཏུ་བསྲུང་བའི་ཕྱིར་སྒོམ་ལ་འཕེལ་བ་ཞེས་བྱ་བ་ནི་འདོད་བའི་འདོད་ཆགས་ལ་སོགས་པ་སྒོམ་པས་སྤང་པར་བྱ་བའི ་ཀུན་ནས་ཉོན་མོངས་བ་སྤང་བའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་བསྒོམ་པའོ། །ཐེག་པ་དམན་པ་ལས་ཀུན་ཏུ་བསྲུང་བའི་ཕྱིར་སྒོམ་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་དེ་དག་སེམས་ཅན་ཐམས་ཅད་ལྟ་བ ་དང་བཅས་པས་སྒོམ་པའོ། །དེའི་འབྲས་བུ་ཞེས་བྱ་བ་ནི་རྣམ་པ་དྲུག་སྟེ། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་སྤང་བ་དང། ལས་ཀྱི་ཀུན་ནས་ཉོན་མོངས་པ་སྤང་པ་དང། ཁྱད་པར་ཐོབ་པར་བྱ་བའི་ཕྱིར་འདུན་པ་དྲག་པོ་དང་། ་དེ་སྟོན་པའི་སྟོན་པ་ལ་བྱས་པ་གཟོ་བ་དང་།དེའི་ཐབས་ལ་སྦྱོར་བ་ལ་བརྩོན་འགྲུས་བརྩམས་པ་དང་།དེ་སྔོན་དུ་འགྲོ་བའི་ཁམས་རྟས་པའོ། །འབྲས་བུའི་ཕན་ཡོན་གྱི་ཁྱད་པར་ནི་སྔ་མ་བཞིན་ནོ། །གནས་དང་ཁྱད་པར་དེ་དག་ཐོབ ་བས་ན་དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་ཞེS་པ་གསུངས་ཏེ་།མི་མཐུན་པའི་ཕྱོགས་སྤངས་པ་དང་།གཉེན་པོ་སྒོམ་པ་དང་།བསྒོམ་པའི་འབྲས་བུ་ཐོབ་བའི་ཕྱིར་རོ། །ས་ལྔ་པའི་མི་མཐུན་པའི་ཕྱོགས་སྤང་བ་གང་ཞེ་ན། བདེན་པ་རྣམས་རྣམ་པར་བརྒྱད ་བ་དང་འཁོར་བ་དང་མྱ་ངན་ལས་འདས་པ་དག་པ་གཅིག་ཏུ་མི་ཕྱོགས་བ་ཉིད་དང་།མངོན་དུ་ཕྱོགས་པའི་ཡིད་ལ་བྱེད་པ་རྟག་པར་བཏང་སྙོམས་སུ་བཞག་པ་སྟེ། ཐབས་ཀྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་བསྒོམ་པར ་མི་ནུས་པས་དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་ཏེ་ཞེས་བྱ་བས་བསྟན་ཏེ། ས་ལྔ་པའི་མི་མཐུན་པའི་ཕྱོགས་ནི་ཐེག་པ་དམན་པས་ཡོངས་སུ་མྱ་ངན་ལས་འདའ་བའ་ཨོ། །དེ་ཡང་ས་བཞི་པ་ལ་འཇིག་རྟེན་པའི་ཤེས་པ་རྣམ་པར་དག་བའི ་གནས་སུ་གྱུར་པའི་ཏིང་ངེ་འཛིན་ལ་བརྟེན་ནས་བདེན་པ་རྟོགས་པར་བྱ་བའི་ཕྱིར་དྲན་པ་ཉེ་བར་གཞག་པ་ལ་པ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་ཡང་དག་པར་རབ་ཏུ་རྣམ་པར་འབྱེད་པ་ལ་གནས་སུ་ཟིན་ཀྱང་གནS ་པའི་བདེན་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་མི་ནུས་པ་དང་།དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་སྟོབས་ལ་སོགས་པ་རྣམ་པར་དག་པའི་རྒྱུ་ཐ་དད་པར་ལྟ་བའི་ང་རྒྱལ་ཡོད་པ་ཉིད་ཡིན་པར་སྦྱར་རོ། །གཉེན་ལོ་སྒོམ་པ ་གང་ཞེ་ན་དེ་ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་ཞེས་བྱ་བས་བསྟན་ཏེ། ས་གཞི་པ་ནས་ལྔ་བར་འཕར་བའི་གནས་སྐབས་ན་ང་རྒྱལ་གྱི་ཁྱད་པར་གྱི་གཉེན་པོ་རྣམ་བར་བཞག་པ་ཞེས་བྱ་བ་རྣམ་པར་དག་པ་ལ་སེམས་ཀྱི ་མཉམ་པ་ཉིད་ཐོབ་བས་ས་བཞི་པ་ལས་འཕར་ཞིང་ས་ལྔ་པ་གནོན་པར་གྱུར་པ་དེ་ལ་འབད་པོའོ། །དེ་ལ་ང་རྒྱལ་གྱི་ཁྱད་པར་གྱི་གཉེན་པོ་རྣམ་པར་བཞག་པ་ཞེས་བྱ་བ་ནི་བྱང་ཆུབ་སེཾས་དཔའ་ཨི་ས་བཞི་པ་ལ་ལམ་ཡོངས་སུ་རྫོགས་པར་བྱས་བའི་བྱང ་ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའ་ཨི་ས་ལྔ་པ་ལ་འཇུག་པ་ན་།དེས་སྔར་ས་གསུམ་པ་ལ་གང་ཟག་ལ་མངོན་པར་ཞེན་པས་འཕངས་པ་ཆོས་ཁོངས་སུ་ཆུད་པའི་ང་རྒྱལ་སྤངས་ཀྱང་།ས་བཞི་པ་ཉིད་ཀྱི་ཚེ་ན་རྣམ་པར་དག ་པ་འཕལ་བས་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་སྟོབས་ལ་སོགས་པ་རྣམ་པར་དག་པའི་རྒྱུད་ཐ་དད་པར་ལྟ་བའི་མངོན་བའི་ང་རྒྱལ་མ་སྤངས་པས་ང་རྒྱལ་སྔ་མ་ལ་ཁྱད་པར་དུ་གྱུར་བའི་ང་རྒྱལ་དེའི་གཉེན་པོ་རྣམ་པར་བཞག་པ ་ཡིན། །རྣམ་པར་དག་པ་ལ་སེམས་ཀྱི་མཉམ་པ་ཉིད་ཅེས་བྱ་བ་ལ་རྣམ་པར་དག་པ་ཅེས་བྱ་བ་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་སྟོབས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམ་པར་དག་བ་སྟེ། དེ་ཡང་སངས་རྒྱས་ཀྱི་ཆོས་གང ་དང། ཡིན་པས་དུས་གསུམ་གྱི་སྟོབས་ལ་སོགས་བ་དག་དང་ཇི་ལྟར་སངས་རྒྱས་ཀྱི་ཆོས་རྣམས་སུ་འགྱུར་བ་ཚུལ་ཁྲིམས་དང་།ཏིང་ངེ་འཛིན་དང། ཤེས་རབ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དག་གོ་།སེམས་ཅན་གྱི་བསམ་པ ་མཉམ་པ་ཉིད་ཅེས་བྱ་བ་ནི་རྣམ་པར་དག་པ་དེ་དག་གི་རྒྱུད་ཐ་མི་དད་པར་མཐོང་བ་སྟེ། དེ་ལ་འབད་པ་ནི་གཉེན་པོ་སྒོམ་པ་ཡིན་ནོ། །བསྒོམས་པའི་འབྲས་བུ་ཐོབ་པ་གང་ཞེ་ན། དེ་ཡང་འཐོབ་པ་ཞེས་བྱ་བས་བསྟན་ཏེ། ས་ལྔ་པ་མི་གནS ་པའི་ལམ་སྒྲུབ་བའི་ཁྱད་པར་རྣམ་པར་བཞག་པ་དང། དེའི་འབྲས་བུ་རྣམ་པར་བཞག་པས་གནས་པ་དང། འབྲས་བུའི་ཕན་ཡོན་གྱི་ཁྱད་པར་གཏན་པ་ཐོབ་པོ་དེ་ལ་མི་གནས་པའི་ལམ་སྒྲུབ་པའི་ཁྱད་པར་ཞེས་བྱ་བ་ནི་ཤེས་བྱ་ལ་ཤེས ་པ་རྣམ་པར་དག་པའི་ཁྱད་པར་གྱི་བདེན་པ་མངོན་པར་རྟོགས་པས་འཁོར་བ་ལམ་གནས་པ་དང། འདུས་བྱས་ཐམས་ཅད་བརྫུན་པ་ལ་སོགས་པའི་མཚན་ཉིད་དུ་རིག་ནས་སེམས་ཅན་སྙིང་བརྩེ་བས་བརྩོན་འགྲུས་སྒྲུབ་པའི ་ཁྱད་པར་གྱི་མྱ་ངན་ལས་འདས་པ་ལ་མི་གནས་པའོ། །དེ་ལ་ཤེས་བྱ་ལ་ཤེས་པ་རྣམ་པར་དག་པའི་ཁྱད་པར་གྱིས་བདེན་བ་མངོན་པར་རྟོགས་པ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། སྡུག་བསྔལ་གྱི་བདེན་པ་ལ་སོགས་པས་རབ་ཏུ་ཤེས་པའི་ཕྱིར་བདེན ་བའི་ཆོས་ཉིད་རྣམ་པར་བཞག་པ་ནི་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ་།རྒྱུ་དང་འབྲས་བུ་ཐ་དད་པས་བདེན་པ་གཉིས་ནི་ཀུན་ནས་ཉོན་མོངས་པའི་ཆོས་ཉིད་ཡིན་ལ། གཉིས་ནི་རྣམ་པར་བྱང་བའི་ཆོས་ཉིད་དུ་རྣམ་པ ་བཞག་པས་རབ་ཏུ་ཤེས་པའོ། །ཀུན་རྫོབ་ཀྱི་བདེན་པ་ལ་སོགས་པ་རབ་ཏུ་ཤེས་པའི་ཕྱིར་སེམས་ཅན་ཡོངས་སུ་གྲོལ་བའི་ཐབས་རྣམ་པར་བཞག་པ་ནི་ཉན་ཐོས་ཀྱི་འདུལ་བ་དང་།ཐེག་པ་ཆེན་པོའི་འདུལ་བ་ཐ་དད་པ་དག་ལ་།ཀུན་རྫོབ་ཀྱི ་བདེན་པ་ལ་སོགས་བ་དང། བྱང་ཆུབ་སེམས་དཔའ་ཨི་སའི་རིམ་པ་ཐམས་ཅད་ལ་མཚམས་སྦྱར་བ་སྒྲུབས་ནས་།དེ་བཞིན་གཤེགས་པའི་ཡེ་ཤེས་ཡང་དག་པར་འབྱུང་བའི་བར་གྱི་བདེན་པ་ལ་མཁས་པ་རྣམ་པར་བཞག་པ་རབ་ཏུ་ཤེས་པ་སྟེ། ་དེ་གཉིས་ཀྱིས་ནི་བདེན་པ་མངོན་པར་རྟོགས་པས་འཁོར་བ་ལ་མི་གནས་པ་བསྟན་ཏེ། འདུས་བྱས་ཐམས་ཅད་བརྫུན་པ་ལ་སོགས་པའི་མཚན་ཉིད་དུ་རིག་ནས་ཞེས་བྱ་བ་ནི་རྟག་པ་ལ་སོགས་པའི་མཚན་མ་མེད་པས་བརྫུན་པ ་དང། རྟག་པ་ལ་སོགས་པའི་མངོན་པར་ཞེས་པའི་གཞི་ཡིན་པས་བསླུ་བའི་ཆོས་ཅན་དང་དར་བའི་མཛའ་རྒུད་པ་ཡིན་པས་འདུ་བྱེད་པས་དང་ཕུན་སུམ་ཚོགས་པས་སྐྱ་བོ་བླུན་པོ་ཕྱོགས་པའི་ཕྱིར་བྱིས་པ་འདྲིས་པར་རིག་པར་བྱའོ།། ་སེམས་ཅན་རྣམས་ལ་སྙིང་བརྩེ་པས་ཞེས་བྱ་བ་ནི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་མངོན་དུ་འགྱུར་ཞིང། བྱམས་པ་ཆེན་པོའི་སྣང་བ་ཡང་རབ་ཏུ་འབྱུང་བ་སྟེ། དེ་ལ་སྙིང་རྗེ་ཆེན་པོ་ནི་རྒྱུ་གཉིས་ཀྱི་མངོན་དུ་འགྱུར་ཏེ། རྟེན་ཅིང ་འབྲེལ་བར་འབྱུང་བ་ལ་སོ་སོར་རྟོག་བས་སྡུག་བསྔལ་ལ་ཡང་དག་པར་ཇི་ལྟ་བ་བཞིན་དུ་དམིགས་པ་དང་དུས་རིང་བོ་ནས་འབྲེལ་བའི་སྡུག་བསྔལ་རྣམ་པ་སྣ་ཚོགས་ལ་སོ་སོར་རྟོག་པས་སྡུག་བསྔལ་དྲག་པོ་ལ་དམིགས་པ་ལས་སོ། ། ་བྱམས་བ་ཆེན་པོའི་སྣང་བ་ནི་དེ་ལྟར་སྡུག་བསྔལ་གྱིས་ཉམ་ཐག་པའི་སེམས་ཅན་དེ་དག་ཤིན་ཏུ་རྣམ་པར་དག་པ?་ཐོབ་པར་གྱུར་པ་ནས། སྟོབས་བཅུའི་སྟོབས་ཀྱི་ཡེ་ཤེས་ཆགས་པ་མེད་པའི་བར་གྱི་མཐར་ཐུག་པ་ཐོབ་བར་བྱ་བའི་དོན་དུ་འབྱུང ་བར་འགྱུར་རོ། །བརྩོན་འགྲུས་སྒྲུབ་པའི་ཁྱད་པར་ཞེས་བྱ་བ་ནི་དེ་དག་གི་དོན་དུ་བདག་ཉིད་གཅིག་པུ་གཉིས་སུ་མེད་པར་གྱུར་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོགས་ཤིང་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་བར་བྱེད་བ་སྟེ། དེ་དག་གིས་ནི་མྱ ་ངན་ལས་འདས་པ་ལ་མི་གནས་པ་བསྟན་ཏོ། །དེའི་འབྲས་བུ་རྣམ་པར་བཞག་པ་ཞེས་བྱ་བ་ནི་རྣམ་པ་བཞི་སྟེ། ཡོན་ཏན་ཡོངས་སུ་འཛིན་པའི་ཁྱད་པར་རྣམ་པར་བཞག་པ་དང། སྒྲུབ་པའི་ཁྱད་པར་རྣམ་བར་བཞག་བ་དང། སེམས་ཅན་ཡོངས་སུ་སྨིན་པར ་བྱེད་པའི་ཁྱད་པར་རྣམ་པར་བཞག་པ་དང་།དེ་དང་མཐུན་པར་འཇིག་རྟེན་པའི་ཤེས་པ་མངོན་པར་སྒྲུབ་བའི་ཁྱད་པར་རྣམ་པར་བཞག་བའོ། །དེ་ལ་ཡོན་ཏན་ཡོངས་སུ་འཛིན་བའི་ཁྱད་པར་ཞེས་བྱ་བ་ནི་ཐོས་པ་དང་།ཚུལ་ཁྲིམས་དང། ཤེས་པ་ཡོངས་སུ ་འཛིན་བའི་ཁྱད་པར་དུ་རིག་པར་བྱའོ། །སྒྲུབ་བའི་ཁྱད་པར་ཞེས་བྱ་བ་ནི་མངོན་པར་མཐོ་བའི་རྒྱུ་དང་།ངེས་པར་ལེགས་བའི་རྒྱུ་སྒྲུབ་པ་ལ་སོགས་པའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཁྱད་པར་ཞེས་བྱ་བ་ནི་བསྡུ་བའི་དངོས་པོ་བཞི ་ལ་སོགས་པའོ། །དེ་དང་མཐུན་བར་འཇིག་རྟེན་པའི་ཤེས་པ་མངོན་པར་སྒྲུབ་བའི་ཁྱད་ཞེས་བྱ་བ་ནི་གནོད་པ་དང་ཉེ་བའི་ཉོན་མོངས་པའི་གཉེན་པོ་ཡི་གེ་ལ་སོགས་པ་དང་།སྡོམ་པའི་ཆོ་ག་ལ་གནས་པ་ལ་སོགས་པའོ། །འབྲས་བུའི ་ཕན་ཡོན་ཁྱད་པར་ནི་སྔ་མ་བཞིན་ནོ། །གནས་པ་དང་ཁྱད་པར་དེ་དག་ཐོབ་པས་ན་དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་ཞེས་བྱ་བ་གསུངས་ཏེ། མི་མཐུན་པའི་ཕྱོགས་སྤངས་པ་དང་།གཉིན་པོ་བསྒོམ་པ་དང་།བསྒོམས་བའི་འབྲས་བུ་ཐོབ་པའི་ཕྱིར་རོ། །ས་དྲུག་པའི ་མི་མཐུན་པའི་ཕྱོགས་སྤོང་བ་གང་ཞེ་ན། འདུ་བྱེད་ཀྱི་འཇུག་པ་ཇི་ལྟ་བ་བཞིན་དུ་མངོན་སུམ་དུ་བྱས་ནས་དེ་ལ་སྐྱོ་བ་མང་བ་དང། མཚན་མ་མེད་པ་ཡིད་ལ་བྱེད་པས་མང་དུ་གནས་པར་མི་ནུས་པས་དེ་ཡན་ལག་དེས་ཡོངས་སུ་མ་རྫོགས་པ་ཡིན་ཏེ་ཞེས ་བྱ་བས་བསྟན་ཏེ། ས་དྲུག་པའི་མི་མཐུན་པའི་ཕྱོགས་ནི་མཚན་མ་རགས་པ་ཀུན་ཏུ་འབྱུང་བའོ། །དེ་ཡང་ས་ལྔ་པ་ལ་བྱང་ཆུབ་ཀྱི་ཕྱོགས་རབ་ཏུ་རྣམ་པར་འབྱེད་པ་ལ་བརྟེན་ནས་འཕགས་པའི་བདེན་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་པ ་ལ་གནས་སུ་ཟིན་ཀྱང་དེ་མ་ཤེས་པས་སྡུག་བསྔལ་འབྱུང་བ་རྒྱུ་དང་བཅས་པ་རབ་ཏུ་རྣམ་པར་འབྱེད་པས་རབ་ཏུ་ཕྱེ་བ་དང། དེ་ཤེས་པས་སྡུག་བསྔལ་འགོག་པ་རྒྱུ་དང་བཅས་པ་རབ་ཏུ་རྣམ་པར་འབྱེད་པས་རབ་ཏུ་ཕྱེ་བའི་སྐྱེ་བ་མང་པོ་བསྐྱེད་བར་མི ་ནུས་པ་དང་།ཆགས་པ་མེད་པའི་ཡེ་ཤེས་ལ་མངོན་པར་ཕྱོགས་པ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གནས་པ་སྣང་བའི་ཚུལ་གྱིས་མངོན་དུ་མ་གྱུར་པར་མཚན་མ་མེད་པ་ཡིད་ལ་བྱེད་པས་མང་དུ་གནས་པར་ནི་ནུས་པ་ཉིད་ཡིན་བར ་སྦྱར་རོ། །གཉེན་པོ་སྒོམ་བ་གང་ཞེ་ན། དེ་ཡན་ལག་དས?་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་ཞེས་བྱ་བ་བསྟན་ཏེ། ས་ལྔ་པ་ནས་ས་དྲུག་པར་འཕར་བའི་གནས་སྐབས་ན། ང་རྒྱལ་གྱི་ཁྱད་པར་གྱི་གཉེན་པོ་རྣམ་པར་གཞག་པ་ཞེས་བྱ་བས ་ཆོས་མཉམ་པ་ཉིད་ཐོབ་བས་ས་ལྔ་པ་ལས་འཕར་ཞིང་དྲུག་པ་གནོན་པར་འགྱུར་བ་དེ་ལ་འབད་བའོ། །དེ་ལ་ང་རྒྱལ་གྱི་ཁྱད་པར་གྱི་ཁྱད་བར་རྣམ་པར་བཞག་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་ས་ལྔ་པ་ལ་ལམ་ཤིན་ཏུ་ཡོངས་སུ ་རྫོགས་བའི་བྱང་ཆུབ་སེམས་དཔའ་ཨི་ས་དྲུག་པ་ལ་འཇུག་པ་ན། སྔར་ས་བཞི་པ་ལས་གསུམ་པའི་དུས་ན་གང་ཟག་ལ་མངོན་པར་ཞེན་བས་འཕངས་པ་ཆོས་ཁོངས་སུ་ཆུད་པའི་མངོན་པའི་ང་རྒྱལ་གྱི་གཉེན་པོ་བསྟན་པ་དང། ས་ལྔ་པས་བཞི ་བའི་དུས་ན་དུས་གསུམ་གྱི་སྟོབས་ལ་སོགས་པ་རྣམ་པར་དག་པའི་རྒྱུད་ཐ་དད་བ་ལྟ་བའི་མངོན་པའི་ང་རྒྱལ་གྱི་གཉེན་པོ་བསྟན་པ་དེ་ལས་ཁྱད་པར་དུ་གྱུར་པས་ལྔ་པའི་དུས་ན་ཆོས་ལ་མངོན་པར་ཞེན་བ་ལས་བྱུང་བའི་ཀུན་ནས་ཉོན་མོངས་བ ་དང། རྣམ་པར་བྱང་བའི་ཆོས་ཐ་དད་བར་ལྟ་བའི་མངོན་པའི་ང་རྒྱལ་དེའི་གཉེན་པོ་རྣམ་པར་བཞག་པ་ལ་བྱའོ། །ཆོས་མཉམ་པ་ཉིད་ཐོབ་པས་ཞེས་བྱ་བས་ནི་སྐྱེ་མཆེད་བཅུ་གཉིས་པོ་དག་གི་ཀུན་བརྟགས་པའི་ངོ་བོ་ཉིད་མེད་བར་མཉམ་པ་ཉིད ་དུ་རྟོགས་པ་སྟེ། དེ་ལ་འབད་པ་ནི་གཉེན་པོ་བསྒོམ་པ་ཡིན་ནོ།། བསྒོམས་པའི་འབྲས་བུ་ཐོབ་པ་གང་ཞེ་ན། དེ་ཡང་འཐོབ་བོ་ཞེས་བྱ་བས་བསྟན་ཏེ། ས་དྲུག་པ་ལ་མི་གནས་པར་ལམ་སྒྲུབ་པའི་ཁྱད་པར་རྣམ་པར་བཞག་པ་དང་།དེའི་འབྲས་བུ་རྣམ ་པར་བཞག་བས་གནས་པ་དང། འབྲས་བུའི་ཕན་ཡོན་གྱི་ཁྱད་པར་གྱིས་ཁྱད་པར་བསྟན་པ་ཐོབ་པའོ། །དེ་ལ་མི་གནས་པའི་ལམ་སྒྲུབ་པའི་ཁྱད་པར་ཞེས་བྱ་བ་ནི་དུས་གསུམ་གྱི་སྙིང་རྗེའི་ཁྱད་པར་ཡོངས་སུ་འཛིན་པས་སེམས་ཅན་ལ་ལྟ་བ ་དང་བཅས་པའི་ཕྱིར་མྱ་ངན་ལས་འདས་པ་ལ་མི་གནས་པ་དང། རྟེན་ཅིང་འབྲེལ་པར་འབྱུང་བ་ཆ་ཕྲ་བའི་རྣམ་པར་ཐམས་ཅད་ལ་སོ་སོར་རྟོག་པ་ཞེས་བྱ་བ་ལ་ཡེ་ཤེས་རྣམ་པར་དག་པའི་ཕྱིར་འཁོར་བ་ལ་མི་གནས་པའོ། །དེ་ལ་དུས ་གསུམ་གྱི་སྙིང་རྗེའི་ཁྱད་བར་ཡོངས་སུ་འཛིན་པས་སེམས་ཅན་ལ་ལྟ་བ་ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་དང་།སྙིང་རྗེ་ཆེན་པོ་ལ་དབང་བྱ་བ་དང་།སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འཇིག་རྟེན་གྱི་འབྱུང་བ་དང། ་འཇིག་པ་ལ་རྣམ་པར་ལྟ་བ་སྟེ་།དེས་ནི་མྱ་ངན་ལས་འདས་པ་ལ་མི་གནས་པར་བསྟན་ཏོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཆ་ཕྲ་བའི་རྣམ་པ་ཐམས་ཅད་ལ་སོ་སོར་རྟོག་པས་ཞེས་བྱ་བ་ལ་ཡེ་ཤེས་རྣམ་པར་དག་པ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི ་འཇུག་བ་ཆ་ཕྲ་བ་ལ་སྒོ་གསུམ་ནས་རྟོག་པ་སྟེ། སྒོ་གསུམ་ནི་སྒྲུབ་པ་དང། བརྒལ་བའི་ལན་དང་།མཚན་ཉིད་རྣམ་པར་བཞག་བའི་སྒོ་དང་།དོན་དམ་པའི་བདེན་པ་རྣམ་པར་བཞག་བའི་སྒོ་དང། ཀུན་རྫོབ་ཀྱི་བདེན་པ་རྣམ་བར་བཞག་པའི་སྒོ་ནས་སོ།། ་ད་ལ་སྒྲུབ་པ་རྣམ་པར་བཞག་པ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་བདག་མེད་པ་སྒྲུབ་པའོ། །བརྒལ་བའི་ལན་རྣམ་པར་བཞག་པ་ཞེས་བྱ་བ་ནི་བདག་མེད་དུ་ཟིན་ན་བདག་ནི་མངོན་པར་ཞེན་པ་ཇི་ལྟར་འབྱུང་སྙམ་པ་ལ་བྱིས་པའི ་བློ་ཅན་དུ་གྱུར་བའི་ཕྱིར་རོ་ཞེས་ལན་བཏབ་བོ། །མཚན་ཉིད་རྣམ་པར་བཞག་པ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་དག་མཚན་ཉིད་གང་གིས་རྣམ་པར་གནས་ཤིང་འབྱུང་བ་རྣམ་པར་བཞག་པའོ། །དོན་དམ ་པའི་བདེན་པ་རྣམ་པར་བཞག་བའི་སྒོ་ཞེས་བྱ་བ་ནི་ཇི་ལྟར་དེ་ཡོངས་སུ་ཤེས་པས་རྣམ་པར་གྲོལ་བར་གྱུར་པ་དེ་ཡོངས་སུ་བརྟག་པའོ། །ཀུན་རྫོབ་ཀྱི་བདེན་པ་རྣམ་པར་བཞག་པའི་སྒོ་ཞེས་བྱ་བ་ནི་ཇི་ལྟར་ཡོངས་སུ་རྟོགས་པས་དོན་དམ་བའི་བདེན ་པ་ལ་འཇུག་པ་སྟེ། དོན་རྣམ་པ་དྲུག་སྟེ་།ཀུན་ནས་ཉོན་མོངས་བའི་གནས་ཡོངས་སུ་བརྟག་པ་དང་།རྒྱུ་ཉིད་དུ་ཡོངས་སུ་བརྟག་པ་དང་།ཉེས་དམིགས་བསྡུ་བར་ཡོངས་སུ་བརྟག་པ་དང་།ཉེས་པ་སྤང་བ་ཡོངས་སུ་བརྟག་པ་དང། ཡིད་མི་འབྱུང་བ ་དང། ཡིད་འབྱུང་བའི་རྒྱུར་ཡོངས་སུ་བརྟག་པ་དང། ཟབ་པ་ཉིད་དུ་ཡོངས་སུ་བརྟག་པའོ། །དེ་ལ་ཀུན་ནས་ཉོན་མོངས་པའི་གནས་ཡོངས་སུ་བརྟག་པ་ཞེས་བྱ་བ་ནི་སྲིད་པའི་ཡན་ལག་རྣམས་བདག་དང་བྲལ་བའི་སེམས་ཙམ་ལ་བརྟེན་པས ་སེམས་གཅིག་བུ་ལ་བརྟེན་པར་ཡོངས་སུ་བརྟག་པའོ། །རྒྱུ་ཉིད་ཡོངས་སུ་བརྟག་པ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། རང་གི་བྱ་བ་བྱེད་བས་ཡན་ལག་གཞན་གྱི་རྒྱུད་ཡོངས་སུ་བརྟག་བའི་ཕྱིར་གཞན་གྱི་རྒྱུད་ཡོངས་སུ་བརྟག་པ་དང་།མ་རིག་པ ་ལ་སོགས་པ་རང་གི་རིགས་ཀྱི་རྒྱུའི་དངོས་པོར་རྐྱེན་དུ་ཡོངས་སུ་བརྟག་པའི་ཕྱིར་བདག་ཉིད་དུ་ཡོངས་སུ་བརྟག་པའོ།། ཉེས་དམིགས་བསྡུས་པར་ཡོངས་སུ་བརྟག་བ་ཞེས་བྱ་བ་ནི་ཡན་ལག་བཅུ་གཉིས་ཉོན་མོངས་པ་དང། ལས་དང་སྡུག་བསྔལ་གྱི་ལམ ་གསུམ་གྱིས་བསྡུས་པར་བརྟག་པའོ། །ཉེས་པ་ཡོངས་སུ་སྤང་བར་བརྟག་པ་ཞེས་བྱ་བ་ནི་།རྟེན་ཅིང་འབྲེལ་བར་འབྱུང་བ་སྨྲ་བ་ལ་ཉེས་པ་གསུམ་ཡོད་བ་གཞན་རྟོག་པ་ཡོངས་སུ་སྤངས་བ་སྟེ། ཉེས་བ་གསུམ་ནི་རྒྱུ་བྱེ་བྲག་མེད་བའི་ཕྱིར་ཐམས ་ཅད་ཀྱི་ལུས་ཅིག་ཅར་མངོན་པར་འགྲུབ་བའི་ཉེས་པ་དང་།བྱེད་པོ་མེད་པ་ལས་བདག་གིར་བྱ་བ་མེད་པར་འགྱུར་བའི་ཉེས་པ་དང། འབྲས་བུ་མ་བསྐྱེད་བར་རྒྱུ་འགག་པས་ལས་རྣམས་ཆུང་ཟ་བའི་ཉེས་པ་སྟེ། ཉེས་པ་དེ་གསུམ་ནི་དུས་གསུམ ་གྱི་མཐར་བལྟས་པས་རིམ་བཞིན་དུ་ཡོངས་སུ་སྤང་བར་བརྟག་གོ། ཡིད་མི་འབྱུང་བ་དང། ཡིད་འབྱུང་བའི་རྒྱུ་ཡོངས་སུ་བརྟག་བ་ཞེས་བྱ་བ་ནི་སྡུག་བསྔལ་གསུམ་ལས་འདུ་བྱེད་ཀྱི་སྡུག་བསྔལ་ཆ་ཕྲ་མོ་ནི་ཡིད་འབྱུང་བར་མི་འགྱུར་ལ། སྡུག་བསྔལ ་གྱི་སྡུག་བསྔལ་དང་།འགྱུར་བའི་སྡུག་བསྔལ་དགས་པས་ནི་ཡིད་འབྱུང་བར་བརྟག་གོ། ཟབ་པ་ཉིད་ཡོངས་སུ་བརྟག་པ་ཞེས་བྱ་བ་ནི་རྣམ་པ་བཞི་སྟེ། རང་གི་རྒྱུད་ལས་བྱུང་བའི་ཕྱིར་སྲིད་པའི་ཡན་ལག་རྣམས་གཞན་གྱིས་མ་བྱས་པ་དང། ་རྐྱེན་ལས་བྱུང་བའི་ཕྱིར་སྲིད་བའི་ཡན་ལག་རྣམས་བདག་གིས་མ་བྱས་པ་དང། བྱ་བའི་དུས་ན་མི་གནས་པས་བྱེད་བ་མེད་པའི་ཕྱིར་སྐྱེ་བ་ཙམ་ལ་རག་ལས་པས་གཉིས་ཀ་མ་བྱས་པ་དང། སྲིད་པའི་ལུགས་བཞིན་དུ་འབྱུང་བས་རྒྱུ ་མེད་བ་ལས་མ་བྱུང་བས་ཟབ་པར་ཡོངས་སུ་བརྟག་པ་སྟེ། དེ་དག་གིས་ནི་ཤེས་བྱལ་ཡེ་ཤེས་རྣམ་པར་དག་པའི་ཕྱིར་འཁོར་བ་ལ་མི་གནས་པར་བསྟན་ཏོ། །དེའི་འབྲས་བུ་རྣམ་བར་བཞག་བ་ཞེས་བྱ་བ་ནི་རྣམ་པ་ལྔ་སྟེ། གཉེན་པོ་འཐོབ་པ་དང། མི་མཐུན་བའི ་ཕྱོགས་ཉམས་པའི་ཁྱད་པར་དང། སྒྲུབ་པ་དང་གནས་པའི་ཁྱད་པར་ཐོབ་པ་དང། ཏིང་ངེ་འཛིན་གྱི་ཁྱད་པར་ཐོབ་པ་དང། བསམ་བའི་ཁྱད་པར་ཐོབ་བ་དང། ནུས་པའི་ཁྱད་པར་ཐོབ་པ་རྣམ་པར་བཞག་པའོ། །དེ་ལ་གཉེན་པོ་ཐོབ་པ་དང་མི་མཐུན་བའི་ཕྱོགས ་ནམས་བའི་ཁྱད་པར་ཞེས་བྱ་བ་ལ། གཉེན་བོ་ཐོབ་པ་ཞེས་བྱ་བ་ནི་རྣམ་པར་ཐར་པའི་སྒོ་གསུམ་པོ་དག་ཐོབ་པའོ་།མི་མཐུན་པའི་ཕྱོགས་ཉམས་པ་ཞེས་བྱ་བ་ནི་འདུ་ཤེས་རྣམ་པ་གསུམ་པོ་བདག་དང་གཞན་གྱི་འདུ་ཤེས་དང། བྱེད་པ་པོ་དང། ཚོར་བ ་པོའི་འདུ་ཤེས་དང། ཡོད་པ་དང་མེད་བའི་འདུ་ཤེས་དང་བྲལ་བའོ།། སྒྲུབ་པ་དང་གནས་ཀྱི་ཁྱད་པར་ཐོབ་པ་ཞེས་བྱ་བ་ལ་སྒྲུབ་པའི་ཁྱད་པར་ནི་སྒྲུབ་པ་རྣམ་པ་གཉིས་ཏེ། གོ་ཆའི་སྒྲུབ་པ་འདུས་བྱས་ལ་ཉེས་པ་མང་པོའི་སྐྱོན་ཆགས་བར་ཡོངས་སུ་ཤེས་པས ་ལས་དང་ཉོན་མོངས་པའི་འཆིང་བ་དང། སྐྱེ་བའི་ཚོགས་བ་སྤང་བ་སེམས་ཅན་གྱི་དོན་བྱེད་པ་ཁྱད་པར་ཅན་དང་།སྐྱེས་བུའི་བྱེད་པའི་སྒྲུབ་པ་རྣམ་པར་སུན་འབྱིན་བའི་གཉེན་པོ་ཉེས་པ་མང་པོ་སྐྱོན་ཆགས་པར་སོ་སོར་རྟོག་པ་དང། སྤོང་བའི་གཉེན་པོས་རང ་དང་སྤྱིའི་མཚན་ཉིད་རང་བཞིན་གྱིས་མེད་པར་སོ་སོར་རྟོག་པའོ། །གནས་པའི་ཁྱད་པར་ནི་ཡེ་ཤེས་དང་སྙིང་རྗེའི་ཁྱད་པར་དང་ལྡན་པས་མི་གནས་པའི་ལམ་ལ་གནས་པ་དང་།དེའི་ཚོགས་ཡོངས་སུ་མ་རྫོགས་པའི་ཕྱིར་ཆགས་པ་མེད་པའི་ཡེ་ཤེས ་ལ་མངོན་པར་ཕྱོགས་པ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་སྣང་བའི་ཚུལ་གྱི་མངོན་དུ་གྱུར་པ་དང། འདུས་བྱས་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་རབ་ཏུ་རྟོགས་པས་དེ་དང་མི་འགྲོགས་མི་གནས་བའོ། །ཏིང་ངེ་འཛིན་ ་གྱི་ཁྱད་པར་ཞེས་བྱ་བ་ནི་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་སྒོ་ཏིང་ངེ་འཛིན་འབུམ་ཕྲག་བཅུ་མངོན་དུ་གྱུར་པའོ། །བསམ་པའི་ཁྱད་པར་ཞེས་བྱ་བ་ནི་བསྟན་པའི་ཕྱིར་མི་ཕྱེད་པའི་བསམ?་པ་དེ་བཞིན་གཤེགས་པའི་བྱང ་ཆུབ་ལ་ཤིན་ཏུ་སོང་པ་ཐོབ་པའོ། །ནུས་པའི་ཁྱད་པར་ཞེས་བྱ་བ་ནི་ཕས་ཀྱི་གོལ་པ་ཚར་གཅོད་པའི་ནུས་པ་དང། ཐེ་ཚོམ་སེལ་བའི་ནུས་པ་དང། ཐེག་པ་ལ་མི་གཡོ་བའི་ནུས་པ་དང། གསང་བའི་གནས་ལ་མོས་པའི་ནུས་པ་ལ་སོགས་པ་ཐོབ་པའོ།། ་འབྲས་བུའི་ཕན་ཡོན་གྱི་ཁྱད་པར་ནི་སྔ་མ་བཞིན་ནོ། གནས་པ་དང་ཁྱད་པར་དེ་དག་ཐོབ་པས་ན་དེ་ཡན་ལག་ངེས་ཡོངས་སུ་རྫོགས་པ་ཡིན་ཞེས་བྱ་བ་གསུངས་ཏེ། མི་མཐུན་པའི་ཕྱོགས་སྤངས་པ་དང། གཉེན་པོ་བསྒོམ་པ་དང། བསྒོམ་པའི་འབྲས་བུ་ཐོབ་པའི་ཕྱིར ་རོ། །ས་བདུན་པའི་མི་མཐུན་པའི་ཕྱོགས་སྤང་བ་གང་ཞེ་ན། བར་ཆད་མེད་པ་དང། རྒྱུན་མི་འཆད་པར་མཚན་མ་མེད་པའི་ཡིད་ལ་བྱེད་པས་མང་དུ་གནས་པར་མི་ནུས་པས་དེ་ཡན་ལག་དེས་ཡོངས་སུ་མ་རྫོགས་པ་ཡིན་ཏེ་ཞེས་བྱ་བས་བསྟན་ཏེ། ས་བདུན ་པའི་མི་མཐུན་པའི་ཕྱོགས་ནི་མཚན་མ་ཕྲ་པ་ཀུན་ཏུ་འབྱུང་བའོ། །དེ་ཡང་ས་དྲུག་པ་ལ་བརྟེན་པ་རྟོགས་པ་དེ་ཉིད་ཀྱི་དབང་དུ་བྱས་ནས་ནམ་ཤེས་པས་སྡུག་བསྔལ་འབྱུང་བ་རྒྱུ་དང་བཅས་པ་རབ་ཏུ་རྣམ་པར་འབྱེད་པས་རབ་ཏུ་ཕྱེ་བ་དང། །དེ་ཤེས་པས ་སྡུག་བསྔལ་འགོག་བ་རྒྱུ་དང་བཅས་པ་རབ་ཏུ་རྣམ་པར་འབྱེད་པས་རབ་ཏུ་ཕྱེ་བ་ལ་གནས་སུ་ཟིན་ཀྱང་མངོན་པར་འདུ་བྱེད་པ་དང་རྩོལ་བས་རྒྱུན་ཆགས་སུ་པར་ཆད་མེད་པར་ཆོས་ཐམས་ཅད་ལ་དེ་བཞིན་ཉིད་རྣམ་པར་མི་རྟོག་པའི་ཤེས་རབ་སྒོམ ་པར་མི་ནུས་པ་ཉིད་ཡིན་པར་སྦྱར་རོ། །གཉེན་པོ་སྒོམ་པ་གང་ཞེ་ན། དེ་ཡན་ལག་ངེས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་ཤེས་བྱ་བས་བསྟན་ཏེ། ས་དྲུག་པ་ནས་བདུན་པར་འཕར་བའི་གནས་སྐབས་ན་མངོན་པར་འདུ་བྱེད་པ ་མེད་བ་ལ་མངོན་པར་དགའ་བའི་གཉེན་པོ་རྣམ་པར་བཞག་པ་ཞེས་བྱ་བ་ཐབས་དང་ཤེས་རབ་ཀྱི་ཡང་དག་པར་བསྐྱེད་པའི་ལམ་གཞན་བརྩོམ་པའི་ཁྱད་པར་ཐོབ་པས་ས་དྲུག་པ་ལས་འཕར་ཞིང་བདུན་པ་ནོན་པར་འགྱུར་བ་དེ་ལ་གནོན་པའོ། །དེ་ལ་མངོན་པར ་འདུ་བྱེད་པ་མེད་པ་ལ་མངོན་པར་དགའ་བའི་གཉེན་པོ་རྣམ་པར་བཞག་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་ས་དྲུག་པ་ལ་ལམ་ཤིན་ཏུ་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་ཨི་ས་བདུན་པ་གནོན་པ་ནས་སྔར་དྲུག་པ་ལ་ཆབས་པ་མེད ་པའི་ཡེ་ཤེས་ལ་མངོན་པར་ཕྱོགས་བ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་སྣང་བའི་ཚུལ་གྱིས་མངོན་དུ་གྱུར་པས་ཤེས་རབ་ཀྱི་ཤས་ནི་ཚེ་ལ། ཐབས་ཀྱི་ཤས་ནི་ཆུང་བས་མངོན་པར་འདུ་བྱེད་པ་མེད་པ་ཉིད་ལ་སེམས ་མངོན་པར་དགའ་ཞིང་མངོན་པར་འབྱུང་བའི་ལམ་མངོན་པར་འདུ་བྱེད་པ་ལ་མི་དགའ་བའི་གཉེན་པོ་རྣམ་པར་བཞག་པའོ། །ཐབས་དང་ཤེས་རབ་ཀྱི་ཡང་དག་པར་བསྐྱེད་པའི་ལམ་གཞན་རྩོམ་པའི་ཁྱད་པར་ཞེས་བྱ་བ་ལ། ཐབས་དང ་ཤེས་རབ་ཅེས་བྱ་བ་ནི་ཆོས་བདག་མེད་པའི་ཡེ་ཤེས་སེམས་ཅན་ལ་ལྟ་བ་དད་བཅས་པའོ། །ཡང་དག་པར་བསྐྱེད་པ་ཞེས་བྱ་བ་ནི་མངོན་པར་བསྒྲུབ་པའོ། །ལམ་ཞེས་བྱ་བ་ནི་གཉེན་པོས་ཟིན་པ་མངོན་པར་འབྱུང་བའི་ལ་མོ། །གཞན་ཞེས་བྱ ་བ་ནི་འཇིག་རྟེན་ལས་འདས་པ་གཞན་དང་འཇིག་རྟེན་པའི་ངོན་པར་འབྱུང་བའི་ལམ་ལས་གཞན་དུ་གྱུར་བའོ། །བསམ་པ་ཞེས་བྱ་བ་ནི་སྒྲུབ་པའོ། །ཁྱད་པར་ཞེས་བྱ་བ་ནི་ལམ་གཞན་བརྩམ་པ་དེ་ཡོན་ཏན་བཞིས་ཁྱད་པར་དུ་འཕགས་པ་སྟེ། ་ལོངས་སྤྱོད་དང། ལུས་ཀྱི་ཁྱད་པར་གྱི་རྒྱུར་གྱུར་པ་དང། ཉེས་པར་སྤྱོད་པ་ལས་ཀུན་ཏུ་བསྲུང་པའི་རྒྱུར་གྱུར་པ་དང། དགེ་བའི་རྩ་བ་ཀུན་ཏུ་བསྲུངས་པའི་རྒྱུར་གྱུར་པ་དང་།སེམས་ཅན་ལ་ཕན་འདོགས་པའི་རྒྱུར་གྱུར་པ་སྟེ། དེ་? ་འབྲད་པ་ནི་གཉེན་པོ་བསྒོམ་པ་ཡིན་ནོ། །བསྒོམ་པའི་འབྲས་བུ་ཐོབ་པ་གང་ཞེ་ན་།དེ་ཡང་འཐོབ་པའོ་ཞེས་བྱ་བས་བསྟན་ཏེ། ས་བདུན་པ་ལ་དེའི་རྣམ་པར་གཡེང་བའི་གཉེན་པོ་རྣམ་པར་བཞག་པ་དང་།ཟུང་དུ་འབྲེལ་པའི་ལན་རབ་ཏུ ་འཐོབ་བ་རྣམ་པར་བཞག་པ་དང། ས་སྔ་ཕྱིའི་ཁྱད་པར་རྣམ་པར་བཞག་པ་དང་།དེའི་འབྲས་བུ་རྣམ་པར་བཞག་པས་གནས་པ་དང། འབྲས་བུ་ལེགས་པའི་ཁྱད་པར་གྱི་ཁྱད་པར་བསྟན་ཕ་འཐོབ་པའོ། །དེ་ལ་དེའི་རྣམ་པར་གཡེང་བའི་གཉེན་པོ ་རྣམ་པར་བཞག་པ་ཞེས་བྱ་བ་ནི་རྣམ་པར་གཉིས་ཏེ། ཞི་བའི་ཤས་ཆེ་བའི་གཉེན་པོར་དེ་བཞིན་གཤེགས་པའི་ཡུལ་ཚང་མེད་པའི་རྣམ་པའི་སྒོམ་པ་དང་ཐབས་ཀྱི་ཤས་ཆེ་བའི་གཉེན་པོར་མངོན་པར་འདུ་བྱེད་པ་མེད་པའི་ལམ་ལ་སྦྱོར་བ་ཡིན ་ནོ། །ཟུང་དུ་འབྲེལ་པའི་ལམ་རབ་ཏུ་ཐོབ་པ་རྣམ་པར་བཞག་པ་ཞེས་བྱ་བ་ནི་རྣམ་པ་བཞི་སྟེ། གཉིས་ཅིག་ཅར་རྒྱུན་དུ་འབྱུང་བ་དང། མོས་པ་རྣམ་པར་དག་པའི་ཁྱད་པ་དང། དོན་ཆེན་པོ་བྱེད་པ་དང། བྱང་ཆུབ་ཀྱི་ཕྱོགས་རབ་ཏུ་དབྱེ་བའོ།། ་དེ་ལ་གཉིས་ཅིག་ཅར་རྒྱུན་ཏུ་འབྱུང་བས་ཞེས་བྱ་བ་ནི་སྐད་ཅིག་གཅིག་ལ་ཞི་གནས་དང་ལྷག་མཐོང་གི་ལམ་གཉིས་མངོན་སུམ་དུ་བྱེད་ཅིང་སྤྱོད་ལམ་ཐམས་ཅད་དུ་དེ་དང་ལྡན་པའོ། །མོས་པ་རྣམ་པར་དག་པའི་ཁྱད་པར་ཞེས་བྱ ་བ་ནི་སྒྲིབ་པ་མེད་པས་སྤྱོད་ལམ་ཐམས་ཅད་ལ་གནས་ཤིང་དེ་བཞིན་གཤེགས་པའི་ཡུལ་ཚད་མེད་པའི་རྣམ་པ་དེ་ལྟ་བུའི་འདུ་ཤེས་ཡིད་ལ་བྱེད་པ་དང་མི་འབྲེལ་བ་ཡིན་ནོ། །དོན་ཆེན་པོ་བྱེད་པ་ཞེས་བྱ་བ་ནི་སེམས་བསྐྱེད་པ ་རེ་རེ་ལ་ཡང་ཕ་རོལ་ཏུ་ཕྱིན་པ་བཅུ་ཡང་དག་པར་སྒྲུབ་པའོ། །བྱང་ཆུབ་ཀྱི་ཕྱོགས་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི་ཐེག་པ་ཆེན་པོར་གཏོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་དང། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་རྟོགས་པའི་བསྡུ་པའི ་དངོས་པོ་རྣམས་དང། ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པར་རྟོགས་པའི་བདེན་པ་དང། བྱང་ཆུབ་ཀྱི་ཕྱོགས་དང། རྣམ་པར་ཐར་པའི་སྒོ་རྣམས་དང། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པར་རྟོགས་པའི་བྱང་ཆུབ་ཀྱི་ཡན་ལག་གི་ཆོས་མཐམས་ཅད ་སྐད་ཅིག་ལ་ཡོངས་སུ་རྫོགས་པར་འགྱུར་རོ། །ས་སྔ་ཕྱིའི་ཁྱད་པར་རྣམ་པར་བཞག་པ་ཞེས་བྱ་བ་ནི་ས་བདུན་པ་འདིས་འོག་མ་རྣམས་ལས་ཁྱད་ཞུགས་པ་དང། ས་གོང་མ་བས་དམན་པར་བསྟན་པའོ། །དེ་འོག་མ་རྣམས་ལས་ཁྱད་ཞུགས་པའི ་ཞེས་བྱ་བ་ནི་ས་བདུན་པ་ལ་སྦྱོར་བ་ཅན་གྱི་སྤྱོད་པ་ཡོངས་སུ་རྫོགས་པར་བྱེད་པས་ཡེ་ཤེས་དད་མངོན་པར་ཤེས་པའི་སྤྱོད་པ་གནོན་པའི་ཕྱིར་རོ། །ས་གོང་མ་བསང་མན་པ་ཞེས་བྱ་བ་ནི་ཡེ་ཤེས་མངོན་པར་སྒྲུབ་པར་སྦྱོར་བའི་ཡན་ལགས་རྣམས ་འབད་པ་དང་བཅས་པ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །དེའི་འབྲས་བུ་རྣམ་པར་བཞག་པ་ཞེས་བྱ་བ་ནི་ཟུང་དུ་འབྲེལ་པའི་ལམ་གྱི་འབྲས་བུ་རྣམ་པར་བཞག་པ་བཞི་སྟེ། ལས་རྣམ་པར་དག་པ་དང། ཏིང་ངེ་འཛིན་གྱི་ཁྱད་པར་ཐོབ་པ་དང ་ས་ལས་ཤིན་ཏུ་འདས་བ་དང། གནས་པའི་ཁྱད་པར་ཐོབ་པའོ། །དེ་ལ་ལས་རྣམ་པར་དག་པ་ལ་ཡང་བཞི་སྟེ། ཚུལ་ཁྲིམས་རྣམ་པར་དག་པའི་ཁྱད་པར་དང། འཇིག་རྟེན་པའི་ཤེས་པ་རྣམ་པར་དག་པའི་ཁྱད་པར་དང། བསམ་པ་དང་སྦྱོར ་བས་མཉམ་པ་མེད་པའི་ལུས་ཀྱི་ཁྱད་པར་ཐོབ་པ་དང། བསམ་གཏན་ལ་སོགས་པ་མངོན་སུམ་དུ་བྱེད་པའི་ཁྱད་པར་གྱིས་ནུས་པའི་ཁྱད་པར་ཐོབ་པའོ། །ཏིང་ངེ་འཛིན་གྱི་ཁྱབ་པར་ཐོབ་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་ཏིང་ངེ་འཛིན ་རྣམ་པར་འབྱེད་པས་ཤིན་ཏུ་རྣམ་པར་ཕྱེ་བ་ཞེས་བྱ་བ་ལ་སོགས་པ་ཡེ་ཤེས་དང་མངོན་པར་ཤེས་པ་ཆེན་པོའི་སྒོའི་ཏིང་ངེ་འཛིན་ཡོངས་སུ་སྦྱོར་བར་བྱེད་པ་བརྒྱ་སྟོང་ཕྲག་བཅུ་ལ་སྙོམས་པར་འཇུག་པའོ། །ས་ལས་ཤིན་ཏུ་འདས་པ་ཞེས་བྱ ་བ་ནི་ཐབས་དང་ཤེས་རབ་ཀྱི་ཡོངས་སུ་སྦྱངས་པའི་ཏིང་ངེ་འཛིན་དེ་ཐོབ་ནས་སྙིང་བརྩེ་བ་དང། སྙིང་རྗེའི་སྟོབས་ཀྱིས་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ལས་ཤིན་ཏུ་འདས་པ་དང། ཤེས་རབ་དང་ཡེ་ཤེས་གྱི་རྣམ་པར་དཔྱད་པའི་ས་བརྒྱད་པ ་དང། ཉེ་བར་འགྱུར་པ་ཡིན་ན། །གནས་པའི་ཁྱད་པར་ཐོབ་པ་ཞེས་བྱ་བ་ནི་ཡང་དག་པའི་མཛའ་ལ་གནས་པ་དང་།འགོག་པ་མངོན་ཏུ་མི་བྱེད་པ་དང། སྲིད་པ་མི་གཏོང་པས་གནས་པའི་ཁྱད་པར་ཐོབ་པ་ཡིན་ནོ། །འབྲས་བུ་ལེགས་པའི་ཁྱད་པར་ནི་སྔ་མ ་བཞིན་ན། །གནས་པ་དང་ཁྱད་པར་དེ་དག་ཐོབ་པས་ན་དེ་ཡན་ལག་དེ་ཡོངས་སུ་རྫོགས་པ་ཡིན་ཞེས་གསུངས་ཏེ། མཚན་མ་ཕྲ་མོ་ཀུན་ཏུ་འབྱུང་བ་ལས་ཡང་དག་པར་འདས་པའི་ཕྱིར་རོ། །ས་བརྒྱད་པའི་མི་མཐུན་པའི་ཕྱོགས་སྤང་པ་གང་ཞེ་ན། ་དེ་ཡན་ལག་དེ་ཡོངས་སུ་རྫོགས་པ་ཡིན་ཏེ། མཚན་མ་མེད་པར་རྣམ་པར་དེ་ལ་རྩོལ་བ་ལྡན་པར་བཏང་སྙོམས་སུ་གཞག་པ་དང། མཚན་མ་ལ་དབང་ཐོབ་པར་མ་ནུས་པས་ཤེས་བྱ་བས་བསྟན་ཏེ། ས་བརྒྱད་པའི་མི་ཐུན་པའི་ཕྱོགས་ནི་མཚན ་མ་མེད་བ་ཉིད་དུ་མངོན་པའི་འདུ་བྱེད་པའོ། །དེ་ཡང་ས་བདུན་ལ་ལྷག་པའི་ཤེས་རབ་ལ་གནས་པ་སྔ་མ་དེ་གསུམ་གྱི་དབང་དུ་བྱས་ནས་མངོན་པར་འདུ་བྱེད་པ་དང་བརྩོལ་བས་རྒྱུན་ཆགས་སུ་བར་ཆད་མེད་པར་ཆོས་ཐམས་ཅད་ལ་དེ་བཞིན་ཉིད ་ལ་རྣམ་པར་མི་རྟོག་པའི་ཤེས་རབ་སྒོམ་པ་དང་ལྡན་པ་ལ་གནས་སུ་ཟིན་ཀྱང་རང་གི་དང་ཉིད་ཀྱིས་རྒྱུན་ཆགས་སུ་བར་ཆད་མེད་པར་འཇུག་པའི་ལམ་དང་ལྡན་པ་ལ་གནས་པར་མི་ནུས་པ་ཉིད་ཡིན་པར་སྦྱར་རོ། །གཉེན་པོ་སྒོམ་པ་གང་ཞེ་ན། དེ་ཡན ་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབང་པས་ཞེས་བྱ་བས་བསྟན་ཏེ། ས་བདུན་པ་ནས་བརྒྱད་པར་འཕར་བའི་གནས་སྐབས་ན་ཡོངས་སུ་སྦྱར་བ་བྱས་པའི་ས་བསྡུས་པ་ཞེས་བྱ་བས་ས་བདུན་པ་སྤྱི་དང་སོ་སོས་བསྡུས་པའི་ཡོན་ཏན ་ཐོབ་བ་དེས་རྣམ་པར་དག་པའི་བཟོད་པ་ཐོབ་པ་ཞེས་བྱ་བ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པའི་དམིགས་པ་ཐོབ་པས་ས་བདུན་པ་ལས་འཕར་ཞིང་བརྒྱད་པ་གནོན་པར་འགྱུར་བདེ་འབད་པའོ། །དེ་ལ་ཡོངས་སུ་སྦྱར་བ་བྱས་པའི་ས་བ་སྦུས་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ ་བྱང་ཆུབ་སེམས་དཔའ་ཨི་ས་བདུན་པོ་དག་ལ་ཡོངས་སུ་སྦྱང་བ་བྱས་པ་དེ་བྱང་ཆུབ་སེམས་དཔའ་ཨི་ས་བརྒྱད་པ་ལ་འཇུག་པ་ན་སྦྱར་བ་ཅན་གྱི་སྤྱོད་པ་ལ་འཇུག་པའི་ས་ཡོངས་སུ་སྤྱད་པ་བྱས་པ་བདུན་པོ་དག་ཡོངས་སུ་སྦྱངས་པས་ས་བདུན་པོ་དག་གི་སའི་ཡོན་ཏན་ཐམས ་ཅད་ཐོབ་པའོ། །ས་བདུན་པོ་སྤྱི་དང་སོ་སོས་བསྡུས་པའི་ཡོན་ཏན་ཐོབ་པ་ཞེས་བྱ་པ་ལས་བདུན་པོ་སྤྱིས་བསྡུས་པའི་ཡོན་ཏན་ཐོབ་པ་ཞེས་བྱ་བ་ནི་བདག་མེད་པ་རྣམ་པ་གཉིས་གོང་ནས་གོང་དུ་རབ་ཏུ་རྟོགས་བ་དང། ཐབས་ཀྱིས་བསྡུས་པའི་ཤེས་རབ་ཀྱིས ་མི་གནས་པའི་ལམ་དེ་ཡོངས་སུ་སྦྱོང་བ་དང། སྦྱོར་བས་བསྡུས་པའི་ཚོགས་ཡོངས་སུ་རྫོགས་པར་བྱེད་པའི་ཡོན་ཏན་ཐོབ་པའོ། །ས་བདུན་པོ་སོ་སོས་བསྡུས་པའི་ཡོན་ཏན་ཐོབ་པ་ཞེས་བྱ་བ་ནི་ས་དང་པོ་ལ་སྨོན་ལམ་ཤིན་ཏུ་བཏབ་པ་ལ་སོགས་པ་རང། ས ་གཉིས་པ་ལ་དེ་ལྟ་བས་ན་བདག་གིས་མངོན་པར་སྒྲུབ་ཏུ་འདྲ་བ་ལ་རྣམ་པ་ཐམས་ཅད་ཡོངས་སུ་སྦྱང་ཞིང་མངོན་པར་སྒྲུབ་པ་ཉིད་ལ་བརྩོན་པར་བྱའོ་ཞེས་བྱ་བ་ལ་སོགས་པ་དད་ས་གསུམ་བ་ལ་འདོད་པའི་འདོད་ཆགས་དང་བྲལ་པ་ལས་མི་ཉམས་པའི་བསམ ་གཏན་ལ་སོགས་པ་ཐོབ་པའི་ཕྱིར་རང་གི་དགེ་བའི་རྩ་བའི་སྟོབས་བསྐྱེད་བ་ཐོབ་པ་དང། ས་བཞི་པ་ལ་ཡེ་ཤེས་ཡོངས་སུ་སྨིན་པར་བྱེད་པའི་ཆོས་ཐོབ་པས་ཤེས་བྱའི་སྒྲིབ་བ་རྣམ་པར་དག་པའི་ཁྱད་པར་གྱིས་སངས་རྒྱས་ཀྱི་ཆོས་ཡིད་ལ ་བྱ་བ་དང་ལྡན་པ་དང་།ས་ལྔ་པ་ལ་རྣམ་པར་དག་པ་ལ་སེམས་ཀྱི་བསམ་པ་མཉམ་པ་ཉིད་ཀྱི་ལྷག་པའི་བསམ་པའི་བརྣག་པ་ཤིན་ཏུ་ཡོངས་སུ་སྦྱངས་པ་དང། ས་དྲུག་པ་ལ་དུས་གསུམ་གྱི་སྙིང་རྗེའི་ཁྱད་པར་ཡོངས་སུ་འཛིན་པ་དང། རྟེན་? ་འབྲེལ་པར་འགྱུར་པ་ཕྲ་མོའི་རྣམ་པ་ཐམས་ཅད་ལ་རྟོགས་པས་བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་ཀྱི་མངོན་པར་འཕགས་པ་དང། ས་བདུན་པ་ལ་ལམ་གཞན་བརྩམས་པའི་ཁྱད་པར་རྣམས་ཀྱི་སེམས་ཅན་རྣམས་ལ ་སྦྱར་བ་མི་གཏོང་བ་དང། །དེ་བཞིན་གཤེགས་པའི་ཡུལ་ཚད་མེད་པའི་རྣམ་པ་བསྒོམ་པ་ལ་སོགས་པའི་ཡོན་ཏན་ཇི་སྐད་བསྟན་པ་ཐམས་ཅད་འདིས་ཐོབ་པའོ། །རྣམ་པར་དག་པའི་?་པ་འཐོབ་པ་ཞེས་བྱ་བ་ནི་ས་བརྒྱད་པ་ལ་མི་སྐྱེ ་བའི་ཆོས་ལ་བཟོད་པའི་ཚུལ་ཁོང་དུ་ཆུད་པར་གྱུར་པའི་དམིགས་པའི་ཆོས་ཐོབ་པའོ། །མི་སྐྱེ་བའི་ཆོས་ལ་བཟོད་པའི་དམིགས་པ་ཐོབ་པ་ཞེས་བྱ་བ་ནི་མི་སྐྱེ་བ་རྣམ་པ་བཞི་སྟེ། ཡོད་པ་མི་སྐྱེ་པ་དང། རང་བཞིན་མི་སྐྱེ་བ་དང། གྲངས ་དང་པ་མི་སྐྱེ་བ་དང། ལས་ཐ་དད་པར་མི་སྐྱེ་བའོ། །དེ་ལ་ཡོད་པ་མི་སྐྱེ་བ་ཞེས་བྱ་བ་ནི་གཞན་གྱིས་ཡོད་པར་བརྟགས་པ་རྣམ་པ་བདུན་པོ་རྣམ་པར་བྱང་བའི་ཕྱོགས་ཀྱི་ཆོས་རྣམས་སྔ་ནས་ཡོད་པ་དང། གསར་དུ་སྐྱེ་བ་ཡོད་པ་དང། ་མཚན་ཉིད་ཡོད་པ་དང། །ཐ་མའི་མཛའ་ཡོད་པ་དང། ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་ཐོག་མའི་མཛའ་ཡོད་པ་དང། སེམས་ཅན་རྣམས་ཀྱི་མཛའ་རྫོགས་པ་ཡོད་པ་དང་རྣམ་པར་བྱང་ནས་ཀུན་ནས་ཉོན་མོངས་བ་ཡོད་པར ་བརྟགས་པ་དེ་དག་མི་སྐྱེ་བའོ། །རང་བཞིན་མི་སྐྱེ་བ་ཞེས་བྱ་བ་ནི་ཆོས་བདག་མེད་པའི་རང་བཞིན་མི་སྐྱེ་བའོ། །གྲངས་ཐ་དད་པ་མི་སྐྱེ་བ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའི་ཆོས་རྣམས་དུས་གསུམ་དུ་འབྲི ་པ་དང། འཕེལ་བའི་གྲངས་ཐ་དད་པ་མི་སྐྱེ་བའོ། །གྲངས་ཐ་དད་པ་མི་སྐྱེ་བ་ཞེས་བྱ་བ་ནི་དེ་བཞིན་ཉིད་རྣམ་པར་དག་པ་ལས་སངས་རྒྱས་ཀྱི་ཡེ་ཤེས་ཐ་དད་དུ་བྱ་བ་མི་སྐྱེ་བ་སྟེ། མི་སྐྱེ་བའི་ཆོས་ལ་བཟོད་པའི་དམིགས་པ་བཞི་གོ? ་དེ་དག་ཐོབ་པས་མི་སྐྱེ་བའི་ཆོས་ལ་བཟོད་པའི་ཚུལ་ཁོང་དུ་ཆུད་པར་འགྱུར་ཏེ། དེ་ལ་འབད་པ་ནི་གཉེན་པོ་བསྒོམ་པ་ཡིན་ནོ། །སྒོམ་པའི་འབྲས་བུ་ཐོབ་པ་གང་ཞེ་ན། དེ་ཡང་མ་ཐོབ་པོ་ཞེས་བྱ་བས་བསྟན་ཏེ། ས་བརྒྱད་པ་ལ་མི་སྐྱེ་བའི་ཆོས་ལ ་བཟོད་པའི་ཚུལ་ཁོང་དུ་ཆུད་པ་དང། གནས་པའི་ཁྱད་པར་ཐོབ་པ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྤྱོད་པ་དང་།དབང་ཐོབ་པ་དང་ཆེ་པ་ཉིད་ཀྱི་ཁྱད་པར་དང། ངེས་པའི་ཚིག་རབ་ཏུ་དབྱེ་པས་གནས་པ་དང། འབྲས་བུ་ལེགས་པའི་ཁྱད་པར་གྱིས་ཁྱད་པར ་དུ་བསྟན་པ་ཐོབ་པའོ། །དེ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པའི་ཚུལ་ཁོང་དུ་ཆུད་བ་ཞེས་བྱ་བ་ལ། མི་སྐྱེ་བའི་ཆོས་ལ་བཟོད་པའི་ཚུལ་ཞེས་བྱ་བ་ནི་རྣམ་པར་སྨིན་པ་དང་རློམ་སེམས་ཅན་དང་ཡུལ་རྣམ་པར་རིག་པས་བསྡུས་པའི་རྣམ་པར་རྟོག ་པའི་རང་བཞིན་གྱི་འདུ་ཤེས་དང་འབྲལ་བ་སྟེ། དེ་ཡང་རྣམ་པ་གསུམ་གྱིས་ས་འོག་མ་ལས་ཁྱད་པར་དུ་འཕགས་ཏེ། ལྷུན་གྱིས་གྲུབ་པ་དང། ཁྱབ་པ་དང། རང་གི་ཚུལ་གྱི་དེ་བཞིན་ཉིད་ལ་བཞུགས་པའི་ཕྱིར་མི་གཡོ་བས་ཁྱད་པར ་དུ་འཕགས་སོ། །དེ་ཁོང་དུ་ཆུད་པ་ཞེས་བྱ་བ་ནི་སྔར་ས་བདུན་པ་ནས་བརྒྱད་པར་འཕར་བའི་གནས་སྐབས་ན་རྣམ་པར་དག་པའི་བཟོད་པ་འཐོབ་པ་ཞེས་བྱ་བ་མི་སྐྱེ་པའི་ཆོས་ལ་བཟོད་པའི་དམིགས་པ་ཐོབ་པའི་རྒྱུས་ས་བརྒྱད་པ་ལ ་རྣམ་པར་དག་པའི་བཟོད་པ་ཐོབ་པར་འགྱུར་པ་ཉིད་ཡིན་ནོ། །གནས་པའི་ཁྱད་པར་ཐོབ་པ་ཞེས་བྱ་བཞི་རྣམ་པ་གསུམ་སྟེ། གནས་པ་སྔ་མའི་སྐྱོན་སྤངས་པ་དང། ཞི་བའི་མཛའ་ལས་བཟློག་པ་དང། ཡེ་ཤེས་དང་མངོན་པར་ཤེས་པའི་ལས ་དཔག་ཏུ་མེད་པ་ཉི་པར་བསྒྲུབ་པའོ། །དེ་ལ་གནས་པ་ལྔ་མའི་སྐྱོན་སྤངས་པས་ཞེས་བྱ་བ་ནི་མཚན་མ་མེད་པ་ལ་གནས་པ་སྔ་མ་ལ་དེའི་སྐྱོན་རྣམ་པ་བཞི་པོ་གང་ཡིན་པ་དེ་དག་སྤངས་པ་སྟེ། རྩོལ་བར་མངོན་པར་འདུ་བྱེད་པར་སྤངས་བ་དང ་རྣམ་པར་དག་པའི་གནས་གོང་མ་ལ་སྙིང་ལས་གྱུར་པ་སྤངས་པ་དང། རྣམ་པ་ཐམས་ཅད་དུ་སེམས་ཅན་གྱི་དོན་བྱ་ནུས་པ་ལ་སྙིང་ལས་སུ་གྱུར་བ་སྤངས་པ་དང། འདུ་ཤེས་ཕྲ་མོ་ཀུན་ཏུ་འབྱུང་བ་སྤངས་པའོ། །དེ་ལ་རྩོལ་བའི ་མངོན་པར་བྱེད་པ་སྤངས་པ་ཞེས་བྱ་བ་ནི་གནས་ཟབ་མོ་ཐོབ་པའོ། །རྣམ་པར་དག་པའི་གནས་གོང་མ་ལ་སྙིང་ལས་སུ་གྱུར་པ་སྤངས་བ་ཞེས་བྱ་བ་ནི་དཔེར་ན་དགེ་སློང་འགོག་པ་ལ་སྙོམས་པར་ཞུགས་པ་གཡོ་བ་དང་རློམ་སེམས་དང་བྲལ ་བ་བཞིན་དུ་འདི་ཡང་འབད་པ་ཐམས་ཅད་དང་བྲལ་ཏེ། ལྷན་གྱིས་གྲུབ་པའི་ཆོས་ཉིད་ཐོབ་ཅིང་ལུས་དང་ངག་དང་སེམས་ཀྱི་རྩོལ་བ་དང་བྲལ་ནས་རྣམ་པར་སྨིན་པ་ལ་གནས་པ་ཞི་བ་ཉིད་ཐོབ་པ་ཡིན་ནོ། རྣམ་པ་ཐམས་ཅད་དུ་སེམས ་ཅན་གྱི་དོན་བྱ་ནུས་པ་ལ་སྙིང་ལས་སུ་གྱུར་བ་སྤངས་པ་ཞེས་བྱ་བ་ནི་དཔེར་ན་མི་གཉིད་ཀྱི་ལོག་པའི་རྨི་ལམ་ན་བདག་ཉིད་ཆུ་བོ་ཆེན་པོས་ཁྱེར་པ་ལས་ཅི་ཐར་དུ་འབད་ཅིང་ཅོལ་བ་ཆེན་པོས་རྩོལ་བ་ལས་དེ་ཉིད་ཀྱིས་སད་མ་ཐག་ཏུ ་འབད་ཅིང་རྩོལ་བ་ཐམས་ཅད་བྲལ་བ་བཞིན་དུ་འདི་ཡང་སེམས་ཅན་གྱི་ཚིགས་ཆུ་བོ་ཆེན་པོ་བ་ཞིས་ཁྱེད་པར་ཤེས་ནས་འབད་ཅིང་རྩོལ་བ་ཆེན་པོ་རྩོམ་བ་ལས་བྱང་ཆུབ་སེམས་དཔའ་ཨི་ས་མི་གཡོ་བ་ཐོབ་མ་ཐག་ཏུ་འབད་པ ་ཐམས་ཅད་དང་བྲལ་བ་ཡིན་ནོ། །འདུ་ཤེས་ཕྲ་མོ་ཀུན་ཏུ་འབྱུང་བ་སྤངས་པ་ཞེས་བྱ་བ་ནི་དཔེར་ན་ཚངས་པའི་འཇིག་རྟེན་དུ་སྐྱེས་ཤིང་གནས་པ་ལ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀུན་ཏུ་མི་འབྱུང་པ་བཞིན་དུ་འདི་ལ་ཡང་ས་འོག ་མའི་སེམས་དང་རྣམ་པར་ཤེས་པའི་ཀུན་ཏུ་འབྱུང་བ་ཀུན་ཏུ་མི་འབྱུང་བ་ཡིན་ནོ། །ཞི་བའི་མཛའ་ལས་བཟློག་པ་ཞེས་བྱ་བ་ནི་རྣམ་པ་གསུམ་སྟེ། དེ་བཞིན་གཤེགས་པས་བསྐུལ་པ་དང། ཡང་དག་པར་འཛིན་དུ་འཇུག་པ་དང། ་མངོན་པར་སྒྲུབ་པའི་སྒོ་སྟོན་པའོ། །དེ་ལ་དེ་བཞིན་གཤེགས་པས་བསྐུལ་བ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པ་མ་ཐོབ་པ་ཐོབ་པ་ཐོབ་པར་བྱེད་ནུས་པའི་དབང་དུ་བྱས་ནས། བཟློག་པར་མཛད་པ་དང། སེམས་ཅན་གྱི་དོན་བྱེད་པའི་དོན་ཆེ་བའི ་དབང་དུ་བྱས་ནས་བཟློག་པར་མཛད་པ་དང། སྨོན་ལམ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང། ཡེ་ཤེས་ཀྱི་ཚོགས་འབྲས་བུ་མེད་པར་འགྱུར་པའི་དབང་དུ་མཛད་ནས་བཟློག་པར་མཛད་པ་དང། ཐུན་མོང་མ་ཡིན་པའི་དོན་གྱིས་དུབ་བ་འབྲས་བུ ་མེད་པར་འགྱུར་པའི་དབང་དུ་བྱས་ནས་བཟློག་པར་མཛད་པའོ། །ཡང་དག་པར་འཛིན་དུ་གཞུག་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པའི་ནུས་པ་ཡང་དག་པར་འཛིན་དུ་གཞུག་པ་དང། དེ་བཞིན་གཤེགས་པ་རྣམས ་ཀྱི་བདེ་བར་གནས་པའི་ཁྱད་པར་ཡང་དག་པར་འཛིན་དུ་གཞུག་པ་དང། འཇིག་རྟེན་གྱི་ཁམས་དང་སེམས་ཅན་དང་ཆོས་རབ་ཏུ་དབྱེ་བ་ཇི་ལྟར་མཐོང་བས་བྱང་ཆུབ་པར་བསྟན་པ་ཡང་དག་པར་འཛིན་དུ་གཞུག་པའོ། །མངོན་པར་སྒྲུབ ་པའི་སྒོ་སྟོན་པ་ཞེས་བྱ་བ་ནི་ཡེ་ཤེས་མངོན་པར་སྒྲུབ་པའི་སྒོ་ཚད་མེད་པ་དེ་དག་ལ་སོགས་པ་གང་དག་གིས་བྱང་ཆུབ་སེམས་དཔའ་ཡེ་ཤེས་རྣམ་པར་ཕྱེ་བ་ཚད་མེད་པ་མངོན་པར་སྒྲུབ་པའི་ལས་མངོན་པར་སྒྲུབ་པ་དག་ཉེ་བར་སྒྲུབ ་པར་མཛད་པའོ། །ཡེ་ཤེས་དང་མངོན་པར་ཤེས་པའི་ལས་དཔག་ཏུ་མེད་པ་ཉེ་བར་སྒྲུབ་པ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། ཡོན་ཏན་ཡོངས་སུ་འཛིན་པའི་རྒྱུའི་ཁྱད་པར་དང་མངོན་པར་ཤེས་པ་མྱུར་བའི་རྒྱུའི་ཁྱད་པར་རོ། །དེ་ལས ་ཡོན་ཏན་ཡོངས་སུ་འཛིན་པའི་རྒྱུའི་ཁྱད་པར་ཞེས་བྱ་བ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང། ཚོགས་སོགས་པ་དང། སྒྲིབ་པ་རྣམ་པར་དག་པའི་དབང་དུ་བྱས་ནས་ཡེ་ཤེས་ཀྱི་ལས་དཔག་ཏུ་མེད་པ་ཉེ་བར་སྒྲུབ་པའོ་ ་མངོན་པར་ཤེས་པ་མྱུར་བའི་རྒྱུའི་ཁྱད་པར་ཞེས་བྱ་བ་ནི་དཔེར་ན་རྒྱ་མཚོ་ཆེན་པོར་འགྲོ་བའི་གྲུ་བོ་ཆེ་རྒྱ་མཚོ་ཆེན་པོ་ལ་མ་ཐུག་གི་བར་དུ་ཆེད་དུ་སྐྱོད་པའི་འགྲོ་བར་བྱ་བར་རྒྱ་མཚོ་ཆེན་པོ་ལ་ཞེན་མ་ཐག་ཏུ་རླུང་གི་དཀྱིལ་འཁོར ་གྱིས་བསྐྱོད་ནས་ཆེད་དུ་སྐྱོད་མི་དགོས་པར་འགྲོ་སྟེ། དེས་རྒྱ་མཚོ་ཆེན་པོ་ལ་ཉིན་གཅིག་གིས་ཅི་ཆོད་པ་དེ་ནི་ཆེད་དུ་བསྐྱོད་ཅིང་འགྲོ་བས་ལོ་བརྒྱར་ཡང་དེ་སྲིད་དུ་ཚད་མེད་པར་ཕྱིན་པར་མི་ནུས་པ་བཞིན་དུ་བྱང་ཆུབ་སེམས་དཔའ་ས་བརྒྱད་པའི ་སྤྱོད་པའི་རྒྱ་མཚོར་ཕྱིན་ནས་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱིས་ཡུད་ཙམ་ཞིག་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཇི་ཙམ་གནོན་པ་དེ་ནི་སྔོན་གྱིས་ཆེད་དུ་བྱ་བའི་ལས་ཀྱིས ་བསྐལ་པ་བརྒྱ་སྟོང་དུ་ཡང་དེ་སྙེད་དུ་དཔག་ཏུ་མེད་པར་གནོན་པར་མི་ནུས་པར་གནོན་པར་མི་ནུས་པ་དེ་ལྟ་བུས་མངོན་པར་ཤེས་པའི་ལས་དཔག་ཏུ་མེད་པ་ཉེ་བར་སྒྲུབ་པའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་སྤྱོད་པ་ཞེས་བྱ་བ་ཡང་རྣམ་པ་གསུམ་སྟེ། ་སྣོད་གྱི་འཇིག་རྟེན་ལ་དབང་བའི་སྦྱོར་བ་དང། སེམས་ཅན་གྱི་འཇིག་རྟེན་ལ་དབང་པའི་སྦྱོར་བ་དང། ཡེ་ཤེས་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་དབང་བའི་སྦྱོར་པའོ། །དེ་ལ་སྣོད་ཀྱི་འཇིག་རྟེན་ལ་དབང་བ་ཞེས་བྱ་བ་ནི་རྣམ་པ་ལྔ་སྟེ། ་གང་འདོད་པ་དེ་ཀུན་ཏུ་སྟོན་པའམ་མི་སྣང་བར་བྱེད་པ་དང། ཅི་འདྲ་པ་འདོད་པ་དེ་འདྲ་པ་སྟོན་པ་དང། དུས་ཇི་སྲིད་དུ་འདོད་པ་དེ་སྲིད་དུ་སྟོན་པ་དང། བསྡུས་པ་དང་རྒྱས་པ་ཇི་ལྟར་འདོད་པ་བཞིན་དུ་བྱེད་པ་དང། ཇི་སྙེད་འདོད་པ་དེ་སྙེད་སྟོན་པའོ།། ་སེམས་ཅན་གྱི་འཇིག་རྟེན་ལ་དབང་བའི་ཕྱིར་ཞེས་བྱ་བ་ནི་དེ་ངག་གི་ནང་དུ་རང་གི་ལུས་རྣམ་པར་ཕྱེ་བ་སྟོན་པ་ལ་དབང་བྱེད་པའི་ཕྱིར་སྦྱོར་བ་སྟེ། གདུལ་བ་རྣམས་ཀྱི་ལུས་དང་སེམས་དང་མཐུན་པའི་ལུས་དང་སེམས་སྟོན་པའོ། །ཡེ་ཤེས ་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་དབང་བའི་སྦྱོར་བ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། དོན་དམ་པའི་ཡེ་ཤེས་དང། ཀུན་རྫོབ་ཀྱི་ཡེ་ཤེས་སོ། །དེ་ལ་དོན་དམ་པའི་ཡེ་ཤེས་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་དབང་བའི་སྦྱོར་བ་ཞེས་བྱ་བ་ནི་རང་དང་གཞན་གྱི་རྒྱུད ་ཡོངས་སུ་མི་གཅོད་པས་ལུས་སུ་རྣམ་པར་རྟོག་པ་ཐམས་ཅད་མེད་པ་དང་ལུས་མཉམ་པ་ཉིད་ཐོབ་བའོ། །ཀུན་རྫོབ་ཀྱི་ཡེ་ཤེས་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་བ་ལ་དབང་པའི་སྦྱོར་བ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་དང། ་གཉིས་ཀ་མ་ཡིན་པར་ཤེས་པའི་ཕྱིར་སེམས་ཅན་དང། སྣོད་ཀྱི་འཇིག་རྟེན་དང། དེ་སྐྱེ་པའི་རྒྱུ་ལས་ཀྱི་ལུས་དང། ཐེག་པ་རྣམ་པ་གསུམ་ཀྱི་ཡེ་ཤེས་དང། ཆོས་ཀྱི་ལུས་དང་ནམ་མཁའ་ཨི་ལུས་རབ་ཏུ་ཤེས་པའོ། །དབང་ཐོབ་པ་ཞེས་པ ་བྱ་བ་ནི་དེ་ལྟར་སྣོད་ཀྱི་འཇིག་རྟེན་དང། སེམས་ཅན་གྱི་འཇིག་རྟེན་དང། ཡེ་ཤེས་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་དབང་པའི་སྦྱོར་བའི་རྣམ་པར་གསུམ་གྱིས་བྱང་ཆུབ་སེམས་དཔའ་ཨི་དབང་བཅུ་ཐོབ་པའོ། །ཆེ་བ་ཉིད་ཀྱི་ཁྱད་པར་ཞེས་བྱ་བ ་ནི་རྣམ་པ་གསུམ་སྟེ། ཡེ་ཤེས་ཀྱི་ཆེ་བ་ཉིད་དང། ལས་ཀྱི་ཆེ་བ་ཉིད་དང། དེ་གཉིས་ཀའི་གནས་ཡོན་ཏན་གྱི་ཆེ་བ་ཉིད་དོ། །དེ་ལ་ཡེ་ཤེས་ཀྱི་ཆེ་བ་ཉིད་ཅེས་བྱ་བ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་ཡེ་ཤེས་བསམ ་གྱིས་མི་ཁྱབ་པ་དང་ལྡན་པ་སྟེ། དེ་ཡང་བསྒོམ་པ་ཁྱད?་པར་ཞུགས་པས་བསམ་གྱིས་མི་ཁྱབ་པ་དང། ཤེས་བྱ་བ་རབ་ཏུ་རྟོགས་པས་བསམ་གྱིས་མི་ཁྱབ་པ་དང། མི་མཐུན་པའི་ཕྱོགས་བསལ་བས་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །ལས་ཀྱི་ཆེ་བ་ཉིད ་ཅེས་བྱ་པ་ནི་དེ་ལྟ་བུའི་ཡེ་ཤེས་སུ་སོང་ཞིང་ཡེ་ཤེས་དེ་ལྟ་བུ་དང་ལྡན་པས་ལུས་དང་ངག་དང་ཡིད་ཀྱི་ལས་ཁོ་ན་མ་ཐོ་བ་ཤིན་ཏུ་མེད་པ་ཀུན་ཏུ་འབྱུང་བ་སྟེ་དེ་ཡང་ཡེ་ཤེས་སྔོན་དུ་འགྲོ་བ་དང། ཡེ་ཤེས་ཀྱི་རྗེས་སུ་འབྲང་བས་འབྱུང་བར་བྱེད་པ ་དང། འགྱུར?་བའི་དུས་ན་བྱུང་བས་ཁ་ན་མ་ཐོ་བ་མེད་པ་དང། ཀུན་ནས་ཉོན་མོངས་པ་མེད་པ་དང། སེམས་ཅན་གྱི་དོན་བྱེད་པའི་ལས་གྱིས་ལམ་ཡོངས་སུ་འཛིན་པས་ཁ་ན་མ་ཐོ་བ་མེད་པ་དང། བདག་དང་གཞན་གྱི་སྦྱོར་བའི་རྒྱས་རྒྱུ་ཡོངས་སུ ་འཛིན་པས་ཁ་ན་མ་ཐོ་བ་མེད་པ་དང། སེམས་ཅན་གྱི་དོན་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང། སངས་རྒྱས་ཀྱི་ཆོས་ཡང་དག་པར་བསྡུད་པའི་བྱ་བ་སྒྲུབས་པས་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ། །དེ་གཉིས་ཀའི་གནས་ཡོན་ཏན་གྱི་ཚེ་བ་ཉིད་ཅེས་བྱ ་བ་ནི་ཡོན་ཏན་རྣམ་པ་བདུན་གྱི་དབང་དུ་བྱས་པ་སྟེ། ཤིན་ཏུ་བརྟན་པའི་ལམ་གྱི་ཡོན་ཏན་དང། ཉམས་པ་མེད་པའི་ཡོན་ཏན་དང། ངག་ཕུན་སུམ་ཚོགས་པའི་ཡོན་ཏན་དང། སེམས་ཕུན་སུམ་ཚོགས་པའི་ཡོན་ཏན་དང། རྒྱུའི་ཡོན་ཏན་དང། སྦྱོར་པའི ་ཡོན་ཏན་དང། འདུས་པའི་ཡོན་ཏན་ནོ། །ངེས་པའི་ཚིག་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། སའི་ངེས་པའི་ཚིག་རབ་ཏུ་དབྱེ་བ་དང། གང་ཟག་གི་ངེས་པའི་རབ་ཏུ་དབྱེ་བ་སྟེ། དེ་ནི་འོག་ནས་མིང་ལ་མཁས་པའི་སྐབས་སུ་རྒྱ་ཆེར་སྟོན་ཏོ། ་འབྲས་བུ་ལེགས་པའི་ཁྱད་པར་ནི་སྔ་མ་བཞིན་ནོ། །གནས་པ་དང་ཁྱད་པར་དེ་དག་ཐོབ་པས་ན་དེ་ཡན་ལག་དེ་ཡོངས་སུ་རྫོགས་པ་ཡིན་ཞེས་བྱ་བ་གསུངས་ཏེ། མཚན་མ་མེད་པ་ཉིད་དུ་མངོན་པར་འདུ་བྱེད་པ་ལས་ཡང་དག་པར་འདས་པའི ་ཕྱིར་རོ། །ས་དགུ་པའི་མི་མཐུན་པའི་ཕྱོགས་སྤང་བ་གང་ཞེ་ན། རྣམ་གྲངས་དང་མཚན་ཉིད་དང་ངེས་པའི་ཚིག་དང་རབ་ཏུ་དབྱེ་བས་རྣམ་པ་ཐམས་ཅད་དུ་ཆོས་སྟོན་པ་ལ་དབང་ཐོབ་པར་མི་ནུས་པས་དེ་ཡན་ལག་དེས་ཡོངས་སུ་མ་རྫོགས་པ ་ཡིན་ཏེ་ཞེས་བྱ་བས་ས་དགུ་བའི་མི་མཐུན་པའི་ཕྱོགས་ནི་སེམས་ཅན་གྱི་དོན་བྱ་བ་ལ་མངོན་པར་འདུ་བྱ་བ་མེད་པའོ། །དེ་ཡང་ས་བརྒྱད་པར་མཚན་མ་མེད་པ་ལ་གནས་པ་སྔ་མ་དེ་ཉིད་ཤེས་ཆེར་བསྒོམས་པས་རང་གི་དང་ཉིད་ཀྱིས་རྒྱུན ་ཆགས་སུ་པར་ཆད་མེད་པར་འཇུག་པའི་ལམ་དང་ལྡན་པ་ལ་གནས་སུ་ཟིན་ཀྱང་བློ་གྲོས་རྒྱ་ཆེ་བ་རྗེས་སུ་ཐོབ་སྟེ། གཞན་དག་ལ་ཆོས་ཡང་དག་པར་སྟོན་པ་བླ་ན་མེད་པ་ལས་བརྩམས་ནས་ཆོས་རྣམས་ཀྱི་རྣམ་གྲངས་དང། དེའི་མཚན་ཉིད་དང། ངེས་པའི་ཚིག་དང་རབ ་ཏུ་དབྱེ་བ་རབ་ཏུ་རྣམ་པར་འབྱེད་མི་ནུས་པ་ཉིད་ཡིན་པར་སྦྱར་རོ། །གཉེན་པོ་བསྒོམ་པ་གང་ཞེ་ན། དེ་ཡན་ལག་ངེས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་ཞེས་བྱ་བས་བསྟན་ཏེ། ས་བརྒྱད་པ་ནས་ས་དགུ་པར་འཕར་བའི་གནས་སྐབས་ན་སྨྲ་བའི་བརྩོན་པ ་ཕུན་སུམ་ཚོགས་པ་ཞེས་བྱ་བ་བདག་དང་གཞན་གྱི་དོན་དབང་དུ་བྱས་པའི་ཆོས་ཐོབ་པས་ས་བརྒྱད་པ་ལས་འཕར་ཞིང་དགུ་པ་མངོན་པར་གྱུར་པའི་ཆོས་དེ་ལ་འབད་པའོ། །དེ་ལ་སྨྲ་བའི་བརྩོན་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ ་ལྟར་ཡེ་ཤེས་ཚང་མེད་པས་རྣམ་པར་དཔྱད་པའི་བློས་བྱང་ཆུབ་སེམས་དཔའ་ཨི་ས་དགུ་པ་གནོན་པ་ནས་བརྒྱད་པ་ལ་གནས་པའི་ཁྱད་པར་ཐོབ་པ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྤྱོད་པ་དང། དབང་ཐོབ་པ་དང་ཆེ་བ་ཉིད་ཀྱིས་ཁྱད་པར་ཐོབ་པ་ཙམ་གྱིས་ཆོག ་པར་མི་འཛིན་པར་གོང་དུ་ཡེ་ཤེས་ཁྱད་པར་དུ་འཕགས་པའི་རྗེས་སུ་འགྲོ་བའི་རིམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་བའི་རྒྱུའི་ཆོས་ཕུན་སུམ་ཚོགས་པ་ལ་བྱའོ། །བདག་དང་གཞན་གྱི་དོན་གྱི་དབང་དུ་བྱས་པའི་ཆོས་ཐོབ་པ་ཞེས་བྱ་བ་ནི་གཟུགས ་མེད་པ་རྣམས་སུ་ཐར་བ་ཐོབ་པར་འགྱུར་བར་འདུ་ཤེས་པའི་གདུལ་བ་བཟློག་པས་གཞན་གྱི་དོན་དང། སངས་རྒྱས་ཀྱི་ཡེ་ཤེས་མ་ཐོབ་པ་ཐོབ་པར་བྱེད་པས་བདག་གི་དོན་ལ་སོགས་པའི་ཆོས་ཐོབ་སྟེ། དེ་ལ་འབད་པ་ནི་གཉེན་བོ་སྒོམ་པ་ཡིན་ནོ།། ་བསྒོམ་པའི་འབྲས་བུ་ཐོར?་པ་གང་ཞེ་ན། དེ་ཡང་འཐོབ་པོ་ཞེས་བྱ་བས་བསྟན་ཏེ། ས་དགུ་པ་ལ་ཡེ་ཤེས་ཕུན་སུམ་ཚོགས་པ་དང་སྤྱོད?་པ་ལ་འདུག་པ་ཕུན་སུམ་ཚོགས་པ་དང། བཤད་པ་ཕུན་སུམ་ཚོགས་པས་གནས་པ་དང། འབྲས་བུ ་ལེགས་པའི་ཁྱད་པར་གྱིས་ཁྱད་པར་བསྟན་པ་ཐོབ་བོ། །དེ་ལ་ཡེ་ཤེས་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་ཆོས་བཤད་པར་བྱ་བ་དགེ་བ་དང་མི་དགེ་བ་དང། ལུང་དུ་མ་བསྟན་པ་གང་དག་ཡིན་པ་དེ་དག་ཤེས་ནས་སྟོན་པར་བྱེད་བའོ། །སྦྱོང་བ ་འཇུག་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་སེམས་ཅན་གྱི་སྤྱོད་པ་ཉོན་མོངས་པ་དང། ལས་ཀྱི་ཀུན་ནས་ཉོན་མོངས་པ་གནས་དང་བཅས་པ་ལས་བརྩམས་པ་དང། སྐྱེ་བའི་ཀུན་ནས་ཉོན་མོངས་པ་དང་ལྡན་པའི་འགྲོ་བ་ཀུན་ནས་ཉོན་མོངས་པ ་དང། རྣམ་པར་བྱང་བ་ལ་ངེས་པ་དང་མ་ངེས་པ་རྣམ་པར་གནས་པ་ལས་བརྩམས་ཏེ། དེ་དག་གི་སྤྱོད་པ་ཐིབས་པོ་རྒྱུ་བ་ཡོངས་སུ་ཤེས་པར་བྱེད་པའོ། །བཤད་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་དེ་ལྟར་སེམས་ཅན་གྱི་སྤྱོད་པ་རྣམ་པར་ཐ་དད་པ་དེ་ལྟ་བུ་ངག་ཤེས ་ནས་དེ་བཞིན་དུ་ཐར་བའི་ཉེ་བར་སྒྲུབ་པ་ལྟི?། དེ་ཡང་རྣམ་པ་གསུམ་སྟེ། ཡེ་ཤེས་ཕུན་སུམ་ཚོགས་པ་དང། དག་ཕུན་སུམ་ཚོགས་པ་དང། སྨྲ་བ་ཕུན་སུམ་ཚོགས་པའོ། །དེ་ལ་ཡེ་ཤེས་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་གང་ཤེས་ནས་གང་གི ་དབང་དུ་བྱས་ཏེ་སྟོན་པའོ། །གང་ཤེས་ནས་སྟོན་ཅེ་ན། ཡོངས་སུ་སྨིན་པར་གྱུར་པས་རྣམ་པར་གྲོལ་བའི་སྣོད་དང། གདུལ་བས་རྣམ་པར་གྲོལ་བའི་རང་བཞིན་དང། ཐེག་པ་གསུམ་ཐ་དད་པས་རྣམ་པར་གྲོལ་བའི་རབ་ཏུ་དབྱེ་བ་ཤེས་ནས་སྟོན་པའོ ་གང་གི་དབང་དུ་བྱས་ཏེ་སྟོན་ཅེ་ན། གཉེན་པོའི་མན་ངག་གི་སྣོད་དང། ཆོས་བསྟན་པའི་སྣོད་དང། དཔེ་ཇི་ལྟ་བུ་ཉེ་བར་སྒྲུབ་པའི་སྣོད་དང། རྣམ་གྲངས་ཇི་ལྟ་བུའི་སྣོད་ལ་སོགས་པའི་དབང་དུ་བྱས་ཏེ་སྟོན་པའོ། །དེ་ལ་ངག་ཕུན་སུམ་ཚོགས ་པ་ཞེས་བྱ་བ་ནི་དེ་ལྟར་ཡེ་ཤེས་ལ་མཁས་པ་ཚད་མེད་པ་དང་ལྡན་པས་བྱང་ཆུབ་སེམས་དཔའ་ཨི་སོ་སོ་ཡང་དག་པར་རིག་པ་བཞིས་མངོན་པར་སྒྲུབ་པའི་ཚིག་གིས་ཆོས་སྟོན་པ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་ཨི་སོ་སོ་ཡང་དག་པར་རིག ་པ་བཞི་མ་འདྲེས་པ་འདི་ལྟ་སྟེ། ཆོས་སོ་སོ་ཡང་དག་པར་རིག་པ་དང། དོན་སོ་སོ་ཡང་དག་པར་རིག་པ་དང། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང། སློབས་པ་སོ་སོ་ཡང་དག་པར་རིག་པ་རྟག་ཏུ་འབྱུང་བའོ། །ས་ཡང་དག་པར་རིག་པར་བཞིའི་ཡུལ་ནི་ཆོས་ཉིད་དང ་ཆོས་ཉིད་སྤྱོད་ཡུལ་དང། གོ་བར་བྱེད་པ་དང། གོ་བར་བྱེད་པ་སྒོ་དུ་མ་སྟེ་གོ་རིམས་བཞིན་ནོ། །དེ་ལ་ཆོས་ཉིད་ཅེས་བྱ་བ་ནི་མཛའ་གཉིས་རྣམ་པར་སྤངས་པའི་རིགས་ཀྱིས་བསྡུས་པའི་ཆོས་གང་ཡིན་པའོ། །ཆོས་ཉིད་སྤྱོད་ཡུལ་ཞེས་བྱ་བ་ནི་རིགས་ཀྱིས་བསྡུས ་པའི་ཆོས་ཉིད་དེ་ཉིད་ཇི་ལྟར་ཤེས་པའི་ཡུལ་དུ་གྱུར་པའོ། །གོ་བར་བྱེད་པ་ཞེས་བྱ་བ་ནི་ཇི་ལྟར་ཤེས་པའི་ཡུལ་དེ་ཉིད་བརྗོད་པར་གོ་བར་བྱེད་པའོ། །གོ་བར་བྱེད་པའི་སྒོ་དུ་མ་ཞེས་བྱ་བ་ནི་བརྗོད་པས་གཞན་ལ་གོ་བར་བྱེད་པ་དེ་ཉིད་ཀྱི་རྣམ་གྲངས་ཚད ་མེད་པ་ཤེས་པའོ། །སྨྲ་བ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་རྣམ་པ་བཞི་སྟེ། གཟུངས་ཕུན་སུམ་ཚོགས་པ་དང། རབ་ཏུ་སྟོན་པ་ཕུན་སུམ་ཚོགས་པ་དང། དྲིས་པ་ལུང་སྟོན་པ་ཕུན་སུམ་ཚོགས་པ་དང། འཛིན་པ་ཕུན་སུམ་ཚོགས་པའོ། །དེ་ལ ་གཟུང་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་དེ་ལྟར་སོ་སོར་ཡང་དག་པར་རིག་པའི་ཡེ་ཤེས་དེ་ལ་མཁས་པ་དེ་བཞིན་གཤེགས་པའི་ཆོས་ཀྱི་མཛོད་ཐོས་པ་ཆོས་སྨྲ་བ་ཆེན་པོ་བྱེད་པ་དེ་དོན་དང་ལྡན་པའི་གཟུངས་ལ་སོགས་པ་གཟུངས་ཀྱི་སྒོ ་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་ཐོབ་སྟེ། གཟུངས་ཀྱི་སྒོ་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་དང་ལྡན་པའི་དབྱངས་ཀྱི་ཡན་ལག་མཁས་པ་དེ་སྙེད་དུ་ཚད་མེད་པ་དང་ལྡན་པའི་སྤོབས་པ་རྣམ་པར་ཆེ་བའི་སྒོས་ཆོས་སྟོན་པའོ། །རབ་ཏུ་སྟོན་པ་ཕུན ་སུམ་ཚོགས་པ་ཞེས་བྱ་བ་ནི་དེ་ལྟ་བུའི་གཟུངས་ཐོབ་ཅིང་སྤོབས་པ་ཐོབ་པས་ཆོས་ཀྱི་གཏམ་བྱ་བའི་ཕྱིར་འདུག་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་བཀང་སྟེ། ཆོས་ཀྱི་སྟན་ལ་འདུག་ཅིང ་བསམ་པ་ཇི་ལྟ་བ་བཞིན་དུ་རྣམ་པར་ཕྱེ་སྟེ་སེམས་ཅན་རྣམས་ལ་ཆོས་སྟོན་པའོ། །དྲིས་པ་ལུང་སྟོན་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་གལ་ཏེ་སྟོད་གི་འཇིག་རྟེན་གྱི་ཁམས་ན་སྟོང་གཉིས་པ་དང་།སྟོང་གསུམ་པ་དང་སྟོང ་གསུམ་གྱི་སྟོང་ཆེན?་དོའི?་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པར་རྟོགས་པའི་སེམས་ཅན་རྣམས་ལྷགས་ཏེ། དེ་ལ་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་དྲི་བ་ཡོངས་སུ་འདྲི་ཞིང་དེ་དག་རེ་རེས་ཀྱང་སྒྲ་རྣམ་པ་ཐ་དད་པ་ཚང་མེད་པས་ཡོངས་སུ་དྲིས་ལ། གཅིག ་གིས་གང་གིས་དྲིས་པ་དེ་གཉིས་བསམ་ཡིན་ན་ཡང་བྱང་ཆུབ་སེམས་དཔས་དེས་སྐད་ཅིག་ཐང་ཅིག་ཡུད་ཙམ་གཅིག་ཉིད་ལ་ཐམས་ཅད་བཟུང་སྟེ། ཚིག་གཅིག་བརྗོད་པས་ཐམས་ཅད་གོ་བར་བྱེད་པའོ། །འཛིན་པ་ཕུན་སུམ་ཚོགས ་པ་ཞེས་བྱ་བ་ནི་དེ་བས་ཀྱང་ཡེ་ཤེས་ཀྱི་སྣང་པ་འདི་ལྟ་བུ་རབ་ཏུ་འཛིན་པར་རྩོམ་སྟེ། གལ་ཏེ་སྐྲའི་རྩེ་མོའི་གོ་གཅིག་ལ་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་ཇི་སྙེད་པ་དེ་སྙེད་ཀྱི་དེ་བཞིན་གཤེགས་པ་བཞུགས ་ལ། དེ་སྙད་དུ་ཚད་མེད་པའི་འཁོར་གྱི་དཀྱིལ་འཁོར་ན་ཆོས་སྟོན་ཅིང་དེ་བཞིན་གཤེགས་པ་དེ་དག་རེ་རེས་ཀྱང་དེ་སྙེད་དུ་ཚད་མེད་པའི་སེམས་ཅན་རྣམས་ལ་ཆོས་ཐ་དད་པ་སྟོན་ལ། སེམས་ཅན་གྱི་བསམ་པའི་རྒྱུད་རེ་རེ་ལ་ཡང ་དེ་ཉིད་དུ་ཚད་མེད་པའི་ཆོས་ཉེ་བར་སྒྲུབ་པ་ཉེ་བར་སྒྲུབ་སྟེ། དེ་བཞིན་གཤེགས་པ་གཅིག་གིས་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་དེ་བཞིན་ལ། སྐྲའི་རྩེ་མོའི་གོ་གཅིག་ལ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་དབྱིངས ་ཐམས་ཅད་ན་ཡང་དེ་བཞིན་ན་ཡང་དེ་ཐམས་ཅད་ཟིན་པར་འགྱུར་བ་དེ་ལྟ་བུའི་ཡེ་ཤེས་ཀྱི་སྣང་བ་རབ་ཏུ་འཛིན་པ་རྩོམ་པར་བྱེད་པ་ཡིན་ནོ། །འབྲས་བུ་ལེགས་པའི་ཁྱད་པར་ནི་སྔ་མ་བཞིན་ནོ། །གནས་པ་དང་ཁྱད་པར་དེ་དག ་ཐོབ་པས་ན་དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་ཞེས་བྱ་བ་གསུངས་ཏེ། སེམས་ཅན་གྱི་དོན་བྱ་བ་ལ་མངོན་པར་འདུ་བྱ་བ་ལ་མེད་པ་ལས་ཡང་དག་པར་འདས་པའི་ཕྱིར་རོ། །ས་བཅུ་བའི་མི་མཐུན་པའི་ཕྱོགས་སྤང་བ་གང་ཞེ་ན། ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ ་སོ་སོ་ཡང་དག་པར་རིག་པ་ཐོབ་པར་མི་ནུས་པས་དེ་ཡན་ལག་དེས་ཡོངས་སུ་མ་རྫོགས་པ་ཡིན་ཏེ་ཞེས་བྱ་བས་བསྟན་ཏེ། ས་བཅུ་པའི་མི་མཐུན་པའི་ཕྱོགས་ནི་ཆོས་རྣམས་ལ་དབང་མ་ཐོབ་པའོ། །དེ་ཡང་ས་དགུ་པ་ལ་ཤེས་རབ་དང་ལྡན་པའི་ཏིང་ངེ་འཛིན་ཤིན ་ཏུ་ཡོངས་སུ་དག་བཅིང་མི་གཡོ་པ་དེ་ཉིད་ལ་བརྟེན་ནས་བློ་གྲོས་ཆེན་པོ་རྒྱ་ཆེ་བ་ཤིན་ཏུ་ཐོབ་སྟེ། གཞན་དག་ལ་ཆོས་ཡང་དག་པར་སྟོན་པ་བླ་ན་མེད་པ་ལས་བརྩམས་ནས་ཆོས་རྣམས་ཀྱི་རྣམ་གྲངས་དང། མཚན་ཉིད་དང། ངེས་པའི་ཚིག་དང། རབ་ཏུ་དབྱེ་བ་རབ་ཏུ ་རྣམ་པར་འབྱེད་པ་ལ་གནས་སུ་ཟིན་ཀྱང་བྱང་ཆུབ་སེམས་དཔའ་གང་ལ་གནས་ནས། བྱང་ཆུབ་སེམས་དཔའ་ཨི་ལམ་གྱི་མཐར་ཐུག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཆོས་ཀྱི་དབང་བསྐུར་བ་ཆེན་པོ་ཐོབ་པ་སྐྱེ་པ་གཅིག་གིས་ཐོགས ་པ་འམ་ཡང་ན་སྲིད་པ་ཐ་མར་གྱུར་ཏེ། གནས་པ་དེའི་མཇུག་ཐོགས་སུ་བར་ཆད་མེད་པ་ཁོ་ནར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཞིང་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་མཛད་པར་འགྱུར་པའི་གནས ་པ་མ་ཐོབ་པ་ཉིད་ཡིན་པར་སྦྱར་རོ། །གཉེན་པོ་སྒོམ་པ་གང་ཞེ་ན། དེ་ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་ཞེས་བྱ་བ་བསྟན་ཏེ། ས་དགུ་པ་ནས་བཅུ་པར་འཕར་པའི་གནས་སྐབས་ན་ཡོངས་སུ་སྦྱང་བ་བྱས་པའི་ས་ཡོངས་སུ་རྫོགས་པ ་ཞེས་བྱ་བ་རྣམ་པར་འབྱེད་པས་ཤིན་ཏུ་རྣམ་པར་ཕྱེ་བས་ས་དགུ་པོ་རྣམས་ཡོངས་སུ་རྫོགས་པར་བྱས་པ་ཐོབ་པས་ས་དགུ་བ་ལས་འཕང?་ཞིང་བཅུ་པ་གནོན་པར་གྱུར་པ་དེ་ལ་འབད་པའོ། །དེ་ལ་ཡོངས་སུ་སྤྱོད་པ་བྱས་པའི་ས་ཡོངས་སུ་རྫོགས་པ་ཞེས ་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་ལྟར་ས་དགུ་པའི་བར་དུ་ཤེས་བྱ་ཚད་མེད་པ་ལ་རྣམ་པར་བརྟགས་པའི་བློས་རྣམ་པར་འབྱེད་པས་ཤིན་ཏུ་རྣམ་པར་ཕྱེ་བ་དེ་བྱང་ཆུབ་སེམས་དཔའ་ཨི་ས་བཅུ་ལ་གནོན་པ་ན། ཤེས་བྱ་མངོན ་པར་རྫོགས་པར་བྱང་ཆུབ་པར་བྱ་བ་སྒོམ་པ་ཡོངས་སུ་རྫོགས་པར་བྱེད་པས་ས་དགུ་པོ་དག་གི་སའི་ཡོན་ཏན་ཐམས་ཅད་རྫོགས་པར་འགྱུར། །རྣམ་པར་འབྱེད་པས་ཤིན་ཏུ་རྣམ་པར་ཕྱེ་བ་ཞེས་བྱ་བ་ནི་ས་དགུ་པའི་ཡེ་ཤེས་རྣམ་པར་འབྱེད་པ ་ཞེས་བྱ་བས་ཤེས་བྱའི་རྣམ་པ་ཐམས་ཅད་ཤིན་ཏུ་རྣམ་པར་ཕྱེ་བ་སྟེ། དེ་ལ་འབད་པ་ནི་གཉེན་པོ་བསྒོམ་པ་ཡིན་ནོ། །སྒོམ་པའི་འབྲས་བུ་ཐོབ་གང་ཞེ་ན། དེ་ཡང་འཐོབ་བོ་ཞེས་བྱ་བས་བསྟན་ཏེ། ས་བཅུ་པ་ལ་ཏིང་ངེ་འཛིན་ཡོངས་སུ་རྫོགས་པ ་ཐོབ་པ་དང། དབང་བསྐུར་བ་ཐོབ་པ་དང། ཆེ་བ་ཉིད་མཐར་ཕྱིན་པར་སོང་བ་དང། སའི་ངེས་པའི་ཚིག་དང། མཐུ་བླ་ན་མེད་པ་དང། བླ་ན་མེད་པ་གནས་པ་དང། འབྲས་བུ་ལེགས་པའི་ཁྱད་པར་གྱི་ཁྱད་པར་བསྟན་པ་འཐོབ་པའོ། །དེ་ལ་ཏིང ་ངེ་འཛིན་ཡོངས་སུ་རྫོགས་པ་ཐོབ་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཡེ་ཤེས་དེ་ལྟ་བུ་དང་ལྡན་ཞིང་དབང་བསྐུར་པའི་ས་ཐོབ་པ་དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཏིང་ངེ་འཛིན་དྲི་མ་མེད་པ་ཞེས་བྱ་བ་འཁོར་དང་བཅས་པ་ལ་སོགས་པ ་ཏིང་ངེ་འཛིན་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་མངོན་དུ་གྱུར་ཅིང་ཏིང་ངེ་འཛིན་དེ་དག་ཐམས་ཅད་ལ་སྙོམས་པར་འཇུག་ཅིང་ལྡང་བ་དང། ཏིང་ངེ་འཛིན་ལ་མཁས་པ་དང། ཏིང་ངེ་འཛིན་གྱི་བྱ་བ་ཇི་སྙེད་པ་དེ་དག་ཐམས་ཅད་རབ་ཏུ་མྱོང་བ་དང། ་ཏིང་ངེ་འཛིན་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་སྙེད་པའི་ཐ་མ་ལ་བྱང་ཆུབ་སེམས་དཔའ་ཨི་ཏིང་ངེ་འཛིན་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཁྱད་པར་མེད་པ་དབང་བསྐུར་བ་དང་ལྡན་པ་ཞེས་བྱ་བ་མངོན་དུ་གྱུར་པའོ། །དབང་བསྐུར་བ ་ཐོབ་བཞེས་བྱ་བ་ནི་རྣམ་པ་དྲུག་སྟེ། སྟན་གང་དང། ལུས་ཀྱི་ཚད་ཇི་ཙམ་པ་དང། འཁོར་གང་དང། མཚན་མ་གང་འབྱུང་བར་གྱུར་པ་དང། གང་གིས་དང། ཇི་ལྟར་དབང་བསྐུར་པའོ། །དེ་ལ་སྟན་གང་ལ་དབང་བསྐུར་ཞེ་ན། མཚན་ཉིད་རྣམ་པ་བཅུ་དང ་ལྡན་པའི་སྟན་ལ་ཏེ། ཚད་ཀྱི་མཚན་ཉིད་ནི་སྟོང་གསུམ་བརྒྱ་སྟོང་ཕྲག་བཅུའི་གཏོས་དང་མཉམ་པའོ། །མཆོག་གི་རང་བཞིན་པའི་རྩ་བ་ལས་བྱུང་བའོ། །གྲུབ་པའི་མཚན་ཉིད་ནི་སྒྱུ་རྒྱལ་པོའི་པདྨའོ། །མཚན་ཉིད་ཀྱི་རང་བཞིན་གྱི་ཁྱད་པར་གྱི ་མཚན་ཉིད་ནི་རིན་པོ་ཆེའི་རྣམ་པ་ཐམས་ཅད་ཀྱིས་སྤྲས་པའོ། །སའི་མཚན་ཉིད་ནི་འཇིག་རྟེན་གྱི་ཡུལ་ཐམས་ཅད་ལས་ཤིན་ཏུ་འདས་པའོ། །རྒྱུའི་མཚན་ཉིད་ནི་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་ལས་བྱུང་བའོ། །གྲུབ་པའི ་མཚན་ཉིད་ནི་སྒྱུ་མའི་རང་བཞིན་གྱི་སྤྱོད་ཡུལ་དུ་ཡོངས་སུ་གྲུབ་པའོ། །དོན་དམ་པའི་མཚན་ཉིད་ནི་ཆོས་ཀྱིས་དབྱིངས་ལ་ཤིན་ཏུ་གནས་པར་སྣང་བའོ། །ལྷའི་དྲི་བསུང་ལས་ཤིན་ཏུ་འདས་པས་ཡོན་ཏན་གྱི་མཚན་ཉིད་ནི་ལྷའི?་ཡུལ་ལས་ཤིན ་ཏུ་འདས་པའོ། །ཆུབ་ལ་སོགས་པ་རང་བཞིན་གྱི་མཚན་ཉིད་ནི་ནོར་བུ་རིན་པོ་ཆེ་བཻཌཱུརྱ་ཆེན་པོའི་ཆུ་བ་ཅན། ཙན་དན་གྱི་རྒྱལ་པོ་མཚུངས་པ་མེད་པའི་སྙིང་པོ་ཅན། རྡོའི་སྙིང་པོ་ཆེན་པོའི་ཟེ?་པ་ཅན་འཛམ་བུའི་ཆུ་བོ་གསེར་ལྟར་སྣང་བའི་ལོ་མ་ཅན ་འོད་ཟེར་དཔག་ཏུ་མེད་པས་རྒྱས་པའི་ལུས་ཅན་ནོ། །རྒྱན་གྱི་མཚན་ཉིད་ནི་རིན་པོ་ཆེ་ཐམས་ཅད་ཀྱིས་ནང་རབ་ཏུ་སྤྲས་པ་རིན་པོ་ཆེའི་དྲ་བ་མུ་མེད་པས་ཀུན་ནས་གཡོགས་པ་སྟོང་གསུམ་བརྒྱ་སྟོང་ཕྲག་བཅུར་ཚད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད ་ཀྱི་པདྨའི་འཁོར་དང་ལྡན་པའི་ཡིན་ནོ། །ལུས་ཀྱི་ཚད་ཇི་ཙམ་ལ་དབང་བསྐུར་ཞེ་ན། སྟན་དེའི་རྐྱེན་དུ་བབ་པའི་ལུས་ཀྱི་ཚད་ལ་སྟེ། བྱང་ཆུབ་སེམས་དཔའ་དེའི་ལུས་ཀྱང་དེ་དང་འཚམ་ཞིང་དེའི་རྐྱེན་དུ་བབ་པར་གནས་ཏེ། ཐམས་ཅད་ ་མཁྱེན་པའི་ཡེ་ཤེས་དང་ཁྱད་པར་མེད་པར་དབང་བསྐུར་བ་དང་ལྡན་པའི་ཏིང་ངེ་འཛིན་འཐོབ་མ་ཐག་ཏུ་རིན་པོ་ཆེ་ཆེན་པོའི་པདྨའི་སྟན་དེ་ལ་འདུག་པར་ཀུན་ཏུ་སྣང་ངོ། །འཁོར་གང་གི་ནང་ན་དབང་བསྐུར་ཞེ་ན། རིན་པོ་ཆེ་ཆེན་པོའི་པདྨའི? ་སྟན་དེའི་འཁོར་གྱི་པདྨ་དག་ལ་འཁོད་པའི་བྱང་ཆུབ་སེམས་དཔའ་ཨི་འཁོར་གྱི་ནང་དུ་སྟེང། བྱང་ཆུབ་སེམས་དཔའ་དེ་རིན་པོ་ཆེ་ཆེན་པོའི་རྒྱལ་པོའི་པདྨ་དེ་ལ་འདུག་མ་ཐག་ཏུ་དེ་ནས་རིན་པོ་ཆེའི་རྒྱལ་པོའི་འཁོར་པདྨ་ཇི་སྙེད་བྱུང་བ་དེ་སྙེད་ཀྱི ་།བྱང་ཆུབ་སེམས་དཔས་དེ་བསྐོར་ནས་པདྨ་དེ་དག་ལ་འཁོད་པར་སྣང་སྟེ། བྱང་ཆུབ་སེམས་དཔའ་དེ་ཉིད་ལ་བལྟ་ཞིང་དེ་དག་རེ་རེ་ལ་ཡང་ཏིང་ངེ་འཛིན་སྟོང་ཕྲག་བཅུ་བཅུ་ལ་སྙོམས་པར་འཇུག་གོ། ་མཚན་མ་གང་བྱུང་བར་གྱུར་ན་དབང་བསྐུར་ཞེ་ན། འོད་ཟེར་བྱུང་བ་སྟེ། འོད་ཟེར་དེ་ཡང་ལས་གསུམ་དང་ལྡན་པ་ཡིན་ཏེ། ཕན་འདོགས་པའི་ལས་ཅན་དང། སྤྲོན་བའི་ལས་དང། འགུགས་པའི་ལས་ཅན་ནོ། །དེ་ལ་ཕན་འདོགས་པའི་ལས་ཅན ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་རིན་པོ་ཆེ་ཆེན་པོའི་རྒྱལ་པོའི་པདྨའི་སྟན་དེ་ལ་འདུག་མ་ཐག་ཏུ་དེའི་ལུས་ཀྱི་ཡན་ལག་ཐམས་ཅད་ཀྱི་ཡན་ལག་རེ་ནས་ཀྱང་འོད་ཟེར་གྲངས་མེད་པ་བརྒྱ་ཕྲག་བཅུ་བཅུ་དང། སྟེང་གི་ཡན་ལག་གི་དམ་པ ་མགོ?་ལས་སྟོང་གསུམ་གྲངས་མེད་པ་བརྒྱ་ཕྲག་བཅུད་ཚོང་བའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འོད་ཟེར་བྱུང་བས། ཕྱོགས་བཅུའི་ངན་སོང་གསུམ་དང་མི་དང་ལྷ་དང་ལྷ་མ་ཡིན་དང་ཉན་ཐོས་དང་རང་སངས་རྒྱས་དང། བྱང་ཆུབ་སེམས་དར ་དང་བདུད་དང་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་སྣང་བར་བྱས་ནས་སྡུག་བསྔལ་ཞི་བ་དང། ཆོས་ཀྱི་སྣང་པའི་སྒོ་དང། ཏིང་ངེ་འཛིན་གྱི་སྒོའི་ཚུལ་དང། ཤེས་རབ་དད་ཐབས་ལ་མཁས་པའི་ཚུལ་ཉེར་བསྒྲུབ་པ ་དང། མཆོད་པ་དང། རིམ་གྲོ་བྱ་བ་འོང་ཤིན་ཏུ་གསལ་བ་ཞེས་བྱ་བ་རབ་ཏུ་འབྱེད་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ལུས་བས་གཡོ་བ་དང། ངན་སོང་ཐམས་ཅད་རྒྱུན་ཆད་པ་དང། ཆོས་ཀྱི་དབྱིངས་ཐམས་ཅད་སྣང་བས་རྒྱས་པ་དང། འཇིག་རྟེན་གྱི་ཁམས ་ཐམས་ཅད་ཡོངས་སུ་དག་པ་དང། ཞིང་ཐམས་ཅད་དུ་སངས་རྒྱས་ཀྱི་སྒྲ་གྲག་པ་དང། སྤྱོད་པ་མཐུན་པའི་བྱང་ཆུབ་སེམས་དཔའ་འདུ་བ་དང། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ལྷ་དང་མིའི་རོལ་མོ་གླུ་དང་རོལ་མོའི་སྒྲ་དང། སིལ་སྙན་གྱི་སྒྲ་འབྱུང་བ་དང། སེམS ་ཅན་ཐམས་ཅད་བདེ་བ་སྐྱེ་བ་དང། ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་མཆོད་པ་དང། རིམ་གྲོ་བྱ་བ་བསམ་གྱིས་མི་ཁྱབ་པར་བྱེད་པ་འབྱུང་བར་འགྱུར་རོ། །སྤྲོན་པའི་ལས་ཅན་ཞེས་བྱ་བ་ནི་དེ་ནས་འོད་ཟེར་དེ་དག་གིས་དེ་བཞིན་གཤེཌ ་བའི་བྱའི?་འཁོར་ཐམས་ཅད་སྣང་བར་བྱས་ཏེ། འཇིག་རྟེན་ལ་ལན་བཅུ་བསྐོར་བ་བྱས་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱི་ཞབས་ཀྱི་མཐིལ་གྱི་འོག་ཏུ་ནུབ་པར་འགྱུར་ཏེ། དེ་ནས་དེ་བཞིན་གཤེགས་པ་དེ་དག་དང། བྱང་ཆུབ་སེམས་དཔའ་དེ་དག་གི་འཇིག ་རྟེན་གྱི་ཁམས་རབ་འབྱམས་ཆེ་གེ་མོ་ཞིག་ན་བྱང་ཆུབ་སེམས་དཔའ་སྤྱོད་པ་དེ་ལྟ་བུ་དང་ལྡན་པ་ཞིག་དབང་བསྐུར་བའི་དུས་ལ་བབ་པར་ཐུགས་སུ་ཆུད་བར་འགྱུར་རོ། །དགུག་བའི་ལས་ཅན་ཞེས་བྱ་བ་དེ་ནས་བྱང་ཆུབ་སེམས་དཔའ་ས་དགུ་བ་ལ་རབ་ཏུ ་གནས་པའི?་བར་གྱི་བྱང་ཆུབ་སེམས་དཔའ་མཛའ་ཡས་པ་དག་ཕྱོགས་བཅུ་ནས་དེར་ལྷགས་ནས་བྱང་ཆུབ་སེམས་དཔའ་དེ་ལ་ཀུན་ནས་བསྐོར་ཏེ། མཆོད་པ་ཆེན་པོ་བྱས་ནས་བྱང་ཆུབ་སེམས་དཔའ་དེ་ཉིད་ལ་བལྟ་ཞིང་ཏིང་ངེ་འཛིན་སྟོང་ཕྲག་བཅུ ་བཅུ་ལ་སྙོམས་པར་འཇུག་པར་འགྱུར་བ་དང། བྱང་ཆུབ་སེམས་དཔའ་དབང་བསྐུར་བའི་ས་ཐོབ་པ་གཞན་དག་གི་དཔལ་བེའུ་དང་བརྡོ་རྗེ་དང། བཀྲ་ཤིས་ལས་བདུད་ཀྱི་དགྲ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་འོད་ཟེར་ཆེན་པོ་གཅིག་འོང་བར་གྱི? ་གྲངས་མེད་བརྒྱ་ཕྲག་བཅུ་དང་བཅས་པ་འབྱུང་སྟེ། ཕྱོགས་བཅུ་སྣང་བར་བྱས་ནས་ཆོས་འཕྲུལ་མུ་མེད་པ་ཡང་དག་པར་བསྟན་ཏེ། བྱང་ཆུབ་སེམས་དཔའ་དེའི་དཔལ་བེའུ་དང། རྡོ་རྗེ་དང། བཀྲ་ཤིས་སུ་ནུབ་པ་འགྱུར་ཞིང། ནུབ་མ་ཐབ ་ཏུ་བྱང་ཆུབ་སེམས་དཔའ་དེ་སྟོབས་དང། མཐུ་ཡང་བརྒྱ་ཕྲག་སྟོང་གྱུར་པས་དང་ལྷག་པར་མངོན་པར་འཕེལ་བར་སྣང་ངོ། །གང་གི་དབང་བསྐུར་ཞེ་ན། དེ་བཞིན་གཤེགས་པ་ད?་དག་གི་ཌ་འོད་ཟེར་རྣམས་དང། བྱང་ཆུབ་སེམས་དཔའ་དེ་གཞན ་དང་གཞན་དག་གི་ཡེ་ཤེས་དང་མཉམ་པ་ཉིད་དུ་ཡང་དག་པར་རབ་ཏུ་འཛིན་པས་ཏེ། དེ་ནས་དེ་བཞིན་བཤེགས་པ་དེ་དག་གི་མཛོད་སྤུ་དག་ནས་ཐམས་ཅད་མཁྱེན་པ་ཉིད་ཀྱི་མདོད་པར་ཤེས་པ་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་གྲངས་མེད ་པ?་བརྒྱ་སྟོང་ཕྲག་བཅུ་དག་འབྱུང་སྟེ། དེ་དག་གིས་ཕྱོགས་བཅུ་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ལུས་པར་སྣང་བར་བྱས་ནས་འཇིག་རྟེན་ལ་ལན་བཅུ་བསྒོར་བ་བྱས་ཏེ། དེ་བཞིན་གཤེགས་པ་རྣམ་པར་འཕྲུལ་བ་ཆེན་པོ་རྣམS? ་བསྟན། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་བསྐུལ། སངས་རྒྱས་ཀྱི་ཞིང་རབ་འབྱམས་ཐམས་ཅད་རྣམ་པ་དྲུག་ཏུ་བསྐྱོད། ངན་སོང་ཐམས་ཅད་ཀྱི་འཆི་འཕོ་དང་འགྲོ་བ་སྐྱེ་བ་རབ་ཏུ་ཞི་བར་བྱས། བདུད་ཀྱི་གནས་ཐཾས་ཅད ་མོག་མོག་བོར་བྱས་དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པར་རྣམ་པར་སངས་རྒྱས་པའི་སངས་རྒྱས་ཀྱི་བདན་ཀུན་ཏུ་བསྟན། སངས་རྒྱས་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་བཀོད་པའི་མཐུ་རབ་ཏུ ་བསྟན། འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའ་ཨི་ཁམས་ཀྱི་མཐས་གཏུགས་བ་ཐམས་ཅད་སྣང་བར་བྱས་ནས་ཕྱིར་ལོག་སྟེ། བྱང་ཆུབ་སེམས་དཔའ་ཨི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ཀྱི་སྟེང་ནས།། ་བསྐོར་བར་བྱས་ནས་བཀོད་པ་ཆེན་པོ་བསྟན་ཏེ། བྱང་ཆུབ་སེམས་དཔའ་དེའི་ཡན་ལག་གི་དམ་པར་ནུབ་པར་འགྱུར་ལ། དེའི་འཁོར་གྱི་འོད་ཟེར་རྣམས་ནི་དེ་ལྟར་འདུས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མགོར་ནུབ་པར་འགྱུར་ཏེ། འོད་ཟེར་དེ་དག་གིས་ཕོག་མ་ཐག་ཏུ ་བྱང་ཆུབ་སེམས་དཔའ་དེ་དག་གིས་སྔོན་མ་ཐོབ་པའི་ཏིང་ངེ་འཛིན་སྟོང་ཕྲག་བཅུ་བཅུ་རབ་ཏུ་ཐོབ་ལ། འོད་ཟེར་དེ་དག་དུས་ཅིག་ཏུ་བྱང་ཆུབ་སེམས་དཔའ་དེ་དག་གི་ཡན་ལག་གི་དམ་པ་ལ་བབ?་པས། བྱང་ཆུབ་སེམས་དཔའ་དེ་ཡང་དག་པར་རྫོགས་པའི་སངས་རྒྱས ་གྱི་ཡུམ་ལ་མངོན་པར་དབང་བསྐུར་བ་ཞེས་བྱ་བ་ལ། སྟོབས་བཅུ་ཡོངས་སུ་རྫོགས་ནས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་བགྲང་བ་ཡང་འཐོབ་པར་འགྱུར་བ་སྟེ་དེ་ལྟ་བུས་དབང་བསྐུར་བ་ཡིན་ནོ། །ཇི་ལྟར་དབང་བསྐུར་ཞེ་ན། འཁོར་ལོས་སྒྱུར་བའི་རྒྱལ ་བོའི་བུ་ཐུ་བོ་ལྟ་བུར་ཏེ། འདི་ལྟ་སྟེ་དཔེར་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་བུ་ཐུ་བོ་གཞོན་ནུ་བཙུན་མོ་དམ་པ་ལས་བཅེས་པ་རྒྱལ་པོའི་མཚན་དང་ལྡན་པར་གྱུར་པ་དེ་འཁོར་ལོས་སྒྱུར་བའི་རྒྱལ་པོས་ལྷའི་ཀླང་པོ་རིན་པོ་ཆལ་གསོར་གྱི་ཁྲི་བཟང ་པོའི་སྟེང་དུ་བཞག་སྟེ། སྟེང་ནས་བླ་རེ་བྲེས་ཤིང་གདུགས་དང་རྒྱལ་མཚན་དང་བ་དན་དང་རོལ་མོའི་བཀོད་པ་རྒྱ་ཆེན་པོ་བྱས་ཏེ། རྒྱ་མཚོ་ཆེན་ཕོ་བཞི་ལས་ཆུ་བླངས་པ་གསེར་གྱི་བུམ་པས་བཅུས་ཏེ། ཆུ་དེས་གཞོན་ནུའི་སྤྱི་བོ་ནས་དབང་བསྐུར་ན། ་དེ་དབང་བསྐུར་མཐག་ཏུ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་པ་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་རྫོགས་ནས་ནི་འཁོར་ལོས་སྒྱུར་བ་ཞེས་བྱ་བའི་མིང་ཐོབ་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་ཡང ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་དབང་བསྐུར་མ་ཐག་ཏུ་ཡེ་ཤེས་ཀྱི་དབང་བསྐུར་བས་དབང་བསྐུར་བ་ཞེས་བྱ་སྟེ། སྟོབས་བཅུ་ཡོངས་སུ་རྫོགས་ནས་ནི་ཡང་དག་པར་རྫོགས་བའི་སངས་རྒྱས་ཀྱི་གྲངས་སུ་འགྲོ་བ་དེ་ལྟར་དབང་བསྐུར་ཏེ ་དེ་ནི་དབང་བསྐུར་ཐོབ་པ་ཞེས་བྱའོ། །ཆེ་བ་ཉིད་མཐར་ཕྱིན་བའི་སོང་བ་ཞེས་བྱ་བ་ནི་རྣམ་པ་ལྔ་སྟེ། ཤེས་པས་ཆེ་བ་ཉིད་དང། རྣམ་པར་ཐད་པས་ཆེ་བ་ཉིད་དང། ཏིང་ངེ་འཛིན་གྱི་ཆེ་བ་ཉིད་དང། གཟུགས་ཀྱིས་ཆེ་བ་ཉིད་དང། མངོན་པར ་ཤེས་པས་ཆེ་བ་ཉིད་དོ། །དེ་ལ་ཤེས་པས་ཆེ་བ་ཉིད་ཅེས་བྱ་བ་ནི་ཤེས་བྱའི་དེ་ཁོ་ན་མངོན་པར་རྫོགས་པར་བྱང་ཆུབ་པའི་དོན་དང་འབྲེལ་པ་སྟེ། དེ་ཡང་རྣམ་པ་བདུན་ཏེ། ཡང་དག་བར་གྲུབ་པ་ཤེས་པས་ཆེ་བ་ཉིད་དང། ་།སྤྲུལ་པ་ཤེས་པས་ཆེ་བ་ཉིད་དང། བྱིན་གྱིས་བརླབས་པ་ཤེས་པས་ཆེ་བ་ཉིད་དང། ཕྲ་བ་ལ་འཇུག་པའི་ཤེས་པས་ཆེ་བ་ཉིད་དང། གསང་བེའི་གནས་ཤེས་པས་ཆེ་བ་ཉིད་དང། བསྐལ་པ་ལ་འཇུག་པ་ཤེས་པས་ཆེ་བ ་ཉིད་དང། ལམ་ལ་གཟུང་བ་ཤེས་པས་ཆེ་བ་ཉིད་དོ། །ཡང་དག་པར་འགྲུབ་པ་ཤེས་པས་ཆེ་བ་ཉིད་ཅེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་ལ་ཐེ་ཚོམ་ཟ་བ་གཅོད་ནུས་པའི་དབང་དུ་བྱས་པ་སྟེ། ཆོས་ཀྱི་ཁམས་ཡང་དག་པར་འབྲུབ་བ་ལ་སོགS ་པ་ཤེས་པ་ཡིན་ནོ། །སྤྲུལ་པ་ཤེས་པས་ཆེ་བ་ཉིད་ཅེས་བྱ་བ་ནི་དེ་ལ་གནས་པས་མངོན་པར་སྒྲུབ་ནུས་པའི་དབང་དུ་བྱས་པ་སྟེ། སེམས་ཅན་དུ་སྤྲུལ་པ་ལ་སོགས་ཤེས་པ་ཡིན་ནོ།། བྱིན་གྱིས་བརླབས་པ་ཤེས་པས་ཆེ་བ་ཉིད་ཅེS ་བྱ་བ་ནི་དེ་ཉིད་དེ་ལྟ་བུར་འཇུག་ནུས་པའི་དབང་དུ་བྱས་པ་སྟེ། སང་རྒྱས་སུ་ཡིན་གྱིས་བརླབ་པ་ལ་སོགས་པ་ཤེས་པ་ཡིན་ནོ། །ཕྲ་བ་ལ་འཇུག་པ་ཤེས་པས་ཆེ་བ་ཉིད་ཅེས་བྱ་བ་ནི་སྤྲུལ་པ་དང་བྱིན་གྱིས་བརླབས་བ་དེ་གཉིས་ཀ་ལ ་གཉིས་སུ་མེད་པའི་ཡེ་ཤེས་ཀུན་ཏུ་འབྱུང་བའི་དབང་དུ་བྱས་པ་སྟེ། སྤྱོད་པ་ཕྲ་པ་ལ་འཇུག་པའི་མཁྱེན་པ་ལ་སོགས་པ་ཤེས་པ་ཡིན་ནོ། །གསང་བའི་གནས་ཤེས་པས་ཆེ་བ་ཉིད་ཅེས་བྱ་བ་ནི་སེམས་ཅན་ཡོངས་སུ་མ་སྨིན་པའི་བསྐྲག ་པ་བསལ་བའི་དབང་དུ་བྱས་པ་སྟེ། སྐུ་གསང་བ་ལ་སོགས་པ་ཤེས་པ་ཡིན་ནོ། །བསྐལ་པ་ལ་འཇུག་པ་ཤེས་པས་ཆེ་བ་ཉིད་ཅེས་བྱ་བ་ནི་ཚེའི་འདུ་བྱེད་བྱིན་གྱིས་བརླབ་པ་དང། བཏང་བ་ལ་དབང་བའི་དབང་དུ་བྱས་པ་སྟེ། བསྐལ་པ་གཅིག་ལ་བསྐལ་པ ་གྲངས་མེད་པར་ཡང་དག་པར་གཞལ་བ་ལ་སོགས་པ་ཡིན་ནོ། །ལམ་ལ་གཟུང་པ་ཤེས་པས་ཆེ་བ་ཉིད་ཅེས་བྱ་བ་ནི་གཉེན་པོའི་མན་ངག་གི་དབང་དུ་བྱས་པ་སྟེ། བྱིས་པའི་ལམ་གྱིས་གཟུང་པ་མཁྱེན་པ་ལ་སོགས་པ་ཤེས་པ་ཡིན་ཏེ། དེ་དག་ནི ་ཤེས་པས་ཆེ་བ་ཉིད་རྣམ་པ་བདུན་ཡིན་ནོ། །རྣམ་པར་ཐར་བས་ཆེ་བ་ཉིད་ཅེས་བྱ་བ་ནི་སེམས་ལ་དབང་པོའི་དོན་དང་འབྲེལ་བ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་ཨི་ས་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའ་ཨི་རྣམ་པར ་ཐད་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་འཁོར་དང་བཅས་པ་ལ་སོགས་པ་རྣམ་པར་ཐར་པའི་སྒོ་བརྒྱ་སྟོང་གྲངས་མེད་དཔག་ཏུ་མེད་པ་རབ་ཏུ་ཐོབ་པ་ཡིན་ནོ། །ཏིང་ངེ་འཛིན་གྱིས་ཆེ་བ་ཉིད་ཅེས་བྱ་བ་ནི་དོན་ཐམས་ཅད་འགྲུབ་པ་སེམས་བསྐྱེད་པ་ཙམ ་ལ་རག་ལས་པའི་དོན་དང་འབྲེལ་པ་སྟེ། དེ་བཞིན་དུ་ཏིང་ངེ་འཛིན་བརྒྱ་སྟོང་གྲངས་མེད་པ་རབ་ཏུ་ཐོབ་པ་ཡིན་ནོ། །གཟུངས་ཀྱི་ཆེ་བ་ཉིད་ཅེས་བྱ་བ་ནི་འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་བྱ་བའི་རྗེས་སུ་འཇུག་པ་དང་འབྲེལ་བ་སྟེ། དེ་བཞིན་དུ ་གཟུངས་བརྒྱ་སྟོང་གྲངས་མེད་དཔག་ཏུ་མེད་པ་རབ་ཏུ་ཐོབ་པ་ཡིན་ནོ། །མངོན་པར་ཤེས་པས་ཆེ་བ་ཉིད་ཅེས་བྱ་བ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ནུས་པ་དང་འབྲལ་བ་སྟེ། དེ་བཞིན་དུ་མངོན་པར་ཤེས་པ་བསྒྲུབ་པ་བརྒྱ་སྟོང་གྲངས་མེད ་དཔག་ཏུ་མེད་པ་རབ་ཏུ་ཐོབ་པ་ཡིན་ཏེ། དེ་ནི་ཆེ་བ་ཉིད་མ་ཐར་ཕྱིན་པར་སོང་བ་ཞེས་བྱའོ། །སའི་ངེས་པའི་ཚིག་ཅེས་བྱ་བ་ནི་ས་འདིའི་མིང་ཆོས་ཀྱི་སྦྱིན་ཅེས་བྱ་བ་སྟེ། དེ་ཡང་སྤྲིན་དང་འདྲ་བའི་ཆོས་རྣམ་པ་གསུམ་སྟེ། ཐོས་པའི་ཆོས་སྦྲིན་ལྟ ་བུས་ས་འདི་པའི་ལུས་ནམ་མཁའ་ལྟ་བུ་ལ་ཁྱབ་པར་བྱེད་པས་ཁྱབ་པ་དང། ཆོས་དེ་སེམས་ཅན་རྣམས་ཀྱི་ཉོན་མོངས་བའི་རྡུལ་མེ་ལྕེ་རབ་ཏུ་ཞི་བས་ཞི་བར་བྱེད་བ་དང། དགའ་ལྡན་གྱི་གནས་ལ་སོགས་བའི་རིམ་གྱིས་སེམས་ཅན ་འདོད་པའི་ཕྱིར་སྦྲིན་གྱི་ཆར་ལོ་ཏོག་འདོད་པ་བཞིན་དུ་འདོད་པ་སྟེ། དེ་དག་ནི་མིང་ལ་མཁས་བའི་སྐབས་སུ་མགོ་ནས་རྒྱ་ཆེར་བསྟན་ཏོ། །མཐུ་བླ་ན་མེད་པ་དང་བླ་ན་ཡོད་པ་ཞེས་བྱ་བ་ནི་སེམས་ཅན་གཞན་གྱི་མཐུ་ལ་བལྟོས་ཏེ་བླ?་ན་མེད ་པ་དང། དེ་བཞིན་གཤེགས་པའི་མཐུ་ལས་བལྟོས་ཏེ་བླ་ན་ཡོད་པའོ། །དེ་ཡང་རྣམ་པ་དྲུག་སྟེ། གནས་དང། གཞི་དང། རང་གི་མཚན་ཉིད་དང། བྱ་བ་བསྒྲུབ་པ་དང། ཡོངས་སུ་ཚིམ་པར་བྱེད་པ་དང། རྒྱ་ཆེ་བའོ། །དེ་ལ་མཐུའི་གནས་ནི?་རྣམ ་པ་བཞི་སྟེ། རྣམ་པར་ཐར་བ་བསམ་གྱིས་མི་ཁྱབ་བ་དང། རྒྱ་མཚོ་ལྟར་འབྱོར་བའི་ཏིང་ངེ་འཛིན་དང། ཡེ་ཤེས་མངོན་པར་སྒྲུབ་པ་དང། ལྡན་པའི་གཟུངས་དང། རྫུ་འཕྲུལ་གྱི་བྱ་བ་མངོན་པར་ཤེས་པའོ། །གཞི་ནི་རྣམ་པ་གཉིས་ཏེ། ཕྱི ་རོལ་གྱི་དངོས་པོ་ས་ལ་སོགས་པ་དང། ནང་གི་དངོས་པོ་རང་གི་ལུས་ལ་སོགས་པའོ། །རང་གི་མཚན་ཉིད་ཀྱང་རྣམ་པ་གཉིས་ཏེ། ཡོངས་སུ་བསྒྱུར་བ་དང། སྤྲུལ་བའོ། །བྱ་བ་སྒྲུབ་པ་ནི་མཆོད་པའི་སྒོ་ནས་བྱང་ཆུབ་ཀྱི་ཕྱོགས་སོགས ་པར་བྱེད་པའོ། །ཡོངས་སུ་ཚིམ་བར་བྱེད་བ་ནི་རྣམ་པ་གཉིས་ཏེ། ཐེ་ཚོམ་དུ་གྱུར་པ་ལ་རང་གི་མཐུ་ཀུན་ཏུ་སྟོན་པ་དང། ཆོས་ཐམས་ཅད་སྟོན་པས་སོ། །རྒྱ་ཆེ་བ་ཡང་རྣམ་པ་གཉིས་ཏེ། མཐུ་རྒྱ་ཆེ་བ་དང་གྲངས་རྒྱ་ཆེ་བའོ། །འབྲས་བུ་ལེགS ་པའི་ཁྱད་པར་ནི་སྔ་མ་བཞིན་ནོ། །གནས་པ་དང་ཁྱད་པར་དེ་དག་ཐོབ་པས་ན་དེ་ཡན་ལག་དེ་ཡོངས་སུ་རྫོགས་པ་ཡིན་ཞེས་བྱ་བ་གསུངས་ཏེ། ཆོས་རྣམས་ལ་དབང་མ་ཐོབ་བ་ལས་ཡང་དག་པར་འདས་བའི་ཕྱིར་རོ། །མི་མཐུན་པའི་ཕྱོགས ་སྤང་བ་གང་ཞེ་ན། ཤེས་བྱ་ཐམས་ཅད་ལ་ཆགས་བ་མེད་པ་དང། ཐོགས་བ་མེད་པའི་ཤེས་པ་དང། མཐོང་བ་ཐོབ་པར་མི་ནུས་བས་དེ་ཡན་ལག་ཇེས་ཡོངས་སུ་མ་རྫོགས་པ་ཡིན་ཏེ་ཞེས་བྱ་བས་བསྟན་ཏེ། སངས་རྒྱས་ཀྱི་སའི་མི་མཐུན་བའི་ཕྱོགས་ནི་གནས ་ངན་ལེན་ཕྲ་མོ་སྙིང་པོ་ལ་ཡོད་པ་ལྟ་བུ་མ་སྤངས་པའོ། །དེ་ཡང་ས་བཅུ་པ་ཇི་སྲིད་དུ་གནས་པ་མཆོག་དེ་ཉིད་ལས་འདས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་བར་རྫོགས་པར་སངས་རྒྱས་ནས་ཤེས་བྱ་ཐམས་ཅད་ལ་ཆགས ་པ་མེད་པ་དང། ཐོགས་པ་མེད་པའི་ཤེས་པ་དང། མཐོང་བ་བརྙེས་ཏེ། སྐུ་གསུམ་དང། ཡེ་ཤེས་བཞི་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྒྱ་བཞི་བཅུ་ལ་སོགས་པའི་ཆེ་བ་ཉིད་མཐར་ཕྱིན་ཅིང། སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་མཛད་བའི ་གནས་བ་ཐོབ་བ་ཉིད་ཡིན་པར་སྦྱར་རོ། །གཉེན་པོ་བསྒོམ་པ་གང་ཞེ་ན་དེ་ཡན་ལག་དེ་ཡོངས་སུ་རྫོགས་བར་བྱ་བའི་ཕྱིར་འབད་པས་ཞེས་བྱ་བས་བསྟན་ཏེ། ས་བཅུ་པ་ནས་སངས་རྒྱས་ཀྱི་སར་འཕར་བའི་གནས་སྐབས་ན་བསློབ་པ་ཐམས་ཅད་ཀྱི་མཐར ་ཐུག་པའི་ལམ་གྱིས་བསྡུས་བ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཅེས་བྱ་བས་ཟག་བ་མེད་པའི་ཆོས་ཀྱི་དབྱིངས་ལ་མཉམ་པར་བཞག་སྟེ། ཀུན་གཞི་རྣམ་བར་ཤེས་པའི་གནས་ངན་ལན་ཕྲ་མོ་སྙིང་པོ་ལ་ཡོད་པ་ལྟ་བུ་ཡང་དག་པར་བཅོམ་ནས་གནས་གྱུར་བར་རབ་ཏུ་ཕྱོ ་བས་སངས་རྒྱས་ཀྱི་ས་ཐོབ་པ་ལ་འབད་པའོ། །བསྒོམ་པའི་འབྲས་བུ་འཐོབ་པ་གང་ཞེ་ན། དེ་ཡང་འཐོབ་སྟེ་ཞེས་བྱ་བས་བསྟན་ཏེ། སངས་རྒྱས་ཀྱི་ས་ལ་སྦངས་པ་དང། ཡེ་ཤེས་ཀྱི་རབ་ཏུ་ཕྱེ་བའི་སྐུ་གསུམ་དང། ཡེ་ཤེས་བཞི་དང། སངས ་རྒྱས་ཀྱི་ཆོས་མ་འདྲེས་པ་བརྒྱ་བཞི་བཅུ་གནས་པ་དང་ཁྱད་པར་བསྟན་བ་འཐོབ་པའོ། །དེ་ལ་སྤངས་བ་ཞེས་བྱ་བ་ནི་སྒྲིབ་བ་རྣམ་པ་གཉིས་ཀྱི་བག་ཆགས་དང་བཅས་པའི་ཀུན་གཞི་གནས་གྱུར་པའོ། །ཡེ་ཤེས་ཞེས་བྱ་བ་ནི་གནས་གྱུར་པས ་རབ་ཏུ་ཕྱེ་བའི་ཤེས་པའོ། །སྐུ་གསུམ་ཞེས་བྱ་བ་ནི་ཆོས་ཀྱི་སྐུ་དང། གཟུགས་ཀྱི་སྐུ་རྣམས་གཉིས་སོ། །ཡེ་ཤེས་བཞི་ཞེས་བྱ་བ་ནི་མེ་ལོང་ལྟ་བུ་ལ་སོགས་པ་བཞིའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྒྱ་བཞི་བཅུ་ཞེས ་བྱ་བ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱེད་བཟང་པོ་བརྒྱད་ཅུ་དང། རྣམ་པ་ཐམས་ཅད་ཡོངས་སུ་དག་པ་བཞི་དང། དེ་བཞིན་གཤེགས་པའི་སྟོབས་བཅུ་དང། མི་འཇིགས་པ་བཞི་དང། དྲན་པ་ཉེ་བར་བཞག་པ་གསུམ ་དང། བསྲུང་བ་མེད་པ་གསུམ་དང། ཐུགས་རྗེ་ཆེན་པོ་དང། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང། བག་ཆགས་ཡང་དག་པར་བཅོམ་པ་དང། རྣམ་པ་ཐམས་ཅད་དང་མཆོག་མཁྱེན་པའོ། །གནས་པ་དང་ཁྱད་པར་དེ་དག་ཐོབ་པས་ན་དེ་ཡན ་ལག་ངེས་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ། གནས་ངན་ལེན་ཕྲ་མོ་སྙིང་པོ་ལ་ཡོད་པ་ལྟ་བུ་ཡང་དག་པར་བཅོམ་པའི་ཕྱིར་རོ། །དེ་ཡན་ལག་དེ་ཡོངས་སུ་རྫོགས་པའི་ཕྱིར་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན ་ཏེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་ས་བཅུ་པོ་དག་ནི་སྒྲིབ་བ་དང་བཅས་པས་མངལ་ན་གནས་པའི་ལུས་ཀྱི་དུས་བཅུ་དང་འདྲ་ལ་སངས་རྒྱས་ཀྱིས་ནི་ཤེས་བྱའི་སྤྱོད་ཡུལ་ཐམས་ཅད་རབ་ཏུ་མྱོང་བ་བཙས་པའི་དུས་དང་འདྲ་བས། ་དེ་ལ་མི་མཐུན་པའི་ཕྱོགས་ནི་ཡོང་ཀྱི་གཉེན་པོ་མེད་པའི་ཕྱིར་རོ། །མངལ་གྱི་ནང་ན་གནས་པའི་ལུས་ཀྱི་དུས་བཅུ་ནི། མེར་མེར་པོའི་དུས་དང། ནུར་ནུར་པོའི་དུས་དང། ལྟར་ལྟར་པོའི་དུས་དང། མཁྲང་འགྱུར་གྱི་དུས་དང། ལུས་དང ་མཐུན་པའི་དུས་དང། རང་བཞིན་དང་མཐུན་པའི་དུས་དང། ལས་དང་བཅས་པའི་དུས་དང། ཡོངས་རྫོགས་པའི་དུས་གསུམ་སྟེ། དབང་པོ་ཡོངས་སུ་རྫོགས་པ་དང། དཔེ་བྱད་ཡོངས་སུ་རྫོགས་པ་དང། ཆུ་ཞེང་ཡོངས་སུ་རྫོགས་པའི། ་དུས་སོ། །སྤྱན་རས་གཟིགས་དབང་ཕྱུག་དེ་དག་ནི་ཡན་ལག་བཅུ་གཅིག་པོ་དེ་དག་གིས་བསྡུས་པར་རིག་པར་བྱའོ་ཞེས་བྱ་བ་ནི་མཇུག་བསྡུས་པའི་ཚིག་གོ་།ཡན་ལག་བཅུ་གཅིག་ཅེས་བྱ་བ་ནི་གཉེན་བོ་སྒོམ་པ་གཅིག་དང་སྦྱར་རོ། །མི་མཐུན་པའི་ཕྱོགS ་དང་གཉེན་པོ་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ། །དེའི་འོག་ཏུ་མིང?་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། མིང་ལ་མཁས་པ་ཞེས་བྱ་བ་ནི་ས་བཅུ་གཅིག་པོ་དེ་ངེས་པའི་ཚིག་བསྟན་པ་ལ་མཁས་པ་གང ་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཅིའི་སླང་དུ་ས་དང་པོ་ལ་རབ་ཏུ་དགའ་བ་ཞེས་བགྱི་ཞེས་བྱ་བ་ལ་སོཌ་པ་ཞུས་སོ།། དེ་ལས་དང་པོ་ནི་ཞེས་བྱ་བ་ལ་ས་དང་པོའི་ངེས་པའི་ཚིག་ནི་རྒྱུ་དང་འབྲས་བུའི་སྒོ་ནས་རབ་ཏུ་དགའ་? ་བ་མང་བས་རབ་ཏུ་དགའ་བ་ཞེས་བྱ་བར་བསྟན་ཏོ། །དེ་ལ་རྒྱུའི་སྒོ་ནས་བསྟན་པ་ནི། དོན་ཆེ་བ་འདྲིས་པ་མ་ཡིན་པ་འཇིག་རྟེན་ལས་འདས་པའི་སེམས་ཐོབ་པས་ཞེས་བྱ་བས་བསྟན་ཏོ། །དེ་ལ་དོན་ཆེ་བ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི ་སེམས་ཐོབ་པ་དེ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་རོ། །འདྲིས་པ་མ་ཡིན་པ་ཞེས་བྱ་བ་ནི་དེ་འཇིག་རྟེན་དང་འཇིག་རྟེན་མ་ཡིན་ཏེ། སྔོན་ཆད་ཐོབ་མ་མྱོང་བའི་ཕྱིར་རོ། །འཇིག་རྟེན་ལས་འདས་པའི་སེམས་ཞེས་བྱ་བ་ནི ་བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པ་ལ་གནས་པ་ལས་རབ་ཏུ་དགའ་བའི་གནས་པ་ལ་འཇུག་པ་ན་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྨོན་ལམ་སྔ་མ་བྱང་ཆུབ་ལེགས་པར་མ་བཏགས་པ། ་བྱང་ཆུབ་པར་བྱ་བའི་ཐབས་ལེགས་པ་མ་རྟོགས་པ་ཕལ་ཆེར་གཞན་གྱི་རྐྱེན་གྱིས་འགོ་བ་དེས་པའི་མ་ཡིན་པ་དེ་སྤངས་ནས་བྱང་ཆུབ་སེམས་དཔའ་ཨི་སྨོན་ལམ་ཤིན་ཏུ་རྣམ་པར་ངེས་པ་རང་གི་བསྒོམས་པ་ལས་བྱུང་བ་སར་པ། ཤིན་ཏུ ་རྣམ་པར་ངེས་པའི་ཁྱད་པར་དྲག་པོ་དེ་བཞིན་ཉིད་ལ་དམིགས་པ་རོ་གཅིག་པའི་རྣམ་པས་དམིགས་པའི་རྣམ་པ་ཤིན་ཏུ་རྣམ་པར་ངེས་པ་དང། འཇིག་རྟེན་ལས་འདས་པ་ཉིད་དེ་འཇིག་རྟེན་པའི་ཡུལ་མ་ཡིན་པས་རང་བཞིན་གྱིས་ཤིན་ཏུ ་རྣམ་པར་ངེས་པ་དང། ཆོས་ཆེན་པོའི་དབྱིངས་ཉིད་དེ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པས་གཙོ་བོར་ཤིན་ཏུ་རྣམ་པར་ངེས་པ་དང། དེ་ན་ནམ་མཁའ་ལྟར་ཟད་པ་མེད་པའི་ཕྱིར་འབྲས་བུ་རྟག་པའི་ཡིད་དུ་འོང་བ་འགྲུབ་པའི་རྒྱུ་ཉིད་ཤིན་ཏུ་རྣམ ་པར་ངེས་པ་དང་མྱ་ངན་ལས་འདས་པ་ལ་གཞོལ་པའི་ཕྱིར་འབྲས་བུ་རྟག་པའི་རྒྱུ་ཉིད་དུ་ཤིན་ཏུ་རྣམ་པར་ངེས་པ་དང་ལྡན་པ་གཞན་སྐྱེད་པར་བྱེད་དེ། བྱང་ཆུབ་སེམས་དཔའ་ཨི་སྨོན་ལམ་ཤིན་ཏུ་རྣམ་པར་ངེས་པ་ཁྱད་པར་རྣམ་པར་དྲུག་དང་ལྡན་པ ་དེ་ནི་ས་དང་པོ་ལ་ཞུགས་པའི་དོན་དམ་པའི་སེམས་བསྐྱེད་པ་ཡིན་པས་ན་འཇིག་རྟེན་ལས་འདས་པའི་སེམས་ཞེས་བྱའོ། །དེ་འཐོབ་པ་ཞེས་བྱ་བ་ནི་གནས་གང་ཡོད་པ་དང། གང་གི་ཕྱིར་དང། གཞི་གང་ཡིན་པ་དང། ཅི་འདྲ་བའི་སེམས་སྐྱེ ་བས་ས་དང་པོ་ལ་གནས་པའི་གནས་སྐབས་ན་ཐོབ་པ་ཡིན་ཏེ། རྒྱུ་དེ་ལ་ས་རབ་ཏུ་དགའ་བ་སྐྱེ་བས་ན་ད་ནི་རྒྱུའི་སྒོ་ནས་ངེས་པའི་ཚིག་བསྟན་པ་ཡིན་ནོ།། འབྲས་བུའི་སྒོ་ནས་བསྟན་པ་ནི་དགའ་བ་དང་མཆོག་ཏུ་དགའ་བརྒྱ་ཆེ་བའི་ཕྱིར་ཞེས་བྱ་བS ་བསྟན་ཏོ། དེ་ནི་རྣམ་པ་གཉིས་ཏེ་ས་འདི་ལ་རབ་ཏུ་དགའ་བ་མང་བས་རབ་ཏུ་དགའ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རབ་ཏུ་དགའ་བ་ཇི་འདྲ་བ་དང། དམིགས་པ་ཇི་འདྲ་བས་རབ་ཏུ་དགའ་བའོ། །དེ་ལ་རབ་ཏུ་དགའ་བ་ཅི་འདྲ་བས་རབ་ཏུ་དགའ་བ ་ཡིན་ཞེ་ན། དགའ་བ་ཞེས་བྱ་བས་བསྟན་ཏེ། བྱང་ཆུབ་སེམས་དཔའ་ཨི་ས་རབ་ཏུ་དགའ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་དེ་ལྟར་འཇིག་རྟེན་ལས་འདས་པའི་སེམས་ཐོབ་པར་ཤེས་ནས་དད་པས་རབ་ཏུ་ཕྱེ་བའི་མཆོག་ཏུ་དགའ་བ་མང ་པོ་ཡིན་ནོ། །དེ་ཡང་རྣམ་པ་དགུ་སྟེ། དཀོན་མཆོག་རྣམ་པ་གསུམ་པོ་དག་ལ་དང་བའི་མཆོག་ཏུ་དགའ་བ་དང། དམིགས་པ་ལས་དགའ་བས་ཚིམ་པའི་ཕྱིར་དགའ་བའི་མཆོག་ཏུ་དགའ་བ་དང། བདག་གི་ཁོང་དུ་ཆུད་པའི་ཁྱད་པར་ལ་རྟོག་པའི་ཕྱིར་རངས་པའི ་མཆོག་ཏུ་དགའ་བ་དང། རང་གི་ལུས་དང་སེམས་ལ་ཕན་བཏགས་པས་རྟགས་པའི་ཕྱིར་མགུ་པའི་མཆོག་ཏུ་དགའ་བ་དང། རང་གི་ལུས་དང་སེམས་ལ་ཁྱད་པར་ཕན་བཏགས་པས་དགའ་རླབས་ཀྱི་མཆོག་ཏུ་དགའ་བ་དང། བྱང་ཆུབ་ཏུ་ཉེ་བར་གྱུར་པར ་ཏོགས་པའི་སྤྲོ་བའི་མཆོག་ཏུ་དགའ་བ་དང། རང་གི་རྒྱུད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འཕེལ་བའི་གཏམ་རྣམ་པར་གཏན་ལ་འབེབས་པའི་དུས་ན་འཁྲུག་པ་མེད་པའི་མཆོག་ཏུ་དགའ་བ་དང། གཞན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སེམས་ཅན་བསྡུད ་པའི་དུས་ནི་སྙིང་རྗེ་དང་ངེས་པས་རྣམ་པར་མི་འཚེ་བའི་ཕྱིར་རྣམ་པར་འཚོ་བ་མེད་པའི་མཆོག་ཏུ་དགའ་བ་དང། དེ་ལོག་པར་ཞུགས་པའི་དུས་སུ་བཟོད་པའི་ཕྱིར་ཁྲོ་བ་མེད་པའི་མཆོག་ཏུ་དགའ་བ་མང་བས་རབ་ཏུ་དགའ་བ་ཞེས་བྱའོ། །དམིགས ་པ་ཇི་འདྲ་བས་རབ་ཏུ་དགའ་བ་ཡིན་ཞེ་ན་མཆོག་ཏུ་དགའ་བ་རྒྱ་ཆེ་བའི་ཕྱིར་ཞེས་བྱ་བས་བསྟན་ཏེ། དེ་ནི་རྣམ་པ་གཉིས་ཏེ། མ་འོངས་པ་ན་ཐོབ་པར་བྱ་བ་དང། ད་ལྟར་ཐོབ་པའོ།། དེ་ལ་མ་འོངས་པ་ན་ཐོབ་པར་བྱ་བའི་ཕྱིར་དམིགས་པ་ནི་དེ་ལྟར་བྱང ་ཆུབ་སེམས་དཔའ་ཨི་ས་རབ་ཏུ་དགའ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་རྗེས་སུ་དྲན་པ་དང་རབ་ཏུ་དགའ་བ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཅི་འདྲ་བར་མ་འོངས་པ་ན་བདག་ཀྱང་དེ་འདྲ་བར ་བྱའོ་སྙམ་ནས་རབ་ཏུ་དགའ་བ་ཡིན་ནོ། །དེ་ཡང་རྣམ་པ་དགུ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་རྗེས་སུ་དྲན་པ་དང། བྱང་ཆུབ་སེམས་དཔའ་རྣམས་རྗེས་སུ་དྲན་པ་དང། བྱང་ཆུབ་སེམས་དཔའ་ཨི་ཆོས་རྗེས་སུ་དྲན་པ་དང། ཕ་རོལ་ཏུ་ཕྱིན་པ་རྣམས་རྗེས་སུ ་དྲན་བ་དང། བྱང་ཆུབ་སེམས་དཔའ་ཨི་སའི་ཁྱད་བར་རྗེ་སུ་དྲན་པ་དང། བྱང་ཆུབ་སེམས་དཔའ་མི་འཕྲོགས་པ་རྗེས་སུ་དྲ་མ་པ་དང། དེ་བཞིན་གཤེགས་པའི་གདམས་ངག་དང་རྗེས་སུ་བསྟན་པ་རྗེས་སུ་དྲན་པ་དང། སེམས་ཅན་གྱི་དོན་རབ་ཏུ་ཐོབ ་པར་བྱེད་པ་རྗེས་སུ་དྲན་བ་དང། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་འཇུག་པའི་སྦྱོར་བ་རྗེས་སུ་དྲན་པའི་སྒོ་ནས་སངས་རྒྱས་རྗེས་སུ་དྲན་པའི་རབ་ཏུ་དགའ་བ་ཡིན་ནོ། །ད་ལྟར་ཐོབ་པའི་དམིགས་པ་ནི་བདག་ནི་འགྲོ་བ་ཐམས་ཅད་ཀྱི་ཡུལ་ལས་ཕྱིར་ལོག ་གོ་སྙན་ནས་ཕྱིར་ཞིད་མཆོག་ཏུ་དགའ་བ་དང་ལྡན་པ་ཡིན་ཏེ། འགྲོ་བའི་ལོངས་སྤྱོད་ལས་ཕྱིར་ལེག་པའི་ཕྱིར་རོ།། དེ་ཡང་རྣམ་པ་དགུ་སྟེ། སངས་རྒྱས་དང་ཉེ་བར་གྱུར་པས་ཕྱིར་ལོག་པ་དང། བྱིས་པ་སོ་སོའི་སྐྱེ་བོའི་ས་ལས་རིང་དུ་གྱུར ་པས་ཕྱིར་ལོག་པ་དང་ཡེ་ཤེས་ཀྱི་ས་དང་ཉེ་བར་གྱུར་པས་ཕྱིར་ལོག་པ་དང། ངན་སོང་ངན་འགྲོ་ལོག་པར་ལྟུང་བ་ཐམས་ཅད་ཀྱི་རྒྱུན་ཆད་པས་ཕྱིར་ལོག་པ་དང། སེམས་ཅན་ཐམས་ཅད་ཀྱི་སྟོན་པར་གྱུར་པས་ཕྱིར་ལོག་པ་དང། དེ་བཞིན ་གཤེགས་པ་རྣམས་མཐོད་པ་དང་ཉེ་བར་གྱུར་པས་ཕྱིར་ལོག་པ་དང། སངས་རྒྱས་ཀྱི་ཡུལ་ལས་ཡང་དག་པར་ཁྱུད་བས་ཕྱིར་ལོག་པ་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཉམ་པ་ཉིད་དང་ལྡན་པར་གྱུར་པས་ཕྱིར་ལོག་པ་དང ་འཇིཌ་པ་དང་སྔར་བ་དང་བག་ཚེས?་དང་བྲལ་བས་ཕྱིར་ལོག་གོ་ཞེས་མཆོག་ཏུ་དགའ་བ་བསྐྱེད་པ་སྟེ། དེའི་ཕྱིར་ས་དང་པོ་ནི་རབ་ཏུ་དགའ་བ་ཞེས་བྱའོ་ཞེས་བྱ་བར་སྦྱར་རོ། །སྲ་གཉིས་བ་ནི་ཞེས་བྱ་བ་ལ་ས་གཉིས་པའི་ངེས་པའི་ཚིག་ནི་ངང ་ཚུལ་ངན་པའི་དྲི་མ་དང། ལོག་པར་རྩོལ་བའི་དྲི་མ་དང་བྲལ་བའི་ཕྱིར་དྲི་མ་མེད་པ་ཞེས་བྱ་བ་སྟོན་ཏོ། །དེ་ལ་ངང་ཚུལ་དན་པའི་དྲི་མ་དང་བྲལ་བ་ནི་ལྟུང་བ་ཕྲ་མོའི་དྲི་མ་ཐམས་ཅད་དང་བྲལ་བ་ཉིད་ཀྱི་ཕྱིར་ཞེས་བྱ་བས་བསྟན་ཏེ། ས ་གཉིས་པ་ལ་རང་བཞིན་རྣམ་པར་དག་པས་བསྟན་པ་ལ་རང་བཞིན་རྣམ་པར་དྲག་པ་ཞེས་བྱ་བ་ཚུལ་ཁྲིམས་རྣམS་བར་དག་པ་གསུམ་སྡོམ་པའི་ཚུལ་ཁྲིམས་རྣམ་པར་དག་པ་ནི། ངང?་ཚུལ་དན་པའི་དྲི་མ་དང་བྲལ་བའི་ཕྱིར་དྲི་མ་མེད་བ་ཞེས་བྱ་བར་བསྟན་ཏོ།། ་ལོག་པར་རྩོལ་བ་དྲི་མ་དང་བྲལ་བ་ནི། འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མ་དྲི་མ་ཐམས་ཅད་དང་བྲལ་བ་ཉིད་ཀྱི་ཕྱིར་ཞེས་བྱ་བས་བསྟན་ཏེ། དགེ་བའི་ཆོས་བསྡུས་བའི་ཚུལ་ཁྲིམས་དང། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་རྣམ་པར་དག་པས ་ནི་ལོག་པར་རྩོལ་བའི་དྲི་མ་དང་བྲལ་བའི་ཕྱིར་དྲི་མ་མེད་པ་ཞེས་བྱ་བར་བསྟན་ཏོ། །དེའི་ཕྱིར་ས་གཉིས་པ་ནི་དྲི་མ་མེད་པ་ཞེས་བྱའོ་ཞེས་བྱ་བར་སྦྱར་རོ། །ས་གསུམ་བ་ནི་ཞེས་བྱ་བ་ལས་གསུམ་པའི་ངེས་པའི་ཚིག་ནི་སྦྱིན་པ་དང་འབྲས་བུའི་གནས ་སྐབས་ཀྱིས་ཆོས་ཀྱི་སྣང་བ་ཆེན་པོ་བྱེད་བའི་ཕྱིར་འདི་བྱེད་པ་ཞེས་བྱ་བར་སྟོན་ཏོ། །དེ་ལ་སྦྱོར་བའི་གནས་སྐབས་ནི་ཏིང་ངེ་འཛིན་དང་ཐོས་པའི་གཟུངས་ཏེ་ཞེས་བྱ་བས་བསྟན་ཏེ། ས་གཉིས་པ་ནས་ས་གསུམ་པར་འཕར་བའི་གནས་སྐབས་ན་འདོད ་ཆགས་དང་བྲལ་བའི་སྦྱོར་བ་འབྱུང་བར་བྱེད་པ་ཞེས་བྱ་བ་དག་པའི་སེམས་ཀྱི་བསམ་པ་ཡིད་ལ་བྱེད་པའི་རྒྱུས་འདོད་ཆགས་དང་བྲལ་བར་སྦྱར་བ་ཞེས་བྱ་བ་སྦྱོར་བ་རྣམ་པ་གསུམ་གྱིས་འདོད་པའི་འདོད་ཆགས་དང་བྲལ་བསམ་གཏན་ལ་སྦྱོར ་ཞིང་ཤེས་པའི་སྣང་བ་ཚད་མེད་པའི་གནས་སུ་གྱུར་བའི་ཏིང་ངེ་འཛིན་དང་ཐོས་པའི་གཟུངས་དེ་མངོན་པར་སྒྲུབ་པར་བྱེད་པའི་ཕྱིར་རོ། །འབྲས་བུའི་གནས་སྐབས་ནི་ཤེས་པའི་སྣང་བ་ཚད་མེད་པའི་གནས་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་བསྟན་ཏོ། ་ས་གསུམ་པ་ལ་འདོད་ཆགས་དང་བྲལ་བ་དང། འདོད་ཆགས་དང་བྲལ་བའི་འབྲས་བུས་གནས་པ་ཞེས་བྱ་བ་སྔར་བསྟན་པ་ལ། འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་བསམ་གཏན་དང་གཟུགས་མེད་པའི་སྦོམས?་པར་འཇུག་པ་ཐོབ་པ་སྟེ། ་ཏིང་འཛིན་དེ་ཞེས་གསུངས་པ་དང་སྦྱར་ན། འདོད་ཆགས་དང་བྲལ་བའི་འབྲས་བུ་ཞེས་བྱ་བ་ནི་ཚད་མེད་པ་བཞི་དང། མངོན་པར་ཤེས་པ་ལྔ་དང་ཐོས་པའི་གཟུངས་ཐོབ་པ་སྟེ། ཐོས་པའི་གཟུངས་དེ་ཞེས་གསུངས་པ་དང?་སྦྱར? ་རོ། །དེ་ལྟར་ཏིང་ངེ་འཛིན་དེ་དག་ཐོས་པའི་གཟུངས་དེ་ཐོབ་པ་ན་དེ་ཉིད་ཤེས་པའི་སྣང་བ་ཆེད?་མེད་པའི་གནས་ཉིད་ཡིན་པའི་ཕྱིར་དེས་བདག་དང་གཞན་གྱི་རྒྱུད་ལ་ཆོས་ཀྱི་སྣང་བ་ཆེན་པོ་བྱེད་པས་ན་འོང་བྱེད་པ་ཞེས་བྱ་སྟེ། དེའི་ཕྱིར་ས་གསུམ ་པ་ནི་འོང་བྱེད་ཞེས་བྱའོ་ཞེས་བྱ་བ་སྦྱར་རོ། །ས་གཞི་པ་ནི་ཞེས་བྱ་བ་ལས་བཞི་པའི་ངེས་པའི་ཚིག་ནི་གཉེན་པོ་བསྒོམ་པ་དང། དེའི་འབྲས་བུའི་སྒོ་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་རབ་ཏུ་ཕྱེ་པའི་ཡེ་ཤེས་ཀྱི་མེ་འབྱུང་བའི་དྲོད་དང་ལྡན ་པས་འོད་འཕྲོ་ཅན་ཞེས་བྱ་བར་བསྟན་ཏོ། །དེ་ལ་གཉེན་པོ་སྒོམ་པའི་སྒོ་ནས་བསྟན་པ་ནི། ཉོན་མོངས་པའི་ཤིང་སྲེག་བའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་བསྒོམ་པ་སྟེ་ཞེས་བྱ་བས་བསྟན་ཏེ། ས་བཞི་པ་ལ་གཉེན་པོ ་བསྒོམ་བ་འཕེལ་བ་ཞེས་བྱ་བ་ཉོན་མོངས་པའི་གཉེན་པོ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་བསྒོམ་པ་འཕེལ་བ་དེ་ཉིད་ཕྱིས་ས་བཅུ་པ་ནས་སར་འཕར་བའི་གནས་སྐབས་ན་སློབ་པ་ཐམས་ཅད་ཀྱི་མཐར་ཐུག་པའི་ལམ་གྱིས ་བསྡུས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཅེས་བྱ་བས་རབ་ཏུ་ཕྱེ་བའི་ཡེ་ཤེས་ཀྱི་མེ་ཉོན་མོངས་པ་དང། ཤེས་བྱའི་སྒྲིབ་པའི་ཤིང་སྲེག་པ་བྱུང་པའི་དྲོད་དུ་གྱུར་པའི་དྲོད་དེ་དང་ལྡན་པས་ན་འོད་འཕྲོ་ཅན་ཞེས་བྱ་སྟེ། འོད་འཕྲོ་ཞེས་བྱ་བ་ནི་མེ ་བྱུང་བའི་འོད་འཕྲོ་ལ་མི་བྱའི་མེ་དེ་དུད་མ་བྱུང་བ་འབྱུང་བའི་དྲོད་ལ་བྱའོ། །དེའི་འབྲས་བུའི་སྒྲོ་ནས་བསྟན་པ་ནི། ཡེ་ཤེས་ཀྱི་མེའི་འོད་འཕྲོ་བར་གྱུར་པའི་ཕྱིར་ཞེས་བྱ་བས་བསྟན་ཏེ། ས་བཞི་བ་ལ་དེའི་འབྲས་བུ་ཞེས་བྱ་བ་གཉེན ་པོ་བསྒོམས་པ་དེའི་འབྲས་བུ་དྲུག་བོ་ཉོན་མོངས་བའི་ཀུན་ནས་ཉོན་མོངས་པ་སྤངས་པ་ལ་སོགས་པ་ཐོས་བའི་དུས་ན། སྔར་གཉེན་པོ་བསྒོམ་བའི་སྐབས་སུ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་བསྒོམས་པས་འབྲས་བུར་གྱུར་པ་དེ་ཉིད་སྔ་མ་བཞིན་བུ་རྡོ་རྗེ་ལྟ ་བུའི་ཏིང་ངེ་འཛིན་གྱིས་རབ་ཏུ་ཕྱེ་བའི་ཡེ་ཤེས་ཀྱི་མེ་བྱིས་འབྱུང་བའི་དྲོད་དུ་གྱུར་པའི་ཕྱིར་འོད་འཕྲོ་ཅན་ཞེས་བྱ་སྟེ། དེའི་ཕྱིར་ས་བཞི་པ་ནི?་འདིའོ?་བྲོ?་ཅན་ཞེས་བྱའོ་ཞེས་བྱ་པར་སྦྱར་རོ། །ས་ལྔ་པ་ནི་ཞེས་བྱ་བ་ལ་ས་ལྔ་པའི་ངེས་བའི་ཚིག་ནི་མི་གནས་པའི་ལམ ་སྒྲུབ་པའི་ཁྱད་པར་དང། དེའི་འབྲས་བུའི་རྣམ་པར་བཞག་པའི་སྒོ་ནས་འཁོར་པ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་ཤེས་པ་ཤིན་ཏུ་དཔྱད་པ་དཀའ་བ་ཤིན་ཏུ་སྦྱང་བས་ཤིན་ཏུ་སྦྱང་དཀའ་བ་ཞེས་བྱ་བ་བསྟན་ཏོ།། དེ་ལ་མི་གནས་པའི་ལམ་སྒྱུས ་པའི་ཁྱད་པར་གྱི་སྒོ་ནས་བསྟན་པ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དེ་དག་ཉིད་ཐབས་ཀྱི་བསྒོམ་པ་དེ་ལ་ཞེས་བྱ་བས་བསྟན་ཏེ། ས་ལྔ་པ་ལ་མི་གནས་པའི་ལམ་སྒྲུབ་པའི་ཁྱད་པར་ཞེས་བྱ་ལ་ཡེ་ཤེས་རྣམ་པར་དག་པའི་ཁྱད་པར་གྱིས ་བདེན་པར་རྟོགས་པས་འཁོར་བ་ལ་མི་གནས་པ་དང། འདུས་བྱས་ཐམས་ཅད་ལ་བརྫུན་པ་ལ་སོགས་པའི་མཚན་ཉིད་དུ་རིག་གནས་སེམས་ཅན་ལ་སྙིང་བརྩེ་བས་བརྩོན་འགྲུས་སྒྲུབ་པའི་ཁྱད་པར་གྱིས་མྱ་ངན་ལས་འདས་པ་ལ་མིན། ནས ་བའི་དུས་ན་ཀུན་ནས་ཉོན་མོངས་པ་ལས་ཀུན་ཏུ་བསྲུང་བའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཤེས་རབ་ཀྱིས་ཤིན་ཏུ་བསྒོམས་པ་དེས་ཐེག་པ་ཆུང་ངུས་ཡོངས་སུ་མྱ་ངན་ལས་མི་འདའ་བར་ཐབས་ལ་མཁས་པས་ཐེག་པ་ཆུང་ངུ་ལས ་ཀུན་ཏུ་བསྲུང་བའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དེ་ལ་ཐབས་ཀྱིས་བསྒོམ་ཞིང་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་ཤེས་པ་ཤིན་ཏུ་སྦྱང་བར་དགའ་བ་དེས་ས་ལྔ་བ་ལ་གནས་བའི་བྱང་ཆུབ ་སེམས་དཔའ་ངེས་མི་གནས་པའི་ལས་སྒྲུབ་པའི་ཁྱད་པར་དེས་སྦྱར་ཞིང་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པར་བྱེད་བས་ན་ཤིན་ཏུ་སྦྱང་དཀའ་ཞེས་བྱའོ། །དེའི་འབྲས་བུ་རྣམ་བར་བཞག་པའི་དུས་སོ?་ནས? ་བསྟན་པ་ནི། དབང་བར་བྱ་བར་དཀའ་བ་ཉིད་ཀྱི་ཕྱིར་ཞེས་བྱ་བས་བསྟན་ཏེ། ས་ལྔ་པ་ལ་དེའི་འབྲས་བུ་རྣམ་པར་བཞག་པ་ཞེས་བྱ་བ་མི་གནས་པའི་ལམ་བསྒྲུབ་པའི་ཁྱད་བར་དེའི་འབྲས་བུ་རྣམ་པ་བཞིའི་ཡོན་ཏན་ཡོངས་སུ་འཛིན་པའི ་ཁྱད་བར་ལ་སོགས་པ་ཐོས་བའི་དུས་ན། ཤིན་ཏུ་སྦྱར་བར་དཀའ་བའི་ལམ་དབང་བྱ་བར་དཀའ་བ་དེ་ཤིན་ཏུ་སྦྱངས་ཤིང་དབང་དུ་བྱས་པས་ན་དེའི་ཕྱིར་ཤིན་ཏུ་སྦྱར་དཀའ་བ་ཞེས་བྱ་སྟེ། དེའི་ཕྱིར་ས་ལྔ་པ་ནི་ཤིན་ཏུ་སྦྱང་དཀའ་?་ཞེས་བྱའོ་ཞེས་བྱ་བར་སྦྱར་རོ།། ་ས་དྲུག་པ་ནི་ཞེས་བྱ་བ་ལ། ས་དྲུག་པའི་ངེས་པའི་ཚིག་ནི་མི་གནས་པའི་ལས་སྒྲུབ་པའི་ཁྱད་པར་གྱི་སྒོ་ནས་རྟེན་ཅིང་འབྲེལ་པར་འབྱུང་བའི་འཇུག་པ་ཕྲ་མོ་མངོན་དུ་གྱུར་པ་དང་དེའི་འབྲས་བུ་རྣམ་པར་བཞག་པའི་སྒོ་ནས་ཆོགས་པ་མེད ་པའི་ཡེ་ཤེས་ལ་མངོན་བར་ཕྱོགས་པ་ཞེས་བྱའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་སྣང་བའི་ཚུལ་གྱིས་མངོན་དུ་གྱུར་པའི་ཕྱིར་མངོན་དུ་གྱུར་ཅེས་བྱ་བར་བསྟན་ཏོ། །དེ་ལ་མི་གནས་པའི་ལམ་སྒྲུབ་པའི་ཁྱད་པར་གྱི་སྒོ ་ནས་རྟེན་ཅིང་འབྲེལ་པར་འབྱུང་བའི་འཇུག་པ་ཕྲ་མོ་མངོན་དུ་གྱུར་བ་ནི། འདུ་བྱེད་ཀྱི་འཇུག་པ་ལ་མངོན?་སུམ་དུ་གྱུར་པ་ཉིད་ཅེས་བྱ་བས་བསྟན་ཏེ། ས་དྲུག་པ་ལ་མི་གནས་པའི་ལམ་བསྒྲུབ་པའི་ཁྱད་པར་ཞེས་བྱ་བ་དུས་གསུམ་གྱི་སྙིང ་རྗེའི་ཁྱད་པར་ཡོངས་སུ་འཛིན་པས་སེམས་ཅན་ལ་ལྟ་བའི་ཕྱིར་མྱ་ངན་ལས་འདས་པ་ལ་མི་གནས་པ་དང། རྟེན་ཅིང་འབྲེལ་པར་འབྱུང་བ་ཕྲ་མོའི་རྣམ་པ་ཐམས་ཅད་ལ་རྟོག་བས་ཤེས་བྱ་ལ་ཡེ་ཤེས་རྣམ་པར་དག་བའི་ཕྱིར་འཁོར?་བ?་ལ ་མི་གནས་པའི་དུས་ན་རྟེན་ཅིང་འབྲེལ་པར་འབྱུང་བའི་འཇུག་པ་ཕྲ་མོ་ལ་སྒོ་གསུམ་ནས་རྟག་བས་མངོན་དུ་གྱུར་པའོ། །དེའི་འབྲས་བུ་རྣམ་པར་བཞག་པའི་སྒོ་ནས་ཆགས་པ་མེད་པའི་ཡེ་ཤེས་ལ་མངོན་པར་ཕྱོགས་པ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ལ་གནས་པ་སྣང་བའི་ཚུལ་གྱིས་མངོན་དུ་གྱུར་བ་ནི། མཚན་མ་མེད་པ་མང་དུ་ཡིད་ལ་བྱེད་བ་མངོན་དུ་གྱུར་པའི་ཕྱིར་ཞེས་བྱ་བས་བསྟན་ཏེ། ས་དྲུག་པ་ལ་དེའི་འབྲས་བུ་རྣམ་པར་བཞག་པ་ཞེས་བྱ་བ་ཡི་གནས་པའི་ལམ་སྒྲུབ་པའི་ཁྱད་པར་དེའི་འབྲས་བུ ་གནས་པའི་ཁྱད་པར་ཐོབ་པའི་དུས་ན་དེ་བཞིན་གཤེགས་པའི་ཡེ་ཤེས་ཆགས་པ་མེད་པ་ལ་མངོན་བར་ཕྱོགས་བ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མཚན་མ་མེད་པ་སྣང་བའི་ཚུལ་གྱིས་མང་དུ་ཡིད་ལ་བྱེད་པ་མངོན་པར་གྱུར ་བས་མངོན་དུ་གྱུར་ཅེས་བྱ་སྟེ། དེའི་ཕྱིར་ས་དྲུག་པ་ནི་མངོན་དུ་གྱུར་ཅེས་བྱའོ་ཞེས་བྱ་བར་སྦྱར་རོ། །ས་བདུན་པ་ནི་ཞེས་བྱ་བ་ལ་ས་བདུན་པའི་དེས་ཚིག་ནི་ས་སྔ་ཕྱིའི་ཁྱད་པར་རྣམ་པར་བཞག་པའི་སྒོ་ནས་འོག་མ་རྣམས་ལས་ཁྱད་དུ་ཞུགས་བ ་དང། དེའི་འབྲས་བུའི་རྣམ་པར་བཞག་པའི་སྒོ་ནས་ས་ལས་ཤིན་ཏུ་འདས་པར་རིང་དུ་སོང་བ་ཞེས་བྱ་བར་བསྟན་ཏོ། །དེ་ལས་སྔ་ཕྱིའི་ཁྱད་པར་རྣམ་པར་བཞག་བའི་སྒོ་ནས་འོག་མ་རྣམས་ལས་ཁྱད་དུ་ཞུགས་པ་ནི་མཚན་མ་མེད་པའི ་ཡིད་ལ་བྱེད་པ་བར་ཆད་མེད་ཅིང་རྒྱུན་མི་འཆད་པར་རིང་དུ་རྗེས་སུ་ཞུགས་པ་ཞེས་བྱ་བས་བསྟན་ཏོ། ས་བདུན་པ་ལ་སྔ་ཕྱིའི་ཁྱད་པར་རྣམ་པར་བཞག་བ་ཞེས་བྱ་བས་བདུན་པ་འདི་ས་འོག་མ་རྣམས་ལས་ཁྱད་ཞུགས་པ་དང། ས་གོང་མ་པས་དམན ་པར་བསྟན་པ་ལས་ས་འོག་མ་རྣམས་ལས་ཁྱད་ཞུགས་པ་ཞེས་བྱ་བ་ནི་ས་བདུན་པ་ལ་སྦྱོར་བ་ཅན་གྱི་སྤྱོད་པ་ཡོངས་སུ་རྫོས་པར་བྱེད་པས་ཡེ་ཤེས་དང་མངོན་པར་ཤེས་པའི་སྤྱོད་བ་གནོན་པའི་ཕྱིར་ས་འོག་མ་རྣམས་ལས་ཁྱད་ཞུགས ་བས་རིང་དུ་སོང་བ་ཞེས་བྱའོ། །དེའི་འབྲས་བུ་རྣམ་པར་བཞག་པའི་སྒོ་ནས་ས་ལས་ཤིན་ཏུ་འདས་པ་ནི་རྣམ་པར་དག་པའི་ས་དང་རྗེས་འབྲེལ་པ་ཉིད་ཀྱི་ཕྱིར་ཞེས་བྱ་བས་བསྟན་ཏེ། ས་བདུན་པ་ལ་དེའི་འབྲས་བུ་རྣམ་པར ་བཞག་བ་ཞེས་བྱ་བ་ཟུང་དུ་འབྲེལ་པའི་ལམ་གྱི་འབྲས་བུ་ས་ལས་ཤིན་ཏུ་འདས་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་ཤིན་ཏུ་འདས་པ་དང། ཤེས་རབ་དང་ཡེ་ཤེས་ཀྱི་རྣམ་པར་དཔྱོད་པའི་ས་དང་ཉེ་བར་གྱུར་པ་ཞེས་བསྟན་པ་ལS ་ཤེས་རབ་དང་ཡེ་ཤེས་ཀྱི་རྣམ་པར་དཔྱོད་པའི་ས་དང་ཉེ་བར་གྱུར་པ་ཞེས་བྱ་བ་ནི་རྣམ་པར་དག་པའི་ས་བརྒྱད་པ་དང་རྗེས་སུ་འབྲེལ་པ་ཉིད་ཡིན་པས་དེའི་ཕྱིར་ཡང་རིང་དུ་སོང་བ་ཞེས་བྱ་སྟེ། དེའི་ཕྱིར་ས་བདུན་བ་ནི་རིང་དུ་སོང་བ་ཞེས་བྱའོ ་ཞེས་བྱ་བར་སྦྱར་རོ། །ས་བརྒྱད་པ་ནི་ཞེས་བྱ་བ་ལ། ས་བརྒྱད་བའི་ངས་བའི་ཚིག་ནི་ངེས་པའི་ཚིག་རབ་ཏུ་དབྱེ་བའི་སྒོ་ནས་རྣམ་པ་གཉིས་ཏེ། སའི་ངེས་པའི་ཚིག་རབ་ཏུ་དབྱེ་བ་དང། གང་ཟག་གི་ངེས་པའི་ཚིག་རབ་ཏུ་དབྱེའོ། །དེ་ལ་སའི་ངས་པའི ་ཚིག་རབ་ཏུ་དབྱེ་བ་ནི་མཚན་མ་མེད་པའི་ལྷུན་གྱི་གྲུབ་པ་ཉིད་ཅེས་བྱ་བས་བསྟན་ཏོ། བྱང་ཆུབ་སེམས་དཔའ་ཨི་ཡེ་ཤེས་ཀྱི་ས་འདི་ནི་མཚན་མ་མེད་པ་ལ་ལྷུན་གྱིས་གྲུབ་པ་ཉིད་ཀྱི་ཕྱིར་མི་གཡོ་བ་ཞེས་བར་སྟོན་ཏོ། །ང་ཡང ་རྣམ་པ་བཆུང?་རིག་པར་བྱ་བ་མི་འཕྲོགས་པའི་ཕྱིར་མི་གཡོ་བའི་ས་དང། ཡེ་ཤེས་མི་ཟློགས་པའི་ཕྱིར་ཕྱིར་མི་ལྡོག་པའི་ས་དང། འགྲོ་བ་ཐམས་ཅད་ཀྱིས་ཤེས་པར་དཀའ་བའི་ཕྱིར་བསྙོན་པར་དཀའ་བའི་ས་དང། ཁ་ན ་མ་ཐོབ་མེད་པའི་ཕྱིར་གཞོན་ནུའི་ས་དང། བསམ་པ་ཇི་ལྟ་བ་བཞིན་དུ་དབང་བྱེད་པའི་སྐྱེ་བའི་ས་དང། ཡང་བྱ་བ་མེད་པའི་ཕྱིར་ཡོངས་སུ་གྲུབ་པའི་ས་དང། ཡེ་ཤེས་ཀྱིས་རྣམ་པར་དབྱེ་བའི་ཤིན་ཏུ་བྱས་པ་ནི?་ཕྱིར ་མཐར་ཐུག་པའི་ས་དང། སྨོན་ལམ་ཤིན་ཏུ་མངོན་པར་སྒྲུབས་པའི་ཕྱིར་མྱ་ངན་ལས་འདས་པའི་ས་དང། གཞན་གྱི་རྣམ་པར་མི་འཁྲུག་པའི་ཕྱིར་བྱིན་གྱིས་བརླབས་ཀྱི་ས་དང། སྔོན་གྱི་མངོན་པར་བསྒྲུབས་པའི་ཕྱིར་ལྷུན་གྱིས་གྲུབ་པའི་ས་ཞེས་བྱའོ།། ་གང་ཟག་གི་ངེས་པའི་ཚིག་རབ་ཏུ་དབྱེ་བ་ནི། མཚན་མའི་ཉོན་མོངས་པ་ཀུན་ཏུ་འབྱུང་བས་མི་བསྐྱོད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བས་བསྟན་ཏེ། བྱང་ཆུབ་སེམས་དཔའ་མཚན་མའི་ཉོན་མོངས་པ་ཀུན་ཏུ་འབྱུང་བས་མི་བསྐྱོད་པ་ཉིད་ཀྱི་ཕྱིར་ས་མི་གཡོ་བ ་ཐོབ་པ་ཞེས་བྱ་བར་སྟོན་ཏོ། །དེ་ན་རྣམ་པ་གཉིས་ཀྱིས་སྟོན་ཏེ། གཅིག་ཏུ་མི་གཡོ་བ་དང། གཅིག་པ་ཉིད་དུ་མི་གཡོ་བས་ས་མི་གཡོ་བ་ཐོབ་བ་ཞེས་བྱའོ། །དེ་ལ་གཅིག་ཏུ་མི་གཡོ་བ་ཞེས་བྱ་བ་ནི་རྟག་པར་རྒྱུན་ཏུ་དེ་བཞིན་གཤེགས་པའི ་བྱིན་གྱིས་བརླབས་པ་ཡིན་ཏེ། དེ་ཡང་ཡོན་ཏན་རྣམ་པ་ལྔའི་དབང་དུ་བྱས་པར་རིག་པར་བྱ་སྟེ། བརྒྱ་བྱིན་དང། ཚངས་པ་དང། འཇིག་རྟེན་སྐྱོང་བས་བསྡུ་བས་མཆོད་པའི་ཡོན་ཏན་དང། ལག་ན་རྡོ་རྗེ་རྟག་པར་ཕྱི་བཞིན་འབྲང་བས་ཀུན་ཏུ ་བསྲུངས་པའི་ཡོན་ཏན་དང། ཏིང་ངེ་འཛིན་གྱི་སྟོབས་མ་གཏད་བས་གནས་ཀྱི་ཡོན་ཏན་དང། ལུས་རྣམ་པར་ཕྱེ?་བ་ཚད་མེད་པ་མངོན་པར་བསྒྲུབས་པས་ཞིང་ཡོངས་སུ་དག་པའི་ཡོན་ཏན་དང། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ ་ཡོན་ཏན་རྣམ་པ་ལྔ་སྟེ། ལུས་ཀྱི་སྤྱོད་བའི་སྟོབས་ཐམས་ཅད་དང་ལྡན་པས་ཆེད་དུ་བས་མས་ཏེ་སྐྱེ་བ་ཡོངས་སུ་འཛིན?་པའི་ཡོན་ཏན་དང། མངོན་པར་ཤེས་པ་ཆེན་པོ་རྣམ་པར་སྨིན་པ་ཡོངས་སུ་གྲུབ་པས་དབང་པོ་དང་བསམ ་བ་དང་བག་ལ་ཉལ་ཤེས་པའི་ནུས་པའི་ཡོན་ཏན་དང། ཏིང་ངེ་འཛིན་མཛའ་ཡས་པ་ལ་དབང་བྱེད་པས་ཆོས་ཀྱི་ཚུལ་ལ་གཟུང་པའི་ཕྱིར་ཆོས་མཛའ་ཡས་པ་འཛིན་པའི་ནུས་པའི་ཡོན་ཏན་དང། ལུང་བསྟན་བ་ཚད་མེད་པ་ཡང་དག་བར་ནོད་པས་འཛིན ་ནུས་པའི་ཡོན་ཏན་དང། འགྲོ་བ་ཇི་ལྟར་ཡོངས་སུ་སྨིན་པ་བཞིན་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་སྟོན་པས་བཤད་པའི་ནུས་པའི་ཡོན་ཏན་གྱིས་གཅིག་ཏུ་མི་གཡོ་བས་ས་མི་གཡོ་བ་ཐོབ་བ་ཞེས་བྱའོ། །གཅིག་པ་ཉིད་དུ་མི་གཡོ་བ ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་དཀྱིལ་འཁོར་ཐ་དད་པ་མེད་པར་ཞུགས་པ་ཡིན་ཏེ། དེ་ནི་ཐ་མི་དད་པ་རྣམ་པ་དགུས་རིག་པར་བྱ་སྟེ། ཤིན་ཏུ་རྣམ་པར་དཔྱད་པའི་ཡེ་ཤེས་དང་མངོན་པར་ཤེས་པ་ཆེན་པོ་དང་ལྡན་པས་ཡེ་ཤེས་ཐ་མི་དད་པ་དང། རྟག་པར་རྒྱན ་དུ་ཤེས་རབ་ཀྱི་སྣང་བའི་འོད་ཟེར་རབ་ཏུ་གཏོང་བས་བཤད་པ་ཐ་མི་དད་པ་དང། ཆོས་ཀྱི་དབྱིངས་ཆགས་པ་མེའི་ལམ་དུ་ཞུགས་པས་རྣམ་པར་གྲོལ་བ་ཐ་མི་དད་པ་དང། འཇིག་རྟེན་གྱི་ཁམས་ཀྱི་ལམ་རྣམ་པར་དབྱེ་བ་ལ་མཁས་པ་ཞིང་ཡོངས་སུ་དག་པས ་ཐ་མི་དད་པ་དང། ཡོན་ཏན་གྱི་རྣམ་པ་ཐམས་ཅད་ཡང་དག་པར་སྟོན་པས་ཐེག་པ་ཆེན་པོ་ལས་འཇུག་པ་ཐ་མི་དད་པ་དང། རང་གི་སེམས་སེམས་བསྐྱེད་པ་ལ་དབང་བྱེད་པས་མངོན་པར་བྱང་པ་ཐ་མི་དད་པ་དང། སྔོན་གྱི་མཛའ་དང་ཕྱི་མའི་མཛའ་ ་ཤིན་ཏུ་རྟོགས་པའི་ཡེ་ཤེས་དང་ལྡན་པས་དྲི་བ་ལུང་སྟོན་པར་ནུས་པ་ཐ་མི་དད་པ་དང། བདུད་ཀྱི་ལས་ཐམས་ཅད་འཇུག་པ་དང་ལྡོག་པའི་ཡེ་ཤེས་དང་ལྡན་པས་བྱང་ཆུབ་ཀྱི་སྙིང་པོ་ལ་འཇུག་པ་ཐ་མི་དད་པ་དང། དེ་བཞིན་གཤེགས་པ ་ཡུལ་དང་སྤྱོད་ཡུལ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པས་མངོན་པར་རྫོགས་པ་བྱང་ཆུབ་པ་ཐ་མི་དད་བས་གཅིག་པ་ཉིད་དུ་མི་གཡོ་བ་ཐོབ་བ་ཞེས་བྱ་བ་སྟེ། དེ་ཕྱིར་ས་བརྒྱད་པ་ནི་མི་གཡོ་བ་ཞེས་བྱའོ་ཞེས་བྱ་བར་སྦྱར་རོ། ་།ས་དགུ་པ་ནི་ཞེས་བྱ་བ་ལས། ས་དགུ་བའི་ངེས་པའི་ཚིག་གི་ཡེ་ཤེས་ཕུན་སུམ་ཚོགས་པའི་ཡུལ་ལ། དག་ཕུན་སུམ་ཚོགས་པས་ཆོས་སྟོན་པ་མངོན་པར་སྒྲུབ་པའི་སོ་སོ་ཡང་དག་པར་རིག་པའི་བློ་གྲོས་རྒྱ་ཆེན་པོ་ཐོབ་བས? ་ལགས་པའི་བློ་གྲོས་ཞེས་བྱ་བར་སྟོན་ཏོ། །དེ་ལ་ཡེ་ཤེས་ཕུན་སུམ་ཚོགས་པའི་ཡུལ་ནི། རྣམ་པ་ཐམས་ཅད་དུ་ཆོས་སྟོན་པའི་དབང་ལ་ཞེས་བྱ་བས་བསྟན་ཏེ། ས་དགུ་པ་ལ་ཡེ་ཤེས་ཕུན་སུམ་ཚོགས་པ་ཞེས་བྱ་བ་གང་ཤེས་ནས་གང་གི་དབང་དུ་བྱས་ཏེ་སྟོན ་པ་ཞེས་བསྟན་པ་ལ་གང་ཤེས་ནས་སྟོན་ཅེ་ན། ཡོངས་སུ་སྨིན་པར་གྱུར་པའི་གྲོལ་བའི་སྣོད་དང། གདུལ་བས་རྣམ་པར་སྲོལ་བའི་རང་བཞིན་དང། ཐེག་པ་གསུམ་ཐ་དད་པས་རྣམ་པར་གྲོལ་བའི་པར་དུ་དབྱེ་བ་ཤེས་ནས་སྟོན་པའོ། །གང་གིས་དབང་དུ་བྱས་ནས ་སྟོན་ཅན། གཉེན་པོའི་མན་ངག་གི་སྣོད་དང། དཔེ་ཇི་ལྟ་བུ་ཉེ་བར་སྒྲུབ་བའི་སྣོད་དང། རྣམ་གྲངས་ཇི་ལྟ་བུའི་སྣོད་ལ་སོགས་པའི་དབང་དུ་བྱས་ཏེ་སྟོན་པ་ཤེས་པའི་ཡེ་ཤེས་ཕུན་སུམ་ཚོགས་པའི་ཡུལ་ནི་རྣམ་པ་ཐམས་ཅད་དུ་ཆོས་སྟོན་པའི་དབང ་དུ་ཞེས་བྱ་སྟེ། ངག་ཕུན་སུམ་ཚོགས་པས་ཆོས་སྟོན་པ་མངོན་པར་སྒྲུབ་པའི་སོ་སོ་ཡང་དག་པར་རིག་པའི་བློ་གྲོས་རྒྱ་ཆེན་པོ་འཐོབ་པ་ནི། ཁ་ན་མ་ཐོབ་མེད་པའི་བློ་གྲོས་ཤིན་ཏུ་ཡངས་པ་ཐོབ་པ་ཉིད་ཀྱི་ཕྱིར་ཞེས་བྱ་བས་བསྟན་ཏེ། ས་དགུ་པ་ལ་དག་ཕུན་སུམ ་ཚོགས་པ་ཞེས་བྱ་བ་དེ་ལྟར་ཡེ་ཤེས་ཚད་མེད་པ་དང་ལྡན་པས་བྱང་ཆུབ་སེམས་དཔའ་ཨི་སོ་སོ་ཡང་དག་པར་རེག་པ་བཞིས་མངོན་པར་སྒྲུབ། པའི་ཚིག་གི་ཆོས་སྟོན་པ་ཞེས་བསྟན་པ་ལ། ཚིག་གི་ཆོས་སྟོན་པ་ཞེས་བྱ་བ་ནི་ངག་ཕུན་སུམ་ཚོགས་པས ་ཆོས་སྟོན་པ་ཡིན་ནོ། །དེ་མངོན་པར་སྒྲུབ་པ་བྱང་ཆུབ་སེམས་དཔའ་ཨི་སོ་སོར་ཡང་དག་པར་རིག་པ་བཞི་ཐོབ་པ་ནི་དག་ཕུན་སུམ་ཚོགས་པས་ཆོས་སྟོན་པ་མངོན་པར་སྒྲུབ་པའི་སོ་སོ་ཡང་དག་པར་རིག་པའི་བློ་གྲོས་རྒྱ་ཆེན་པོ་ཐོབ་པ་ཞེས་བྱ་སྟེ། དེ་ནི་ཤེས་རབ ་དང་ལྡན་པའི་ཏིང་ངེ་འཛིན་ཤིན་ཏུ་ཡོངས་སུ་དག་ཅིང་མི་གཡོ་བ་ཉིད་ལ་བརྟེན་ནས་བློ་གྲོས་རྒྱ་ཆེན་པོ་རྒྱ་ཆེ་བ་ཤིན་ཏུ་ཐོབ་སྟེ། གཞན་དག་ལ་ཆོས་ཡང་དག་པར་སྟོན་པ་བླ་ན་མེད་པ་ལས་།བརྩམས་ནས་ཆོས་ཀྱི་རྣམ་གྲངས་དང། མཚན་ཉིད་དང། ་ངེས་པའི་ཚིག་དང། རབ་ཏུ་དབྱེ་བ་རབ་ཏུ་རྣམ་པར་འབྱེད་བའི་བློ་གྲོས་ཡིན་པས་ན་དེ་ཐོབ་བ་ནི་ཁ་ན་མ་ཐོ་བ་མེད་པའི་བྲོ་གྲོས་ཤིན་ཏུ་ཡངས་པ་ཐོབ་པ་ཞེས་བྱ་སྟེ། དེའི་ཕྱིར་ས་དགུ་བ་ནི་ལེགས་བའི་བླ་གྲས་ཞེས་བྱའོ་ཞེས་བྱ་བར ་སྦྱར་རོ། །ས་བཅུ་བ་ནི་ཞེས་བྱ་བ་ལས་བཅུ་པའི་ངེས་པའི་ཚིག་ནི་སའི་ཚིག་བསྟན་པ་ལས་ས་འདི་ལ་སྤྲིན་དང་འདྲ་བའི་ཆོས་རྣམ་པ་གསུམ་གྱིས་ཆོས་ཀྱི་སྤྲིན་ཅེས་བྱ་བར་སྟོན་ཏེ། །ཐེས་པའི་ཆོས་སྤྲིན་ལྟ་བུས་ས་བཅུ་བའི་ལུས་ནམ་མཁའ་ལྷ ་བུ་ལ་ཁྱབ་པར་བྱེད་པས་ཁྱབ་པ་དང། ཆོས་དེ་སེམས་ཅན་རྣམས་ཀྱི་ཉོན་མོངས་བའི་རྡུལ་དང། མེ་ལྕེ་རབ་ཏུ་ཞི་བར་བྱེད་བས་རབ་ཏུ་ཞི་བར་བྱེད་པ་དང། དགའ་ལྡན་གྱི་གནས་ལ་སོགས་པའི་རིམ་གྱིས་སེམས་ཅན་འདོན་པའི་ཕྱིར་སྦྲིན་གྱི ་ཆར་གྱིས་ལོ་ཏོག་འདོན་པ་བཞིན་དུ་འདོན་བས་སོ། དེ་ལ་ཁྱབ་པར་བྱེད་བ་ནི་གནས་ངན་ལེན་གྱི་ལུས་ནམ་མཁའ་ལྟ་བུ་ལ་ཆོས་ཀྱི་ཚོགས་སྤྲིན་ཆེན་པོ་ལྟ་བུས་ཁྱབ་ཅིང་ཞེས་བྱ་བས་བསྟན་ཏེ། དེ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན ་འདས་དཔག་ཏུ་མེད་པ་ལས་སྐད་ཅིག་ཐད་ཅིག་ཡུད་ཙམ་ཅིག་ལས་ཆོས་ཀྱི་སྣང་བ་ཆེན་པོ་དང། ཆོས་ཀྱི་གསལ་བ་ཆེན་པོ་དང། ཆོས་ཀྱི་སྤྲིན་ཆེན་པོ་ཚད་མེད་པ་བཟོད་པ་དང། ཡང་དག་པར་ལེན་པ་དང། བདག་གིར་བྱེད་པ་དང་ཡང་དག་པར ་འཛིན་པར་བྱེད་པ་ཡིན་ནོ། །རབ་ཏུ་ཞི་བར་བྱེད་པ་དང། འདོན་པར་བྱེད་བ་ན་ཁེབས་བའི་ཕྱིར་ཞེས་བྱ་བས་བསྟན་ཏེ། ཆོས་དེ་དག་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་རྡུལ་དང། མེ་ལྕེ་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི ་ས་ཆོས་ཀྱི་སྤྲིན་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རང་གི་སྨོན་ལམ་གྱི་སྟོབས་བསྐྱེད་པས་སྙིང་བརྩེ་བ་དང། སྙིང་རྗེ་ཆེན་པོའི་སྤྲིན་ཆོས་ཀྱི་སྣང་བ་ཆེན་བསྒྲག་པའི་འབྲུག་སྒྲ་ཆེན་པོ་རབ་ཏུ་སྒྲོགས་པ། བདུད་ཀྱི་ཚོགས་ཤིན་ཏུ ་ཆེད་གཅོད་པ་ཀུན་ནས་བསྡུས་པའི་སྐད་ཅིག་ཐང་ཅིག་ཡུད་ཅིག་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྒྱས་པར་བཀང་ནས་དགེ་བའི་བདུད་རྩིའི་ཆར་གྱི་རྒྱུན་ཆེན་པོས་བསམ་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ཀྱི་མི་ཤེས་པ་ལས་ལངས་པའི་རྡུལ་དང ་མེ་ལྕེ་ཐམས་ཅད་རབ་ཏུ་ཞི་བར་བྱེད་བ་ཡིན་ནོ། །དགའ་ལྡན་གནས་ལ་སོགས་པའི་རིམ་གྱིས་སེམས་ཅན་འདོན་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་སའི་ཆོས་ཀྱི་སྤྲིན་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་དགའ་ལྡན ་གྱི་བདན་བཞུགས་པ་ནས་བཟུང་སྟེ། འཕོ་བ་དང། གཤེགས་པ་དང། ལྷུམས་ན་བཞུགས་པ་དང། བལྟམ་བ་དང། གཞོན་ནུ་རོལ་བ་དང། བཙུན་མོའི་འཁོར་གྱི་ནང་ན་བཞུགས་པ་དང། མངོན་པར་འབྱུང་བ་དང། དཀའ་བ་སྦྱད་བ་དང། བྱང་ཆུབ་ཀྱི་སྙིང ་པོར་གཤེགས་པ་དང། བདུད་བཏུལ་བ་དང། མངོན་པར་རྫོགས་པར་བྱང་ཆུབ་པ་དང། ཆོས་ཀྱི་འཁོར་ལོ་བསྐོར་བ་དང། ཡོངས?་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པའི་བར་དུ་དེ་བཞིན་གཤེགས་པའི་མཛད་པ་ཐམས་ཅད་སེམས་ཅན་རྣམས་ཀྱིས་? ་པ་ཇི?་ལྟ་བ་དང། འདུལ་བ་ཇི་ལྟ་བ་བཞིན་དུ་བྱིན་གྱིས་རླབ་པས་སྦྲིན་གྱིས་ཆད?་གྱི་ལོ་ཏོག་འདོན་པ་བཞིན་དུ་སེམས་ཅན་འདོ་པར་བྱེད་པ་ཡིན་ཏེ། དེའི་ཕྱིར་ས་བཅུ་པ་ནི་ཆོས་ཀྱི་སྤྲིན་ཞེས་བྱའོ་ཞེས་བྱ་བར་སྐྱར་རོ། །ས་བཅུ་གཅིག་པ་ནི་ཞེས་བྱ ་བ་ལ། སངས་རྒྱས་ཀྱི་སའི་ངེས་པའི་ཚིག་ནི་སྤངས་པ་དང་ཡེ་ཤེས་ཀྱི་སྒོ་ནས་ཤེས་བྱའི་རྣམ་པ་ཐམས་ཅད་ལ་ཆགས་པ་མེད་བ་དང། ཐོགས་བ་མེད་པའི་སྣང་བ་འཇུག་པས་ཀུན་ཏུ་འོད་ཅེས་བྱ་བར་སྟོན་ཏོ། །དེ་ལ་སྤངས་པའི་སྒོ་ནས་བསྟན་པ ་ནི་ཉོན་མོངས་པ་དང། ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་མོ་སྤངས་པས་ཞེས་བྱ་བས་བསྟན་ཏེ། ཡེ་ཤེས་ཀྱི་སྒོ་ནས་བསྟན་པ་ནི། ཆགས་པ་མེད་ཅིང་ཐོགས་པ་མེད་པར་ཤེས་བྱའི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ཉིད་ཀྱི་ཕྱིར ་ཞེས་བྱ་བས་བསྟན་ཏོ། སངས་རྒྱས་ཀྱིས་ཞེས་བྱའོ་ཞེས་བྱ་བས་ནི་ཤེས་བྱའི་རྣམ་པ་ཐམས་ཅད་ལ་ཆགས་བ་མེད་པ་དང། ཐོགས་པ་མེད་པའི་སྣང་པ་འཇུག་པས་སངས་རྒྱས་ཀྱིས་ཀུན་ཏུ་འོ་ན་ཅེས་བྱ་བར་བསྟན་པ་ཡིན་ནོ། །མིང་ལ ་མཁས་བའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ། །དེའི་འོག་ཏུ་མི་མཐུན་པའི་ཕྱོགས་ཀྱི་རབ་ཏུ་ཕྱེ་བ་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། མི་མཐུན་པའི་ཕྱོགས་ཀྱི་རབ་ཏུ་དབྱེ་བ་ནི་སྔར་ས་རྣམས་ཀྱི་མ་མཐུན་པའི་ཕྱོགS ་བསྟན་པ་དེ་ཉིད་ཀྱི་རབ་ཏུ་དབྱེ་བའི། དེ་ནི་རྣམ་པ་གཉིས་ཏེ། ཤེས་རབ་རྣམ་པར་གྲོལ་པའི་མི་མཐུན་པའི་ཕྱོགས་དང། སེམས་རྣམ་པར་གྲོལ་པའི་མི་མཐུན་པའི་ཕྱོགས་སོ། །དེའི་དེ་བསྟན་པའི་དབང་དུ་མཛིན?་ནས་།བཅོམ་ལྡན་འདས་དེ་དག་ལ ་ཀུན་ཏུ་རྨོངས་པ་ནི་དུ་མཆིས། གནས་ངན་ལེན་མི་མཐུན་པའི་ཕྱོགས་ནི་དུ་མཆིས་ལགས་ཞེས་བྱ་བ་ཞུས། ཀུན་ཏུ་རྨོངས་པ་ཉི་ཤུ་རྩ་གཉིས་ཞེས་བྱ་བ་ནི་ས་བཅུ་གཅིག་ལ་གཉིས་གཉིས་སུ་གྱུར་ཏེ། དེ་ནི་མ་རིག་པ་ཡིན་པས་ཤེས་རབ ་ཀྱི་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས་ཡིན་ནོ། གནས་ངན་ལན་མི་མཐུན་པའི་ཕྱོགས་བཅུ་གཅིག་ཅེས་བྱ་བ་ནི་ས་བཅུ་གཅིག་ལ་རེ་རེར་སྦྱར་ཏེ་དེ་ནི་བག་ལ་ཉལ་ཡིན་པས་སེམས་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས ་ཡིན་ནོ། །ས་དང་པོ་ལ་ནི་ཞེས་བྱ་བ་ལ། ས་དང་པོའི་མི་མཐུན་པའི་ཕྱོགས་སོ་སོའི་སྐྱེ་བོ་ཉིད་ཀྱི་རབ་ཏུ་དབྱེ་བ་ནི་གང་ཟག་དང་ཆོས་ལ་མངོན་པར་ཞེན་པ་ཀུན་ཏུ་རྨོངས་པ་དང། ངན་སོང་བའི་ཉོན་མོངས་པའི་ཀུན་ཏུ་རྨོངས་པ་སྟེ། སོ་སོའི་སྐྱེ་པོའི ་དུས་ན་བདག། དུ་མངོན་པར་ཞེན་པ་དང་མི་དགེ་བ་སྤྱོད་བའོ། །མ་རིག་པ་དེ་གཉིས་ཡོང་ན་མཐོང་བའི་ལམ་གྱི་ཤེས་རབ་རྣམ་བར་གྲོལ་བ་མི་སྐྱེ་བས་དེའི་ཕྱིར་དེ་གཉིས་ནི་ས་དང་པོའི་ཤེས་རབ་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས ་ཡིན་ནོ། །དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ནི་དེ་གཉིས་ཀྱི་བག་ཆགས་ཏེ། དེ་ཡོད་ན་མཐོང་བའི་ལམ་གྱི་སེམས་རྣམ་པར་གྲོལ་བ་མི་སྐྱེ་བས་དེའི་ཕྱིར་དེ་ནི་ས?་དང་པོའི་སེམས་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས་ཡིན་ནོ། །གཉིས་བ་ནི ་ཞེས་བྱ་བ་ལས་གཉིས་པའི་མི་མཐུན་པའི་ཕྱོགས་ལོག་པར་སྒྲུབ་པའི་རབ་ཏུ་དབྱེ་བ་ནི་ལྟུང་བ་ཕྲ་མོའི་འཁྲུལ་པ་ཀུན་ཏུ་རྨོངས་པ་དང། ལས་ཀྱི་རྣམ་པ་སྣ་ཚོགས་པ་ཀུན་ཏུ་རྨོངས་ཏེ། ས་དང་པོའི་དུས་ན་ངང་ཚུལ་དང་དན་པའི་དྲི་མ་ཀུན་ཏུ་རྨོངས་པ་དང། ལོག ་བའི་རྩོལ་བའི་དྲི་མ་ཀུན་ཏུ་རྨོངས་པའོ། །མ་རིག་པ་དེ་གཉིས་ཡོད་ན་ས་དང་པོ་ནས་གཉིས་པར་འཕར་བའི་གནས་སྐབས་ན་འབྱུང་བར་བྱེད་པ་རྣམ་པར་དག་པ་ཞེས་བྱ་བ་དྲང་པོའི་བསམ་པ་ཐོབ་བས་ན། དང་པོ་ལས་འཕར་ཞིང་གཉིས་པ་ནོན་པར ་གྱུར་པའི་ཤེས་རབ་རྣམ་པར་གྲོལ་བ་མི་སྐྱེ་བས་དེའི་ཕྱིར་དེས་གཉིས་པའི་ཤེས་རབ་རྣམ་པར་གྲོལ་བ་མི་མཐུན་པའི་ཕྱོགས་ཡིན་ནོ། །དེ་ནི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ནི་དེ་གཉིས་ཀྱི་བག་ཆགས་ཏེ། དེ་ཡོད་ན་ས་གཉིས ་པ་ལ་རང་བཞིན་རྣམ་པར་དག་པས་གནས་པའི་སེམས་རྣམ་པར་གྲོལ་བ་མི་སྐྱེ་བས་དེའི་ཕྱིར་དེ་ནི་གནས་པའི་སེམས་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས་ཡིན་ནོ། །གསུམ་པ་ལ་ནི་ཞེས་བྱ་བ་ལ། ས་གསུམ་པའི་མི་མཐུན་པའི་ཕྱོགས ་ཐོས་པ་ལ་སོགས་པའི་ཆོས་རྣམས་བརྗེད་པས་མུན་པར་བྱེད་པའི་རབ་ཏུ་དབྱེ་བ་ནི་འདོད་པའི་འདོད་ཆགས་ཀུན་ཏུ་རྨོངས་པ་དང། ཐོས་པའི་གཟུངས་ཡོངས་སུ་རྫོགས་པ་ལས་ཀུན་ཏུ་རྨོངས་པ་སྟེ། ས་གཉིས་པའི་དུས་ན་ཏིང་ངེ་འཛིན་ལ་ཀུན་ཏུ་རྨོངས ་པ་དང། ཐོས་བའི་གཟུགས་ལ་ཀུན་ཏུ་རྨོངས་པའི?། །མ་རིག་པ་དེ་གཉིས་ཡོད་ན་ས་གཉིས་པ་ནས་གསུམ་པར་འཕར་པའི་གནས་སྐབས་ན་འདོད་ཆགས་དང་བྲལ་སྦྱོར་བ་འབྱུང་བར་བྱེད་པ་ཞེས་བྱ་བ་དག་པའི་སེམས་བསམ་པ་ཡིད་ལ་བྱེད ་པའི་རྒྱས་འདོད་ཆགས་དང་བྲལ་བར་སྦྱོར་ཞེས་བྱ་བ་སྦྱོར་བ་རྣམ་པ་གསུམ་ཐོབ་པས་ས་གཉིས་པ་ལས་འཕར་ཞིང་གསུམ་པ་ལ་གནོན་པར་འགྱུར་བའི་ཤེས་རབ་རྣམ་པར་གྲོལ་བ་མི་སྐྱེ་བས་དེའི་ཕྱིར་ནི་ས་གསུམ་པའི ་ཤེས་རབ་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས་ཡིན་ནོ། །དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ནི་དེ་གཉིས་ཀྱི་བག་ཆགས་ཏེ། དེ་ཡོད་ན་ས་གསུམ་པ་ལ་འདོད་ཆགས་དང་བྲལ་བ་དང། འདོད་ཆགས་དང་བྲལ་བའི ་འབྲས་བུས་གནས་པའི་སེམས་རྣམ་པར་གྲོལ་བ་མ་སྐྱེ་བས་དེའི་ཕྱིར་དེ་ནི་ས་གསུམ་པའི་སེམས་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས་ཡིན་ནོ། །གཞི་པ་ལ་ནི་ཞེས་བྱ་བ་ལ། ས་བཞི་པའི་མི་མཐུན་པའི་ཕྱོགས་འཇིག་ཚོགS ་ལ་ལྟ་བ་ལ་སོགས་པས་བསྡུས་པའི་ཉོན་མོངས་པ་ཕྲ་མོ་ཀུན་ཏུ་འབྱུང་བའི་རབ་ཏུ་དབྱེ་བ་ནི་སྙོམས་པར་འཇུག་པ་ལ་སྲེད་པ་ཀུན་ཏུ་རྨོངས་པ་དང། ཆོས་ལ་སྲེད་པ་ཀུན་ཏུ་རྨོངས་པ་སྟེ། ས་གསུམ་པའི་དུས་ན་འདོད་ཆགས་དང ་བྲལ་བའི་ཏིང་ངེ་འཛིན་ལ་སྲེད་པའི་ཀུན་ཏུ་རྨོངས་པ་དང། འདོད་ཆགས་དང་བྲལ་བའི་འབྲས་བུ་ཐོབ་པའི་གཟུངས་ཀྱི་ཆོས་ལ་སྲེད་པའི་ཀུན་ཏུ་རྨོངས་པའོ། །མ་རིག་པ་དེ་གཉིས་ཡོད་ན་ས་གསུམ་པ་ནས་ས་བཞིར་པར་འཕར་བའི་གནས ་སྐབས་ན་རྣམ་པར་དག་པ་དང་གཉེན་པ་སྒོམ་པ་འཕེལ་བ་ནི་རྒྱུ་ཞེས་བྱ་བ་ཆོས་ལ་སྣད་བ་ལ་འཇུག་པ་ཐོབ་པས་ས་གསུམ་པ་ལས་འཕར་ཞིང་བཞི་པ་གནོན་པར་འགྱུར་བའི་ཤེས་རབ་རྣམ་པར་གྲོལ་བ་མི་སྐྱེ་བས་དེའི་ཕྱིར་དེ་ནི ་ས་བཞི་པའི་ཤེས་རབ་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོཌ་ཡིན་ནོ། །དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ནི་དེ་གཉིས་བག་ཆད་ཏེ། དེ་ཡོད་ན་ས་བཞི་པ་ལས་རྣམ་པར་དག་པ་འཕེལ་བ་དང། གཉེན་པོ་སྒོམ་བ་འཕེལ་བ་དང་དེའི་འབྲས་བུས་གནས་པཱི ་སེམས་རྣམ་པར་གྲོལ་བ་མི་སྐྱེ་བས་དེའི་ཕྱིར་དེ་ནི་ས་བཞི་པའི་སེམས་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས་ཡིན་ནོ། །ལྔ་པ་ལ་ནི་ཞེས་བྱ་བ་ལས་སྔ་བའི་མི་མཐུན་པའི་ཕྱོགས་ཐེག་པ་ཆུང་དུས་ཡོངས་སུ་མྱ་ངན་ལས་འདས་པའི་རབ་ཏུ་དབྱེ་བའི་ནི། ་འཁོར་བ་ལ་གཅིག་ཏུ་མི་ཕྱོགས་བ་ཉིད་དང། མངོན་དུ་ཕྱོགས་པ་ཉིད་ཡིད་ལ་བྱེད་པ་ཀུན་ཏུ་རྨོངས་པ་དག་མྱ་ངན་ལས་འདས་པ་ལ་གཅིག་ཏུ་མི་ཕྱོགས་པ་ཉིད་དང། མངོན་དུ་ཕྱོགས་པ་ཉིད་ཡིད་ལ་བྱེད་པ་ཀུན་ཏུ་རྨོངས་པ་སྟེ། ས་བཞི ་བའི་དུས་ན་འཕགས་པའི་བདེན་པ་བཞི་ལ་ཀུན་ཏུ་རྨོངས་པ་དང། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་སྟོབས་ལ་སོགས་པ་རྣམ་པར་དག་པའི་རྒྱུད་ཐ་དད་པར་ལྟ་བའི་ཀུན་ཏུ་རྨོངས་བའོ། །མ་རིག་པ་དེ་གཉིས་ཡོད་ནས་བཞི་པ ་ན་ས་ལྔ་པར་འཕར་པའི་གནས་སྐབས་ནས་ང་རྒྱལ་གྱི་ཁྱད་པར་གྱི་གཉེན་པོ་རྣམ་པར་བཞག་པ་ཞེས་བྱ་བ་རྣམ་པར་དག་པ་ལས་སེམས་ཀྱི་བསམ་པ་མཉམ་པ་ཉིད་ཐོབ་བས་ས་བཞི་པ་ལས་འཕར་ཞིང་ལྔ་པ་གནོན་པར་འགྱུར ་པའི་ཤེས་རབ་རྣམ་པར་གྲོའི་བ་མི་སྐྱེ་བ་དེས་དེའི་ཕྱིར་དེ་ནི་ས་ལྔ་པའི་ཤེས་རབ་རྣམ་པར་གྲོལ་པའི་མི་མཐུན་པའི་ཕྱོགས་ཡིན་ནོ། །དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ནི་དེ་གཉིས་ཀྱི་བག་ཆགས་ཏེ། དེ་ཡོད ་ན་ས་ལྔ་པ་ལ་མི་གནས་བའི་ལམ་དུ་སྒྲུབ་པའི་ཁྱད་པར་དང། དེའི་འབྲས་བུ་རྣམ་པར་བཞག་པས་གནས་པའི་སེམས་རྣམ་པར་གྲོལ་བ་མི་སྐྱེ་བས་དེའི་ཕྱིར་ད་ནི་ས་ལྔ་བའི་སེམས་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགS ་ཡིན་ནོ། །དྲུག་པ་ལ་ནི་ཞེས་བྱ་བ་ལ་ས་དྲུག་པའི་མི་མཐུན་པའི་ཕྱོགས་མཚན་མ་རིགས་པ་ཀུན་ཏུ་འབྱུང་བའི་རབ་ཏུ་དབྱེ་བ་ནི། འདུ་བྱེད་ཀྱི་འཇུག་པ་མངོན་སུམ་དུ་བྱ་བ་ཉིད་ལ་ཀུན་ཏུ་རྨོངས་པ་དག་མཚན་མ་མང་པོ་ཀུན་ ་འབྱུང་ཀུན་ཏུ་རྨོངས་པ་སྟེ། ས་ལྔ་པའི་དུས་ན་རྟེན་ཅིང་འབྲེལ་པར་འབྱུང་བའི་འཇུག་པ་ཕྲ་མོ་མངོན་སུམ་དུ་བྱ་བ་ལ་ཀུན་ཏུ་རྨོངས་པ་དང། ཆགས་པ་མེད་པའི་ཡེ་ཤེས་ལ་མངོན་པར་ཕྱོགས་པ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་ལ་གནས་བ་སྣང་བའི་ཚུལ་གྱིས་མངོན་དུ་བྱ་བ་ལ་ཀུན་ཏུ་རྨོངས་པའོ། །མ་རིག་པ་དེ་གཉིས་ཡོད་ནས་ལྔ་བ་ནས་དྲུག་པར་འཕར་བའི་གནས་སྐབས་ནང་རྒྱལ་གྱི་ཁྱད་པར་གྱི་གཉེན་པོ་རྣམ་པར་བཞག་པ་ཞེས་བྱ་བ་ཆོས་མཉམ ་བ་ཉིད་ཐོབ་པས་ས་ལྔ་པ་ལ་འཕར་ཞིང་དྲུག་པ་གནོན་པར་འགྱུར་བའི་ཤེས་རབ་རྣམ་པར་གྲོལ་བ་མི་སྐྱེ་བས་དེའི་ཕྱིར་དེ་ནི་ས་དྲུག་པའི་ཤེས་རབ་རྣམ་པར་གྲོ་བའི་མི་མཐུན་པའི་ཕྱོགས་ཡིན་ནོ། །དེའི་གནས་ངན་ལེན་མི་མཐུན་པའི ་ཕྱོགས་སོ་ཞེས་བྱ་བ་ནི་དེ་གཉིས་ཀྱི་བག་ཆགས་ཏེ། དེ་ཡོད་ན་ས་དྲུག་པ་ལ་མི་གནས་པའི་ལམ་སྒྲུབ་པའི་ཁྱད་པར་དེའི་འབྲས་བུ་རྣམ་པར་བཞག་པས་གནས་པའི་སེམས་རྣམ་པར་གྲོལ་བ་མི་སྐྱབས་ངའི?་ཕྱིར་དེ་ནི་ས?་དྲུག་པའི ་སེམས་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས་ཡིན་ནོ། །བདུན་པ་ལ་ནི་ཞེས་བྱ་པ་ལས་བདུན་པའི་མཐུན་པའི་ཕྱོགས་མཚན་མ་ཕྲ་མོ་ཀུན་ཏུ་འབྱུང་བའི་རབ་ཏུ་དབྱེ་བ་ནི། མཚན་མ་ཕྲ་མོ་ཀུན་ཏུ་འབྱུང་བ་ཀུན་ཏུ་རྨོངས་པ་དང། ་མཚན་མ་མེད་པ་གཅིག་པུ་ཡིད་ལ་བྱེད་པས་ཐབས་ཀུན་ཏུ་རྨོངས་པ་སྟེ། ས་དྲུག་པ་གཅིག་པུ་ཡིད་ལ་བྱེད་པས་ཐབས་ཀུན་ཏུ་རྨོངས་པ་སྟེ། ས་དྲུག་པའི་དུས་ན་རྟེན་ཅིང་འབྲེལ་པར་འབྱུང་བའི་འཇུག་པ་ཕྲ་མོ་མངོན་དུ ་གྱུར་པས་མཚན་མ་ཕྲ་མོ་ཀུན་ཏུ་བྱུང་བ་ཀུན་ཏུ་རྨོངས་པ་དང། ཆགས་པ་མེད་པའི་ཡེ་ཤེས་ལ་མངོན་པར་ཕྱོགས་པ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་སྣང་པའི་ཚུལ་གྱིས་མངོན་དུ་གྱུར་པས་ཤེས་རབ་ཀྱི ་ཤས་ཆེ་ལ་ཐབས་ལ་ཀུན་ཏུ་རྨོངས་པའོ། །མ་རིག་པ་དེ་ཉིད་ཡོད?་ན་ས་དྲུག་པ་ནས་བདུན་པར་འཕང་བའི་གནས་སྐབས་ན་མངོན་པར་འདུ་བྱེད་པ་མེད་པ་ལ་མངོན་པར་དགའ་བའི་གཉེན་པོ་རྣམ་པར་བཞག་པ་ཞེས་བྱ་བ་ཐབས་དང་ཤེས་རབ་ཀྱིས ་མངོན་པར་སྒྲུབས་པའི་ལམ་གཞན་པ་རྩམ་པའི་ཁྱད་པར་ཐོབ་པས། ས་དྲུག་པ་ལས་འཕང་ཞིང་བདུན་པ་གནོན?་པར་འགྱུར་པའི་ཤེས་རབ་རྣམ་པར་གྲོལ་བ་མི་སྐྱེ་བས་དེའི་ཕྱིར་དེ་ནི་ས་བདུན་པའི་ཤེས་རབ་ཀྱི་རྣམ་པར་གྲོལ་བའི་མི་མཐུན ་པའི་ཕྱོགས་ཡིན། །དེའི་གནས་ངན་ལེན་པ་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ནི་དེ་གཉིས་བག་ཆགས་ཏེ། དེ་ཡོད་ནས་བདུན་པ་ལ་དེའི་རྣམ་པར་གཡང་བའི་གཉེན?་པོའི་རྣམ་པར་བཞག་པ་དང། ཟུང་དུ་འབྲེལ་པའི་ལམ་རབ་ཏུ་ཐོབ་བ་རྣམ ་པར་བཞག་པ་དང། ས་སྔ་ཕྱིའི་ཁྱག་པར་རྣམ་པར་བཞག་པ་དང། དེའི་འབྲས་བུ་རྣམ་པར་བཞག་པས་གནས་པའི་སེམས་རྣམ་པར་གྲོལ་བ་མི་སྐྱེ་བས་དེའི་ཕྱིར་དེ་ནི་ས་བདུན་པའི་སེམས་རྣམ་པར་གྲོལ་པའི་མི་མཐུན་པའི་ཕྱོགས་ཡིན ་ན། །བརྒྱད་པ་ལ་ནི་ཞེས་བྱ་བ་ལ། ས་བརྒྱད་པའི་མི་མཐུན་པའི་ཕྱོགས་མཚན་མ་མེད་པ་ཉིད་དུ་མངོན་པར་འདུ་བྱེད་པའི་རབ་ཏུ་དབྱེ་བ་ནི། མཚན་མ་མེད་པ་ལ་རྩལ་བ་ཀུན་ཏུ་རྨོངས་པ་དང། མཚན་མ་རྣམས་ལ་མི་དབང་བ་ཀུན་ཏུ་རྨོངས ་པ་སྟེ། ས་བདུན་པའི་དུས་ན་མཚན་མ་མེད་པ་ལ་རང་གི་དད་ཉིད་ཀྱིས་རྒྱུན་ཆགས་སུ་བར་ཆད་མེད་བར་འཇུག་ནི་ནུས་པས་མཚན་མ་མེད་པ་ལ་རྩོལ་བ་ཀུན་ཏུ་རྨོངས་པ་དང། མཆན་མ་མེད་པའི་ཟིལ་གྱིས་གནོན་པའི་དབང་ལ་ཐོབ་པས ་མཚན་མ་ལ་མི་དབང་པ་ཀུན་ཏུ་རྨོངས་པའོ། །མ་རིགས་པ་དེ་གཉིས་ཡོད་ན་ས་བདུན་པ་ནས་བརྒྱད་པར་འཕང་བའི་གནས་སྐབས་ན་ཡོངས་སུ་སྦྱར་བ་བྱ་བའི་ས་བསྡུས་པས་ཞེས་བྱ་བས་བདུན་པོ་སྤྱི་དང། སོ་སོས་བསྡུས་པའི ་ཡོན་ཏན་ཐོབ་པ་དེས་རྣམ་བར་དག་བའི་བཟོད་པ་ཐོབ་བ་ཞེས་བྱ་བ་མི་སྐྱེ་བའི་ཆོས་ལ་བཟོད་པའི་དམིགས་པ་ཐོབ་བས་ས་བདུན་བ་ལས་འཕར་ཞིང་བརྒྱད་པ་གནོན་བར་འགྱུར་བའི་ཤེས་རབ་རྣམ་པར་གྲོལ་བ་མི་སྐྱེ་བས་དེའི ་ཕྱིར་དེ་ནི་ས་བརྒྱད་པའི་ཤེས་རབ་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས་ཡིན་ནོ། །དེའི་གནས་ངན?་ལེན་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ནི་དེ་གཉིས་ཀྱི་བག་ཆགས་ཏེ། དེ་ཡོད་ན་ས་བརྒྱད?་བ་ལ་མི་སྐྱེ་པའི་ཆོས་ལ་བཟོད་པའི་ཚུལ་ཁོང ་དུ་ཆུད་བ་དང། གནས་བའི་ཁྱད་པར་ཐོབ་པ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྤྱོད་པ་དང། དབང་ཐོབ་པ་དང་ཆེ་བ་ཉིད་ཀྱི་ཁྱད་པར་དང་ཤེས་པའི་ཚིག་རབ་ཏུ་དབྱེ་པས་གནས་པའི་སེམས་རྣམ་པར་གྲོལ་པས་མི་སྐྱེ་བས་དེའི་ཕྱིར་དེ ་ནི་ས་བརྒྱད་པའི་སེམས་རྣམ་པར་གྲོལ་བའི་མི་མཐུན་བའི་ཕྱོགས་ཡིན་ནོ། །དགུ་པ་ལ་ནི་ཞེས་བྱ་བ་ལ། ས་དགུ་པའི་མི་མཐུན་པའི་ཕྱོགས་སེམས་ཅན་གྱི་དོན་བྱ་བ་ལ་མངོན་པར་འདུ་བྱེད་པ་མེད་པའི་རབ་ཏུ་དབྱེ་བ་ནི་ཆོས་བསྟན་བ ་དཔག་ཏུ་མེད་པ་དང། ཆོས་ཀྱི་ཚིག་དང་ཡི་གེ་དཔག་ཏུ་མེད་པ་དང། གོང་ནས་གོང་དུ་ཤེས་རབ་དང། སྤོབས་པ་ལ་གཟུངས་ཀྱི་དབང་ལ་ཀུན་ཏུ་རྨོངས་པ་དང། སྤོབས་བའི་དབང་ལ་ཀུན་ཏུ་རྨོངས་པ་སྟེ། ས་བརྒྱད་བའི་དུས་ན་བློ་གྲོས་ཆེན་པོ་རྒྱ ་ཆེ་བ་རྗེས་སུ་ཐོབ་སྟེ། གཞན་དག་ལ་ཆོས་ཡང་དག་པར་སྟོན་པ་བླ་ན་མེད་པ་ལས་བརྩམས་ནས་ཆོས་རྣམས་ཀྱི་རྣམ་གྲངས་དང་མཚན་ཉིད་དང་ངེས་པའི་ཚིག་དང་རབ་ཏུ་དབྱེ་བ་རབ་ཏུ་རྣམ་པར་མི་ནུས་པས་ཆོས་བསྟན་པ་དཔག་ཏུ་མེད ་པ་དང། ཆོས་ཀྱི་ཚིག་དང་ཡི་གེ་དཔག་ཏུ་མེད་པ་ལ་གཟུངས་ཀྱི་དབང་ལ་ཀུན་ཏུ་རྨོངས་པ་དང། གོང་ནས་གོང་དུ་ཤེས་རབ་དང། སྤོབས་པ་ལ་སྤོབས་པའི་དབང་ལ་ཀུན་ཏུ་རྨོངས་པའོ། །མ་རིག་པ་དེ་གཉིས་ཡོད་ནས་བརྒྱད་བ་ནས ་དགུ་པར་འཕང་བའི་གནས་སྐབས་ན་སྨྲ་བའི་བརྩོན་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་བདག་དང་གཞན་གྱི་དབང་དུ་བྱས་པའི་ཆོས་ཐོས་པས་སངས་རྒྱས་པ་ལས་འཕང་ཞིང་དགུ་པ་ལ་གནོན་པར་འགྱུར་བའི་ཤེས་རབ་རྣམ་པར་གྲོལ་བ་མི་སྐྱེ་བས་དེའི་ཕྱིར ་དེ་ནི་ས་དགུ་པའི་ཤེས་རབ་ཀྱི་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས་ཡིན་ནོ། །དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ནི་དེ་གཉིས་ཀྱི་བག་ཆགས་ཏེ། དེ་ཡོད་ན་ས་དགུ་པ་ལ་ཡེ་ཤེས་ཕུན་སུམ་ཚོགས་པ་དང། སྤྱོད་པ་ལ་འཇུག་པ ་ཕུན་སུམ་ཚོགས་པ་དང། བཤད་པ་ཕུན་སུམ་ཚོགས་པས་གནས་པའི་སེམས་རྣམ་པར་གྲོལ་བ་སྐྱེ་བས་དེའི་ཕྱིར་དེ་ནི་ས་དགུ་པའི་སེམས་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས་ཡིན་ནོ། །བཅུ་པ་ལ་ནི་ཞེས་བྱ་བ་ལ། ས་བཅུ་པའི་མི་མཐུན ་པའི་ཕྱོགས་ཆོས་རྣམས་ལ་དབང་མ་ཐོབ་པའི་རབ་ཏུ་དབྱེ་བ་ནི། མངོན་པར་ཤེས་པ་ཆེན་པོ་ལ་ཀུན་ཏུ་རྨོངས་པ་དང། གསང་བ་དང་ཕྲ་བ་ལ་འཇུག་པ་ལ་ཀུན་ཏུ་རྨོངས་པ་སྟེ། ས་དགུ་པའི་དུས་ན་ཆེ་བ་ཉིད་མཐར་ཕྱིན་པར་སོང་བ་མཐོང ་པས་མངོན་པར་ཤེས་པ་ཆེ་བ་ཉིད་ལ་ཀུན་ཏུ་རྨོངས་པ་དང། གསང་བའི་གནས་ཤེས་པ་ཆེ་བ་ཉིད་དང་ཕྲ་བ་ལ་འཇུག་པ་ཤེས་པ་ཆེ་བ་ཉིད་ལ་ཀུན་ཏུ་རྨོངས་པའོ། །མ་རིག་པ་དེ་གཉིས་ཡོད་པས་དགུ་པ་ནས་བཅུ་པར་འཕར་བའི ་གནས་སྐབས་ན་ཡོངས་སུ་སྦྱར?་བ་བྱ་བའི་?་པ་ཞེས་བྱ་བ་རྣམ་པར་དབྱེ་བས་ས་དགུ་པོ་རྣམས་ཡོངས་སུ་རྫོགས་པར་བྱ་བ་ཐོབ་པས་ས་དགུ་པ་ལས་འཕར་ཞིང་བཅུ་པ་གནོན་པར་འགྱུར་བའི་ཤེས་རབ་རྣམ་པར་གྲོལ་བ་མི་སྐྱེ་བས་དེའི་ཕྱིར་དེ་ནི་ས ་བཅུ་པའི་ཤེས་རབ་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས་ཡིན་ནོ། །དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ནི་དེ་གཉིས་ཀྱི་བག་ཆགས་ཏེ། དེ་ཡོད་ན་ས་བཅུ་པ་ལ་ཏིང་ངེ་འཛིན་ཡོངས་སུ་རྫོགས་པ་ཐོབ་པ་དང། དབང་བསྐུར་བ ་ཐོབ་པ་དང། ཆེ་བ་ཉིད་མཐར་ཕྱིན་པར་སོང་བ་དང། ས་ངེས་པའི་ཚིག་དང། མཐུ་བླ་ན་མེད་པ་དང། བླ་ན་ཡོད་པས་གནས་པའི་སེམས་རྣམ་པར་གྲོལ་བ་མི་སྐྱེ་བས་དེའི་ཕྱིར་དེ་ནི་ས་བཅུ་པའི་སེམས་རྣམ་པར་གྲོལ་བའི་མི་མཐུན ་པའི་ཕྱོགས་ཡིན་ནོ། །སངས་རྒྱས་ཀྱི་ས་ལ་ནི་ཞེས་བྱ་བ་ལ། སངས་རྒྱས་ཀྱི་སའི་མི་མཐུན་པའི་ཕྱོགས་གནས་ངན་ལེན་ཕྲ་མོ་སྙིང་པོ་ལ་ཡོད་པ་ལྟ་བུ་མ་སྤངས་པའི་རབ་ཏུ་དབྱ་བ་ནི། ཤེས་བྱ་བ་ཐམས་ཅད་ལ་ཆགས་བ་ཤིན་ཏུ་ཕྲ་མོ་ཀུན་ཏུ ་རྨོངས་པ་དང་།ཐོགས་པ་ཀུན་ཏུ་རྨོངས་པ་སྟེ། ས་བཅུ་པའི་དུས་ན་གནས་ངན་ལེན་ཕྲ་མོ་སྙིང་པོ་ལ་ཡོད་པ་ལྟ་བུ་མ་སྤངས་པས་ཤེས་བྱ་ཐམས་ཅད་ལ་ཆགས་བ་ཤིན་ཏུ་ཕྲ་མོ་ཀུན་ཏུ་རྨོངས་པ་དང། ཐོགས་པ་མེད་པ་ཤིན་ཏུ་ཕྲ་མོ་ཀུན་ཏུ ་རྨོངས་པའོ། །མ་རིག་པ་དེ་གཉིས་ཡོད་ན་ས་བཅུ་པ་ནས་སངས་རྒྱས་ཀྱི་སར་འཕར་པའི་གནས་སྐབས་ན་སློབ་བ་ཐམས་ཅད་ཀྱི་མཐར་ཐུག་བའི་ལམ་གྱིས་བསྡུས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཅེས་བྱ་བས་ཟག་པ་མེད་པའི་ཆོས་ཀྱི་དབྱིངས་ལ ་མཉམ་པར་གཞག་སྟེ། ཀུན་གཞི་རྣམ་པར་ཤེས་པའི་གནས་ངན་ལེན་ཕྲ་མོ་སྙིང་པོ་ལ་ཡོད་པ་ལྟ་བུ་ཡང་དག་བར་བཅོམ་ནས་གནས་གྱུར་པས་རབ་ཏུ་ཕྱེ་བ་སངས་རྒྱས་ཀྱི་ས་ཐོབ་པའི་ཤེས་རབ་རྣམ་པར་གྲོལ་བ་མི་སྐྱེ་བས་དེའི་ཕྱིར་དེ་ནི ་སངས་རྒྱས་ཀྱི་སའི་ཤེས་རབ་རྣམ་པར་གྲོལ་པའི་མི་མཐུན་པའི་ཕྱོགས་ཡིན་ནོ། །དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ?་ཞེས་བྱ་བ་ནི་དེའི་བག་ཆགས་ཏེ། དེ་ཡོད་ན་སངས་རྒྱས་ཀྱིས་ལ་སྤངས་པ་དང། ཡེ་ཤེས་ཀྱིས་རབ་ཏུ་གྲུབ ་པའི་སྐུ་གསུམ་དང། ཡེ་ཤེས་བཞི་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྒྱ་བཞི་བཅུས་གནས་པའི་སེམས་རྣམ་པར་གྲོལ་བའི་མི་མཐུན་བའི་ཕྱོགས་ཡིན་ནོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་མི་ལྡན་པ་ཡིན་ནོ་ཞེས་བྱ ་བ་ནི་ཐོབ་པའི་དུས་ན་མི་མཐུན་པའི་ཕྱོགས་སྤང་བར་བྱ་བ་མེད་པའི་དོན་ཏོ། །ངོ་མཚར་ལགས་སོ་ཞེས་པ་ནི་དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་དུས་ན་མི་མཐུན་པའི་ཕྱོགས་སྤང་པར་བྱ་བ་མེད་པ་དེའི་ཕན་ཡོན་དང་འབྲས ་བུ་ཆེན་པོ་ལ་བསྟོན་པ་ཡིན་ནོ་མི་མཐུན་བའི་ཕྱོགས་ཀྱི་རབ་ཏུ་དབྱེ་བ་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ། །དེའི་འོག་ཏུ་གཉེན་པོའི་རབ་ཏུ་དབྱེ་བ་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། གཉེན་བོའི་རབ ་ཏུ་དབྱེ་བ་ཞེས་བྱ་བ་ནི་སྔར་ས་རྣམས་ཀྱི་གཉེན་པོ་བསྟན་པ་དེ་དག་རེ་རེ་ལ་ཡང་སར་ཆུད་པའི་དགེ་པ་རྣམ་པར་དག་བ་རྣམས་བརྒྱད་བརྒྱད་ཀྱིས་རབ་ཏུ་དབྱེ་བའོ། །དེའི་ཕྱིར་བསྟན་བའི་དབང་དུ་མཛད་ན། བཅོམ་ལྡན་འདས་དེ་དག་རྣམ་པར་དག་པ ་དུ་དག་གིས་རྣམ་པར་བཞག་པ་ལགས་ཞེས་བྱ་བ་ཞུགས་སོ། །བརྒྱད་ཀྱིས་ཏེ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ས་ལ་ནི་སྐྱེ་བ་རྣམ་པར་དག་པ་མ་གཏོགས་པ་ལྷག་མ་བདུན་ནོ། །ས་བདུན་པོ་དེ་དག་ལས་རེ་རེར་ཡང་རྣམ་པར་དག་པ་རྣམ་པ་བརྒྱད་བརྒྱད ་ཀྱིས་རབ་ཏུ་དབྱེ་བ་རྣམ་པར་བཞག་པ་སྟོན་ཏོ། །ལྷག་པའི་བསམ་བ་རྣམ་པར་དག་པ་ཞེས་བྱ་བ་ནི་སྔར་ས་དང་པོའི་སྐབས་སུ་བསམ་པ་བཅོ་ལྔས་བསྟན་པ་དེ་དག་ཉིད་སངས་རྒྱས་ཀྱི་སའི་པར་དུ་གོང་ནས་གོང་དུ་ཆོས་ཤིན་ཏུ་རྣམ་པར་དག་པ་ཡིན་ནོ། ་སེམས་རྣམ་པར་དག་བ་ཞེས་བྱ་བ་ནི་སྔར་ས་དང་པོའི་སྐབས་སུ་བྱང་ཆུབ་སེམས་དཔའ་སྨོན་ལམ་ཤིན་ཏུ་རྣམ་པར་ངེས་པའི་རང་གི་བསྒོམས་པ་ལས་བྱུང་བ་སར་ཤིན་ཏུ་རྣམ་པར་ངེས་པའི་ཁྱད་པར་དྲུག་དང་ལྡན་པ་སྐྱེད་པས་སྨོན་ལམ་ཆེན་པོ ་རེ་རེ་ལ་ཡང་འཁོར་བརྒྱ་སྟོང་གྲངས་མེད་བ་དང་བཅས་པའི་སྨོན་ལམ་ཆེན་པོ་བཅུ་མངོན་པར་སྒྲུབ་པའི་སེམས་རྣམ་པར་དག་བའི་གསེར་ཤིན་ཏུ་སྦྱངས་པ་ལྟ་བུ་བསྟན་པ་དེ་ཉིད་སངས་རྒྱས་ཀྱི་སའི་བར་དུ་གོང་ནས་གོང་དུ་ཆེས་ཤིན་ཏུ་རྣམ? ་པར་དག་པ་ཡིན་ནོ། སྙིང་རྗེ་རྣམ་པར་དག་པ་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེའི་ངོ་བོ་ཉིད་དང། གནས་དང། འབྲས་བུ་ཕན་ཡོན་ཏེ། ངོ་བོ་ཉིད་ནི་རྣམ་པ་གཉིས་ཏེ། བསམ་པར་རྟོགས་? ་སྒྲུབ་པར་རྟོགས་པའི། །དེ་ལ་བསམ་པའི་རྟོག་བ་ནི་ཕན་པའི་བསམ་པ་དང། དག་པའི་བསམ་པའོ། །སྒྲུབ་པར་རྟོགས་པ་བསམ་པ་དེ་ཉིད་སེམས་ཅན་ལ་ཅི་ནུས་ཅི་ལྷོགས་ཀྱིས་ལུས་དང་ངག་གིས་ཉེ་བར་སྒྲུབ་པའོ། །གནས་ན་རྣམ་པ་ལྔ་སྟེ ་སེམས་ཅན་སྡུག་བསྔལ་བ་རྣམས་དང། ཉེས་བར་སྤྱད་པ་སྤྱོད་བ་རྣམས་དང། བག་མེད་པ་རྣམས་དང། ལོག་པར་ཞུགས་པ་རྣམས་དང། ཉོན་མོངས་པའི་བག་ལ་ཉལ་དང་ལྡན་པ་རྣམས་སོ། །འབྲས་བུའི་ཕན་ཡོན་ནི་སེམས་ཅན་རྣམས་ལ ་ཁོ་ན་སྤོང་པ་དང། སེམས་ཅན་གྱི་དོན་བྱ་བ་ཐམས་ཅད་ལ་མིག་ཞུམ་བ་མེད་པར་སྦྱོར་བ་དང་ལྡན་བ་དེ་ལ་ཡོངས་སུ་མི་སྐྱོ་བ་དང། སྙིང་བརྩེ་བས་ཤས་ཆེད་གནས་པ་དང། ཁ་ན་མ་ཐོ་བ་མེད་པར་ཚེ་འདི་ལ་བདེ་བར་གནས་པ་དང། ཚེ་ཕྱི་མ་ལ་ཕན ་བར་འགྱུར་བ་དང། བྱམས་པའི་ཕན་ཡོན་དེའི་ལུས་ལ་དུག་གིས་མི་ཚུགས་མཚོན་གྱིས་མི་ཚུགས་ཤེས་བྱ་བ་ལ་སོགས་པ་གང་དག་གསུངས་པ་དེ་དག་ཐམས་ཅད་ཀྱང་ཡིན་པར་རིག་པར་བྱ་སྟེ། དེ་ཡང་ས་དང་པོ་ལ་ཉེ་བར་འཇིགས་པ ་དང་སྡང་བ་དང། བག་ཚ་བ་དང། སྦུ་ཟིང་ཞེས་བྱེད་པ་མེད་པའི་བྱང་ཆུབ་སེམས་དཔའ་ནི་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བའི་ཕྱིར་ལྟག་པའི་བསམ་པས་མ་ཉམས་པ་དང་མི་དམའ་བས་དགེ་བའི་རྩ་བ་ཐམས་ཅད་ཡང་དག་བར་བསྡུས་པའི་ཕྱིར ་ཤིན་ཏུ་བརྩོན་བར་བྱེད་པོ་ཞེས་བསྟེན་པ་ཉིད་སངས་རྒྱས་ཀྱི་སའི་བར་དུ་གོང་ནས་གོང་དུ་ཆོས་ཤིན་ཏུ་རྣམ་པར་དག་བ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག ་པོ་ངོ་ཉིད་དང། ཐམས་ཅད་དང། དཀའ་པ་དང། ཐམས་ཅད་ཀྱི་སྒོ་དང། སྐྱེས་བུ་དམ་པ་དང། རྣམ་པ་ཐམས་ཅད་དང། འཕོངས་ཤིང་འདོད་པ་དང། འདི་དང་གཞན་གྱི་བདེ་བར་འགྱུར་བ་དང། རྣམ་པར་དག་པས་རབ་ཏུ་བྱེ་བ་དག་ལས་ངོ་བོ་ཉིད་ཡང་དག་བར་བླངས ་ནས་སྦྱིན་པ་ཐམས་ཅད་ནས་ཤེས་རབ་ཐམས་ཅད་ཀྱི་བར་དག་ཀུན་ཏུ་བརྟེན་ཅིང་ཤིན་ཏུ་རྣམ་པར་དག་པར་བྱས་མ་ཐག་ན་ཀུན་ཏུ་རྫོགས་པར་བྱས་པས་བླུན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང། རྡོ་རྗེའི་སྙིང་པོའི་སྐུ་དང་དམ་པའི་ཆོས ་ཡུན་རིང་དུ་གནས་པའི་འབྲས་བུ་མངོན་བར་འགྲུབ་བ་དང། དཀའ་བའི་སྦྱིན་པ་ལ་སོགས་པ་ཀུན་ཏུ་བསྟན་པ་ལ་སོགས་པས་དེ་བཞིན་གཤེགས་པའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་མཚུངས་པ་མེད་པ་དང་ལྡན་པའི་འབྲས་བུ་མངོན་བར་འགྲུབ་བ་དང་ ་ཐམས་ཅད་ཀྱི་སྒོ་ནས་སྦྱིན་པ་ལ་སོགས་པ་ཀུན་ཏུ་བསྟན་པ་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་གཙོ་བོར་གྱུར་པའི་སེམས་ཅན་ལྷ་དང་མི་རྣམས་ཀྱི་མཆོད་པར་གྱུར་བའི་འབྲས་བུ་མངོན་པར་གྲུབ་བ་དང། སྐྱེས་བུ་དམ་བའི་སྦྱིན ་པ་ལ་སོགས་པ་ཀུན་ཏུ་བསྟོན་པ་ལ་སོགས་པ་དེ་བཞིན་གཤེགས་པའི་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་འབྲས་བུ་མངོན་པར་འགྲུབ་པ་དང། རྣམ་པ་ཐམས་ཅད་ཀྱི་སྦྱིན་པ་ལ་སོགས་པ་ཀུན་ཏུ་བསྟོན་པ་ལ་སོགས་པ་དེ་བཞིན ་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱུང་བཟང་པོ་བརྒྱད་ཅུའི་སྐུ་བསོད་ནམས་སྣ་ཚོགས་དཔག་ཏུ་མེད་པས་ཡོངས་སུ་བསྡུས་པའི་འབྲས་བུ་མངོན་པར་འགྲུབ་པ་དང། ཕོངས་ཤིང་འདོད་པ་ལ་སྦྱིན་པ་ལ་སོགས་བ་ཀུན ་ཏུ་བསྟེན་པ་ལ་སོགས་པ་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱིས་སྙིང་པོ་ལ་བཞུགས་པའི་ཚེ་བདུང་དང། ཕྱིར་རྒོལ་བ་ཐམས་ཅད་ཀྱིས་གནོད་པར་བྱ་བ་དང། ཐོ་འཚམས་པ་དང། བསྐྱོད་པར?་མི་ནུས་པའི་འབྲས་བུ་མངོན་པར་འགྲུབ་པ་དང། འདི་དང? ་གཞན་དུ་བདེ་བར་འགྱུར་བའི་སྦྱིན་པ་ལ་སོགས་པ་ཀུན་ཏུ་བསྟེན་པ་ལ་སོགས་པས་དེ་བཞིན་གཤེགས་པའི་བསམ་གཏན་དང་རྣམ་པར་ཐར་པ་དང། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་བདེ་བའི་མཆོག་གི་འབྲས་བུ ་མངོན་པར་འགྲུབ་པ་དང། རྣམ་པར་དག་པའི་བྱིན་པ་ལ་སོགས་པས་དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་ཡོངས་སུ་དག་པ་བཞི་པོ་སྐུ་དང་དམིགས་པ་དང་ཐུགས་དང་ཡེ་ཤེས་རྣམ་པར་དག་པ་ལ་སོགས་པའི་འབྲས་བུ་མངོན་པར ་འགྲུབ་པ་སྟེ། དེ་ཡང་ས་དང་པོ་ལ་དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བ་ཡིན་ཏེ། ལྷག་མ་རྣམས་དང་ཅི་ནུས་ཅི་ཚུལ་དུ་ཡང་དག་པར་མི་སྒྲུབ་པ་ནི་མ་ཡིན་ནོ་ཞེས་བསྟན་པ་དེ་ཉིད་སངས་རྒྱས་ཀྱི་སའི་བར་གོང་ནས་གོང་དུ་ཆོས་ཤིན་ཏུ་རྣམ ་པར་དག་པ་ཡིན་ནོ། །སངས་རྒྱས་མཐོང་ཞིང་བསྙེན་བཀུར་བྱེད་པ་རྣམ་པར་དག་པ་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དཀོན་མཆོག་གསུམ་ལ་མཆོད་པ་རྣམ་པར་དག་པ་སྟེ། དེ་ལ་དེ་བཞིན་གཤེགས་པ་ལ་མཆོད ་པ་ནི་རྣམ་པ་བཅུ་སྟེ། སྐུ་ལ་མཆོད་པ་དང། མཆོད་རྟེན་ལ་མཆོད་པ་དང། མངོན་སུམ་དུ་མཆོད་པ་དང། མངོན་སུམ་མ་ཡིན་པར་མཆོད་པ་དང། བདག་གིས་བྱས་པའི་མཆོད་པ་དང། གཞན་བྱེད་དུ་བཅུག་པའི་མཆོད་པ་དང། རྙེད་པ་དང། བཀུར་སྟི ་མཆོད་པ་དང། རྒྱ་ཆེན་པོའི་མཆོད་པ་དང་ཀུན་ནས་ཉོན་མོངས་པ་མ་ཡིན་པའི་མཆོད་བ་དང། སྒྲུབ་པའི་མཆོད་བའོ། །དེ་ལ་སྐུ་ལ་མཆོད་པ་ནི་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་ཉིད་ལ་མཆོད་པ་བྱེད་པའོ། །མཆོད་རྟེན་ལ་མཆོད་པ ་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ན་མིག་དུང་ཁང་བྱུང་བུ་འམ་གཙང་ཁང་དམ་མཆོད་རྟེན་རྙིད་པ་འམ་མཆོད་རྟེན་སར་པ་ལ་མཆོད་པ་བྱེད་པའོ། །མངོན་སུམ་དུ་མཆོད་པ་ནི་དེ་བཞིན་གཤེགས་པའི་སྐུ་འམ་མཆོད་རྟེན་?་མངོན་སུམ ་དུ་མཆོད་པ་བྱེད་པའོ། །མངོན་སུམ་མ་ཡིན་པར་མཆོད་པ་ནི་དེ་བཞིན་གཤེགས་པའི་སྐུ་འམ་མཆོད་རྟེན་མངོན་སུམ་དུ་མ་གྱུར་པ་ལ་དེའི་ཕྱིར་དམིགས་ཏེ་མཆོད་པ་བྱེད་པའོ། །མངོན་སུམ་དང་མངོན་སུམ་མ་ཡིན་པ་ཐུན་མོང་གི་མཆོད་པ་དང། ཡོད་དེ་དེ་བཞིན ་གཤེགས་པའི་སྐུ་འམ་མཆོད་རྟེན་ཅིག་ལ་མངོན་སུམ་དུ་མཆོད་པ་བྱེད་པ་ན་ལྷག་པའི་བསམ་པ་འདི་ལྟ་བུས་དེ་བཞིན་གཤེགས་པ་ཅིག་དང་མཆོད་རྟེན་ཅིག་གི་ཆོས་ཉིད་གང་ཡིན་པ་ད་ནི་ཕྱོགས་བཅུ་དུས་གསུམ་གྱིས་དེ་བཞིན་གཤེགས་པ་དང ་མཆོད་རྟེན་ཐམས་ཅད་ཀྱི་ཆོས་ཉིད་ཡིན་པས་བདག་གིས་དེ་བཞིན་གཤེགས་པ་དང་མཆོད་རྟེན་མངོན་དུ་གྱུར་པ་འདི་ལ་མཆོད་པས་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་དང། གཞན་ཐམས་ཅད་ལ་ཡང་མཆོད་དོ་སྙམ་པའི ་སེམས་ཀྱི་མཆོད་པ་བྱང་པ་སྟེ། དེ་ལ་མངོན་སུམ་གྱི་མཆོད་པ་ནི་བསོད་ནམས་ཀྱི་འབྲས་བུ་རྒྱ་ཆེ་བ་ཡིན་ནོ། །མངོན་སུམ་དུ་མ་ཡིན་པའི་མཆོད་པ་ནི་དེ་བས་བསོད་ནམས་ཀྱི་འབྲས་བུ་ཆེ་བ་ཡིན་ནོ། །མངོན་སུམ་དང་མངོན་སུམ་མ ་ཡིན་པ་ཐུན་མིང་གི་མཆོད་པ་ནི་དེ་བས་ཀྱང་བསོད་ནམས་ཀྱི་འབྲས་བུ་རྒྱ་ཆེ་བར་རིག་པར་བྱའོ། །བདག་གིས་བྱས་པའི་མཆོད་པ་ནི་དེ་བཞིན་གཤེགས་པ་འམ་མཆོད་རྟེན་ལ་རང་གི་ལག་གི་མཆོད་པ་བྱེད་དེ། ལེ་ལོ་དང་སྙོམས་ལས་དང ་བག་མེད་པ་ལ་བརྟེན་ཏུ་གཞན་བྱེད་དུ་མི་འཇུག་པའོ། །གཞན་བྱེད་དུ་བཅུག་པའི་མཆོད་པ་ནི་མཆོད་པའི་ཡོ་བྱད་ཆུང?་ཤས་བདོག་བ་སྙིང་རྗེ་དང་ལྡན་པའི་སེམས་ཀྱིས་སེམས་ཅན་སྡུག་བསྔལ་བ་བསོད་ནམས་ཆུང་ཞིང་མི་ནུས་པ ་གཞན་དག་ལ་བསྟན་ཏེ་མཆོད་པ་བྱེད་དུ་བཅུག་པའོ། །བདག་གིས་བྱས་པ་དང་གཞན་བྱེད་དུ་བཅུག་བའི་ཐུན་མོང་གི་མཆོད་པ་ཡང་ཡོད་དེ། བདག་ཉིད་ཀྱང་བྱེད་ལ་གཞན་དག་ཀྱང་བྱེད་དུ་འཇུག་པ་སྟེ། དེ་ལ་བདག་གིས་བྱས་པའི་མཚོན ་པ་ནི། བསོད་ནམས་ཀྱི་འབྲས་བུ་རྒྱ་ཆེ་བ་ཡིན་ནོ། །གཞན་བྱེད་དུ་བཅུག་པའི་མཆོད་པ་ནི་དེ་བས་བསོད་ནམས་ཀྱི་འབྲས་བུ་རྒྱ་ཆེ་བ་ཡིན་ནོ། །བདག་གིས་བྱས་པ་དང་གཞན་བྱེད་དུ་བཅུག་པའི་ཐུན་མོང་གི་མཆོད་པ་ནི་དེ་བས ་ཀྱང་བསོད་ནམས་ཀྱི་འབྲས་བུ་རྒྱ་ཆེ་བར་རིག་པར་བྱའོ། །རྙེད་པ་དང་བཀུར་སྟིའི་མཆོད་པ་ནི་དེ་བཞིན་གཤེགས་པ་འམ?་མཆོད་རྟེན་ལ་ན་བཟའ་དང་ཞལ་ཟས་དང་གཟིམས?་ཆ་དང་བསྙུན་གྱི་གསོས་སྨན་ཡོ་བྱད་དང། གུས་པར་སྨྲ་བ་དང ་ཕྱག་འཚལ་བ་དང། མངོན་དུ་ལྡང་བ་དང། ཐལ་མི་སྦྱར་པ་དང། མཆོད་བའི་ལས་དང། བསྟོང་བ་དང། རིན་པོ་ཆེ་དང། ཡོ་བྱད་ལ་སོགས་བས་མཆོད་བ་བྱེད་པའོ། །རྒྱ་ཆེ་བའི་མཆོད་པ་ནི་དེ་བཞིན་གཤེགས་པ་འམ་མཆོད་རྟོན་ལ་མཆོད ་བ་བྱེད་བ་ན་དངོས་པོ་བདུན་རྒྱ་ཆེ་པ་ཡིན་ཏེ། ཡུན་རིང་པོར་མཆོད་པས་དུས་རྒྱ་ཆེ་བ་དང། དངོས་པོ་མང་པོས་མཆོད་པས་དངོས་པོ་མང་པོ་རྒྱ་ཆེ་བ་དང། དངོས་པོ་གྱ་ནོམ་པས་མཆོད་པས་དངོས་པོ་གྱ་ནོམ་བརྒྱ་ཆེ་བ་དང། མངོན་སུམ་དང ་མངོན་སུམ་མ་ཡིན་བར་མཆོད་པས་མཆོད་པ་གནས་ཀྱི་ཁྱད་པར་རྒྱ་ཆེ་བ་དང། བདག་གིས་བྱས་བ་གཞན་བྱེད་དུ་གཞུག་པས་མཆོད་པ་བྱེད་པའི་གང་ཟག་གི་ཁྱད་པར་རྒྱ་ཆེ་བ་དང་སྙིང་ཐག་པ་ནས་དགའ་བ་མངོན་དུ་གྱུར་ཅིང་མོས་པ་དྲག ་པོས་མཆོད་པས་བསམ་པ་རྒྱ་ཆེ་བ་དང། དགེ་བའི་རྩ་བ་དེ་བླ་ན་མེད་བའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ཞིང་མཆོད་བས་འབྲས་བུ་བསྔོ་བ་རྒྱ་ཆེ་བའོ། །ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་མཆོད་པ་ནི་ཀུན་ནས་ཉོན་མོངས་པ་ཅན་གྱི་མཆོད ་པ་རྣམ་པ་དྲུག་སྤངས་པ་སྟེ། རང་གི་ལག་གིས་བྱེད་བས་ལ་ལོས་གཞན་བྱེད་དུ་འཇུག་པའི་ཀུན་ནས་ཉོན་མོངས་པ་དང། གུས་པས་བྱེད་པས་མ་གུས་པའི་ཀུན་ནས་ཉོན་མོངས་པ་མེད་པ་དང། སེམས་མིག་ཡང་བས་བྱེད་པས? ་སེམས་གཡེང་བའི་ཀུན་ནས་ཉོན་མོངས་པ་མེད་པ་དང། བསམ་པ་དག་པས་བྱེད་པས་བསམ་པ་མ་དག་པའི་ཀུན་ནས་ཉོན་མོངས་པ་མེད་པ་དང། ཚུལ་འཆོས་པ་མེད་པས་བྱེད་པས་ཚུལ་འཆོས་པའི་ཀུན་ནས་ཉོན་མོངས་པ་མེད་པ་དང། མི་མཐུན་པའི་དངོས ་པོ་བ་བླས?་བྱུག་པ་དང། མར་ཁུས་བཀྲུ་བ་དང། གུ་གུལ་གྱིས་བདུག་པ་དང། ཨ་རྒའི་མེ་ཏོག་གིས་གཏོང་པ་ལ་སོགས་པ་སྤངས་ཏེ། མཐུན་པའི་དངོས་པོས་བྱེད་པའི་མི་མཐུན་པའི་ཀུན་ནས་ཉོན་མོངས་པ་མེད་པའོ། །སྒྲུབ་པའི་འཆོད་པ་ནི་ཉན་ཐོས་དང ་ཐུན་མོང་ཚད་མེད་པའི་རྒྱུད་བསྒོམ་པ་དང། འདུ་ཤེས་སྒོམ་པ་དང། རྗེས་སུ་དྲན་པ་བསྒོམ་པ་དང། ཐུན་མོང་མ་ཡིན་པ་དེ་ཁོ་ནའི་དོན་སྒོམ་པ་དང། བསླབ་པ་གསུམ་བསྒོམ་པ་དང། བྱང་ཆུབ་ཀྱི་ཕྱོགས་སྒོམ་པ་ལ་སོགས་བཅུང་ཟད་ཅུང་ཟད་དང། ཡུད ་ཙམ་དུ་ཐ་མ?་པ་འཇོས་ཙམ་གྱི་བར་དུ་ཡང་བསམ་བ་དང། སྦྱོར་པ་སྒྲུབ་པར་བྱེད་པ་སྟེ། དེ་མཆོད་པའི་མཆོག་དམ་པ་གྱ་ནོམ་པ་གོང་ན་མེད་པ་ཡིན་ཏེ། སྔ་མའི་རྙེད་པ་དང་བཀུར་སྟིའི་མཆོད་པ་རྣམ་པ་ཐམས་ཅད་ཀྱིས་བརྒྱའི་ཆ་དང་སྟོང་གི་ཆ ་ནས་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོ་བ་ཡིན་ནོ། །དེ་བཞིན་དགཤེགས་པ་ཇི་ལྟ་བ་བཞིན་དུ་ཆོས་དང་དགེ་འདུན་ལ་ཡང་དེ་བཞིན་དུ་ཅི་རིགས་བར་སྦྱར་ཏེ། དཀོན་མཆོག་གསུམ་ལ་མཆོད་པ་རྣམ་པ་བཅུ་པོ་དེ་དག་བྱེད་པའི་བྱང་ཆུབ་སེམས་དཔའ་ ་ནི་ལྷག་པའི་བསམ་པ་དྲུག་གིས་བྱེད་དེ། ཡོན་ཏན་གྱི་ཞིང་བླ་ན་མེད་པའི་ལྷག་པའི་བསམ་པ་དང། ཕན་འདོགས་པ་བླ་ན་མེད་པ་ལྷག་པའི་བསམ་པ་དང། སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་ལྷག་པའི་བསམ་པ་དང། ཨུ་དུམ? ་པ་རིའི་མེ་ཏོག་བཞིན་དུ་ཤིན་ཏུ་དཀོན?་པའི་ལྷག་པའི་བསམ་པ་དང། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གཅིག་པུ་སྟེ། འབའ་ཞིག་ལྷག་པའི་བསམ་པ་དང། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་ ་བའི་དོན་ཐམས་ཅད་སྟོན་བའི་ལྷག་པའི་བསམས་པ་བྱེད་པས་ན་རྣམ་པར་དག་པ་ཡིན་ཏེ། དེ་ཡང་ས་དང་པོར་སྐད་གཅིག་གཅིག་ལ་སངས་རྒྱས་བརྒྱ་འཐོབ་ཞིང་མཆོད་པ་དང་བསྙེན་བཀུར་དཔག་ཏུ་མེད་པ་བྱེད་དོ་ཞེས་བསྟན་? ་དེ་ཉིད་སངས་རྒྱས་ཀྱི་སའི་བར་དུ་གོང་ནས་གོང་དུ་ཆོས་ཤིན་ཏུ་རྣམ་བར་དག་པ་ཡིན་ནོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་རྣམ་པར་དག་པ་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་ཡོངས་སུ་སྨིན་པར་བྱེད ་པ་རྣམ་པ་དྲུག་སྟེ། ཡོངས་སུ་སྨིན་པའི་ངོ་བོ་ཉིད་དང། ཡོངས་སུ་སྨིན་པར་བྱ་བའི་གང་ཟག་དང། ཡོངས་སུ་སྨིན་པའི་རྣམ་པར་དབྱེ་བ་དང། ཡོངས་སུ་སྨིན་པར་བྱ་བའི་ཐབས་དང། ཡོངས་སུ་སྨིན་བར་བྱ་བའི་གང་ཟག་དང། ཡོངས་སུ་སྨིན་པའི་གང་ཟག ་གི་མཚན་ཉིད་དོ། །དེ་ལ་ཡོངས་སུ་སྨིན་པའི་ངོ་བོ་ཉིད་མིང་གེ་བའི་ཆོས་གྱི་ས་བོན་དང་ལྡན་བའི་དགེ་བའི་ཆོས་རྣམས་ལ་ཀུན་ཏུ་བརྟེན་པའི་རྒྱུས་ཡང་དག་པའི་སྦྱོར་བ་གང་ཡིན་པའི་མཐར་ཐུག་པ་ན་དེའི་སྤྱོད་ལ་རྣམ་བར་དག་བ་མངོན་སུམ་དུ་བྱ ་པའི་སྐལ་བ་དང་ལྡན་ཞིང་མཐུ་ཡོད་པའོ། །ཡོངས་སུ་སྨིན་པར་བྱ་བའི་གང་ཟག་ནི་རྣམ་པ་བཞི་སྟེ། ཉན་ཐོས་ཀྱི་རིགས་ཡང་དག་པར་བསྒྲུབས་པའི་རིགས་ཅན་ཉན་ཐོས་ཀྱི་ཐེག་པས་ཡོངས་སུ་སྨིན་པར་བྱ་བ་དང་།རང་སངས་རྒྱས་ཀྱི་རིགས ་ཡང་དག་པར་བསྒྲུབས་པའི་རིགས་ཅན་རང་སངས་རྒྱས་ཀྱི་ཐེག་པས་ཡོངས་སུ་སྨིན་བར་བྱ་བ་དང། སངས་རྒྱས་ཀྱི་རིགས་ཡང་དག་པར་བསྒྲུབས་པའི་རིགས་ཅན་ཐེག་པ་ཆེན་པོས་ཡོངས་སུ་སྨིན་པར་བྱ་བ་དང། ཐེག་པ་གསུམ་གྱིས་རིགས ་ཡང་དག་པར་མ་བསྒྲུབས་པ་བདེ་འགྲོར་འགྲོ་བའི་ཕྱིར་ཡོངས་སུ་སྨིན་པར་བྱའོ། །ཡོངས་སུ་སྨིན་པའི་རྣམ་པར་དབྱེ་བ་ནི་རྣམ་པ་དྲུག་སྟེ། དབང་པོ་ཡོངས་སུ་སྨིན་པ་དང། དགེ་བའི་རྩ་བ་ཡོངས་སུ་སྨིན་པ་དང། ཤེས་པ་ཡོངས་སུ་སྨིན་པ་དང། ་ཡོངས་སྨིན་བ་ཆུང་ངུ་དང་།འབྲིང་དང་།ཆེན་པོའོ། །ཡོངས་སུ་སྨིན་བར་བྱ་བའི་ཐབས་ནི་རྣམ་བ་ཉི་ཤུ་རྩ་བདུན་ཏེ། ཁམས་རྟས་པ་དང་།ད་ལྟར་གྱི་རྐྱེན་ཉེ་བར་སྤུབ་པ་དང། འཇུག་པ་དང། དགའ་བར་འཛིན་གང་དབང་བོ་འཇུག་པ་དང། དང་པོ་འཇུག་པ་མ ་ཡིན་པ་དང་།རྣམ་པར་དག་པ་ཐག་རིང་བ་དང། རྣམ་པར་དག་པ་ཐག་ཉེ་བ་དང་།སྦྱར་བ་དང། བསམ་པ་དང། ཟང་ཟིང་གི་ཉེ་བར་སྒྲུབ་པ་དང། ཆོས་ཉེ་བར་སྒྲུབ་པ་དང། རྫུ་འཕྲུལ་གྱིས་འདུན་པར་བྱེད་བ་དང་།ཆོས་སྟོན་པ་དང། གསང་སྟེ་ཆོས་བརྗོད ་པ་དང། རྣམ་བར་ཕྱེ་སྟེ་ཆོས་བརྗོད་པ་དང། སྦྱོར་བ་ཆུང་ངུ་དང། སྦྱོར་བ་འབྲིང་དང་།སྦྱོར་བ་ཆེན་པོ་དང། ཐོས་པ་དང། སེམས་པ་དང་།སྒོམ་པ་དང་།སྡུད་པ་དང། ཚར་གཅོད་བ་དང་།བདག་གིས་བྱེད་པ་དག་གཞན་ལ་བཅོལ་བ་དང་།གཉི་གས ་སྦྱོར་པའོ། །ཡོངས་སུ་སྨིན་པར་བྱེད་པའི་གང་ཟག་ནི་ས་དྲུག་ལ་གནས་བའི་བྱང་ཆུབ་སེམས་དཔའ་རྣམས་ཏེ་།མོས་པས་སྤྱོད་པའི་ས་ལ་གནས་?་བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་བ་དང། ཐོག་པའི་བསམ་པ་དག་པའི་ས་ལ་གནས ་པའི་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་དག་བ་དང། སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་སྤྱོད་པ་ལ་ཞུགས་པ་དང། ངེས་པའི་བྱང་ཆུབ་སེམས་དཔའ་ངེས་པར་གྱུར་པ་དང་།ངེས་པར་སྤྱོད་བ་སྒྲུབ་བའི་ས་ལ་གནས་པའི ་བྱང་ཆུབ་སེམས་དཔའ་ངེས་པར་སྤྱོད་བ་ལ་ཞུགས་བ་དང། མཐར་ཐུག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་མཐར་ཐུགས་བར་གྱུར་པའོ།། ཡོངས་སུ་སྨིན་པའི་གང་ཟག་གི་མཚན་ཉིད་ནི་ཐེག་པ་གསུམ་གྱིས་ཡོངས་སུ་སྨིན་པར ་བྱས་བའི་གང་ཟག་རྣམས་ཀྱི་ཡོངས་སུ་སྨིན་བ་ཆུང་ངུ་དང། འབྲིང་དང་།ཆེན་པོའི་མཚན་ཉིད་དེ། དེ་ལ་ཉན་ཐོས་ནི་སྔོན་དགེ་བ་ལ་གོམ་པས་གང་གི་ཚེ་ཡོངས་སུ་སྨིན་བ་ཆུང་ངུ་ལ་གནས་པའི་ཚེ་ན་ནི་འདུན་བ་ཆུང་བ་དང། སྦྱོར་བ་ཆུང་བ ་བ་ཡིན་ཏེ། ངན་སོང་རྣམས་སུ་འགྲོ་ལ་ཚེ་དེ་ཉིད་ལ་དགེ་སྦྱོང་གི་འབྲས་བུ་ཡང་མི་འཐོབ་ཅིང་ཆེ་དེ་ཉིད་ལ་མྱ་ངན་ལས་འདས་པ་ཡང་མི་ཐོབ་བོ། །གང་གི་ཚེ་ཡོངས་སུ་སྨིན་བ་འབྲིང་ལ་གནས་བའི་ཚེ་ན་ནི་འདུན ་བ་དང་འབྲིང་དང་།སྦྱོང་བ་འབྲིང་ཡིན་ཏེ། ངན་སོང་རྣམས་སུ་ཡང་མི་འགྲོ་ལ་ཚེ་དེ་ཉིད་ལ་དགེ་སྦྱོང་གི་འབྲས་བུ་ནི་འཐོབ་ཀྱི་མྱ་ངན་ལས་འདས་པ་ནི་མི་ཐོབ་བོ། །གང་གི་ཚེ་ཡོངས་སུ་སྨིན་པ་ཆེན་པོ་ལ་གནས་པའི་ཆེ་ན་ནི་བདུན་པ་ཚེ་བ་དང་།སྦྱོར? ་བ་ཆེ་བ་ཡིན་ཏེ། ངན་སོང་རྣམས་སུ་ཡང་མི་འགྲོ་ལ་ཚེ?་འདི་ཉིད་ལ་དགེ་སྦྱོང་གི་འབྲས་བུ་ཡང་ཐོབ་མྱ་ངན་ལས་འདས་པ་ཡང་ཐོབ་བོ། །རང་སངས་རྒྱས་ཀྱི་ཐེག་པས་ཡོངས་སུ་སྨིན་པའི་མཚན་ཉིད་ནི་ཉན་ཐོས་དང་འདྲ་བར་རིག་པར་བྱའོ། །ཐེག་ལ ་ཆེན་པོས་ཡོངས་སུ་སྨིན་བའི་མཚན་ཉིད་ནི་མོས་པས་སྤྱོད་བའི་ས་ལ་གནས་བ་ནི་ཡོངས་སུ་སྨིན་པའི་ཆུང་ངུ་ཡིན་ཏེ་འདུན་པ་ཆུང་བ་དང་སྦྱོར་བ་ཆུང་བས་ངན་སོང་རྣམས་སུ་ཡང་འགྲོ་བ་བསྐལ་པ་གྲངས་མེད་པའི་དང་པོར་གཏོགས་པ་པའི? ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་སྦྱངས་པ་དང། མི་གཡོ་བ་དང། ཤིན་ཏུ་རྣམ་པར་དག་པ་ཐམས་ཅད་དང་མི་ལྡན་པ་ཡིན་ནོ།། ལྷག་པའི་བསམ་པ་དག་པའི་ས་ལ་གནས་པ་ནི་ཡོངས་སུ་སྨིན་པ་འབྲང་ཡིན་ཏེ། བདུན་པ་ལས་དང ་སྤྱོད་བ་འབྲིང་ཡིན་པས་ངན་སོང་རྣམས་སུ་མི་འགྲོ་ལ་བསྐལ་པ་གྲངས་མེད་པའི་གཉིས་པར་གཏོགས་བ་ཡིན་ཏེ། དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་སྦྱངས་པ་དང། མི་གཡོ་བ་དང་ནི་ལྡན་ལ་ཤིན་ཏུ་རྣལ་བར་དག་པ་དང ་མི་ལྡན་པ་ཡིན་ནོ། །ངེས་པ་དང་མཐར་ཐུག་པར་གྱུར་པ་ནི་ཡོངས་སུ་སྨིན་པ་ཆེན་པོ་ཡིན་ཏེ། འདུན་པ་དང་སྦྱར་བ་ཚེ་བས་ངན་སོང་རྣམས་སུ་ཡང་མི་འགྲོ་ལ་སྐལ་པ་འཇམ་མེད་པ་གསུམ་པར་གཏོགས་པ་ཡིན་ཏེ། དགེ་བའི་ཆོས་བྱང་ཆུབ ་ཀྱི་ཕྱོགས་དང་མཐུན་པ་དང་སྦྱངས་པ་དང། མི་གཡོ་བ་དང་ཤིན་ཏུ་རྣམ་པར་དག་པ་ཐམས་ཅད་དང་ལྡན་པ་དང་ངོ། །དེ་ལ་སྦྱངས་པ་ཞེས་བྱ་བ་ནི་ས་སོར་རྟགས་ཤིང་བྱེད་པ་རང་བཞིན་གྱིས་བརླིང་བ་དང། གསལ་བ་དང་འབྲས་བུ་ཆེ་བ་དང་།ཕན་ཡོན་ཆེ་བའོ། །མི་གཡོ་བ ་ཞེས་བྱ་བ་ནི་དགེ་བའི་རྩ་བ་ཇི་ལྟར་ཐོས་པ་རྣམས་དང་།ཇི་ལྟར་བསགས་པ་དེ་དག་ལས་ཕྱིར་མི་ལྡོག་པ་དང་ཡོངས་སུ་མི་ཉམས་པ་དང་ཁྱད་པར་དུ་འགྲོ་བའོ།། ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་ས་ལ་དེ་དག་ལས་ཚེས ་ཡོངས་སུ་དག་པ་གང་ན་མེད་པའོ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དེ་ཡང་ས་དང་པོ་ལ་སྐད་ཅིག་གཅིག་ལ་སེམས་ཅན་བརྒྱ་ཡོངས་སུ་སྨིན་བར་བྱེད་དོ་ཞེས་བསྟན་པ་སངས་རྒྱས་ཀྱི་སའི་བར་དུ་གང་ནས་གོང་དུ་ཆེས་ཤིན་ཏུ་རྣམ་བར་དག་པ ་ཡིན་ནོ།། སྐྱེ་བ་རྣམ་པར་དག་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་བ་རྣམ་པ་བཞི་སྟེ། ལས་ཀྱི་དབང་གིས་སྐྱེ་བ་དང། སྨོན་ལམ་གྱི་དབང་གིས་སྐྱེ་བ་དང། ཏིང་ངེ་འཛིན་གྱི་དབང་གིས་སྐྱེ་བ་དང། འབྱོར་པའི་དབང་གིས་སྐྱེ་བའོ། །དེ་ལ་ལས་ཀྱི ་དབང་གིས་སྐྱེ་བ་ནི་མོས་པས་སྤྱོད་པའི་ས་ལ་གནས་བ་རྣམ་ལས་ཀྱི་དབང་གིས་འདོད་པའི་ཁམས་སུ་སྐྱེ་བའོ། །སྨོན་ལམ་གྱི་དབང་གིས་སྐྱེ་བ་ནི་སར་ཆུང་པ་རྣམས་སྨོན་ལམ་གྱི་དབང་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དུད་འགྲོ་ལ ་སོགས་པའི་གནས་ངན་པར་སྐྱེ་བའོ། །ཏིང་ངེ་འཛིན་གྱི་དབང་གིས་ཡོངས་སུ་སྐྱེ་བ་ནི་བསམ་གཏན་ཐོབ་པ་རྣམས་བསམ་གཏན་རྣམ་བར་བཟློག་ནས་འདོད་པའི་ཁམས་སུ་སྐྱེ་བའོ།། འབྱོར་པའི་དབང་གིས་སྐྱེ་བ་ནི་སྤྲུལ་པ་རྣམས་ཀྱིས་དགའ་ ་ལྡན་གྱི་གནས་ལ་སོགས་པར་སྐྱེ་བའོ། །ལྷོག་པའི་བསམ་པ་དག་པའི་སར་ཆད་པ་ཡན་ཆད་སྐྱེ་བདེ་དག་གང་གིས་གང་སྐྱེ་ཡང་རུང་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་བ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་པའི་ཕྱིར་ཁོ་ནས་ཐོབ་མེད་པ་ཐམས་ཅད་ནི ་མདོར་བསྡུ་ན་རྣམ་པ་ལྔ་སྟེ། གནོད་པ་ཡང་དག་པར་ཞི་བར་བྱེད་པའི་སྐྱེ་བ་དང། དེ་དང་སྐལ་བ་མཉམ་པར་མཐུན་པར་འཇུག་བའི་སྐྱེ་བ་དང་ཆེན་བོར་སྐྱེ་བ་དང་།བདག་པོར་སྐྱེ་བ་དང། ཐ་མའི་སྐྱེ་བའོ། །དེ་ལ་གནོད ་བ་ཡང་དག་པར་ཞི་བར་བྱེད་པའི་སྐྱེ་བ་ནི་མུ་གེ་ལས་གྱུར་པའི་གནོད་པ་ཡང་དག་པར་ཞི་བར་བྱེད་པའི་སྐྱེ་བ་དང། ཁམས་མ་སྙོམས་པ་ལས་གྱུར་པའི་གནོད་པ་ཡང་དག་པར་ཞི་བར་བྱེད་པའི་སྐྱེ་བ་དང་།གཞན་གྱིས་སྤྲུལ་བ་ལས་གྱུར ་བའི་གནོད་བ་ཡང་དག་པར་ཞི་བར་བྱེད་པའི་སྐྱེ་བ་དང། ལོག་པར་ལྟ་བས་སྒྲུབས་པ་ལས་གྱུར་པའི་གནོད་པ་ཡང་དག་པར་ཞི་བར་བྱེད་པའི་སྐྱེ་བའོ། །དེ་ལ་མུ་གེ་ལས་གྱུར་པའི་གནོད་པ་ཡང་དག་པར་ཞི་བར་བྱེད་པའི་སྐྱེ་བ་ནི ་བྱང་ཆུབ་སེམས་དཔའ་འཇིག་རྟེན་དུ་མུ་གེའི་ཕོངས་ཤིན་གནོད་པ་ཆེན་པོ་འབྱུང་བའི་དུས་དག་ཏུ་སྨོན་ལམ་བཏབ་ནས་སེམས་ཅན་རྣམས་ཚིགས་ཆུང་ངུས་འཚོ་བར་འགྱུར་བའི་རྒྱུད་བདག་ཉིད་ཉ་ཆེན་པོ་ལ་སོགས་བའི ་སྐྱེ་གནས་རྣམས་སུ་སྐྱེ་བར་བྱེད་ཅིང། འགྲེ་བ་མཛའ་དག་རང་གི་ཤེས་ཚིམ་པར་བྱེད་པའོ། །ཁམས་མ་སྙོམས་བ་ལས་གྱུར་པའི་གནོད་བ་ཡང་དག་པར་ཞི་བར་བྱེད་པ་ནི་འཇིག་རྟེན་དུ་སེམས་ཅན་རྣམས་ལ་ཁམས་མ་སྙོམས ་པའི་ནང་མང་པོ་བྱུང་བོའི་དུས་དག་དུ་ནད་བདེ་དག་རབ་ཏུ་ཞི་བར་བྱེད་པའི་སྨོན་ལམ་བཏབ་ནས་བདག་ཉིད་རིག་སྔགས་འཆད་གྲུབ་བའི་སྨན་པ་ཆེན་པོའི་ལུས་ཡོངས་སུ་འཛིན་ཅིང་སེམས་ཅན་རྣམས་ཀྱི་ནད་རབ་ཏུ་ཞི་བར་བྱེད ་བའོ།། གཞན་གྱིས་སྤྲུལ་པ་ལས་གྱུར་པའི་གནོད་པ་ཡང་དག་པར་ཞི་བར་བྱེད་པའི་སྐྱེ་བ་ནི་ཕ་རོལ་གྱི་དམག་ཚོགས་ལས་གྱུར་པའི་གནོད་པ་ཡང་དག་པར་ཞི་བར་བྱེད་པའི་སྐྱེ་བ་ཕ་རོལ་གྱི་དམག་ཚོགས་ཀྱིས ་ཤིན་ཏུ་གནོད་བར་གྱུར་བའི་སེམས་ཅན་རྣམས་ལ་ཆོས་བཞིན་དུ་སྙོམས་བར་ཐབས་མཁས་པས་ཕ་རོལ་ཀྱི་དམག་ཚོགས་ཀྱི་གནོད་པ་རབ་ཏུ་ཞི་བར་བྱ་བའི་ཕྱིར་བདག་ཉིད་སྟོབས་དང་ལྡན་པའི་རྒྱལ་པོར་སྐྱེ་བ་ཡོངས་སུ་འཛིན་ཅིང་དེ་དག་གི་གནོད་པ་རབ་ཏུ་ཞི ་བར་བྱ་བ་དང་།ཕན་ཚུན་མི་མཐུན་པ་ལས་གྱུར་པའི་གནོད་པ་ཡང་དག་པར་ཞི་བར་བྱེད་པའི་སྐྱེ་བ་སེམས་ཅན་ཞེས་འགྲེས་པ་ཕན་ཚུན་མི་མཐུན་པ་རྣམས་ལ་བསྡུམས་བྱ་བ་དང་།ཁོན་གྱི་བསམ་པ་སྤང་པའི་ཕྱིར་བདག་ཉིད་ཚིག་བརྩན་པ་དང་ལྡན ་པའི་གཙོ་བོར་སྐྱེ་བ་ཡོངས་སུ་འཛིན་ཅིང་དེ་དག་གནོད་པ་རབ་ཏུ་ཞི་བར་བྱེད་པ་དང། རྒྱལ་པོ་ཆོས་བཞིན་མི་བྱེད་པ་ལས་གྱུར་པའི་གནོད་པ་ཡང་དག་པར་ཞི་བར་བྱེད་བའི་སྐྱེ་བ་རྒྱལ་པོ་?་ངེས་རྣམས་ལ་འཇོམས་མི་རིགས་བའི་ཆད་པ་དང། ་འཆིད་བ་དང། གནོད་བ་སྣ་ཚོགས་བྱེད་པ་ལ་ཞུགས་པ་དག་ལ་སེམས་ཅན་གྱི་གནོད་བ་དེ་དག་ཉིད་བསལ་བའི་ཕྱིར་བདག་ཉིད་དེ་ལྟ་བུ་རྒྱལ་པོའི་ཕོ་བྲང་དུ་རྒྱལ་པོ་ཆོས་དང་ལྡན་པའི་སེམས་ཅན་ལ་སྙིང་བརྩེ་བ་ཅན་དུ་སྐྱེ་བ་ཡོངས་སུ་འཛིན ་ཅིང་དེ་དག་གི་གནོད་བ་རབ་ཏུ་ཞི་བར་བྱེད་པའོ།། ལོག་པར་ལྟ་བ་སྒྲུབ་པ་ལས་གྱུར་པའི་གནོད་པ་ཡང་དག་པར་ཞི་བར་བྱེད་པའི་སྐྱེ་བ་ནི་སེམས་ཅན་གང་དག་ལྷའི་གནས་འགའ་ཞིག་ལ་མོས་ནས་ལོག་པར་ལྷ་ཞིང་སྡིག་པ་བྱེད་པ་དེ་དག་ལ ་སྙིང་བརྩེ་བས་ལོག་པར་ལྟ་བ་དང་སྡིག་པ་བྱེད་པ་དེ་སྤང་བའི་ཕྱིར་བདག་ཉིད་ལྷའི་གནས་དེ་དག་དུ་སྐྱེ་ཞིང་དེ་དག་གི་གནོད་པ་ཡང་དག་པར་ཞི་བར་བྱེད་པའོ།། དེ་དང་སྐལ་བ་མཉམ་པར་མཐུན་པར་འཇུག་པའི་སྐྱེ་བ་ནི་སྨོན་ལམ ་གྱིས་སམ་དབང་ཐོབ་པས་སེམས་ཅན་དུད་འགྲོའི་སྐྱེ་གནས་རྣམ་པ་སྣ་ཚོགས་སུ་སྐྱེས་པ་རྣམས་དང། ལྟ་དང་ཀླུ་དང་གནོད་སྦྱིན་དང་ལྷ་མ་ཡིན་ལ་སོགས་པ་གཅིག་ལ་གཅིག་འཁུ་ཞིང་མི་མཐུན་པ་རྣམས་དང། བྲམ་ཟེ་ལོག་པར་ལྟ ་བ་རྣམས་དང་ཉེས་བར་སྤྱད་པ་སྤྱོད་ཅིང་དེས་ཚོལ་དེར་མངོན་པར་དགའ་བ་རྣམས་དང་།འདོད་པ་རྣམས་ལ་ཧ་ཅང་ལྷག་པར་ཞེན་པ་འདོད་པ་ལ་མོས་པ་རྣམས་ལ་ཉེས་པ་དེ་བཟློག་བའི་ཕྱིར་སེམས་ཅན་དེ་དག་དང ་སྐལ་བ་མཉམ་བར་གཙོ་བོར་སྐྱེ་ཞིང་སེམས་ཅན་དེ་དག་དག་བ་གང་ཀུན་ཏུ་མི་སྤྱོད་པ་དེ་ནི་ཀུན་ཏུ་སྤྱོད་ཅིང་དེ་དག་ལ་ཆོས་སྟོན་ཏེ་།ཆོས་བསྟན་པ་དེ་དང་མི་མཐུན་པར་ཀུན་ཏུ་སྤྱོད་པ་དེ་དག་ཐབས་མཁས་པ་དེས་དེ་དག་ཉེས་པ་དེ་དག ་ལས་ཟློག་པར་བྱེད་པ་ཡིན་ནོ། །ཆེན་པོར་སྐྱེ་བ་ནི་བྱང་ཆུབ་སེམས་དཔའ་སྐྱེ་བ་རང་བཞིན་གྱི་འཇིག་རྟེན་ཐམས་ཅད་ལས་ཁྱད་བར་དུ་འཕགས་པའི་ཆོས་ཁ་དོག་དང། རིགས་དང་དབང་ཕྱུག་ལ་སོགས་པའི་རྣམ་པར་སྨིན་པ ་མངོན་པར་འགྲུབ་བར་འགྱུར་ཞིང་རྣམས་བར་སྨིན་བ་དེས་ཀྱང་བདག་དང་གཞན་གྱི་དོན་རྣམ་པ་ཐམས་ཅད་བྱེད་པའོ། །བདག་པོར་སྐྱེ་བ་ནི་བྱང་ཆུབ་སེམས་དཔའ་ཨི་རབ་ཏུ་དགའ་བ་ལ་གནས་པ་དང་པོ་ནས་བཟུང་སྟེ། གནས་པ ་བཅུ་པའི་བར་དག་གི་སྐྱེ་བ་བརྗོད་པ་འཛམ་བུའི་གླིང་གི་དབང་ཕྱུག་ནས་བཟུང་སྟེ། འོག་མིན་ལས་འདས་ནས་སྐྱེ་བའི་གནས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་གང་དུ་གནས་པར་མཆོག་ཐོབ་པ་ཁོ་ནའི་བྱང་ཆུབ ་སེམས་དཔའ་རྣམས་སྐྱེ་བར་གྱུར་པ་དབང་ཕྱུག་ཆེན་པོའི་བར་དེའི་བདག་བོར་སྐྱེ་བ་ཞེས་བྱ་སྟེ། དེ་ནི་དེ་དག་གི་ལས་ཀྱི་དབང་གིས་འགྲུབ་པ་ཡིན་ནོ། །ཐ་མའི་སྐྱེ་བ་ནི་སྐྱེ་བ་གང་དུ་བྱང་ཆུབ་སེམས་དཔའ་ཨི་བྱང་ཆུབ་ཀྱི་ཚོགS ་ཡོངས་སུ་རྫོགས་ནས་མདུན་ན་འདོན་གྱི་ཁྱིམ་མམ་རྒྱལ་བོའི་ཕོ་བྲང་དུ་སྐྱེས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་མཛོད་པ་སྟེ། ་སྐྱེ་བ་དེ་ལས་གཞན་མེད་པས་ཐ་མའི་སྐྱེ་བ་ཞེས་བྱའོ། །སྐྱེ་བ་ལྔ་པོ་དེ་དག་གི་མདོར་བསྡུས་ན་དང་པོ་གསུམ་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་མངོན་པར་སྒྲུབ་པ་སྟེ། དེ་ཡང་དགོས་པ་གསུམ་གྱི་དབང་དུ་བྱས་པ་ཡིན་ཏེ། ཡིད་དུ་མི་འོང་བའི ་འབྲས་བུ་ལས་ཟློག་པ་དང། ཡིད་དུ་མི་འོང་བའི་འབྲས་བུའི་རྒྱུ་ལས་ཟློག་བ་དང། ཡིད་དུ་འོད་བའི་འབྲས་བུའི་རྒྱུ་ལ་འཛུད་པའི་སྐྱེ་བ་སྟེ་གོ་རིམ་བཞིན་ནོ། །བཞི་པ་ནི་བདག་གིས་དོན་ཕུན་སུམ་ཚོགས་པ་མངོན་པར་སྒྲུབ་བ་སྟེ། བདག་ཉིད་རྣམ ་པར་སྨིན་པ་ཡོངས་སུ་འཛིན་པ་འབྲས་བུའི་ལེགས་བའི་ཁྱད་པར་ལ་གནས་པའི་ཕྱིར་རོ།། ལྔ་པ་ནི་བདག་དང་གཞན་གཉི་གའི་དོན་ཕུན་སུམ་ཚོགས་པ་མངོན་པར་སྒྲུབ་པ་སྟེ། བདག་ཉིད་མངོན་པར་རྫོགས་པར་སངས་རྒྱས་བ་དང་།མཛད ་པས་གཞན་ལ་ཕན་འདོགས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའི་དུས་དག་ཏུ་དགེ་བ་དང་བཟང་བ་དང་ཤིས་པའི་སྐྱེ་བ་རྣམས་སུ་སྐྱེས་པ་དང། སྐྱེ་བར་འགྱུར་བ་དང། སྐྱེ་བ་གང་དུ་ཡང་རུང་བ ་དེ་དག་ཐམས་ཅད་དང་སྐྱེ་བ་ལྔ་པ་འདི་དག་ཏུ་སྐྱེ་བར་ཟད་དེ་སྐྱེ་བ་དེ་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །སྐྱེ་བ་རྣམ་པར་དག་པ་དེ་ཡང་ས་དང་པོ་ནས་སངས ་རྒྱས་ཀྱི་ས་དེ་མ་གཏོགས་པ་བཅུ་བའི་བར་དུ་གོང་ནས་གོང་དུ་ཆེས་ཤིན་ཏུ་རྣམ་པར་དག་པ་ཡིན་ནོ། །མཐུ་རྣམ་པར་དག་བ་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་ཆེན་པོ་རྣམ་པ་ལྔ་སྟེ། མངོན ་པར་ཤེས་བའི་མཐུ་དང། ཆོས་ཀྱི་མཐུ་དང། ལྷན་ཅིག་སྐྱེས་པའི་མཐུ་དང། ཐུན་མོང་གི་མཐུ་དང། ཐུན་མོང་མ་ཡིན་བའི་མཐུའོ། །དེ་དག་གི་རབ་ཏུ་དབྱེ་བ་ནི་སྔར་འཕགས་པ་བྱས་པའི་ལེའུར་བསྟན་པ་ཡིན་ནོ། །དེ་ཡང་ས་དང ་པོ་ནས་སངས་རྒྱས་ཀྱི་སའི་བར་དུ་གོང་ནས་གོང་དུ་ཆེས་ཤིན་ཏུ་རྣམ་པར་དག་པ་ཡིན་ནོ། །སངས་རྒྱས་ཀྱིས་ལ་སྐྱེ་བ་རྣམ་པར་དག་པ་མ་གཏོགས་པ་ཞེས་བྱ་བ་ནི་སངས་རྒྱས་སུ་གྲུབ་ནས་སྐྱེ་བ་ལེན་པ་མེད་པའི་ཕྱིར་རོ། །དེའི་ཡོན་ཏན་དང ་ཡང་མཉམ་ལ་ཞེས་བྱ་བ་ནི་ས་འོག་མ་རྣམས་ཀྱི་ཡོན་ཏན་ཡང་དོན་ཡོད་པས་དེ་དང་མཉམ་པའོ། །གཉེན་པོའི་རབ་ཏུ་དབྱེ་བའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ། །དེའི་འོག་ཏུ་བདག་དང་གཞན་གྱི་རྒྱུད་ཡོངས་སུ་སྨིན་པའི་གནས་ལ་མཁས ་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། བདག་དང་གཞན་གྱི་རྒྱུད་ཡོངས་སུ་སྨིན་པའི་གནས་ལ་མཁས་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་དགེ་བའི་རྩ་བ་ཤིན་ཏུ་རྣམ་བར་དག་བ་ཡང་དག་བར་གྲུབ་པས་སོ་སོར་བརྟགས་ཏེ་སྐྱེ་པ་ལེན་པ་དང། ་འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་སྙིང་རྗེ་དང་ལྡན་པས་བདག་ཉིད་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་ཏེ། ཉིད་དང་གཞན་གྱི་ཀུན་ནས་ཉོན་མོངས་པ་རྣམ་པར་བཟློག་པར་བྱེད་པ་དེ་ཉིད་ཀྱིས་སྲིད་པར་སྐྱེ་བ་ནི་བདག་དང་གཞན་གྱིས་རྒྱུད ་ཡོངས་སུ་སྨིན་པའི་གནས་ཡིན་ཏེ། དེ་ལ་མཁས་པར་བྱ་བའི་དོན་འདིར་བསྟན་པ་ཡིན་ནོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛོད་ནས། བཅོམ་ལྡན་འདས་ཅིའི་སླད་དུ་སྲིད་པར་སྐྱེ་བ་ཐམས་ཅད་ཀྱི་ནང་ན་བྱང་ཆུབ་སེམས་དཔའ་ཨི་སྐྱེ་བ་རབ་མཆོག ་ཅེས་བགྱི་ལགས་ཞེས་བྱ་བ་ཞེས་ཏེ། སྲིད་པར་སྐྱེ་བ་མངལ་དུ་འཇུག་ན་ཡང་སོ་སོའི་སྐྱེ་བོ་ཕལ་པ་ནི་མི་ཤེས་པར་འཇུག་ཅིང་གནས་ཏེ། འཁོར་ལོས་སྒྱུར་བ་ནི་ཤེས་བཞིན་དུ་འཇུག་པས་མི་ཤེས་པར་གནས་ཤིང་འབྱུང། ཉན་ཐོས་དང ་དང་སངས་རྒྱས་ནི་ཤེས་བཞིན་དུ་འཇུག་ཅིང་གནས་པར་མི་ཤེས་བར་འབྱུང་གི། བྱང་ཆུབ་སེམས་དཔའ་ནི་ཤེས་བཞིན་དུ་འཇུག་ཅིང་གནས་ཏེ་འབྱུང་བ་དང། སྐྱེ་གནས་དང། ཁམས་དང། འགྲོ་བ་གང་དུ་སྐྱེས་ཀྱང་བྱང་ཆུབ་སེམས ་དཔའ་ཨི་ཆེན་པོའི་སྐྱེ་པ་རང་བཞིན་གྱིས་འཇིག་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ཚེ་དང། ཁ་དོག་དང་།རིགས་དང། དབང་ཕྱུག་ལ་སོགས་པའི་རྣམ་པར་སྨིན་པ་དེས་ཀྱང་འགྲུབ་པར་འགྱུར་ཞིང། རྣམ་པར་སྨིན་པ་དེས་ཀྱང་བདག་དང་གཞན་གྱི་རྒྱུས ་ཡོངས་སུ་སྨིན་པར་བྱེད་པ་དེ་ཅིའི་ཕྱིར་ཞེས་ཞུས་པ་ཡིན་ནོ། །རྣམ་པ་བཞིའི་ཕྱིར་ཏེ་ཞེས་བྱ་བ་ལ། རྒྱུ་རྣམ་པ་བཞི་འོག་ནས་འབྱུང་བ་དང་པོ་གཉིས་ཀྱང་རྒྱུ་དང་འབྲས་བུ་འོག་མ་གཉིས་ཀྱང་རྒྱུ་དང་འབྲས་བུར་འབྲལ་བར་སྲིད་བས་སྐྱེ་བ་ལེན་བས་ན ་བྱང་ཆུབ་སེམས་དཔའ་ཨི་སྐྱེ་བ་བདག་དང་གཞན་གྱི་རྒྱུད་ཡོངས་སུ་སྨིན་པར་བྱེད་པའི་གནས་ཡིན་པའི་ཕྱིར་སྲིད་པར་སྐྱེ་བ་ཐམས་ཅད་ཀྱི་ནང་ན་རབ་མཆོག་ཅེས་བྱ་བར་སྟོན་ཏོ། །དགེ་བའི་རྩ་བ་ཤིན་ཏུ་རྣམ་པར་དག་པ་ཡང་དག་པར་འགྲུབ་པ་ཉིད་ཀྱི་ཕྱིར་ཞེས ་བྱ་བ་ནི་འོག་ནས་སོ་སོར་བརྟགས་ཏེ་ལེན་པ་ཉིད་ཀྱི་ཕྱིར་ཞེས་འབྱུང་བའི་རྒྱུ་ཡིན་ཏེ་།དེ་ལ་དགེ་བའི་རྩ་བ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་དགེ་བའི་རྩ་བ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ཐམས་ཅད་དོ། །ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བ་ནི་ཀུན ་ཏུ་སྤྱོད་པ་དང། ཡུལ་དུ་བྱུང་བ་དང། རྣམ་པར་དག་བས་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་སྟེ། དེ་ལ་ཀུན་ཏུ་སྤྱོད་པ་ཞེས་བྱ་བ་ནི་རྒྱུ་གསུམ་གྱིས་ཏེ། ལུས་དང་ངག་དང་ཡིད་ཀྱིས་སོ།། ཕུལ་དུ་བྱུང་བ་ནི་རྒྱུ་གཉིས་ཏེ། རྒྱ་ཆེ་བ་དང་ཀུན་ནས་ཉོན་མོངས ་པ་ཅན་མ་ཡིན་པས་སོ། །དེ་ལ་རྒྱ་ཆེ་བ་ནི་སེམས་ཅན་ལ་དབྱེ་བ་མེད་པ་དང། དངོས་པོ་ལ་དབྱེ་བ་མེད་པ་དང། དུས་ལ་དབྱེ་བ་མེད་པ་སྟེ། སེམས་ཅན?་ལ་དབྱེ་བ་མེད་པ་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་བརྟེན་ཏེ་བརྩམ ་ནས་སྦྱིན་པ་ལ་སོགས་པ་དགེ་བའི་རྩ་བ་དེ་དག་ཀུན་ཏུ་སྤྱོད་པ་བྱེད་ཀྱི་དེ་དག་འབའ་ཞིག་ཁོ་ནའི་ཕྱིར་མ་ཡིན་པའོ།། དངོས་པོ་ལ་དབྱེ་བ་མེད་པ་?་ནི་སྦྱིན་པ་ལ་སོགས་པ་དགེ་བའི་རྩ་བ་དེ་དག་ཐམས་ཅད་དང་རྣམ་པ་ཐམས་ཅད་ཡང་དག་ ་བར་བླངས་ཏེ་ཀུན་ཏུ་སྤྱོད་བའོ། །དུས་ལ་དབྱེ་བ་མེད་པ་ནི་ཚེ་འདི་ལ་མཚན་མོ་དང་ཉིན་མོ་རྟག་ཏུ་རྒྱུན་མི་འཆད་པར་སྦྱོར་བ་མི་གཏོང་ཞིང། བརྩོན་པ་མི་འདོར་བ་དང། རྒྱུ་དེ་ཉིད་ཀྱི་ཚེ་རབས་ཐམས་ཅད་དུ་ཡང་དག་བའི་རྩ ་བ་དེ་དག་ཀུན་ཏུ་སྤྱོད་པར་བྱེད་བའོ། །ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་བའི་མཆོག་ཏུ་དགའ་བ་དང། མི་མཐུན་བ་མེད་པ་དང་།གུས་པ་དང་མི་བརྟེན་པ་སྟེ། མཆོག་ཏུ་དགའ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དགའ་བ་དང། སྡུག ་བསྔལ་བ་མེད་པ་དང། ཡིད་མི་བདེ་བ་མེད་པས་དགེ་བའི་རྩ་བ་དེ་དག་ལ་བརྟེན་པར་བྱེད་ཅིང་གཞི་དེས་འགྱོད་བར་ཡང་མི་བྱེད་པའོ། །མི་མཐུན་བ་མེད་པའི་གཞན་ལ་གནོད་པ་མེད་པ་དང། ལྟ་བར་གྱུར་བ་རྣམས་ལ་མངོན་པར་ཞེ་ན ་པས?་མེད་པར་དགེ་བའི་རྩ་བ་དེ་དག་ཀུན་ཏུ་སྤྱོད་པའོ། །གུས་པས་ནི་གུས་པ་དང་སྙིང་ཐག་གནས་དེ་དག་ཉིད་ལ་ཡོན་ཏན་དང་སྙིང་པོར་ལྟ་ལ་ཤིན་ཏུ་ངེས་པ་དང། གཞན་གྱི་དྲིང་མི་འཇོག་པ་དང་གཞན་གྱིས་མི་བཀྲི་བར་དགེ་བའི་རྩ་བ་དེ ་དག་ཡང་དག་བར་བླངས་ཏེ་ཀུན་ཏུ་སྦྱོང་བའོ། །མི་རྟེན་པའི་དགེ་བའི་རྩ་བ་དེ་དག་གི་རྣམ་པར་སྨིན་པ་འཁོར་ལོས་སྒྱུར་བ་ཉིད་དམ། བརྒྱ་བྱིན་ཉིད་དམ། བདུད་ཉིད་དམ། ཚངས་པ་ཉིད་དུ་རེ་བ་མེད་པ་དང། གཞན་ལས་ལན་དུ་ཕན་འདོགས་པ་དང། ་རྙེད་པ་དད་བཀུར་སྟི་དང་ཚིགས་སུ་བཅད་པ་ལ་བརྟེན་པ་མེད་པའོ། །དེ་ལ་རྣམ་པར་དག་པ་ནི་རྒྱུ་གསུམ་གྱིས་ཏེ། སྦྱངས་བ་དང། མི་གཡོ་བ་དང། ཤིན་ཏུ་རྣམ་པར་དག་པས་སོ། །དེ་ལ་སྦྱངས་པ་དང་མི་གཡོ་བ་ནི་ལྷག་པའི་བསམ་བདག ་པའི་ས་ལ་ཞུགས་པའི་དགེ་བའི་རྩ་བ་སྟེ། སྦྱངས་བ་ཞེས་བྱ་བ་ནི་སོ་སོར་བརྟགས་ཤིང་བྱེད་པ་རང་བཞིན་གྱི་བརླིང་བ་དང། བསལ་བ་དང། འབྲས་བུ་ཆེ་བ་དང། ཕན་ཡོན་ཆེ་བའོ། །མི་གཡོ་བ་ཞེས་བྱ་བ་ནི་དགེ་བའི་རྩ་བ་ཇི་ལྟར ་ཐོབ་པ་རྣམས་དང། ཇི་ལྟར་བསགས་པ་དེ་དག་ལས་ཕྱིར་མི་ལྡོག་པ་དང། ཡོངས་སུ་མི་ཉམས་པ་དང། ཁྱད་པར་འགྲོ་བའོ།། ཤིན་ཏུ་རྣམ་པར་དག་བ་ནི་དེས་པའི་དང་མཐར་ཐུག་པར་གྱུར་བའི་དགེ་བའི་རྩ་བ་སྟེ། བྱང་ཆུབ་སེམས་དཔའ་ཨི་ས་ལ་དེ་དག་ལས ་ཆོས་ཡོངས་སུ་དག་པ་གོང་ན་མེད་པའོ། །དེ་ལྟར་དགེ་བའི་རྩ་བ་རྒྱུ་གསུམ་གྱིས་ཀུན་ཏུ་སྤྱོད་པ་དང། རྒྱུ་གཉིས་ཀྱིས་ཕུལ་དུ་བྱུང་བ་དང། རྒྱུ་གསུམ་གྱིས་རྣམ་པར་དག་པ་ནི་ཤིན་ཏུ་རྣམ་པར་དག་པ་ཞེས་བྱའོ།། ཡང་དག་པར་གྲུབ་པ་ཉིད་ཀྱི་ཕྱིན? ་ཞེས་བྱ་བ་ནི་དགེ་བའི་རྩ་བ་ཤིན་ཏུ་རྣམ་པར་དག་པ་དེ་ཡང་དག་པར་འགྲུབ་པ་ནི་བྱང་ཆུབ་སེམས་དཔའ་ཨི་རང་རིགས་དང། དང་པོ་སེམས་བསྐྱེད་པ་དང། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་སྦྱོར་བའི་རིམ་གྱི་ཡང་དག་པར་འགྲུབ་སྟེ་།ཇི་ལྟར་བྱེད ་ཆུབ་སེམས་དཔའ་ནི་རང་གི་རིགས་ལ་བསྟེན་ཅིང་གནས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་སྐལ་བ་ཅན་དུ་འགྱུར་ཞིང་མཐུ་ཡོད་པར་འགྱུར་ལས། རང་གི་རིགས་ནི་སྐལ་བ་དང ་ལྡན་པའི་གཞི་ཡིན་ལ། དང་པོ་སེམས་བསྐྱེད་པ་ལ་བརྟེན་ཅིང་གནས་ནས་སྦྱིན་བ་ལ་སོགས་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ལ་སྦྱོར་བར་བྱེད་བས་དང་པོ་སེམས་བསྐྱེད་པ་ནི ་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་སྦྱོར་བའི་གཞི་ཡིན། བྱང་ཆུབ་སེམས་དཔའ་ཨི་སྦྱོང་བ་ལ་སྦྱོར་བ་དེ་ཉིད་ལ་བརྟེན་ཅིང་གནས་ན་?་བླ་ན་མེད་པ་ཡང་དག་པར་རྫོགས་བའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བས་བྱང ་ཆུབ་སེམས་དཔའ་ཨི་སྤྱོད་བ་ལ་སྦྱོར་བ་ནི་བྱང་ཆུབ་ཆེན་པོ་ཡོངས་སུ་རྫོགས་པའི་གཞི་ཡིན་པས། གཞི་དེ་གསུམ་གྱི་རིམ་གྱིས་དགེ་བའི་རྩ་བ་ཤིན་ཏུ་རྣམ་པར་དག་པ་དེ་དག་པར་འགྲུབ་ལ། དེ་ཡང་དག་པ་པ་འགྲུབ་བས་སོ་སོར་བརྟགS ་ཏེ་སྐྱེ་བ་ལེན་པར་བྱེད་དོ།། སོ་སོར་བརྟགས་ཏེ་ལེན་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་དགེ་བའི་རྩ་བ་ཤིན་ཏུ་རྣམ་པར་དག་པ་ཡང་དག་བར་གྲུབ་པ་དེའི་འབྲས་བུ་སྟེ། སྔར་བྱང་ཆུབ་སེམས་དཔའ་ཨི་སྐྱེ་བ་རྣམ་པར་དག་པ་ཇི་སྐད་བསྟན་པ ་དག་ཡིན་པར་སྦྱར་རོ། །འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་སྙིང་རྗེ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་འོག་ནས་བདག་ཉིད་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་ཉིད་དང། གཞན་གྱི་ཀུན་ནས་ཉོན་མོངས་པ་རྣམ་པར་ཟློག་པར་བྱེད?་པ ་ཉིད་ཀྱི་ཕྱིར་རོ་ཞེས་འབྱུང་བའི་རྒྱུ་ཡིན་ནོ། །སྔར་བྱང་ཆུབ་སེམས་དཔའ་ཨི་སྙིང་རྗེ་རྣམ་པར་དག་པ་ཇི་སྐད་བསྟན་པ་དག་པ་ཡིན་པར་སྦྱར་རོ། །བདག་ཉིད་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་ཉིད་དང། གཞན་གྱི་ཀུན་ནས་ཉོན་མོངས་པ ་རྣམ་པར་བཟློག་པར་བྱེད་བ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི།། འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་སྙིང་རྗེ་དང་ལྡན་པ་དེའི་འབྲས་བུ་སྟེ། བདག་ཉིད་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་ཉིད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ནང་གི ་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་ལས་བརྩམས་པའི་ཐབས་ལ་མཁས་པ་རྣམ་པ་དྲུག་དང་ལྡན་པའི་ཕྱིར་ཏེ། དྲུག་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དང་ལྡན་པར་ལྟ་བ་དང། འདུ་བྱེད ་ཐམས་ཅད་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་འདོད་པ་དང། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དང་ལྡན་པར་བལྟ་བ་ལ་བརྟེན་ནས་འཁོར་བ་ཡོངས་སུ ་མི་གཏོང་བ་དང། འདུ་བྱེད་ཐམས་ཅད་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ལ་བརྟེན་ནས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་འཁོར་བ་ནས་འཁོར་བ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ཀྱི་ཡེ་ཤེས་འདོད་པ་ལ་བརྟེན་ནས་བརྩོན་འགྲུས་འབར་བའོ། །གཞན་གྱིས་ཀུན་ནས་ཉོན་མོངས་པར་རྣམ་པར་ཟློག་པར་བྱེད་པ་ཉིད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་ཕ་རོལ་གྱི་སེམས་ཡོངས་སུ་སྨིན་པར་བྱ་བ་ལས་བརྩམས་པའི་ཐབས་ལ ་མཁས་པ་རྣམ་པ་དྲུག་དང་ལྡན་པའི་ཕྱིར་ཏེ། དྲུག་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཆུང་ངུ་རྣམས་འབྲས་བུ་ཚད་མེད་པར་སྒྲུབ་པར་བྱེད་པ་དང། ཚོགས་ཆུང་ངུས་དགེ་བའི་རྩ་བ་རྒྱ་ཚེ་ཞིང་ཚད་མེད་པ་ཡང ་དག་པར་སྐྱེད་ཅིང་ཉེ་བར་སྒྲུབ་པར་བྱེད་པ་དང། སངས་རྒྱས་ཀྱི་བསྟན་པ་ལ་ཞེ་འགྲས་པ་རྣམས་ཀྱི་ཁོང་ཁྲོ་བ་སེལ་བར་བྱེད་པ་དང། ཐ་མལ་བ་རྣམས་འཇུད་པར་བྱེད་པ་དང། ཞུགས་པ་རྣམས་ཡོངས་སུ་སྨིན་པར་བྱེད་པ་དང་།ཡོངས་སུ་སྨིན་པ ་རྣམས་རྣམ་པར་གྲོལ་བར་བྱེད་པའོ། །དེ་ལྟར་ཐབས་ལ་མཁས་པ་དེ་དག་གིས་བདག་ཉིད་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་ཉིད་དང་གཞན་གྱི་ཀུན་ནས་ཉོན་མོངས་པ་རྣམ་པར་ཟློག་པར་བྱེད་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་ཨི་སྐྱེ་བ ་ནི་རབ་མཆོག་ཅེས་བྱའོ། །བདག་དང་གཞན་གྱི་རྒྱུད་ཡོངས་སུ་སྨིན་པའི་གནས་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ། །དེའི་འོག་ཏུ་བསམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་པའི་ཚིག་གི་དོན་ལ་སོགས ་པ་བཤད་པར་བྱ་སྟེ། བསམ་པ་ཡོངས་སུ་རྫོགས་པའི་ཐབས་ལ་མཁས་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཡང་དག་པའི་སྨོན་ལམ་མངོན་པར་སྒྲུབ་པ་ཉིད་ཀྱིས་སངས་རྒྱས་ཀྱིས་ཆོས་ཡོངས་སུ་རྫོགས་པར་བྱ་བ་དང། སེམས་ཅན ་ཡོངས་སུ་སྨིན་པར་བྱ་བའི་བསམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ཡིན་པས་དེ་ལ་མཁས་པར་བྱ་བའི་དོན་འདིར་བསྟན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཅིའི་སླང་དུ་བྱང ་ཆུབ་སེམས་དཔའ་རྣམས་སྨོན་ལམ་རྒྱ་ཆེན་པོས་མཆི་བ་དང་།སྨོན་ལམ་གྱ་ནོམ་པ་དང་ལྡན་པ་དང། སྨོན་ལམ་གྱི་སྟོབས་ཅན་ལགས་ཞེས་བྱ་བ་ཞུས་ཏེ། བྱང་ཆུབ་སེམས་དཔའ་ཨི་ཡང་དག་པའི་སྨོན་ལམ་ཐམས ་ཅད་ནི་མདོར་བསྡུན་རྣམ་པ་ལྔ་སྟེ། སེམས་བསྐྱེད་པའི་སྨོན་ལམ་དང། སྐྱེ་བའི་སྨོན་ལམ་དང། སྤྱོད་ཡུལ་གྱི་སྨོན་ལམ་དང། ཡང་དག་པའི་སྨོན་ལམ་དང། སྨོན་ལམ་ཆེན་པོའོ། །བྱང་ཆུབ་སེམས་དཔའ་ཡང་དག་པའི་སྨོན་ལམ་དེ་ལྟ ་བུ་མངོན་པར་སྒྲུབ་ཅིང་བསམ་པ་ཡོངས་སུ་རྫོགས་པར་འགྱུར་བའི་དེའི་རྒྱུ་གང་ལགས་ཞེས་ཞུས་པ་ཡིན་ནོ་།དེ་ལ་སྨོན་ལམ་རྒྱ་ཆེན་པོས་མཆི་བ་ཞེས་བྱ་བ་ནི་སེམས་བསྐྱེད་པའི་སྨོན་ལམ་དང། སྐྱེ་བའི་སྨོན་ལམ་གྱིས་འགྲོ་བ་སྟེ། ་སེམས་བསྐྱེད་པའི་སྨོན་ལམ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་རིགས་ཡང་དག་པར་སྒྲུབ་པའི་གོང་དུ་དང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །སྐྱེ་བའི་སྨོན་ལམ་ཞེས་བྱ་བ་ནི་ཕྱི་མ་ལ ་སེམས་ཅན་གྱི་དོན་དང་མཐུན་པའི་འགྲོ་བ་རྣམས་སུ་སྐྱེ་བའི་སྨོན་པའོ། །དེ་ལ་སེམས་བསྐྱེད་པའི་སྨོན་ལམ་གྱིས་ནི་དང་པོ་སེམས་བསྐྱེད་པ་ཡན་ཆད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར ་འཚང་རྒྱ་བའི་བར་དུ་བདག་གི་དོན་ཕུན་སུམ་ཚོགས་པའི་གནས་ཐམས་ཅད་དུ་འགྲོ་ལ། སྐྱེ་བའི་སྨོན་ལམ་གྱི་སྣ་དེའི་བར་དུ་གཞན་གྱི་དོན་ཕུན་སུམ་ཚོགས་པའི་གནས་ཐམས་ཅད་དུ་འགྲོ་བའི་ཕྱིར་སྨོན་ལམ་རྒྱ་ཆེན་པོས ་འགྲོ་བ་ཞེས་བྱའོ། །སྨོན་ལམ་གྱི་ནོམ་པ་དང་ལྡན་པ་ཞེས་བྱ་བ་ནི། སྤྱོད་ཡུལ་གྱི་སྨོན་ལམ་གྱ་ནོམ་པ་དང་ལྡན་པ་སྟེ། སྤྱོད་ཡུལ་གྱི་སྨོན་ལམ་ཞེས་བྱ་བ་ནི། ཆོས་རབ་ཏུ་རྣམ་པར་འབྱེད་པར་སྨོན་ལམ་ཚད་མེད་པ་ལ་སོགS ་པ་དགེ་བའི་ཆོས་སྒོམ་པའི་ཡུལ་ལ་སྨོན་པའོ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་ཡུལ་ཐམས་ཅད་བསྒོམས་པའི་སྨོན་ལམ་བཟང་པོ་དང་ལྡན་པས་ན་སྨོན་ལམ་གྱ་ནོམ་པ་དང་ལྡན་པ་ཞེས་བྱའོ། །སྨོན་ལམ་གྱི་སྟོབས་ཅན་ཞེས་བྱ་བ་ནི་ཡང ་དག་པར་སྨོན་ལམ་དང་ཆེན་པོའི་སྟོབས་དང་ལྡན་པ་སྟེ། ཡང་དག་པའི་སྨོན་ལམ་ཞེས་བྱ་བ་ནི་ཕྱི་མ་ལ་མདོ་དང་རྒྱས་པར་བྱང་ཆུབ་སེམས་དཔའ་ཨི་དགེ་བ་ཐམས་ཅད་སྡུད་པ་ཡོན་ཏན་ཐམས་ཅད་བསྡུ་བའི་ཕྱིར་སྨོན་པའོ། །སྨོན་ལམ་ཆེན་པོ་ཞེས་བྱ ་བ་ནི་ཡང་དག་པའི་སྨོན་ལམ་དེ་ཉིད་ལས་རིག་པར་བྱ་སྟེ། དེ་ཡང་རྣམ་པ་བཅུ་སྟེ། ཕྱི་མ་ལ་དེ་བཞིན་གཤེགས་པ་ལ་མཆོད་པ་དང། རིམ་འགྲོ་ཐམས་ཅད་དཔག་ཏུ་ཨེད་པར་བྱ་བའི་སྨོན་ལམ་ཆེན་པོ་དང་།སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི ་དམ་པའི་ཆོས་ཡོངས་སུ་གཟུང་ཞིང་བསུང་བར་བྱ་བའི་སྨོན་ལམ་ཆེན་པོ་དང། ཆོས་ཀྱི་ཚུལ་ཡང་དག་པར་བཟུང་བར་བྱ་བའི་ཕྱིར་སྨོན་ལམ་ཆེན་པོ་དང། དགའ་ལྡན་གྱིས་གནས་ན་བཞུགས་ནས་ཡོངས་སུ་མྱ་ངན་ལས་འདས་པའི་བར་གྱི་སྨོན ་ལམ་ཆེན་པོ་དང། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པའི་རྣམ་པ་ཐམས་ཅད་ལེགས་པར་བྱ་བའི་སྨོན་ལམ་ཆེན་པོ་དང། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་སྨོན་ལམ་ཆེན་པོ་དང། འཇིག་རྟེན་གྱི་ཁམས་ཐམས་ཅད་ཡང་དག་པར ་བསྟན་པར་བྱ་བའི་སྨོན་ལམ་ཆེན་པོ་དང། སངས་རྒྱས་ཀྱི་ཞིང་ཡོངས་དག་པར་བྱ་བའི་སྨོན་ལམ་ཆེན་པོ་དང། ཐེག་པ་ཆེན་པོ་ལ་འཇུག་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་།བསཾ་པ་དང་སྦྱོར་བ་གཅིག་པར་བྱ་བའི ་སྨོན་ལམ་ཆེན་པོ་དང། ཡང་དག་པའི་སྦྱོར་བ་ཐམས་ཅད་འབྲས་བུ་ཡོད་པར་བྱ་བའི་སྨོན་ལམ་ཆེན་པོ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་སྨོན་ལམ་ཆེན་པོའོ། །དེ་དག ་རེ་རེ་ལ་ཡང་སྨོན་ལམ་གྱི་འཁོར་འབུམ་ཕྲག་གྲངས་མེད་པ་དག་ཡོད་དེ། དེ་ཡང་ལྷག་པའི་བསམ་པ་དག་པའི་ས་ཡན་ཆད་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་སྟོབས་ཅན་རྣམས་སྨོན་ལམ་ཁྱད་བར་ཅན ་གྱིས་རྣམ་བར་འཕྲུལ་བས་ན་སྨོན་ལམ་གྱི་སྟོབས་ཅན་ཞེས་བྱའོ། །རྣམ་པ་བཞིའི་ཕྱིར་ཏེ་ཞེས་བྱ་བ་ནི་འག?་ནས་རྒྱུ་རྣམ་པ་བཞིའི་འབྱུང་བ་དང་པ་གཉིས་ནི་གཉེན་པོ་ཡིན། །ཐ་མ་གཉིས་ནི་མི་མཐུན་པའི་ཕྱོགས་དེ་ལྟ ་བུའི་གཉེན་པོ་ཐོབ་ཀྱང་མི་མཐུན་པའི་ཕྱོགས་མི་སྤོང་བས་སོ་སོའི་སྐྱེ་བོ་དང་ཉན་ཐོས་ལ་སོགས་པ་ལས་ཁྱད་བར་དུ་འཕགས་བའི་ཕྱིར་བསམ་བ་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ཀྱི་ཡང་དག་པའི་སྨོན་ལམ་མངོན་བར ་སྒྲུབ་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ནི་མྱ་ངན་ལས་འདས་པའི་བདེ་བ་ལ་གནས་པ་ལ་མཁས་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པས་སྐྲག་པར་མི་འགྱུར་པ་སྟེ། བྱང་ཆུབ་སེམས ་དཔའ་ཨི་སྟོང་པ་ཉིད་ལ་མོས་པ་དེས་སྦྱོར་བ་དེ་མྱ་ངན་ལས་འདས་བས་ཡིད་མི་སྐྲག་པས་མྱ་ངན་ལས་འདས་པའི་ཕན་ཡོན་མཐོང་བ་དང། དེ་ལ་ཡོད་པའི་ཡོན་ཏན་མཐོང་བའི་དད་པ་དང། མོས་པ་མི་སྤོང་བའི་ཕྱིར་གོང་དུ་མྱ ་ངན་ལས་འདས་པའི་ཚོགས་ཡོངས་སུ་རྫོགས་བར་བྱེད་པས་ན་དེ་ཉིད་?་མྱ་ངན་ལས་འདས་པའི་བདེ་བ་ལ་གནས་པ་ལ་ཁས་པ་ཞེས་བྱ་སྟེ། དེ་ནི་རྒྱུ་དང་པོ་ཡིན་ནོ། །དེ་མྱུར་དུ་ཐོབ་པར་ནུས་བ་ཞེས་བྱ་བ་ནི་འཁོར་བ ་ཡང་དག་བ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་སྟེ། བྱང་ཆུབ་སེམས་དཔའ་ནི་སྟོང་པ་ཉིད་ལ་མོས་པ་ངེས་སྦྱོང?་བ་ན། འཁོར་བ་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས་འདོད་ཆགས་ལ་སོགས་པ་ཀུན་ནས ་ཉོན་མོངས་བ་ཐམས་ཅད་ལ་སེམས་ལྷག་པར་བཏང་སྙོམས་སུ་འཇོག་པར་ནུས་ཏེ། དེ་ལ་སེམས་ལྷག་པར་བཏང་སྙོམས་སུ་གཞག་ན་སེམས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པས་འཁོར་བར་འཁོར་བར་འགྱུར་ལ་དེ་ལྟར་གྱུར་ནས་།སངས་རྒྱས ་ཀྱི་ཆོས་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང། མྱ་ངན་ལས་འདས་པའི་བདེ་བ་ལ་གནས་པ་མྱུར་དུ་འཐོབ་པར་ནུས་པ་ཡིན་ཏེ། དེ་ནི་རྒྱུ་གཉིས་པ་ཡིན་ནོ། །མྱུར་དུ་འཐོབ་པ་དེ་དད་བདེ་བར་གནས་པ་དེ་ཡང་སྤངས་ཏེ་ཞེས་བྱ་བ་ནི་མྱ་ངན ་ལས་འདས་བའི་དོན་དུ་གཉེར་བ་སྟེ། བྱང་ཆུབ་སེམས་དཔའ་ནི་སྟོང་པ་ཉིད་ལ་མོས་བ་དེ་སྦྱོར་བ་ནི་མྱ་ངན་ལས་འདས་པ་དོན་དུ་གཉེར་བར་མྱུར་པ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་ཏེ། མྱ་ངན་ལས་མི་འདའ་བས་སངས ་རྒྱས་ཀྱི་ཆོས་དང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་བའི་ཕྱིར་རོ། །མྱུར་དུ་འཐོབ་པ་དེ་དང་བདེ་བར་གནས་པ་དེ་ཡང་སྤངས་བ་ཡིན་ཏེ། དེ་ནི་རྒྱུ་གསུམ་པ་ཡིན་ནོ།། སེམས་ཅན་གྱི་དོན་རྒྱུ་མེད་པ་དགོས་པ་མེད་པ་སྡུག་བསྔལ་མང་བོ་སྣ ་ཚོགས་ཡུན་རིང་བོ་འབྱུང་བ་ལ་ཡིད་ཀྱིས་སྨོན་པར་བྱེད་པ་ཞེས་བྱ་བ་ནི་འཁོར་བས་ཡིད་སྐྱོ་བར་མི་བྱེད་པ་སྟེ། བྱང་ཆུབ་སེམས་དཔའ་ནི་སྟོང་པ་ཉིད་ལ་མོས་པ་དེས་སྦྱོར་བ་ན་འཁོར་བས་ཡིད་སྐྱོ་བ་མེད་པས་མྱུར་དུ་ཡོངས་སུ་མྱ ་ངན་ལས་འདས་པར་མི་འགྱུར་ཏེ། མྱ་ངན་ལས་མི་འདའ་བར་སེམས་ཅན་གྱི་དོན་ལ་ཡིད་ཀྱིས་སྨོན་པར་བྱེད་པ་ཡིན་ཏེ། དེ་ནི་རྒྱུ་བཞི་པ་ཡིན་ནོ། །བསམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་པའི་ཚིག་གི་དོན་ལ་སོགས ་པ་བཤད་ཟིན་ཏོ།། ས་རབ་ཏུ་དབྱེ་བ་བཤད་ཟིན་ཏོ། །སྔར་ལེའུ་དགུ་པ་འདིའི་བསྡུ་བའི་དོན་ནི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ལ་མཁས་པར་བྱ་བ་ལས་བརྩམས་ནས་དྲིས་པ་དང་ལན་བརྗོད་པ་སྟེ། ཕ་རོལ་ཏུ་བྱིན་པ་ཡོངས་སུ ་རྫོགས་བ་ལ་མཁས་བདེ་ཡང་རྣམ་པ་གཉིས་ཏེ་།ཇི་ལྟར་ཡོངས་སུ་རྫོགས་པ་དང་།གང་དག་ཡོངས་སུ་རྫོཌ་བའོ། །དེ་ལ་ཇི་ལྟར་ཡོངས་སུ་རྫོགས་པ་ཞེས་བྱ་བ་ནི་རྟོགས་པ་ཡོངས་སུ་རྫོགས་པའི་སྒོ་ནས་སྤྱོད་པ་ཡོངས་སུ་རྫོགས་པར་མངོན ་པའི་ཕྱིར་རབ་ཏུ་དབྱེ་བས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བསྟན་ཏེ་ཞེས་སྨོན་པའི་རབ་ཏུ་དབྱེ་བ་ནི་དེ་ཡན་ཆོད་དུ་བཤད་ཟིན་ཏོ། ད་ནི་གང་དག་ཡོངས་སུ་རྫོགས་པ་ཞེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་བ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ ་དྲུག་དང་བཅུ་ཡོངས་སུ་རྫོགས་པ་བསྟན་པ་སྟེ། ཞེས་སྨོས་པ་ནི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་དབྱེ་བའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམS ་ཀྱི་བསླབ་གཞི་དུ་མཆིས་ལགས་ཞེས་བྱ་བ་ཞུས་སོ། །ཕ་རོལ་ཏུ་ཕྱིན་པ་རབ་ཏུ་དབྱེ་བ་ནི་རྣམ་པ་ཉི་ཤུ་སྟེ། བདག་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཐབས་ལ་མཁས་པ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ ་རྣམས་ཀྱི་བསླབ་པའི་གཞི་དུ་མཆིས་ལགས་ཞེས་བྱ་བ་ལ་སོགས་པའོ། །གནས་པ་ལ་མཁས་པ་ནི། བཅོམ་ལྡན་འདས་གཞི་དྲུག་པོ་དེ་དག་ལས་དུ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་བ་ལགས་ཞེས་བྱ་བ་ལ་སོགས ་པའོ། །མངོན་བར་མཐོང་བ་དང་ངེས་པར་ལེགས་བའི་ཐབས་མཁས་པ་ནི། བཅོམ་ལྡན་འདས་བསླབ་པའི་གཞི་དྲུག་པོ་དེ་དག་ལས་དུ་ནི་བསོད་ནམས་ཀྱི་ཚོགས་ལགས་ཞེས་བྱ་བ་ལ་སོགས་པའོ། །ལེགས་པར་ཤིན་ཏུ ་བསླབ་པ་ལ་མཁས་པ་ནི། བཅོམ་ལྡན་འདས་བསླབ་པའི་གཞི་དྲུག་པོ་དེ་དག་ལ་བྱང་ཆུབ་སེམས་དཔས་ཇི་ལྟར་བསླབ་པར་བགྱི་ལགས་ཞེས་བྱ་བ་ལ་སོགས་པའོ། །མཐར་ཐུག་བ་བསྡུ་བ་ལ་མཁས་པ་ནི། བཅོམ་ལྡན་འདས ་ཅིའི་སླད་དུ་བསླབ་བའི་གཞི་དེ་དག་གྲངས་དྲུག་ཏུ་གདགས་པར་རིག་པར་བགྱི་ལགས་ཞེས་བྱ་བ་ལ་སོགས་པའོ། །གྲོགས་ལ་མཁས་པ་ནི། བཅོམ་ལྡན་འདས་ཅིའི་སླད་དུ་ཕ་རོལ་ཏུ་ཕྱིན་པ་གཞན་དག་གྲངས་བཞིར་གདགས་པར་རིག་པར་བགྱི ་ལགས་ཞེས་བྱ་བ་ལ་སོགས་པའོ། །འབྱུང་པ་ལ་མཁས་པ་ནི་བཅོམ་ལྡན་འདས་ཅིའི་སླད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་གི་གོ་རིམ་ཇི་ལྟར་རིག་པར་བགྱི་ལགས་ཞེས་བྱ་བ་ལ་སོགས་པའོ། །ཐ་དད་བའི་རབ་ཏུ་དབྱེ་བ་ལ་མཁས་པ་ནི་།བཅོམ ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དེ་དང། རྣམ་པ་དུར་རབ་ཏུ་དབྱེ་ལགས་ཞེས་བྱ་བ་ལ་སོགས་པའོ། །རྫོགས་པ་ལ་མཁས་པ་ནི་།བཅོམ་ལྡན་འདས་ཅིའི་སླད་དུ་ཕ་རོལ་ཏུ་ཕྱིན་པ་དེ་དག་ཕ་རོལ་ཏུ་ཕྱིན་པ་རྣམས་ཞེས་བགྱི་བ་ལ་སོགས་པའོ། ། ་གདགས་པ་བསྔ?་བ་ལ་མཁས་པ་ནི། བཅོམ་ལྡན་འདས་རྣམ་པ་ལྔ་པོ་ད་དག་གི་སོ་སོ་ནི་ལས་གང་ལགས་ཞེས་བྱ་བ་ལ་སོགས་པའོ། །ཡོན་ཏན་གྱི་ཁྱད་པར་ལ་མཁས་པ་ནི། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དེ་དག་གི་རྒྱ་ཆེ་བ ་ཉིད་གང་ལགས་ཞེས་བྱ་བ་ལ་སོགས་པའོ། །རྒྱུན་མི་འཆད་པ་ལ་མཁས་པ་ནི། བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་རྟག་ཏུ་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའི་འབྲས་བུ་འདོད་པས་འཚལ་བ་དང་ཕ་རོལ་ཏུ ་ཕྱིན་པ་འཚོལ་བ་དང་ལྡན་པ་ལགས་ཞེས་བྱ་བ་ལ་སོགས་པའོ། །རྒྱུ་ཉིད་ལ་གནས་པའི་ཐབས་ལ་མཁས་པ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཇི་ལྟ་བ་དེ་ལྟར་ཕ་རོལ་ཏུ་ཕྱིན་པའི་རྣམ ་བར་སྨིན་པའི་འབྲས་བུ་འདོད་པ་ལ་དད་པས་གནས་པ་མ་ལགས་ཞེས་བྱ་བ་ལ་སོགས་པའོ། །བྱ་བ་བསྒྲུབ་པ་ལ་མཁས་པ་ནི། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དེ་དག་གི་སོ་སོའི་མཐུ་གང་ལགས་ཞེས་བྱ་བ་ལ་སོགས་པའོ།། ་ཡོངས་སུ་བསྡུ་བའི་ཡང་དག་པར་འགྲུབ་པའི་ཕན་ཡོན་ལ་མཁས་པ་ནི། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དེ་དག་རྒྱུ་གང་ལས་བྱུང་བ་དང་།འབྲས་བུ་གང་དང་ལྡན་པ་དང། དོན་གང་དང་ལྡན་པ་ལགས་ཞེས་བྱ་བ་ལ ་སོགས་བའོ། །སེམས་ཅན་ལ་ཕན་གདགས་པའི་བགེགས་ལ་མཁས་པ་ནི་བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ལོངས་སྤྱོད་པས་མ་འཚལ་བ་དང་ལྡན་པ་དང། སྙིང་རྗེ་ཅན་ལགས་ན་ཅིའི་སླད་དུ་འཇིག་རྟེན ་དབུལ་པོ་གང་ལགས་ཞེས་བྱ་བ་ལ་སོགས་བའོ།། ཐབས་ལ་འཇུག་པ་ཆུང་མི་ཟ་བ་ལ་མཁས་པ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ཕ་རོལ་ཏུ་ཕྱིན་པ་གང་གི་འཛིན ་ལགས་ཞེས་བྱ་བ་ལ་སོགས་པའོ། །འགྲིབ་པ་དང་འཕེལ་བ་ལ་མཁས་བ་ནི། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་ཞེས་ཀྱང་བགྱི་ཞེས་བྱ་བ་ལ་སོགས་པའོ། །ཀུན་ནས་ཉོན་མོངས་བའི་རྒྱུན་རྗེས་སུ་འཛིན་པ་གཞིག་བ་ལི? ་མཁས་པ་ནི། བཅོམ་ལྡན་འདས་ས་དེ་དག་ལ་ཉོན་མོངས་བའི་བག་ལ་ཉལ་རྣམ་པ་དུ་མཆིས་ལགས་ཞེས་བྱ་བ་ལགས་པའོ། །ངེས་པར་འབྱིན་བའི་བྱེ་བྲག་གི་རབ་ཏུ་དབྱེ་པ་ལ་མཁས་པ་ནི། བཅོམ་ལྡན་འདས་བཅོཾ ་ལྡན་འདས་ཀྱིས་ཉན་ཐོས་ཀྱི་ཐེག་བ་གང་ཡིན་པ་དང། ཐེག་པ་ཆེན་པོ་གང་ཡིན་པ་དེ་ནི་ཐེག་པ་གཅིག་གོ་ཞེས་བཀའ་སྩལ་བ་དེ་ལ་དགོངས་བ་གང་ལགས་ཞེས་བྱ་བ་ལ་སོགས་པའོ།། དེ་ལ་དང་པོར་བདག་དང ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཐབས་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། བདག་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཐབས་ལ་མཁས་པ་ཞེས་བྱ་བ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ནི ་བདག་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཐབས་ཡིན་ཏེ། དེ་ལ་མཁས་པར་བྱ་པའི་དོན་འདིར་བསྟན་བའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཇད?་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣཾས་ཀྱི་བསླབ་བའི་གཞི་དུ་མཆིས་ལགས ་ཞེས་བྱ་བ་ཞེ་ཞུས?་སོ། །བསླབ་པའི་གཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་བདག་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཐབས་སུ་གང་ལ་བསླབ་པར་བྱ་བའི་གཞི་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་གོ། དྲུག་སྟེ་ཞེས་བྱ་བ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རེ་རེ ་ལ་ཡང་རྣམ་པ་དགུ་དགུར་ཤེས་པར་བྱའོ། །སྦྱིན་པ་རྣམ་པ་དགུ་ནི་སྦྱིན་བའི་ངོ་བོ་ཉིད་དང། ཐམས་ཅད་སྦྱིན་པ་དང་དཀའ་བའི་སྦྱིན་པ་དང་ཐཾས་ཅད་ཀྱི་སྒོ་ནས་སྦྱིན་པ་དང། སྐྱེས་བུ་དམ་པའི་སྦྱིན་པ་དང། རྣམ་པ་ཐམས་ཅད་ཀྱི་སྦྱིན་པ་དང། ཕོངས་ཤིང་འདོད་པ་ལ ་སྦྱིན་པ་དང། འདི་དང་གཞན་དུ་བདེ་བར་འགྱུར་པའི་སྦྱིན་པ་དང། རྣམ་པར་དག་པའི་སྦྱིན་པའོ།། དེ་ལ་སྦྱིན་པ་ད་བ་ཉིད་གང་ཞེ་ན། མཚན་ཉིད་རྣམ་པ་ལྔ་པོ་རང་བཞིན་དང་སྒོ་དང་དངོས་པོ་དད་བསམ་པ་དང་ལེན་པའི་མཚན་ཉིད་དང་ལྡན་པའི ་སྦྱིན་པའོ། །དེ་ལ་རང་བཞིན་གྱི་ཡོ་བྱད་ཐམས་ཅད་དང་རང་གི་ལུས་ལ་མི་ལྟ་བའི་མ་ཆགས་པ་དང་ལྷན་ཅིག་སྐྱེ་པའི་སེམས་པའོ། །སྒོ་ནི་དེས་ཀུན་ནས་བསླད་པ་སྦྱིན་པར་བྱ་པའི་དངོས་པོ་ཡོངས་སུ་གཏོང་བའི་ལུས་དང་ངག་གི་ལས་སོ། ། ་དངོས་པོ་ནི་སྦྱིན་བར་བྱ་བའི་དངོས་པོ་ཁ་ན་མ་ཐོ་བ་མེད་པ་ཐམས་ཅད་གཏོང་པའོ། །བསམ་པ་ནི་སྡོམ་པ་ལ་གནས་པ་དང། འོང་བ་མཐོང་ཞིང་འབྲས་བུ་ལ་ལྟའོ། །ལེན་པ་ནི་སུ་གང་འདོད་པ་དེ་ལ་དངོས་པོ་ངེས་སོ་སོར་སྦྱིན་པར་བྱེད་པའོ། ། ་ཐམས་ཅད་སྦྱིན་པ་གང་ཞེ་ན་རྣམ་པ་གཉིས་ཏེ། ནང་དང་ཕྱི་རོལ་གྱི་དངོས་པོ་སྦྱིན་བའོ། །དེ་ཡང་ཅི་རིགས་པར་རྣམ་པ་གསུམ་སྟེ། དངོས་པོ་དང། རྒྱུ་དང་བྱེ་བྲག་གོ། དཀའ་པའི་སྦྱིན་པ་གང་ཞེ་ན། རྣམ་པ་གསུམ་སྟེ་སྦྱིན་པར་བྱ་བའི་དངོས་པོ ་ཆུང་ངུ་བདོག་པ་བདག་ཉིད་ལ་གནོད་བར་བྱས་ཏེ། སྡུག་བསྔལ་དང་དུ་བླངས་ནས་གཞན་དག་ལ་སྦྱིན་པར་བྱེད་པ་དང། སྡུག་པའི་དངོས་པོ་རང་བཞིན་གྱིས་བྱམས་པ་འམ། ཡུན་རིང་པོ་ནས་འདྲིས་པ་འམ། ་ཆེར་ཕན་པ་འམ། སྦྱིན་བར་བྱ་བའི་དངོས་པོ་མཆོག་དང་རབ་མཆོག་དུ་གྱུར་པ་ལ་ཞེན་པ་བསལ་ནས་གཞན་དག་ལ་སྦྱིན་པར་བྱེད་པ་དང། སྦྱིན་པར་བྱ་བའི་ཆོས་ཆེགས་ཆེན་པོས་སྒྲུབ་པ་རྣམས་གཞན་དག་ལ་སྦྱིན་པར་བྱེད་པའོ། །ཐམས ་ཅད་ཀྱི་སྒོ་ནས་སྦྱིན་པ་གང་ཞེ་ན་རྣམ་པ་བཞི་སྟེ། སྦྱིན་པར་བྱ་བའི་དངོས་པོ་བདག་ལ་བདོག་པ་ཡང་སྦྱིན་པར་ཡང་བྱེད་པ་དང། གཞན་དག་ལས་བསླངས་ཏེ་ཡང་སྦྱིན་པར་བྱེད་པ་དང། ལེན་པ་པོ་བདག་གི་ཚོལ་པ་ལ་སོགས་པ་ཡང ་སྦྱིན་པར་བྱེད་པ་དང། སློང་མེ་པ་གཞན་འདོད་པ་རྣམས་ལ་ཡང་སྦྱིན་པར་བྱེད་པའོ། །སྐྱེས་བུ་དམ་པའི་སྦྱིན་པ་གང་ཞེ་ན་རྣམ་པ་ལྔ་སྟེ། དད་པས་སྦྱིན་པ་བྱེད་པ་དང། གུས་པས་སྦྱིན་པ་བྱེད་པ་དང། རང་གི་ལག་ནས་སྦྱིན་པ་བྱེད་པ་དང། གཞན ་ལ་མི་གནོད་པར་སྦྱིན་པར་བྱེད་པའོ། །རྣམ་པ་ཐམས་ཅད་ཀྱི་སྦྱིན་པ་གང་ཞེ་ན། ཡོན་ཏན་རྣམ་པ་དྲུག་དང། རྣམ་པ་བདུན་ཏེ་སྤྱིར་བསྡུ་ན་རྣམ་པ་བཅུ་གསུམ་མོ། །དེ་ལ་ཡོན་ཏན་རྣམ་པ་དྲུག་ནི་མི་རྟེན་པར་སྦྱིན་པ་དང། མི་སྲིད་པར ་བྱེད་པ་དང། དགའ་བར་སྦྱིན་པ་དང། རྒྱུན་མི་འཆད་པར་སྦྱིན་པ་དང་།སྣོད་ལ་སྦྱིན་པ་དང། སྣོད་མ་ཡིན་པ་ལ་སྦྱིན་པའོ། །རྣམ་པ་བདུན་ནི་ཐམས་ཅད་སྦྱིན་པ་དང། ཀུན་ལ་སྦྱིན་པ་དང། དུས་ཐམས་ཅད་དུ་སྦྱིན་པ་དང། ཁ་ན་མ་ཐོ ་བ་མེད་པའི་སྦྱིན་པ་དང། སེམས་ཅན་གྱི་དངོས་པོ་སྦྱིན་པ་དང། ཡུལ་གྱི་དངོས་པོ་སྦྱིན་པ་དང། ནོར་དང་འབྲུའི་དངོས་པོ་སྦྱིན་པའོ། །ཕོངས་ཤིང་འདོད་པ་ལ་སྦྱིན་པ་གང་ཞེ་ན་རྣམ་པ་བརྒྱད་དེ། ཟས་དང་སྐོམ་གྱི་ཕོངས་ཤིང་འདོད ་པ་རྣམས་ལ་ཟས་དང་སྐོམ་སྦྱིན་པ་དང། བཞོན་པས་ཕོངས་ཤིང་འདོད་པ་རྣམས་ལ་བཞོན་པ་སྦྱིན་པ་དང། གོས་ཀྱིས་འཕོངས་ཤིང་འདོད་པ་རྣམས་ལ་གོས་སྦྱིན་པ་དང། རྒྱན་གྱིས་འཕོངས་ཤིང་འདོད་པ་རྣམས་ལ་རྒྱན་སྦྱིན་པ་དང། སྣོད་སྤྱད་ཀྱིས ་འཕོངས་ཤིང་འདོད་པ་རྣམས་ལ་སྣོད་སྤྱད་སྦྱིན་པ་དང། སྤོས་དང་མེ་ཏོག་ཕྲེང་དང་བྱུག་པས་འཕོངས་ཤིང་འདོད་པ་རྣམས་ལ་སྤོས་དང་མེ་ཏོག་ཕྲེང་དང་བྱུག་པ་སྦྱིན་པ་དང། གནས་ཀྱིས་འཕོངས་ཤིང་འདོད་པ་རྣམས་ལ་གནས་སྦྱིན་པ་དང། སྣང ་བས་འཕོངས་ཤིང་འདོད་པ་རྣམས་ལ་སྣང་བ་སྤྲིན་པའོ། །འདི་དང་གཞན་དུ་བདེ་བར་འགྱུར་བའི་སྦྱིན་པ་གང་ཞེ་ན་རྣམ་པ་དགུ་སྟེ། ཟང་ཟིང་གི་སྦྱིན་པ་སེར་སྣ་དང། གསོག་འཇོག་གི་དྲི་མ་བསལ་ནས་བཟང་པོ་དང། གཅོད་པ་དང། རུང་བ་སྦྱིན་པ ་གསུམ་དང། མི་འཇིག་པ་སྦྱིན་པ་དུད་འགྲོ་ལ་སོགས་པ་དང། མི་དང་སེམས་ཅན་དུ་བགྲང་བ་མ་ཡིན་པ་ལས་བསྐྱབ་པ་གསུམ་དང། ཆོས་ཀྱིས་སྦྱིན་པ་ཕྱིན་ཅི་མ་ལོག་པར་ཆོས་སྟོན་པ་དང། རིགས་པར་སྟོན་པ་དང། བསླབ་བའི་གཞི་ཡང་དག ་པར་འཛིན་དུ་འཇུག་པ་གསུམ་མོ། །རྣམ་པར་དག་པའི་སྦྱིན་པ་གང་ཞེ་ན་རྣམ་པ་བཅུ་སྟེ། ཐོགས་པ་མེད་པའི་སྦྱིན་པ་དང་།མཆོག་ཏུ་འཛིན་པ་མེད་པའི་སྦྱིན་པ་དང། བསགས་པ་མེད་པའི་སྦྱིན་པ་དང། ཁེངས་པ་མེད་པའི་སྦྱིན་པ་དང། མི་རྟན ་པའི་སྦྱིན་པ་དང། ཞུམ་པ་མེད་པའི་སྦྱིན་པ་དང། ངན་པ་མ་ཡིན་པའི་སྦྱིན་པ་དང། རྒྱབ་ཀྱིས་ཕྱོགས་པ་མེད་པའི་སྦྱིན་པ་དང། ལན་ལ་མི་ལྟ་བའི་སྦྱིན་པ་དང། རྣམ་པར་སྨིན་པ་ལ་མི་ལྟ་བའི་སྦྱིན་པའོ། །ཚུལ་ཁྲིམས་རྣམ་པ་དགུ་ཡང་སྔ ་མ་བཞིན་ནོ། །དེ་ལ་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་གང་ཞེ་ན། ཡོན་ཏན་རྣམ་པ་བཞི་པོ་ཕ་རོལ་ལས་ལེགས་པར་ཡང་དག་པར་བླངས་པ་དང། བསམ་པ་ཤིན་ཏུ་རྣམ་པར་དག་པ་དང། ཉམས་པར་གྱུར་ན་ཕྱིར་གསོ་བར་བྱེད་པ་དང། མི ་ཉམས་པར་བྱ་བའི་ཕྱིར་གུས་པ་བསྐྱེད་དེ་དྲན་པ་ཉེ་བར་གནས་པ་དང་ལྡན་པའི་སྡོམ་པའོ། །ཚུལ་ཁྲིམས་ཐམས་ཅད་གང་ཞེ་ན་རྣམ་པ་གཉིས་ཏེ། ཁྱིམ་པའི་ཕྱོགས་སུ་གཏོགས་པ་དང། རབ་ཏུ་བྱུང་བའི་ཕྱོགས་སུ་གཏོཌ? ་པའོ། །དེ་ཡང་ཅི་རིགས་པར་རྣམ་པ་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་དང། དགེ་བའི་ཆོས་བསྡུས་པའི་ཚུལ་ཁྲིམས་དང། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་དང་།དགེ་བའི་ཆོས་བསྡུད་པའི་ཚུལ་ཁྲིམས་གང་ཞེ་ན་རྣམ་པ་གསུམ ་སྟེ། བྱང་ཆུབ་སེམས་དཔའ་ལོངས་སྤྱོད་ཆེ་ལ་དབང་ཕྱུག་ལ་དབང་བྱེད་ཅིང་འདུན་པ་ལS་ད་སྤངས་ནས་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་ལེན་པ་དང། ཚུལ་ཁྲིམས་བླངས་ནས་ཉམ་ཐག་སྟེ་སྲོག་ལ་ཐུག་ཀྱང་ཚུལ་ཁྲིམས་ཀྱི་སྔ་མ ་པ་ཡང་དག་པར་བླངས་པ་དེ་ཉམས་པར་མི་བྱེད་ཅིང་།མེད་པར་མི་བྱེད་པ་དང་ཇི་སྲིད་འཚོའི་བར་དུ་ཅི་ནས་ཉེས་པ་ཕྲ་རབ་ཀྱང་མི་འབྱུང་ན། ལྕི་བ་ལྟ་འབྱུང་བར་ག་ལ་འགྱུར་བ་དེ་ལྟར་སྤྱོད་པ་དང། གནས་པ་དང། ཡིད་ལ་བྱེད་པ་ཐམས་ཅད་ལ་དྲན་པ་ཉེ ་པར་གནས་ཤིང་བག་ཡོད་པ་ཡིན་ནོ། །ཐམས་ཅད་ཀྱི་སྒོ་ནས་ཚུལ་ཁྲིམས་གང་ཞེ་ན་རྣམ་པ་བཞི་སྟེ། ཡང་དག་པར་བླངས་པ་དང། རང་བཞིན་གྱིས་ཚུལ་ཁྲིམས་དང། གོམས་པ་དང། ཐབས་དང་ལྡན་པའོ།། སྐྱེས་བུ་དམ་པའི ་ཚུལ་ཁྲིམས་གང་ཞེ་ན། རྣམ་པ་ལྔ་སྟེ། བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱང་ཚུལ་ཁྲིམས་དང་ལྡན་པ་དང། །གཞན་དག་ཀྱང་ཚུལ་ཁྲིམས་ཡང་དག་བར་ལེན་དུ་འཇུག་པ་དང། ་ཚུལ་ཁྲིམས་ཀྱི་བསྡགས་པ་བརྗོད་པ་དང། ཆོས་མཐུན་པ་མཐོང་ན་ཡིད་དགའ་བར་འགྱུར་བ་དང་ཉེས་བར་གྱུར་ན་ཆོས་བཞིན་དུ་འཆོས་བའོ། །རྣམ་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་གང་ཞེ་ན། ཡོན་ཏན་རྣམ་པ་དྲུག་དང ་ལྡན་པ་བདུན་ཏེ། སྦྱིར་སྡོམ་ན་རྣམ་པ་བཅུ་གསུམ་མོ། །དེ་ལ་ཡོན་ཏན་རྣམ་པ་དྲུག་ནི་རྒྱ་ཆེ་བ་དང། ལན་མ་ཐོ་བ་མེད་པ་དང། རབ་ཏུ་དགའ་བའི་གནས་དང་མཐུན་པ་དང། རྟག་ཏུ་བྱེད་པ་དང། བརྟན་པ་དང་།ཚུལ་ཁྲིམས་རྒྱན་དང་ལྡན་པའོ། །རྣམ་པ ་བདུན་ནི་ལྔས་པའི་ཚུལ་ཁྲིམས་དང་།འཇུག་པའི་ཚུལ་ཁྲིམས་དང་།ཀུ་ནས་བསྲུང་བའི་ཚུལ་ཁྲིམས་དང། སྐྱེས་བུ་ཆེན་པོའི་མཚན་རྣམ་པར་སྨིན་པར་བྱེད་པའི་ཚུལ་ཁྲིམས་དང། ལྷག་པའི་སེམས་རྣམ་པར་སྨིན་པར་བྱེད་པའི་ཚུལ་ཁྲིམས་དང། སྡུག་པའི་འགྲོ་བ ་རྣམ་པར་སྨིན་པར་བྱེད་བའི་ཚུལ་ཁྲིམས་དང། སེམས་ཅན་གྱི་དོན་རྣམ་པར་སྨིན་པར་བྱེད་པའི་ཚུལ་ཁྲིམས་སོ། །ཕོངས་ཤིང་འདོད་པ་ལ་ཚུལ་ཁྲིམས་གང་ཞེ་ན་རྣམ་པ་བརྒྱད་དེ། བསད་བ་དང། མ་བྱིན་པར་ལེན་པ་དང། འདོད་བས ་བོག་པར་གཡེམ་བ་དང། རྫུན་སྨྲ་བ་དང། ཕྲ་མ་དང། ངག་རྩུབ་མོ་དང། ངག་འཁྱལ་བ་དང། ལག་པ་དང། པོར་བ་དང། ལྕག་ལ་སོགས་པས་རྣམ་པར་འཚེ་བ་དང། བདག་ཉིད་ལ་གཞན་གྱིས་བྱས་ན་དེས་བདག་ཉིད་ཕོངས་ཤིང་དེའི་གཉེན ་པོ་འདོད་པ་བཞིན་དུ་བདག་གིས་གཞན་དག་ལ་བྱས་ན་ཡང་དེས་གཞན་དག་ཕོངས་ཤིང་དེའི་གཉེན་པོ་འདོད་བར་འགྱུར་རོ་སྙམ་དུ་སོ་སོར་བརྟགས་ནས་ཉེས་པ་དེ་བརྒྱད་ཀུན་ཏུ་མི་སྤྱོད་པའོ། །འདི་དང་གཞན་དུ་བདེ་པར་འགྱུར་པའི ་ཚུལ་ཁྲིམས་གང་ཞེ་ན་རྣམ་པ་དགུ་སྟེ། བྱང་ཆུབ་སེམས་དཔའ་སེམས་ཅན་དགག་པར་བྱ་བའི་གནས་སུ་འགྱུར་བ་རྣམ་པ་འགོག་པར་བྱེད་བ་དང། གནང་བར་བྱ་བའི་གནས་སུ་གྱུར་བ་རྣམས་གནང་བར་བྱེད་པ་དང་།སྡུ་བར་བྱ་བ་རྣམS ་སྡུད་པར་བྱེད་པ་དང། ཚར་བཅད་པར་བྱ་བ་རྣམས་ཚད་གཅོད་པར་བྱེད་པ་དང། སྦྱིན་པ་དང་ལྡན་པའི་ཚུལ་ཁྲིམས་དང། བཟོད་པ་དང་ལྡན་པ་དང། བརྩོན་འགྲུས་དང་ལྡན་པ་དང། བསམ་གཏན་དང་ལྡན་པ་དང། ཤེས་རབ་? ་ལྡན་བའི་ཚུལ་ཁྲིམས་དང། རྣམ་པར་དག་པའི་ཚུལ་ཁྲིམས་གང་ཞེ་ན་རྣམ་པ་བཅུ་སྟེ། དང་པོ་ཉིད་ནས་ལེགས་པར་བླངས་པ་དང། ཧ་ཅང་ཞུམ་པ་མ་ཡིན་པ་དང། ཧ་ཅང་ཐལ་བ་མ་ཡིན་པ་དང། བག་ཡོད ་པས་ཡོངས་སུ་ཟིན་པ་དང། སྨོན་ལམ་ལེགས་པར་བཏབ་པ་དང། ཆོ་ག་གསུམ་ཕུན་སུམ་ཚོགས་པས་ཡོངས་སུ་ཟིན་པ་དང། འཚེ་བ་ཕུན་སུམ་ཚོགས་པས་ཡོངས་སུ་ཟིན་པ་དང། མཛའ་གཉིས་རྣམ་པར་སྤངས་པ་དང། ངེས་པར་འབྱེད་པ ་དང། ཡོངས་སུ་མཉམས་པའོ། །བཟོད་པ་རྣམ་པ་དགུ་ཡང་སྔ་མ་བཞིན་ནོ། །དེ་ལ་བཟོད་པའི་ངོ་བོ་ཉིད་གང་ཞེ་ན། ཁྱད་པར་རྣམ་པ་བཞི་པོ་རྟེན་གྱི་ཁྱད་པར་དང། གནས་ཀྱི་ཁྱད་པར་དང། དམིགས་པའི་ཁྱད་པར་དང། རྒྱུའི ་ཁྱད་པར་དང་ལྡན་པའི་ཇི་མི་སྙམ་པའོ། །དེ་ལ་རྟེན་གྱི་ཁྱད་པར་ནི། སོ་སོར་བརྟགས་པའི་སྟོབས་དང། བསྒོམས་པའི་སྟོབས་ལ་བརྟེན་པའོ། །གནས་ཀྱི་ཁྱད་པར་ནི་སེམས་ཅན་མཇའ་ཤེས་དང། དགྲ་བོ་དང། ཐ་མལ་པ ་བདེ་བ་དང། སྡུག་བསྔལ་བ་དང། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ཐམས་ཅད་ལ་གནས་པའོ། །དམིགས་པའི་ཁྱད་པར་ནི་གནོད་པ་དང། སྡུག་བསྔལ་བ་དང། ཆོས་རྟོག་པ་ཐམས་ཅད་ལ་དམིགས ་བའོ། །རྒྱུའི་ཁྱད་པར་ནི་ཟང་ཟིང་མེད་པའི་སེམས་དང། སྙིང་རྗེ་འབའ་ཞིག་གིས་ཇི་མི་སྙམ་པའོ། །བཟོད་པ་ཐམས་ཅད་གང་ཞེན་རྣམ་པ་གཉིས་ཏེ། ཁྱིམ་པའི་ཕྱོགས་ལ་བརྟེན་པ་དང། རབ་ཏུ་བྱུང་བའི་ཕྱོགས་ལ་བརྟེན་པའོ ་དེ་ཡང་ཅི་རིགས་བར་རྣམ་པ་གསུམ་སྟེ། གཞན་གནོད་བ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་དང། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང། ཆོས་ལ་ངེས་བར་སེམས་དཔའ་ལ་མོས་བའི་བཟོད་པའོ། །དཀའ་བའི་བཟོད་པ་གང་ཞེ་ན ་རྣམ་བ་གསུམ་སྟེ། སེམས་ཅན་ཉམ་ཆུང་བ་རྣམས་ཀྱིས་གནོད་པ་བྱས་པ་བཟོད་པ་དང། བདག་ཉིད་རྗེ་དཔོན་དུ་གྱུར་པ་བྲན་གཡོག་གི་གནོད་པ་བྱས་པ་བཟོད་པ་དང། སེམས་ཅན་བདག་པས་རིགས་དང་རུས་ཆེན་དམན་པ་དག་གིས་གནོད་པ་མཆོད ་ཏུ་ཆེན་པོ་བྱས་པ་བཟོད་པའོ། །ཐམས་ཅད་ཀྱི་སྒོ་ནས་བཟོད་པ་གང་ཞེ་ན་རྣམ་པ་བཞི་སྟེ། མཛའ?་པོ་དང། མི་མཛའ་བ་དང། ཐ་མལ་པ་དང། གསུམ་ཆར་གྱི་དམའ་བ་དང། མཚུངས་པ་དང་ལྷག་པ་རྣམས་ཀྱིས་གནོང་པ་བྱས་པ་བཟོང་པའོ། །སྐྱེས་བུ་དམ ་པའི་བཟོད་པ་གང་ཞེ་ན་རྣམ་པ་ལྔ་སྟེ། བཟོད་པ་ལ་ཕན་ཡོན་དུ་ལྟ་པ་དང། བདག་ཉིད་ཀྱིས་ཀྱང་བཟོད་པ་དང། གཞན་ཡང་བཟོད་པ་ཡང་དག་པར་འཛིན་དུ་འཇུག་པ་དང། བཟོད་པའི་བསྡགས་པ་བརྗོད་པ་དང། གང་ཟག་བཟོད་པ་ཅན་མཐོང་བ ་ཡང་ཡིད་དགའ་བའོ། །རྣམ་པ་ཐམས་ཅད་ཀྱི་བཟོད་པ་གང་ཞེ་ན། ཡོན་ཏན་རྣམ་པ་དྲུག་དང་རྣམ་པ་བདུན་ཏེ། སྦྱིར་བསྡོམ་ན་རྣམ་པ་བཅུ་གསུམ་མོ། །དེ་ལ་ཡོན་ཏན་རྣམ་པ་དྲུག་ནི། རྣམ་པར་སྨིན་པས་འཇིགས་པས་བཟོད་པ་དང། བྱམས་པS ་བཟོད་པ་དང། བྱང་ཆུབ་འདོད་པའི་རྒྱུས་བཟོད་པའོ། །ཆོས་ཡང་དག་པར་བླངས་པས་བཟོད་པ་དང། རང་བཞིན་གྱིས་བཟོད་པ་དང། ཆོས་ལ་ངེས་པར་སེམས་པས་བཟོད་པའོ། །རྣམ་པ་རྣམ་པ་བདུན་ནི་གནོད་པ་དང། ཡུལ་དང་།དུས་དང། གནས་སྐབས་དང། ལུས ་དང། དག་དང་།ཡིད་གྱི་རྣམ་པ་ཐམས་ཅད་ཀྱི་བཟོད་པའོ། །ཕོངས་ཤིང་འདོད་པ་ལ་བཟོད་པ་གང་ཞེ་ན་རྣམ་པ་བརྒྱད་དེ། སློངས་མོ་པ་སྡུག་བསྔལ་བ་རྣམས་ལས་སློང་བའི་གནོད་པ་བཟོད་པ་དང། སེམས་ཅན་མ་རུངས་པ་སྡིག་པ་ཆེན་པོའི་ལས་བྱེད ་པ་རྣམས་ཆོས་ཀྱི་སྙིང་རྗེ་ཆེན་པོ་ལ་བརྟེན་ནས་ཀུན་ནས་མནར་སེམས་མི་བྱེད་བའི་བཟོད་པ་དང། རབ་ཏུ་བྱུང་བ་ཚུལ་ཁྲིམས་འཆལ་པ་རྣམས་ལ་ཆོས་ཀྱི་སྙིང་རྗེ་ཆེན་པོ་ལ་བརྟེན་ནས་ཀུན་ནས་མནར་སེམས་མི་བྱེད་པ་དང། བཙལ་བ་རྣམས ་པ་ལྔ་པོ་སེམས་ཅན་སྡུག་བསྔལ་བ་རྣམས་ཀྱི་སྡུག་བསྔལ་བ་སེལ་བའི་ཕྱིར་འབད་པ་དང། ཆོས་རྣམས་ཡོངས་སུམ་ཙལ་བ་དང། ཆོས་ཀྱི་རྗེས་སུ་མཐུན་པའི་ཚེས་སྒྲུབ་པ་དང། ཆོས་དེ་དག་ཉིད་གཞན་དག་ལ་རྒྱ་ཆེར་བསུན་པ ་དང། སེམས་ཅན་གྱི་བྱེད་པ་རྣམས་དང། བྱ་བ་རྣམས་ལ་ཡང་དག་པའི་གྲོགས་སུ་འགྲོ་བའི་བརྩལ་བ་མི་བརྗོད་པའ?། །འདི་དང་གཞན་དུ་བདེ་བར་འགྱུར་པའི་བཟོད་པ་གང་ཞེ་ན་རྣམ་པ་དགུ་སྟེ། གྲང་བ་དང། ཆེ་བ་དང། བཀྲེས་པ་དང། སྐོམ་པ་དང་།སྤང་བུས་རིན་པ ་དང། ཤ་སྦྲང་གིས་ཟིན་པ་དང། རླུང་དང། ཉི་མ་དང། སྡིག་སྤྲུལ་དང། ལུས་དང། སེམས་དུབ་པ་དང། འཁོར་བའི་སྡུག་བསྔལ་བཟོད་པའོ། །རྣམ་པར་དག་པའི་བཟོད་པ་གང་ཞེ་ན་རྣམ་པ་བཅུ་སྟེ། གནོད་པ་བྱས་པ་ལ་ཕྱིས་གནོད་པ་དང། འཁྲུག་པ ་དང། དགྲའ་བསིམ་པ་མི་འཛིན་པ་དང། སྔར་ཇི་ལྟར་བཞིན་དུ་ཕྱིས་ཀྱང་ཕན་གདགས་པའི་ཕྱིར་བརྩོན་པར་བྱེད་པ་དང། གནོད་པར་བྱེད་བ་རྣམས་ལ་ཡང་བདག་ཉིད་ཀྱི་?་ཀྱིས་བྱེད་པར་བྱེད་བ་དང། མི་དགའ་བར་བྱས་ན་མི་དགའ་བར་གྱུར་ཀྱང་རུང་ཞེས ་གཞན་དག་འཆགས་སུ་མི་གཞུག་པ་དང་།དེ་ཉིད་ཀྱི་རྐྱེན་བྱས་ནས་མི་བཟོད་པ་ལས་བརྩམས་ཏེ། ཤེས་ཆེད་ངོ་ཆེ་ཤེས་པ་དང། ཁྲེལ་ཡོད་པ་དང་ལྡན་པ་དང། བཟོད་པ་ལས་བརྩམས་ཏེ་སྟོན་པ་ལ་ཤས་ཆེར་སྡུག་བར་འཛིན་ཅིང་གུས་པ་དང ་ལྡན་པ་དང། སེམས་ཅན་ལ་རྣམ་པར་ཐོ་མི་འཚམ་པ་ལས་བརྩམས་ཏེ། སེམས་ཅན་རྣམས་ལ་ཤས་ཆེར་སྙིང་རྗེ་བའི་བསམ་པ་དང་ལྡན་པ་དང་མི་བཟོད་བའི་ཆོས་གྲོགས་དང་བཅས་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སྤངས་པས་འདོད་པའི ་འདོད་ཆགས་དང་བྲལ་པའོ། །བརྩོན་འགྲུས་རྣམ་པ་དགུ་ཡང་སྔ་མ་བཞིན་ནོ། །དེ་ལ་བརྩོན་འགྲུས་ཀྱི་ངོ་བོ་ཉིད་གང་ཞེ་ན། ཁྱད་པར་རྣམ་པ་བཞི་བོ་དམིགས་པ་དང། རྣམ་པ་དང། སྦྱོར་བ་དང། རྒྱུ་མཐུན་པ་དང་ལྡན་པའི་ཡོངས་སུ་གཡོ་བའོ། །དང་དམིགS? ་བའི་དགེ་བའི་ཆོས་དཔག་ཏུ་མེད་པ་བསྡུ་པ་དང། སེམས་ཅན་གྱི་དོན་བྱ་བའི་ཕྱིར་རོ། །རྣམ་པ་ནི་སེམས་མངོན་པར་སྤྲོ་པའོ། །སྦྱོར་བ་ནི་སྦྱངས་པའི་བར་ཆད་མེད་པའི་ཕྱིན་ཅི་མ་ལོག་པའོ། །རྒྱུ་མཐུན་པ་ནི་དེ་ལས་བྱུང་བའི་ལུས་དང་ངག་དང་ཡིད་ཀྱིས་ཡོངས་སུ ་གཡོ་བའོ། །བརྩོན་འགྲུས་ཐམས་ཅད་གང་ཞེ་ན་རྣམ་པ་གཉིས་ཏེ། ཁྱིམ་པའི་ཕྱོགས་ལ་བརྟེན་པ་དང། རབ་ཏུ་བྱུང་པའོ་ཕྱོགས་ལ་བརྟེན་པའོ། །དེ་ཡང་ཅི་རིགས་པར་རྣམ་པ་གསུམ་སྟེ། གོ་ཆའི་བརྩོན་འགྲུས་དང། དགེ་བའི་ཕྱོགས་ཀྱིས་ཆོས ་བསྡུད་པ་དང། སེམས་ཅན་གྱི་དོན་བྱེད་པའོ། །དཀའ་བའི་བརྩོན་འགྲུས་གང་ཞེ་ན་རྣམ་པ་གསུམ་སྟེ། གོས་དང་ཟས་དང་མལ་ཆ་དང་སྟན་དང་བདག་དང་བདག་ཏུ་འདུ་ཤེས་ཀྱང་མི་བྱེད་པར་དག་པའི་ཆོས་རྣམས་བསྒོམ་པ་ལ་རྟག་ཏུ་རྒྱུན་མི་འཆད་པ ་ཞུགས་པ་དང། རིགས་མཐུན་པ་མ་བོར་གྱི་བར་དུ་དུས་ཐམས་ཅད་དུ་བརྩོན་འགྲུས་རྩོམ་པ་དེ་ལྟ་བུ་དེས་ཞུགས་པ་དང། མཉམ་པ་ཉིད་ཁོང་དུ་ཆུད་བའི་ཡོན་ཏན་དང་ལྡན་བ་ཧ་ཅང་ཞུམ་པ་ཡང་མ་ཡིན། ཧ་ཅང་གཏུགས་པ་ཡང་མ་ཡིན་ལ ་ཕྱིན་ཅི་མ་ལོག་ཅིང་དོན་དང་ལྡན་བའི་བརྩོན་འགྲུས་དང་ལྡན་པའོ། །ཐམས་ཅད་ཀྱི་སྒོ་ནས་བརྩོན་འགྲུས་གང་ཞེ་ན་རྣམ་པ་བཞི་སྟེ། ཉོན་མོངས་པ་ཅན་གྱི་ཆོས་རྣམ་པར་སྤོང་བར་བྱེད་པ་དང། དཀར་པོའི་ཆོས་འགྲུབ་པར་བྱེད་པ་དང། ལས་ཡོངས་སུ ་དག་པར་བྱེད་པ་དང། ཤེས་པ་རྣམ་པར་འཕེལ་བར་བྱེད་པའོ། །སྐྱེས་བུ་དམ་པའི་བརྩོན་འགྲུས་གང་ཞེ་ན། རྩོམ་པ་ལྔ་སྟེ། མ་བཏང་བ་དང། ཉམས་ལ་མྱོང་པ་དང། ཞུམ་པ་མེད་པ་དང། ཕྱིན་ཅི་མ་ལོག་པ་དང། བསྟན་ཏེ་སྦྱོར་བའོ། །རྣམ་པ ་ཐམས་ཅད་གྱི་བརྩོན་འགྲུས་གང་ཞེ་ན། ཡོན་ཏན་རྣམ་པ་དྲུག་དང་རྣམ་པ་བདུན་ཏེ། སྦྱིར་སྡོམ་ན་རྣམ་པ་བཅུ་གསུམ་མོ། །དེ་ལ་ཡོན་ཏན་རྣམ་པ་དྲུག་ནི། རྟག་པའི་བརྩོན་འགྲུས་དང། གུས་པའི་བརྩོན་འགྲུས་དང། རྒྱུ་མཐུན་པའི་ ་བརྩོན་འགྲུས་དང། སྦྱོར་བའི་ལས་བྱུང་བའི་བརྩོན་འགྲུས་དང། མི་འཁྲུག་པའི་བརྩོན་འགྲུས་དང། ཆོག་མི་ཤེས་པའི་བརྩོན་འགྲུས་སོ། །རྣམ་པ་བདུན་པོ་ནི་འདུན་པ་དང་ལྡན་པ་དང། མཐུན་པ་དང་ལྡན་པ་དང། ཁྱད་པར ་ཅན་དང། ཚོལ་བ་པོ་དང། བསླབ་པའི་བརྩོན་འགྲུས་དང། བདག་ཉིད་ཀྱིས་ཡང་དག་པར་སྦྱོར་བ་ཀུན་ནས་བསྲུང་ཞིང་འཁྲུལ་པ་ཆོས་བཞིན་དུ་ཕྱིར་འཆོས་པའི་བརྩོན་འགྲུས་སོ། ཕོངས་ཤིང་འདོད་པ་ལ་བརྩོན་འགྲུས་གང་ཞེ་ན ་རྣམ་པ་བརྒྱད་དེ། སློངས་མོ་པ་སྡུག་བསྔལ་བ་རྣམས་ལས་སློང་བའི་གནོད་པ་ལས་མངོན་པར་སྤྲོ་བ་དང། སེམས་ཅན་མ་རུང་པའི་སྡིག་བ་ཆེན་པོའི་ལས་བྱས་པ་རྣམས་ལ་ཆོས་ཀྱི་སྙིང་རྗེ་ཆེན་པོ་ལ་བརྟེན་ནས་དེ་དང་བྲལ་བའི་ཕྱིར་མངོན་བར་སྤྲོ་བ ་དང། རབ་ཏུ་བྱད་བ་ཚུལ་ཁྲིམས་འཆལ་པ་རྣམས་ལ་ཆོས་ཀྱི་སྙིང་རྗེ་ཆེན་པོ་ལ་བརྟེན་ནས་དེ་དང་བྲལ་བའི་མངོན་པར་སྤྲོ་བ་དང། བཙལ་བ་རྣམས་པ་ལྔ་པ་སེམས་ཅན་སྡུག་བསྔལ་བ་རྣམས་ཀྱི་སྡུག་བསྔལ་བསལ་བའི་ཕྱིར་འབད་བ་དང། ་ཆོས་རྣམས་ཡོངས་སུ་བཙལ་བ་དང། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་དང། ཆོས་དེ་དག་ཉིད་གཞན་དག་ལ་རྒྱ་ཆེར་བསྟན་པ་དང། སེམས་ཅན་གྱི་དོན་བྱེད་པ་དང། བྱས་རྣམས་ཡང་དག་པར་གྲོགས་སུ་འགྲོ་པའི་བརྩལ་པ་ལ་མངོན་པར་སྤྲོ་བའོ། ། ་འདི་དང་གཞན་དུ་བདེ་བར་འགྱུར་བའི་བརྩོན་འགྲུས་གང་ཞེ་ན་རྣམ་པ་དགུ་སྟེ། གྲང་བ་དང། ཚ་བ་དང། བཀྲེས་པ་དང། སྐོམ་པ་དང། སྤྲད་བུས་ཟིན་པ་དང། ཤ་སྒྲད་གིས་ཟིན་པ་དང། རླུང་དང། ཉི་མ་དང། སྡིག་སྦྲུལ་དང། ལུས་དང། སེམས་དུ་པ་པ་དང། ་འཁོད་བའི་སྡུག་བསྔལ་ལ་མངོན་པར་སྤྲོ་བའོ། །རྣམ་པར་དག་པའི་བརྩོན་འགྲུས་གང་ཞེན་རྣམ་པ་བཅུ་སྟེ། འཚམ་པ་དང། གོམས་པ་དང། མིག་མེད་བ་དང། ལེགས་པར་ཟིན་པ་དང། དུས་སུ་གོམས་པར་བརྩོན་པ་དང། མཚན་མ་རྟོགས་པ་དང ་ལྡན་པ་དང། ཞུན་པ་མེད་པ་དང། སྙོམས་པ་དང་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་པའོ། །བསམ་གཏན་རྔམ?་པ་དག་འང་སྔ་མ་བཞིན་ནོ། །དེ་ལ་བསམ་གཏན་གྱི་ངོ་བོ་ཉིད་གང་ཞེ་ན། ཁྱད་པར་རྣམ་པ་།བཞི་པོ་རྟེན་དང། རྣམ་པ་དང། ངོ་བོ་ཉིད་དང་ཕྱོགས་ཀྱིས་རབ་ཏུ་ཕྱེ་བའི་སེམས་རྩེ ་གཅིག་པ་ཉིད་དོ། །དེ་ལ་རྟེན་ནི་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཐོས་པ་དང། བསམས་པ་སྔོན་དུ་འགྲོ་བའོ། །རྣམ་པ་ནི་འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པའོ། །ངོ་བོ་ཉིད་ནི་སེམས་རྩ་གཅིག་པ་དགེ་བ་ལ་སེམས་གནས་པའོ། །ཕྱོགས་ནི་ཞི་གནས་ཀྱི་ཕྱོགས ་དང། ལྷག་མཐོང་གི་ཕྱོགས་དང། ཟུང་དུ་འབྲེལ་བའི་ལམ་གྱི་ཕྱོགས་གང་ཡིན་པའོ། །བསམ་གཏན་ཐམས་ཅད་གང་ཞེ་ན་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་དང། འཇིག་རྟེན་ལས་འདས་པའོ། །དེ་ཡང་ཅི་རིགས་པར་རྣམ་པ་གསུམ་སྟེ། ཚེ་འདི ་ལ་བདེ་བར་གནས་པ་བྱ་བའི་བསམ་གཏན་དང། བྱང་ཆུབ་སེམས་དཔའ་ཨི་ཏིང་ངེ་འཛིན་གྱི་ཡོན་ཏན་སྒྲུབ་པའི་བསམ་གཏན་དང། སེམས་ཅན་གྱི་དོན་བྱ་བའི་བསམ་གཏན་ན། །དཀའ་བའི་བསམ་གཏན་གང་ཞེ་ན་རྣམ་པ་གསུམ་སྟེ།། ་བྱང་ཆུབ་སེམས་དཔའ་བསམ་གཏན་ལ་གནས་པ་མངོན་པར་སྒྲུབ་པ་རྒྱ་ཆེན་པོ་རྣམ་པ་སྣ་ཚོགས་ཤིན་ཏུ་འདྲིས་པ་དག་གིས་གནས་ནས་?་ཤར?་བ་བསམ་གཏན་གྱི་བདེ་བ་མཆོག་དེ་བཟློག་སྟེ། སེམས་ཅན་གྱི་དོན་དུ་འདོད་བའི་ཁམས ་སུ་སྐྱེ་བ་དང། བྱང་ཆུབ་སེམས་དཔའ་བསམ་གཏན་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་ཨི་བསམ་གཏན་དཔག་ཏུ་མེད་གྲངས་མེད་པ་བསམ་གྱིས་མི་ཁྱབ་པ་ཉན་ཐོས་དང། རང་སངས་རྒྱས་ཀྱི་ཡུལ་ཐམས ་ཆར་ལས་ཡང་དག་པར་འདས་པ་མངོན་པར་སྒྲུབ་པ་དང། བྱང་ཆུབ་སེམས་དཔའ་བསམ་གཏན་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱ་བར་བྱེད་པའོ། །ཐམས་ཅད་ཀྱི་སྒོ་ནས་བསམ་གཏན་གང་ཞེན་རྣམ་པ་བཞི་སྟེ། ་རྟོག་པ་དང་བཅས་སྤྱོད་པ་དང་བཅས་པ་དང། དགའ་བ་དང་ལྡན་པ་དང། རིམ་པའི་བདེ་བ་དང་ལྡན་པ་དང། བཏང་སྙོམས་དང་ལྡན་པའོ། །སྐྱེས་བུ་དམ་པའི་བསམ་གཏན་གང་ཞེ་ན་རྣམ་པ་ལྔ་སྟེ། རོ་མྱང་བ་མེད ་པ་དང། བྱམས་པ་དང་ལྡན་པ་དང། སྙིང་རྗེ་དང་ལྡན་པ་དང། དགའ་བ་དང་ལྡན་པ་དང། བཏང་སྙོམས་དང་ལྡན་པའོ། །རྣམ་པ་ཐམས་ཅད་ཀྱི་བསམ་གཏན་གང་ཞེ་ན། ཡོན་ཏན་རྣམ་པ་དྲུག་དང། རྣམ་པ་རྣམ་པ་བདུན་ཏེ། སྤྱིར་སྡོམ་ན་རྣམ ་པ་བཅུ་གསུམ་མོ། །དེ་ལ་ཡོན་ཏན་རྣམ་པ་དྲུག་ནི། དགེ་བའི་བསམ་གཏན་དང། སྤྲུལ་པ་སྤྲུལ་པ་ལ་ལུང་དུ་མ་བསྟན་པའི་བསམ་གཏན་དང། ཞི་གནས་ཀྱི་ཕྱོགས་ཀྱི་བསམ་གཏན་དང། ལྷག་མཐོང་གི་ཕྱོགས་ཀྱི་བསམ་གཏན ་དང། བདག་དང་གཞན་གྱི་དོན་ལེགས་པར་ངེས་པའི་བསམ་གཏན་དང། མངོན་པར་ཤེས་པའི་མཐུ་ཡོན་ཏན་མངོན་པར་སྒྲུབ་པའི་བསམ་གཏན་ནོ། །རྣམ་པ་རྣམ་པ་བདུན་ནི་མིང་ལ་དམིགས་པ་དང། དོན་ལ་དམིགས་པ་དང། ཞི ་གནས་ཀྱི་མཚན་མ་ལ་དམིགས་པ་དང། རབ་ཏུ་འཛིན་པའི་མཚན་མ་ལ་དམིགས་པ་དང། བཏང་སྙོམས་ཀྱི་མཚན་མ་ལ་དམིགས་པ་དང། ཚེ་འདི་ལ་བདེ་བར་གནས་པ་དང། གཞན་གྱི་དོན་བྱ་བའི་བསམ་གཏན་ནོ། །ཕོངས་ཤིང་འདོད་པ ་ལ་བསམ་གཏན་གང་ཞེ་ན་རྣམ་པ་བརྒྱད་དེ། དུག་དང། ཐོག་དང། རིམས་དྲག་པོ་དང། འབྱུང་བ་དང། གདོན་ལ་སོགས་པའི་གནོད་པ་ཡང་དག་པར་ཞི་བ་སྒྲུབ་པའི་གསང་སྔགས་རྣམས་བྱིན་གྱིས་རློབ་པའི་བསམ་གཏན་དང ་ཁམས་ཁྲུགས་བ་ལས་གྱུར་བའི་ནང་རྣམ་པ་སྣ་ཚོགས་རྣམ་པར་ཞི་པར་བྱེད་པའི་བསམ་གཏན་དང། མུ་གེའི་དུ་འབོད་ཆེན་པོ་དག་བྱུང་བའི་ཚེ་ཆར་སྒྲུབ་པར་བྱེད་པའི་བསམ་གཏན་དང། མི་དང་མི་མ་ཡིན་པས་བྱས་པའི་འཇིགས་པ ་སྣ་ཚོགས་ཆུ་དང་སྐམ་ལ་ཡོང་པ་རྣམས་ལས་ལེགས་པར་ཡོངས་སུ་བསྐྱབ་པའི་བསམ་གཏན་དང། འདོག་དགོན་པ་ན་གནས་པ་ཟས་དང་སྐོམ་གྱིས་ཕོངས་པ་རྣམས་ལས་ཟས་སྐོམ་ཉེ་བར་བསྒྲུབ་པའི་བསམ་གཏན་དང། དབུལ་པོ་ལོངས་སྤྱོད་མེད ་པ་རྣམས་ཀྱི་ལོངས་སྤྱོད་ཉེ་བར་སྒྲུབ་པའི་བསམ་གཏན་དང། ཕྱོགས་བཅུ་དག་ན་སེམས་ཅན་བག་མེད་པ་རྣམས་ལ་ལེགས་པར་བསྐུལ་བའི་བསམ་གཏན་དང། སེམས་ཅན་གྱི་དོན་བྱ་བ་འབྱུང་ངོ་ཅོག་ལེགས་པར་བྱ་བའི་བསམ་གཏན་ནོ། །འདི་དང ་གཞན་དུ་བདེ་བར་འགྱུར་བའི་བསམ་གཏན་གང་ཞེ་ན། རྣམ་པ་དགུ་སྟེ། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱི་སེམས་ཅན་རྣམས་གདུལ་བའི་བསམ་གཏན་དང། ཀུན་བརྗོད་པའི་ཆོ་འཕྲུལ་དང་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱི་སེམས་ཅན་རྣམས་གདུལ ་བའི་བསམ་གཏན་དང། སྡིག་པ་བྱེད་བ་རྣམས་ལ་ངན་སོང་གིས་རྣམ་པར་སྟོན་པའི་བསམ་གཏན་དང། སེམས་ཅན་སྤོབས་པ་མེད་པ་རྣམས་ལ་སྤོབས་པ་ཉེ་བར་སྒྲུབ་པའི་བསམ་གཏན་དང། སེམས་ཅན་བརྗེད་ངས་བ་རྣམས་ལ་དྲན ་བ་ཉེ་བར་སྒྲུབ་པའི་བསམ་གཏན་དང། དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་པའི་ཕྱིར་ཕྱིན་ཅི་མ་ལོག་པའི་བསྟན་བཅོས་དང། སྙན་དངགས?་དང། མ་མོ་སྦྱར་བ་རྣམ་པར་བཞག་པའི་བསམ་གཏན་དང། འཇིག་རྟེན ་བ་རྣམས་ཀྱི་བཟོ་དང་ལས་ཀྱི་གནས་དོན་དང་ལྡན་པ་སེམས་ཅན་རྣམས་ལ་ཕན་པ་རྣམས་དང། ཡི་གེ་དང་རྩིས་དང། ཤོང་འགོང་པ་དང། གྲངས་དང། ལག་རྩིས་ལ་སོགས་པ་དང། ཁྲི་དང། ཁྲིའུ་དང། གདུགས་དང། ་ལྷ་མ་ལ་སོགས་པ་དང། གནོད་བྱེད་རྣམ་པ་སྣ་ཚོགས་རྣམ་པ་མང་པོ་རྣམས་འབྱུང་བར་བྱེད་པའི་བསམ་གཏན་དང། སེམས་ཅན་ངན་སོང་གི་སར་སྐྱེས་པ་རྣམས་ཀྱི་ངན་སོང་གི་སྡུག་བསྔལ་དེའི་མོད་ལ་བསལ་བའི་ཕྱིར ་འོད་ཟེར་འགྱེད་བའི་བསམ་གཏན་ནོ། །རྣམ་པར་དག་པའི་བསམ་གཏན་གང་ཞེ་ན་རྣམ་པ་བཅུ་སྟེ། འཇིག་རྟེན་པའི་རྣམ་པར་དག་པས་རྣམ་པར་དག་པ་རོ་མྱང་བ་མེད་པའི་བསམ་གཏན་དང། འཇིག ་རྟེན་ལས་འདས་པའི་དག་པས་དག་པ་ཉོན་མོངས་པ་ཅན་མ་ཡིན་པའི་བསམ་གཏན་དང། སྦྱོར་བའི་དག་པས་དག་པ་དང། དངོས་བཞི་ཐོབ་པས་དག་པ་དང། དངོས་གཞི་ལས་ཁྱད་པར་གོང་མ་རྣམ་པར་དག་པས་རྣམ་པར་དག་པའི་བས ་གཏན་དང། འཇུག་པ་དང། གནས་པ་དང། ལྡང་པ་ལ་དབང་རྣམ་པར་དག་པའི་བསམ་གཏན་དང། བསམ་གཏན་བཟློག་ནས་ཡང་སྙོམས་པར་འཇུག་པ་དབང་བ་རྣམ་པར་དག་པས་རྣམ་པར་དག་པའི་བསམ་གཏན་དང། མངོན ་པར་ཤེས་པས་རྣམ་པར་འཕྲུལ་པ་ལ་དབང་བ་རྣམ་པར་དག་པས་རྣམ་པར་དག་པའི་བསམ་གཏན་དང། ལྟ་བར་གྱུར་པ་ཐམས་ཅད་དང་བྲལ་བ་རྣམ་པར་དག་པས་རྣམ་པར་དག་པའི་བསམ་གཏན་དང། ཉོན་མོངས་པ་དང། ་ཤེས་བྱའི་སྒྲིབ་པ་སོང་ནས་རྣམ་པར་དག་པས་རྣམ་པར་དག་པའི་བསམ་གཏན་ནོ། །ཤེས་རབ་རྣམ་པ་དགུ་ཡང་སྔ་མ་བཞིན་ནོ། །དེ་ལ་ཤེས་རབ་ཀྱི་ངོ་བོ་ཉིད་གང་ཞེ་ན། ཁྱད་པར་རྣམ་པ་གསུམ་པོ་རྣམ་པར་བཞག་པ་དང། ངོ་བོ ་ཉིད་དང་དམིགས་པས་རབ་ཏུ་ཕྱེ་བའི་ཆོས་རབ་ཏུ་རྣམ་པར་དབྱེ་བའོ། །དེ་ལ་རྣམ་པར་བཞག་པ་ནི། ཤེས་བྱ་ཐམས་ཅད་ལ་འཇུག་པ་དང། ཤེས་བྱ་ཐམས་ཅད་ལ་ཞུགས་པའོ། །ངོ་བོ་ཉིད་ནི་ཆོས་རྣམ་པ་རབ་ཏུ་རྣམ་པར་འབྱེད ་པའོ། །དམིགས་པ་ནི་རིག་པའི་གནས་ལྔ་ལ་དམིགས་ནས་འཇུག་པའོ། །ཤེས་རབ་ཐམས་ཅད་གང་ཞེ་ན་རྣམ་པ་གཉིས་ཏེ། འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པའོ། །དེ་ཡང་ཅི་རིགས་པར་རྣམ་པ་གསུམ་སྟེ། ཤེས་བྱ ་ལ་དེ་ཁོ་ན་ཁོང་དུ་ཆུད་པའི་རྟོགས་པར་བྱེད་པ་དང། རིག་པའི་གནས་ལྔ་དང། ཚོགས་གསུམ་ལ་མཁས་པར་བྱེད་པ་དང། སེམས་ཅན་གྱི་དོན་བྱེད་པའི་ཤེས་རབ་པོ། །དཀའ་བའི་ཤེས་རབ་གང་ཞེ་ན་རྣམ་པ་གསུམ་སྟེ་ཆོས་བདག་མེད་པ་ཟབ་མོ ་ཤེས་པར་དཀའ་བ་ཤེས་པའི་ཤེས་རབ་དང། །སེམས་ཅན་རྣམས་གདུལ་བའི་ཐབས་ཤེས་པར་དགའ་བའི་ཤེས་རབ་དང། ཤེས་བྱ་ཐམས་ཅད་ལ་སྒྲིབ་པ་མེད་པ་ཤེས་པ་མཆོག་ཏུ་དཀའ་བ་ཤེས་པའི་ཤེས་རབ་པོ། །ཐམས་ཅད་ཀྱི་སྒོ་ནས་ཤེས་རབ་གང ་ཞེ་ན་རྣམ་པ་བཞི་སྟེ། ཉན་ཐོས་ཀྱི་སྡེ་སྣོད་དང། བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ལས་བརྩམས་ཏེ། ཐོས་པ་ལས་བྱུང་བའི་ཤེས་རབ་དང། བསམས་པ་ལས་བྱུང་བའི་ཤེས་རབ་དང། སོ་སོར་བརྟགས་ནས་བྱང་ཆུབ་སེམས་དཔའ་ཨི་བྱ་བ ་ལ་འཇུག་པ་དང། བྱ་བ་མ་ཡིན་པ་ལས་ལྡོག་པ་སོ་སོར་བརྟགས་པའི་སྟོབས་ཀྱིས་བསྡུས་པའི་ཤེས་རབ་དང། བསྒོམ་པའི་སྟོབས་ཀྱིས་བསྡུས་པ་མཉམ་པར་བཞག་པའི་ས་ཤེས་རབ་ཚད་མེད་པའོ། །སྐྱེས་བུ་དམ་པའི་ཤེས་རབ་གང ་ཞེ་ན་རྣམ་པ་ལྔ་སྟེ། དམ་པའི་ཆོས་མཉམས་པས་ཡང་དག་པར་ཐོབ་པ་དང། སོ་སོ་ནང་གི་ཚུལ་བཞིན་ཡིད་ལ་བྱེད་པ་དང་ལྡན་པ་དང། བདག་དང་གཞན་གྱི་དོན་བསྒྲུབ་པའི་ཐབས་དང་ལྡན་པ་དང། ཆོས་རྣམས་ཀྱི་ཆོས་གནས་པ་ཆོས ་རྣམ་པར་གནས་པ་ཕྱིན་ཅི་མ་ལོག་པ་ལས་བརྩམས་ཏེ། ཤིན་ཏུ་རྣམ་པར་གཏན་པ་ལ་འབེབས་པའི་ཤེས་རབ་དང། ཉོན་མོངས་པ་རྣམ་པར་སྤངས་པའི་ཤེས་རབ་པོ། །རྣམ་གྲངས་གཞན་ཡང་ཤེས་བྱ་ཇི་ལྟ་བ་བཞིན་དུ་ཡོད ་པ་ཉིད་ལ་འཇུག་པའི་ཕྱིར་ཕྲ་བ་དང། ཤེས་བྱ་ཇི་སྙེད་ཡོད་པ་དེ་ཉིད་ལ་འཇུག་པའི་མཁས་པ་དང། ཡེ་ཤེས་ཀྱི་ཚོགས་སྔར་ཡང་དག་པར་ཐོབ་པའི་ཕྱིར་ལྷན་ཅིག་སྐྱེས་པ་དང། སངས་རྒྱས་རྣམས་དང་ས་ཆེན་པོ་ལ་བཞུགས་པའི་བྱང ་ཆུབ་སེམས་དཔའ་རྣམས་ཀྱིས་ཡང་དག་པར་བསྟན་པའི་ཆོས་དང། དོན་ལེན་ཅིང་འཛིན་པའི་ཕྱིར་ལུང་དང་ལྡན་པ་དང། བསམ་པ་དག་པའི་ས་ཡན་ཆད་མཐར་ཐུག་པར་འགྲོ་བའི་ས་མན་ཆད་ཡོངས་སུ ་གཟུང་པའི་ཕྱིར་རྟོགས་པ་དང་ལྡན་པའོ། །རྣམ་པ་ཐམས་ཅད་ཀྱི་ཤེས་རབ་གང་ཞེ་ན། ཡོན་ཏན་རྣམ་པ་དྲུག་དང། རྣམ་པ་རྣམ་པ་བདུན་ཏེ། སྤྱིར་སྡོམ་ན་རྣམ་པ་བཅུ་གསུམ་མོ། །དེ་ལ་ཡོན་ཏན་རྣམ་པ་དྲུག་ནི་བདེན་པ་རྣམས་ལ་སྡུག ་བསྔལ་ཤེས་པ་དང། ཀུན་འབྱུང་བ་ཤེས་པ་དང། འགོག་པ་ཤེས་པ་དང། ལམ་ཤེས་པ་དང། མཐར་ཐུག་པ་ཟད་པར་ཤེས་པ་དང། མི་སྐྱེ་བ་ཤེས་པའོ། །རྣམ་པ་རྣམ་པ་བདུན་ནི། ཆོས་ཤེས་པ་དང། རྗེས་སུ་རྟོགས་པ་ཤེས་པ ་དང། ཀུན་རྫོབ་ཤེས་པ་དང། མངོན་པར་ཤེས་པའི་ཤེས་པ་དང། མཚན་ཉིད་ཤེས་པ་དང། སྟོབས་བཅུ་སྔོན་དུ་འགྲོ་བའི་ཤེས་པ་དང། རིགས་པ་བཞི་པོ་དག་ལ་རིགས་པ་ཤེས་པའོ། །ཕོངས་ཤིང་འདོད་པ་ལ་ཤེས་རབ་གང་ཞེ་ན་རྣམ ་པ་བརྒྱད་དེ། ཆོས་རྣམས་ཀྱི་རྣམ་གྲངས་ཤེས་པ་ལས་བརྩམས་ཏེ། བྱང་ཆུབ་སེམས་དཔའ་ཨི་ཆོས་ཡང་དག་པར་རིག་པ་དང། ཆོས་རྣམས་ཀྱི་མཚན་ཉིད་ཤེས་པ་ལས་བརྩམས་ཏེ། དོན་སོ་སོ་ཡང་དག་པར་རིག་པ་དང། ཆོས་རྣམས ་ཀྱི་དེས་པའི་ཚིག་ཤེས་པ་ལས་བརྩམས་ཏེ། དེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང། ཆོས་རྣམ་ཀྱི་རྣམ་པའི་གཞི་རབ་ཏུ་དབྱེ་བ་ལས་བརྩམས་ཏེ། སྤོབས་པ་སོ་སོར་ཡང་དག་པར་རིག་པ་དང། ཕས་ཀྱི་རྒོལ་བ་ཐམས་ཅད་ཚར ་གཅོད་པའི་བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་དང། བདག་གི་སྨྲ་བ་རྣམ་པར་བཞག་པ་ཐམས་ཅད་རྣམ་པར་འཇོག་པའི་ཤེས་རབ་དང། ཁྱིམ་རྒྱུད་ལེགས་པར་སྐྱང་བ་དང། ཁྱིམ་འབྱོར་པར་བྱ་བའི་ཤེས་རབ་དང། རྒྱལ་པོའི་ཚུལ ་དང་འཇིག་རྟེན་པའི་ཐ་སྙད་ཀྱི་ཚུལ་རྣམས་ལ་བྱང་ཆུབ་སེམས་དཔའ་ཨི་ངེས་པའི་ཤེས་རབ་བོ། །འདི་དང་གཞན་དུ་བདེ་བར་འགྱུར་བའི་ཤེས་རབ་གང་ཞེ་ན་རྣམ་པ་དགུ་སྟེ། ནང་གི་རིག་པ་ལ་ཤིན་ཏུ་རྣམ་པར་བྱང་ཞིང་རབ་ཏུ་གནས ་པའི་ཤེས་རབ་དང། གསོ་བའི་རིག་པ་དང། གཏན་ཚིགས་ཀྱི་རིག་པ་དང། སྒྲའི་རིག་པ་དང། འཇིག་རྟེན་པའི་བཟོ་དང། ལས་ཀྱི་གནས་ཀྱི་རིག་པ་ལ་ནི་ཤིན་ཏུ་རྣམ་པར་བྱང་ལ། རབ་ཏུ་གནས་པ་མ་ཡིན་པའི་ཤེས་རབ་དང། ་རིག་པའི་གནས་ལྔ་པོ་ཤིན་ཏུ་རྣམ་པར་བྱང་བ་དེ་དག་ཉིད་ལ་བརྟེན་ནས་གདུལ་བ་རྨོངས་པ་རྣམས་དང། བག་མེད་པ་རྣམས་དང། ཞུམ་པ་རྣམས་དང། ཡང་དག་པར་ཞུགས་པ་གཞན་དག་ལ་གོ་རིམ་བཞིན་དུ་ཡང་དག་པར ་བསྟན་པ་དང། ཡང་དག་པར་འཛིན་དུ་གཞུག་པ་དང། ཡང་དག་པར་གཟེང་བསྟོད་པ་དང། ཡང་དག་པར་རབ་ཏུ་དགའ་བར་བྱ་བ་བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་གང་ཡིན་པའོ། །རྣམ་པར་དག་པའི་ཤེས་རབ་གང་ཞེ་ན་རྣམ་པ་བཅུ་པ ་སྟེ། དེ་ཁོ་ནའི་དོན་ཇི་སྙེད་ཡོད་པ་ཉིད་དང། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་འཛིན་པའི་ཕྱིར་དེ་ཁོ་ནའི་དོན་རྣམ་པ་གཉིས་དང། རྒྱུ་དང་འབྲས་བུ་ལེགས་པར་འཛིན་པའི་ཕྱིར་འཇུག་པའི་དོན་རྣམ་པ་གཉིས་དང། ཕྱིན་ཅི་མ་ལོག་པ་དང་ཕྱིན ་ཅི་མ་ལོག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་ཕྱིར་ལན་པའི་དོན་རྣམ་པ་གཉིས་དང་བྱ་བ་དང་བྱ་བ་མ་ཡིན་པ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་ཕྱིར་ཐབས་ཀྱི་དོན་རྣམ་པ ་གཉིས་དང། ཀུན་ནས་ཉོན་མོངས་པ་ལ་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་ལ་རྣམ་པར་བྱང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་ཕྱིར་མཐར་ཐུག་པའི་དོན་ཀྱང་རྣམ་པ་གཉིས་ཏེ། ཤེས་རབ་རྣམ་པ་ལྔའི? ་རབ་ཏུ་དབྱེ་བ་བཅུ་པོ་དེ་དག་ནི། རྣམ་པར་དག་པ་མཆོག་གིས་རྣམ་པར་དག་པར་རིག་པར་བྱའོ། །བདག་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཐབས་ལ་མཁས་པའི་ཚིག་གི་དོན ་ལ་སོགས་པ་བཤད་ཟིན་ཏོ། །དེའི་འོག་ཏུ་གནས་དང་གནས་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། གནས་དང་གནས་པ་ལ་མཁས་པ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་བསླབ་པ་གསུམ་དུ་བསྡུས ་པ་ལས་བསླབ་པ་གསུམ་པོ་སྔ་མ་སྔ་མ་ནི་གནས་ཡིན་ལ། ཕྱི་མ་ཕྱི་མ་ནི་གནས་པ་ཡིན་ཏེ། དེ་ལ་མཁས་པར་བྱ་བའི་དོན་འདིར་བསྟན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་གཞི་དྲུག་པོ་དེ ་དག་ལས་དེ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལགས་ཞེས་བྱ་བ་ལ་སོགས་པ་ཞུས་སོ། །དང་པོ་གསུམ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་སྦྱིན་པ་དང། ཚུལ་ཁྲིམས་དང། ་བཟོད་པ་དང་གསུམ་སྟེ། སྦྱིན་པ་ནི་ཚུལ་ཁྲིམས་ཡང་དག་པར་ལེན་པའི་རྒྱུ་ཡང་ཡིན། མི་འཇིགས་པ་སྦྱིན་པ་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་ཀྱང་ཡིན་ལ་ཚུལ་ཁྲིམས་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་ཡིན། བཟོད་པ་ནི ་ཚུལ་ཁྲིམས་ཀྱི་འཁོར་ཡིན་པའི་ཕྱིར་རོ། །བསམ་གཏན་ནི་ལྷག་པའི་སེམས་ཀྱི་བསླབ་པ་ཡིན་ནོ་ཞེས་བྱ་བ་ནི་སེམས་རྩེ་གཅིག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཤེས་རབ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡིན་ནོ ་ཞེས་བྱ་བ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །བརྩོན་འགྲུས་ནི་ཀུན་ཏུ་འགྲོ་བ་ཡིན་པར་བ?་སྨྲའོ་ཞེས་བྱ་བ་ནི་དགེ་བའི་ཆོས་ཐམས་ཅད་ལ་སྦྱོར་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །བསླབ་པ? ་གསུམ་གྱི་གྲངས་དང། གོ་རིམ་དང། ངེས་པའི་ཚིག་དང། ཡོད་པ་དང་མེད་པ་ལ་སོགས་པ་རྒྱ་ཆེར་ནི་སྔར་འབྲས་བུ་ལ་མཁས་པའི་སྐབས་སུ་བསྟན་པ་བཞིན་དུ་རིག་པར་བྱའོ། །གནས་པ་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ ་དེའི་འོག་ཏུ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ཐབས་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། མངོན་པར་མཐོ་བ་དང། ངེས་པར་ལེགས་པར་ཐབས་ལ་མཁས་པ་ཞེས་བྱ་བ་ལ་མངོན་པར་མཐོ་བ་ནི་མཐོ ་རིས་སོ། །ངེས་པར་ལེགས་པ་ནི་མྱ་ངན་ལས་འདས་པའོ། །ཐབས་ནི་དེ་གཉིས་ཀ་ཐོབ་པའི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཏེ། དེ་ལ་མཁས་པར་བྱ་བའི་དོན་འདིར་བསྟན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ ་ལྡན་འདས་བསླབ་པའི་གཞི་དྲུག་པོ་དེ་དག་ལས་དུ་ནི་བསོད་ནམས་ཀྱི་ཚོགས་ལགས་ཞེས་བྱ་བ་ལ་སོགས་པ་ཞུས་སོ། །ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་གང་ཡིན་པ་དེ་ནི་བསོད་ནམས་ཀྱི་ཚོགས་ཡིན་ནོ་ཞེས་བྱ་བ་ནི་སྦྱིན་པ ་དང། ཚུལ་ཁྲིམས་དང། བཟོད་པ་སྟེ། བསོད་ནམས་བྱ་བའི་དངོས་པོ་གསུམ་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་སྦྱིན་པ་ནི་སྦྱིན་པ་ལས་བྱུང་བའི་དངོས་པོ་ཡིན་ལ་དེས་ནི་ལོངས་སྤྱོད་ཕུན་སུ་ཚོགས་པ་ཐོབ་པོ་།ཚུལ་ཁྲིམས་ནི ་ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཡིན་ལ། དེ་ནི་ལུས་ཕུན་སུམ་ཚོགས་པ་ཐོབ་བཟོད་པ་ནི་ཚད་མེད་པ་བཞི་ལ་སོགས་པ་བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཡིན་ལ་དེས་ནི་འཁོར ་ཕུན་སུམ་ཚོགས་པ་ཐོབ་པས་ན། ལོངས་སྤྱོད་དང་ལུས་དང་འཁོར་ཕུན་སུམ་ཚོགས་པའི་རྒྱུ་བསོད་ནམས་ཀྱི་ཚོགས་དེ་ནི་མངོན་བར་མཐོ་བའི་ཐབས་ཡིན་ནོ། །ལྷག་པའི་ཤེས་རབ་ཀྱི་བསླབ་པ་གང་ཡིན་པ་དེ་ནི་ཡེ་ཤེས་ཀྱི་ ་ཚོགས་ཡིན་ནོ་ཞེས་བྱ་བ་ནི་ཤེས་རབ་སྟེ། ཡེ་ཤེས་ནི་ཤེས་བྱ་ལ་ཕྱིན་ཅི་མ་ལོག་པར་ཀུན་རྫོབ་ཀྱི་བདེན་པ་དང། ཇི་སྙེད་ཡོད་པ་ཉིད་དང། རྣམ་གྲངས་འཛིན་པ་ཡིན་ལ། ཤེས་རབ་བྱང ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་དོན་དམ་པའི་བདེན་པ་དང། ཇི་ལྟ་བ་བཞིན་དུ་ཡོད་པ་དང། མཚན་ཉིད་འཛིན་པ་ཡིན་པས་བདེན་པ་གཉིས་ཕྱིན་ཅི་མ་ལོག་པར་ཤེས་པའི་ཤེས་པ་དང། མཐོང་བས་ནི་མྱ་ངན་ལས་འདས་པ་ཐོབ་བའི ་ཕྱིར་ཡེ་ཤེས་ཀྱི་ཚོགས་དེ་ནི་ངེས་པར་ལེགས་པའི་ཐབས་ཡིན་ནོ། །བརྩོན་འགྲུས་དང་བསམ་གཏན་ནི་ཀུན་ཏུ་འགྲོ་བ་ཡིན་པར་ད་སྨྲའོ་ཞེས་བྱ་བ་ནི་བརྩོན་འགྲུས་དང་བསམ་གཏན་ལ་བརྟེན་ནས་ནི་སྦྱིན་པ་སྦྱིན་པ་དང། ཚུལ་ཁྲིམས ་ཡང་དག་པར་ལེན་ཅིང་བསྲུང་བ་དང། བྱམས་པ་ལ་སོགས་པ་ཚད་མེད་པ་བསྒོམ་པ་ལ་སོགས་པ་ནི་བསོད་ནམས་ཀྱི་ཕྱོགས་ཡིན་ནོ། །དེ་གཉིས་ལ་བརྟེན་ནས་ཤེས་རབ་རྣམ་པ་གསུམ་ལ་སྦྱོར་བར་བྱེད་ཅིང། མཁས་པར་བྱ་བའི ་ཐམས་ཅད་ལ་མཁས་པ་དང། བདེན་པ་རྣམས་ལ་སོ་སོར་རྟོག་པ་དང། དགེ་བ་དང་མི་དགེ་བའི་ཆོས་ལ་སོགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་འབྱེད་ཅིང་སོ་སོར་རྟོག་པ་ནི་ཡེ་ཤེས་ཀྱི་ཕྱོགས་ཡིན་ནོ། །བསོད་ནམས ་དང་ཡེ་ཤེས་ལ་ནི་རྒྱུ་ཡང་ཡོད། འབྲས་བུ་ཡང་ཡོད་དེ། རྒྱུ་ནི་རྣམ་པ་གསུམ་སྟེ། བསོད་ནམས་དང་ཡེ་ཤེས་མཐོང་བ་དང། གནས་པ་དང། འཕེལ་བར་འགྱུར་ལ་འདུན་པ་དང་།མཐུན་པ་ལ་མི་མཐུན་པ་མེད་པའི་རྐྱེན་དང། ་སྔོན་ཡང་བསོད་ནམས་དང་ཡེ་ཤེས་ལ་གོམས་པའོ། །འབྲས་བུ་གང་ཞེ་ན། བསོད་ནམས་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་གནོད་པ་མེད་པར་འཁོར་བར་འཁོར་ཞིང་སྡུག་བསྔལ་དག་གིས་ཤིན་ཏུ་གཟིར་བ་མེད་པ་དང། ་ཅི་དགའ་མགུར་སེམས་ཅན་གྱི་དོན་དང། ཕན་འདོགས་ནུས་པར་འགྱུར་ཏེ། དེ་གཉིས་ནི་བསོད་ནམས་ཀྱི་འབྲས་བུའོ། །ཡེ་ཤེས་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་ཡང་དག་པར་བསོད་ནམས་ཡོངས་སུ་འཛིན་པར་བྱེད་ཀྱི་ལོག་པས ་མ་ཡིན་པ་དང། མཁས་པར་བྱ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་གིས་ཀྱང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་བར་དུ་འགྱུར་ཏེ། དེ་གཉིས་ནི་ཡེ་ཤེས་ཀྱི་འབྲས་བུ་ཡིན་ནོ། །དེ་ལྟར་བསོད ་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱུ་དང་འབྲས་བུར་བཅས་པ་དེ་ནི་མངོན་པར་མཐོ་བ་དང། ངེས་པར་ལེགས་པའི་ཐབས་ཡིན་ནོ། །མངོན་པར་མཐོ་བ་དང། ངེས་པར་ལེགས་པའི་ཐབས་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད ་ཟིན་ཏོ། །དེའི་འོག་ཏུ་ལེགས་པར་ཤིན་ཏུ་བསླབ་པ་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ལེགས་པར་ཤིན་ཏུ་བསླབ་པ་ལ་མཁས་པ་ཞེས་བྱ་བ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ལེགས་པར་ཤིན་ཏུ་བསླབ་པ་སྟེ། ་དེ་ལ་མཁས་པར་བྱ་བའི་དོན་འདིར་བསྟན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་བསླབ་པའི་གཞི་དྲུག་པོ་དེ་དག་ལ་བྱང་ཆུབ་སེམས་དཔས་ཇི་ལྟར་བསླབ་པར་བགྱི་ལགས་ཞེས་བྱ་བ་ཞུས་སོ། །དེ་ནི ་རྣམ་པ་ལྔས་ཤེས་པར་བྱ་སྟེ། ཁམས་རྟས་པ་དང། ཚོགས་ཡང་དག་པར་སྒྲུབ་པ་དང། ལེགས་པ་ལས་ཡོངས་སུ་མི་ཉམས་པ་དང། སོམ་ཉི་མེད་པ་དང། གནས་སྐབས་ཀྱིས་སོ། །དེ་ལ་ཁམས་རྟས་བ་ཞེས་བྱ་བ་ནི། བྱང་ཆུབ ་སེམས་དཔའ་ཨི་རིགས་ཡང་དག་པར་བསྒྲུབས་པ་ལ་གནས་པའི་ཁམས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པས་རྟས་པ་སྟེ། དེ་ནི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དམ་པའི་ཆོས་བསྟན་པ།། བྱང་ཆུབ་སེམས་དཔའ་ཨི་སྡེ་གནོད་ལ་ཐོག་མ་ཁོ་ནར ་ཤིན་ཏུ་མོས་པ་ཞེས་བྱ་བ་བསྟན་ཏེ། སེམས་ཅན་རང་བཞིན་གྱིས་གནས་བའི་རིགས་ཅན་གྱི་དེ་བཞིན་གཤེགས་པའི་ཐེག་པ་མངོན་པར་རྫོགས་པའི་རིགས་ཡང་དག་པར་བསྒྲུབས་པའི་ཁམས་བླ་ན་མེད་པའི་བྱང་ཆུབ་དུ ་སེམས་བསྐྱེད་པས་རྟས་པར་གྱུར་པའི་བྱང་ཆུབ་སེམས་དཔའ་ཨི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དམ་པའི་ཆོས་བསྟན་པའི་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ལ་ཐོག་མ་ཁོ་ནར་ཤིན་ཏུ་མོས་པ་ཞེས་བྱ་སྟེ། དེ་ལྟ་བུས་བསླབ་པའི་གཞི་དྲུག་པ་དེ་དག་ལ ་ལེགས་པར་ཤིན་ཏུ་བསླབ་པར་བྱའོ་ཞེས་སྟོན་ཏོ། །དེ་ལ་ཐོག་མ་ཁོ་ནར་ཤིན་ཏུ་མོས་པ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པའི་ཁམས་ནི་སངས་རྒྱས་ཀྱི་ཆོས་རྣམས་ལ་ཐོབ་པར་ནུས་པར་ཡིད་ཆེས་པས་རབ་ཏུ་ཕྱེ་བ་ཡིད ་ཏེ། མོས་པའི་ཁཾས་དེ་བླ་ན་མེད་པར་བྱང་ཆུབ་ཏུ་སེམས་བསྐྱེད་པས་རྟས་པའི་དུས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པའི་གནས་པ་ནི་རྣམ་པ་བརྒྱད་དེ། མཆོག་གི་གནས་དང། རྒྱ་ཆེ་བའི་གནས་དང། ཟབ་པའི་གནས་དང། རྒྱུ་རིགས ་པའི་གནས་དང། འབྲས་བུ་རིགས་བའི་གནས་དང། རྟོགས་པར་བྱ་བའི་གནས་དང། བསྒྲུབ་པར་བྱ་བའི་གནས་དང། བཤད་བར་བྱ་བའི་གནས་དང། དཀོན་མཆོག་གསུམ་གྱི་ཡོན་ཏན་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་མཐུ་དང། ་དེ་ཁོ་ནའི་དོན་དང། ལམ་ལ་གནས་པ་དང། འབྲས་བུ་ཐོབ་པ་དང། བླ་ན་མེད་པའི་བྱང་ཆུབ་དང། བྱང་ཆུབ་སེམས་དཔའ་ཨི་བསླབ་པ་དང། ལེགས་པར་གསུངས་པའི་ཆོས་མདོ་སྡེ་ལ་སོགས་བ་དག་གོ། བདག་ཇི་ལྟར་མོས་པའི་གནས་སུ་འགྱུར ་ཞེ་ན། དང་པོ་ཁོ་ནར་དཀོན་མཆོག་གསུམ་ནི་མོས་པ་མཆོག་གི་གནས་ཡིན་པས་དེ་དག་གི་ཡོན་ཏན་ལ་མོས་པ་སྐྱེའོ། །དེ་ལྟར་མཆོག་གི་གནས་ལ་མོས་པར་གྱུར་ན་སངས་རྒྱས་དཀོན་མཆོག་དང། དགེ་འདུན་དཀོན་མཆོག་གི་ཡོན་ཏན་ལ ་མོས་པའི་དབང་གིས་ནི་རྒྱུ་ཆེ་བའི་གནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་མཐུ་ལ་མོས་པ་སྐྱེའོ། །ཆོས་དཀོན་མཆོག་གི་ཡོན་ཏན་ལ་མོས་པའི་དབང་གིས་ནི་ཟབ་པའི་གནས་དེ་ཁོ་ནའི་དོན་ལ་མོས་པ་སྐྱེའོ། །ཡང་དགེ་འདུན་དཀོན་མཆོག་གི་ཡོན་ཏན ་ལ་མོས་པའི་དབང་གིས་ནི་རྒྱུ་རིག་པའི་གནས་དང། འབྲས་བུ་རིགས་པའི་གནས་ལམ་ལ་གནས་པ་དང། འབྲས་བུ་ཐོབ་པ་ལ་མོས་པ་སྐྱེའོ། །ཆོས་དཀོན་མཆོག་གི་ཡོན་ཏན་ལ་མོས་པའི་དབང་གིས་ནི་ཟབ་པའི་གནས་ཏེ་དེ་ཁོ་ནའི་དོན ་ལ་མོས་པ་སྐྱེའོ། །ཡང་དགེ་འདུན་དཀོན་མཆོག་གི་ཡོན་ཏན་ལ་མོས་པའི་དབང་གིས་ནི་རྒྱུ་རིགས་པའི་གནས་དང། འབྲས་བུ་རིགས་པའི་གནས་ལམ་ལ་གནས་པ་དང། འབྲས་བུ་ཐོབ་པ་ལ་མོས་པ་སྐྱེའོ། །ཆོས་དཀོན་མཆོག་གི་ཡོན་ཏན་ལ་མོས ་བའི་དབང་གིས་ནི་རྟོགས་པར་བྱ་བའི་གནས་དང། བསྒྲུབ་པར་བྱ་བའི་གནས་དང། བཤད་པར་བྱ་བའི་གནས་དང། བླ་ན་མེད་པའི་བྱང་ཆུབ་དང། བྱང་ཆུབ་སེམས་དཔའ་བསླབ་པ་དང། ལེགས་པར་གསུངས་པའི་ཆོས་མདོའི་སྡེ་ལ་སོགས་པ་མོས ་པ་སྐྱེ་བའི་ཕྱིར་རོ། །མོས་པའི་གནས་བརྒྱད་པོ་དེ་དག་ནི། ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དམ་པའི་ཆོས་བསྟན་པའི་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཅེས་བྱ་བས་བསྡུས་པར་བསྟན་ཏེ། འདི་ལྟར་ཐེག་པ་ཆེན་པོ་ཐམས་ཅད་སྡུད་པར་བྱེད་པའི་ཆོས ་ནི་རྣམ་པ་བརྒྱད་དེ་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་བསྟན་པ་དང། དེ་ཉིད་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་མཐུ་བསྟན་པ་དང། ཆོས་ཐམས་ཅད་ཀྱི་དེ་ཁོ་ནའི་དོན་བསྟན་པ་དང། དེ་ཚུལ་བཞིན་དུ་ཉན་པ་དང། སེམས་པ་དང། བསྒོམ ་པ་དང། སྒོམ་པའི་འབྲས་བུ་ཡོངས་སུ་གྲུབ་པ་དང། འབྲས་བུ་དེ་ཉིད་གཏན་དུ་ངེས་པར་འབྱིན་པའོ། །དེ་དག་གིས་ཐེག་པ་ཆེན་པོ་ཐམས་ཅད་ཇི་ལྟར་སྡུད་པར་བྱེད་ཅེ་ན། གང་ལས་བརྟེན་ནས་ཐབས་གང་དང་སྒྲུབ་པ་གང་གིས་འབྲས་བུ ་གང་ཐོབ་པ་དང་ཁྱད་པར་གང་གིས་ཁྱད་པར་དུ་འགྲོ་བས་ཐེག་པ་ཆེན་པོར་འགྱུར་བའི་ཕྱིར་ཏེ། དེ་ལ་གང་ལས་བརྟེན་ནས་ཞེ་ན། བསྟན་པའི་གཞི་ལས་ཏེ། བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་བསྟན ་པའོ། །ཐབས་གང་གིས་ཞེ་ན། སྐྱེ་བ་མེད་པ་དང། ཉོན་མོངས་པ་མེད་པའི་ཐབས་ཀྱིས་ཏེ། མཐུ་དང་དེ་ཁོ་ནའི་དོན་ཏོ། །སྒྲུབ་པ་གང་གིས་ཞེ་ན། ཤེས་རབ་རྣམ་པ་གསུམ་སྒྲུབ་པས་དེ་ཉན་པ་དང། སེམས་པ་དང། སྒོམ ་པའོ།། བསྒོམ་པའི་འབྲས་བུ་ཐོབ་ཅེ་ན། བླ་ན་མེད་པའི་བྱང་ཆུབ་སྟེ། བསྒོམ་པའི་འབྲས་བུ་གྲུབ་པའོ། །ཁྱད་པར་གང་གིས་ཞེ་ན། ཟད་པ་དང། མི་སྐྱེ་བའི་ཡེ་ཤེས་ཀྱིས་དེ་འབྲས་བུ་དེ་ཉིད་གཏན་དུ་ངེས་པར་འབྱིན་པའོ། །དེ་དག་གིས ་ཇི་ལྟར་ཐེག་པ་ཆེན་པོར་འགྱུར་ཞེ་ན། རྣམ་པ་གསུམ་སྟེ། གང་གིས་འདེགས་ཅེན་བར་མ་གསུམ་མོ། །གང་དུ་འདོག་ཅན་ཐ་མ་གཉིས་སུ་འདོགས་ཏེ། དེ་ཙམ་གྱིས་ཐེག་པ་ཆེན་པོ་ཐམས་ཅད་བསྡུས་པའི་ཕྱིར་རོ། །མོས ་པའི་གནས་བརྒྱད་པོ་དེ་དག་ནི་ཐེག་པ་ཆེན་པོ་ཐམས་ཅད་སྡུད་པར་བྱེད་པའི་ཆོས་བརྒྱད་པོ་འདིས་བསྡུས་ཏེ། མཆོག་གི་གནས་ནི། བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་བསྟན་པས་བསྡུས་ཏེ། གང་གིས་བསྟན་པ་དང། གང་བསྟན ་པ་དང། གང་ལ་བསྟན་པའི་རྣམ་པ་ནི་དཀོན་མཆོག་གསུམ་གྱི་ཡོན་ཏན་ཡིན་པའི་ཕྱིར་རོ། །རྒྱ་ཆེ་བའི་གནས་དང། ཟབ་པའི་གནས་ནི་དེ་ཉིད་དུ་མཐུ་དང། དེ་ཁོ་ནའི་དོན་བསྟན་པས་བསྡུས་སོ། །རྒྱུ་རིགས་པའི་གནས ་དང། འབྲས་བུ་རིགས་པའི་གནས་པའི་སྒྲུབ་པར་བྱེད་པ་ཡིན་ལ། རྟོགས་པར་བྱ་བའི་གནས་དང། བསྒྲུབ་པ་བྱ་བའི་གནས་དང། བཤད་པར་བྱ་བའི་གནས་ནི་བསྒྲུབ་པར་བྱ་བ་ཡིན་པས། སྒྲུབ་པར་བྱེད་པས་བསྒྲུབ་པར་བྱ་བ་དེ ་ཇི་ལྟར་སྒྲུབ་ཅེ་ན། དེ་ཉན་པ་དང། སེམས་པ་དང། བསྒོམ་པས་སོ། །དེ་ལྟར་བསྒྲུབས་ན་འབྲས་བུ་ཅི་ཐོབ་ཅེ་ན། བསྒོམ་པའི་འབྲས་བུ་ཡང་དག་པར་གྲུབ་པ་དང། འབྲས་བུ་དེ་ཉིད་གཏན་དུ་ངེས་པར་འབྱིན་པ་ཐོབ་སྟེ། དེ་ལྟར་མོས?་པའི་གནས་བརྒྱད ་ནི་ཐེག་པ་ཆེན་པོ་ཐམས་ཅད་སྡུད་པར་བྱེད་པའི་ཆོས་བརྒྱད་ཀྱིས་བསྡུས་ལ་ཐེག་པ་ཆེན་པོ་སྡུད་པར་བྱེད་པའི་ཆོས་བརྒྱད་ནི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དམ་པའི་ཆོས་བསྟན་པ་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཀྱིས་བསྡུས་པའི་ངེས ་ནི་མོས་བའི་གནས་བསྟན་ཏོ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པའི་ངོ་བོ་ཉིད་ནི་སངས་རྒྱས་ཀྱི་ཆོས་རྣམས་ལ་ཐོབ་པར་ནུས་པར་ཡིད་ཆེས་པས་རབ་ཏུ་ཕྱེ་བ་ཡིན་པས་དེ་ནི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དམ་པའི་ཆོས་བསྟན་པ ་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ལ་ཐོག་མ་ཁོ་ནར་ཤིན་ཏུ་མོས་པ་ཡིན་ཏེ། དེ་ལྟ་བུ་བསླབ་པའི་གཞི་དྲུག་པོ་དེ་དག་ལ་ལེགས་པར་ཤིན་ཏུ་བསླབ་པར་བྱའོ་ཞེས་བྱ་བར་སྦྱར་རོ།། ཚོགས་ཡང་དག་པར་སྒྲུབ་པ་ཞེས་བྱ་བ་ནི་དེ་ལྟར་ཁམས ་རྟས་པས་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་པ་ཡང་དག་པར་གྲུབ་པའི་འོག་ཏུ་མོས་པས་སྤྱོད་པའི་ས་ལ་ཆོས་སྤྱོད་པ་བཅུ་པོ་དེ་དག་གི་རིམ་གྱིས་ཤེས་རབ་རྣམ་གསུམ་སྐྱེས་པས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི ་རྩ་བ་ཡང་དག་པར་གྲུབ་པ་སྟེ། དེ་ནི་དེའི་འོག་ཏུ་ཆོས་སྤྱད་པ་བཅུ་པོ་དག་གིས་ཐོས་པ་དང། བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་པས་བསྒྲུབ་པ་ཞེས་བྱ་བས་བསྟན་ཏེ། བྱང་ཆུབ་སེམས་དཔའ་ཨི་ཁམས་རྟས་བས ་ཐར་པའི་ཆ་དང་མཐུན་བའི་དགེ་བའི་རྩ་བ་ཡང་དག་པར་གྲུབ་པའི་འོག་ཏུ་མོས་པས་སྤྱོད་པའི་ས་ལ་ཆོས་སྤང་པ་བཅུ་པོ་དག་གི་རིམ་གྱིས་ཤེས་རབ་རྣམ་པ་གསུམ་སྐྱེས་པས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ? ་ཡང་དག་པར་གྲུབ་པ་ནི་དེའི་འོག་ཏུ་ཆོས་སྤྱད་པ་བཅུ་པོ་དག་གིས་ཐོས་པ་དང། བསམས་པ་དང། བསྒོམས་པ་ལ་བྱུང་བའི་ཤེས་རབ་དང་ལྡན་པ་ཡིན་པས་དེ་ལྟ་བུས་བསླབ་པའི་གཞི་དྲུག་པོ་དང་? ་ལ་ལེགས་པར་ཤིན་ཏུ་བསླབ་པར་བྱའོ་ཞེས་བསྟན་ཏོ། །དེ་ལ་ཆོས་སྤྱོད་པ་བཅུ་པོ་དག་ཅེས་བྱ་བ་ནི། ཐེག་པ་ཆེན་པོ་དང་ལྡན་པའི་མདོ་སྡེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཀྱིས་བསྡུས་པ་དག་གི་ཡི་གེར་འདྲིར་བཅུག ་སྟེ། འཛིན་པ་དང། མཆོད་པ་དང། གཞན་དག་ལ་སྦྱིན་པ་དང། སྟོན་པ་ལ་གུས་པར་བྱས་ཏེ། སེམས་པ་དང། བསྒོམ་པའི་རྣམ་པས་རྗེས་སུ་འཇུག་པར་བྱེད་པ་སྟེ། དེ་དག་ཐམས་ཅད་ནི་བསོད་ནམས་རྒྱ་ཆེན་པོ་དང་ལྡན་པའི ་མདོ་སྡེ་ལ་སོགས་པ་སྐྱེ་བའི་ལམ་ཡིན་ནོ། །དགུ་པ་ནི་སྦྱོར་བའི་ལམ་ཡིན་ནོ། །བཅུ་པ་ནི་སྒྲུབ་པ་རྣམ་པར་སྦྱོད་བའི་ལམ་མོ། །དེ་དག་ལམ་དང་པོ་བརྒྱད་ཀྱིས་ནི་ཐོས་པ་ལས་བྱུང་བའི་ཤེས་པ་སྐྱེད་དོ། །དགུ་པས་ནི་བསམས ་པ་ལས་བྱུང་བའི་ཤེས་པ་བསྐྱེད་དོ། །བཅུ་པས་ནི་བསྒོམས་པ་ལས་བྱུང་བའི་ཤེས་པ་བསྐྱེད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་ཐོས་པ་ལས་བྱུང་བའི་ཤེས་པ་བསྐྱེད་པར་བྱེད་པས་ནི། དང་པོར་བདག་ཉིད་ཆོས་སྤྱད་པ་དང་པོ་བརྒྱད་ཀྱིས ་པ་ལས་བྱུང་བའི་ཤེས་པ་བསྐྱེད་པར་བྱ་བའི་ཕྱིར་ཆོས་བཅལ་བར་བྱའོ། །དེའི་འོག་ཏུ་གཞན་དག་ཆོས་སྤྱད་པ་བརྒྱད་པོ་དེ་ཉིད་ཀྱིས་ཐོས་པ་ལས་བྱུང་བའི་ཤེས་པས་བསྐྱེད་དུ་གཞུག་པའི་ཕྱིར་ཆོས་བསྟན་པར་བྱའོ། །དེ་ལ་བྱང་ཆུབ ་སེམས་དཔའ་བདག་ཉིད་ཆོས་སྤྱད་པ་དང་པོ་བརྒྱད་ཀྱིས་ཐོས་པ་ལས་བྱུང་བའི་ཤེས་པ་བསྐྱེད་པར་བྱ་བའི་ཕྱིར། ཆོས་ཚོལ་བས་ཇི་ལྟར་ཚོལ། ཅིའི་ཕྱིར་ཚོལ་ཞེ་ན། མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་དང་། ་ཉན་ཐོས་ཀྱི་སྡེ་སྣོད་དང། ཕྱི་རོལ་གྱི་བསྟན་བཅོས་དང། འཇིག་རྟེན་པའི་བཟོ་དང། ལས་ཀྱི་གནས་ཤེས་པ་རྣམས་ཚོལ་ལོ།། དེ་ལ་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ནི་གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་ལས་ཤིན་ཏུ ་རྒྱས་པའི་སྡེ་ཞེས་བྱ་བ་ཡིན་ནོ།། ཉན་ཐོས་ཀྱི་སྡེ་སྣོད་ནི་ཡན་ལག་ལྷག་མ་རྣམས་ཡིན་ནོ། །ཕྱི་རོལ་གྱི་བསྟན་བཅོས་ནི་རྣམ་པ་གསུམ་སྟེ། གོས་བའི་བསྟན་བཅོས་དང། གཏན་ཚིགས་ཀྱི་བསྟན་བཅོས་དང། སྒྲའི་བསྟན་བཅོས་སོ། །འཇིག ་རྟེན་པའི་བཟོ་དང། ལས་ཀྱི་གནས་ཤེས་པ་ནི། བཟོ་དང་ལས་ཀྱི་གནས་ཀྱི་རིག་པའོ།། བྱང་ཆུབ་སེམས་དཔས་བཙལ་བར་བྱ་བ་དེ་དག་ཀྱང་མདོར་བསྡུ་ན། རིག་པའི་གནས་ལྔ་པོ་ནང་གི་རིག་པ་དང། གེས་བའི་རིག་པ་དང། གཏན ་ཚིགས་ཀྱི་རིག་པ་དང། སྒྲའི་རིག་པ་དང། བཟོ་དང་ལས་ཀྱི་གནས་ཀྱི་རིག་པ་དག་ཡིན་ནོ། །དེ་ལ་ནང་གི་རིག་པ་ནི། གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་ཏེ། དེ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། གཞི་གདགས་པ ་རྣམ་པར་བཞག་པ་དང། མིང་རབ་ཏུ་དབྱེ་བ་ལས་གདགས་པ་བསྟན་པའི་དོན་བསྡུ་བ་དང། བསྟན་པའི་དོན་བསྡུ་བ་དང། སངས་རྒྱས་ཀྱི་བཀའ་ཞེས་བྱ་བའི་གནས་སོ། །དེ་ལ་གཞི་གདགས་པ་རྣམ་པར་བཞག་པ་ཞེས་བྱ་བ ་ནི་མདོ་སྡེ་དང། འདུལ་བ་དང། མ་མའི་གཞི་གསུམ་གྱིས་སངས་རྒྱས་ཀྱི་བཀའ་བསྡུ་པའོ། །མིང་རབ་ཏུ་དབྱེ་བ་གདགས་པ་རྣམ་པར་བཞག་པ་ཞེས་བྱ་བ་ནི། སངས་རྒྱས་ཀྱིས་བཀའ་བསྡུས་པའི་ཆོས་ཐམས་ཅད་ཀྱི་མིང་? ་ཏུ་དབྱེ་བའོ། །བསྟན་པའི་དོན་བསྡུ་བ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་བཀའ་བསྡུས་པའི་བསྟན་པ་མཛའ་ཡས་པ་ཐམས་ཅད་མདོར་བསྡུ་བའོ། །སངས་རྒྱས་ཀྱི་བཀའ་ཞེས་བྱ་བའི་གནས་ནི་སངས་རྒྱས་ཀྱི་བཀའ་ཞེས་བྱ་བ་ཐམས ་ཅད་བསྡུས་པས་ན་སངས་རྒྱས་ཀྱི་བཀའ་ཉིད་ཤེས་པར་བྱ་བའི་གནས་ཡིན་པའོ།། རང་གི་རིག་པ་དེ་ནི་མདོར་བསྡུ་ན་རྣམ་པ་གཉིས་ཀྱིས་འཇུག་སྟེ་རྒྱུ་དང་འབྲས་བུ་ཡང་དག་པར་སྟོན་པའི་རྣམ་པ་དང། ་བྱས་པ་ཆུང་མི་ཟ་ཞིང་མ་བྱས་པ་དང་ཕྲད་པར་མི་འགྱུར་བས་སྟོན་པའི་གནས་པས་སོ། །གསོ་བའི་རིག་པ་ནི་གསོ་བའི་བསྟན་བཅོས་ཏེ། ནང་གསོ་བ་ཤེས་པའོ། །དེ་ནི་རྣམ་པ་བཞིར་བལྟ་བར་བྱ་སྟེ། ནད་ལ་མཁས་པ་དང། ནད་ཅི་ལས ་གྱུར་པ་ལ་མཁས་པ་དང། ནང་བྱུང་བ་བསལ་བ་ལ་མཁས་པ་དང། ནད་བསལ་ནས་ཕྱིས་མི་འབྱུང་བར་བྱ་བ་ལ་མཁས་པའོ། །དེ་ནི་རྣམ་པ་བཞི་པོ་ད་དག་ཉིད་ཀྱིས་འཇུག་པ་ཡིན་ནོ།། །གཏན་ཚིགས་ཀྱི་རིག་པ་ནི་གཏན ་ཚིགས་ཀྱི་བསྟན་བཅོས་ཏེ། བརྟག་པའི་དུས་སུ་ཡོད་པའི་དངོས་པོ་?་ཡིན་པའོ།། དེ་ནི་རྣམ་པ་བདུན་དུ་བལྟ་པར་བྱ་སྟེ། སྨྲ་བ་དང། སྨྲ་བའི་ཞལ་ཆེ་བ་དང། སྨྲ་བའི་གཞི་དང། སྨྲ་བའི་རྒྱན་དང། སྨྲ་བ་ཆད་པས་བཅད་པ་དང། ་སྨྲ་བ་ལས་བྱུང་བ་དང། སྨྲ་བ་གཅེས་པ་ལ་དགོས་པའི་ཆོས་རྣམས་སོ། །དེ་ཡང་རྣམ་པ་གཉིས་འཇུག་སྟེ། ཕ་རོལ་ཀླན་ཀ་ཚོལ་བ་ལ་བརྗོད་པའི་ཕན་ཡོན་སྟོན་པའི་རྣམ་པ་དང། གཞན་ལས་བྱུང་བའི་ཕྲལ་གྱི་རྒོལ་བ་ལས་ཐར ་པའི་ཕན་ཡོན་ནི་སྟོན་པའི་རྣམ་པས་སོ། །སྒྲའི་རིག་པ་ནི་སྒྲའི་བསྟན་བཅོས་ཏེ། གདགས་པའི་རྣམ་པར་བཞག་པ་བརྡ་སྤྲོད་པར་བྱེད་པའོ། །དེ་ནི་རྣམ་པ་དྲུག་ཏུ་བལྟ་བར་བྱ་སྟེ། ཆོས་གདགས་པ་རྣམ་པར་བཞག་པ་དང། ་དོན་གདགས་པ་རྣམ་པར་བཞག་པ་དང། གང་ཟག་གདགས་པ་རྣམ་པར་བཞག་པ་དང། དུས་གདགས་པ་རྣམ་པར་བཞག་པ་དང། གྲངས་གདགས་པ་རྣམ་པར་བཞག་པ་དང། གཞི་ཡན་ལག་དང་བཅས་པ་གདགས? ་པ་རྣམ་པར་བཞག་པའོ། །ཡང་རྣམ་པ་གཉིས་ཀྱིས་འཇུག་སྟེ། སྐད་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་བསྒྲུབ་པ་རྣམ་པར་བཞག་པ་སྟོན་པའི་རྣམ་པ་དང། ཚིག་ལེགས་པར་སྦྱར་བའི་ཕན་ཡོན་སྟོན་པའི་རྣཾ་པས་སོ། །བཟོ་དང་ལས་ཀྱི་གནས་ཀྱི་རིག་པ་ནི་འཇིག་རྟེན་པཱི་བཟོ་དང ་ལS་ཀྱི་གནས་ཤེས་པའོ། །དེ་ནི་རྣམ་པ་བཅུ་གཉིས་སུ་བལྟ་བར་བྱ་སྟེ། རྣམས་སུ་བྱ་བའི་བཟོ་དང། ཉོ་ཚོང་གི་བཟོ་དང། རྒྱལ་པོའི་ཞམ་འབྲིང་བྱ་བའི་བཟོ་དང། ཡི་གེ་དང། རྩིས་དང། ཤོད་འགོད་པ་དང། གྲངས་ལག་རྩིས་ཀྱིས་བཟོ་དང་།ལྟས ་བུ་ལྟ་བའི་བཟོ་དང། བློ་གྲོས་ཀྱི་བཟོ་དང། བསྐྱེད་པའི་བཟོ་དང། རྡུངས་ཀྱི་བཟོ་དང། རྣམས་བྱ་བའི་བཟོ་དང། སྦྱོར་བའི་བཟོ་དང། གཡོས་བྱ་བའི་བཟོ་དང། རོལ་མོའི་བཟོའོ། །དེ་ནི་རང་རང་གི་ལས་དང། བཟོའི་གནས་སྒྲུབ་པའི་འབྲས ་བུ་ཡོངས་སུ་གྲུབ་པ་སྟོན་པའི་རྣམ་པས་འཇུག་གོ། ཇི་ལྟར་ཚོལ་ཞེ་ན། མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་ཨི་རྣམ་པ་གསུམ་གྱིས་ཚོས་ཏེ། གུས་པ་ཆེན་པོ་ཉེ་བར་གཞོག་པ་དང། འགྲོ་བ་ཕུན་སུམ་ཚོགས་པ་དང། ཉན་པ་ཕུན་སུམ ་ཚོགས་པས་སོ། །དེ་ལ་གུས་པ་ཆེན་པོ་ཉེ་བར་གཞོག་པ་ནི་རྣམ་པ་གཉིས་ཏེ། སྡུག་བསྔལ་ཉམས་སུ་ལེན་ཅིང་ཚོལ་བ་དང། བདེ་ཁྱད་དུ་གསོད་ཅིང་ཚོལ་བའོ། །འགྲོ་བ་ཕུན་སུམ་ཚོགས་པ་ནི་རྣམ་པ་བཞི་སྟེ། ཡོན་ཏན་འདོད་པས ་ཆོས་སྨྲ་བའི་གམ་དུ་འགྲོ་བའི་ཀླན་ཀའི་སེམས་ཀྱིས་མ་ཡིན་པ་དང། གུས་པ་དང་བཅས་པས་འགྲོ་བའི་ང་རྒྱལ་གྱིས་ཁེངས་པ་མ་ཡིན་པ་དང། དགེ་བ་ཇི་ལྟ་བུ་ཞིག་བཙལ་སྙམ་པས་འགྲོ་བའི་བདག་ཉིད་སྒྲུབ་པའི་ཕྱིར་མ ་ཡིན་པ་དང། བདག་དང་གཞན་དག་དགེ་བའི་རྩ་བ་ཡང་དག་པར་སྦྱར་བར་བྱའོ་སྙམ་པས་འགྲོ་བའི་རྙེད་པ་དང། བཀུར་སྟིའི་ཕྱིར་མ་ཡིན་པའོ། །ཉན་པ་ཕུན་སུམ་ཚོགས་པ་ནི་རྣམ་པ་གཉིས་ཏེ། ཀུན་ནས་ཉོན་མོངས་པ་མེད ་པས་ཉན་པ་དང། རྣམ་པར་མི་གཡེ་བས་ཉན་པའོ། །དེ་ལ་ཀུན་ནས་ཉོན་མོངས་པ་མེད་པས་ཉན་པ་ནི་ཀུན་ནས་ཉོན་མོངས་པ་གསུམ་དང་བྲལ་བས་ཉན་པ་སྟེ། ཁེངས་པ་ཀུན་ནས་ཉོན་མོངས ་པ་དང་བྲལ་བ་དང། ཁྱད་དུ་གསོང་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བ་དང། ཞུམ་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བས་ཉན་པའོ། །དེ་ལ་རྣམ་པ་དྲུག་གིས་ནི་ཁེངས་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བར་འགྱུར ་ཏེ། དུས་སུ་ཉན་པ་དང། བཀུར་སྟི་བྱེད་པ་དང། སྲི་ཞུ་བྱེད་པ་དང། མི་ཁྲོ་བ་དང། རྗེས་སུ་གྲུབ་པ་དང། ཀླན་ཀ་མི་ཚོལ་བས་སོ། །རྣམ་པ་བཞི་ནི་ཁྱད་དུ་གསོད་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བར་འགྱུར་ཏེ། ཆོས་ལ ་གུས་པས་ཉེ་བར་བཞག་པ་དང། ཆོས་སྨྲ་བའི་གང་ཟག་ལ་གུས་པས་ཉེ་བར་བཞག་པ་དང། ཆོས་ལ་ཁྱད་དུ་མི་གསོད་པ་དང། ཆོས་སྨྲ་བའི་གང་ཟག་ཁྱད་དུ་མི་གསོང་པའོ། །རྣམ་པ་གཅིག་གིས་ནི་ཞུམ་པའི་ཀུན ་ནས་ཉོན་མོངས་པ་དང་བྲལ་བར་འགྱུར་ཏེ། བདག་ཉིད་ཀྱིས་མི་ལྕོགས་སོ་སྙམ་དུ་བདག་ཉིད་ཁྱད་དུ་མི་གསོད་པའོ། །རྣམ་པར་མི་གཡེང་བས་ཉན་པ་ནི་རྣམ་པ་ལྔ་སྟེ། ཀུན་ནས་ཤེས་པར་བྱ་བའི་སེམས་དང་ལྡན་པ་དང ་སེམས་རྩེ་གཅིག་པ་དང། རྣ་བླགས་པ་དང། ཡིད་བཏུང་བ་དང། སེམས་ཀུན་གྱིས་བསམས་ནས་ཉན་པའོ། །ཅིའི་ཕྱིར་ཚོལ་ཞེ་ན་བྱང་ཆུབ་སེམས་དཔའ་ནང་གི་རིག་པ་ནི་རྣམ་པ་གཉིས་ཀྱི་ཕྱིར་ཚོལ་ཏེ། ཆོས་ཀྱི ་རྗེས་སུ་མཐུན་པའི་ཆོས་ཀྱི་ནན་ཏན་གྱིས་ཡང་དག་པར་སྒྲུབ་པར་བྱ་བའི་ཕྱིར་དང། གཞན་དག་ལ་ཡང་དག་པར་བསན་པར་བྱ་བའི་ཕྱིར་རོ། །གསོ་བའི་རིག་པ་ཡང་རྣམ་པ་གཉིས་ཀྱི་ཕྱིར་ཚོལ་ཏེ། སེམས་ཅན་རྣམས་ཀྱི་རྣམ ་པ་སྣ་ཚོགས་རྣཾ་པར་གཞིག་པའི་ཕྱིར་དང། སྐྱེ་བོའི་ཚོགས་ཆེན་པོ་ལ་ཕན་གདགས་པའི་ཕྱིར་རོ། །གཏན་ཚིགས་ཀྱི་རིག་པ་ནི་རྣམ་པ་བཞིའི་ཕྱིར་ཚོལ་ཏེ། དེ་ཉིད་ལེགས་པར་བཤད་པ་དང། ཉེས་པར་རྗོད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་བའི་ཕྱིར་དང། ཕས་ཀྱི ་རྒོལ་བ་ཚར་བཅད་པའི་ཕྱིར་དང། བསྟན་པ་འདི་ལ་མ་དང་པ་རྣམས་དང་པར་བྱ་བའི་ཕྱིར་དང། དད?་པ་རྣམས་ཕྱིར་ཞིང་འཕེལ་པར་བྱ་བའི་ཕྱིར་རོ། །སྒྲའི་རིམ་པ་ནི་རྣམ་པ་གཉིས་ཀྱི་ཕྱིར་ཚོལ་ཏེ། ཚིག་དང་ཡི་གེ་ངེས་པའི་ཚིག་བཟང་པོས་སྤྱོད་པས་ལེགས་པར་སྦྱད་དེ། ་བརྗོད་པ་ལ་མོས་པ་རྣམས་བདག་ལ་ཡིད་ཆེས་པ་བསྐྱེད་པའི་ཕྱིར་དང། དོན་གཅིག་ལ་ཡང་ངེས་པའི་ཚིག་རྣམ་པ་སྣ་ཚོགས་ཀྱིས་རྗེས་སུ་ཐ་སྙད་གདགས་པ་ལ་འཇུག་པར་བྱ་བའི་ཕྱིར་རོ། །བཟོ་དང་ལས་ཀྱི་རིག་པ་ནི་རྣམ་པ་གསུམ་གྱི་ཕྱིར་ཚོལ་ཏོ། སེཾས་ཅན ་རྣམས་གྱི་དོན་དུ་ཚེགས་ཆུང་དུས་ལོངས་སྤྱོད་སྒྲུབ་པའི་ཕྱིར་དང། སེམས་ཅན་རྣམས་ཀྱི་གཅེས་པར་བྱ་བ་བསྐྱེད་པའི་ཕྱིར་དང། བཟོ་དང་ལས་ཀྱི་གནས་ཤེས་པ་སྦྱིན་པའི་ཕན་འདོགས་བསྡུ་བར་བྱ་བའི་ཕྱིར་རོ། །དེ་དག་ནི་རིག་པའི་གནས་ལྔ་པོས་སོ་སོའི ་དགོངས་པ་བསྟན་པ་ཡིན་གྱི། བྱང་ཆུབ་སེམས་དཔའ་ཨི་རིག་པའི་གནས་ལྔ་པོ་དེ་དག་ཚོལ་བ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཏེ། ཐམས་ཅད་ལ་དེ་ལྟར་མ་བསླབས་ན་རིམ་གྱིས་ཐམས་ཅད་མཁྱེན་པའི་ཡེ ་ཤེས་སྒྲིབ་པ་མེད་པ་ཐོབ་པར་མི་འགྱུར་བའི་ཕྱིར་རོ། །དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་གཞན་དག་ཆོས་སྤྱད་པ་བརྒྱད་པོ་དེ་ཉིད་ཀྱི་ཐོས་པ་ལས་བྱུང་བའི་ཤེས་པ་བསྐྱེད་དུ་གཞུག་པའི་ཕྱིར་ཆོས་སྟོན་པས་ཅི་ཞིག་སྟོན་ཅིའི་ཕྱིར་སྟོན་ཅི་ན། གང་བཙལ ་བ་དེ་ཉིད་སྟོན་ཏོ། བདག་གི་ཕྱིར་རྩལ་བདེ་ཉིད་ཀྱི་ཕྱིར་སྟོན་ཏོ། །ཇི་ལྟར་སྟོན་ཅེ་ན་རྣམ་པ་གཉིས་ཀྱི་སྟོན་ཏེ། མཐུན་པའི་གཏམ་བརྗོད་པ་དག་ཡོངས་སུ་དག་པས་སྟོན་ཏོ། །དེ་ལ་མཐུན་པའི་གཏམ་བརྗོད་པ་ཞེས་བྱ་བ་ནི་གཞན་གྱི་དོན་དང་མཐུན་པ་སྟེ། དེ་རྣམ་པ་བཅོ་ལྔ་སྟེ་སྦྱོར་ལམ་དང་ཚུལ་དང ་མཐུན་པར་གནས་པ་ལ་སྟོན་པ་དང། ཆོས་ལ་སེར་སྣ་དང་སློབ་དཔོན་གྱིས་དཔེ་མཁྱུད་མེད་པར་སྟོན་པ་དང་ཚིག་དང་ཡི་གེ་གོ་རིམ་བཞིན་དུ་སྟོན་པ་དང། དོན་གོ་རིམ་བཞིན་དུ་སྟོན་པ་དང། ཆོས་ཀྱང་དོན་དང་ལྡན་པ ་དོན་ཀྱང་ཆོས་དང་ལྡན་པར་སྟོན་པ་དང། ཡང་དག་པར་བསྟན་པར་འོས་པ་རྣམས་ལ་ཡང་དག་པར་སྟོན་པ་དང། ཡང་དག་པར་འཛིན་དུ་གཞུག་པར་འོས་པ་རྣམས་ལ་ཡང་དག་པར་འཛིན་དུ་གཞུག་པ་དང། ཡང་དག་པར་གཟེངས་བསྟོད་པ་དངོས ་པ་རྣམས་ལ་ཡང་དག་པར་གཟེངས་བསྟོད་པ་དང་ཡང་དག་པར་དགའ་བར་བྱ་བར་འོས་པ་རྣམས་ཡང་དག་པར་དགའ་བར་བྱེད་པ་དང། འཇུག་སླ་པར་སྟོན་པ་དང། ཚད་མ་གསུམ་དང་ལྡན་པར་སྟོན་པ་དང། བདེ་འགྲོད་འགྲོ་བ་དང། མཐུན་པར ་སྟོན་པ་དང། རྣམ་པར་མ་འཁྲུགས་པར་སྟོན་པ་དང། འཕགས་པའི་བདེན་པ་དང་ལྡན་པར་སྟོན་པ་དང། འཁོར་ཐམས་ཅད་དང་ལྡན་པར་སྟོན་ཏེ་མདོ་གཞན་ལ་དུས་དང། བཀུར་སྟི་དང། གོ་རིམ་དང། མཚམས་སྦྱོར་བ་དང ་རྗེས་སུ་མཐུན་པ་དང། དགའ་བར་བྱེད་པ་དང། འདོད་པར་བྱེད་པ་དང། མགུ་བར་བྱེད་པ་དང། སྤྲོ་བར་བྱེད་པ་དང། སྨྲ་མི་འབེབས་པ་དང། རིགས་པ་དང། འཚམས་པ་དང། མ་འདྲེས་པ་དང། ཆོས་དང་ལྡན་པ་དང། འཁོར་ཇི་ལྟ་བ ་བཞིན་དུ་ཆོས་སྟོན་ཏོ་ཞེས་གསུངས་པ་དང། གོ་རིམ་བཞིན་ནོ་ཡོངས་སུ་དག་པས་སྟོན་པ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་དང་མ་འདྲེས་པར་སྟོན་པ་སྟེ། འདི་ནི་རྣམ་པ་ལྔ་སྟེ། སེམས་ཅན་གནོད་པ་བྱེད་པ་རྣམས་ལ་བྱམས་པའི ་སེམས་ཀྱིས་སྟོན་པ་དང། ཉེས་པར་སྟན་པ་རྣམས་ལ་ཕན་པའི་སེམས་ཀྱིས་སྟོན་པ་དང། བག་མེད་པ་ཞུམ་པ་རྣམས་ལ་སྙིང་བརྩེ་བའི་སེམས་ཀྱིས་སྟོན་པ་དང། བདག་ལ་མི་བསྟོད། གཞན་ལ་ནི་མི་སྨོད་པར་?་པ་དང། ་རྙེད་པ་དང། བཀུར་སྟི་དང་ཚིགས་སུ་བཅད་པ་ལ་མི་རེ་བར་སྟོན་པ་སྟེ། མདོ་གཞན་ལས་བྱམས་པའི་སེམས་དང། ཕན་པའི་སེམས་དང། སྙིང་བརྩེ་པའི་སེམས། ཕྲག་དོག་མེད་པའི་སེམས་དང། ཟང་ཟིང་མེད་པའི་སེམས་ཀྱིས་སྟོན་ཏོ་ཞེས་གསུངS ་པ་དང་གོ་རིམ་བཞིན་ནོ། །དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་ཆོས་སྤྱོད་པ། གུས་པས་བསམ་པ་ལས་བྱུང་བ་ཤེས་པ་སྐྱེད་པར་བྱེད་པ་ན། གཅིག་བུ་དབེན་པར་སོན་ཏེ། སེམས་པ་ནི་ཇི་སྐད་ཐོས་པའི་སེམས་རྣམས་ལ་མི་མཐུན་པའི་ཕྱོགས ་སྤོང་བ་དང། གཉེན་པོ་ཡིད་ལ་བྱེད་པ་རྣམ་པ་བརྒྱད་ཀྱིས་སེམས་བར་བྱེད་དེ། ཐོག་མ་ཁོ་ནར་བསམ་པར་བྱ་བ་མ་ཡིན་པའི་གནས་རྣམས་སྤངས་ནས་ཆོས་རྣམས་བསམ་པ་རྩོམ་པར་བྱེད་པ་དང། རྟག་ཏུ་སྦྱོར་བ་དང། ་གུས་པར་སྦྱོར་བ་དང། རྒྱུན་དུ་སྦྱོར་བར་བྱེད་དོ། །ལྷོད་པར་མི་བྱེད་པ་དང། རིགས་པས་དཔྱད་པར་བྱ་བ་ལ་རིགས་པས་སྤྱོད་ཅིང་རིགས་པ་དང།། འགལ་བར་མི་བྱེད་པ་དང། མོས་པར་བྱ་བ་ལ་མོས་པར་བྱེད་ཅིང་མོས ་པས་ཡིད་ལ་བྱེད་པ་གཏོང་བར་མི་བྱེད་པ་དང། དོན་ལ་རྟོན་པར་བྱེད་ཀྱི་ཆོག་འབྲུ་ལ་མི་རྟོན་པ་དང། ནག་པོ་བསྟན་པ་དང། ཆེན་པོ་བསྟན་པ་དག་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱེད་པ་དང། ་ཐོག་མ་འཇུག་པ་ནས་ཀྱང་སེམས་ལ་འཇུག་ཅིང་སྐབས་མ་ཡིན་པ་ལ་མི་འཇུག་པ་དང། ཞུགས་ནས་ཀྱང་ཡང་དང་ཡང་དུ་ཡིད་ལ་བྱེད་པས་ན་སྙིང་པོ་ཉིད་ཐོབ་པར་བྱེད་དེ། ཡལ་བར་མི་འདོར་བས་སེམས་པའོ། ། ་དེ་ལྟར་མི་མཐུན་པའི་ཕྱོགས་སྤོང་པ་དང། གཉེན་པ་ཡིད་ལ་བྱེད་པ་རྣམ་པ་བརྒྱད་ཀྱིས་སེམས་པར་བྱེད་པ་ལ་གོ་རིམ་བཞིན་དུ་ཕན་ཡོན་རྣམ་པ་བརྒྱད་ཡོད་དེ། ཐོག་མ་ཁོ་ནར་བསམ་པར་བྱ་བ་མ་ཡིན་པའི ་གནས་རྣམས་སྤངས་ནས་ཆོས་རྣམས་རྩོམ་པར་བྱེད་ན་སེམས་རྨོངས་པ་དང། རྣམ་པར་གཡོད་པར་མི་འགྱུར་རོ། །རྟག་ཏུ་སྦྱོར་བ་དང་གུས་པར་སྦྱོར་བས་རྒྱུན་དུ་སྦྱོར་བར་བྱེད་དེ། ལྷོད་པར ་མི་བྱེད་ན་སྔར་མ་རྟོགས་པའི་དོན་རྟོགས་ཤིང་ཁོང་དུ་ཆུད་པར་འགྱུར་ལ། རྟོགས་པའི་དོན་ཡང་ཆུད་མི་ཟ་ཞིང་མི་གསལ་བར་མི་འགྱུར་རོ། །རིགས་པས་དབྱད་པར་བྱ་བ་ལ་རིགས་པར་དཔྱོད་ཅིང་རིགས་པ་དང་འགལ་བར ་མི་བྱེད་ན། རིགས་པས་བརྟགས་པའི་ཆོས་དེ་ལ་གཞན་གྱིས་དྲིང་མི་འཇོག་པར་འགྱུར་རོ། །མོས་བར་བྱ་བ་ལ་མོས་པར་བྱེད་ཅིང། མོས་པས་ཡིད་ལ་བྱེད་པ་གཏོང་བར་མི་བྱེད་ན། དེ་བཞིན་གཤེགས་པའི་སྤྱོད་ཡུལ་གྱི། བདག ་གི་བློའི་སྤྱོད་ཡུལ་མ་ཡིན་ནོ། །ཆོས་དེ་དག་ཡིད་ཆེས་ཤིང་མི་སྤོང་བས་བདག་ཉིད་མ་སྨས་མ་ཉམས་པར་འགྱུར་ཞིང། ཁ་ན་མ་ཐོ་བ་མེད་པར་འགྱུར་རོ། །དོན་ལ་རྟོན་པར་བྱེད་ཀྱི་ཚིག་གི་འབྲལ་མི་རྟོན་ན། སངས་རྒྱས་བཅོམ ་ལྡན་འདས་རྣམས་ཀྱིས་དགོངས་ཏེ་གསུངས་པ་ཐམས་ཅད་ཀྱི་རྗེས་སུ་འཇུག་པར་འགྱུར་རོ། །ནག་པོ་བསྟན་པའི་མདོ་སྡེ་ལ་མི་འཇུག། འདུལ་པ་ལ་མི་སྣང་བ་ཆོས་ཉིད་དང་འགལ་བ་དང། ཆེན་པོ་བསྟན་པའི་མདོ་སྡེ་ལ་འཇུག། ་འདུལ་བ་ལ་སྣང། ཆོས་ཉིད་དང་མི་འགལ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན། དེ་ཁོ་ནའི་དོན་ལས་སུས་ཀྱང་བསྐྱོད་པའམ། བརྒུལ་བར་མི་ནུས་པར་འགྱུར་རོ། །ཐོག་མར་འཇུག་བ་ནས་ཀྱང་སེམས་པ་ལ་འཇུག ་ཅིང་སྐབས་མ་ཡིན་པ་མི་འཇུག་པ་ན་བཟོད་པ་སྔོན་མ་ཐོབ་པ་ཐོབ་པར་འགྱུར་རོ། །ཞུགས་ནས་ཀྱང་ཡང་དང་ཡང་དུ་ཡིད་ལ་བྱེད་པས་སྙིང་པོ་ཉིད་ཐོབ་པར་བྱེད་དེ། ཡལ་བར་མི་འདོར་བར་སེམས་ན་སྒོམ་པ་ལ་རྗེས་སུ ་འཇུག་པར་འགྱུར་རོ། །དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་ཨི་ཆོས་སྤྱད་པ་བཅུ་པས་བསྒོམས་པ་ལས་བྱུང་བའི་ཤེས་པ་སྐྱེད་པར་བྱེད་པ་ནི། བསམ་པ་རྣམ་པ་བརྒྱད་པོ་དེ་དག་ཡོངས་སུ་རྫོགས་ནས་བསྒོམ་པའི་རྣམ་པ་རྗེས་སུ་འཇུག་པར ་བྱེད་ན་ཞི་གནས་དང། ལྷག་མཐོང་དང། ཞི་གནས་དང། ལྷག་མཐོང་ལ་གོམས་པ་དང། ཞི་གནས་དང་ལྷག་མཐོང་ལ་མངོན་པར་དགའ་བ་སྒོམ་པར་བྱེད་དེ། དེ་ལ་ཞི་གནས་གང་ཞེ་ན། བྱང་ཆུབ་སེམས་དཔའ་བསམ་པ་རྣམ་པ ་བརྒྱད་པོ་དེ་དག་ཤིན་ཏུ་རྫོགས་པའི་ཕྱིར་བརྗོད་དུ་མེད་པའི་དངོས་པོ་ཙམ་དང་དོན་ཙམ་གྱི་དམིགས་པ་ལ་སེམས་ངེས་པར་གཏད་ནས་སྤྲོས་བ་ཐམས་ཅད་དང་བྲལ་བ་དང། སེམས་ཡོངས་སུ་གཡེང་བ་ཐམས་ཅད་དང་བྲལ་བ་དང་འདུ་ཤེས ་ཡིད་ལ་བྱེད་པ་ནས་དམིགས་པ་ཐམས་ཅད་ལ་མོས་པ་མ་།ནང་གི་ཏིང་ངེ་འཛིན་མཚན་མ་རྣམས་ལ་སེམས་ཅན་གནས་པ་དགུ་དང། སྟོབས་དྲུག་དང། ཡིད་ལ་བྱེད་པ་བཞིས་འཇུག་པའོ།། ལྷག་མཐོང་གང་ཞ་ན། ཞི ་གནས་ཡོངས་སུ་བསྒོམས་པའི་ཡིད་ལ་བྱེད་པ་དེ་ཉིད་ཀྱིས་ཇི་ལྟར་བསམས་པའི་ཆོས་དེ་དག་ཉིད་ཀྱི་མཚན་མ་ཡིད་ལ་བྱེད་པའི་ཤེས་རབ་ཀྱི་སྤྱོང་པ་བཞི་དང། གཞི་རབ་ཏུ་དབྱེ་བ་དྲུག་ལ་དམིགས་པ་དང། ཡིད་ལ་བྱེད་པ་བཞིས་འཇུག ་པའོ་?་ཞི་གནས་དང་ལྷག་མཐོང་ལ་གོམས་པ་གང་ཞེ་ན། ཞི་གནས་དང་ལྷག་མཐོང་ལ་རྟག་ཏུ་སྦྱོར་ཞིང་གུས་པར་སྦྱོར་བའོ། །ཞི་གནས་དང་ལྷག་མཐོང་ལ་མངོན་པར་དགའ་བ་གང་ཞེ་ན། ཞི་གནས་དང་ལྷག་མཐོང་གི ་མཚན་མ་དེ་དག་གཉིས་ལས་སེམས་མི་གཡོ་པ་ལ་རང་གི་དང་གིས་མངོན་པར་འདུ་པ་མེད་པར་འཇུག་ཅིང་གནས་པ་དང། སྡུད་ཅིང་མི་འཕྲོ་བ་གང་ཡིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་ཇི་ལྟ་ཇི་ལྟར་ཞི་གནས་དང ་ལྷག་མཐོང་ལ་གོམས་པར་བྱེད་པ་དེ་ལྟ་དེ་ལྟར་ཞི་གནས་དང་ལྷག་མཐོང་ལ་མངོན་པར་དགའ་བར་གནས་བར་འགྱུར་རོ་ཇི་ལྟར་ཇི་ལྟར་ཞི་གནས་དང་ལྷག་མཐོང་ལ་གོམས་པ་དེ་ལྟ་དེ་ལྟར་ཞི ་གནས་དང་ལྷག་མཐོང། །ཡོངས་སུ་དག་པར་འགྱུར་རོ། །ཇི་ལྟ་ཇི་ལྟར་ཞི་གནས་ཡོངས་སུ་དག་པ་དེ་ལྟ་དེ་ལྟར་ལུས་ཤིན་ཏུ་སྦྱངས་པ་དང། སེམས་ཤིན་ཏུ་སྦྱངས་པ་ཆེ་བ་དང། འཕེལ་བ་དང། རྒྱས་པར་འགྱུར་རོ། །ཇི་ལྟ ་ཇི་ལྟར་ལྷག་མཐོང་ཡོངས་སུ་དག་པ་དེ་ལྟ་དེ་ལྟར་ཤེས་པ་དང། མཐོང་བ་ཆེ་བ་དང། འཕེལ་བ་དང། རྒྱས་པར་འགྱུར་རོ། །སྒོམ་པའི་བྱ་བ་ནི་འདིར་ཟད་དེ། རྟེན་ལ་ཡོད་པའི་གནས་ངན་ལེན་བསལ་བར་བྱ་བ་དང། ཤེས ་བྱ་ཐམས་ཅད་ལ་ཤེས་པ་དང། མཐོང་བ་རྣམ་པར་དག་པར་བྱ་བ་སྟེ། བྱང་ཆུབ་སེམས་དཔའ་ཨི་བསྒོམ་པའི་ལས་དེ་ཐམས་ཅད་ཀྱང་བསྒོམ་པ་རྣམ་པ་བཞི་པོ་འདིས་འགྲུབ་པར་འགྱུར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ ་ཁམས་རྟས་པས་ཐར་བའི་ཆ་དང་མཐུན་པའི་དགེ་པའི་རྩ་བ་ཡང་དག་པར་གྲུབ་པའི་འོག་ཏུ་མོས་པས་སྤྱད་པའི་ས་ལ་ཆོས་སྦྱད་བ་བཅུའི་རིམ་གྱིས་ཤེས་རབ་རྣམ་གསུམ་སྐྱེས་པ་ནི། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ ་བའི་རྩད་པའི་ཚོགས་ཡང་དག་པར་གྲུབ་པ་ཡིན་ཏེ། ཆོས་ཡང་དག་པར་གྲུབ་བ་དེས་བསླབ་པའི་གཞི་དྲུག་པོ་དེ་དག་ལ་ལེགས་པར་ཤིན་ཏུ་བསླབ་པར་བྱའོ་ཞེས་བྱ་བར་སྦྱར་རོ།། ཐེག་པ་ལས་ཡོངས་སུ་མི་ཉམས་པ་ཞེས ་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡང་དག་པར་འགྲུབ་པ་མི་གནས་པའི་མྱ་ངན་ལས་འདས་པའི་ལམ་ལས་ཤེས་རབ་དང། སྙིང་རྗེ་གཉིས་ཀྱིས་ཡོངས ་སུ་མི་ཉམས་ཏེ། དེ་ནི་བྱང་ཆུབ་ཀྱི་སེམས་རྗེས་སུ་བསྲུང་བ་ཞེས་བྱ་བས་བསྟན་ཏེ། བྱང་ཆུབ་སེམས་དཔའ་རང་གི་ཐེག་པ་ལ་ཡོངས་སུ་མི་ཉམས་པས་བསླབ་པའི་གཞི་དྲུག་པོ་དེ་ལ་ལེགས་པར་ཤིན་ཏུ་བསླབ་པར་བྱའོ་ཞེས་སྟོན་ཏོ་།དེ་ལ་བྱང་ཆུབ ་ཀྱི་སེམས་ཞེས་བྱ་བས་ནི། བྱང་ཆུབ་སེམས་དཔའ་ཨི་ཐེག་པ་བསྟན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ནི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡང་དག་པར་འགྲུབ་པ་མི་གནས་པའི་མྱ་ངན་ལས་འདས་པའི་ལམ་སྟེ། དེ་ནི ་བྱང་ཆུབ་ཀྱི་སེམས་ཞེས་ཀྱང་བྱ་ཡང་དག་པའི་སྨོན་ལམ་ཞེས་ཀྱང་བྱའོ།། དེ་ལ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ནི་བླ་ན་མེད་པའི་བྱང་ཆུབ་དང་སེམས་ཅན་ཐམས་ཅད་ལ་དམིགས་པའི་བསམ་པ་སྟེ། བླ་ན་མེད་པའི་བྱང་ཆུབ་ལ་དམིགས་པའི་བསམ ་བ་ནི་བདག་གི་དོན་ཕུན་སུམ་ཚོགས་པ་ཡིན་པས་དེས་ནི་འཁོར་བ་ལ་མི་གནས་ལ། སེམས་ཅན་ཐམས་ཅད་ལ་དམིགས་པའི་བསམ་པ་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡིན་པས་དེས་ནི་མྱ་ངན་ལས་འདས་པ་ལ་མི་གནས་སོ། །དེ་ཉིད ་ཡང་དག་པའི་སྨོན་ལམ་ཞེས་བྱ་སྟེ། ཡང་དག་པའི་སྨོན་ལམ་ཐམས་ཅད་ནི་མདོར་བསྡུ་ན་རྣམ་པ་ལྔ་སྟེ། སེམས་བསྐྱེད་པའི་སྨོན་ལམ་དག་སྐྱེ་བའི་སྨོན་ལམ་དང། སྤྱོད་ཡུལ་གྱི་སྨོན་ལམ་དང། ཡང་དག་པའི་སྨོན་ལམ་དང། སྨོན་ལམ་ཆེན་པོ་སྟེ། །དེ་དག་གིས ་རབ་ཏུ་དབྱེ་བ་ནི་སྔར་བསམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་པའི་སྐབས་སུ་བསྟན་པ་བཞིན་ནོ།། རྗེས་སུ་བསྲུང་བ་ཞེས་བྱ་བ་ནི་ཐེག་པ་དེ་ལས་ཡོངས་སུ་མི་ཉམས་པར་བསྟན་ཏེ། དེ་ནི་ཤེས་རབ་དང་སྙིང་རྗེས་ཡོངས་སུ་མི་ཉམས་ཏེ། ཤེས ་རབ་ཀྱི་ཆོས་ཐམས་ཅད་ཡང་དག་བ་ཇི་ལྟ་བ་བཞིན་དུ་རྟོགས་པས་བླ་ན་མེད་པའི་བྱང་ཆུབ་ལ་དམིགས་པའི་བསམ་པའི་ཁམས་རྟས་པའི་ཕྱིར་བདག་གི་དོན་ཕུན་སུམ་ཚོགས་པ་ཡང་དག་པར་གྲུབ་ཅིང་འཁོར་བ་ལ་མི་གནས་ལ། སྙིང་རྗེས་སེམས ་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བས། སེམས་ཅན་ཐམས་ཅད་ལ་དམིགས་པའི་བསམ་པའི་ཁམས་རྟས་པའི་ཕྱིར་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡང་དག་པར་གྲུབ་ཅིང་།མྱ་ངན་ལས་འདས ་པ་ལ་མི་གནས་པས་དེའི་ཕྱིར་ཤེས་རབ་དང་སྙིང་རྗེ་ནི་བླ་ན་མེད་པའི་བྱང་ཆུབ་དང། སེམས་ཅན་ཐམས་ཅད་ལ་དམིགས་པའི་ཁམས་རྟས་པར་བྱེད་པ་དང། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡང་དག་པར་གྲུབ་པར་བྱེད་པ་དང། འཁོར ་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པར་བྱེད་པ་ཡིན་པས་ཐེག་པ་དེ་ལས་ཡོངས་སུ་མི་ཉམས་ཤིང་རྗེས་སུ་བསྲུང་བ་ཡིན་ཏེ།། དེ་ལྟ་བུས་བསླབ་པའི་གཞི་དྲུག་པོ་དེ་དག་ལ་ལེགས་པར་ཤིན་ཏུ་བསླབ་པར་བྱའོ་ཞེས་བྱ་བར་སྦྱར་རོ ་སོམ་ཉི་མེད་པ་ཞེས་བྱ་བ་ནི་སོམ་ཉི་ནི་ཡང་དག་པར་སྒྲུབ་པ་ཐམས་ཅད་ཀྱི་བར་དུ་གཅོད་པ་ཡིན་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་བཤེས་གཉེན་སོམ་ཉི་ཐམས་ཅད་ཡང་དག་པར་སེལ་བར་བྱེད་པ་ཡིན་པས་དགེ་བའི་བཤེS ་གཉེན་ལ་བརྟེན་པ་ནི་སོམ་ཉི་མེད་པ་སྟེ་དེ་ནི་དགེ་བའི་བཤེས་གཉེན་ལ་བརྟེན་པ་ཞེས་བྱ་བས་བསྟན་ཏེ། དགེ་བའི་བཤེས་གཉེན་ལ་བརྟེན་ནས་སོམ་ཉི་མེད་པར་འགྱུར་ལ། སོམ་ཉི་མེད་པར་བསླབ་པའི་གཞི་དྲུག་པོ་དེ་དག་ལ ་ལེགས་པར་ཤིན་ཏུ་བསླབ་པར་བྱའོ་ཞེས་སྟོན་ཏོ། །དེ་ལ་རྣམ་པ་དུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཨི་དགེ་བའི་བཤེས་གཉེན་དུ་རིག་པར་བྱ། རྣམ་པ་དུས་ནི་དགེ་བའི་བཤེས་གཉེན་གྱི་བྱ་བ་དོན་ཡོད་པ་ཡིན། རྣམ་པ་དུ་དང་ལྡན ་ན་དགེ་བའི་བཤེས་གཉེན་དད་པའི་བཞིའི་གནས་ལ་གནས་པ་ཡིན། དགེ་བའི་བཤེས་གཉེན་གྱིས་འདུལ་བ་གཞན་དག་ལ་དགེ་པའི་བཤེས་གཉེན་གྱི་བྱ་བ་དུ་ཡོད། །བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལ་བརྟེན ་པ་ནི་རྣམ་པ་དུས་རྫོགས་པར་འགྱུར། བྱང་ཆུབ་སེམས་དཔའ་འདུ་ཤེས་དུས་ནི་དགེ་བའི་བཤེས་གཉེན་ལ་ཆོས་མཉན་པར་བྱ། བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་གང་ཟག་ཆོས་སྨྲ་པ་ལ་གནས་སུ་ནི་ཡིད་ལ་མི་བྱ་ཞེ་ན་རྣམ་པ་བརྒྱད་དང ་ལྡན་ན་བྱང་ཆུབ་སེམས་དཔའ་ཨི་དགེ་བའི་བཤེས་གཉེན་དུ་རིག་པར་བྱ་སྟེ། ཚུལ་ཁྲིམས་ལ་གནས་པ་དང། མང་དུ་ཐོས་པ་དང། རྟོགས་པ་དང་ལྡན་པ་དང། སྙིང་རྗེ་དང་ལྡན་པ་དང། འཇིགས་པ་མེད་པ་དང། བཟོད་པ་དང་ལྡན་པ་དང། ་ཡིད་ཡོངས་སུ་མི་སྐྱོ་བ་དང། དགེ་བའི་ཚིག་དང་ལྡན་པ་ཡིན་ནོ། །རྣམ་པ་ལྔས་ནི་དགེ་བའི་བཤེས་གཉེན་གྱི་བྱ་བ་དོན་ཡོང་པ་ཡིན་ཏེ། མ་གསོལ་བར་སེཾས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་དང། ཚེ་འདི་དང་ཕྱི་མའི་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས ་བ་དང། ཡང་དག་པའི་ལམ་དུ་འཛུད་པས་ཕན་འདོགས་པ་དང། དམ་བཅ་པའི་རྩོམ་པ་འབྲས་བུ་ཡོད་པར་བྱེད་པ་དང། ཕྱོགས་མི་འཛིན་ཅིང་སྙིང་རྗེ་སྙོམས་པས་སོ། །རྣམ་པ་ལྔ་དང་ལྡན་ན་དགེ་བའི་བཤེས་གཉེན་དང་པའི་གཞིའི་གནས་ལ་གནས་པ་ཡིན་ཏེ ་སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང། བརྟན་པ་དང་ལྡན་པ་དང། ཚུལ་བཅོས་པ་མེད་པ་དང། ཕྲག་དོག་མེད་པ་དང། ཡོ་བྱད་བསྙུངས་པ་ཡིན་ནོ།། །དགེ་བའི་བཤེས་གཉེན་གྱི་གདུལ་བ་གཞན་དག་ལ། དགེ་བའི་བཤེས་གཉེན་གྱི་བྱ་བ་ནི་རྣམ་པ་ལྔ་ཡོད་དེ། ་གླེང་བར་བྱེད་པ་དང། དྲན་པར་བྱེད་པ་དང། འདོམས་པར་བྱེད་པ་དང། རྗེས་སུ་སྟོན་པར་བྱེད་པ་དང། ཆོས་སྟོན་པར་བྱེད་པ་ཡིན་ནོ། །བྱང་ཆུབ་སེམས་དཔས་དགེ་བའི་བཤེས་གཉེན་ལ་བརྟེན་པ་ནི་རྣམ་པ་བཞིས་རྫོགས་པར་འགྱུར་ཏེ། རིམ་གྲོ་བྱེད་པ་དང། ་བསྙེན་བཀུར་བྱེད་པ་དང། ཡོ་བྱད་སྟོབས་པ་དང། བཀའ་བཞིན་བྱེད་པས་སོ། །བྱང་ཆུབ་སེམས་དཔའ་འདུ་ཤེས་ལྔས་དགེ་བའི་བཤེས་གཉེན་ལ་ཆོས་མཉན་པར་བྱ་སྟེ། དཀོན་པའི་དོན་གྱིས་རིན་པོ་ཆེར་འདུ་ཤེས་དང། ལྷན་ཅིག་སྐྱེས་པའི ་ཤེས་རབ་རྒྱ་ཆེན་པོ་ཐོབ་པའི་རྒྱུའི་རང་བཞིན་གྱི་དོན་གྱིས་མིག་གི་འདུ་ཤེས་དང། ཤེས་བྱ་ཡང་དག་པ་ཇི་ལྟ་བ་བཞིན་གྱི་རྣམ་པ་ཐམས་ཅད་ཡང་དག་པར་སྟོན་པའི་དོན་གྱིས་སྣང་བའི་འདུ་ཤེས་དང། ཚེ་འདི་ལ་ཞི?། ་གནས་དང་ལྷག་མཐོང་གི་དགའ་བ་ཁ་ན་མ་ཐོ་བ་མེད་པའི་རྒྱུའི་དངོས་པའི་དོན་གྱིས་དགའ་བ་ཁ་ན་མ་ཐོ་བའི་མེད་པའི་འདུ་ཤེས་དང། མྱ་ངན་ལས་འདས་པ་དང། རྫོགས་པའི་བྱང་ཆུབ་བླ་ན་མེད་པའི་གོ་འཕང་ཐོབ་པའི་རྒྱུའི་དངོས་པོའི ་དོན་གྱི་འབྲས་བུ་དང། ཕན་ཡོན་ཆེ་བའི་འདུ་ཤེས་ཀྱིས་སོ། །བྱང་ཆུབ་སེམས་དཔའ་ཨི་དགེ་བའི་བཤེས་གཉེན་གང་ཟག་ཆོས་སྨྲ་པ་ལ་གནས་ལྔ་ཡིད་ལ་མི་བྱེད་དེ། ཚུལ་ཁྲིམས་ཉམས་པར་ཡིད་ལ་མི་བྱ་བ་དང། རིག་དམའ་བར་ཡིད་ལ་མི ་བྱ་བ་དང། བྱང་བཞིན་ངན་པར་ཡིད་ལ་མི་བྱ་བ་དང། སྙན་པ་མེད་པར་ཡིད་ལ་མི་བྱའོ།། དེ་ལྟར་བྱང་ཆུས་སེམས་དཔའ་དགེ་བའི་བཤེས་གཉེན་དེ་ལྟ་བུ་ལ་རྣམ་པ་དེ་ལྟ་བུས་བསྟེན་ཏེ། སོམ་ཉི་མེད་པར་གྱུར་པས། བསླབ་པའི་གཞི་དྲུག ་པོ་དེ་དག་ལ་ལེགས་པར་ཤིན་ཏུ་བསླབ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །གནས་སྐབས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་ཁྱིམ་པའི་ཕྱོགས་ལ་གནས་པ་དང། རབ་ཏུ་བྱུང་བའི་ཕྱོགས་ལ་གནས་པའི་གནས་སྐབས་ན་རྒྱུན་མི་འཆད་པར ་དགེ་བའི་ཕྱོགས་ལ་ཐམས་ཅད་སྦྱོར་བ་སྟེ། དེ་ནི་རྒྱུན་མི་འཆད་པར་དགེ་བའི་ཕྱོགས་ལ་སྦྱོར་བ་ཞེས་བྱ་བས་བསྟན་ཏེ། བྱང་ཆུབ་སེམས་དཔའ་ཨི་ཁྱིམ་པའི་ཕྱོགས་ལ་གནས་པ་དང། རབ་ཏུ་བྱུང་བའི་ཕྱོགས་ལ་གནས་པའི་གནས་སྐབས ་ནས་རྒྱུན་མི་འཆད་པར་དགེ་བའི་ཕྱོགས་ལ་སྦྱོར་བས་བསླབ་པའི་གཞི་དྲུག་པོ་དེ་དག་ལེགས་པར་ཤིན་ཏུ་བསླབ་པར་བྱའོ་ཞེས་སྟོན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཁྱིམ་པའི་ཕྱོགས་ལ་གནས་པ་དང། རབ་ཏུ་བྱུང་བའི་ཕྱོགས་ལ ་གནས་པའི་གནས་སྐབས་རྒྱུན་འཆད་པར་དགེ་བའི་ཕྱོགས་ལ་སྦྱོར་བའི་ཆོས་ནི་མདོར་བསྡུ་ན་རྣམ་པ་བཞི་སྟེ། ལས་ཀྱི་མཛའ་ལེགས་པར་བྱེད་པ་དང། མཁས་པ་དང། གཞན་ལ་ཕན་འདོགས་པ་དང། ཡོངས་སུ་བསྔོ་བའོ། །དེ་ལས་ལས་ཀྱི་མཛའ་ལེགས ་པར་བྱེད་པ་ནི་རྣམ་པ་བཞི་སྟེ། ཕ་རོལ་ཏུ་ཕྱིན་པ་རྣམས་ངེས་པར་འབྱེད་པ་དང། བྱང་བར་བྱེད་བ་དང། རྟག་ཏུ་བྱེད་པ་དང། ཁ་ན་མ་ཐོབ་བ་མེད་པར་བྱེད་པའོ། །མཁས་པ་ནི་རྣམ་པ་བཅུ་སྟེ། སེམས་ཅན་ཞེས་འགྲས་པ་རྣམས་ཀྱི་སྡང་བ་བསལ་བ་དང། ཐ་མལ ་པ་རྣམས་འཇུག་པར་བྱ་བ་དང། ཞུགས་པ་རྣམས་ཡོངས་སུ་སྨིན་པར་བྱེད་པ་དང། ཡོངས་སུ་སྨིན་པ་རྣམས་རྣམ་པར་གྲོལ་བར་བྱ་བ་ཐབས་ལ་མཁས་པ་དང། འཇིག་རྟེན་པའི་བསྟན་བཅོས་ཐམས་ཅད་ལ་མཁས་པ་དང། བྱང་ཆུབ་སེམས་དཔའ་ཨི ་སྡོམ་པ་ལ་ཡང་དག་པར་བླངས་པའི་བྱ་བ་ལ་མཁས་པ་དང། ཡང་དག་པའི་སྨོན་ལམ་ལ་མཁས་པ་དང། ཉན་ཐོས་ཀྱི་ཐེག་པ་ལ་མཁས་པ་དང། རང་སངས་རྒྱས་ཀྱི་ཐེག་པ་ལ་མཁས་པ་དང། ཐེག་པ་ཆེན་པོ་ལ་མཁས་པའོ། །གཞན ་ལ་ཕན་འདོགས་པ་ནི་བསྡུ་བའི་དངོས་པོ་བཞིས་ཁ་ཅིག་ལ་ཕན་པ་ཉེ་བར་སྒྲུབ་པ་དང། ཁ་ཅིག་ལ་བདེ་བ་ཉེ་བར་སྒྲུབ་པ་དག་ཁ་ཅིག་ལ་ཕན་པ་དང། བདེ་བ་ཉེ་བར་སྒྲུབ་པར་བྱེད་པ་ཡིན་ནོ། །ཡོངས་སུ་བསྔོ་བ་ནི་བྱང་ཆུབ་སེམས་དཔའ་ལས་ཀྱི་མཛའ་ ་ལེགས་པར་བྱེད་པ་དང་མཁས་པ་དང། གཞན་ལ་ཕན་འདོགས་པའི་སྒོ་གསུམ་པོ་དག་གིས་འདས་པ་དང། མ་འོངས་པ་དང། དེ་ལྟར་བྱུང་བའི་དགེ་བའི་རྩ་བ་ཅི་བས་གོས་སོག་ཐམས་ཅད་སྙིང་ཐག་པ་ནས་དད་པས་བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་པའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་རབ་ཏུ་བྱུང་བའི་ཕྱོགས་ལ་གནས་པ་གཉིས་ཀ་ཆོས་བཞི་པོ་དེ་དག་ལ་ཡང་དག་པར་སྦྱོར་དུ་ཟིན་ཀྱང། བྱང་ཆུབ་སེམས་དཔའ་ཁྱིམ་པ་བས? ་རབ་ཏུ་བྱུང་བ་ཤིན་ཏུ་ཁྱད་ཆེས་ཁྱད་པར་དུ་འཕགས་པར་རིག་པར་བྱ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་ཁྱིམ་པ་ནི་བུ་སྨད་ཡོངས་སུ་འཛིན་པའི་ཉེས་པ་ལས་ཡོངས་སུ ་མ་གྲོལ་གྱི་རབ་ཏུ་བྱུང་བ་ནི་དེ་ལས་ཡོངས་སུ་གྲོལ་བ་དང། ཁྱིམ་པ་ནི་ཡོངས་སུ་འཛིན་པ་དེ་ཉིད་ཀྱི་ཆེད་དུ་ཞིང་ལས་དང་ཉོ་ཚོངས་དང། རྒྱལ་པོ་ལ་ཞོ་ཤས་འཚོ་བ་ལ་སོགས་པས་ཉོན་མོངས ་པ་དང་ཆགས་པའི་སྡུག་བསྔལ་ལས་ཡོངས་སུ་མ་གྲོལ་གྱི་།རབ་ཏུ་བྱུང་བ་ནི་དེ་ལས་ཡོངས་གྲོལ་བ་དང། ཁྱིམ་པས་ནི་ཚངས་པར་སྤྱོད་པ་གཅིག་བུ་ངེས་པར་ལུ་གུ་རྒྱུད་བཞིན་དུ་བརྟན་པར་སྤྱོད་མི ་ནུས་ཀྱི་རབ་ཏུ་བྱུང་བས་ནི་ནུས་པ་དང། ཁྱིམ་པས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐཾས་ཅད་ལ་མངོན་པར་ཤེས་པ་དུལ་ཞིང། དགེ་བ་གང་དང་གང་རྩོམ་པ་དེ་དང་དེ་ཉིད་མྱུར་དུ་མཐར་ཕྱིན་པར་མི་འགྱུར ་གྱི་རབ་ཏུ་བྱུང་བ་ནི་དེ་ལྟ་མ་ཡིན་པ་དང། ཁྱིམ་པ་ནི་བརྟུལ་ཤུགས་ལ་ངས་པར་གནས་པ་མ་ཡིན་པས་གཞན་དག་ལ་ཚིག་མི་བཙུན་གྱི་རབ་ཏུ་བྱུང་བ་ནི་དེ་ལྟ་མ་ཡིན་པའི་ཕྱིར་ཏེ། རབ་ཏུ་བྱུང་བ་ནི ་དེ་ལྟ་བུ་དང་མཐུན་པའི་ཆོས་ཐཾས་ཅད་ཀྱིས་ཁྱིམ་པ་ལས་ཤིན་ཏུ་ཁྱད་ཆེས་ཁྱད་པར་དུ་འཕགས་པར་རིག་པར་བྱའོ། །དེ་ལྟར་གནས་སྐབས་དེ་ལྟ་བུ་དག་ནས་རྒྱུན་མི་འཆད་པར་དགེ་བའི་ཕྱོགས་ལ ་སྦྱོར་བས་བསླབ་པའི་གཞི་དྲུག་པོ་དེ་དག་ལ་ལེགས་པར་ཤིན་ཏུ་བསླབ་པར་བྱའོ་ཞེས་སྦྱར་རོ། །ལེགས་པར་ཤིན་ཏུ་བསླབ་པ་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ། །བཀྲ་ཤིས། ་