| Wylie | e-texts based on the ACIP/ALL Input |
བརྫངས་པ་རྫོགས་སོ།། (།།ལྟ་བའི་རིམ་པ་བཤད་པ་བཞུགས་སོ།།)་།།པདྨའི་སྤྱན་ལ་ཕྱག་འཚལ་ནས། །ལྟ་བའི་རིམ་པ་བཤད་པར་བྱ། །འཇིག་རྟེན་པ་དང་འཇིག་རྟེན་འདས། །གསེར་གྱི་རྫས་ལྟར་གཅིག་ལས་སྣང། །རྣམ་གྲངས་སྣང ་བ་ལྔ་གསུམ་གཉིས། །ཤེས་ནས་གཞག་དང་བླང་བར་བྱ། །ཐམས་ཅད་བྱང་ཆུབ་སྙིང་པོ་ཀློང། །པདྨ་འཁྱིལ་བའི་རང་བཞིན་ལ། །རང་གི་རྟོག་རྙོག་རི་བོས་མནན། །རང་རྒྱུད་རྐྱེན་གྱིས་ལོག་སྣང་བས། །སྐྱེ་བོ་པ་དང་མུ་སྟེགས་པ། །དུག་དང ་རྟག་ཆད་སྣང་བར་བྱུང། །དམུ་ལོང་ཚུལ་གྱུར་སྐྱེ་བོ་སྤང། །མཐོ་ཡོར་མི་ལྟར་བརྟགས་སྣང་བ། །དམྱལ་བའི་རང་སེམས་མེ་སོགས་སྣང། །ཡི་དགས་སྡིག་སེམས་མི་གཙང་ཡུལ། །བྱོལ་སོང་གྱེན་ཐུར་ངམ་གྲོག་སྣང། །མི་ལ་མཐོང་ཡུལ ་འདི་ཉིད་སྣང། །དེ་བཞིན་ལྷ་མིན་གོ་མཚོན་སྣང། །ལྷ་ཡི་དགེ་སེམས་རིན་ཆེན་སྣང། །ཅི་ཡང་སྣང་ཕྱིར་མཐོང་མི་བདེན། །སྐྱེ་བོ་རྟོག་པས་ཕྲོགས་པ་ཡིས། །རྣམ་འཕྲུལ་ཕྱི་ནང་ལྟ་བུར་སྣང། །བརྟགས་པ་བརྡ་ཡི་ཐ་སྙད་ཤར། ། ་རྐྱེན་གྱིས་ལོང་ཚུལ་མུ་སྟེགས་པ། །ཁྲིད་བྱེད་དྲུག་གི་བསྟན་པས་བསླུས། །མདོ་བསྡུས་མུ་སྟེགས་ཆད་པ་ལ། །གློ་བུར་ཙམ་སྣང་མཛའ་མེད་ལྟ། །རྟག་པ་བྱས་སྣང་དངོས་པོར་འདོད། །དེ་ཡང་རྒྱུ་མིན་རྒྱུར་སྨྲ་བ། །རང་བཞིན་རྒྱུར་འདོད ་དབང་ཕྱུག་རྒྱུ། །ངོ་བོ་ཉིད་ལ་རྒྱུར་སྨྲ་དང། །རྡུལ་ཕྲན་རྒྱུ་རུ་འདོད་པ་དང། །བྱེད་པོ་རྒྱུ་རུ་འདོད་པ་ལོག་།གཞན་ཡང་མུ་སྟེགས་ཞར་བྱུང་བ། །ཕྱི་རོལ་པ་དང་ཡང་དག་པ། །གསང་སྔགས་པ་དང་གསང ་ཆེན་པ། །གཉིས་གསུམ་ལྔ་རྣམས་རྒྱུ་ཡི་ཚུལ། །གསུམ་གཉིས་འབྲས་བུའི་ཚུལ་སྣང་བ། །བདག་ཏུ་འཛིན་པ་བཞིས་ལས་ལྟ། །འཇིག་རྟེན་འདས་པའི་ལྟ་བ་ཡང། །ཅིག་ཤོས་ལྟ་བ་ལས་འཕགས་པ། །ཉན་ཐོས་རང་རྒྱལ་མདོ ་སྡེ་དང། །ཀྲི་ཡ་ཨུ་པ་ཡང་དག་དང། །དེ་བཞིན་ཡོ་གའི་ཐེག་པ་དང། །མ་ཧཱ་ཡོ་གའི་ཐེག་པ་དང། ། ནུ་ཡོ་གའི་ཐེག་པ་དང། ། ཏི་ཡོ་གའི་ཐེག་པ་དང། །ཆོས་ཙམ་ལྟ་བའི་ཉན་ཐོས་པས། །མདོ་སྡེ་པ་དང་བྱེ་བྲག་གཉིས།། ་ཕྱི་རོལ་ཡུལ་ལ་རྩོད་བྱེད་ཅིང། །ཤེས་པ་སྐད་ཅིག་སྣང་བར་མཐུན། །དེ་བཞིན་རང་རྒྱལ་ཐེག་པ་པ། །ཕྱི་རོལ་བཅུ་གཉིས་སྒྱུ་མ་ཙམ། །རྡུལ་ཡང་ཕྱོགས་ཆས་མ་གྲུབ་འཕགས། །ཤེས་པ་སྐད་ཅིག་སྣང་དང་མཐུན། །མཚན་ཉིད ་ཐེག་པའང་རྣམ་པ་གསུམ། །རྣམ་རིག་པ་དང་རྣལ་འབྱོར་པ། །དེ་བཞིན་མདོ་སྡེ་དབུ་མ་པའོ། །རྣམ་རིག་ཕྱི་རོལ་མཐོ་ཡོར་མི། །སབ་མོ་རྟ་ལྟར་མེད་བཞིན་དུ། །རང་གི་རྣམ་ཤེས་འཁྲུལ་སྣང་འདོད། །དོན་དམ་ཡེ་ཤེས་སྐད ་ཅིག་འདོད། །རྣལ་འབྱོར་དབུ་མ་ཀུན་རྫོབ་མཐུན། །དོན་དམ་སྟོང་པ་མ་སྐྱེས་འདོད། །མདོ་སྡེ་ཀུན་རྫོབ་སྒྱུ་མ་ཙམ། །ཡུལ་རྣམས་ལོགས་ནས་སྣང་བར་ལྟ། །དམ་པར་མཛའ་གཉིས་བྲལ་བ་ཡི། །དབུ་མ་ཆེན་པོར་འདོད ་པའོ། །ཀྲི་ཡས་དོན་དམ་ཆོས་ཉིད་བལྟ། །ཀུན་རྫོབ་རང་རིག་ཡོན་ཏན་བལྟ། །རིགས་གསུམ་དཀྱིལ་འཁོར་སྣང་བ་ལ། །སྐྱེ་བོའི་འཁྲུལ་པ་མེད་པར་འདོད། །གཉིས་ཀ་རྒྱུད་ཀྱི་སྤྱོད་པ་ནི། །ལྟ་སྤྱོད་གོང་འོག་རྗེས་སུ་མཐུན། །ཡེ་གས ་དོན་དམ་རྣམ་དག་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ། བརྟོགས་པའི་བྱིན་རླབས་ལྷར་སྣང་ལ། །སྐྱེ་བོས་འདི་དག་ལྷར་མཐོང་འཁྲུལ། །མཧཱ་ཡོ་གས་དོན་དམ་དུ། །རང་གཉིས་མེད་དེ་དེ་བཞིན་ཉིད། །རྟོགས་པའི་ཆོས་འཕྲུལ་དྲུག་སོགས ་པའི། །ལྷར་སྣང་དང་ལ་འཁོར་བ་མེད། ། ནུ་ཡོ་གས་དོན་དམ་དུ། །བདེ་ཆེན་རྟོགས་པ་རིགས་པའི་རྩལ། །ཀུན་རྫོབ་ལྷའི་དཀྱིལ་འཁོར་སྣང། །དེ་ཕྱིར་སྐྱེ་བོས་བརྟགས་པ་འཁྲུལ། ། ཏི་ཡོ་གས་བདེན་གཉིས་བྲལ། །ཐམས་ཅད་རང་བྱུང ་རང་སྣང་བའི། །ཡེ་ཤེས་མཛའ་དབུས་བྲལ་བ་ལ། །བརྟགས་པ་གཉིས་པོ་གདོད་ནས་མེད། །དེ་ཕྱིར་གསེར་ལ་གསེར་མཐོང་ལྟར། །ཇི་བཞིན་མ་ནོར་བདེན་མཐོང་ཡིན། །མཉམ་ཉིད་རང་བཞིན་མ་ངེས་པས། །ཇི་ལྟར་བལྟས་པ་དེར་སྣང་ཕྱིར ་དངོས་པོ་རྟག་པ་ཡོད་མིན་ཏེ། །ཡོད་ན་ཀུན་ལ་མཐུན་སྣང་ཕྱིར། །དེ་ཕྱིར་རང་སེམས་ངོ་བོར་སྣང། །བརྟགས་པ་གཅིག་ཡུལ་གཅིག་མིན་པས། །འཁྲུལ་པ་སྣང་བར་ཐེ་ཚོམ་མེད། །དེས་ན་སྤྱོད་ཡུལ་གདོད་ནས་མེད། །རྟོག་སེམས་འགྲོ་བ ་སོ་སོའི་སེམས། །གཅིག་ན་དགེ་སྡིག་རྣམ་སྨིན་ཡང། །མ་སྤྱད་ཀུན་གྱིས་མྱོང་བར་རིགས། །དེ་མིན་ཡང་དག་དོན་མི་རུང། །རྣམ་སྨིན་ཐུན་མོང་མ་གྱུར་ཕྱིར། །གཅིག་མིན་དེ་ཉིད་མ་སྐྱེས་པས། །ཐ་དད་དོན་དཱུང་མི་རུང་སྟེ། །གཅིག་དང ་ཐ་དད་ལས་གྲོལ་བའོ། །དངོས་པོ་སྣ་ཚོགས་བརྟགས་པ་ཡི། །མིང་ལ་གྲུབ་པའི་གཏན་ཚིགས་མེད། །དེ་ཕྱིར་མཚན་ཉིད་ཅི་ཡང་མིན། །མ་གྲུབ་པ་ལ་ཡོད་རྟོགས་པ། །སྒྱུ་མའི་སྐྱེས་བུས་ཤེས་འགྱུར་གྱི། །རྒྱལ་བ་ཉིད་ཀྱིས་མི་མཁྱེན་ནོ། ་སྣང་བས་སྤྱོད་ཡུལ་མ་གྲུབ་ཕྱིར། །དམིགས་པའི་ཤེས་པ་ཡོད་མི་རུང། །སྤྱོད་ཡུལ་མ་སྐྱེས་ཡེ་ཤེས་ཕྱིར། །བསྒོམ་བྱའི་ཆོས་ཉིད་ལོགས་ན་མེད། །སེམས་ཀྱི་ཡེ་ཤེས་མཛའ་བྲལ་ཕྱིར། །སྒོམ་པ་པོ་ཡང་ག་ལ་ཡོད། །དེ་ལྟར་སྒོམ་མཁན ་དངོས་མེད་ན། །མི་གནས་མི་རྟོགས་འཇོག་པ་དང། །ནམ་མཁའ་ལྟ་བུ་རང་གསལ་བའི། །རང་སེམས་ཡོང་གིས་དེ་ལྟའོ། །ཅི་ཡང་ཡིད་ལ་མི་བྱེད་ན། །ཡང་དག་དོན་ལ་ཕེབས་པའི་རིགས། །ལུང་དག་མ་སྐྱེས་གཞི ་མེད་ཕྱིར། །སྐྱིལ་ཀྲུང་སྨྲ་བཅད་ཁ་ན་མེད། །དེ་བཞིན་སེམས་ཀྱང་དངོས་བྲལ་བས། །རྟོག་སྤང་སྒོམ་པའི་ཁར་མི་འོང། །དེ་ལྟར་རྟོགས་པ་སྒོམ་པའོ། །ཡལ་བར་འདུག་པ་ནམ་ཡང་མེད། །ཅི་ཕྱིར་བདག་ཉིད་དེ་ཕྱིར་བས། །རང་གི་དབྱིངས་ལས ་གཡོས་པ་མེད། །རྟོག་པའི་མཚན་མ་བཟང་དང་ངན། །ཅི་སྐྱེས་དགག་པར་མི་བྱ་ཞིང། །དེ་དོན་དྲན་པས་འབྲལ་བའང་མེད། །རང་བྱུང་རང་ཞིར་ང་སྨྲའོ། །དཔེར་ན་རྐུན་པོ་ཚོར་མ་ཐག། མ་སྤྲད་འབྲོས་བཞིན་གདེང་གིས་ཞི། །ལྟ་བའི་ཤུགས ་ལས་བྱུང་བའི་ཕྱིར། །ཆེད་དུ་ཚོར་བ་བསྟེན་མི་དགོས། །དེ་མིན་བློ་ཡིས་སྐད་ཅིག་ཏུ། །རྣམ་རྟོག་རང་གི་དེ་ཉིད་བལྟའོ། །བྱིང་བ་ཤེས་པ་ལྡང་མི་ནུས། །རྨུགས་པ་དོན་ཉིད་མི་གསལ་བའོ། །བྱིང་རྨུགས་རབ་ཏུ་བྱིང་རྨུགས་དང། །ཤིན་ཏུ་བྱིང ་རྨུགས་ཕྱིར་མི་བཏང། །དེ་བཞིན་རྒོད་པ་རྣམས་པ་གསུམ། །ལེ་ལོ་སྙོམས་ལས་དམན་ལ་སྦྱོར། །དོགས་པ་གོལ་དང་ལྷུང་བ་གཉིས། །ར་བ་རྟགས་དང་འབྲས་བུའོ། །འཁྲུག་དང་འཇུག་ཏུ་མི་བཏུབ་དང། །ལུས་ཀྱི་བྱ་བྱེད་སྤྱོད་པ ་དགའ་། །དག་གི་ཅ་ཅོ་སྨྲ་དགའ་བ། །ཡང་དག་དོན་ལས་རིང་བའི་ཕྱིར། །བྱ་བྱེད་གྲོང་ཡུལ་གཏམ་མི་གླན། །སྦྱིན་དང་ཆོ་གའི་ལས་མི་བྱ། །དགེ་བའི་ལས་ཀྱང་གཡེང་འགྱུར་ན། །སྡིག་ལས་མི་བྱ་སྨོས་ཅི་དགོས། །ཉམས་དང་གཡོ ་དང་གོམས་པ་དང། །བརྟག་པའི་ཉམས་དང་སྦྱང་བར་བྱ། །དོན་དུ་འདི་སྙམ་བསྟན་དུ་མེད། །དེ་རྟོགས་ཡང་དག་ཉམས་དང་ལྡན། །དེ་ཚེ་ཕྱི་ནང་གསང་བའི་དྲོང། །ཕྱི་ནང་རྟགས་ཀྱང་རིམ་པས་འབྱུང། །སྐྱེས་ཀྱང་དགའ་བྲོས་སེམས ་མ་བྱེད། །མེད་ཀྱང་དེ་ལ་མི་དགའ་མེད། །དེ་དག་གཡོ་དང་ཐོབ་བརྟན་ན། །རིམ་འབྱུང་གསུངས་ན་དངོས་གྲུབ་འབྱུང། །ཀླུ་གསུམ་ལྡན་པའི་སྐྱེས་མཆོག་ལ། །སེངྒེ་ལྟ་བུར་འཇིག་ཚོགས་བྲལ། །ཟས་དང་ནོར་གཉེན་མ་ཆགས་ཤིང། །སྙིང་རྗེ་ཆེན་བོ ་མི་འབྲལ་ན། །ཆོས་ཉིད་དོན་དང་ཕྲད་པའི་རྟགས། །ཅི་སྤྱོད་དོན་ལས་མ་ཉམས་ན། །གོམས་ནས་ལས་སུ་རུང་བའི་རྟགས། །འདི་ལྡན་དབང་ཕྱ་བཙུམས་མེད་ན། །སྣང་བ་གང་ཡང་མི་སྐྱོན་ཞིང། །ཡིད་ལ་བྱ་བ་མེད་ཕྱིར་རོ། །ལུས་ཀྱིས་རིམ་པར་བཟོད ་ཐོབ་དང། །ཆོས་བརྒྱད་སྤོང་ལེན་མེད་པ་དང། །གང་ལའང་ཉོན་མོངས་མི་སྐྱེ་ན། །འདི་ཡངས་ལ་འགྲོ་བའི་རྟགས། །ཡིད་ལ་བྱེད་མེད་འགགས་སྣང་མེད། །འདུ་ཤེས་མ་གཟུང་རང་གསལ་ལ། །གང་ཡང་ཉམས་སུ་མི་ལེན་ཅིང། །སེམས་ཀྱིས ་མངོན་པར་མ་ཕྱོགས་ཤིང། །དམིགས་མེད་ཚུལ་དུ་རང་སྣང་བ། །ཐ་སྙད་ཙམ་དུ་བསྒོམ་ཞེས་བརྗོད། །ཡང་དག་དོན་གྱི་གདེངས་མེད་པར། །ཚིག་ཙམ་ལྟ་ལ་ཁུངས་ཆུང་ཞིང། །བྱ་མེད་ཆོས་ལ་བློ་གཏད་ནས། །རྩིང་ཆོས་ཕཊ་རལ་སྤྱོད་བྱེད ་པ། །རྒྱལ་བའི་བཀས་ཀྱང་མི་སྐྱོབས་ཏེ། །ཡ་ངའི་འབྲས་བུ་ཐེ་ཚོམ་མེད། །རྟོགས་པའི་མཚན་ཉིད་བརྒྱད་ལྡན་ན། །སྐྱེས་བུ་དེ་ནི་རྒྱལ་བའི་སྲས། །གདེངས་མེད་ལྟ་བ་མཐོ་འདོད་པས། །རང་གི་ང་རྒྱལ་སྙོམས་བྱེད་པ། །རི་བོས་སྲོག ་ཆགས་མནན་པ་ལྟར། །ནམ་ཡང་ཐར་པའི་ཁར་མི་འབྱུང། །གསང་སྔགས་གསང་བའི་སྒོར་ཞུགས་ནས། །ཡང་དག་དོན་ལ་མི་འདུད་པར། །མི་ཆོས་ཟང་ཟིང་ལས་བྱེད་ཅིང། །རང་དབང་སྤྱོད་བཞིན་དབང་མེད་ཅེས། །སྨྲ་ཞིང་གསང་དོན ་ཡལ་འཇོག་པ། །ཕྱི་མ་གར་འགྲོ་གཏོལ་མེད་པར། །གལ་མེད་ལེ་ལོའི་ལས་བྱེད་པ། །ེ་མའོ་རང་འཇོམས་དཔལ་བ་སྟེ། །རྒྱ་མཚོ་གཟིངས་ཀྱི་ཕ་བོང་ལྟར། །ཐུགས་རྗེ་ཞགས་པ་སྤྱང་ཐག་ཡན། །རང་གི་རང་བསླུས་སྙིང་རེ་རྗེ།། ་ལེ་ལོ་ཅན་ལ་ཐར་ལམ་མེད། །ལྟ་བའི་རིམ་པའི་མན་ངག་།དཀའ་བ་དཔལ་རྩེགས་ཀྱིས་མཛད་པ་རྫོགས་སོ།། །*། (།གསུང་པ་རིན་པོ་ཆེའི་གཏམ་རྒྱུད་ཤཱཀྱའི་རབས་རྒྱུད་བཞུགས།།)་?་མཆོག ་