| Wylie | e-texts based on the ACIP/ALL Input |
འགྲེངས་པའི་ཡོན་ཏན་བརྗོད་པས་ན་ཚད་མའི་ཡོན་ཏན་བཀོད་པར་རྟགས་སོ། །ཚད་མའི་ཡོན་ཏན་བཀོད་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།ཡོན་ཏན་བཀོད་པ་རྫོགས་སོ།། །། *། །ཤིང་སྙིང་འགྲེལ་པ་སྔགས་སུ་འགྲེལ ་པ་བཞུགས། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང། །དེ་ལ་སོགས་པ་ཡུམ་གཉིས་དང། །ཚོགས་ཀྱི་མཆོག་གྱུར་དགེ་འདུན་ལ། །ཕྱག་འཚལ་ནས་ཀྱང་སྐྱབས་སུ་མཆིའོ། །བཀའ་གསུམ་ལྡན་པའི་མདོ་ཉིད་ལས། །སེམས་ཅན ་ལ་དམིགས་བྱམས་སེམས་དང། །སྙིང་རྗེ་ཀུན་དང་མི་འབྲལ་ཕྱིར། །མདོ་ལས་སྔགས་སུ་བགྲོལ་པ་འདི། །སྐྱེས་མཆོག་རྣམས་ལ་བསྟན་པར་བྱ། །རྟོག་གེ་རྣམས་ལ་བསྟན་མི་བྱ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས ་པ་ནི་འདི་ནི་དུས་གཞན་དུ་མ་ཡིན་ཏེ། །དུས་ཉེ་བར་མཚོན་པའོ། །དེ་ཡང་དང་རིག་པ་ལ་སོགས་པ་མ་ཡིན་ཏེ། །འདི་སྐད་གཞན་ལ་ཐོས་པའི་དུས་སོ། །ཡང་ན་སྡུད་པ་པོ་ཉིད་ཐོས་པ་ཆེ་བའི་དོན་ནོ། །དུས་ནི་གཙོ་འཁོར་འདུས་པའི ་དུས་སོ། །དུས་གཅིག་ན་ནི་དུས་མང་པོ་འམ། །ཡང་ནས་ཡང་དུ་ཞུས་པ་ལྟ་བུ་མ་ཡིན་ཏེ། གཙོ་འཁོར་འཇོམ་པའི་དུས་གཅིག་ནའོ། །བཅོམ་ལྡན་འདས་ཞེས་པ་ནི་སྟོན་པའི་མཚན་ཉིད་སྟོན་ཏེ། དེ་ཡང་ཐུན་མོང་གི་བཅོམ་པ་ནི་བདུད ་བཞི་བཅོམ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན། ལོག་པའི་ཤེས་པ་ལས་འདས་པའོ། །ཁྱད་པར་གྱིས་བཅོམ་པ་ནི་ཕུང་པོ་ལྔ་ལ་སོགས་པའི་སྣང་སྲིད་ལྷའི་དད་དུ་བཅོམ། །དེ་ཉིད་ཀྱི་དོན་དང་ལྡན་པ་འཛིན ་པའི་ཡུལ་ལས་འདས་པའོ། །ཁྱད་པར་བླ་ན་མེད་པའི་བཅོམ་པ་ནི་འཁོར་འདས་ཀྱི་ཆོས་སྙིང་པོའི་ངང་དུ་རྩོལ་བ་དང་བྲལ་བར་བཅོམ་པས། རང་རིག་པའི་ཡེ་ཤེས་ཆེན་པོ་དང་ལྡན་པ། གང་གི་ཡང་ངོ་བོར་མ་གྲུབ་པས་འཁོར་འདས ་གཉིས་སུ་སྣང་བའི་ཚིག་གམ་མཛའ་ལས་འདས་པའོ། །རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་ཞེས་པ་ནི་གནས་ཀྱི་བྱེ་བྲག་སྟོན་ཏེ། དེ་ཡང་ཕྱིའི་གནས་ནི་རྒྱལ་བ་གཟུགས་ཅན་སྙིང་པོའི་གནས་ཡུལ་མ་ག་དྷའི་ཤར་ཕྱོགས་ན་རིན་པོ ་ཆེ་སྤུངས་པ་ལྟ་བུའོ། །མཆོད་རྟེན་ཟླུམ་པ་ལྟ་བུའི་རི་ལ་སངས་རྒྱས་རྣམས་ཀྱི་བཞུགས་གནས་པའི?་ཀུན་གྱི་ཁྱད་པར་གནས་པའོ། །ནང་གི་གནས་ནི་འོག་མིན་གྱི་གནས་ཏེ། གཟུགས་སམ་མཚན་མ་འམ་འཛིན་པའི་འོག་ཏུ་ཡང་མ་སོང ་བའོ། །གསང་བའི་གནས་ནི་རིག་པ་བྱང་ཆུབ་ཀྱི་སེམས་ཏེ། འཁོར་འདས་ཀུན་གྱི་གནས་སུ་གྱུར་པའོ། །དགེ་སློང་གི་དགེ་འདུན་ཆེན་པོ་དང། བྱང་ཆུབ་སེམས་དཔའ་ཨི་དགེ་འདུན་ཆེན་པོ་དང། ཐབས་ཅིག་ཏུ་བཞུགས་ཏེ་ཞེས་པ་ནི་འཁོར ་སྟོན་ཏེ། ཕྱིའི་འཁོར་ནི་འདུན་པ་མོས་པའི་ས་པ་སྟེ། དགེ་བའི་ཆོས་ལ་གནས་པས་དགེ་སློང་ངོ། །ལྟ་སྒོམ་གྱི་དོན་ལ་སྤྱོད་ཅིང་སེམས་པ་ནི་དགེ་འདུན་ཆེན་པོ་ལ། གཞན་དོན་ནུས་པ་ནི་བྱང་ཆུབ་སེམས་དཔའ་ཨི་དགེ་འདུན་ནོ། །དེ་ལ་སོགས ་པའི་འཁོར་རྣམས་དང་ལྷན་ཅིག་ཏུ་བཞུགས་པའོ། །ནང་གི་འཁོར་ནི་རིགས་ལྔའི་སངས་རྒྱས་ལ་སོགས་པ་ལོངས་སྐུའི་འཁོར་རོ། །གསང་བའི་འཁོར་ནི་རང་རིག་པའི་ཡེ་ཤེས་སྙིང་པོ་དབྱེར་མི་བྱེད་པའོ། །དེའི་དུས་སུ་ཆོས ་བསྟན་པར་བྱའོ། །ཆོས་ཀྱང་ཕྱིའི་ཆོས་སློབ་པའི་ཆོས་ལ་སོགས་ཏེ་དགེ་བ་བཅུ་ལ་སོགས་པའོ། །ནང་གི་ཆོས་ནི་ཐེག་པ་ཆེན་པོའི་ཆོས་སོ། །གསང་བའི་ཆོས་ནི་རིག་པ་ཡེ་ཤེས་སོ། །དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི ་ཆོས་ཀྱི་རྣམས་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་པ་ནི་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་ཚེ། འཁོར་རྣམས་སྨིན་པའི་དུས་དེའི་ཚེ། བཅོམ་ལྡན་འདས་ཀྱིས་སྟོང་པའི་ཟབ་པ་སྟེ། དངོས་པོའི་ཆོས་མིན་པའི་ཟབ་མོའི་དོན ་ནི་དེ་ལ་ཆོས་ཀྱི་རྣམ་གྲངས་ནི་ཕྱི་ནང་གསང་བའི་ཆོས་ལ་དེ་ལྟ་བུའི་ཏིང་ངེ་འཛིན་དམིགས་པ་མེད་པར་སྙོམས་པར་གནས་པ་སྟེ། དེ་ཡང་ཕྱིའི་ཏིང་ངེ་འཛིན་དངོས་པོའི་ཆོས་ལ་གནས་པའོ། །ནང་གི་དངོས་པོ་མེད་པའོ། །གསང་བའི་དེ་རྣམས་སུ ་མི་འབྱེད་པའི་དོན་ནོ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱོད་པ་ཉིད་ལ་རྣམ་པར་ལྟ་ཞིང། ཕུང་པོ་ལྔ་པོ་དེ་དག་ལ་ཡང་རང་བཞིན ་གྱིས་སྤོང?་པར་ལྟའོ་ཞེས་པ་ནི་སྟོན་པ་ཆོས་ཉིད་བདེན་པའི་ངང་ལ་གནས་པའི་ཚེ། འཁོར་གྱི་གཙོ་བོ་ཡང་རང་བཞིན་གྱིས་གནས་པར་འགྱུར་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་ནི་ཕྱི་སློབ་པའི་ས་ལ་གནས་པའོ། །ནང་ནི་ས་བཅུ་ནོན་པ ་ཡན་ཆད་དོ། །གསང་བ་ནི་སྙིང་པོའི་དོན་ཉིད་དོ། །དེ་རྣམས་དང་ལྡན་པས་ཆེན་པོའོ། །ཡང་ན་བྱང་ཆུབ་སེམས་དཔའ་ནི་བདག་དོན་གྲུབ་པ་ལ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཞན་དོན་གྲུབ་པའོ། །ཐུན་མོང་གི་འཕགས་པ་ནི ་ཉོན་མོངས་པ་འམ་འཁོར་བ་ལས་རིང་དུ་འཕགས་པའོ། །ཁྱད་པར་ནི་ལོངས་སྐུའི་འཁོར་ལོ། བླ་ན་མེད་པ་ནི་རིགས་སྙིང་པོའི་དོན་ཆོས་སྐུའོ། །བདག་དོན་དུ་སྤྱན་རས་གཟིགས་ཏེ་རང་ཉིད་ཀྱི་དོན་རྟོག་པར་བྱེད་པ་དང། གཞན་དོན ་གཟིགས་ཏེ་གདུལ་བྱ་གང་ལ་གང་མོས་སྟོན་ནུས་པའོ་དེའི་ཕྱིར་ན་བདག་གཞན་གཉིས་སམ། འཁོར་འདས་གཉིས་ལ་དབང་ཕྱུག་པ་སྟེ་དོན་བྱ་རུ་ཡོད་པའོ། །ལུང་གི་ཤེས་རབ་ཀྱི་འཁོར་འདས་སྟོན་ནུས?་?། ་རིག་པའི་ཤེས་རབ་ཀྱི་དོན་གཏན་ལ་འབེབས་པ་དམིགས་པ་མེད་པའི་ཤེས་རབ་ཀྱི་གང་དུ་ཡང་མི་འབྱེད་པས་འཁོར་བའི་ཕ་རོལ་ཏུ་ཕྱིན་པ་སྟེ། སྡུག་བསྔལ་མེད་པ་མྱ་ངན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་ཏེ། ཐུགས་རྗེ་འབྱིན་པའོ། །ཟབ ་མོ་ནི་རང་བཞིན་དངོས་པོར་མི་སྣང་པས་ཟབ་ལ། བསྟན་པར་དཀའ་བས་ཟབ་པས་རྒྱུ་རྐྱེན་ལས་འདས་པས་ཟབ་པའོ། །དེ་ལྟ་བུའི་དོན་རང་གི་ཁོང་དུ་ཆུད་དེ་སྤྱོད་པའོ། །དེས་ན་དེ་ཉིད་ལ་ཡང་དང་ཡང་དུ་དམིགས་པ་མེད་པ་ལྟ་བ་སྟེ། ལྟ་བའི ་དོན་རང་ནི་ཕུང་པོ་དེ་ཉིད་དེ། དེ་ལྔ་ནི་གྲངས་ཀྱི་ངེས་པ་ཡིན་ལ་ཕུང་པོ་ལྔ་ནི་ཐུན་མོང་གི་ལྔ་ནི་གཟུགས་ལ་སོགས་པ་ལྔ་ལ། ཁྱད་པར་གྱི་ལྔ་ནི་རིགས་ལྔའི་སངས་རྒྱས་ཏེ། ཕུང་པོ་ལྔའི་ཡོན་ཏན་ལ་བླ་ན་མེད་པའི་ཡེ་ཤེས་ལྔ་ལ། དེ་ནི་ཕུང ་པོ་ལྔའི་ངོ་བོ་དེ་རྣམས་ལ་བདག་པ་སྟེ། བློ་ཡིས་བསམས་ནས་དག་པར་བསྟན་པ་ནི་ས་ལམ་པ་སྟེ། མོས་པའི་གང་ཟག་གོ་།རང་བཞིན་གྱིས་དག་པར་ལྟ་བའི་ནི་དོན་ཐུགས་སུ་ཆུད་པའོ། །དེ་ཡང་དག་པའི་དོན་དེ་ཉིད་སྟོང་པ་སྟེ། སྟོང་པ་ལྟོས ་པའི་སྟོང་པ་གཅིག་ལ་གཅིག་མེད་པ་ལྟ་བུ་མིན། མེད་པའི་སྟོང་པ་རིག་པའི་ངོ་བོ་ལ་སོགས་པ་དང། བཞི་བཅོམ་བྱས་པའི་སྟོང་པ་རྡུལ་ཕྲ་རབ་ཏུ་གྲུབ་པ་དང། རང་བཞིན་གྱིས་སྟོང་པ་དངོས་པོ་འམ་དམིགས་པ་སྟེ་སྙིང་པོའི་དོན་ནོ།། ་དེ་ལྟ་བུ་ལ་དམིགས་པ་མེད་པའི་ཤེས་རབ་ནི་ལྟ་བའི་དོན་ནོ། །དེ་ནས་སངས་རྒྱས་ཀྱི་མཐུས། ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །རིགས ་ཀྱི་བུ་གང་ལ་ལ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱད་པ་སྤྱོད་པར་འདོད་པ་དེས་ཇི་ལྟར་བསླབ་པར་བགྱི། དེ་སྐད་ཅེས་སྨྲས་པ་དང་ཞེས་པས་ནི་སྤྱན་རས་གཟིགས་ལ་ཤཱ་རིའི་བུས་དྲིས་པ་སྟེ། དེ་ཡང་སངས་རྒྱས་ཤཱཀྱ་ཐུབ་པའི་མཐུས་སྤྱན ་རས་གཟིགས་གྲོལ་ལ། །དེའི་མཐུས་ཤཱ་རིའི་བུས་དྲི་བའི་སྟོབས་དང་ལྡན་པར་ནུས་པ་སྟེ། དེའི་ཕྱིར་ན་སངས་རྒྱས་ཀྱི་མཐུས་སོ། །སྐྱེ་འཆི་ལས་གྲོལ་བས་འཆི་མེད་ཀྱི་ཚེ་དང་ལྡན་པ་སྟེ། རིགས་གཞན་མ་ཡོངས་སུ་སྤངས་པ་སྟེ། མ་ཤཱཀྱའི་རིགས་སོ། །དེ་ཉིད ་ཀྱིས་གཞན་དོན་ལ་དམིགས་ཏེ་ཞུས་པའི་དོན་གྱིས་སྨྲས། ཐེག་པ་ཆེན་པོ་ལ་མོས་པའི་རིགས་ཀྱི་བུ་ལ་ལ་དག་ནི། དམིགས་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་དོན་ལ་སྤྱན་རས་གཟིགས་སྤྱོད་པ་དེ་ལ་གཞན་སྤྱད་པར་འདོད ་ན་བསླབ་པའི་ཐབས་ཇི་ལྟར་བསླབ་ཅེས་དྲིས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱིས། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ་ཞེས་པ་ནི་ཞེས་ཞུས་པའི་ལན་བསྟན་པའོ། །ཤཱ་རིའི ་བུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པོ་སྤྱོད་པས་སྤྱད་པར་འདོད་པ་དེས། འདི་ལྟར་བསླབ་པར་བྱ་སྟེ་ཞེས་པ་ནི་གསུངས་པར་ཞལ་གྱིས་བཞེས་པ་སྟེ། ཐེག་པ་ཆེན་པོ་ལ་མོས་པར་རིགས་ཕོ་འམ ་མོ་འམ་གང་ལ་ལ་དམིགས་པ་མེད་པའི་ཤེས་རབ་ལ་དེ་སྤྱོད་པའི་དོན་ལ་ཁྱད་ཡོད་པར་འདོད་ན་འདི་ལྟར་སློབས་ཞེས་པའི་དོན་ཏོ། །ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་རྗེས་སུ་བལྟའོ། །པ་ནི་ཐུན་མོང་གི་ཕུང་པོ་ལྔ་ལ་སོགས ་པ་དེ་རྣམས་ནི་ཡི་ནས་སྟོང་པ་ཡིན་པས། དེ་དག་ཁྱེད་ཀྱིས་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་དེའི་རྗེས་སུ་ལྟོས་ཤིག་།དེ་རྣམས་ལ་མོས་པའི་དོན་གྱིས་པའོ། །གཟུགས་སྟོང་པའོ་ཞེས་པ་ནི་གཟུགས་ཀྱི་ངོ་བོ་ཉིད་སྟོང་པའི་རང་བཞིན་ནོ།། ་སྟོང་པ་ཉིད་གཟུགས་སོ་ཞེས་པ་ནི་སྟོང་པ་ཉིད་དོན་རིག་པ་མ་འགགས་པས་གཟུགས་ལྟར་སྣང་བའོ། །གཟུགས་སྟོང་པ་ཉིད་ལས་གཞན་མ་ཡིན་ནོ་ཞེས་གཟུགས་སྟོང་པ་དེ་ལས་འཁོར་འདས་ཀྱི་ཆོས་གཞན་སྣང ་བ་མ་ཡིན་ཞེས་པ་ནི། སྟོང་པའི་ཡོན་ཏན་མ་འགགས་པ་དེ་ལས་གཞན་གཟུགས་སྣང་བ་གཞན་མ་ཡིན་ནོ། །གཟུགས་དེ་བཞིན་དུ་གནས་པ་དེ་བཞིན་དུ། དེ་ལས་གནས་པའི་དེ་ཚོར་བ་དང། འདུ་ཤེས་དང་འདུ་བྱེད་ལ་སོགས་པ་རྣམས ་ནི་གཟུགས་བཞིན་དུ་གནས་པའི་དོན་ཏོ། །ཤཱ་རིའི་བུ་དེ་ལྟ་བས་ན་ཆོས་ཐམས་ཅད་སྟོང་པ་ཉིད་དེ་ཞེས་པ་ནི། ཤཱ་རིའི་བུ་འཁོར་བའི་དངོས་པོ་གཟུགས་ལ་སོགས་པ་དངོས་པོ་མེད་པར་སྟོང་པ་ཉིད་དུ་དེ་ལྟ་བས་ན། མྱ་ངན་ལས་འདས་པའི ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པ་ཉིད་དོ། །སྟོང་པ་ཉིད་དོན་སྟོང་པ་ཉིད་ཀྱི་དོན་རང་ནི་འདི་ལྟ་བུ་སྟེ། གཟུགས་སམ་སྟོང་པའི་མཚན་ཉིད་གང་ཡང་མེད་པ། རྒྱུ་རྐྱེན་གང་གིས་ཀྱང་མ་སྐྱེད་པ། རང་གི་ངོ་བོའི་ཡོན་ཏན་གང་དུ་ཡང ་མ་འགགས་པ། དངོས་པོའི་དྲི་མ་གང་ཡང་མེད་པ། དེ་ཡང་ཡེ་ཐོག་མ་ནས་གཟུང་འཛིན་གྱི་ཕྱོགས་གང་དུ་ཡང་མ་ལྟུང་བས། དྲི་མ་དང་བྲལ་བ་ཡང་མེད། སྙིང་པོའི་དོན་དེ་རྐྱེན་གྱིས་བྲི་བ་མེད་པ། རྒྱུ་གཞན་ལྟ་གཅིག་གིས་བསྐྱེད་ནས ་ཡོན་ཏན་གྱིས་གང་བའི་རྒྱུ་ཡང་མེད་དོ། །ཤཱ་རིའི་བུ་དེ་ལྟ་བས་ན་ཞེས་པས་ནི་དམིགས་པར་བྱ་བའི་སྟོང་པ་དེ་ཉིད་ལས། ཉམས་སུ་བླང་བའི་རྒྱུ་དངོས་པོ་གྲུབ་པ་མེད་དེ། གཟུགས་སྟོང་པ་ཉིད་ཡིན་པའི་ཕྱིར་ན། ཚོང་བ་ལ་སོགས་པ་ཡང ་གཉིས་སུ་མེད་ལ། མིག་ལ་སོགས་པའི་དབང་པོ་སྒོ་ལྔ་དང། དེ་ལས་ལས་ལྔ་ལ་སོགས་པ་དང། ཆོས་ལྔ་ཡང་གང་ཡང་དམིགས་སུ་མེད་དོ། །དེ་རྣམས་ཀྱི་མིག་ལ་སོགས་པའི་ཁམས་ཀྱང་དབྱེར་མི་ཕྱེད་པའོ། །དེ་ལྟར་ན་སྙིང་པོའི་དོན ་དེ་མ་མ?་རིག་པ་ཡང་མེད་དེ། དེ་ཟད་པའི་རྒྱུ་ཡང་མེད་དོ། །སྟོང་པའི་དོན་དེ་ཉིད་ལ་རྒས་པ་དང་ཤི་བ་ཡང་མེད། དེ་ལྟར་སྐྱེ་རྒ་ན་འཆི་རྟེན་འབྲེལ་ལ་ཟད་པ་ཡང་མེད་དོ། །དེ་ལྟར་དོན་དེ་ཉིད་ལ་སྡུག་བསྔལ་ཏེ་དུག་ལྔ་ལས་གྲུབ་པ་ཡང་མེད་ལ། དེ་ལས་ཅུང? ་བའི་ཀུན་ནས་ཉོན་མོངས་པ་མེད་དོ། །དེའི་དོན་གྱིས་སྡུག་བསྔལ་བ་མེད་པར་འགོག་པ་ཡང་མེད་ལ། དེའི་དོན་གྱི་འཁོར་བའི་དངོས་པོ་ཉམས་སུ་བླང་བ་མེད་ན། མྱ་ངན་ལས་འདས་པར་བྱེད་པའི་ལམ་ལ་ཡང་ཐོབ་པའི་རྒྱུ་མེད་དེ། །ལམ་དང་ས ་རྣམས་ཀྱང་སྤྱད་ཞིང་བགྲོད་དུ་མེད་དོ། །ཐུན་མོང་གི་ཡེ་ཤེས་ལྔ་ལ་སོགས་པ་ཡང་མེད་དོན་སྙིང་པོའི་དོན་དེ་ལས་གཞན་ནས་ཐོབ་པ་ཡང་མེད་ལ། རང་གི་དངོས་པོའི་དོན་ཡེ་ནས་རང་ཆས་སུ་ཡོད་པས། མ་ཐོབ་པའི་རྒྱུ་ཡང་མེད་དོ། །ཤཱ་རིའི་བུ་དེ་ལྟ ་བས་ན། བྱང་ཆུབ་སེམས་དཔའ་རྣམས་ལ་ཐོབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་གནས་ཏེ། ཞེས་པ་ནི་ཤཱ་རིའི་བུ་ལམ་ལ་གཞན་ནས་ཐོབ་པའི་རྒྱུ་མེད་པ་དེ་ལྟ་བས་ན། འབྲས་བུ་གཞན་ནས་ཐོབ་པ་མེད་པའི་ཕྱིར ་ན། དམིགས་པ་མེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། སྙིང་པོའི་ཆོས་ཀུན་ཞེས་བྱ་སྟེ། འབྲས་བུ་དེ་ཁལ?་བརྟེན་ཅིང་གནས་པ་ཞེས་བྱའོ། །སེམས་ལ་སྒྲིབ་པ་མེད་པས་སྐྲག་པ་མེད་དེ་ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ཏེ། མྱ་ངན་ལས ་འདུས་པའི་མཐར་ཕྱིན་ཏོ། །ཞེས་པ་ནི་འབྲས་བུའི་དོན་རང་ཆོས་སུ་གནས་པས། དེ་ལས་གཞན་མེད་པས་སེམས་ལ་སྒྲིབ་པའི་ཆོས་མེད་ལ། གཞན་ནས་མ་ཐོབ་ཀྱིས་ངོགས་པའི་སྐྲག་པ་ཡང་མེད་དོ། །ལོག་པའི་ཤེས་པ་རྣམས་ལས ་ཤིན་ཏུ་འདས་ཏེ། འཁོར་པའི་དམིགས་པའི་ཤེས་པ་མེད་པར། མྱ་ངན་ལས་འདས་ཏེ། སངས་རྒྱས་ཀྱིས་ལ་མཐར་ཕྱིན་ཏོ། །དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་པ་ནི་དེ་ལྟར་ན་འབྲས་བུའི་རྒྱུ་ཅིག་ལ་བཞག་ནས་ཐོབ་པའི་རྒྱུ་མེད་པ་མ་ཡིན་ཏེ། འདས་པ་དང་མ་བྱོན་པ ་དང་ད་ལྟར་གྱི་སངས་རྒྱས་རྣམས་ཀྱང། དམིགས་པ་མེད་པའི་དོན་ལ་བརྟེན་ནས། སངས་རྒྱས་ཐམས་ཅད་ཀྱི་བླ་ན་མེད་པ་ལས་ལོག་པའི་དོན་མེད་དེ། ཡང་དག་པར་སྟོན་པ་ལ་སོགས་པ་རྫོགས་པ། ཤེས་བྱའི་སྒྲིབ་པ་རྣམས་བྱ་བ། སྙིང་པོ ་དོན་ལ་བྱ་བར་གཞན་གྱི་དོན། རང་ལ་རང་ཆས་སུ་མངོན་པར་ཡོན་ཏན་ཐམས་ཅད་རྗོད་པར་སངས་རྒྱས་སོ། །ཤཱ་རིའི་བུ་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས། ཞེས་པ་ནི་དེ་ལྟ་བུར་དམིགས་པའི་ཡུལ་དང། ཉམས་སུ ་བླང་བའི་ཐབས་དང། མཐར་ཕྱིན་པའི་འབྲས་བུ་རྣམས་གཞན་ནས་འབྱུང་བ་འམ། ཐོབ་པའི་རྒྱུ་མེད་པས་ན་དེའི་དོན་ནི་ཤེས་པའི་རབ་འཁོར་བའི་ཕ་རོལ་ཕྱིན་པ་སྟེ། དེའི་དོན་ནི་སྔགས་ཞེས་བྱ་བ་ནི་ཡོན་ཏན་ལྔ་དང་ལྡན་པའོ། ། ་གཞན་གྱི་དོན་ལ་རག་མ་ལུས་རང་ཉིད་ལ་གནས་པས་སྔགས་ཞེས་བྱའོ། །དེའི་ཡོན་ཏན་ཡང་རང་ཉིད་ཀྱིས་རང་རིག་པས། རིག་པ་ཆེན་པོའི་སྔགས་ལ། གཞན་ལ་ཟླས་སུ་མེད་པས་བླ་ན་མེད་པས་ལ་དངོས་པོར་གྲུབ་པ་མེད་པས ་མཚན་མ་དང་མི་མཉམ་པ། མཚན་མ་ཉིད་དེའི་ཡོན་ཏན་ཡིན་པས་ན། དབྱེར་མི་ཕྱེད་པས་སྙིང་པོའི་དོན་དུ་མཉམ་པའོ། །སྙིང་པོ་དོན་ཏེ་རྟོགས་ནས་ལོག་པའི་སྡུག་བསྔལ་རྣམས་རབ་ཏུ་མཆོག་ཏུ་ཞི་བར་བྱེད་དོ། །དམིགས་པ་མེད ་པའི་དང་ལ་གནས་པའི་སྔགས་དེའི་དོན་མི་བརྫུན་ཏེ་སྙིང་པོའི་དོན་ཏུ་བདེན་པར་ཤེས་ཏེ། དེའི་ཕྱིར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་སྔགས་སྤྱན་རས་གཟིགས་ཀྱིས་སྨྲས་པ། ཏདྱ་ཐཱ། ཅེས་པ་ནི། འཁོར་འདས ་ཀྱི་དོན་སྙིང་པོར་ཅིག་པ་འདི་ལྟ་སྟེ་ཞེས་པའི་དོན་ནོ། །དེ་ཡང་དམིགས་པ་མེད་པར་གཅིག་པ། འབྱེད་པ་མེད་པར་གཅིག་པ། རང་བཞིན་མི་འགྱུར་བའི་དོན་འདི་ལྟ་སྟེ། ཨོཾ་ནི་འཁོར་བའི་དུས་སུ་དུག་ལྔ་ལྟར་དུ་སྣང་བ་འབྲས་བུའི་དུས་སུ་རིགས ་ལྔ་ཡབ་ཡེ་ཤེས་ལྔ་ལྟར་སྣང་བ་དེ་ནི་ལོག་པའི་ཤེས་པ་ལ་སྣང་གི་།དེ་ཉིད་ལ་དམིགས་པ་མེད་པའོ། །ཤེས་རབ་གཞན་མི་གནས་པར་རྟོགས་པས། འབྲས་བུའི་ཕ་རོལ་ཏུ་ག་ཏེ་བདག་དོན་དུ་ཕྱིན་ལ། གཞན་དོན་དུ་ཡང་ག་ཏེས་ཕྱིན་པའི ་དོན་ཏོ། པ་ར་ག་ཏེ་ན་བདག་དོན་གྱིས་མཆོག་ཏུ་ཕྱིན་ཏེ། གཞན་ལ་རེ་བའི་ཡུལ་མེད་དོ་ཞེས་པའོ། །པ་རེ་སང་ག་ཏེ་ན་གཞན་དོན་གྱིས་མཆོག་གམ་ཕུལ་དུ་ཕྱིན་ཏེ། གདུལ་བྱ་དམིགས་པའི་ཐུགས་རྗེ་འབྱུང་བ་སྤངས། གདུལ་བྱས་ལས་དག ་པ་ལ་སྣང་བ་སྤྲུལ་སྐུ་རང་བཞིན་དག་པ་ལ་སྣང་བ་ལོངས་སྐུ། བོ་དྷི་རྒྱུན་མི་འཆད་པ་ཐུགས་རྗེ། གདུལ་བྱ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དུ་འབྱུང་ངོ། །སྭཱཧཱ་སྟེ། རྒྱུད་རྣམས་རང་བཞིན་གྱིས་གྲོལ་ལོ་ཞེས་བྱ་བའི་དོན་ཏེ། དེ་ཡང ་ཉིད་ཀྱིས་ཉིད་གྲོལ་བའི་དོན་ཏོ། །གཞན་ལ་སྙིང་པོའི་དོན་ནམ་རག་ལུས་པ་མེད་པའོ། །ཤཱ་རིའི་བུ་དེ་ལྟར་ཟབ་པའི་དོན་ལ་བསླབ་པར་བྱའོ་ཞེས་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་ལས་བཞེངས་ཏེ། བྱང་ཆུབ་སེམས་དཔའ་ ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས་ཞེས་པས་ནི། དུས་གཞན་གྱིས་བར་མཆོད་པར་སྤྱན་རས་གཟིགས་ཀྱིས་ཤཱ་རིའི་བུ་དེས་བསྟན་པའི་རྗེས་དེ་ནས་བཅོམ་ལྡན་འདས་ཀྱིས ་འཁོར་སྨིན་པར་བྱེད་པ་ཏིང་ངེ་འཛིན་ལ་བཞེང་ནས་འཕགས་པ་སྤྱན་རས་གཟིགས་ལ་དམ་པའི་ཆོས་མ་ནོར་བར་ངས་བསྟན་པ་ལྟར་ཁྱོད་སྟོན་པ་ལེགས་པར་བྱིན་ནོ། །དེ་ལྟར་སྟོན་པ་ལེགས་སོ། །རིགས་ཀྱི་བུ་རང་དོན་དེ་བཞིན་ནོ། །གཞན? ་གྱི་དོན་དང་རང་ཆས་སུ་ངས་གཞི་ལམ་འབྲས་བུར་ཆས་པར་སྟོན་པ་དེ་དེ་བཞིན་ཏེ། འཕགས་པ་སྤྱན་རས་གཟིགས་ཁྱོད་ཀྱི་ཤཱ་རིའི་བུ་ལ་བསྟན་པ་དེ་བཞིན་དུ་གདུལ་བྱ་རྣམས་ཀྱི་ཡེ་ཤེས་རང་ལ་རང་? ་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པས་བསླབ་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་བཀའ་དངོས་སོ། །དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཡི་རང་ངོ་ཞེས་པས་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའི་བཀའ་ ་དངོས་དང་བྱིན་གྱིས་བརླབས་པའི་བཀའ་སྤྱན་རས་གཟིགས་གཉིས་མཐུན་པས་དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ཀྱང་བཀའ་མཐུན་པའི་དོན་དེ་ལ་ཡི་རང་ངོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས ་ཞེས་པ་ལ་སོགས་པ་ནི་བཀའ་མཐུན་པའི་དོན་ལ་དགྱེས་ཏེ་སྟོན་པ་ཆོས་དང་འཁོར་འཕགས་པ་སྤྱན་རས་གཟིགས་ལ་བསྟན་པའོ། །འཁོར་རྣམས་པ་བཞི་ལ་སོགས་པའི་འཁོར་དང། ལྷའི་དབང་པོ་བརྒྱ་བྱིན་དམ་པ་འམ ་མཆོག་ཏུ་གྱུར་པ་དང། ལྷ་མ་ཡིན་གྱི་རྒྱལ་པོ་ཐག་བཟང་རིས་དང། དྲི་ཟའི་རྒྱལ་པོ་ཟུར་ཕུང་ལྔ་པ་ལ་སོགས་པ་རྣམས་ཀྱིས་བསྟོད་པའོ། །ཤཱ་རིའི་སཾ་ཧས་མཛད་པའི་འགྲེས་པ་མདོ་ལས་སྔགས་སུ་བཻ་རོ་ཙ་ནའི་དོན་དུ་བགོལ ་བའི་ཚིག་ཏུ་ཉུང་ལ་དོན་ཆེ་བ་ལ་བསལ་བའི་སྒྲོན་མ་རྫོགས་སོ།། །།སློབ་དཔོན་བཻ་རོ་ཙ་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ་མཚན་མའི་ཆོས་སྤྱོད་ལ་དྲེགས་པ་སྐྱེས་པའི་དུས་སུ། བུ་དང་ཆས་པའི ་འགྲེལ་པ་འདི་སྣང་བའོ།། །།རིན་པོ་ཆེ་རྩོད་པའི་འཁོར་ལོ་བཞུགས།། །།*། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །མངའ་བདག་ཁྲི་སྲོང་ལྡེ་བཙན་གྱིས། །སློབ་དཔོན་བཻ་རོ་ཙ་ན་ལ ་