| Wylie | e-texts based on the ACIP/ALL Input |
ཎའི་རྩ་བ་བརྒྱད་པ་ལས། ཀུན་ཏུ་བཟང་པོའི་བྱཱ་ཀ་ར་ཎ་གཉིས་པའི་སྐབས་ཏེ་དྲུག་པའོ།། །།གནས་བརྒྱད་ཆེན་མོའི་རྩ་བ་ལྕེ་བྱི་འབྲུག་གིས་མཛད་པ་བཞུགས་སོ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །བྱཱ་ཀ་ར་ཎའི་སྐང་ནི་གནས་བརྒྱད ་དེ། ཕྱེད་པའི་གནས་དང། བསྡུས་པའི་གནས་དང། བསྒྱུར་བའི་གནས་དག། དྲང་བའི་གནས་དང། འཇུག་པའི་གནས་དང། རྣམ་པར་དབྱེ་བའི་གནས་དང། ཕྱོགས་ཀྱི་གནས་དང། དངོས་པོའི་གནས་སོ། །དེ་ལ་བྱེད་པའི་གནས་ནི་བྱེད་པའི་ཚིག་བརྒྱད་ཀྱི ་ལུགས་དང། ཚིག་དྲུག་གི་ལུགས་དང། ཚིག་བཞིའི་ལུགས་སོ། །དེ་ལ་ཚིག་བརྒྱད་ནི་གང་བྱེད་གང་ལ་བྱེད། །གང་གིས་བྱེད། གང་གི་ཕྱིར་བྱེད། གང་ལས་བྱེད་དེ། གང་གི་བྱེད། གང་ན་བྱེད། གང་ཞེས་བྱ་བ་བྱེད། དང་པོ་ངོ་བོའི་ཚིག་།གཉིས་པ ་དམིགས་འཛིན་པའི་ཚིག་།གསུམ་པ་བྱེད་པའི་ཚིག། བཞི་པ་ཆེད་དུ་བྱ་བའི་ཚིག། ལྔ་པ་འབྱུང་གནས་ཀྱི་ཚིག། དྲུག་པ་འབྲེལ་བའི་ཚིག། བདུན་པ་གནས་བཞིའི་ཚིག། བརྒྱད་པ་གདགས་པའི་ཚིག། ཚིག་དྲུག་ནི། གང་བྱེད། གང ་གིས་བྱེད། གང་གི་ཕྱིར་བྱེད། གང་ལས་བྱེད། གང་ལ་བྱེད། དང་པོ་ངོ་བོའི་ཚིག། གཉིས་པ་ལས་ཀྱི་ཚིག། གསུམ་པ་བྱེད་པའི་ཚིག། བཞི་པ་དགོས་ཚོད་ཀྱི་ཚིག། ལྔ་པ་རྒྱུའི་ཚིག། དྲུག་པ་གནས་བཞིའི་ཚིག། ཚིག་བཞིའི་ནི་གང ་བྱེད། གང་ལ་བྱེད། གང་གིས་བྱེད། གང་ན་བྱེད། དང་པོ་དངོས་པོའི་ཚིག། གཉིས་པ་ལས་ཀྱི་ཚིག། གསུམ་པ་བྱེད་པའི་ཚིག། བཞི་པ་བཞིའི་ཚིག། དེ་དག་ནི་བྱེད་པའི་གནས་ཞེས་བྱ་སྟེ། སྐད་ཀྱི་དབྱིངས་ལ་བསྒྱུར་བའི་ལུགས་ཡིན་པས། ལུགས་རེ་རེས ་བྱས་པ་གཅིག་ལ་སྦྱོར་བ་ཡིན་གྱིས། བི་བྷཀྟ་ལྟ་བུ་མིང་ངོ་ཅོག་གི་སྒྲ་ལ་སྦྱོར་བ་མ་ཡིན་ནོ། །བསྡུ་བའི་གནས་ནི་བརྒྱད་དེ། འབྲུ་མང་པོ་བའི་བསྡུ་བ་དང། མདོར་བསྡུ་བ་དང། བྱེ་བྲག་བསྡུ་བ་དང། ཡན་ལག་བསྡུ་བ་དང། གཞི་བསྡུ་བ་དང། གཞི་གཅིག་ཏུ ་བསྡུ་བ་དང། སྐྱེས་བུའི་བསྡུ་བ་དང། ཟླས་དབྱེ་བ་བསྡུ་བའོ། །དེ་ལ་འབྲུ་མང་པོ་བ་ནི་གཉིས་ཏེ། ཚིག་འབྲུ་གཉིས་དོན་གཞན་ལ་འཇུག་པའི་འབྲུ་མང་པོ་བ་དང། ཚིག་མང་པོ་དོན་གཞན་ལ་འཇུག་པའི་འབྲུ་མང་པོ་པ་གཉིས་སོ། །དེ་ལ་ཚིག་འབྲུ་གཉིས་དངོས ་པོ་གཞན་ལ་འཇུག་པ་ནི་གསུམ་སྟེ། རང་གི་མིང་དང་ལྡན་པ་དང། གཞན་གྱི་མིང་དང་ལྡན་པ་དང། ཕྱོགས་ཀྱི་མིང་དང་ལྡན་པའོ། །ཚིག་མང་པོ་དོན་གཞན་ལ་འཇུག་པ་ནི་གསུམ་སྟེ། གྲངས་ཙམ་དང་ལྡན་པ་དང། གྲངས་མ་ཡིན་པ་དང་ལྡན་པ་དང། ་གཅིག་ལ་གཅིག་བརྟན་པས་གྲུབ་པ་དང། དེ་རྣམས་ནི་ཚིག་འབྲུ་གཞན་གྱིས་དོན་གཞན་སྟོན་པའི་སྦྱོར་བའི་མིང་ཡིན་ནོ། །མདོར་བསྡུ་བ་ནི་ལྔ་སྟེ། གཉིས་ཀྱིས་མདོར་བསྡུས་པ་དང། རྣམ་གྲངས་ཀྱིས་མདོར་བསྡུས་པ་དང། གཞན་གྱིས་མདོར་བསྡུས ་པ་དང། བྱེད་པའི་ཚིག་གིས་མདོར་བསྡུས་པ་དང། ཁྱད་པར་གྱི་མདོར་བསྡུས་པའོ། །དེ་རྣམས་ནི་ཚིག་མདོར་བསྡུས་པ་ཙམ་གྱི་སྦྱོར་བ་ཡིན་ནོ། །བྱེ་བྲག་བསྡུ་བ་ནི་གཉིས་ཏེ། ཚིག་སྔ་མ་བྱེ་བྲག་ཏུ་སྦྱོར་བ་དང། ཚིག་ཕྱི་མ་བྱེ་བྲག་ཏུ་སྦྱོར་བའོ།། ་དེ་དག་ནི་དངོས་པོ་ཀུན་སྤྱི་དང་བྱེ་བྲག་དང་ལྡན་པའི་ཕྱིར་བྱེ་བྲག་བསྡུས་པའི་སྦྱོར་བ་ཡིན་ནོ། །ཡན་ལག་བསྡུ་བ་ནི་བཞི་སྟེ། འབྲེལ་པ་དང། གོ་རིམ་དང། དོན་དང། གྲགས་པའི་ཡན་ལག་བསྡུ་བའོ། །དེ་རྣམས་ནི་དངོས་པོ་ཀུན་གཙོ་བོ་དང ་ཡན་ལག་དང་ལྡན་པའི་ཕྱིར་གཙོ་བོ་ལ་སོགས་པའི་ཡན་ལག་ཅི་རིགས་སྡུད་པའི་སྦྱོར་པ་ཡིན་ནོ། །གཞི་བསྡུ་བ་ནི་གཉིས་ཏེ། རིགས་གསལ་བ་དང། མ་གསལ་བའི་བསྡུ་བའོ། །དེ་དག་ནི་དེ་གཉིས་ཀྱི་སྒོ་ནས། ཀུན་སྡུད་པ་ཙམ ་བྱེད་པའི་སྦྱོར་བ་ཡིན་ནོ། །གཞི་གཅིག་ཏུ་བསྡུ་བའི་སྦྱོར་བ་ནི་གཉིས་ཏེ། ཕྱོགས་གཅིག་ཏུ་བྱེད་པའི་བསྡུ་བ་དང། སོ་སོ་ཕྱོགས་གཅིག་ཏུ་བྱེད་པའི་བསྡུ་བའོ། །དེ་དག་ནི་གཟི་བསྡུ་བའི་སྦྱོར་བ་ཕྱོགས་སུ་བྱས་པ་ལས། མཚན་ཉིད་གཅིག་ཏུ་བསྡུས་པའི ་སྦྱོར་བ་ཡིན་ནོ། །སྐྱེས་བུ་བསྡུ་བ་ནི་གསུམ་སྟེ། ལས་འཛིན་པའི་བསྡུ་བ་དང། བ་གཉིས་པའི་བསྡུ་བ་དང། བྱེད་པའི་ཚིག་གི་བསྡུ་བའོ། །དེ་རྣམས་ནི་ཡན་ལག་གཙོ་བོར་སྟོན་པའི་སྦྱོར་བ་ཡིན་ནོ། །ཟླས་བསྡུས་བ་ནི་གཉིས་ཏེ། འཐུན་པ་དང་བསྡུ ་བསྡུ་བ་དང་མི་མཐུན་པ་བསྡུ་བའོ། །དེ་དག་ནི་གཅིག་གི་ཟླས་གཅིག་ཤེས་པའི་སྦྱོར་བ་ཡིན་ནོ། །བསྒྱུར་བའི་གནས་ནི་བཞི་ཏེ། བརྒྱུད་དེ་བསྒྱུར་བ་དང། ཡན་ལག་བསྒྱུར་བ་དང། རྣམ་གྲངས་བསྒྱུར་བ་དང། དྲང་ཐང་དུ་བསྒྱུར་བའོ། །དེ་ལ་བརྒྱུད ་དེ་བསྒྱུར་བ་ནི། སྒྲ་གཅིག་གི་ཟུར་ལས་བརྒྱད་པས་དོན་རྫོགས་པར་སྟོན་ནུས་པས་སྒྲ་གོ་བ་སྟེ། ཇི་ལྟར་གུ་ལུ་ཞེས་བྱ་བ་ལས་བརྒྱུད་པས། འཛམྦུའི་འབྲས་བུ་སྨིན་པ་ནི། དྲི་མ་མེད་པའི་ཆུ་ལ་ལྷུང། །ཉ་ཡི་བཟའ་བའི་ཆེད་དུ ་ནི། །གུ་ལུ་གུ་ལུ་ཞེས་སུ་སྨྲ་ཞེས་ཟེར་རོ། །ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཡན་ལག་བསྒྱུར་བ་ནི། ཚིག་གཅིག་གི་སྒྲའི་ཡན་ལག་ཕྲལ་ཏེ། ཇི་ལྟར་ཨ་པྲ་ཤི་ཁ་ཞེས་བྱ་བ་སོ་སོར་ཕྲལ་ལ། ཨ་ལས་བསྒྱུར་ན། ཨ་ན་ན་དྷཝི་ཛ ་མི་ཏྲེ་པྲ་བིཥྚེ་ཧཾ་བ་ན་དྷ་རེ། ཤི་ར་མཱ་ཀྲ་མྱ་པཱ་དེ་ན། ཁ་གང་ནེ་ན་མུཎྜོ་བ་ཚི་ཏྱ་ཞེས་བྱ་བ་ལྟ་བུའོ། །རྣམ་གྲངས་བསྒྱུར་བ་ནི། སྒྲ་གཅིག་གི་རྣམ་གྲངས་དུ་མར་གྱུར་པ་བསྒྱུར་བ་སྟེ། ཇི་ལྟར་རི་འོང་ས་དང་རྡོ་རྗེ་དང། དག་དང་མིག་དང ་ཆུ་དག་དང། མཐོ་རིས་བ་ལང་ཕྱོགས་རྣམས་སུ། །མཁས་པ་གཽ་སྒྲ་ཤེས་པར་བྱ་ཞེས་པ་ལྟ་བུ་འམ། སྐྱེ་དང་བདེན་དང་དེ་བཞིན་ཡོད། །སེམས་ཅན་འདས་དང་མི་མ་ཡིན། ཅུང་ཟད་ལུས་དང་ས་ལ་སོགས། །འབྱུང་བའི་སྒྲ་ནི་མཁས་པས་བརྗོད། །ཅེས་བྱ་བ་ལ་སོགས ་བ་ལྟ་བུའོ། །དྲངས་ཐད་དུ་བསྒྱུར་བ་ནི། ཉེ་བར་བསྒྱུར་བ་ཉི་ཚེའི་དབང་དུ་བྱས་པ་སྟེ། ཇི་ལྟར་བཅོམ་པ་དང་ལྡན་པའི་དོན་ནི་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལྟ་བུ་ཐམས་ཅད་དོ། །དྲང་བའི་གནས་ནི་མུ་བཞི་སྟེ། ཡིན་པ་དང་མ་ཡིན་པ་དང། གཉི་ཀ་ཡིན ་པ་དང། གཉི་ག་མ་ཡིན་པའོ། །དེ་དག་ལ་ཡང་དངོས་པོ་གཅིག་ལ་མུ་བཞིར་དྲང་བ་དང། མུ་བཞི་ལས་དངོས་པོ་གཅིག་ཏུ་དྲང་བའོ། །དེ་ལ་གཅིག་ལ་མུ་བཞིར་དྲང་བ་ལ་ནི་ཆོས་གཅིག་སྒྲུབ་པའི་སྒོ་ནས་ནི་ཡིན་པར་སྒྲུབ་པའོ། །ཆོས་གཅིག་དགག་པའི ་སྒོ་ནས་ནི་མ་ཡིན་པ་བསྒྲུབ་པའོ། །མུ་བཞི་ལས་གཅིག་ཏུ་དྲང་བ་ལས་ནི་གཉིས་ཏེ། ངོ་བོ་ཉིད་ཀྱི་ཚིག་དང་ཁྱད་པར་གྱི་ཚིག་དང་ལྡན་པའོ། །དེ་ལ་ངོ་བོ་ཉིད་ལ་ནི་ངོ་བོ་སྒྲུབ་པའི་ཚུལ་གྱིས་ཡིན་པ་འགྲུབ་པའོ། །ངོ་བོ་དགག་པའི་ཚུལ་གྱིས་མ ་ཡིན་པ་འགྲུབ་བོ། །ཚུལ་གཞན་གྱིས་སྒོ་ནས་ནི་གཉི་ག་ཡིན་པ་འགྲུབ་བོ། །ཚུལ་གཞན་གཅིག་ལ་གཅིག་གི་སྒོ་ནས་ནི་གཉིས་ཀ་མ་ཡིན་པ་གྲུབ་བོ། །ཁྱད་པར་གྱི་ཚིག་དང་ལྡན་པ་ལ་ནི་ཁྱད་པར་གྱི་གཞི་ཡིན་ལ་ཁྱད་པར་མ་ཡིན་པ་དང། ་ཁྱད་པར་ཡིན་ལ་ཁྱད་པར་གྱི་གཞི་མ་ཡིན་པ་དང་གཉིས་ཀ་ཡིན་པ་དང། གཉིས་ཀ་མ་ཡིན་པའོ། །མུ་གསུམ་ལ་ནི་ཁྱད་པར་གྱི་གཞི་མ་ཡིན་པ་མེད་དོ། །མུ་གཉིས་པ་ལ་ནི་ཁྱད་པར་གྱི་གཞི་ཡིན་ལ་ཁྱད་པར་མ་ཡིན་པའང་མེད་དོ། །ཡི ་གེ་འཇུག་པའི་གནས་ནི་བརྒྱད་དེ། སྒྲ་དང་སྐད་དང་མིང་དང་མཚན་མ་དང་བརྡ་དང་ཐ་སྙད་དང་ཚིག་དང་དོན་ནོ། །དེ་ལ་སྒྲ་ནི་ཤེས་པས་ཟིན་པ་ལས་འབྱུང་བ་དང། མ་ཟིན་པ་དང། གཉི་ག་ལས་འབྱུང་བ་ལ་སེམས་ཅན་དུ་སྟོན་པ་དང། མི་སྟོན་པ?་? ་བ་དང། ལུང་དུ་སྟོན་པ་དང། མི་སྟོན་པ་དག་གོ་།སྐད་ནི་བཞི་སྟེ། རང་བཞིན་དང། འདུས་བྱས་དང། ཟུར་བཅག་པ་དང། ཤ་ཟའིའོ། །མིང་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་ཚིག་བླ་དགས་ཏེ། ཡི་གེ་འདུས་པའི་བདག་ཉིད་དོ། །མཚན་མ ་ནི་འདིས་མཚོན་པར་བྱེད་པས་མཚན་མ་སྟེ། སྣང་བར་ནུས་པའོ། །བརྡ་ནི་མིང་དང་མིང་ཅན་འབྲེལ་པར་བྱེད་པ་སྟེ། སྒྲ་དང་དོན་གྱི་སྤྱིའི་རྣམ་པ་གཞན་ལ་སྨྲ་བར་བྱེད་པའི་དུས་ཅན་གྱི་བདག་ཉིད་དོ། །ཐ་སྙད་ནི་དངོས་པོ་མེད་པ་ལ་དངོས་པོར་བརྟགས ་པ་སྟེ། དེ་ཡང་བརྟགས་པ་དང་འཇུག་པ་དང། བརྗོད་པར་བཅས་པ་ཐམས་ཅད་དོ། །དེ་ལ་བརྡ་ནི་གོ་བར་བྱེད་པའི་བདག་ཉིད་ཅན་ཡིན་ལ། ཐ་སྙད་ནི་འཇུག་པར་བྱེད་པའི་བདག་ཉིད་ཅན་ཡིན་ནོ། །ཚིག་ནི་ཆོས་རྣམས་ཀྱི་ཁྱད་པར་གྱི་ཚིག་བླ་དགས་ཡིན ་ཏེ། མིང་འདུས་པའི་བདག་ཉིད་ཅན་ནོ། །དོན་ནི་ཆོས་རང་གི་ངོ་བོ་ཇི་ལྟར་གནས་པའོ། །དེ་རྣམས་ལ་ཡི་གེ་ཇི་ལྟར་འཇུག་ཅེ་ན། དོན་གྱི་དངོས་གཞི་ལས་དོན་གྱི་སྤྱིའི་རྣམ་པ་སྐྱེའོ། །དེ་ལས་སྒྲའི་སྤྱིའི་རྣམ་པ་སྐྱེའོ། །བརྡ་དང་ཐ་སྙད་འབྱུང་ངོ། །བརྡ་དང་ཐ ་སྙད་ཀྱི་དུས་སྐབས་ན། ཡི་གེའི་ཚོགས་དང། མིང་གི་ཚོགས་དང། ཚིག་གི་ཚོགས་ཀྱི་རྣམ་པ་ཡོད་དོ། །དེ་ལ་རྒྱུ་རྐྱེན་གྱི་ཚོགས་ལ་རྟེན་ནས་སྒྲ་རང་གི་མཚན་ཉིད་དུ་འབྱུང་སྟེ། སྒྲ་ཞེས་བྱ་བའི་མིང་ཐོབ་བོ། །སྒྲ་དེས་ཉན་པ་པོ་ལ་སྒྲ་ལས ་བྱུང་བའི་ཤེས་པ་སྐྱེ་བ་ན་སྔོན་བརྡའི་དུས་ཀྱི་དང་གཅིག་ཏུ་སྒྲོ་བཏགས་ཏེ་ཕྱི་གསལ་བར་བྱེད་དོ། །དེས་དོན་གྱི་སྤྱི་སྒྲོ་བཏགས་པའི་བདག་ཉིད་དུ་བརྗོད་ནས། དེས་དོན་རང་གི་མཚན་ཉིད་ཁོང་དུ་ཆུད་པར་འགྱུར་བས་དེ་དག་གི་ཡི་གེའི ་འཇུག་པ་ཞེས་བྱ་བའོ། །རྣམ་པར་དབྱེ་བའི་གནས་ནི་བརྒྱད་དེ། གང་གང་ལ་གང་གིས་གང་གི་ཕྱིར་གང་ལས་གང་གི་གང་ལ། འདི་རྣམས་བོད་པ་དང་བཅས་པ་ནི། རྣམ་པར་དབྱེ་བ་བདུན་བོད་པ་དང་བརྒྱད་དོ། །འདི་རྣམས་གཅིག་གི་ཚིག་དང། ་གཉིས་ཀྱི་ཚིག་དང། མང་པོའི་ཚིག་དང། གསུམ་གྱིས་ན་ཉི་ཤུ་གཅིག་གོ་།དེ་ལ་སྒྱུར་བྱེད་ཀྱི་ཡི་གེ་ཉི་ཤུ་རྩ་གཅིག་དང་སྒྲ་ཙམ་དུ་ཕྲད་ནས་སྒྲ་གཅིག་སྒྲ་ཐམས་ཅད་དུ་འགྱུར་དུ་རུང་བའི་དོན་ནི། བི་བྷཀྟ་ཞེས་བྱ་བ་རྣམ་པར་འབྱེད་པའི་དོན་ཡིན་གྱི་? ་བའི་གནས་ལྟ་བུ་སྐད་ཀྱི་དབྱིངས་ཙམ་ལ་བསྒྱུར་བ་ནི་མ་ཡིན་ནོ། །དེ་དག་ཀྱང་སི་ཨཽ་ཛས། པྲ། ཐ་མཱ། ཨ་མ་ཨཽ་ཤས། དྭི་ཏཱི་ཡ། ཊཱ་བྷཡཱི་བྷིས། ཏྲི་ཏཱི་ཡ། དེ་བྷཡཱཾ་བྷཡས། ཙ་ཏུ་རྠི། ད་སི་བྷཡཱ་བྷཡས། པཉྩ་མི། ངས་ཨོས་ཨཱ་མ། ཥ་ཥྛི། དི་ཨོ་སོ་སུ་པ་སཔཏ་མི་ཞེས ་བྱ་བ་བསྒྱུར་ན། རྣམ་པར་དབྱེ་བ་བདུན་པོ་རེ་རེ་ལ་ཡང། གང། གང་དག་།གང་རྣམས། གང་ལ། གང་དག་ལ། གང་རྣམས་ལ། གང་གིས། གང་དག་གིས། གང་རྣམས་ཀྱིས། གང་གི་ཕྱིར། གང་དག་གི་ཕྱིར། གང་རྣམས་ཀྱི་ཕྱིར། གང་ལས། གང་དག་ལས། ་གང་རྣམས་ལས། གང་གི་།གང་དག་གི་།གང་རྣམས་ཀྱི། གང་ལ། གང་དག་ལ། གང་རྣམས་ལ་ཞེས་བྱ་བ་བོད་པ་དང་བཅས་པར་འགྱུར་བའི་དོན་ཡིན་ནོ། །ཕྱོགས་ཀྱི་གནས་ནི། སྒྲ་གཅིག་ཤེས་པས་ཕྱོགས་གཅིག་ཤེས་པ་དང། སྒྲ་གཅིག་ཤེས་པས ་ཕྱོགས་ཤེས་ཀུན་ཤེས་པ་དང། སྒྲ་ཇི་སྙེད་པ་ཤེས་པས་ཕྱོགས་ཀུན་ཤེས་པ་དང། སྒྲ་ཕྱོགས་མེད་ཤེས་པས་ཆོས་ཐམས་ཅད་ཤེས་པའོ། །དེ་དག་ནི་སྐྱེས་བུ་རབ་འབྲིང་གིས་ཕྱེ་བ་ཡིན་ནོ། །དངོས་པོའི་གནས་ནི་ཆོས་ཅན་གྱི་སྒོ་ནས་ཆོས་ཉིད་ཀྱི་དངོས ་པོ་བསྒྲུབ་པ་འམ། སྒྲ་སྐད་ཀྱི་སྒོ་ནས་དོན་གྱི་དངོས་པོ་སྒྲུབ་པའོ། །བྱེད་པས་བྱེ་བྲག་རྣམ་པར་འབྱེད། །བྱ་བའང་ཡོངས་སུ་རྫོགས་པར་སྟོན། །བསྡུས་པས་ཡི་གེ་ཉུང་འགྱུར་ཞིང། །འབྲེལ་པ་འམ་མིང་ཡང་འདོགས་པར་བྱེད། །བསྒྱུར་པས་བསྒྱུར་བྱའི ་མཐུ་ཤེས་ཤིང། །སྐད་དབྱིངས་ཁོང་དུ་ཆུད་པར་འགྱུར། །དྲང་བས་བཤད་པའི་དམིགས་ལ་མཁས། །གཞན་སེལ་བ་ཡང་ཤེས་པར་འགྱུར། །འཇུག་པས་བརྡ?་དང་ཐ་སྙད་ཤེས། །དགོས་འབྲེལ་ཁོང་དུ་ཆུད་པར་འགྱུར། །དབྱེ་བས་སྒྱུར་བྱེད་རྐྱེན ་ལ་མཁས། །སྒྲ་བོ་ཅོག་ལ་མཁས་པར་འགྱུར། །ཕྱོགས་ཀྱིས་སྐྱེས་བུ་རབ་འབྲིང་ཤེས། །དངོས་པོས་དོན་གྱི་དངོས་གཞི་རྟོགས། །མིང་གི་ཚིག་ནི་འཐུན་པ་དང། །མིང་ཅན་ཐ་དད་སྟོན་པ་དང། །མིང་དང་མིང་ཅན་འབྲེལ་པ ་ཡང། །དགོས་པ་ཐ་དད་སྟོན་པ་དང། །ཁ་ཅིག་སྦྱོར་བ་ཐ་དད་ཀྱང། །དགོས་པ་ཐ་དད་མ་ཡིན་དང། །ཕྱོགས་གཅིག་འཐུན་པར་སྟོན་པ་རྣམས། །སྒྲ་ཡི་མིང་གིས་ཤེས་པ་ཡིན། །ཚིག་ལ་མིང་གིས་སྦྱོར་བ་དང། །གང་ལ་ཚིག་གི་སྦྱོར་བ་དག་། ་བྱེ་བྲག་ཇི་སྙེད་ཡོད་པ་རྣམས། །གང་གི་ཚིག་དོན་གཙོ་བོ་ཞེས། །སྦྱོར་བའི་དགོས་པ་ཐ་དད་པ་འང། །སྒྲ་ཡི་མིང་གིས་ཤེས་པ་ཡིན། །དབུལ་པ་འཇོམས་བྱེད་རྙེད་དཀའ་རིན་པོ་ཆེ། །བགྲོད་དཀའ་རྒྱ་མཚོ་ཆེ་ལ་གནས་པ་དག་།ལེགས་པར་གྲུ་བཙུགས ་དར་ཕྱར་རླུང་གིས་བསྐྱོད། །རིན་ཆེན་ཐོབ་བྱེད་གཞན་དུ་ཐབས་མེད་བཞིན། །སྡུག་བསྔལ་འཇོམས་བྱེད་དམ་ཆོས་རིན་པོ་ཆེ། །རྟོགས་དཀའ་གསུང་རབ་རྒྱ་མཚོ་དག་ལ་གནས། །ཡི་གེ་མིང་དང་ཚིག་གི་གྲུ་བཙུགས་ཏེ། །སྒྲ་ཡི་དར་ཕྱར་ཤེས་རབ་རླུང ་གིས་བསྐྱོད། །དམ་ཆོས་ཐོབ་བྱེད་གཞན་དུ་ཐབས་མེད་དོ། །ཅེ་ཁྱི་འབྲུག་གིས། བྱཱ་ཀ་ར་ཎའི་སྐད། མདོ་ཙམ་ཞིག་བསྒྱུར་བ། གནས་བརྒྱུད་ཆེན་པོའི་རྩ་བ་རྫོགས་སོ།། །།གནས་བརྒྱད་འགྲེལ་པ་བཞུགས་སོ། །རྒྱ་གར་སྐད་དུ། ཤཔཏ་ཤཱསྟ། བོད་སྐད ་