| Wylie | e-texts based on the ACIP/ALL Input |
ལར?་གཤེགས་སྐད་།སུ་འདེབས་གྲུབ་པ་ཐོབ་པ་པཎྜི་ཏ་བི་ན་ཡ་ཤྲིས་བསྒྱུར་རོ།། །།*།?་།སློབ?་དཔོན་པདྨ?་དགེ་བསྙན་གྱིས་ལོ་རྒྱུས་བཞུགས་སོ།། །།ན་མོ་ལོ་ཀི་ཤྭར་ཡ། སྔོན་རྒྱ་གར་ལྷོ་ཕྱོགས་ན་བསྟན་པ་དར་བའི་ཚེ་གཙུག་ལག་ཁང་ཆེན་པོ་གཅིག་ན་པཎྜི་ཏ་ཏིང་ངེ་འཛིན་ལ་བསྟན་པ་ཐོབ་པ ་གཅིག་སྔ་དྲོ་རང་གི་དྲང་ཁང་སྒོ་བསྡམས་ཏེ་ཏིང་ངེ་འཛིན་ལ་བཞུགས་ནས། པོ་ཏ་ལ་ཀེའི་རིམ་ལ་ཐུགས་རྗེ་ཆེན་པོ་ལ་ཉི་མ་རེ་རེ་ཞིང་ཆོས་གསན་དུ་གཤེགས་སྐད། དེ་ལ་གཡོག་དགེ་བསྙེན་ཅིག་ཡོད་པ་ན་རེ་སློབ་དཔོན་ཉིན་རེ་བཞིན་བསྒོ་བསྡམས་ནས་ཐུགས་དམ་མཛད? ་པ་ཅི་ལགས་ཞེས་ཞུས་པས་དེ་ལ་ཁྱོད་ལ་དོན་ཅི་ཡོད་ཅེས་གསུང་ངོ། །དེས་བདག་ལའང་ཆོས་དེ་ཞུས་ནས་སློབ་དཔོན་བཞིན་དགེ་སྦྱོར་བགྱིས་ཅེས་བྱས་བས?། པཎྜི་ཏའི་ཞལ་ནས་དེ་ཁྱོད་ཀྱིས་མི་འོང་སྟེ། དགེ་སྦྱོར་གཞན་མི་བྱེད་དཔའ་པོ་ཏ་ལར་ཐུགས་རྗེ་ཆེན་པོ་ལ་ཆོས་ཉན་དུ་འགྲོ་བ ་ཡིན་གསུང་ངོ། །དགེ་བསྙེན་གྱི་བདག་ཀྱང་དེ་བཞིན་དུ་ཞུ་ཞེས་བྱས་པས། ཇོ་བོ་བཞུང་གོས་གསུངས་ཏེ། ནང་པ་ཆོས་ཐོན་རྗེས་ལ་བཅོམ་ལྡན་འདས་ལ་ཕྱག་དང་བསྐོར་བ་བྱས་ནས་ཞུས་པས། བཅོམ་ལྡན་འདས་ཀྱི་ཞལ་ནས། ལས་ངན་ཚན་པོ་ཆེ་བྱས་པས་དམྱལ་བར་མྱུར་དུ་སྐྱེ་བ་དེ་ང་འཇའ ་པའི་སྐལ་བ་མེད་པས་དེ་སྐད་མ་ཟེར་ཅིག་ཅེས་གསུང་ངོ། །དེའི་ཚུལ་ཞུས་པས་ཁྱེད་རང་གི་གཙུག་ལག་ཁང་དེ་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡུམ་བརྒྱད་སྟོང་པ་དངུལ་གྱི་གླེགས་བམ་ལ་གསེར་གྱིས་བྲིས་པའི་ཤུག་གུ་གཉིས་བརྐུས་ཏེ་གཟུགས་མཚོང་མ་ལ་བྱིན ་གསུང་ངོ། །དེར་པཎྜི་ཏ་དེ་ལྟ་བུར་རང་གི་ལས་ངན་ཡང་མི་ཤེས་པའི་སེམས་ཅན་གྱིས་བཅོམ་ལྡན་འདས་ལ་གསོལ་བ་འདེབས་སུ་འཇུག་པ་སྙམ་དུ་སྡུག་བསྔལ་དེར་ལོག་སྟེ་སྒོ་ཕྱིར་བྱོན་པ་དང། དགེ་བསྙེན་གྱིས་སློབ་དཔོན་ལ་ཕྱག་འཕུལ་ནས་ཞུས་པས། ཁྱོད་དམྱལ་བར་སྐྱེ་བ་དེ་ལྟ ་བུའི་ལས་བྱས་པ་མི་ཤེས་པར་ཞུར་བཅུག་ངན་པ་ཡིན་ཅེས་གསུང་ངོ། །བདག་གིས་ཅི་བགྱིས་ཅེས་སྨྲས་པ་སྔར་གྱི་གཏམ་བསྙད་པ་དང། དེ་ངོ་ཚ་དང་རྣམ་སྨིན་དམྱལ་བར་སྐྱེ་བ་ལ་བསྐྲག་ནས་མང་པོ་དུས་སོ?། །དེ་ནས་ཡང་སློབ་དཔོན་ལ་ཕྱག་ཕུལ་ཏེ་བདག་ལས་ངན་པ་འདིར་ཐར་བའི ་ཐབས་ཀྱི་རྗེས་སུ་བཟུང་དུ་གསོལ་ཞེས་ཞུས་པས། དེ་ཁྱོད་ཀྱིས་ནུས་ན་ནི་ངེས་མི་ཤེས་པས་བཅོམ་ལྡན་འདས་ལ་ཞུང་གོས་ཞེས་གསུང་སྟེ། ནང་པར་ཆོས་ཐོན་པའི་རྗེས་ལ་ཕྱག་དང་བསྐོར་བ་བྱས་ནས་བདག་གི་སྡིག་དེ་ལས་ཐར་པའི་ཐབས་བདོག་ན་ཐུགས་རྗེས་བཟུང་བར་ཞུ་ཞེས་? ་པས། ཐབས་གཞན་མེད་ནམ་ཤི་བར་ལ་པའི་ཡི་གེ་དྲུག་པ་ལ་ནི་བསྒོམ་བཟླས་རྒྱུན་མ་ཆད་པར་བྱས་ན་ཐབས་ཀྱི་མཆོག་གོ་ཞེས་གསུང་ངོ། །པཎྜི་ཏས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་ཕྱིར་བྱོན་ནས་ཁྱོད་བྱ་བ་གཞན་ཐམས་ཅད་བཏང་སྟེ་བཅོམ་ལྡན་འདས་ཡི་གེ་དྲུག་པའི་བསྒོམ་བཟླས?་? ་འདའ་བར་བྱས་ན་ཕན་ཡོན་ཆེན་པོ་འབྱུང་ཞེས་འཕགས་པ་གསུང་ངོ། །ཞེས་སྨྲས་པས། དེར་དགེ་བསྙེན་གྱིས་སློབ་དཔོན་ལ་གདམས་ངག་རྫོགས་པར་ཞུས་ཏེ། དེ་སྡིག་པའི་འབྲས་བུ་ལ་ཤིན་ཏུ་འཇིགས་སྐག་པས་ལྷོ་ཕྱོགས་དཔལ་གྱི་རིའི་ནགས་གསེབ་ཤིན་ཏུ་དབེན་པར་ཕྱིན་ཏེ། ཤན་མལ་?་པོའི ་ལོགས་ལ་བུག་པ་ཁོང་སྟོང་ཡོད་པའི་ནང་དུ་བསྡད་དེ་ཤིང་རེའི་ལྤགས་པ་ཟ་ཞིང་ལོ་བཅུ་གཉིས་གཞན་ཅི་ཡང་ཡིད་ལ་མི་བྱེད་པས་དེ་ལ་སྒྲུབ་པ་བྱས་སོ། །ནམ་ཞིག་ཕྱིར་བསྒོམ་བཟླས་བྱེད་པའི་ཚེ་བྱ་རེག་གཅིག་གི་ཡུལ་གཞན་ནས་འབྲས་ཟན་དུམ་བུ་ཁྱེར་ཏེ་སྡོང་པོ་དེའི་ཡལ་གའི་སྟེང་དུ་བཟའ་ ་བར་བཙམས་པ་དང་ཁ་ནས་ཤོར་དེ་ལྷུང་བ་དེ་དང་པོའི་ཟས་སུ་དྲན་སྟེ་ཟོས་པས་དེ་ལ་?་པ་ཆེན་པོ་སྐྱེས་ཏེ་གྱོ་མོའི་དུམ་བུ་ཁྱེར་ནས་མཐར་གྱིས་འགྲོ་བའི་ཁྱིམ་ཀུན་གྱི་སྒོར་ཕྱིན་ནས་སླངས་པས་གོང་པས་འབྲས་ཟན་ལ་སོགས་པ་ཁྱེར་ནས་ཕྱིན་ཀྱང་ཅི་ཡང་མ་མཐོང་སྟེ་ཐམས་ཅད་ཀྱང་དེ་བཞིན་ནང་དུ་ལོགS ་པས། དེའི་བསམ་པ་ལ་འདི་ནི་ངེས་པར་?་རང་གི་ལས་ངན་ཏེ། ད་དུང་ལས་ཟས་མཉམ་པའི་ཁྲོད་དང་བཅས་པས་གྱོ་མོས་ལ་བསྡབས་ནས་ཡང་སྡོང་པོའི་སར་འོག་གོ། དེའི་ཚེ་གྲོ་མོ་ཆགས་པའི་དུམ་བུ་གཅིག་པའི?་སྡིང་དུ་སོང་སྟེ། ཀླུ་ནོར་རྒྱས་ཀྱི་མདུན་དུ་བྱུང་བ་དང་ས་གཡོ་བ་ལ་སོགས་པའི་ལྟས་བྱུང་བ་དང། ཀླུའི ་རྒྱལ་པོས་འདི་གཉིས་ཀྱི་རྒྱུ་ཅི་ཡིན་སྙམ་དུ་མངོན་ཤེས་ཀྱི་བལྟས་པས་དེ་ལས་བྱུང་བར་ཤེས་ཏེ། དེས་བཟའ་བཏུང་ཕུན་སུམ་ཚོགས་པ་ཁྱེར་ནས་དེའི་དྲུང་དུ་ཕྱིན་ཏེ་དྲངས་པས། འདི་མི་འདོད་དེ། དེ་ལས་ངན་པ་བསགས་པའི་གང་ཟག་ཡིན། དེ་རང་དང་འདི་ཟན་ནང་པར་ཅི་ཟ་ཞེས་གསུང་ནས་མ་བཞེད། ཀླུ ་རྒྱལ་གྱི་ནང་པར་ནས་ཀྱང་བདག་གི་ཉི་མ་རེ་རེ་བཞིན་འདྲེན་པས་ཅི་ཀྱང་གསོལ་བར་ཞུས་པས། དེར་མོས་དེ་ཀླུའི་རྒྱལ་པོ་ཡང་དགའ་བཞིན་དུ་ལོག་སྟེ། ནང་པར་ནས་ཉི་མ་རེ་རེ་ཞིང་བཟའ་བཏུང་མང་པོ་བུ་མོ་ལ་བཀུར་ཏེ་གཉིས་ཀའང་སློབ་དཔོན་གྱི་དྲུང་དུ་འོང་ངོ། །དེ་ནས་ཀླུའི་བུ་མོ་དེ་སློབ་དཔོན་ལ་ཆགས་ཏེ? ་ཕ་ལ་སྨྲས་བ། ཡབ་གཅིག་བདག་སློབ་དཔོན་གྱི་ཇོ་མོ་བྱེད་པས་ཕུལ་ཏེ་ཅིག་ཅེས་སྨྲས་ཏེ་ཀླུའི་རྒྱལ་པོས་སློབ་དཔོན་ལ་འབུལ་ལགས་ཀྱིས་བཞེས་གསོལ་བ་བཏབ་པས་མ་གནང་ངོ། །དེའི་ཀླུའི་རྒྱལ ་བོས་གསོལ་བ་ཆེར་བཏབ་པ་དང་སློབ་དཔོན་གྱི་འདི་མི་འགྲུབ་སྙན་ཏེ། འོན་པའི་ཕ་ཐུགས་རྗེ་ཆེན་པོ་དང། མ་རྗེ་བཙུན་སྒྲོལ་མ་སྟེ། བུ་མོ་འདི་ལ་བས་ཁྲུས་དང། མས་བཀྲ་ཤིས་གསོལ་ན་བྱ། དེ་མ་གྲུབ་ནང་དེ་ལྟ་བུའི་བྱ་བ་མི ་བྱེད་དོ་གསུངས་པས་ཀླུའི་རྒྱལ་པས་པོ་ཏ་ལར་ཕྱིན་ནས་གཉིས་པོ་ལ་ཕྱག་བྱས་ཏེ། དེ་ལྟ་བུ་ཁྱེད་ཀྱི་སྐྲས་པོ་ལ་རུང་ན་བདག་གི་བུ་མོ་ལ་ཐུགས་རྗེས་གཟིགས་པར་ཞུས་པས། རུང་ཞེས་གསུང་ནས་མྱུར་བར་གསུམ་ཀས ་བྱོན་ཏེ། འཕགས་པས་སྐུ་ཁྲུས་དང། འཕགས་མས་ཨཥྚ་མཾ་གྷ་ལ་ཞེས་བྱ་བའི་བཀྲ་ཤིས་གསོལ་ནས་བཙུན་མོར་བཞེས་སོ། །དེ་འཇིག་རྟེན་དུ་ཀ་མ་ལ་གོ་མི་ཞེས་པའི་སྒྲུབ་ཐོབ་ཆེན་པོ་གྲགས་སོ། །དེས་ན ་དམ་པ་རྣམས་ཀྱིས་ལ་རྒྱུས་འདི་ཡིད་ཆེས་པར་བྱས་ནས། ཡི་གེ་དྲུག་པའི་བསྒོམ་བཟླས་ལ་བརྩོན་པར་བྱས་ན་ངེས་པར་འགྲུབ་གསུང་ངོ། །སློབ་དཔོན་པདྨ་དགེ་བསྙེན་གྱིས་འཇིག་རྟེན་དབང་ཕྱུག་ལ་གྲུབ ་པ་ཐོབ་པའི་ལོ་རྒྱུས་སོ། །པན?་ཌི་ཏ་བི་ན་ཡ་ཤྲི་མི་ཏྲ་དང། ལོཙྪ་བ་བདན་མ་ཚུལ་ཁྲིམས་སེང་གེས་བསྒྱུར་བའོ།། ་