CLOSE WINDOW

N4628: shing bzo bas grub pa thob pa
Wyliee-texts based on the ACIP/ALL Input

གྲགས་པའི་ལྟས?་ཐུགས་རྗེ་ཆེན་པོ་ལ་གྲུབ་པ་ཐོབ་པའི་གཏམ་རྒྱུད་པཎ་ཌི་ཏ་བི་ན་ཡ་ཤྲི་མི་ཏྲས་བསྒྱུར་རོ། །།ཤིང་བཟོ་བས་གྲུབ་པ་ཐོབ་པའི་ལོ་རྒྱུས་བཞུགས་སོ།། །།ན་མོ་ལོ་ཀེ་ཤྭར་ཡེ། ཤིང་བཟོ?་བས་གྲུབ་པ་ཐོབ་པ་ནི། ? ་ལར་གར་ལོག་བྱུང་བའི་ཚེ་མི་རྣམས་ཀྱིས་ཤར་ཕྱོགས་བྷཾ་གཡར?་བྲོས་སོ། །ལམ་ཀ་ན་ཤིང་བཟོ་བའི་བུ་གཅིག་ཡོད་པས་མཐོང་ནས་བྲོས་པའི་དགེ་འདུན་རྣམས་ལ་བརྐྱང་ཕྱག་འཚལ་ཞབས་སྤྱི་བོར་བླངས་བསྙེན་བཀུར་བྱས་ནས་སྐད་དེར? ་ད་ལྟར་བྱད་པའི་རྒྱུ་མཚན་བྲིས་པས།?་དེ་ན་རེ་བདག་གི་ཕ་དང་བ་ཚབས?། རབ་བྱུང་གཅིག་ལ་བསྙེན་བཀུར་བྱས་དེས་ཀྱང་ཐུགས་རྗེ་ཆེན་པོའི་བསྒོམ་བཟླས་ཕོག་ནས་ཉམས་སུ་བླངས། དུས་རིང་ཞིག་ན་ནད་ཀྱི་བཏབ་ནས་ཤི་སྟེ་དུ་ཁྲོད་དུ་ཤིང་བརྩིགས་ཏེ་དཀྱིལ་དུ་བཅུག་ནས ་མཛའ་ནས་མེ་པར་བ་དང་འཐོན་བྱུང་དེར་དྲིས་པས་ང་ཁྱིམ་དུ་ཐེག་བཤད་དོ་ཞེས་ཅེས་ཟེར་རོ། །དེར་བཏེགS་ནས་སྨྲས་པ་ད་གཤིན་རྗེའི་སྐྱེས་བུ་ཤིན་ཏུ་འཇིགས་པ་བཞིས་ཁྱེར་ནས་དམྱལ་བའི་གནས་སུ་ཀུམ་པ་ནར་ཀའི་ནང་མེས་གང་བར་བཅུག་པ ་དང་དེར་བཀུམ་པ་ན་ར་ཀ་ཁ་ཟུམ་ནས་མཚུད། །ཕྱིར་བཀྱེད་པ་དང་ཁ་བྱེ་ནས་བྱུང། ཡང་ཡང་དེ་བཞིན་དུ་བྱུང་བས་སྐྱེས་བུ་བཞི་པོ་འཇིགས་ནས་གཤིན་རྗེ་ཆོས་རྒྱལ་ལ་དྲིས་པས་དེ་ན་དེ?་འདིར་སྐྱེ་བའི་རྒྱུ་ཟད་ཐུགས་རྗེ་ཆེན་པོའི་བུ་ཡིན། །ང་ཅིག་ཅར་སྐྱོལ ་ཟེར་ནས་བསྐྱལ་བ་དང་ངའི་ནད་དྲག་འདུག་ཅེས་ཟེར་རོ། །དེ་ཕྱིས་རབ་ཏུ་བྱུང་བ་མཐོང་ཚད་ལ་བརྐྱང་ཕྱག་འཚལ་ཞིང་བསྙེན་བཀུར་བྱེད། །བྱ་བ་ཐམས་ཅད་བཞག་ནས་སྒོམ་བཟླས་བྱེད་པ་གཅིག་བྱུང། །བདག་ཀྱང་ཕའི་རྗེས་སུ་བགྱིད་པ་ལགས་ཟེར་རོ ་སྔགས་པ་ཁངས?་པ་ནིའི་སྙིང་པོ་འགྲང་བཅིག་ལ་ཡང་དེ་ཁོ་ན་བཞིན་བྱུང་སྐད། །ཤིང་བཟོ་བས་གྲུབ་པ་ཐོབ་པ་པཎ་ཌི་ཏ་བི་ན་ཡ་ཤྲིས་བསྒྱུར་རོ།། །།ཡང་བྷཾ་ག་ལའི་བུད་མེད་ཅིག་གི་ཁྱོ་ཤི་ནས་ཡི་དྲགས་སུ་སྐྱེས་ཏེ་དེས? ་བདག་ཏུ་བཟུང་ནས་རྟག་ཏུ་འོང་བ་ལ་ཡུལ་དབུས་ཀྱི་ཚོད་དཔོན་ཅིག་གི་ཤར་ཕྱོགས་སུ་ཚོང་ལ་ཕྱིན་ཏེ་དེར་བཞག་ནས་གཡོག་གིས་རྐང་བཀྲུས་ཁྲུས་དང་སྐུ་མཉེས་བྱས་ཏེ་སྟན་ཐོག་ཏུ་ཡི་གེ་དྲུག་པའི་བསྒོམ་བཟླས་བྱེད་ཀྱི་བསྔད?་དོ། །དེར་ཡི་དགས ་ངེས་ནང་དུ་འོང་མ་ནུས་པར་ཕྱིན་ནས་ཀུ་ལུ་ཀུ་ལུ་ཟེར་ཞིང་ཚོང་དཔོན་ཕྱིར་མཐོན་གྱིས་སྒྲས་བརྗོད་པ་བུད་མེད་དེས་མཐོང་སྟེ་བློ་བསྐྱེད་ནས་ཚོང་དཔོན་ལ་ཕྱག་དང་གཉེན་བཀུར་བྱས་ཏེ་བདག་ལའང་དེ་སློབ་པར་ཞུ་ཞེས་གསོལ་ནས་ཉམས་སུ་བླངས་ནས་དེ་ལས་མཐར་སྐད་བུད་མེད་ཀྱི ་གྲུབ་པ་ཐོབ་པ་ནི་ཡ?་ཤྲིས?་བསྒྱུར་རོ།། །།ན་མོ་ལོ་ཀེ་ཤྭ་ར་ཡ་།སྔོན་རྒྱ་གར་ལྷོ་ཕྱོགས་སུ་བསྟན་པ་དར་བའི་ཚེ། གྲོང་ཁྱེར་ཆེན་པོ་གཅིག་ན་ཚོང་དཔོན་གྱི་བུ་དུས་སུ་ཁ་དེ་བཞེས་པས་ལོངས་སྤྱོད་ཐམས་ཅད་རང་གི་ཆུད་གསན་ནས་ཤིན་ཏུ་སྡུག་བསྔལ་ཞིང་ཡོད་པ་ན?། ཡུལ་དེར་བུད ་མེད་ཅིག་ཚད་པས་ཐོབ་སྟེ་ཅན་དན་གོར་ཤི་ཤ་མིན་པས་བསོ་མི་ནུས་ལ་དེའང་མ་རྙེད་དེ་སྨན་པ་ཐམས་ཅད་ཀྱིས་བོར་རོ། །དེར་ཚོང་དཔོན་གྱིS་བུ་དེས་དྲིས་པས་ཙན་དན་དེ་སྙེད་ནས་སོས་ན་བུ་མོ་སྟེར་ཅེས་ཟེར་རོ། །དེར་ཕ་མེས་ཀྱི་ཡི་དམ་གོར་ཤི་ཤ་ལ་བྱས་པའི་ཐུབ་པའི་སྐུ་ཅིག ་ཡོད་པ་བསྔར་ཏེ་ནང་དུ་བཏང་ཞིང་ཕྱིར་བྱུག་པས་སོས། །དེ་གཉིས་ལྷན་ཅིག་གནས་པ་ན་བུད་མེད་དེས་དེ་ལ་འདི་ལྟ་བུའི་ལས་བྱེད་པ་གཉིས་ཀ་དམྱལ་བར་སྐྱེའོ་ཞེས་སྤྱོད། །དེར་ཚོང་དཔོན་གྱི་བུ་འགྱོད་དེ་དེ་དང་ཉེ་བའི་གཙུག་ལག་ཁང་ཅིག་ཏུ་པཎྜི་ཏ་གཅིག་ལ་ཡི་གེ་དྲུག་པ་ཞུས་ནས ་བུད་མེད་ཀྱི་གཡོག་བྱས་ནས་གཉིས་ཀའི་དོན་དུ་ལོ་བཅུ་གཉིས་བསྒྲུབ་པས་རྨི་ལམ་དུ་ཞལ་གཟིཌ་ཏེ་པོ་ཏ་ལར་འདོད་ཅེས་གསུང་ངོ། །ཁོས་བདག་འགྲོ་སྟེ་སློབ་དཔོན་ལ་འདྲི་དགོས་ཅེས་བྱས་སོ། །སད་པ་དང་སློབ་དཔོན་དང་གཡོག་ལ་དྲིས་པས་དེ་དང་ཀྱི་དྲིན་ཡིན་པས་མ་འཁྲིད་ན་? ་ཅེས་བྱས་པས། ཡང་སྒྲུབ་པ་ཡུན་རིང་དུ་བྱས་ཏེ་བཅོམ་ལྡན་འདས་བྱོན་ནས་གསུམ་ཅར་པོ་ཏ་ལར་ཁྲིད་དོ། །སུ་ཁ་དེ་བས་སྨྲས་པ། ལྟོས་ཆིག་སྔགས་ཀྱི་ནུས་བདག་།ཕྲ་བའི་ལྷ་ཡང་གྲུབ་པ་ཐོབ། །བྱ་བ་ཐམས་ཅད་ཡོངས་སྤོང་ལ། །སྔགས་ཀྱི་བྱ་བ་སྒྲུབ་པར་གྱིས་ཅེས་གསུངས་ནས་པོ་ཏ། ་ལར?་གཤེགས་སྐད་།སུ་འདེབས་གྲུབ་པ་ཐོབ་པ་པཎྜི་ཏ་བི་ན་ཡ་ཤྲིས་བསྒྱུར་རོ།། །།*།?་།སློབ?་དཔོན་པདྨ?་དགེ་བསྙན་གྱིས་ལོ་རྒྱུས་བཞུགས་སོ།། །།ན་མོ་ལོ་ཀི་ཤྭར་ཡ། སྔོན་རྒྱ་གར་ལྷོ་ཕྱོགས་ན་བསྟན་པ་དར་བའི་ཚེ་གཙུག་ལག་ཁང་ཆེན་པོ་གཅིག་ན་པཎྜི་ཏ་ཏིང་ངེ་འཛིན་ལ་བསྟན་པ་ཐོབ་པ ་