CLOSE WINDOW

N4627: tsan+d+ra go mi'i gtam rgyud
Wyliee-texts based on the ACIP/ALL Input

ནོར་ཀུན་འབྱུང་ཞིང། །ཆ་ཤས་ཕྲ་བ་གཏན་ལ་འབེངས་ཤིང་གནང་ཆེ་བས?། སྦོམ་པོ་ཡང་འདི་ཁོ་ན་ཟབ་བོ། །རྒྱུད་ཀྱིས་འཁྲུག་སྡེབས་དང། །མངས་པ་བསྡུས་ཤིང་ཉུངས་པ་བཤད་དེ། །གལ་ཆེ་བ་རྣམས་ཞིབ་ཏུ་བྱས་བ། །མི་དགོས་པ་རྣམས་གོ ་བླ་བར་སྨོས་པའོ། །མིག་གི་ནང་ནས་འབྲས་བུ་བཞིན། །འདི་དང་རྒྱུད་དོ། །ལེའུ་བཅུ་པའོ།། །།རྩ་བའི་སྡེ་རྫོགས་ཤོ?།། །།དཔལ་གཙུག་གི་ནོར་བུ་ཞས་བྱ་བ། །རྒྱ་གར་ཤར་ཕྱོགས་ཀྱི་པཎ་ཌི་ཏ། །དཔལ་ལྷན་ཅིག་སྐྱེས་པའི་ཞལ་སྔ་ནས། །ུ་རྒྱན ་པ་རིན་ཆེན་དཔལ་གྱིས། །ལྗོངས་ཏེ་ར་ཧཱུ་ཏིར་བསྒྱུར་བའོ།། ?་།།`་རྩ་?་མིའི་ལོ་རྒྱུས་བཞུགས་སོ།། །།ཏཱ་ར་ཡི། སྔོན་གཅུག་ལག་ཁང་ཞིག་ན་སློབ་དཔོན་ཟླ་གྲགས་དང་ཙན་ཏྲ་གོ་མི་གཉིས་ཅུང་ཟད་འགྲན་སྐད། །སློབ་དཔོན་ཟླ་གྲགས་སྐུ་ཆཌ ་པའི་ཚེ་རྒན་མོ་གཅིག་གིS་བུ་མོང་ག་མར་བཏོང་པའི་ནོར་བླངས་པས་སློབ་དཔོན་ལ་ནམ་བཟའ་ལ་བ་གཅིག་དང་པོ་ཏི་གཅིག་མེན་པ་ཅིའང་མེད་པས་མ་དགྱེས་ནས་བཤུམས་སྐད། དེ་ནས་སློབ་དཔོན་གྱི་རྩིགས་པའི་ལོགས་ལ་སྒྲོན་མ་རྒྱན་དང་བཅས་པ་གཅིག་བྲིས་ནས ་མཧཱ་རུ་ཤྲི་བུ་ཏི་ཅེས་པ་སྒྲོལ་མ་དཔལ་ཆེན་མོ་ལ་བསྟོང་པ་ཞེས་པ་ཚིགས་སུ་བཅད་པ་བཞིན་བཅུ་པ་གཅིག་མཛད་པས་ཞབས་ཀྱི་གདུ་བུའི་ནོར་བུ་རིན་པོ་ཆེ་བརྒྱད་སྟོང་རིབ་གཅིག་བོ་གནས་བྱུང་བ་དེ་བྱིན་ནས་ཚིམ་པར་མཛད་སྐད་དོ། །ཙན་ཏྲ་གོ་མིའི་ག་རྟམ་རྒྱུད ་བི་ན་ཡ་ཤིས་བསྒྱུར་རོ།། །།ན་མོ་ལོ་ཀེ་ཤྭ་ར་ཡ། བི་ཁྱ་ཏ་དེ་བས་ཐུགས་རྗེ་ཆེན་པོའི་གྲུབ་པ་ཐོབ་པའི་གཏམ་རྒྱུད་ནི། །དེ་རྒྱ་གར་ཤར་ཕྱོགས་སུ་འཁྲུངས་ཏེ། བྷི་ཏྲ་མར་རབ་ཏུ་བྱུང་རིག་པའི་གནས་ལ་མཁས་པར་གྱུར་ཏོ། །འོན་ཀྱང་སྲེད་པ་ཤས ་ཆེ་བའི་སྐྱོན་གྱིས་དེར་མ་བཞུགས་པར་རྡོ་རྗེ་གང་ན་དུ་ཛ?་མོ་གཅིག་དང་ལྷན་ཅིག་འཁོར་ཁ་ཅིག་ལ་ཆོས་སྟོན་གྱི་བཞུགས་སོ། །ནུབ་གཅིག་གི་རྨི་ལམ་ན་ཐུབ་པ་ཆེན་པོའི་ཞལ་ནས་ཁྱོད་ད་སྟེ་ལོ་གསུམ་ན་ནང་དྲག་ལ་ཡུན་རིང་བས་ཤི་ནས་ལས་ངན་པས ་དམྱལ་བར་སྐྱེ་པས། ད་བཤད་པས་མི་ཕན་གྱིས། །ཡི་གེ་དྲུག་པའི་སྒོམ་བཟླས་གྱིས་ཞིག་ཅེས་གསུངས་སོ། །སང་པ་དང་ཤིན་ཏུ་སྐྲག་སྟེ་འཁོར་རྣམས་ལ་སྨྲས་ནས་ཇོ་མོས་གཡོག་བྱས་འཁོར་རྣམས་ཀྱིས་འཚོ་བ་སྦྱར་ནས་སྒྲུབ་པ་མཛད། དེ་ནས་ལོ་དུས་སུ་ནང་དེ་འདྲ་བས ་གྲོངས་ཏེ། འཁོར་རྣམས་ཀྱི་དུར་ཁྲོད་དུ་མེའི་སྲེབ་ཏུ་བཞུགས་ཏེ་མེ་མཛའ་ནས་སྤར་བ་དང་ཤིང་གི་སྟེང་དུ་འཐོན་བྱུང་ངོ། །རོ་ལངས་བྱུང་སྙམ་ཏ་བྲོས་པ་དང་ན་བྲས་པའི་བརྡའ་བྱས་པས་འཁོར་རྒན་པོ་ཕོ་ཚོད་ཅན་གཅིག་གིས་ཉེ་མ་རིང་བསྡང་པས་མ་གྲངས་པར་ཤས་ནས ་དེར་ཐམས་ཅད་ཀྱི་ཅི་ལགས་ཞུས་པས། ངས་བཤད་མི་ནུས་ཞོ་དང་འབྲས་ཟན་ཁྱེར་ཤོག་ཅེས་གསུངས་སོ། །དེར་གསལ་ནས་གསུངས་པ། གཤིན་རྗེའི་མི་ཤིན་ཏུ་འཇིགས་པ་བཞིས་ད་ཐག་རིང་པོར་ཁྱེར་ཏེ། རི་གཅིག་གིས་རྩེ་ལ་སླེབ་པ་དང། འོད་དཀར ་པོ་ཟླ་བའི་འོད་པས་ཆོས་ལྷག་པ་གཅིག་ནམ་མཁའ་ལས་བྱུང་བའི་རྗེས་ལ་ཐུགས་རྗེ་ཆེན་པོ་དོན?་ཞགས་རྟ་མགྲིན་སྒྲོལ་མ། ནོར་ཟངས་དང་ལྔ་ནམ་མཁའ་ལ་བྱོན་པ་མཐོང་སྟེ། དེས་གཤེན་རྗེ་དེ་དག་ཤིན་ཏུ་བྲེས?་ནས་འདར་དེར་མི་དེས་རྟ་མགྲིན་གྱིས་དབྱུག་ཐོས་བསྡུས ་པས་བཅོམ་ལྡན་འདས་ཀྱིས་ཞལ་ནས་སྙིང་རྗེ་མ་བྱེད་གསུངས་པས། །རྟ་མགྲིན་གྱིས་ཞལ?་ནས་འོ་སྦོལ་གྱི་མི་ལ་འདིར་བར་ཆད་བྱེད་པ་མ་རིགས་གསུང་ངོ། །དེར་བཅོམ་ལྡན་འདས་ཀྱི་ཞལ་ནས་ང་ཆོག་གི་འདི་ཕ་གིར་མ་ཚིག?་པ་ལ་ཅིག་ཅར་སྐྱོལ་ཅེས་གསུང་ངོ།། ་དེར?་བཞི་པོས་?་བསྐྱལ། །སྐྱིལ?་གྱི་པར་དུ་མཐོང། དེ་ནས་མ་མཐོང་སྟེ་ངའི་ནང་དྲག་འདུག་ཕར་ཐེག་ཅེས་གསུང་ངོ། །དེ་ནས་བན་ཌི་ཏ་གྲུབ་ཐོབ་ཏུ་གྲགས་ཏེ་བླ་མ་ཤཱཀྱ་ཤྲཱི་དང་བུད་དྷ་ཤྲཱི་ལ་སོགས་པ་མང་པོ་འདུས་ཤིང་གྲགས་པར?་ཤིན་ཏུ་ཆེ་སྐད་དོ། །པཎ་ཌི་ཏ་རྣམ་པ ་གྲགས་པའི་ལྟས?་ཐུགས་རྗེ་ཆེན་པོ་ལ་གྲུབ་པ་ཐོབ་པའི་གཏམ་རྒྱུད་པཎ་ཌི་ཏ་བི་ན་ཡ་ཤྲི་མི་ཏྲས་བསྒྱུར་རོ། །།ཤིང་བཟོ་བས་གྲུབ་པ་ཐོབ་པའི་ལོ་རྒྱུས་བཞུགས་སོ།། །།ན་མོ་ལོ་ཀེ་ཤྭར་ཡེ། ཤིང་བཟོ?་བས་གྲུབ་པ་ཐོབ་པ་ནི། ? ་