| Wylie | e-texts based on the ACIP/ALL Input |
བསྟན་བཅོས་དབྱངས་འཆར་ཞེས་བྱ་བ། །གཡུལ་ལས་རྣམ་པར་རྒྱལ་བཤད་དེ། །དེའི་དོན་ཤིན་ཏུ་གསལ་བ་འདིར་བཤད་དེ། །ལ་ལ་ནི་གཞུང་ཉིད་ཀྱིས་དཀྲུགས་ཤིང། །རིགས་ལ་སོགས་པ་ཤིན་ཏུ་བསྡུས་པས་མགོ་ཡིས་དོག་པ་དང། བུམ ་བུ་དྲུག་ལ་སོགས་པའི་དུས་སྦྱོར་རྣམས་དབྱངས་འཆར་བའི་རྩེ་དེ་ལྟ་བུ་ཡིན་པས་དེ་དག་ལག་ལེན་དུ་དྲིལ་ཏེ་བཤད་པ་དང། མན་ངག་སྙིང་གཏམ་དུ་བཤད་པ་དང། སྙན་དངགས་དང་བསྡེབ་སྦྱོར་སྤངས་ཏེ། དོ་ལ་ཁོལ་བུར་ཕུང་བ། བུ་རྣམས་ལ་ཡང ་སྟེར་བ་བཀག་པ་ནི་འདིར་འོ། །བཅོམ?་ལྡན་འདས་ཞེས་པ་ནས། བཤད་དུ་གསོལ་ཞེས་པའི་བར་ནི་བསྟོད་ཅིང་ཞུས་པའོ། །ལམ་ལྔ། ཞེས་པ་ནས་ཀླུ་རྣམས་འཆར་བ་ཞེས་པ་ནི། ལྷ་མོས་འཁོར་ལོ་རྣམས་སྡོམ་དུ་ཞུས་པའོ། །སྔོན་ཚེ་ཞེས་པ་ནས ་མི་དགོས་ཞེས་ཡན་ཆད་ནི། རྒྱུད་འདིའི་བྱུང་ཚུལ་དང། གྲགས་ཕྱོགས་དང། ཉན་པར་རྣ་གཏད་བསྐུལ་བ་དང། རྒྱུད་རྣམས་ཀྱི་རྩ་བར་གདམས་པ་དང། ལྟ་བ་རྟོགས་པ་ལ་མི་དགོས་པར་བཤད་པའོ། །ལུག་གནས་ཤེས་པ་ནས། །ལྟས་ཀྱི་དག་མི་དགེ་སྤྱད་ཅེས་པ་ཡན? ་ཆད་ནི། རླུང་དང་ལྟས་ཀྱི་རིམ་པ་སྟེ་གོ་སླའོ། །ཚེས་ལ་ཞེས་པ་ནས་ཐ་མལ་ཞེས་པ་ཡན་ཆད་ནི། ཞག་གཅིག་ལ་དབུགས་ཉི་ཁྲི་ཚིག་སྟེང་དྲུག་བརྒྱ་རྒྱུ་ཞིང་།ཆུ་སྲང་དང་དབྱུག་གཱུང་དེས་ཤེས་སོ། །དབུགས་ཀྱི་དྲངས་ན་ཞག་གཅིག་།ཆུ་སྲད་ན་ཟླ་བོ་གཅིག། དབྱུག ་གུ་ན་ལོ་གཅིག་ཏེ། ཉི་ཁྲི་ཅིག་སྟོང་དྲུག་བརྒྱའི་དྲངས་ལ། །བཅུ་གཉིས་ཀྱིས་བགོས་པ་ནོར་ནི་དུས་སྦྱོར་གྱི་ཕུང་པོར་འགྱུར་རོ། །བརྒྱད་ཀྱིས་བགོས་པས་ནོར་ནི་ཐུན་དུ་འོར་ཞིང། །རྒྱལ་མཚན་ལ་སོགས་པ་ཡང་འཆར་རོ། །དེ་དག་ལ་ལམ་ལྔ་ཡང་ངོ། ས་དང་ཆུ ་དང། མེ་དང་རླུང་དང་ནམ་མཁའ་ཨོ། །དེ་དག་ཀྱང་སྣ་བུག་གི་གཡས་གཡོན། སྟེང་འོག་དབུས་རྣམས་ལ་རིམ་པ་བཞིན་རྒྱུའོ། །ས་ལ་སོགས་པ་འབྱུང་བ་རེ་རེ་ལ་སུམ་བརྒྱ་བཞི་བཅུ་ཞེས་དགུའི་དབུགས་རྒྱུའོ། །སྣ་བུག་གཡས་རྒྱུ་ཉི་མ། གཡོན་རྒྱུ་ཟླ་བ་གཉིས་ཀ་རྒྱུ ་བསྒྲ་གཅན། གཡས་ལྷོ་གཡོན་བྱང་ཁྱིམ་ཕྲིན་ལས་རིང་ཐུང་རྣམས། །གཞུང་ཉིད་ལ་གསལ་ལོ། མིག་དམར་མ། སྤེན་པ་ཆུ། ཉི་མས་སྒྲ་གཅན་རླུང། ལག་ནམ་མཁའ་ཨི་གཞན་རྣམས་ན་སྒྲ་གཅན་ནམ་མཁར་བཞེད་དོ། །གཡས་པའི་འབྱུང་བདག་གཞུང་ན ་གསལ་ལོ། །དེ་དག་གི་ལམ་ལྔའོ་རིགས་པའི?་སུམ་ཅུ་གཉིས་ཀྱི་མིང་ཡི་གེར་ཤར་བ་དེ་བྱིས་པ། །དེ་ནས་བགྲང་བའི་གཉིས་པ་གཞོན། །གསུམ་པ་ལང་ཚོ། བཞི་བརྒན། དགའ་བ་རིམ་བཞིན་དེས་ནོ། ཞིང་ཞིབ་པར་གཞུང་ལས་ཤེས་སོ། །ལེའུ་དང་པའོ།། །། ་གཙོ་བོར་དུས་སྦྱོར་སྟོན་པས། །དེ་ཡང་ལོ་ཟླའང་དུས་སྦྱོར་ཡིན་ཞིང། འབྲས་བུ་ཞག་གཅིག་གི་དུམ་བུ་ལ་འབྱུང་བས། །དེའི་རྩིས་རླུང་དྲངས་ལ་ལྟ་སྟེ། ཞག་གཅིག་ཅེས་པ་ནས། ཁྱིམ་བདག་ཡན་ཆད་ནི། །དུས་བཅུ་གཉིས་ཀྱི་འཁོར་ལོ་རྣམས་ཀྱི་དང་པོ་སྟེ་།རྩ་བའི? ་ཁྱིམ་དབང་བ་ཡང་འདིས་ཤེས་སོ། །དུས་སྦྱོར་གྱི་འཁོར་ལོ་འོག་མ་རྣམས་འདིའི་སྟེང་ནས་ལྟ་བ་ཡིན་ནོ། །ཆུ་བདག་དན་ཞེས་པ་ཡན་ཆད་ནི། དུས་སྦྱོར་གྱི་ནུབ་ཆེ་ཆུང་ཕྱོགས་ཀྱི་སྟོབས་ཀྱི་ཙཀྲའོ། །ཟླ་བ་བཅུ་གཉིས་ཀྱིས་ཉེ་མཚན་གྱི ་དབྱུག་གུ་ནི་གོ་སླའོ། །ཉིན་མོ་དུ་དབང་པོའི་ཆུ་ཆོང་ལ་བརྒྱད་ཀྱིས་བགོས་པས་ནོར་ནི་ཐུན་ཕྱེད་དོ། །མཚན་མ་ཡང་ནོར་ལྷས་བགོས་པས་ཐུན་ཕྱེད་ཅེས་སྟེ། འདི་ནི་མཚོན་ཆད་པ་ཅན་ལྟ་བུས་གཅན་ལག་པ་ཆེའོ། །ཆུ་སྲང་ནི་བློས་སྤྱོད་།སྐར་མ་གཉིས་དང ་དབྱུག་གུ་བཅོ་ལྔས་ཁྱིམ་གཅིག་རྫོགས། །དེས་གཞན་རྣམས་ཤེས་སོ། །གཞན་ཡང་ཞེས་པ་ནི་ཡན་ལག་ལྔས་རྩིས་ཀྱི་ཉི་སྐར་དག་པ་ལ་ཟེར་རོ། །འདི་ཕྱོགས་ལ་ཟླ་བ་ལ་དབང་པོའི་ཁྱིམ་བཅུ་གཉིས་ཀྱི་ཉི་མའི་འཁོ་བའོ། །ལུག་ལ་སོགས་པར་འཕོས་པའི ་འདས་པའི་ཞག་དུ་ལོན་གནས་གཉིས་སུ་བྱས་ཏེ། །ཉི་མ་ཞག་རེ་བཞིན་ཆུ་ཚོད་བཞི། །ཆུ་སྲང་ཉི་ཤུ་རྩ་ལྔ་ཟས་བ་སྟེ་བཞི། འོག་ཉི་ཤུ་རྩ་ལྔ་ཡིས་བསྒྱུར་རོ། །དྲུག་ཅུས་བགོས་ལྷག་དབྱི། །ནོར་སྟེང་དུ་གཞུག་ཕྱེད་ལྷག་ནི་གཅིག་སྦྱིན་ནོ། །སྟེང་དུ་དྲུག ་ཅུས་མགོ་བར་བྱ་ཞིང་ནོར་གྱི་ཆུ་སྲིན་ལ་སོགས་བྱང་བགྲོད་དྲུག་ལ་དབྲི། ཀར་ཀ་སོགས་ལྷ་བགྲོད་དྲུག་ལ་མ་སྣན་པས་འཕྲོ་བའི་ཆུ་ཚོད་དག་པར་འགྱུར་རོ། །ཆུ་ཚོད་དུས་འདས་ལྟ་བ་བདེ། །རྒྱ་མཚོ་ཆུ་དང་ཟླ་བ་ལ། །ལུག་དང་སྲང་ལ་དྲུག་སྦྱིན་བྱ། །གླང ་དང་བུ་མོ་རང་སར་བཞག། འཁྲིག་པ་སེང་གེ་བརྒྱད་དོར་བྱ། །ཀང་ཀ་གཉིས་ལ་བཅོ་བརྒྱད་དབྲི། །སྡིག་ཉ་གཉིས་ལ་བཅུ་སྦྱིན་ཞིང། །གཞུ་དང་ཆུ་སྲིན་བུམ་པ་གསུམ་ལ་ཉི་མ་བྱིན་པ་ལ། ཆ་བདུན་གྲིབ་མར་བཅས་པས་བགོས་པས་ཐོབ་པའི་ནོར་ནི་སྔ་དྲོ་ཆུ་ཚོད ་འདས་པ་ཡིན། ཕྱི་དྲོ་ལུས་པ་ཉིད་དུ་འགྱུར་རོ། །འདི་དུས་སྤོང་བཅུ་གཉིས་ལ་སོགས་ལ་ངོས་འཛིན་ན། དེའི་དུས་ཆུ་ཚོད་ནི་འདས་རྣམས་དྲུག་ཅུས་བསྒྱུར་བར་བྱ་ཏེ་།དེས་ནི་དབྱུག་གུ་ཡང་ཆུ་སྲང་གི་ཕུང་པོར་འགྱུར་རོ། །དེ་ལ་ལུག་ལ་ཉིས་བརྒྱ་ལྟ་བུ་ཁྱིམ ་རང་རང་གི་ཆུ་སྲང་གིས་བགེའོ། །ལུག་སོགས་དྲུག་ལ་ཡས་ཀྱིས་དབྲི་ཞིང། སྲང་སོགས་དྲུག་ལ་མས་ཀྱིས་དབྲིའོ། །མ་ལྡང་བ་དེ་ཏ་དང་ཀར་པ་ཡན་ནོ། །དེ་ནི་ཉིན་ཞག་གཅིག་གི་བཅུ་གཉིས་ཆའོ། །འཕོ་བ་དེས་ལས་གནས་ལྔ་བྱེད་ན། ལྷག་སུམ་ཅུས་བསྒྱུར་བ ་ལ་ཁྱིམ་ཆུ་སྲང་གིས་བགོས་པས། །ནོར་ཅི་ཆ་ཤས་ཡིན་པས་ཏང་ཀལ་འོག་ཏུ་བྲིའོ། །ལྷག་མ་དྲུག་ཅུས་བསྒྱུར་ཞིང། །ཐོབ་པར་བྱུག་གུ་ཡིན་ཞིང། །དེའི་ལྷག་དྲུག་ཅུས་བསྒྱུར་ཐོབ་པ་ཆུ་སྲང་ཡིན་དེའི་ལྷག་དྲུག་བསྒྱུར་ལས་ཐོབ་པ་དབུགས་ཡིན་ནོ། །གནས ་ལྔ་ཞེས?་ནི་དེ་ལ་ཟེར། །དུས་དག་གམ་ལྟ་བ་དང། །དུམ་བུ་དྲུག་གི་དོན་དུ་ཡང། །ཏད?་ཀལ་ཆུ་སྲང་སུམ་ཅུས་བསྒྱུར། །དེ་ལ་འོག་གི་ཆ་ཤས་བཞུག། དེ་ལའང་དྲུག་ཅུས་བསྒྱུར་ཞིང་ཆུ་ཚོང་བཞུག་།སྟོང་དང་བརྒྱད་བརྒྱས་དེ་ལ་བགོ་བར་བྱ། །ནོར་ནི་དུས ་སྦྱོང་གཅིག་གི་རང་བཞིན་སྟེ། །གང་གི་དེ་རང་མཉམ་ནི་དག་པ་ཡིན་ན། །དག་པོར་མ་གྱུར་མཉམ་ངའང་མིན་ནོ། །ཆ་ཤས་དྲུག་ཅུས་བསྒྱུར་ཆུ་ཚོད་སྟེངས་སུ་གཞུག། དེ་ནི་དུམ་བུ་ལྔའི་དགོང་བྱ་ཡིན་ནོ། །དེ་ལ་དགུ་བརྒྱད་བགོས་ནོར་རུས་སྦྱོར་ཕྱེད་བའོ ་དྲུག་བརྒྱས་བགོས་ནང་སུམ་ཆ་མིན། །ཉིས་བརྒྱས་བགོས་?་དགུ་ཆ་ཡིན། །བརྒྱ་དང་ལྔ་བཅུས་བགོས་ནོར་ནི། །བཅུ་གཉིས་ཆ་རུ་འགྱུར་པ་ལགས། །དྲུག་ཅུས་བགོས་པའི་ནོར་ནི་སུམ་ཅུའི་ཆའོ། །དེ་ལྟར་དུམ་བུ་དྲུག་སྟེ་འདི་རྣམས་ཐམས་ཅད་ལ་ཕྱེད ་པས་ལྷག་ལ་རེ་བ་སྟེང་དུ། སྦྱིན་པར་བའོ། །འདི་རྣམས་རྒྱུད་ཀྱི་བཅུད་ལྟ་བུ་ཡིན་ཞིང་འོ་མའི་བཅད་མར་ལྟ་བུའོ། །དུམ་བུ་དྲུག་གི་མི་གསལ་བའི་མིག་དང་འདྲ་སྟེ་ཐམས་ཅད་མཐོང་ངོ། །དམག་དང་རྐུན་མ་རྫས་བྱེད་ལས། བཟང་ངན། ཆགས་ཁ་ཐམས ་ཅད་ལ་གནོད་དྲུག་རིམ་གྱིས་རྟས་དང་འདྲའོ། །དུས་དྲུག་འདི་རྩིས་རྣམས་ཀྱི་གཞི་མ་ཡིན་པས་ཞིག་པར་བྱའོ། །ཁྱིམ་བདག་གལ་ཆེ་འདི་བཞིན་བརྩིས་ཏེ། །ལུག་དང་སྡིག་པའི་མིག་དམར་ཡིན། །གླ་དབང་སྲང་ན་པ་སངས་ཡིན་ནོ། །འཁྲིག་?་བུ་མོ ་ལྷག་གི་ཞིང་ཡིན་ནོ། །ཀར་ཀཏ་ཟླ་བའི་ཁྱིམ་ཡིན་པས། །སེང་གེ་ཉི་མའི་ཞིང་ཡིན། །གཞུ་དང་ཉ་ནི་ཕུར་བུའི་ཞིང་ཡིན། །ཆུ་སྲིན་བུམ་པ་སྤེན་པའི་ཞིང་ལག་པས་བདག་པོ་རྣམས་འབྲས་བུ་བཞིན་བརྩའོ། །བརྟན་གཡོ་ཞིང? ་ཕོ་མོ། སྡིག། གསོད་མཉམ་མི་མཉམ་རྣམས་ཞིབ་པར་རྒྱུད་ཉིད་ལ་གསལ་ཞིང། ཏ་དཀལ་ནས་བགྲངས་པའི་བདུན་པ་ནི་མཐོང་བ་ཡོད་པའོ། །རྐང་པ་ཞེས་པ་ནི་ཞིབ་རྩིས་སོ། །སྟོབས་ནི་གོ་སླའོ། །དགྲ་གྲོགས་ནག་ལ་ཆེ་བས་རྒྱུད་ཉིད་ལ་ཞིབ་པར ་ལྟའོ། །ཏ་དཀལ་ནི་མིག་དམར་ཡོད་ཅིང། །བདུན་ཕན་ཕུར་བུ་ཡོད་ན་གཟའ་གཉིས་ཀའི་འབྲས་བུ་འབྲས་བུ་འབྱུང་ངོ། །ངེས་གཞན་ཡང་འདྲའོ། །ཁམས་ནི་ཟླ་བ་ཕུར་བུ་ཡིན་ཞིང། །པ་སངས་མིག་དམར་རྣམས་རྩ་བ་ཡིན་ནོ། །རྩ་བ་ནི་ཤིང་དང། ་གོས་དང། རས་དང། དར་ལ་སོགས་པ་རྫས་རྩ་བའི་རིགས་སོ། །ལག་སྲོག་ཆགས་རིགས་ཡིན་ནོ། །ཉི་མ་སྦེན་པ་ནི། ལྷ་དང་རྐང་མངས་ཀྱིས་རིགས་ཡིན་ནོ། །འདི་རྣམས་རྒྱུད་ལ་འཐོར་ཡང་བདག་པོ་གཟའ་ནར་ཡིན་པས་འབྲས་བུ་འབྱུང་བ ་ལ་སོགས་མེད་དོ། །ལེའུ་གཉིས་པའོ།། །།བསམ་པ་ཅེས་པ་ནས་དན་གསལ་ཚིགས་ཅེས་པ་ཡན་ཆད་ནི་ཞུ་བ་པོའི་མཚན་ཉིད་དེ་གལ་ཆེའོ། །སློབ་དཔོན་གྱི་མཚན་ཉིད་གོ་སླའོ། །འདྲི་བས་དུས་སུ་ཟུར་གཟུམ་དང། །གྲུ་བཞིར་ཞི་བའི ་གཟའ་ཤར་ཞིང། །གཞན་རྣམས་སུ་སྡིག་གཟའ་ཤར་ན་འདི་བྱེད་ཀྱི་དོན་འགྲུབ་ཏེ། །ུད་པ་ཙམ་ཡང་འདྲི་ཁྱད་པར་དུ་དོན་གཉེར་གདིང་ཐུང་ལ་ཤེས་སོ། །ཏར་ཀལ་ཞེས་པ་ནས། །ཞིབ་ཏུ་བཏགས་ཡན་ཆད་ནི། །དུས་སྦྱོར་དུམ་བུ་དྲུག་གི་བཟང་ངན།། ་རིགས་རྙེད་མི་རྙེད། །ཀུན་མ་ངོས་འཛིན། །བརྡད་ལྐག་གྱུར་གྱི་རྩིས་ཕྱི་ནང་རྒྱལ་འཕམ། །འདུམ་མི་འདུ་མཚོར་རིང་ཐུང་མ་འོང། །སྦེད་པའི་ས། ཁ་དོག་རྨི་ལམ་རྣམས་བཤད་པས། །རྒྱུད་ཉིད་ལས་ཤིན་ཏུ་ཞིབ་པར་གསུངས་ཏེ། །བློས་ཞིབ་པར་བརྟག་གོ། སྨུ ་ཞེས་པ་ཡན་ཆད་ནི་ཟོང་དཀོན་མོད་ཀྱི་རྩིས་སོ། །རྐུན་མ་ལོ་གྲངས་ཀྱིས་ངོས་འཛིན་པ་ནི་གོ་སླའོ། །བུ་མོ་སྐྱེ་བ་ལ་སོགས་པ་གཞུང་ཉིད་ནི་ཞིབ་ཅིང་མ་བསྒྲིབས་པས་ཁ་བོས་རྒྱས་པར་མ་བཤད་དོ། །ལེའུ་གསུམ་པའོ།། །།རྐང་པ་བརྒྱད་པའི་འཁོར་ལོ ་འདིས། །གཤིན་རྗེ་ལོ་བའི་ཙཀྲ་འདི་དག་བྱེད་ཡིན་ནོ། །གལ་ཚེ་བར་ཐམས་ཅད་དུ་མིང་གི་སྐར་མ་ཤེས་ཤིང་མཐོང་བ་ནི་སྒྲ་གཅན་གྱི་རྐང་པ་དགུ་དང་ཉི་མའི་ཉི་མ་དང། མིག་དམར་གྱི་མེ་དང། །ཕུར་བུའི་དྲུག་དང། །སྤེན་པའི་ནོར་རྣམས་པར། །ལྷག་གི་བདུན ་དང། །པ་སངས་ཀྱི་ལྔ་པ་རྣམས་མཐོང་ངོ། །ཟླ་བས་གཡོན་དུ་བསྐོར་བའི?་ཉི་ཤུ་གཉིས་མཐོང་ངོ། །མཁྱུད་པས་ལུས་ལ་ན་ཚ་སྣ་ཚོགས་པ་འབྱུང། །སྟོབས་བཞིའི་འཇིགས་ཤོས་ནི་འདི་ཁོ་ནས་པས་མིང་སྤོང། །གོས་བསྒྱུར་ཡུལ་ནས་འབྲས་བུ་ལ་སོགས་པ ་བྱའོ། །སོལ་བ་ནི་དྲང་སོང་གི་ན་?་དུག་རོ་རྙིང་པ་དང། །མཛེ་ནང་གཅོད་ནད་ཀྱིས་ཇི་ནེ་ཞིང། །སྲོག་དང་བྲལ་བ་ལ་ཉེའོ། །དུ་བས་ནི་བློའི་སྡུག་བསྔལ་བ་དང། །གཏམ་ངན་འབྱུང་ངོ། །སྟོང་གིས་སྣ་ཁྲག་དང། །།བྲག་ནད་གཞན་འབྱུང་ངོ།། འདི་དག ་སྐུན་ལས་འཆི་བ་བའི་ལུགས་བཞིན། །ལྟ་སྟོང་ནུབ་བཟུང་བ་དང་དབང་ཕྱུག་གི་སྐྱབས་ཀྱིས་འཚོ་བར་བྱེད་དོ། །མཐོངས་ནི་ས་གཞུང་ཉིད་ལ་གསལ་ལོ། །ཤ་ལཀ་ཡིས་བག་མ་བརྩིའོ། །སྟོབས་བཞི་ཡིས་མེ་དང་རྟ་ལུགས་ལ་སོགས་པའི་ཐུགས་དགྱེས་པ་རྩིའོ། །ཉི་མ་གར་གནས ་བ་ལ་ལས་དང་བྱ་བའི?་ཙ་བྱེད་ཀྱང་ངན་པས། ། ཧམ?་ཏི་ཡང་བརྩིའོ། །བག་མ་ཟུང་རྒྱུ་ནི་སླའོ། །མདུང་ཆེན་ཀྱང་བ་གམ་དང་དོན་གཉེར་བ་རྣམས་ལ་གལ་ཆེའོ། །གོང་དང་གོང་གི་བྱ་བ་ལ་ཕན་ཡོན་ཆེན་པོའི་ཙཀྲ་གལ་ཆེའོ། །བ་ར་གླཱི?་ཙཀྲ་ནི་དགས་པ་ཆུན་གངོ། །བེ་ར་མུ ་པའི་ཙཀྲ་ནི། །ལོ་གཅིག་གི་ཆགས་ཀ་བརྟག་པ་ལ་དགོས་སོ། །ལེའུ་བཞི་པའོ།། །།སྔགས་ལ་གྲ་བའི་ཕྱིར་ཨ་བ་ཀཏ་ཞེས་བྱ་བའི་ཙཀྲའོ། །གླང་ཆེན་ཆེ་བའི་ཙཀྲའང་ཟེར་རོ། །འདི་ནི་འདིས་རྒྱལ་པོ་བྱ་བ་དང། དམག་དཔོན་དང་།གྲལ་དཔོན་བྱ་བ་དང ་ལྷ་ཁང་བརྩིགས། ལྷ་བཞེངས་པ་དང་རྔམས་ཆེ་བའི་ལས་ལ་མིག་གིས་འབྲས་བཞིན་གལ་ཆེའོ། །བེལ་སེ་ཀའང་འདིའི་ན་ཞིབ་པས་ལྟས་མོ་དང་སྟོན་རྨོངས་གལ་ཆེའོ། །རུ་སྦལ་འཁོར་ལོ་ཡུལ་གྱི་བདེ་སྡུག་དང། ལེགས་ཉེས་ཤེས་པས་ཞི ་དྲག་གི་གཟའ་ལ་ལྟའོ། །?་གྲ་ནི་རྒྱལ་བོའི་བླ་མ་ཚོང་དང། །མི་དབོན་གྱི་གཡོག་བྱེད་པ་དང། རང་ལས་ཆེ་བ་རྣམས་བརྟག་ག། ལེའུ་ལྔ་བའོ།། །།འཁོར་ལོ་དུས་ཀྱི་གནང་ལ་རྟེན་ནས། །རྒྱུད་རྒྱུ་བའི་ཡུན་ནམ་རིང་བྱུང་ལྟ་ཏེ། འཆིས་ལྟས ་དང་ན་ཚ་དང་ཁས་སྨྲས་དང། དེ་རྣམས་ཤེས་ཏེ། རླུང་རྒྱུ་བ་ཡུན་རིང་ན་འཆི། །འབྲིན་ན་ཡུན་ཐུང་ན་ཁ་སྨྲས་འོང་ངོ། །ཚེ་ཚང་ནི་ལོ་བདག་དང་སྐྱི་སྐར་ལ་དྲིས་ཏེ། །བློ་ཞི་བན་བརྟེན་ནོ། །གཟའ་ལོ་བདག་རེ་རེ་ཞིང་ཡང་དག་མི་དགེ་གཞུང་ཉིད་ཀྱིས་གོའོ།། ་སྐྱེས་བུ་དུས་ཇི་ཙམ་ནི་སྐྱེས་པའི་དུམ་ཀྱི་ཉིན་སྐར་ཁ་ལ་དག་དོ། དེ་ནས་བརྩིའོ། །འདི་ནི་སྐྱེ་བ་བརྟག་པའི་ཚིག་སྟེ། གཞོན་པ་ཁ་བྱང་གི་རྩིའོ། །ལེའུ་དྲུག་པའོ།། །།ལམ་གྱི་འཁོར་ལོ་ལ་སྤྲུལ་གྱི་ལུས་ལ་རྩ་གསུམ་ལ་སོགས་པ་གཞུང ་ཉིད་ཀྱིས་གོ་ཞིང། །དེ་དག་ལ་ཞི་དྲག་གི་གཟའ་གང་གནས་ལྟའོ། །ལམ་དུ་ཞུགས་པའི་ཉིན་ཞག་ལ་དབང་གི་སྐར་མ་དང། རྒྱུད་གཅིག་པའི་རྩ་ལག་གཟའ་གང་གནས་པའི་འབྲས་བུ་འབྱུང་ངོ། །ས་ཚིག་ཇི་ཙམ་དུ་འབྱུང་ན་འགྲོ་སར་དབག་ཚང་དུ་ཡོད ་པ་དེ་ཙམ་རྒྱུད་ལ་གནས་པའི་གཟའ་དེ་ཡིས་བསྒྱུར་འཁོར་ལོས་བས་ནོར་གྱི་གྲོང་ལམ་ཡིན། །ལྷག་མ་བཞིས་བསྒྱུར་འཁོར་ལོས་ཐོབ་པ་ནི། །མངའ་འཕེན་དྲུག་ཅུ་འམ་རྐང་པ་གཅིག་ཡིན་ནོ། །ལྷ་མ་དྲུག་ཅུས་སྐྱུར་ཞིང་ཐོབ་པ་ནི། །མངའ་རྒྱང་གང་དུ ་འགྱུར་པ་ཡིན་ནོ། །ས་ཡུལ་འདི་ནས་རྩིས་པའི་གྲོའམ་ཀྱང་ལ། །མངའ་འཕེན་རྣམས་འདིའི་འབྲས་བུ་འབྱུང་ཞེས་བྱའོ། །རྒྱན་ཙཀྲ་མི་མིང་ལིག་ཉེར་གཉིས་རང་གིས་བསྒྱུར་ཏེ། བརྒྱད་ཀྱིས་བགོས་པས་ཐོབ་པའི་ལྷག་མ་ལ་ལྟའོ། །རྒྱལ་མཚན་ལ་སོཌ ་འཆར་རོ། །འདས་པའི་དབྱུག་གུ་ལ་བརྒྱད་ཀྱིས་བགོ། དེ་ནི་རྒྱལ་མཚན་ལ་སོགས་པ་འཆར་རོ། །རེ་རེ་ཞིང་གཟའ་བདུན་གྱི་བདག་བོའང་ཡོད་དོ། །མིང་ཡིག་མཉམ་ན་འདུམ་ཞིང། གཟའ་མིའང་འགྲོགས་ཡུན་རིང་ངོ། །མི་མཉམ་ན་གང་མང་རྒྱལ་པོ། །ཡང་དང ་ཟུང་གཉིས་ཡ་རྒྱལ་བར་བཤད་དོ། །སྐྱེས་བུའི་ལུས་ལ་སྐར་མ་བཀོད་དོ། །ཟླ་བ་གནས་པའི་ཐོག་ཏུ་རྨ་འོང་ངོ། །དགུ་ཆའི་དུམ་དུམ་བུ་ནི་གཞུང་ཉིད་ན་གསལ་ལོ། །ཏྲི་ཤུ་ལའི་ཙཀྲས་ནི་འཁྲུག་པ་འོང་མ་འོང་དང། །མིང་སྐར་ལྔ་སྟེ། རྒྱལ་འཕན་དང་རྩེ་མོ་དང། །བར་དང་སུ? ་བ་རྣམས་གོ་སླའོ། །ཞབས་སྐྱུད་ཀྱི་ཙཀྲའི་ནམ་བཀོད་དོ། །རྟག་པའི་འཁོར་ལོའི། །ཉིན་སྐར་ནས་མགོ་བཙུགས་ཏེ་སྐྱེས་བུའི་ལུས་ལ་བགང་ངོ། །དེ་ལ་རང་གི་མིང་སྐར་གང་བབས་བལྟའོ། །དགེ་སྡིག་གཞུང་ན་གསལ་ལོ། །འདོན?་ཆགས་པ་བརྟག་པའི་འཁོར་ལོའང་ཟེར་རོ།། ་རེ་མིག་བཅུ་བཞི་པའི་འཁོར་ལོ་འདི། །སྨིག་རྒྱུ་ལྟ་བུ་ལ་ཁྱད་པར་དུ་གལ་ཆེ་སྟེ། །སྟེང་རྣམས་རྒྱལ་ཞིང། །འོག་མ་རྣམས་འཕམ་ནོ། །རིགས་གསུམ་གྱི་འཁོར་ཡོན་ལྷན་ཅིག་སྟོང་པ་རྣམས་ལ་བརྟགས་ཏེ། །བཟའ་མི་དང་དབོན་གཡོག་གཤིས་མ་ལོག་པ་གལ་ཆེའོ ་མིག་ནི་ཁ་འཕངས་སོ། ། ཀ་ལ་སོགས་པ་སྡེ་བརྒྱད་ཀྱི་ཙཀྲ་ནི། །སྤྱིར་རྒྱལ་འཕམ་ཀུན་ལ་དགོངས་ཤིང། ཁྱད་པར་དུ་ཤོ་དང་རྒྱན་ལེན་པ་དང། །ཐུག་འགྱེད་པ་དང། གླང་པོ་ཆེ་འཐབ་པ་རྣམས་ཀྱིས་ལས་སོ། །མདབ་ཆགས་བརྒྱད་ནི་ལས་དང་བྱ་བ་གང་ལའང ་དགོས་ཏེ། །ཟླ་བ་ཞག་དུས་ཚོད། །རྣམས་སྟོབས་ཆེ་བ་ལ་བྱའོ། །ཤར་དུ་བྱ་རྒོད། །ཉི་མ་འཕྲེང་?་ཐམས་ཅད་ཆོས་གཅིག་དང་དགུའི་རྣམས་ཨའི་མིང་ཅན་ཤར་དུ་སྟོབས་པོ་ཆེའོ། །ཚངས་པའི་ཙཀྲ་འདི་སྟོངས་ལ་བརྟག་སྟེ། །གནོད་པ་བཞིས་ནི་སྲོག་དང་བྲལ་པར ་འགྱུར་ཞིང། །གསུམ་གྱིས་ན་ཡུན་རིང་གཉིས་ཀྱིས་ཁ་སྨྲས་འོང། །གཅིག་གིས་དོན་ཉམས་དེ་བཞིན་དུ་ཞི་གཟའ་ལ་ཡོན་ཏན་གྲང་ས་མང་པ་བཞིན?་ཆེའོ། །འདྲི་བའི་ཉིན་པར་སྐར་མ་གང་ལ་གནས་པ་ནས་ཁ་ལ་དགོད་ཅིང། །ཀླུའི་འཁོར་ལོས་ནད་པ་རྣམས་བརྟཌ? ་ཏེ་བདེན་པས་བརྟག་གོ་།དཔོན་གཡོག་དང་གཟའ་མི་རྗེ་འབངས། །དཔོན་སློབ་རྣམས་ལ་ཟས་པ། །མདའ་གཅིག་གི་སྟེང་ལ། །ལས་ཚུར་ཐུག་པ་བཞིན་ཏེ། །ཤིན་ཏུ་བདེན་ཞིང་གལ་ཆེ་བས་རྩ་གསུམ་ལ་ལྟའོ། །གདུགས་ཀྱི་འཁོར་ལོས་ནི།། ་ཕྱོགས་ཀྱིས་རྒྱལ་པོ་སྟོན་ཏོ་བདེན་པ་ཉུང་ངོ། །ཐསྐར་ལ་སོགས་ཞེས་པ་ནས། །རིམ་པ་བཞིན་དུ་ཞེས་པ་ཡན་ཆད་ནི། །དེ་ལ་སྐར་མ་དང་ཟོད་རྣམས་དགོང་པའི་ལུགས་སོ། །སྤེན་པ་གང་ལ་གནས་པན་རྙེད་དཀོན་པའོ། །འཕོ་བའི་རྒྱུ་སྐར་ཆོས་བསྲེས་ཏེ་ཞེས་པའང ་འདིར་འབྱོར་རོ། །སེང་གེ་བརྟན་ནི་མང་དང་འདྲ་སྟེ་བདེན་བཞི་བརྟན་ནོ། །མངའ་གཞུ་ནི་སྐྱེས་བུ་མངའ་འཛིན་རྣམས་ལ་དགོས་ཏེ། །གཡས་གཡོན་ནི་སྟེང་འོག་གོ། རང་གི་སྐྱེས་སྐར་སྟོན་མིང་སྐར་དང། །སྟོང་ལ་སོང་ན་འཆི་ན། འཕམ། རྨ་འབབ་བོ། །རྩེ་ལ་སོང ་ན་ཐམས་ཅད་རྒྱལ་ལོ། །རལ་གྲི་ནི་གོ་སླའོ། ཡཏྲ་ནི་གཏང་མོ་ཏེ། །འདི་བུམ་པ་བཞིན་བརྟག་གོ། ཉི་མ་གནས་པའི་ཕྱོགས་གཏན་མོ་ལ་སོགས་བྱས་ན་འཆི་ཞིང་རྨ་འབབ། རྟ་འགྱེལ་ལུག་འཆི་།གླང་ཆེན་གུམ། །རྩེ་མོ་བསྡུམ་སྟོན་པར་འགྲོའོ།། ་ཉི་མ་དང་བྲལ་ན་དགོས་པས་རང་རྒྱུད་གང་སྟེ་བཟང་ངོ། །བྱེས་སུ་སོང་བ་རྣམས་ལ་པདྨའི་འཁོར་ལོས་བལྟས་ཏེ། །ཤིན་ཏུ་བདེན་ཞིང་གཞུང་ཉིད་ན་མ་སྤས་གསལ་ལོ། །བྲེའི་འཁོར་ལོ་ནི། ཐུབ་པའི་ཚོགས་རྣམས་ལ་གཞན་དུ་ཞིབ་པར་བཤད་དོ།། ་ལེའུ་བདུན་བའོ།། །།བྱིས་པ་སྐྱོང་གྱི་རྫོང་ནི་གཞུང་ནས་ཇི་ལྟར་བཤད་པ་བཞིན། །ཁྱད་པར་བསྲུང་བ་རྣམས་ལ་ཅེས་སོ། །རྫོང་དང་རྫོང་བདག་གི་མིང་སྐར་ན་ལ་དག་མངར་བཅེས་སོ། །བིཏིའང་གལ་ཆེའོ། །སྲིན་པོའི་རྫོང་འདིས ་གཞན་འབེབས་བ་ལ་གལ་ཆེ་སྟེ་།ར་ཧུ་ལ་རྒྱལ་པོ་ཡིན་པས་སྟོབས་ཆེའོ། །གཟའ་གཞན་རྣམས་བློན་བོ་ཡིན་པས་བཞུགས་ས་བསྟན་ཏོ། །རྩ་བའི་སྒྲ་ཅན་ལ་རྣ་བ་གཡས་པ་བསྟན། །སྐར་མ་རྣམས་ཟས་ཀྱིས་བཅོས་ཤིང་།གཟའ་བདུན་གྱི་གོས ་ཆས་སུ་ཞུགས་ཏེ། །དུས་སྦྱོར་གྱི་གནང་བརྩི་ཞིང་ཉི་མ་ལ་རྒྱབ་བསྟན། །ཟླ་བ་མདུན་དུ་བཞག་སྟེ། ཐུན་ཕྱེད་པའི་སྒྲ་གཅན་དང། །སྡོངས་ནས་འབེབས་པ་ཡིན་ཏེ། །རྩི་ཏའི་དོན་ཁོ་ནའོ། །ཆུའི་མཚྣ་ཉིད་ལ་ཡུལ་དེའི་མིའི་འདྲི་ཚིག་དང་པོ་བཟུང་སྟེ་བརྡའ? ་སྡེ་ཚན་འདམ་དབྱངས་འཁྲུ་གསལ་བྱེད་སོར་ངེས་ཤེས་སོ། །བྷི་ཆན་ར་ཧཱུ་ནི་རྫོང་བདག་ལ་གལ་ཆེ་བས་བརྟག་གོ། ཉི་ཟླའི་སྟོབས་ལས་ཆེའོ། །དྲག་གཟའ་ནང་དུ་ཆུང་ཞི་གཟའ་ཕྱིར་རུ་གནས་ན། །འབེབས་མི་རྣམས་ཀྱི་བསམ་པ་འགྲུབ་དེ་ལས་བཟློག ་ན་བསྲུང་མཁན་རྒྱལ་ལོ། །རིགས་ཀྱི་ནུས་པ་ནི་རྩིས་བདེའོ། །ལེའུ་བརྒྱད་པའོ།། །།གྲུ་བཞི་ཞེས་པ་ནས། །རྣམ་པར་ཕྱེད་ཞེས་པ་ཡན་ཆད་ནི། །ར་ཧཱཱིུ་རྩིས་རྣམ་པ་དགུ་སྟེ། །མཁར་ལ་ནས་ཁྱིམ་གྱི་ར་ཧུ་ཅེས་སོ། །དྲག་ལས་ལ་རྩ་བའི་ར་ཧཱུ་ཅེས་སོ། །གཏང་ལ ་ཡུད་ཙམ་ཅེས་སོ། །རིམ་འགྲོལ?་ཚེས་ཀྱི་ར་ཧཱུ་ཅེས་སོ། །ས་བོན་ལ་སོགས་ལ་དཀར་གནག་གི་ར་ཧཱུ་གཅེས་སོ། །བག་མ་ལ་ཉི་མ་ལ་སོགས་པའི་ར་ཧཱུ་ག་ཅེས་སོ། །ཐུན་ཆེད་པ་ནི་ཚོན་ལ་ངར་གྱིས་ཞུགས་པ་དང་འདྲ་སྟེ། །ཀུན་ལ་གཅེས་པས་འདི་ཁོ་ན་ལ་ལྟའོ། །ལེའུ ་དགུ་པའོ།། །།སྦེན་པའི་ཙཀྲ་འདིས། །གཞོན་པའི་སྐྱེས་སྐར་དང། །རྒན་པའི་མིང་སྐར་བལྟ་སྟེ། དགེ་སྡིག་གཞུང་ནས་བཤད་དེ། །བྱ་ཁྱུང་ནི་བླ་སྟེ་བདོན་དུ་རུང་ངོ། །བྷི་དྲི་བརྒྱད་པོ་འདི་ནི། །དོན་སྒྲུབ་པ་དང། འགྲོ་དོན་བྱ་བ་དང། ཁྱད་པར་དུ་ལྷ ་འདྲེའི་ལས་བྱེད་ན་གལ་ཆེ་ཞིང་དགོས་སོ། །ཚེས་ལ་དབང་བས་བརྟག་པ་ཞིབ་ཏུ་བྱའོ། །རྣལ་འབྱོར་མ་བརྒྱད་ནི། བྲེའི་འཁོར་ལོ་དང། །ལམ་ལྔ་དང། མཐུང་ན་ནུས་པ་ཆེ་བས། །བན་གནོད་ཀྱི་།འཁོར་ལོ་ལ་གཅེས། །དུས་སྦྱོར་བྱེད་པ་འདི་རྣམས་མོན་ཡང་ནུས་པ ་ཚུང་བས་བརྟག་པ་དགའ་ཨོ?། །རིགས་ལྡན་ནི་ཀླུ་བརྒྱད་ཡོད་དེ། །དེ་བཞིན་དུ་གཟའ་བདུན་ར་ཧཱུ་དང་བརྒྱད་ཡོད་པས། །ཐན་བྱེད་པའི་ར་ཧཱུ་ལ་བལྟས་ཏེ། །རིགས་དུས་སུ་ལས་ཅིའང་སྤང་ཞིང་ཁྱད་པར་དུ་ཟས་སྨན། གཏར་སྲོག། ནང་པའི་ལམ་རྣམས་སྤང་ངོ།།?་ ་ནོར་ཀུན་འབྱུང་ཞིང། །ཆ་ཤས་ཕྲ་བ་གཏན་ལ་འབེངས་ཤིང་གནང་ཆེ་བས?། སྦོམ་པོ་ཡང་འདི་ཁོ་ན་ཟབ་བོ། །རྒྱུད་ཀྱིས་འཁྲུག་སྡེབས་དང། །མངས་པ་བསྡུས་ཤིང་ཉུངས་པ་བཤད་དེ། །གལ་ཆེ་བ་རྣམས་ཞིབ་ཏུ་བྱས་བ། །མི་དགོས་པ་རྣམས་གོ ་བླ་བར་སྨོས་པའོ། །མིག་གི་ནང་ནས་འབྲས་བུ་བཞིན། །འདི་དང་རྒྱུད་དོ། །ལེའུ་བཅུ་པའོ།། །།རྩ་བའི་སྡེ་རྫོགས་ཤོ?།། །།དཔལ་གཙུག་གི་ནོར་བུ་ཞས་བྱ་བ། །རྒྱ་གར་ཤར་ཕྱོགས་ཀྱི་པཎ་ཌི་ཏ། །དཔལ་ལྷན་ཅིག་སྐྱེས་པའི་ཞལ་སྔ་ནས། །ུ་རྒྱན ་པ་རིན་ཆེན་དཔལ་གྱིས། །ལྗོངས་ཏེ་ར་ཧཱུ་ཏིར་བསྒྱུར་བའོ།། ?་།།`་རྩ་?་མིའི་ལོ་རྒྱུས་བཞུགས་སོ།། །།ཏཱ་ར་ཡི། སྔོན་གཅུག་ལག་ཁང་ཞིག་ན་སློབ་དཔོན་ཟླ་གྲགས་དང་ཙན་ཏྲ་གོ་མི་གཉིས་ཅུང་ཟད་འགྲན་སྐད། །སློབ་དཔོན་ཟླ་གྲགས་སྐུ་ཆཌ ་