CLOSE WINDOW

N4625: tshe'i gnas skabs kyi 'bras bu gnod pa 'byung ba zhes bya ba'i las bzhugs so
Wyliee-texts based on the ACIP/ALL Input

སྡེས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྲིས་པའོ།། །།དགེའོ།། །།*། །ཚེའི་གནས་སྐབས་གྱི་འབྲས་བུ་དང། གཙུག་གི་ནོར་བུ་ཞེས་བྱ་བ་བཞུགས་སོ།། །།འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ།། ་གཟའི་གནོད་པ་སྤང་པའོ། །ཉི་མ་ལ་མེ་ལྷ་མཆོད་པར་བྱའོ། །ཟླ་བ་ལ་ཀླུ་མཆོད་པར་བྱའོ། །མིག་དམར་ལ་ཁྱབ་མཇུག་གི་ཚོགས་ཀྱི་བདག་པོ་མཆོད་པར་བྱའོ། །ལག་ལ་དེ་བཞིན་གཤེགས་པ་མཆོད། །ཕུར་བ་ལ་ལྷག་པའི་ལྷ་མཆོད།། བསངས་ལ་གཞོན ་ནུ་མ་མཆོད། སྦེན་པ་ལ་ལམ་མདོའི་ལྷ་མཆོད། ར་ཧཱུ་ལ་དུར་ཁྲོད་དུ་ཚོགས་མཆོད། །ཀེ་དུ་ལ་མཆོད་རྟེན་མཆོད་པར་བྱའོ། །ཉི་མ་ལ་ཟས་མུ་ཏིག་སྦྱིན་པར་བྱའོ། །མིག་དམར་ལ་སར་སྦྱིན་པར་བྱ། །གཟའ་ལག་དང་ཕུར་བུ་ལ་གསེར་སྦྱིན་པར་བྱ། །པ་སངས་ལ ་ལྔ་ཏུལ་པ་སྦེན་པ་ལ་ཉ། ར་ཧཱུ་ལ་ཆང་སྦྱིན་པར་བྱ། །ཀ་དུ་ལ་རིན་ཆེན་སྣ་ཚོགས་སྦྱིན་པར་བྱ། །ཉི་མ་ལ་སྦྱིན་གྱི་ཆོག་བྱ། །སེམས་ཅན་ལ་ཕན་པའི་ཆོ་ག་ཟླ་བ་ལ་བྱ། །མིག་དམར་གཏོར་མའི་ཆོ་ག་བྱ། །གཟའ་ལྷག་ལ་འཆོས་པའི་ཆོ་ག་བྱ། །ཕུར་པ་ལ་འབྲི་བ་དང ་ཀློག་པའི་ཆོ་ག་བྱ། །བ་སངས་ལ་ཆུའི་ཆོག་བྱ། །སྦེན་པ་ལ་དབང་བསྐུར་བའི་ཆོག་བྱ། །ར་ཧཱུ་ལ་རབ་གནས་དང་ཞི་བའི་ཆོ་ག་བྱ། །ཀེ་དུ་ལ་རྗེ་བཙུན་བཞེངས་པའི་ཆོ་ག་བྱ། །ཀུན་ལ་རིགས་བྱེད་ཀྱི་ཆོ་བ་རིམ་གྲོ་དང། རྡོ་རྗེ་རྣམ་འཇོམས་དང། གདུགས་དཀར་མོ་ཅན་དང། ་ལྷག་པའི་ལྷའི་བདེན་པ་དང། དེ་རྣམས་ཀྱི་ཆོག་བཅོམ་ལྡན་འདས་ལ་བསྙེན་བཀུར་བ་ལ་སོགས་པའོ། །ཚེའི་གནས་སྐབས་ཀྱི་འབྲས་བུ་གནོད་འབྱུང་བ་ཟེར་འབྱུང་བའི་གནོད་བ་ཞེས་བྱ་བའི་ལས་རྫོགས་ཤོ།། །།རྒྱ་གར་གྱི་མཁན་པོ་དཔལ་ཛ་ཡ ་ཨ་ནན་ཏ་དང། ལོ་ཙ་བ་དགེ་སློང་རྨོངས་པའི་གཉེན་པོ་དགོས་འདོད་ཐམས་ཅད་འབྱུང་བས་ཡམ་བུའི་གྲོང་ཁྱེར་སེ་ལོ་གང་བུའི་གཙུག་ལག་ཁང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།དུས་སྦྱོར་བདུན ་པའི་དུས་སུ་ཉི་མ་འཆར་བར་གྱུར་བའི?་དེའི་ཚེ་ནང་ཀྱིས་ཐེབས་པར་འགྱུར། །མིག་དམར་འཆར་བ་དེའི་ཚེ། །རྨ་འདོད་པར་འགྱུར་རོ། །སྤེན་པ་ཤར་ན་དེའི་ཚེ། ནོར་ཉམས་པར་འགྱུར་རོ། །དེའི་ཕྱིར་དེ་རྣམས་སྤང་བར་བྱའོ། །སྒྲ་གཅན་ཤར་བར་གྱུར་པ་དེའི་ཚེ ་དགྲ་བརླག་པར་འགྱུར་རོ། །ཟླ་བ་ཤར་བར་གྱུར་པ་དེའི་ཚེ་རྒྱས་པར་གཡུལ་ལས་རྒྱལ་བར་འགྱུར་རོ། །པ་སངས་ཤར་བར་གྱུར་པ་དེའི་ཚེ། རྫས་རྙེད་པ་དང། བདེ་བར་བཅས་ཏེ་བུད་མེད་དང་ལྷན་གཅིག་པར་འགྱུར་རོ། །གལ་ཏེ་ཡང་དག་པའི་དུས་ཐམས ་ཅད་འཆར་བར་གྱུར་བ་དེའི་ཚེ་འགྲུབ་པར་འགྱུར་རོ། །རྫོགས་ཤྱོ།། །།རྒྱ་གར་སྐད་དུ། ཙུར་མཱི་ཎྜཱ་ནཱ་མ། བོད་སྐད་དུ། གཙུག་གི་ནོར་བུ་ཞེས་བྱ་བ་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཀ་ལས་དྲིའི?་གནས་མཆོག་ཏུ།། ་