CLOSE WINDOW

N4623: dngul chu grub pa'i bstan bcos zhes bya ba
Wyliee-texts based on the ACIP/ALL Input

དྲན་པའི་མ་ནིང་སྒྲུབ་མ་གྲུབ་ཐག་ཕྱམ་པ་དེ་གལ་རྒྱ་ཆེ་བ་བྱེ་བྲག་ཏུ་རྟོགས་པར་བྱེད་པ་རྫོགས་སོ།། སྐྱེ་འགྲོ་ཐམས་ཅད་དགེ་བར་བྱེད་པར་གྱུར་ཅིག། །།བཀྲ་ཤིས།། །། ་དབུལ་ཆུ་སྒྲུབ་པའི་བསྟན་བཅོས་ཞེས་བྱ་བ་བཞུགས་སོ།། །།རྒྱ་གར་སྐད་དུ་། རས་ཤཱ་ཏཱ་སིདྡྷི་ནཱ་མ། བོད་སྐད་དུ། དངུལ་ཆུ་གྲུབ་པའི་བསྟན་བཅོས་ཞེས་བྱ་བ། སངས་རྒྱས་ལ་ཕྱག་འཚལ་ལོ། །ཐམས་ཅད་?་ལེན་པ ་ཐམས་ཅད་སྦྱིན། །ཞི་བ་དཔལ་དང་ལྡན་པའི་གཟུགས། །ཕ་རོལ་གཅེས་པར་བྱེད་པའི་མཆོག། ལོངས་སྤྱོད་རྣམ་པར་གྲོལ་ལ་འདུད། །དཔལ་ལྡན་མགོན་པོ་དབང་ཕྱུག་ལའོ། །དངོས་པོ་དངོས་པོ་མེད་པར་གྲོལ། །མཐོང་དང་མ་མཐོང་མེད་པ་ཡི། །ལོངས་སྤྱོད་གྲོལ་བ་རྣམ ་བར་སྟེར། །དཔལ་གྱི་དབང་ཕྱུག་ཕྱག་འཚལ་བསྟོད། །དྲི་མེད་རང་བྱུང་དངུལ་ཆུ་མཆོག་།ལས་ཀྱི་བསླང་པ་ངན་པར་བཤད། །སྤྱོད་པ་གཞན་ལ་ཡོན་ཏན་བསྐྱེད། །ཤི་རུ་ཆ་བས་ནད་རྣམས་འཇོམས། །མཁས་ཀྱི་བསྒྲུབས་པས་བཀྲེས་པ་འཇོམས། །བསྐྲམས? ་པས་མཁའ་སྤྱོད་འགྲུབ་པའི་འགྱུར། །ལྷང་ཚར་བྱིན་པར་སྟོབས་ཀྱིས་ནི། །ཡོན་ཏན་བརྒྱད་འགྱུར་ཐོབ་པར་འགྱུར། །མུ་ཟི་དང་ནི་སྦྱར་བ་ཡིས། །ཡོན་ཏན་དྲུག་འགྱུར་ཐོབ་པར་འགྱུར། །གསེར་དང་མཉམ་པོར་སྦྱར་བ་ལ། །མ་འགགས་ནམ་མཁའ་ལམ ་ལ་འགྲོ། གཤའ་ཆེ་དཀར་བོས་མཉམ་པ་གསོད། །ལས་འདི་གཉིས་འགྱུར་དངུལ་དང་སྦྱོར། །དངུལ་ཆུའི་ཉིས་འགྱུར་ཆུ་དང་སྦྱོད། །དེ་བཞིན་གསེར་དང་སྦྱར་བར་བྱ། །བཟངས་ནི་དྲུག་ཅུ་རྩ་བཞི་འབིགས། །དངུལ་ཆུ་སེར་སྐྱས་ལས་རྣམས་བྱེད། །མེ ་དང་སྦུད་པར་འགྱུར་པའི་ཚེ། །ཆུ་བུར་ལྟར་དུ་འགྱུར་བ་དང། མི་གཡོ་བ་རུ་བསྟན་པ་ནི། །ལྷང་?་དང་ནི་སྦྱར་བས་སོ། །གསེར་དང་དངུལ་ནི་མཉམ་པ་ཡིས། །ལས་རྣམས་བྱེད་པར་གྱུར་པ་ཡིན། །དེ་ནས་མཉམ་པའི་མཚན་ཉིད་ནི། །ལྷང་ཚེར་ཞུ་བར་གྱུར་པ་ལས། ་དངུལ་ཆུ་དབང་དུ་བྱས་པར་འགྱུར། །ལུས་ངན་པའི་གསེར་མཛོད་ཀྱི། །སྒོ་རྣམས་དབྱེ་བར་འགྱུར་བ་ཡིན། །དྲི་མེད་གདོང་ཅན་ལྷང་ཚེར་ནི། །མེ་ཡིས་འཆིང་བར་བྱེད་པར་འགྱུར། །མུ་ཟི་བས་ནི་དངས་པར་འགྱུར། །གསེར་གྱི་ནང་དུ་ཆུ་སོང་ཞིང། །གཅིག་ཏུ་འདྲེས ་ཤིང་གང་བ་ནི། །ས་སྟེངས་འདི་ནི་རབ་ཏུ་དཀོན། །མ་སྦྱངས་པ་ཡིས་མི་འགྲུབ་སྟེ། །དམར་བོར་བཙོས་པ་མ་ཡིན་པས། །རྫས་རྣམས་གསེར་དུ་མི་བྱེད་སྟེ། །གཙོས་ཤིང་སྦྱངས་པས་འགྲུབ་པ་ཡིན། །བྱེད་པའང་འགྲུབ་པར་འགྱུར་བ་ཡོན། །དེ་ནས་རྫས་རྣམས་དཔག ་མེད་བརྗོད། །མཆོག་ཏུ་འགྱུར་བ་རྣོ་ལྕགས་ཡིན། །མ་རྙེད་རྣོ་ལྕགས་གཞན་ཡང་ཡིན། །ཟངས་དང་གཤའ་ཚེར་གན་ཀླུ། །སྦྱངས་པའི་ཟངས་གསེར་དངུལ། །རྡོ་ལྟར་ལྕགས་ནི་བརྒྱད་པོ་ལས། །དངུལ་ཆུ་བཞུགས་པར་བྱ་བ་ཡིན།། ། ་སྦྱངས་ནས་ལས་རྣམས་བྱ་བ་ཡིན། །དག་ཅིང་སྦྱངས་པས་བཅུད་དུ་བྱེད། །མུ་ཟི་དང་ནི་བྷི་མ་ལ། །མ་ཀྵི་ཀ་དང་དེ་བཞིན་ཚལ། །ལྡོང་རོས་དེ་བཞིན་ཞ་ཉེ་དྲུག། མདུང་རྩེ་དང་ནི་བ་བླ་དང། །ཤེས་རབ་ཅན་གྱིས་སྦྱངས་པར་བྱ། །ཤེས་ནས་ལས་རྣམས་བྱ་བ ་ཡིན། །གསེར་གྱི་ལས་རྣམས་བ་བླས་བྱེད། །སེར་པོས་དཀར་པོའི་ལས་རྣམས་བྱེད། །ལྷང་ཚེར་དང་ནི་ཏི་ཚ་ཡིས། །ཀང་ཀུ་ཤྲི་ཡིས་ལས་རྣམས་བྱེད། །དེ་རྣམས་མཚན་མ་བརྗོད་བྱ་བ། །སྦྱངས་ཞིང་དུག་དང་བྲལ་བར་བྱ། །རྣོ་ལྕགས་བཟངས་ཞིང་དཀར ་བ་ལ། །རྣོ་ཞིང་མཆོག་ཏུ་དྲོ་བར་བྱེད། །ཟངས་ནི་མཆོག་ཏུ་དམར་བ་བཟང། །དེ་ལ་རིགས་ནི་གསུམ་དུ་གནས། །བལ་པོར་སྐྱེས་པའི་རང་བཞིན་བཟང། །ངན་པ་ལས་སྦྱངས་མཆོག་ཏུ་འགྱུར། །ཀན་རྟ་འུར་དུ་སྐྱེས་པ་ངན། །བཟང་ངན་འདྲེས་མས ་ལས་རྣམས་བྱེད། །སྦྱངས་ཞིང་རྗེས་སུ་སྦྱངས་པ་ལས། །དངུལ་ཆུ་རབ་ཏུ་དམར་བར་བྱེད། །ཀུ་ནི་གནག་དང་དཀར་བ་གཉིས། །རང་བཞིན་མགྱོགས་པ་ཆུལྟར་འདུ། །ར་གན་དྲི་མ་ཆེ་བ་མཆོག། རང་བཞིན་ཆུ་ལྟར་མྱུར་དུ་འཇུ། །རང་བཞིན་གཉིས་པ་མྱུར ་དུ་འདུ། །དཀར་པོ་ཕ་རོལ་མཆོག་ཏུ་གྲགས། །སེར་པོ་གསེར་ལྟར་མདངས་བཟང་བ། །སྲེགས་ན་དྲི་ཅན་ནག་པོར་འགྱུར། །དྲག་ཏུ་བསྐོལ་བས་འཇུ་བར་བྱེད། །རགས་པ་ཟངས་ཀྱི་ཁམས་ལས་བྱུང། །བསྲགས་ན་ནག་པོར་འགྱུར་བ་ཡིས། །དེ་ནི ་རིང་པོ་འཇུ་པར་བྱེད། །གཟའ་ཚེ་དང་ནི་འདས་པ་ལས། །མཁར་བའི་ཁམས་སུ་བྱེད་པར་འབྱུང། །ཟངས་མའི་རང་བཞིན་འཇུ་བར་དཀའ་། །ཁར་བར་གན་མྱུར་དུ་འཇུ། །གསེར་ནི་བརྡ་ངན་སེར་བ་ལ། །བཅང་ན་དཀར་པོར་འགྱུར་བ་ཡིན། །བསྲེགས་ན་གུར ་གུམ་མདངས་ལྟར་བྱེད། །ཉུང་པ་ལྕི་ཞིང་སྣུམ་པར་བྱེད། །དྲུག་ནི་གསེར་གྱིས་མཚན་ཉིད་ཡིན། །དངུལ་ནི་ཀུན་དྷ་ལྟར་དཀར་ཞིང། །སྣུམ་ལ་འོད་ཅན་རབ་ཏུ་གསལ། །དྲུག་ཅུ་རྩ་བཞི་ཡོན་ཏན་ནི། །ཁམས་རྣམས་ཀུན་ལ་རབ་ཏུ་ལྡན། །དེ་རྣམས་མདེ་དུག? ་བསྡུས་ཏེ་བཤད། །སྔོན་དུ་བཤད་པའི་རྗེས་སུ་ནི། །དང་པོ་རྣ་ལྕགས་བཤད་པ་ལ། །སྦྱང་བ་ལན་བདུན་བར་དུའོ། །རྣོ་ལྕགས་རྣོན་པོ་གཉིས་ལ་ཡང། །གསེར་ནི་དབུག་ཅིང་བརྟག་པར་བྱ། །བ་ཚ་བཅུག་ཅིང་སྦྱང་བར་བྱ། །གཞན་ཡང་དྲི་ཆུ་ལྔ་ཡིས་སྤྱད། །བ ་ཚ་དྲི་ཆུ་གཅིག་ཏུ་བསྲེས། །དག་ཅིང་སྦྱངས་པར་བྱས་པ་ཡིས། །སྐྱུར་པོས་སྦྱང་ཞིང་རབ་ཏུ་བསྲེག། དེ་ལྟར་མང་དུ་བྱས་པ་ལས། །དེ་ཡི་རྩ་བ་བཟུང་ཞིང་བསྲེག། ཡང་ནི་སྐྱར་པོ་བཅུག་ཅིང་སྦྱང། །དེ་ལྟར་བུ་ཡིས་སྲིམ་པ་ཡིས། །ལྕགས་དང་རྣོན་ལྕགས་སྦྱར ་པར་བྱ། །གླང་པོ་ཆེའི་དུས་པ་བཏབ། །མཐིང་ཤིང་ཕྱེ་མ་རྣམ་པར་བླང། །དའི་གཅིན་གྱིས་རྣམ་པར་བསྲེ། །ལན་བདུན་བར་དུ་སྦྱང་བར་བྱ། །དེ་ལྟར་ཟས་ནི་སྦྱངས་པ་ཡིས། །བློ་ལྡན་གསེར་འགྱུར་མཁན་པོ་རྣམས། །དེ་ལྟར་ཟངས་ནི་སྦྱོང་བ་ཡིན། །ལྕགས་བརྒྱད་ནང་དུ་ཟངས་དུ ་མཆོག། ལས་རྣམས་ཐམས་ཅད་བྱེད་པར་འགྱུར། །དེ་ནས་ཡང་དག་བཤང་བྱ་བ། །ར་གན་སྦྱར་བའི་ཆོ་ག་བཤད། །སེ་བརྡར་གྱིས་ནི་ཕྱེ་མར་རྣད། །དེ་ནས་ཕྱེ་མར་ཞིབ་ཏུ་བཏགས། །བ་ཚ་དང་ནི་དྲི་ཆུ་བསྲེག། ལན་བདུན་བར་དུ་སཅམ་ཞིང་སྲེག། ཡང་ནི་སྐྱུར་བའི་ཁུ་བ ་སྦྱིན། །ལན་གསུམ་བར་དུ་བསྲེག་པར་བྱ། །དེ་ལྟར་དག་པས་བྱས་པ་ཡིས། །ར་གན་རྣམ་པར་སྦྱད་པ་ཡིན། །དེ་ནས་འཁྱར་བ་སྦྱར་བར་བྱ། །སྔར་བཞིན་ཞིབ་ཏུ་བཏགས་པ་ལ། །དེ་ལ་བ་ཚ་དྲི་ཆུ་སྦྱིན། །ཡང་དང་ཡང་དུ་བླུག་ཅིང་བསྐོལ། །ལན་བདུན་བར་དུ་བྱངས་པ ་ཡིས། །ཡང་ནི་སྐྱུར་པའི་ཁུ་བ་བཞུག། ཅུང་ཟད་ཞི་དེ་བྱིན་པ་བཞུ། །བསྲེགས་པས་ཟངས་སུ་འགྱུར་པ་ཡིན། །སྔར་བཤད་རིམ་པས་ཟངས་ཀྱང་སྦྱད། །དེ་ལྟར་མཁར་བ་སྦྱངས་པ་ཡིས། །མཆོག་གི་ལྕགས་ནི་སྦྱངས་པའི་ཐབས། །ཞེང་སྦྱད་བར་བྱ་བ་ནི། །དེའི ་བྱེད་པ་རྣམས་བཤད་ན། །ཡུང་བ་ཕྱེ་མར་བཏགས་པའམ། །ཤ་རི་ཁ་དྷ་རྣམ་པར་བསྲེ། །མང་པོ་བཞུག་ཅིང་བསྐམ་པར་བྱེད། །དེ་ནས་ཞ་དེ་བྱིན་ལ་རྟག་།ལན་བདུན་བར་དུ་སྦྱངས་པས་འདག། ཞ་དེ་ཞུ་བར་གྱུར་པ་ན། །འབྲས་བུ་གསུམ་གྱི ་ཁུ་བ་སྦྱིན། །ཞ་དེ་སྦྱངས་པའི་ཆོ་ག་ཡིས། །གཤ་ཙེ་དཀར་པོའང་དེ་བཞིན་སྦྱང། །ལྡོང་རོས་ཀྱི་ནི་རང་བཞིན་གྱི། །མ་ལ་ཏའི་ཁུ་བས་སྦམ། །གཤའ་ཚེ་བཏགས་པའི་ནང་དུ་བླུགས། །ཡང་དང་ཡང་དུ་སྐམ་ཞིང་བཏགས། །འཛོ་ཏི་སྨ་ཏིའི་མར་ཁུ་བླུགS ་མེད་ན་མེ་ཏོག་ནར་ཛའི། །མར་ཁུ་ཡིས་ནི་རྣམ་པར་བསྲེ། །གཞན་ཡང་སྦྱར་ཐབས་མང་པོ་ཡིས། །ཉེས་པ་ཐམས་ཅད་འཇོམས་པར་བྱེད། །ཞ་དེ་ནག་པོ་ཅུང་ཟད་བསྲེས། །དངུལ་གྱི་རང་བཞིན་དག་པའོ། །འདི་ལྟར་དྲི་ཆུ་ལན་ཚ་སྦྱར། །རྟགས་ཤིང་བཏགས ་ཤིང་ལན་བདུན་བཀྲུ། །འདིས་ནི་དག་ཅིང་རྒྱལ་བར་བྱེད། །གསེར་གྱི་སྦྱད་པ་བརྗོད་པར་བྱ། །མཆོག་ཏུ་བ་ཚ་སྦྱང་བ་གཅེས། །སྒྱུར་པོ་ཡིས་ཀྱང་དེ་བཞིན་དུ། །མར་དང་སྤྲད་རྩི་རྣམ་བར་བསྲེ། །གསེར་དང་སྦྱར་ཞིང་བཏགས་པར་བྱ། །ལས་རྣམས་གཞན་གྱི ་དྲུག་འགྱུར་སྦྱང། །དེས་ནི་ངེས་པར་འགྲུབ་པར་འགྱུར། །ཇི་ལྟར་གསེར་གྱི་ལས་རྣམས་ཡིན། །དེ་ནས་ལྕགས་ཀྱི་བྱ་བ་བརྗོད། །ཇི་ལྟར་དབྱེ་བའི་སྦྱོར་བ་ཡིས། །པཎ་ཌི་ཏ་ཧན་དུ་སྐྱེས་པ་མཆོག་།གསེར་དང་དངུལ་ཡང་དེ་ན་མཆོག། རྣེ་ལྕགས་ཇི་ལྟར་རྙེད་པ་བཟུང ་དང་པོ་སྦྱར་བའི་ཆོ་ག་ནི། །ཕྱི་ནས་ལས་རྣམས་བརྗོད་པར་བྱ། །འདི་ལྟར་གསེང་ཟིལ་རྡོ་ལ་ནི། །བ་ཚ་དང་ནི་སྐྱུར་པོས་སྦྱད། །ལྕགས་ཀྱི་སྣོད་དུ་ལེགས་པར་བརྟགས། །ལྕགས་ཀྱི་གཏིང་དུ་གའུ་ས་དགའ་། །མཛའ་ནི་རས་དང་འཇིམ་པས་བཏུམ། །བསྲེགས་པས་དག ་པར་འགྱུར་བ་ཡིན། །ཕྱི་མར་གྱུར་གྱི་བར་དུ་བསྲེག་།དེ་ལྟར་དག་བའི་ཆོ་ག་ནི། །ལས་རྣམས་ཀུན་ལ་བྱ་བ་ཡིན། །མུ་ཟི་མར་གྱི་མདོག་ཅན་བཟང། །འབྲིང་ནི་མང་དུ་རྙེད་པ་བླང། །ངན་པ་བ་གླང་སོ་དང་མཚུངས། །དེ་ལྟར་མུ་ཟི་རིགས་བསུམ?་ཡིན། བྲི་མ་འ? ་ནི་སེར་མོ་བཟང། །གསོང་དང་དངུལ་གྱི། བ་དོག་གིས། །རབ་དད་འབྲིང་ནི་ཤེས་པར་བྱ། །ཤེས་ནས་ལས་རྣམས་བྱ་བ་ཡིན། །གསེར་ཟིལ་རྡོ་ནི་སེར་བ་ལ། །རང་བཞིན་ཟངས་ཀྱི་ཁམས་ཡིན་ཏེ། །རག་རྡོ་དང་ནི་གསེར་ཟིལ་རྡོ། །ཁམས་དང་རང་བཞིན་གཅིག་པ་ཡིན། །སྤྲིན ་གྱི་ཁ་དོག་ཇི་བཞིན་སེར། །མེ་ཏོག་དཀད་བར་འབྲས་བུ་འདྲ་བ་དེ་ནི་མཆོག་ཏུ་གྱུར་པ་ཡིན། །རིགས་རྣམས་དག་པར་ཤེས་པས་སྦྱང། །མཆོག་དང་བར་དང་ཐ་མ་སྟེ། །མ་ཀྵི་ཀ་ནི་གསུམ་དུ་གནང། །མཚལ་ལ་རིགས་ནི་གཉིས་ཡིན་ཏེ། །མཆོག་ནི་ཉི་མའི་འོད་ལྟར ་གསལ། །གསལ་འཚོམ་རབ་ཏུ་དམར་བ་མཆོག། །གཉིས་ཀ་དངུལ་ཆུའི་ཁམས་ཡིན་ཏེ། །ལྡོང་རོས་དབྱེ་པའི་དྲི་ཅན་མཆོག། ཚུལ་གྱི་མཚན་ཉིད་བརྗོད་བྱ་བ། །སླིན་ཅིང་སེར་བ་མཆོག་ཏུ་བཟང། །གསེར་གྱི་སྦལ་རྒྱབ་ལྟར་དུ་སེར། །མ་རྙེད་དམར་པོ་བཟུང་བར་བྱ།། ་དག་པས་ལས་རྣམས་བྱ་བ་ཡིན། །སྨིན་པ་སེར་པོའི་ཁམས་ཡིན་ཏེ། །བ་སླ་མཆོག་ཏུ་དཀར་བ་བཟང། །འབྲིང་ནི་རྣམ་པར་སེར་བ་ཡིན། །ཤེས་ནས་ལས་ལ་སྦྱར་བར་བྱ། །ལས་གཞན་སེར་པོ་ཕལ་པའང་བཟུང། །ལྷང་ཚོར་ནམ་མཁའ་ཨི་མིང་གིས་བརྗོད། །སེར་པོ ་ནག་པོ་དཀར་པ་ལས། །ལྷང་ཚེར་ཞུབས་ལས་རྣམས་བྱེད། །རྣམ་པར་དཔྱད་པས་ལས་རྣམས་བྱེད། །མཆོག་ནི་སེར་གྱི་མདོག་ལྟར་སེར། །ནག་པོ་བར་པའི་ཁམས་ཡིན་ཏེ། །གཉིས་ནི་གསེར་འགྱུར་ལས་མ་བཟུང། །དཀར་པོ་དག་པར་བྱས་པ་ཡིས། །དངུལ་གྱི ་ལས་ཀྱང་འགྲུབ་པ་ཡིས། །ཙི་ཏ་དམར་པོ་མཆོག་ཡིན་ཏེ། །དམར་པོའི་ཁམས་ནི་སྦྱིན་པ་མིན། །ཀམ་ཀུས་ཏྲ་ནི་ཅུང་ཟད་སེར། །ཐམས་ཅད་སྔོན་དུ་བཤད་ཟིན་ཏེ། །ལྕགས་བརྒྱད་པས་ཀྱང་གོང་དུ་བཤད། །འདིས་ནི་ལས་ཀྱིས་སྦྱར་བ་ལས། །ལྕགས་རྣམས་སྦྱར ་ཞིང་བཏགས་པ་ལས། །བསང་ཅིང་རྗེས་སུ་འབིགས་པར་བྱེད། །པ་ན་ཏེའི་ཡུལ་ནས་རྡོ་རྗེ་སྐྱེས། །རང་བྱུང་ལྕགས་དང་རྡོ་ལྕགས་དང། །ཞིང་ཟངས་དང་ར་གན་དང། །འཁར་བ་གསེར་དང་དེ་བཞིན་དངུལ། །གཤའ་ཚེ་དཀར་པོས་ཚེ་དཀར་པོས་ཐམས་ཅད་ལ། །བཀྲས་ཤིང་བསང་པར ་བྱ་བ་ཡིན། །གསེར་ཟིལ་རྡོ་ཡིས་ལྕགས་འཇོམས་ཤིང། །དངུལ་དང་གཤའ་ཚེ་མཉམ་པ་ཡིན། །གསེར་གྱི་ལས་ནི་དག་པ་ཡིན། །ལྕགས་དྲུག་རྣམ་པར་སྤངས་པ་ལ། །གསེར་གྱི་ལས་ནི་འགྲུབ་པར་བྱེད། །དངུལ་གྱིས་ལུས་ནི་འགྲུབ་པར ་འགྱུར། །ཟི་མའི་ཁུ་བ་རྣམ་པར་སྦྱིན། །སྐྱུར་པོའི་ཁུ་བས་དག་བར་བྱེད། །གཤའ་ཚེ་རྣམ་པར་བཏགས་པ་ལས། །ཡང་ནི་ཟི་མའི་བུ་བ་བླུགས། །སྐྱུ་རུ་རའི་ཤུན་པས་བསྲེ། །དེ་ལྟར་བསྲེས་ཤིང་བཏགས་པ་ལ། །ཡང་ནི་གའུ་ཡི་ནང་དུ་བསྲེག། དེས་ནི ་ཤ་ཚེ་ཕྱེ་མར་འགྱུར། །ཕྱེ་མ་དང་ནི་བབ་སླ་སྲེ། །མ་ཀྱི་ཀ་ནི་རྣམ་པར་བཏགས། །བཏགས་པ་རས་ཀྱི་ཕྱེ་མས་བཏུམ། །བལ་སྲན་ནག་པོའི་ཁུ་བ་བཞུག་།མེའི་དུགས་ཀྱིས་རྣམ་པར་སྐམ། །བ་ལྕི་སྐམ་པའི་ཕྱེ་མ་ཡིས། །ཆུལ་བཅུག་ཅིང་ཁུ་བར ་བདུག། བ་ཚ་དང་ནི་དྲི་ཆུ་བསྲེ། །རང་བཞིན་ལན་བདུན་བར་དུ་སྦྱང། །སྐྱུར་བའི་ཁུ་བས་ཕྱི་ནས་སྦྱང། །དེ་ནས་ལས་རྣམས་བྱ་བ་ཡིན། །དེ་བཞིན་བྷི་མ་ལ་ཡང་སྦྱང། །སྔར་བཞིན་ཆོ་ག་དེ་ཉིད་ཉིས། །སྦྱང་ཞིང་ལས་རྣམས་བྱ་བ་ཡིན། །མུ་ཟིའི་ལས ་རྣམས་བཤད་བྱ་བ། །སྔར་བཤད་རིམ་བ་ཅི་བཞིན་དུ། །དང་པོ་རྣམ་པར་བཏགས་པར་བྱ། །ལྕགས་ཀྱི་སྣོད་ཀྱི་ནང་དུ་ནི། །མར་ཁུ་དང་ནི་རྣམ་པར་བསྲེ། །རང་བཞིན་མེ་ལ་སྦྱང་བར་བྱ། །དྷ་ཏུ་རའི་ཁུ་བ་ཡིས། །ལན་གསུམ་བསྲེས་ཤིང་བསྐམས་པར་བྱ། ། ་འཚལ་ནི་བཏགས་པར་གྱུར་པ་ལ། །རྨ་བྱའི་མཁྲིས་པས་རྣམ་པར་སྦྱང། །མ་རྙེད་རོ་མཇུའི་མཁྲིས་པ་ཡིས། །ཇི་ལྟར་མཚལ་ནི་སྦྱངས་པ་བཞིན། །གསེར་ལྡན་སྦལ་རྒྱབ་ལྡོང་རོས་དང། །བ་བླ་དངནི་སྐྱུར་པོའི་རྡོ། །རིམ་པས་མཚལ་བཞིན་སྦྱོང་བར་བྱ།། ་སྦལ་རྒྱབ་དང་ནི་གཾ་ཏུ་ཏྲི། །ལྷང་ཚེར་དང་ནི་སོ་ཁྲི་ཉིད། །མཁྲིས་པ་ཡིས་ནི་བྱ་བ་ཡིན། །ཐམས་ཅད་ལན་བདུན་བ་དྲ?་དུ་སྦྱང། །རིམ་པ་དེ་བཞིན་བཀྲུ་བར་བྱ། །ལྷང་ཚེར་སྦྱོང་བ་བརྗོད་བྱ་བ། །སྔོན་བཤད་པའི་རྗེས་བཞིན་དུ། །མཆོག་ནི་ལྷང་ཚོར་ནག་པོ ་ཡིན། །གསེར་གྱི་ལས་རྣམས་འགྲུབ་པར་བྱེད། །དཀར་པོས་དངུལ་གྱི་ལས་རྣམས་བྱེད། །དངུལ་ཆུས་སྦྱོར་ཞིང་འབྲིགས་པར་བྱེད། །ལྷང་ཚེར་མདབ་མ་རེ་རེ་དབྱེ། །ལྕགས་ཀྱི་སྣོད་ཀྱི་ནང་དུ་བཞུག། ཏང་ཏྲུ་ལུའི་རྩ་བས་བསྲེ། །དེའི་ཁུ་བ་རྣམ་པར་གཞུག། ? ་གྱི་ནི་འདབ་མ་ཡིན་།ཁུ་བ་རྣམ་པར་གཞུག་པར་བྱ་།རས་བལ་གྱི་ནི་མདབ་མ་ཡིན། །ཁུ་བ་ཡིས་ཀྱང་རྣམ་པར་སྤང། །ཉི་མ་ལ་ནི་བདུག་ཅིང་བསྐམ། །རྟགས་ཅིང་སྒནོན་གྱི་ཁུ་བས་བཞུག། དེ་ཚེ་ལྷང་ཚེར་ཕྱི་མར་འགྱུར། །ལེགས་པར་བརྟགས་པར་གྱུར ་ཡིས། །ཞབས་སུ་རྣམ་པར་བརྟག་པར་བྱ། །ཡང་ནི་བཀྲུ་ཞིང་བརྟག་པར་བྱ། །ཏིག་ཏའི་ཁུ་བས་རྣམ་པར་བསྲེ། །བཅུག་ཅིང་ལན་གསུམ་བར་དུ་བསྲེག། དེ་ལྟར་སྦྱངས་པའི་ཆོ་ག་ཡིས། །ལྷང་ཚེར་གནག་དང་དཀར་བ་ལ། །ལྷང་ཚེར?་སེར་པོ་མཆོག་ཡིན་ཏེ། །གསེར ་གྱི་ལས་ལ་མཆོག་ཏུ་བཤད། །དག་ཅིང་སྦྱང་བ་བྱས་པ་ཡིས། །དངུལ་ཆུ་དང་ནི་ལྷང་ཚེར་སྦྱར། །མུ་ཟི་གསེར་ཟིལ་བ་བླ་དང། །དེ་ལྟར་ཚལ་དང་བཞི་པོ་ལ། །རང་བཞིན་དབང་དུ་བྱ་བ་བརྗོད། །ལས་རྣམས་ཐམས་ཅད་བྱེད་པར་འགྱུར། །ལྷང་ཚེར་དམར་པོ་ནག ་བོ་ཡང། །མདབ་མ་རེ་རེར་དབྱེ་བར་བྱ། །སྔོན་གྱི་ཆོ་གས་དག་པར་བྱ། །སོ་ཁྲི་ཉའི་མཁྲིས་པ་སྦྱིན། །ཚལ་ཅུང་ཟད་བསྲེ་བར་བྱ། །གའུ་ཡི་ནང་དུ་བཅུག་ལ་བརྟུམས། །སོལ་བའི་མེལ་རབ་ཏུ་བསྲེག། གའུ་མེའི་རང་བཞིན་ལྟར། །གྱུར་གྱི་བར་དུ་བསྲེག་བར་བྱ། །གའུ ་ལ་དང་ལྡན་པ་རུང། །ཚལ་བྱིན་ལ་སྲོག་པ་ནི། །གའུ་ཡིག་ཁ་ན་མ་བཅང་པར། །ལྕགས་ཀྱི་རང་བཞིན་ལྟར་དུ་འདུ། །གསེར་གྱི་ལས་ཀྱི་མཚན་མ་ལ། །འདི་ལྟར་དུ་ནི་བྱ་བར་བཤད། །ལྷང་ཚེར་དཀར་པོས་བདེན་བར་འགྲོ། འདི་ཡིས་བྱེད་པས་ཐམས་ཅད ་ཤེས། །དངུལ་གྱི་ལས་ལའང་འདི་བཞིན་དུ། །གསེར་ཟིལ་རྡོ་ནི་དག་པ་ལ། །ཡང་ནི་སྐྱུར་པོས་དག་པར་སྦྱང། །ལྕགས་སམ་རྫའི་སྣོད་དུ་ནི། །སྐྱུར་པོའི་ཕྱེ་མས་གང་བར་བྱ། །ལྕགས་ཀྱི་བེར་གས་གསད་པར་བྱ། །སྐྱུར་པོའི་ཁུ་བས་རྣམ་པར་གཞུག། དངུལ་ཆུ་ཡང་ནི ་དེ་བཞིན་ཏེ། །དེ་ཡིས་ལས་ཀྱི་བྱ་བ་ཡིས། །དངུལ་ཆུ་རི་ལུ་བྱ་བར་འགྱུར། །ཡང་ནི་སྐྱུར་པོ་གཞུག་པར་བྱ། །རྫའི་སྣོད་ཀྱི་ནང་དུ་ནི། །སྟེང་ནས་རྫའི་སྣོད་ཀྱིས་དགབ། །ཕྱི་ནས་འཇིམ་པས་བྱུག་པར་བྱ། །འདག་པར་བྱུགས་པའི ་རས་ཀྱི་དཀྲི། ཅུང་ཟད་ཆུ་ཡང་སྦྱིན་པར་བྱ། །དེ་རྗེས་འོག་ནས་མེ་ཡི་སྦར། །སྟེང་དུ་དངུལ་ཆུ་ཆགས་པར་འགྱུར། །སྟེང་གི་དངུལ་ཆུ་རྣམ་པར་འགྱུར། །སྟེང་གི་དངུལ་ཆུ་རྣམ་པར་བཟུང། །ལྷག་མའི་དངུལ་ཆུ་སྐམས་པར་འགྱུར། །འཁྲུལ་འཁོར་འདི་ནི་པ་ཏ་དེ ་གི། མཁས་པས་འདི་དག་བཏགས་པ་ལས། །གསེར་ཟིལ་རྡོ་ནི་འོག་ན་གནས། །ཚལ་དང་ནི་སྐྱུར་པོས་བསྲེ། །ཇི་ལྟར་སྦྱོར་བ་གཞན་ལ་ནི། །གའུ་ཁ་མེད་རིམ་པས་སོ། །གསེར་ཟིལ་རྡོའི་གདན་ལ་ནི། །བསྲེག་པས་འོག་ཏུ་ཐོབ་པར་འགྱུར། །ཞག་གཅིག ་བདེན་པར་འགྲུབ་པ་ལས། །གསེར་གྱི་ལས་ཀྱི་མཚན་མ་ཡི། །འཚལ་གྱི་ལས་རྣམས་བརྗོད་བྱ་བ། །བདེན་པར་བྱ་པའི་ཆོ་ག་ལ། །ཐོག་མ་ཞིབ་ཏུ་བརྟག་པར་བྱ། །སྐྱུར་བོའི་ཁུ་བ་རྣམ་པར་སྲེ། །པ་ཏ་ཀའི་སྦྱོར་བ་ཡིས། །བདེན་པར་དགུག་ཅིང་དབང་དུ ་བྱ། །ཇི་ལྟར་དངུལ་ཆུ་དངུལ་བཞིན་དུ། །གསེར་གྱི་ལས་ལ་འབིགས་པར་འགྱུར། །བ་བླའི་རང་བཞིན་བརྗོད་བྱ་བ། །བདེན་ཅིང་དགུག་པའི་ལས་རྣམས་བརྗོད། །ཐམས་ཅད་དབབ་པའི་རིམ་པས་དབྱེ། །བ་བླ་བཟང་པོ་ཕྱེ་མར་བརྟག། སོ་ཁྲི་ཉའི་འཁྲིས ་པས་སྲེག། མཁས་པས་འདི་འདྲ་ཤེས་པར་འགྱུར། །ཕྱི་ནས་ཚ་ལའི་ཕྱེ་མས་བསྲེ། །ཐམས་ཅད་གཅིག་ཏུ་བཏག་པར་བྱ། །ལྕགས་ཀྱི་སྟེང་དུ་ལྕགས་ཁེབས་དགབ། །མདབ་མ་ཆུད་དུ་དག་ཅིང་བདེན། །དེ་ཡང་ཕྱེ་མར་བརྟག་པར་བྱ། །གའུ་ཁ་མེད ་ནང་དུ་གཞུག། བསྐམས་ནས་རབ་ཏུ་བསྲེག་པར་བྱ། །ཐེ་ཚོམ་མེད་པར་བདེན་པར་འགྲུབ། །ཁ་དོག་དཀར་པོར་མཐོང་བར་འགྱུར། །དངུལ་གྱི་ལས་ཀྱི་མཚན་མ་ལ། །དག་པའི་ཆོ་ག་བརྗོད་བྱ་བ། །དངུལ་ཆུ་དག་ཅིང་འབིག་པ་ལ། །མིའི་ཡིད་ཀྱི་དོན་རྣམས ་ནི། །ཆོས་དང་ལས་དང་དོན་རྣམས་འགྲུབ། །ཇི་ལྟར་རང་གི་ལུས་ཀྱི་དོན། །དངུལ་ཆུ་ཡིས་ནི་འགྲུབ་པར་འགྱུར། །མི་གཡོ་བའི་དངུལ་ཆུ་མཆོག། ཕལ་པ་རྣམས་ལ་མི་སྦྱིན་ནོ། །སོ་ཕག་ཕྱེ་མ་སྦྱར་ཅིང་བརྟག། ཀ་ར་དུག་དང་སྐེ་ཚེ་དང། །ཚ་བ་གསུམ་དང་སྦྱར་བ་ཡིས། །དེ ་བཞི་ཆང་གི་ས་བོན་དང། །ཁམ་པའི་སྟེང་གི་དུང་དེ་དང། །དེ་ལྟར་རྣམ་པར་བཅུ་གཅིག་པོ། །སྟོབས་ཅན་མིང་ནི་ར་གན་ཡིན། །ཐམས་ཅད་གཅིག་ཏུ་བསྲེ་བར་བྱ། །དེ་རྣམས་ཀུན་དང་དངུལ་ཆུ་བསྲེ། །བཀྲུས་ཅིང་དངུལ་ཆུ་བརྟག་པར་བྱ། །ཡང་དང་ཡང་དུ་རྣམ ་པར་བརྟག། ཞག་གསུམ་གྱིས་ནི་དག་པར་འགྱུར། །སྲང་བརྒྱ་ཙམ་དུ་གང་པར་བྱ། །དེ་ལ་སྲང་ནི་ལྔ་བཅུ་བཟུང། །དེ་ཕྱེད་ཉི་ཤུ་རྩ་ལྔའི་སྲད། །དེ་ཙམ་སྒྲུབ་པར་མི་ནུས་ན། །སྲང་གཉིས་ལ་ཡང་བྱ་བ་ཡིན། །དངུལ་ཆུབ་ཅིང་བའི་ཆོ་ག་ལ། །སྟོབས་ཅན་སྨན་རྣམས ་བརྗོད་བྱ་བ། །ཚངས་པ་ཡིན་ནི་དབྱུག་པ་དང། །དེ་བཞིན་ཚངས་པའི་ཟླ་བ་དང། །སྦྲུལ་གྱི་མིག་གིས་མིང་ཙན་དང། །དེ་བཞིན་སེར་པོ་ཉའི་མིག། དེ་བཞིན་ཁུ་བྱུག་རྩ་བ་དང། །དེ་བཞིན་མན་དྷུ་བར་ནི་དང། །གཞན་ཡང་མདབ་མ་ཤ་ཡིན་ཚེ། །སྟོབས་པོ་ཆེའི ་སྨན་དང་ནི། །མེ་ཏོག་ངོ་ཚ་ཅན་དང་ནི། །དེ་རྣམས་མཆོག་ཏུ་གཅེས་པའི་སྨན། །ཆུ་ནི་སྐེམ་པར་བྱེད་པའི་སྨན། །ཟླ་བའི་ཁྲི་ཤ་བརྗོད་པར་བྱ། །དེ་ནི་ལས་རྣམས་ཐམས་ཅད་བྱེད། །འབྲུར་པོ་རལ་པ་འདབ་མ་ཆེ། །ཛོ་ཏི་སྨ་ཏི་སྨ་བོ་ཅིག། ཧ་ཀྲ་ཀུ་བྷི་འོ་མདེ ་བཞིན་རྔ་མོ་འམ་ཚེར་མ་དང། །རྨ་བྱའི་གཙུག་པུད་འོད་དང་ལྡན། །དེ་བཞིན་སྐྲོང་བྱེད་དམར་པོ་དང། །ཀླུའི་སྟོབས་ཞེས་བརྗོད་པ་ཡིན། །དེ་རྣམས་དངུལ་གྱི་ལས་རྣམས་བྱེད། །ལུས་ངན་པོ་མཆོག་ཏུ་བརྗོད། །དེ་རྣམས་ཆུ་ནི་འཆིང་པར་བྱེད། །དེ་ལྟར ་བརྗོད་པའི་རྣམ་གྲངས་ནི། །ཆུ་ནི་འཆིང་བར་བྱེད་པ་ཡིན། །དེ་ལྟར་བརྗོད་པའི་སྨན་རྣམས་ལས། །ཇི་ལྟར་འབྱོར་པ་བསྲོག་པར་བྱ། །མཁས་པས་བློ་དང་ལྡན་པས་བཟུང། །དག་ཕྱེད་གང་ཡང་སྐྱུར་པོ་ཡིན། །རག་རྡོ་དང་ནི་རྣམ་པར་སྦྱང། །ཅུང་ཟད་ཙམ་གྱི་མེ་ལ་འཇུག?། ་དུག་གི་སྨིན་པར་འགྱུར་བ་ཡིན། །བརྟག་ཏུ་བརྟག་ཅིང་འདུག་པར་བྱ། །ཉི་མ་བདུན་གྱི་བར་དུའོ། །ད་ནས་སྨན་དང་སྦྱར་ཞིང་བརྟག། ཇི་ལྟར་རྙེད་པའི་མན་ངག་གིས། །སྐྱུར་པའི་ཆོ་ག་བྱ་བ་ཡིན། །མར་ཁུ་ཡིས་ཀྱང་དེ་བཞིན་བསྒྲུབ ་མར་ཁུ་སྐྱུར་པོའི་སྦྱར་བ་ཡིས། །ནང་དུ་དངུལ་ཆུ་བཞུག་པར་བྱ། །དེ་ཡང་མེ་ལ་ཅུང་ཟད་བདུག། ཡང་དང་ཡང་དུ་བཞུག་ཅིང་བསྐམ། །དེའི་སྟེང་དུ་བརྗོད་བྱ་བ། །བརྗོད་པས་བདེ་བ་གྲུབ་པར་འགྱུར། །འདི་ལྟར་དལ་གྱིས་བསྒྲུབ་བྱ་བའི། །སྔོན་གྱི་ཆོ་གས་བསྐམ ་བར་བྱ། །མ་ནའི་འོང་བ་མ་ཆུ་ལྷ་ཡི་ཤིང། །ནིར་ཀུན་དྲི་དང་མ་ཧ་རས་ཏྲི། །དུག་དང་དེ་བཞིན་ཤ་ཏྲི་དང། །གྷ་ན་ཧི་རི་དེ་བཞིན་དུ། །ཚངས་པའི་དབྱུག་པ་དྷ་ཏུ་ར། །དུག་དང་ཡུངས་ནག་ཙི་ཏྲཀ། ལྕེ་འབིགས་ལ་སོགས་སྨན་རྣམས་ལས། །ཇི་ལྟར་རྙེད་པ ་བཟུང་བར་བྱ། །སྐྱུར་པོའི་ཆོ་གས་དལ་གྱིས་བཟུང། །མྱོས་བྱེད་དེ་བཞིན་ལང་ཀ་ལི། །གཞན་ཡང་ཀར་བྷི་ར་དཀར་པོ་དང། །མྱོས་བྱེད་དང་ནི་ཤིང་བཀྲུ་དང། །དེ་རྣམས་ཉེ་བའི་དུག་ཏུ་འདོད། །དུག་ཆེན་ལྔ་ཡང་བརྗོད་བྱ་བ། །སཱ་ཐུ་བ་དང་སེང་གི་བ། །ཀ་ལ་ཀུབ ་ཏ་སེར་སྐྱ་དང། །སྦྲང་རྩི་སེར་པོ་ལྟ་བུའི་དུག། རྒྱ་མཚོའི་ཚྭ་དང་སེ་དྷ་བ། །བཙོ་ཚྭ་དང་ནི་རྒྱ་ཚྭ་དང། །དྲི་ཆེན་ཚྭ་དང་རྣམ་པ་ལྔ། །ཚྭ་ཨལ་མཚུར་དང་ཟེ་ཚྭ་དང། །དེ་རྣམས་འགྱུར་བྱེད་རྣམ་གསུམ་ཡིན། །གསེར་ཟིལ་རྡོ་དང་དྲི་མེད་རྡོ། །ཐུ་ཐུ་ཀ་དང་དངུལ་ཆུ ་དང། །གཡོ་བྱེད་དང་ནི་མཚལ་དང་ནི། །མ་ས་ཀ་དང་བཅུད་ལེན་བདུན། །བ་བླ་དང་ནི་ལྡོང་རོས་དང། །སྐྱུར་པོ་ཡིས་དང་མུ་ཟི་དང། །སྦལ་རྒྱབ་རྡོ་དང་ཀ་ཤི་ཀ། མདབ་མས་དེ་རྣམས་ཉེ་བཅུད་བདུན། །པ་ལ་ཤ་དང་ཀ་ཧ་ཡི། ། པ་མར་ཀ་ཧི་ཚ་ལ། །པི་པི ་ལིང་ཀི་ལྡོང་བུ་དང། །བ་ཚ་ཅན་གྱི་ཤིང་སྟེ་དང། །གཞན་ཡང་འགྱུར་བྱེད་རྣམ་གསུམ་དང། །བ་དང་གླང་ཆེན་རྔ་མོ་སྟེ། །དེ་ལྟར་དྲི་ཆུ་རྣམ་གསུམ་དང། །སྒ་དང་དེ་བཞིན་ཀ་སྦུ་ཀ། ཙི་ཏྲ་ཀ་ནི་དམར་པོ་དང།། །ཡུད་པ་དང་ནི་དེ་བཞིན་བཙོང། །ཙ་? ་དམར་པོ་པ་ཏམ་ཀ། ཀུ་སུམ་པ་དང་མདབ་མའི་དངུལ། །དེ་རྣམས་དངུལ་འཆོད་བའི་སྨན། །དམར་པོའི་སྡེ་ཚན་བསྡུས་པ་ཡིན། །མཇོ་ཏི་སྨྲ་ཏིའི་མར་ཁུ་དང། །ར་ཀ་རན་ཛ་དང་ཨ་ཏ་ཤི། །དེ་ལྟར་ཁུའི་སྡེ་ཚན་གསུམ། །དངུལ་ཆུ་འཚེད་པར་བྱེད་པ་ཡིན། །དེ་བཞིན་དྷེ ་ཤའི་ཤིང་དང་ནི། །ཉི་མ་ལ་ནི་བསྐམ་པར་བྱ། །པདྨའི་མདབ་མའི་ཁུ་བ་སྦྱིན། །བྷོ་ག་ནའི་ཤིང་ཀུན་དང། །དེ་བཞིན་དུང་གི་ཕྱེ་མ་དང། །བ་ཚ་དང་ནི་དྲི་ཆུའི་སྡེ། །ཚྭ་དང་དེ་བཞིན་ཉེ་བའི་ཚྭ། །མཆོག་ཏུ་གྱུར་པའི་སྨན་སྡེ་དང། །སེ་འདུའི་ཚ་དང་སྐྱུར་པོ་ལས། །སྐྱུར ་པོའི་ནང་དུ་བར་སྣང་ལས། །དངུལ་ཆུག་ཙོ་བོར་བྱ་བ་ཡིན། །མན་དྷུ་ཀའི་མདབ་མ་ལ། །ཁུ་བ་བཅུག་ལ་བཙོ་བར་བྱ། །དྲི་མ་འགྲོག་པར་བྱེད་པ་ཡིན། །འཁྲུལ་འཁོར་འདི་ནི་འབར་བའི་མེ། །དང་པས་སྨིན་པའི་འཁྲུལ་འཁོར་ལ། །ལྷང་ཚེར་བླུག་པར་བྱ་བ་ཡིན།། ་སིན་དྷུ་ཚེ་དང་མཚལ་ཡང་སྦྱིན། །ཟངས་ཀྱི་སྣོད་དུ་བླུག་པར་བྱ། །བུག་པ་མེད་པའི་འཁྲུལ་འཁོར་ལའོ། །ཤིན་ཏུ་འཇམ་པའི་འཁྲུལ་འཁོར་གྱིས། །ཉིན་རེ་ཉིན་རེ་བཞིན་དུ། །སེར་སྐྱའི་དུག་དང་སྐྱུར་པོ་སྦྱིན། །བྱ་རོག་བདུག་པ་ཇི་བཞིན་བསྐམ། །སྔོན་བཤད ་བསྐམ་པའི་ཆོ་གས་སྨན། །དངུལ་ཆུ་ཡིས་ནི་བཅུ་དྲུག་འགྱུར། །བཏུལ་བའི་ལྕགས་རྣམས་གཞུག་པར་བྱ། །ཐམས་ཅད་དངུལ་ཆུ་ཟ་བར་འགྱུར། །ཕྱི་ན་དངུལ་ཆུ་དཀར་པོ་དང། །ཐམས་ཅད་གཅིག་ཏུ་བྱ་བ་ཡིན། །རྣོ་ལྕགས་དེ་བཞི་སྣོད་བོ་གཞན། །མཉེར?་དང་ནི ་དག་ན་སྦྱིན། །ཕྱི་ནས་དངུལ་ཆུ་གཞུག་པར་བྱ། །ཟངས་དང་ཞ་ཉེ་རྣམ་པར་བསྲེ། །འཁར་བ་དང་ནིར་གན་རྣམས། །དངུལ་ཆུ་འཆིང་བའི་དོན་དུའོ། །རྣོ་ལྕགས་བསད་པས་དངུལ་ཆུ་འཆིང། །སུམ་འགྱུར་གསེར་གྱིས་དངུལ་ཆུ་ཟ། །རེས་ནི་དྲི་མ་སྤོང་བར་འགྱུར། །གསེར ་ཟིལ་རྡོ་དྲབ་རྣོ་ལྕགས་གཉིས། །དངུལ་ཆུ་སྐམ་པར་འགྱུར་བ་ཡིན། །དངུལ་ཆུའི་ལས་ཀྱི་སྦྱོར་བ་འགྲུབ། །ཕལ་བའི་གདངས་ཀྱང་དེ་བཞིན་དུ། །ཐམས་ཅད་མཉམ་པར་བསྲེས་པ་ལས། །དེ་ཡི་ལས་ཀྱི་སྦྱོར་བ་ཡིས། །ལྕགས་དྲུག་ལས་རྣམས་སྦྱོར་བར་འགྱུར། །གསེར ་ཟིལ་རྡོ་ཡིས་ལས་རྣམས་འགྲུབ། །དེས་ནི་མཆོག་གི་ལས་རྣམས་འགྲུབ། །རིན་ཆེན་ས་བོན་སྦྱིན་པར་བྱ། །དེས་ནི་བྱིད་བའི་གསེར་དུ་འགྱུར། །ལན་གཉིས་ཀྱི་ནི་དཀར་པོར་འགྲོ། ཡང་ནི་རྣ་ལྕགས་གསང་པ་ལས། །ཉིས ་འགྱུར་དངུལ་དང་སྦྱར་བ་ཡིས། །དངུལ་ཆུ་འགྲུབ་པར་འགྱུར་བ་ཡིན། །གསེར་ལྟར་བསྐམ་པར་འགྱུར་བ་ལས། །ཀུན་གྱི་དཽན་རྣམས་འགྲུབ་པར་འགྱུར་རོ། །སུམ་ཅུ་རྩ་གཉིས་འབིགས་པ་དང། །ལྔ་བཅུ་བརྒྱད་དང་ལྔ་བརྒྱ་སྟོང། །ཁྲི་དང་འབུམ་གྱི ་བར་དུ་འབིགས། །ལས་འདི་ཤེས་པས་བཅུད་དང་ནི། །བཅུད་ཀྱིས་ལེན་རྣམས་འགྲུབ་པར་བྱེད། །ཟླ་བ་གཅིག་ཏུ་མང་པོའི་ཚད། །ཡུན་རིངས་གསོན་དང་སྟོབས་ཆེན་སྟེར། །འབུམ་ཕྲག་བར་དུ་འཚོ་བར་འགྱུར། །དེ་ཡིས་ཉིས་འགྱུར་ཟོས་པ་ཡིས། །ལོ་ནི ་བཅུ་དྲུག་ལོན་ལྟར་འགྱུར། །མཛེལ་སོགས་པའི་ནད་བརྒྱད་འཇོམས། །དེ་ལྟར་མང་དུ་ཟོས་བ་ལས། །ཉི་ཟླ་སྐར་མ་གནས་པར་འཚོ། །སྐྲ་དཀར་གཉེར་མ་ཐམས་ཅད་སྤོང། །ཡོན་ཏན་རང་བཞིན་ཐམས་ཅད་འདིར་ནི་དངུལ་ཆུའི་བསྟན་བཅོས་ལས། ་དོན་རྣམས་རྟོགས་ནས་བྲིས་པ་འདི། །བྷ་ལི་པ་ཡིས་བྱས་པ་ཡིན། །ཀུན་གྱི་དོན་རྣམས་འགྲུབ་པར་ཤོག། དངུལ་ཆུ་རབ་ཏུ་གྲུབ་པའི་བསྟན་བཙོས། །སློབ་དཔོན་ཆེན་པོ་བྷ་ལི་པ་ཡིས་མཛད་པ་རྫོགས་ཤྱོ།། །།རྒྱ་གར་གྱི ་བན་ཏྲི་ཏ་ཤྲཱི་ན་ར་ཨིན་ཏྲ་བྷ་ཏྲ་དང། བོད་ཀྱི་ལོ་ཙ་བ་ཨུ་རྒྱན་བ་རིན་ཆེན་དཔལ་གྱིས་རི་བོ་ཆེན་པོ་སྤུང་ཏྲའི་མགུལ་གྱི་ཕོ་བྲང་ཆེན་པོར་བསྒྱུར་བའོ།། །། `་གྲུབ་ཐོབ་བརྒྱ་བཅུ་རྩ་བཞིའི་ཆར་ལུགས་ཡིན་ཚུལ་བཞུགས་སོ།། །། ་