| Wylie | e-texts based on the ACIP/ALL Input |
སྤྱད་འདི་རྡོ་རྗེ་གདན་དུ། ཨུརྱན་བས་བསྒྱུར་བའོ།། །རྒྱ་གར་སྐད་དུ། ཀཱ་ཀ་ཛ་རི་ཏི། བོད་སྐད་དུ། །བྱ་རོག་གི་སྐད་བརྟག་པར་བྱ་བ་འདི་ལྟ་སྟེ། །བྲམ་ཟེ་དང། །རྒྱལ་རིགས་དང། །རྗེ་རིགས ་དང། དམངས་རིགས་ཞེས་སོ། །དེ་ལ་ཞོ་ལ་རྩི་བ་བྲམ་ཟེའོ། །མིག་དམར་བ་རྒྱལ་རིགས་སོ། །གཤོག་བ་སྤྲུག་པ་རྗེ་རིགས་སོ། །ཉའི་གཟུགས་ལྟ་བུ་རྨངས་རིགས་སོ། །མི་གཙང་བ་ཟ་བ་དང། །ཤ་འདོད་བ་ཡང་དེ་བཞིན་ནོ། །འདི་དག ་གི་སྐད་ཀྱི་རྣམ་འགྱུར་ནི། །ཁྱིམ་བདག་གིས་ཅིག་ཅར་བདེན་པར་འགྱུར་བ་ནི་བརྗོད་པར་བྱ་སྟེ། །ཐུན་དང་པོ་ཤར་དུ་བྱ་རོག་སྐད་སྒྲོགས་ན་སེམས་ཅན་གྱི་འདོད་པ་འགྲུབ་བར་འགྱུར་རོ། །མེ་རུ་བྱ་རོག་སྒྲོགས་ན་དགྲ་འོང་བར་འགྱུར་རོ ་ལྷོ་རུ་བྱ་རོག་སྐད་སྒྲོགས་ན་གྲོགས་པོ་འོང་བར་འགྱུར་རོ། །བདེན་བྲལ་དུ་བྱ་རོག་སྐད་སྒོགས་ན་མ་བསམས་པའི་རེད་པ་འོང་བར་འགྱུར་རོ། །ནུབ་དུ་བྱ་རོག་སྐད་སྒྲོགས་ན་རླུང་ཆེན་པོ་འབྱུང་བར་འགྱུར་རོ། །རླུང་གི་ཕྱོགས་སུ་བྱ་རོག་སྐད་སྒྲོགས་ན ་འགྲོན་པོ་འོང་བར་འགྱུར་རོ། །བྱང་དུ་བྱ་རོག་སྐད་སྒྲོགས་ན་ནོར་གཏོར་བ་རྙེད་བར་འགྱུར་རོ། །དབང་ལྡན་དུ་བྱ་རོག་སྐད་སྒྲོགས་ན་བུད་མེད་འོང་བར་འགྱུར་རོ། །ཚངས་དི་འ་གནས་སུ་བྱ་རོག་སྐད་སྒྲགས་ན་འགྲོན་པོ་འང་བར་འགྱུར། །ཐུན་དང་པའི་འཁོར ་ལོ་རྫོགས་སོ།། ཐུན་གཉིས་པ་ལ་ཤར་དུ་བྱ་རོག་སྐད་སྒྲོགས་ན་རང་གི་ཉེ་བ་འོང་བར་འགྱུར་རོ། །ལྟོ་རུ་བྱ་རོག་སྐད་སྒྲོགས་ན་མེ་ཏོག་དང་གོལ་ཐོབ་པར་འགྱུར་རོ། །བདེན་བྲལ་དུ་བྱ་རོག་སྐད་སྒྲོགས་ན་རྒྱུད་པ་འཕེལ་བར་འགྱུར་རོ། །ནུབ་དུ་སྐད་སྦྲོཌ ་ན་ཐག་རིངས་སུ་འགོ་བར་འགྱུར་རོ། །རླུང་གི་མཚམས་སུ་སྐད་སྒྲོགས་ན་རྒྱལ་པོ་གཞན་དུ་འགྱུར་བའི་རྟགས། །བྱང་དུ་སྒང་སྒྲོགས་ན་འཕྲིན་ལས་ལེགས་པར་ཐོས་པར་འགྱུར་རོ། །དབང་ལྡན་ནོ་དུ་སྦད་སྒྲེགས?་ན་འཁྲུག་པ་འོང་བར་འགྱུར། །ཚངས་པའི་གན ་སུ་སྐད་སྒྲོགས་ན་འདོད་པའི་འཇུག་པ་རྙེད་པར་འགྱུར་རོ། །ཐུན་གཉིས་བའི་འཁོར་ལོ་རྫོགས་སོ།། །།ཐུན་གསུམ་པ་ལ་ཤར་དུ་བྱ་རོག་སྐད་སྒྲོགས་ན་ནོར་རྙེད་པར་འགྱུར་རོ། །མེ་རུ་བྱ་རོག་སྐད་སྒྲོགས་ན་འཐབ་མོ་འོང་བར་འབྱུ་རོ། །ལྟེ་རུ་སྐད་སྒྲོགས་ན་རླུང་པོ་འོང་བར ་འགྱུར་རོ། །བདེན་བྲལ་དུ་སྐད་སྒྲོགས་ན་དགྲ་འོང་བར་འགྱུར་རོ། །ནུབ་དུ་སྐད་སྒྲོགས་ན་བུད་མེད་འོང་བར་འགྱུར་རོ། །རླུང་ཕྱོགས་སུ་སྐད་སྒྲོགས་ན་ཉེ་བ་འོང་བར་འགྱུར་རོ། །བྱང་ཕྱོགས་སུ་སྐད་སྒྲོགས་ན་གྲོགས་པོ་བཟང་པོ་འོང་བར་འགྱུར་རོ། །དབང་ལྡན་དུ་སྐད་སྒྲོགས ་ན་མས་འཆིག་བར་འགྱུར་རོ། །ཚངས་པའི་གནས་སུ་སྐད་སྒྲགས་ན་རྒྱལ་པོས་ཐུགས་ལ་བརྟགས་པའི་རྙེད་པ་ཐོབ་པར་འགྱུར་རོ། །ཐུན་གསུམ་པའི་འཁོར་ལོ་རྫོགས་སོ།། །།ཐུན་བཞི་བ་ལ་ཤར་དུ་བྱ་རོག་སྐད་སྒྲོགས་ན་འཇིགས་བ་ཆེ་བའི་རྟགས་སོ།། ་མེ་རུ་སྐད་སྒྲོགས་ན་རྙེད་བ་ཆེ་བའི་རྟགས་སོ། །ལྷོ་རུ་སྐད་སྒྲོགས་ན་འགྲོན་པོ་འོང་བར་འགྱུར་རོ། །བདན་བྲལ་དུ་སྐྲང་སྒྲོགས་ན་ཞག་བདུན་དུ་རླུང་པོ་འགྱུང་བར་འགྱུར་རོ།།ནུབ་དུ་སྐད་སྒྲོགས་ན་རླུང་པོའི་ཚར་འོང་བར་འགྱུར་རོ། རླུང་གི་མཚམས་སུ་སྐད་སྒྲོགས་ན ་ནོར་གཏོར་བ་རྙེད་པར་འགྱུར་རོ། །བྱང་དུ་བྱ་རོག་སྐད་སྒྲོགས་ན་རྒྱལ་པོ་འོང་བར་འགྱུར་རོ། །དབང་ལྡན་དུ་སྐད་སྒྲགས་ན་གོ་ལ་རྙེད་པར་འགྱུར་རོ། །ཆ་ངས་པའི་གནས་སུ་བྱ་རོག་སྐང་སྒྲོགས་ན་ལྟོགས་པའི་རྟགས་སོ། །ཐུན་ཕྱེད་དང་བཞིའི་འཁོར་ལོ་རྫོགས་སོ།། །། ་ཉི་མ་ནུབ་པའི་ཚེ་ཤར་དུ་བྱ་རོག་སྐད་སྒྲོགས་ན་ལམ་དུ་དགྲ་འོང་བར་འགྱུར་རོ། །མེ་རུ་སྒྲ་སྒྲོགས་ན་གཏེར་འོང་བར་འགྱུར་རོ། །ལྷ་རུ་སྒྲ་སྒྲོགས་ན་ནད་ཀྱིས་བཆི་བར་འགྱུར་རོ། །སྲིན་པོའི་མཚམས་སུ་སྒྲ་སྒྲོགས་ན་སེམས་ཀྱི་འདོད་པ་འགྲུབ་པར་འགྱུར་རོ། །ནུབ་དུ་བྱ་རོག ་སྐད་སྒྲེགས་ན་ཉེ་བ། འོང་བར་འགྱུར་རོ། །རླུང་གི་མཚམས་སུ་སྐད་སྒྲོགས་ན་ནོར་རྙེད་པའི་རྟགས་སོ། །བྱང་དུ་སྐད་སྒྲོགས་ན་རྒྱལ་པོ་ལ་བཀུར་སྟི་འོང་པར་འགྱུར་རོ། །ཚངས་པའི་གནས་སུ་སྐད་སྒྲོགས་ན་བསམ་པའི་རྙེད་པ་འཐོབ་པར་འགྱུར་རོ། །ཐུན་བཞི་བའི ་འཁོར་ལོ་རྫོགས་སོ།། །།འདི་ལྟ་བུའི་བྱ་རོག་གི་སྐད་ཀྱི་རྣམ་འགྱུར་རྫོགས་སོ།། །།ད་ནི་འགྲོ་བའི་མཚན་ཉིད་བརྗོད་པར་བྱ་སྟེ། །འགྲོ་བའི་དུས་སུ་བྱ་རོག་གི་སྐད་ཀྱི་མཚན་ཉིད་བརྗོད་པར་བྱ་སྟེ། །རགས་དང་ཆུའི་འགྲམ ་དག་ལ། །ཤིང་གཅིག་ལ་ནི་ད་བཞིན་དུ། །གྲོག་སྟོང་དང་ནི་ལམ་བཞི་ལ། །གཡས་སུ་བྱ་རོག་སྒྲ་སྒྲོགས་ན། །འགྲོ་བ་འདི་ནི་ལེགས་པར་ཤེས། །ལམ་ལ་རབ་ཏུ་འགྲོ་བའི་ཚ། །རྒྱབ་ཏུ་བྱ་རོག་སྒྲ་སྒྲོགས་ན། །དངོས་གྲུབ་རབ་ཏུ་འཐོབ་པར་འགྱུར། །ལམ་དུ ་འགྲོ་བའི་ཚེ་གཤོག་པ་སྤྲུག་ཅིང་སྐད་འདོན་ན། །བར་ཆད་ཆེན་པོ་འོང་བར་འགྱུར་རོ། །ལམ་དུ་ཞུགས་པའི་ཚེ་སྐྲ་མཆུས་གཟིངས་ཤིང་སྒྲ་སྒྲོགས་ན་དེའི་ཚེ་འཆི་བའི་རྟགས་སོ། །ལམ་དུ་ཞུགས་པའི་ཚེ་མི་གཙང་བ་ཟ་ཞིང་སྒྲ་སྒྲོགས་ན ་བཟའ་དང་སྐོམ་འོང་བའི་རྟགས་སོ། །ལམ་དུ་ཞུགས་པའི་ཚེ་ཚེར་མ་ལ་གནས་ཤིང་སྒྲ་སྒྲོགས་ན་དགྲའི་འཇིགས་པར་ཤེས་པར་བྱའོ། །ལམ་དུ་ཞུགས་པའི་ཚེ་འོ་མ་ཅན་གྱི་ཤིང་ལ་གནས་ཤིང་སྒ་སྒྲོགས་ན། །དེའི་ཚེ་འོ་ཐུག ་གི་བཟའ་བ་འོང་བར་འགྱུར་རོ། །ཤིང་སྐམ་པོ་ལ་གནས་ཤིང་སྒྲ་སྒྲོགས་ན་དེའི་ཚེ་བཟའ་བ་དང་སྐོམ་མེད་པའི་རྟགས་སོ། །ཕྲོ་བྲང་ལ་གནས་ནས་གང་གི་ཚེ་སྐད་སྒྲོགས་ན་དེའི་ཚེ་སྡོད་ས་བཟང་པོ་རྙེད་པར་འགྱུར་རོ། །གདན་ལ་གནས་ནས་སྒྲ་སྒྲེགS ་ན་དགྲ་འོང་བར་འགྱུར་རོ། །སྒོ་ལྟ་ཞིང་སྒྲ་སྒྲོག་ན་མཚམས་ཀྱི་འཇིགས་པར་ཤེས་པར་བྱའོ། །མཆུས་གོས་གཟིངས་ཤིང་བྱ་རོག་སྐད་སྒྲོགས་ན་གོས་རྙེད་པར་འགྱུར་རོ། །ལམ་ལ་ཞུགས་བའི་ཚེ་ཐོད་པ་ལ་གནས་ཤིང་སྒྲ ་སྒོགས་ན་འཆི་བའི་རྟགས་སོ། །སྐུད་པ་དམར་པོ་བཟུང་ནས་ཁྱིམ་གྱི་ཐོག་དུ་གནས་ནS་སྒྲ་སྒྲོགས་ན་ཁྱིམ་འཚིག་པར་འགྱུར་རོ། །སྔ་དྲའོ་དུས་སུ་བྱ་རོག་མང་པོ་འཚོགས་ན་རླུང་པོ་ཆེ་བར་འོང་བར་འགྱུར་རོ། །ལམ་ལ་ཞུགས་པའི ་ཚེ་ཤིང་མཆུས་བཟུང་ནས་སྒྲ་སྒྲོགས་ན་རྙེད་པ་འོང་བར་འགྱུར་རོ། །ལམ་ལ་ཞུགས་པའི་ཚེ་ཉི་མ་ཤར་དུས་སུ་བྱ་རོག་སྒྲ་སྒྲོགས་ན་ནོར་རྙེད་པར་འགྱུར་རོ། །ལམ་དུ་ཞུགས་པའི་ཚེ་སྒྲ་སྒྲོགས་ན་འདོད་པ་འགྲུབ་པར་འགྱུར་རོ། །འདི་ལྟ ་བུའི་ལམ་གྱི་མཚན་ཉིད་རྫོགས་སོ།། །།གནས་བའི་བྱ་རོག་གི་ཚང་གི་མཚན་ཉིད་ནི། །ཤིང་གི་ཤར་གྱི་ཕྱོགས་ཀྱི་ཡལ་ག་ལ་ཚང་བྱེད་པར་གྱུར་ན། དེའི་ཚེ་ལོ་བཟང་བ་དང་ཆར་འོང་བར་འགྱུར་རོ། །ལྷོ་ཕྱོགS ་ཀྱི་ཡལ་ག་ལ་ཚང་བྱེད་པར་གྱུར་ན་དེའི་ཚེ་འབྲུ་ངན་པར་འགྱུར་རོ། །ཤིང་གི་དབུས་ཀྱི་ཡལ་ག་ལ་ཚང་བྱེད་ན་དེའི་ཚེ་འཇིགས་པ་ཆེན་པོ་འོང་བར་འགྱུར་རོ། །འོག་ཏུ་ཚང་འཆའ་ན་ཕ་རོལ་གྱི་དམག་ལས་འཇིགས་པར་འགྱུར ་རོ?། །རྩིག་པ་འམ་ས་འམ་ཆུ་ལ་ཚང་བྱེད་ན་རྒྱལ་པོ་འཚོ་བར་འགྱུར་རོ། །གཞན་ཡང་བཤད་པར་བྱ་སྟེ། ཀ་ཀ་ཞེས་བྱ་རོག་སྐད་སྒྲོགས་ན་ནོར་རྙེད་པར་འགྱུར་རོ། །ད་ད་ཞེས་བྱ་རོག་སྐད་སྒྲོགས་ན་སྡུག་བསྔལ་འབྱུང ་བར་འགྱུར་རོ། །ཏ་ཏ་ཞེས་སྐད་སྒྲོགས་ན་གོས་རྙེད་པར་འགྱུར་རོ། །གྷ་གྷ་ཞེས་སྐད་སྒྲོགས་ན་དོན་འགྲུབ་པར་འགྱུར་རོ། །གྷ་ག་ཞེས་བྱ་རོག་སྐད་སྒྲོགས་ན་ནོར་འོང་བར་འགྱུར་རོ། །འཇིགས་པཱི་རྟགས ་མཐོང་ན་བྱ་རོག་ལ་གཏོར་མ་དབུལ་བར་བྱའོ། །སྦལ་བའི་ཤ?་བྱ་རོག་དགའ་བར་བྱེད་པས། དེས་གཏོར་མ་ཕུལ་ན་བར་ཆད་མེད་པར་འགྱུར་རོ། །ོཾ་མི་རི་མི་རི་བཛྲ་ཏུ་ད་ཌ་ག་ལིཾ་གྲིཧྣ་གི་སླཧཱ། ། ་འདི་ལྟ་བུའི་བྱ་རོག་གི་སྤྱོད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་དཱ་ན་ཤི་ལས། ཡུལ་དབུས་ཀྱི་ཡར་ཀླུངས་ཐད་པོ་ཆེའི་གཙུག་ལག་ཁང་དུ་བསྒྱུར་བའོ།། །།པྲི་རི་བྲཚཙི། ། ་