| Wylie | e-texts based on the ACIP/ALL Input |
དང་འཁོན་པར་བྱེད། །རྡུལ་ཅན་སྐྲ་མདོག་སྲབ་པ་སྡུག་བསྔལ་འཐོབ། །རིང་ཐུང་ལག་བའི་ཚང་ཅན་སྣུམ་པ་ཡིན། །རྨ་བྱའི་གདངས་ཅན་རྒྱལ་བོས་སྦྱོང་བར་འགྱུར། །རྒྱ་མཆོས་བསྟན་པ་ལས། བུད་མེད་ཀྱི་མཚན་བཅུ་བའོ། །རྫོགས་སོ།། །། ་ཡུལ་དཔུས་འགྱུར་ཚལ་གྱི་ཨོ་ཏནྟྲ་སྤུ་རིའི་ཙུག་ལག་ཁང་གི་ཕྱི་རོལ། །ཚད་ཏྲ་པུར་གྱི་གྲོང་ཁྱེར་གྱི། །པཎྜི་ཏ་པྲ་བ་ཀ་ར་དང། བོད་ཡུལ་གྱི་ལོ་ཙ་བ། དགེ་སློང་ཨུརྱན་པས། དཔལ་བདེ་ཆེན་གླིང། རིའོ་སྦུད་ཏྲར་སྒྱུར་བ་ལེགས་སོ།། ་གང་ལ་གཉེར་མ་ལྔ་ཡོད་ཅིང། །དེ་ཡི་སྣ་རྒྱུད་མཐོ་བ་དང། །དཔྲལ་བའི་མཛའ་གཉིས་རྒྱས་ཤིང་མཐོ། །ལུས་བོ་ཤིན་ཏུ་སྦོམ་ལ་སྙོམས། །མགོ་བོ་ཟླུམ་ཞིང་རབ་ཏུ་རྒྱས། །སྨར་སྲབ་ཅིང་སྙོམས་པ་དང། །ན་ཆུང་ལྟ་བུར་ནུམ་རྒྱས། ། ་དཀར་དང་སོ་ནི་དམ་ཞིང་སྙོམས། །མིག་གི་དབང་པོ་རྒྱས་ལ་གསལ། རྣ་བ་མདངས་སྡུག་ཆུང་ཞིང་སྙོམས། །ཕྲག་གོང་རབ་ཏུ་རྒྱས་པ་དང། །རྐང་པའི་སོར་མོ་བཅུ་གཉིས་པ། །ཤ་རྒྱས་སྐྲག་བཟང་བོལ་གོང་མགོ། །གང་གི་མཆན། བུང་སྤུ་མེད ་པ། །ལག་པ་ཆུང་ཞིང་ཤ་རྒྱས་བ། །དེ་རྣམས་མཚན་ལྡན་ལྷ་ཡི་རིགས། །སྐོམ་གདུངས་ཆེ་ཞིང་ཆུང་དུ་ཟ། །ཤ་ཡི་ཟས་ལ་རྣམ་པར་རྩི། །ནད་མེད་དེ་ཡི་ལུས་ལ་ནི། །ཉི་ཤུ་རྩ་ལྔའི་ལོ་ལོན་ཚེ། །ཆུའི་གནོད་པ་འབྱུང་བར་འགྱུར། །ཡུལ ་རྣམས་བསྐོར་ཞིང་རྣམ་ཕར་འཁྱམ། །ཀུན་ཏུ་བདེ་སྐྱིད་ལྡན་པར་བྱེད། །བརྫུན་ཚིག་སྤངས་ཤིང་ཐམས་ཅད་སྟེར། །འདོད་པ་ཆུང་ཞིང་མི་རྐུ་བ། །དོན་རྣམས་སྨས་བ་བཞིན་དུ་བསྒྲུབ། །གང་ཞིག་མི་ཡི་རིགས་གྱུར་ག་།གདོང་རིང་གྱེན་དུ་གཉེར་མ་ཅན། ་སྨར་ཉུང་ཞིང་རྣ་ཤལ་རིང། །གསུས་བ་ལག་པས་རྣམ་པར་འགྲུལ། །འབྲུ་ཚུགས་སུ་ནི་རྣམ་པར་བལྟ། །ལུས་པོ་རྫུད་ཅིང་སྐེམ་པ་དང། ཁ་སྤུ་མང་ཞིང་རིང་བ་དང། །དེ་ཡི་མིག་ནི་གཏིང་དུ་སོང། །སྣ་ནི་ཅུང་ཟད་ལེབ་པ་དང། །ལུས་བོངས་རིང་ཞིང ་བརྣབ་སེམས་ཆེ། །མང་དུ་ཟ་ཞིང་རྐུ་ལ་འཁོན། །འདོད་པ་ཆེ་ལ་གཅིག་ཏུ་སྡོང། །ཆོས་མིན་སྤྱོད་ཅིང་ཐོབ་ཚད་ཟ། །སེམས་ངན་དེ་ནི་མི་ཡི་ར་གས། །རྐང་བ་རིང་ཞིང་གདོང་པ་བསྐམ། །རྐང་ལག་སར་ཁ་མང་བ་དང། །གནག་ཅིང་བ་སྤུ་མེད་པ་དང ་ཟས་ངན་ཟ་ཞིང་བཟང་པོ་འདོར། །མཚན་ངན་དེ་ནི་ཉི་མ་འདོད། །ལག་བའི་ནོར་རྣམས་ཉམས་པར་བྱེད། །དེ་རྣམས་མཚན་ཅན་ཡི་དགས་མི། འགྲོ་ཞྔ་འགྲོ་ཞིང་སྡོད་པ་དང། །འགྲོ་ཞིང་ཕྱོགས་རྣམས་ཀུན་ཏུ་བལྟ། རྐང་ཤ་མེད་རྩ་ཡིས་གང། །སྨ ་ར་ཆེ་འམ་ཡང་ན་མེད། །དེ་རྣམས་མཆན་ཅན་དུང་འགྲོའི་རིགས། །དེ་རྣམས་རྣམ་པར་བཤང་བྱ་ག་།གང་གི་དཔྲལ་བའི་སྐྲ་མཚམས་ལ། །ཐིག་ལེ་འམ་རི་མོ་སྔོ་ཅན་ཆགས། །བློ་ལས་ལྡན་ཞིང་སྡུག་བསྡུལ་འཐོག་།སྣ་ཡི་གཡས་གཡོན ་མཁུར་བ་ལ། །ཤ་མཚན་ནག་པོ་ཆགས་གྱུར་ན། །ཟླ་དྲུག་ལོན་ནས་ནད་ཀྱིས་འདེབས། །མིག་ལ་ནག་པོ་ཆགས་པ་ན། །ནོར་ཡོད་ཟས་ཀྱིས་འཕོངས་པར་འགྱུར། །གདོང་པ་གཙང་ཞིང་མདངས་བཟང་ན། །ནད་མང་གཙང་ཞིང་བདེ་བར་འཚོ། མཁུར ་བ་གཡས་སམ་གཡོན་པ་ལ། །མཛད་པ་ཆུང་ངུ་ཆགས་པ་ན། །ལོངས་སྤྱོད་ལྡན་ཞིང་རྙེད་པ་འཐོབ། །སྣ་འདེབས་ནད་ལ་རྨེ་བ་ཆགས། །གང་ཞིག་སུམ་ཅུ་ལོན་པའི་ཚེ། །གསེར་དང་རྟ་ཡི་རྙེད་པ་ནི། །རྒྱལ་པོ་ལས་ནི་འཐོབ་པར་འགྱུར། །མི་ ་སྤྱད་འདི་རྡོ་རྗེ་གདན་དུ། ཨུརྱན་བས་བསྒྱུར་བའོ།། །རྒྱ་གར་སྐད་དུ། ཀཱ་ཀ་ཛ་རི་ཏི། བོད་སྐད་དུ། །བྱ་རོག་གི་སྐད་བརྟག་པར་བྱ་བ་འདི་ལྟ་སྟེ། །བྲམ་ཟེ་དང། །རྒྱལ་རིགས་དང། །རྗེ་རིགས ་