CLOSE WINDOW

N4619: rgya mtshos bstan pa'i mtshan
Wyliee-texts based on the ACIP/ALL Input

ལོཙྪ་བ་སྤངས་པ་གྲགས་པ་རྒྱལ་མཚན་གྱིས། དཔལ་ས་སྤྱིའི་གཙུག་ལག་ཁང་ཆེན་པོར་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕང་པའོ།། །།*། །རྒྱ་གར་སྐད་དུ། ས་མུ་དྲ་བྷ་ཛྙ་ན་པ་ན། བོད་སྐད་དུ། རྒྱ་མཚོས་བསྟན ་པའི་མཚན། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །རྐང་པའི་གོང་གི་སོར་མོའི་མཚན་རྣམས་ནི། །སྐྱིད་དང་སྡུག་པ་ཐམས་ཅད་ཤེས་པར་བྱང། །མཐེ་བོང་ཆེ་ན་སྡུག་བསྔལ་འཐོབ་པར་བྱེད། །ཆུང་ཞིང་སྐམ་པ་ཡུལ་རྣམས་བསྐོར ་ཞིང་སྡུག་།ལེབ་མོར་སྐབས་པའི་སྐྱེ་བོ་མི་བཟང་སྟེ། །མཐེབ་མཛུབ་པར་དུ་ཁ་འདྲ་སྐམས་པ་ནི། །ཉོན་མོངས་ཆེན་པོ་སྐྱེ་བར་འགྱུར་བ་ཡིན། །མཐེ་བོང་གྱེན་དུ་མཐོ་ལ་ལེགས་པར་སྙོམས། །སྣུམ་ཞིང་མཉམ་པར་སྐྱེས་པ་བདེ་བའི་མཚན ་སོར་མོ་ཟླུམ་པོ་སེན་མོ་ཟངས་ཀྱི་མདོག། ཤིན་ཏུ་དམར་བ་ཁྲག་གི་མདོག་ཅན་ནི། །རྒྱལ་པོར་འགྱུར་བའི་མཐེ་བོང་མཚན་མ་ཡིན། །རྐང་པའི་མཛུབ་མོ་སྦོམ་ཞིང་རིང་བ་ནི། །བུད་མེད་ལོངས་སྤྱོད་ཀྱི་ནི་རྙེད་པ་ཐོབ། །ཐོབ་པའི་བུད་མེད ་མྱུར་དུ་འཆི་བར་བྱང། །ཡང་ན་བུ་སྐྱེས་མྱུར་དུ་འཆི་བ་ཡིན། །མཛུབ་མོ་ཆུང་ན་ཀུན་དང་འཁོན་པར་བྱེད། །གུང་མོ་མཐོ་ན་དོན་རྣམས་ཉམས་པར་འགྱུར། །ཆུང་ན་སྡུག་བསྔལ་བཞིན་དུ་འབྱུང་བར་འགྱུར། །སྲིན་ལག་རིང་ན་རིག་བ་འཛིན ་པར་བྱེད། །ཐུང་ན་ཆུང་མ་འཆི་བར་འགྱུར་བ་ཡིན། །མཐེ་ཆུང་རིང་ན་དོན་རྣམས་འགྲུབ་པར་འགྱུར། །ཆུང་ན་ཕ་རོལ་ནོར་རྣམས་འཕྲོག་པར་བྱེད། །མཛུབ་མོ་མཐེ་ཆུང་ཤིན་ཏུ་སྦོམ་པ་ནི། །ེ་མ་འཆི་བར་འགྱུར་བར་རྒྱ ་མཚོས་བཤད། །གུང་མོ་སྙོམས་ཤིང་ཟླུམ་ལ་ལེགས་པ་ནི། །བུ་སྐྱེས་ཆུང་དུའི་ལོ་ལ་འཆི་བར་བྱེད། །སོར་མོ་མི་སྙོམས་སྦོམ་ཕྲར་གནས་པ་ནི། །འབངས་པོ་འམ་འབངས་ཀྱི་ལས་རྣམས་བྱེད་པར་འགྱུར། །འབངས་མོ་མིན་ཡང་གཞན ་གྱི་ལས་རྣམས་བྱེད། །སོར་མོ་འཕྱོག་ཅིང་གུག་པ་གང་གིས་དང། །རྟག་ཏུ་སྡུག་བསྔལ་འབའ་ཞིག་སྤྱོད་པར་བྱེད། །སོར་མོ་སྙོམས་པ་གཅིག་ཏུ་སྐྱེས་པ་འདྲ། །སྣུམ་ཞིང་ཟླུམ་པ་བྱིན་ཏུ་ཕྲ་བ་ནི། །རྒྱལ་པོའི་མཚན་གྱིས་བརྒྱན་པའི ་མཚན་མ་ཡིན། །སེན་མོ་དཀར་མོས་དང་བཅས་པ་ནི། །སྐྱེས་པ་སྡུག་བསྔལ་བཞིན་དུ་གནས་པར་བཤད། །སེན་མོ་གས་པ་འདོད་པའི་ལོངས་སྤྱོད་མེད། །སེན་མོ་འཁྱོག་པ་ཆག་པ་སྦོམ་པ་ལས། །རྟག་ཏུ་སློང་མོ་བྱེད་བའི ་དབུལ་པོར་བཤད། །བ་བླ་ལྟ་བུར་སན་མོ་སར་བ་ཡིས། །བྲམ་ཟེ་གསོད་དམ་བཀུར་འོས་གསོང་བར་བཤད། །སེན་མོ་དམར་བ་རྒྱལ་པོར་འགྱུར་བ་སྟེ། །དེས་ནི་གཉེན་སྤོང་བྱས་བ་མི་གཟོའོ། །རང་གི་རིགས་རྣམས་སྨོད ་པར་བྱེད་པ་ཡིན། །སེན་མ་དུང་མདོག་མཆོག་གི་རྒྱལ་པོར་འགྱུར། །ཟངས་ཀྱི་མདོག་ཅན་རྒྱལ་པོའི་སེན་མོ་སྟེ། །པདྨའི་མདོག་ཅན་སེན་མོའང་དེ་བཞིན་ནོ། །སེན་མོ་ཁྲག་མདོག་མཆོག་ནི་དབང་ཕྱུག་སྟེ། །སྣུམ་པ་ལེགས ་པ་ཟངས་མདོག་རྒྱལ་པོར་འགྱུར། །མཐེ་བོང་ནས་བཟུང་མཐིལ་གྱི་ཤ་རྒྱུད་ནི། །སྙོམས་ཤིང་མདོག་བཟང་རིང་པ་བདེ་བར་འཚོ། །ཐུང་དུ་མདོག་ངན་མཐོ་དམན་ལྡན་པ་ཡིས། །བསམ་ངན་ཀུན་ལ་གནོད་ཅིང་བདེ་བ་མེད། །རྐང་པ ་ཕག་གི་ལྟ་བུ་ཡོད་པ་ལས། །རྟག་ཏུ་གཞན་གྱིས་འཆིང་བར་འགྱུར་བ་ཡིན། །མཉམ་ཞིང་སྙོམས་པ་བདེ་བ་ཐོབ་པར་བྱེད། བོལ་ཚིགས་མ་ཧེ་ལྟ་བུ་འམ་ཕག་ལྟ་བུ། །པོལ?་ཚིགས་རྡོ་རྗེ་ལྟ་བུ་རྟག་ཏུ་སྡུག། བོལ་ཚིགས་རྟ་ཡི་འདྲ་བས་དབང ་ཕྱུག་འཐོབ། །བྱིན་པ་རི་དགས་ལྟ་བུ་རྒྱལ་པོར་འགྱུར། །ཅེ་སྤྱང་ལྟ་བུའི་བྱིན་པས་སྡུག་བསྔལ་འཐོབ། །བྱིན་པ་སྦོམ་པོ་མཆོག་གི་དབང་ཕྱུག་གོ། བྱིན་པ་སྦོམ་པོ་རིང་བ་གང་གིས་དང། །རྟག་ཏུ་འགྲོ་བ་འབའ་ཞིག་ཐོབ་པར་བྱེད། །བྱིན་བ ་ཕག་བ་ལྟ་བུར་ལོངས་སྤྱོད་མེད། །བྱིན་པ་ཕོ་རོག་ལྟ་བུར་སྡུག་བསྔལ་འཐོབ། །བྱིན་པ་དོམ་མམ་སྤྲེའུ་ལྟ་བུ་འཆིང། །སེང་གེ་སྟག་གི་བྱིན་བ་འདྲ་བ་ལས། །ཕ་རོལ་གྲགས་ཤིང་ནོར་རྣམས་མང་པོ་ལྡན། །བ་སྤུ་རེ་རེ་སྐྱེས་པ་རྒྱལ་པོར ་འགྱུར། །གཅིག་གཉིས་སྐྱེས་པ་ནོར་གྱི་རྒྱལ་པོར་འགྱུར། །གསུམ་བཞི་ཡན་ཆད་གང་དེ་རྙེད་པ་མེད། །མཚན་བཞི་པའོ།། །།དང་པ་ནི་ཙོའི་གདངས་ཅན་རྒྱལ་པོར་འགྱུར། །དེ་གཉིས་འགྲོས་ཀྱི་འགྲོ་བ་མཆོད་པར་འགྱུར།། ་ཁྱུ་མཆོག་སེང་གེ་གླང་ཆེན་གདངས་དང་འགྲོས། །ལོངས་སྤྱོད་མང་བོའི་བདག་པོ་བྱེད་པར་འདོད། །སྣ་ཚོགས་བྱ་དང་དུད་འགྲོའི་གདངས་དང་འགྲོས། །དེ་དང་དེ་ཡི་ལོངས་སྤྱོད་འཐོབ་པར་བཤད། །ཆུ་ནང་སེམས་ཅན་བཞིན་དུ་དབུགས་འཁྱིམ ་བ། །གནས་བའི་མི་ཡིས་འཇིགས་དང་སྡུག་བསྔལ་འཐོབ། །ཁྱི་དང་ཕག་དང་མ་ཧེ་བོང་བུ་ཡི། །འགྲོས་ཅན་དེ་འདྲས་སྡུག་ཅིང་དོན་མི་འཐོབ། །རྒྱ་མཚོས་བསྟན་པའི་མཚན་ལྔ་པའོ།། །།བརླ་ཕྲའི་སྐྱེས་པ་དེ་ནི་བུ་དང་བྲལ།། ་བླ་བུག་མཛེས་ལ་སྦོམ་ས་ལོ་རྒྱ་མཚོ། །ནན་ལྟར་སྦོམ་ན་སྡུག་བསྔལ་མང་པོ་འཐོབ། །ཤ་རྒྱས་སྙོམས་པ་མི་ཡི་དབང་ཕྱུག་ཡིན། །སྦོམ་པ་རིང་བས་གཞན་གྱིས་འཆིང་བ་འཐོབ། །སྲབ་མོ་ཕུབ་དང་འདྲ་བས་སྡུག་བསྔལ་འཛིན་།། ་ཤ་སྐམ་བརླ་ནི་སྲབ་ཅིང་རྒྱུ་འགྲུལ་བྱེད། །སྦོམ་ཕྲ་མེད་པར་མཛེས་ཤིང་སྙོམས་པ་ནི། །ཡོན་ཏན་མང་པོ་འཛིན་པར་བྱེད་པ་ཡིན། །བརླ་སྒང་ལེབ་པ་བུད་མེད་རྙེད་པ་འཐོབ། །བརླ་སྟོང་ཕྲ་ལ་བརླ་སྨད་སྦོམ་པ་ནི། །རྟག་ཏུ་རྒྱུ ་འགྲུལ་འབའ་ཞིག་བྱེད་པར་འགྱུར། །རྒྱ་མཚོས་བསྟན་པ་ལས་མཚན་དྲུག་པའོ།། །།སོར་མོའི་རི་མོ་གཡས་སུ་འཁྱིལ་བ་ནི། །བུ་འཐོབ་གཡོན་དུ་འཁྱིལ་བས་བུ་མོ་འབྱུང། །སེར་མོ་མི་སྙོམས་སྦོམ་ཕྲ་རྩ་དང་བཅས། ། ་དེ་འདྲ་གང་ལ་ཡོད་པ་སྡུག་བསྔལ་འཐོབ། །སྙོམས་པ་རིང་པོ་རྩ་མེད་ཤ་དང་བཅས། །གང་ལ་ཡོད་པ་དེ་ནི་བདེ་བར་འཚོ། །རྐང་བ་འཕོངས་ཚོས་མཉམ་པར་འདུག་པ་ལ། །རྟགས་ཀྱིས་ས་ལ་རེག་པས་སྡུག་བསྔལ་འཐོབ། །དབང་པོས་ཚིག ་ལ་སླེབས་པས་དབང་ཕྱུག་འཐོག། སེང་གེ་སྟག་གི་དབང་པོ་ལྟ་བུ་ལ། །ལོངས་སྤྱོད་མང་པོའི་བདག་པོ་བྱེད་པར་འགྱུར། །རྟ་ཡི་དབང་པོ་ལྟ་བཱུང་དེ་བཞིན་ནོ། །དབང་པོའི་ནང་དུ་པདྨའི་རི་མོ་འདྲ། །གང་ལ་ཡོད་པ་དེ་ནི་རྒྱལ་པོར་འགྱུར ་གསེར་དངུལ་མུ་ཏིག་རྔོ་ཡི་སྙིང་?་དང། །དམ་བ་སྣུམ་པ་ནོར་བུ་རིན་ཆེན་འདྲ། །གང་ལ་ཡོད་པ་དེ་ནི་རྒྱལ་བོའི་མཚན། །ལྗང་དང་སྔོ་ནག་རྡུལ་དང་བཅས་པ་དང། །རི་མོ་སྔོ་སྐྱ་གས་དང་ཀང་ཀོང་ཅན། །གང་ལ་ཡོད་པ་སྡུག་བསྔལ ་མང་པོ་འཐོབ། །བ་བླའི་རི་མོ་ལྟ་བུ་རྒྱལ་པོར་འགྱུར། །མདོག་ངན་རྡུལ་དང་བཅས་པའི་རི་མོ་ཅན། །དེ་འདྲ་གང་ལ་ཡོད་པ་རྙེད་པ་མེད། །ཡང་ན་དེ་འདྲའི་མཚན་མ་མ་ནིང་འགྱུར། །མཆོག་ཏུ་འདོད་པ་ཆེན་བུ་མོ་སྐྱེ། །ུ་ཏཔལ་སྔོན ་པོ་པར་རྒྱས་འདྲ་ལ་སྙོམས། །བཟང་བོའི་མཚན་མ་ཡིན་པར་རྒྱ་མཚོས་བཤད། །དྲི་ཆུ་རིང་པོར་འགྲོན་བདེ་བར་འཚོ། །དྲི་ཆུ་གཉིས་གསུམ་བཞི་ལྔ་ངན་བར་བཤད། །ནན་ལྟར་མང་པོར་འཕྲོ་བ་བཟང་པོར་བཤད། །དྲི་ཆུ་སྒྲ་དང་བཅS ་པ་བདེ་བར་འཚོ། །དྲི་ཆུ་སྒྲ་དང་བྲལ་བ་སྡུག་པར་འགྱུར། །འབབ་ཚེ་གཡས་སུ་འཁོར་བ་བཟང་པོར་བཤད། །ཕྱི་ནས་དེ་ནི་བུ་དང་ལྡན་པར་འགྱུར། །གཡོན་དུ་འཁོར་ན་བུ་མོ་བཟང་མོ་སྐྱེ། །རལ་གྲི་སྔོན་པོ་ལྟ་བུར་སྡུག་ཅིང་གསོན། །སྐྱེ ་བར་སྐྱེ་བ་ཀུན་ཏུ་སྡུག་བསྔལ་འཐོབ། །རྟགས་ལ་རེག་ན་ཤིང་ལྟར་གྱོང་བ་ཡིས། །རང་གི་རིགས་རྣམས་རླག་པར་བྱེད་པ་ཡིན། །སྙོམས་ལ་ཟླུམ་ཞིང་འཇམ་པ་ཁུ་བ་འཛིན། །གང་ལ་དེ་འབྲིར་རྟགས་ཅན་བདེ་བར་འཚོ། །སོར་གསུམ ་སོར་ལྔ་ལྡན་པའི་དབང་པོ་ནི། །གང་ལ་ཡོད་པས་ཡི་བདག་པོར་བཤད། །རྒྱ་མཚོས་བསྟན་པ་ལས་མཚན་བདུན་པའོ།། །།ལྟེ་བ་ཡངས་ལ་ཟབ་པ་ནང་དུ་ཟླུམ། །དེ་འདྲ་གང་ལ་ཡོད་པ་བདེ་བར་འཚོ། །ནང་དུ་ཟླུམ་པོ་མེད་པ ་སྡུག་ཅིང་གསོན། །ཚང་ར་ཤ་དང་བཅས་པ་བདེ་བར་འཚོ། །ཤ་སྐམས་སྔོ་དང་བཅས་པ་སྡུག་བསྔལ་འཛིན། །ཤ་སྐམས་ཏིང་སོང་རྐུབ་ཙོས་སྦུ་དང་བྲལ། །རྟག་ཏུ་དེ་ལ་སྡུག་བསྔལ་མང་དུ་འབྱུང། །སྟག་དང་སེང་གེ་ལྟ་བུའི་འཕོངས་རྩོས ་ཅན། །རྟག་ཏུ་བདེ་ཆེན་བདག་པོ་བྱེད་པར་བཤད། །དོམ་དང་སྤྲེའུ་ལྟ་བུ་བདེ་བ་མེད། །ཤ་སྐམས་ཁྱི་ཡི་ལྟ་བཱུང་དེ་བཞིན་ནོ། །གསུས་པ་རི་དགས་ལྟ་བུ་བདེ་བའི་མཚན། །གསུས་བ་རྨ་བྱ་ལྟ་བཱུང་དེ་བཞིན་ནོ། །སྟག་དང་སེང་གེ་ལྟ་བུ་རྒྱལ ་པོར་འགྱུར། །གསུས་པ་ཆུང་པ་མི་ཡི་བདག་པོར་འགྱུར། །གསུས་པ་ཤིན་ཏུ་ཆེ་བ་འང་བདེ་བའི་མཚན། །གསུས་པ་བྷ་གྷ་ལྟ་བུ་མི་ཡི་བདག། དེ་ནི་ས་ཡི་བདག་པོ་བྱེད་པར་བཤད། །ལྟེ་བ་ཟབ་བ་ཟླུམ་བ་སྐྱེས་བུའི་མཆོག། ཟླུམ་བ་ཕྱིར་རུ ་འཐོན་ན་ངན་གར་བཤད། །ལྟེ་བ་གཡས་སུ་འཁྱིལ་བས་དོན་རྣམས་འགྲུབ། །གཡོན་དུ་འཁྱིལ་བས་དོན་རྣམས་སྟོང་བར་བཤད། །སྦུ་གཉིས་སྙོམས་ཤིན་ཟབ་པ་བདེ་བའི་མཚན། །སྦུ་གཉིས་མི་མངོན་གསུམ་པ་སྙོམས་པ་ལས།། །། ་བུད་མེད་ལོངས་སྤྱོད་ཐོབ་པ་བདེ་བའི་མཚན། །སྤུ་གཉིས་རི་བོང་ལྟ་བཱུང་སྐྱེས་པའི་མཚན། །གསུས་པ་ནས་འདྲ་རྩ་ཡིས་གང་བ་ལས། །མཚན་ངན་སྡུག་བསྔལ་མང་པོ་འཐོབ་པར་བྱེད། །གསུས་པ་ཟླ་གམ་སྦྲུལ་འདྲ་དྲོང ་པོ་ཆེ། །སྦྲུལ་དང་ཉ་འདྲ་རང་གི་དཀའ་ཐུབ་ཉམས། །ཁྱི་དང་ཅེ་སྦྱད་ལྟ་བུ་ལྟོགས་ཤིང་སྐོམ། །ཚེ་རིང་ལོ་བརྒྱ་འཚོ་ཡང་སྡུག་ཅིང་གསོན། །རྒྱ་མཚོས་བཤད་བ་ལས། མཚན་བརྒྱད་པའོ།། །།ནུ་མ་མཐོ་བ་སྣུམ་ཞིང་སྙོམས་པ ་ལས། །བདེ་ཞིང་བཟང་པོའི་མཚན་གྱིས་བརྒྱན་པ་ཡིན། །བྲང་ཞིང་སྙོམས་པ་ཟབ་པ་བདེ་བར་འཚོ། །ཚེ་རིང་ལོ་བརྒྱ་འཚོ་ཞིང་ལོངས་སྤྱོད་འཕེལ། །ཤ་རྒྱས་ཞིང་ཆེ་ཟླུམ་པ་རྒྱལ་པོར་འགྱུར། །གདོང་བ་ཤ་མེད་མིད?་སྡུག་བསྔལ་འགྱུར། །དབང ་ཕྱུག་རྟག་དང་སེང་གེ་འདྲ་བས་འཐོབ། །སྡེ་ཡི་བདག་དང་དཔོན་པོ་འཐོབ་པར་འགྱུར། །སེང་གེའི་རྒྱབ་ཅན་བདུད་རྩི་ཀུན་གྱིས་མཆོད། །རྟ་ཡི་རྒྱབ་ཅན་སྐྱིད་སྡུག་འདྲེས་མར་སྤྱོད། །ཤིན་ཏུ་རྒྱབ་གཞུང་རིང་བ་གཉེན་དང་བཅས། །རྟག་ཏུ་བདེ་བར་སྐྱོང ་ཞིང་རང་དོན་མེད། །རྒྱ་མཚོས་བཤད་པ་ལས་མཚན་དགུ་པའོ།། །།སྙིང་གར་སྤུ་དང་བཅས་པ་བདེ་བར་འཚོ། །སྦུ་དང་བྲལ་བའང་བདེ་བར་འཚོ་བར་བྱེད། །སྤུ་སྙོམས་ཅུང་ཟད་སྐྱེས་པ་མཁས་པར་འགྱུར། །སྦུ་གཅིག་སྐྱེས ་བ་ཕྱུག་པོར་འགྱུར་བར་བཤད། །གཉིས་དང་གསུམ་དུ་སྐྱེས་པ་ངན་པར་བཤད། །སེར་སྐྱ་སྔོ་ནག་སྤྲིན་གྱི་མདོག་ཅན་དང། །ལྡོང་རོས་ཟླ་བའི་ཁ་དོག་པདྨ་དང། །འདྲ་བ་དེ་ཡང་རྒྱལ་པོའི་མཚན་དུ་འདོད། །སེར་སྐྱ་ཉི་མ་འཆར ་ཀའི་ཁ་དོག་ཅན། །ས་སྐྱོང་རྒྱལ་པོ་བྱེད་པར་འགྱུར་པ་ཡིན། །རྒྱ་མཚོས་བཤད་པ་ལས། མཚན་བཅུ་པའོ།། །།གླང་ཆེན་ལྟ་བུར་ལུས་པོ་བྱིན་དུ་རྒྱས། །བདེ་བར་གསོན་པ་བཟང་པོའི་མཚན་དུམ་ཅན། །ཐད་ཀར་ལངས ་པའི་ལག་པས་བུས་མོར་སླེབ། །ཡོན་ཏན་ཀུན་གྱིས་བརྒྱན་པའི་ལག་པ་ཡིན། །ཤིན་ཏུ་ལག་པ་ཆུང་བ་འབངས་པོར་འགྱུར། །ལག་པ་རིང་པོ་གཡོན་དུ་འཁྱིལ་བ་ཡིན། །ཐམས་ཅད་ཡོངས་སུ་རྫོགས་པར་རྒྱས་པ་དེ། །ཕ་རོལ་གྲགས་པའི་རྒྱལ་པོ་ཐོབ ་པར་འགྱུར། །ལག་པའི་རིམ་གཡོན་དུ་འཁྱིལ་བ་ནི། །རྟག་ཏུ་སྐྱེས་པའི་སྡུག་བསྔལ་འབྱུང་བ་ཡིན། །ལག་པ་སྙོམས་ལ་མཐུག་པ་སོར་མོ་རིང། །དམར་པོ་ཟླུམ་པ་ཤ་དང་བཅས་པ་ནི། །འཇམ་པ་ནང་དུ་ཆུ་བླུགས་འཛིན་པར་བྱེད། །དེ་འདྲ་གང་ལ ་ཡོད་བ་རྒྱལ་པོར་འགྱུར། །ལག་པ་ཤ་མེད་རྡུལ་དང་རྩ་ཡིས་གང། །སེར་སྐྱ་སེན་མོ་སེར་བ་སྡུག་བསྔལ་འཛིན། །མཛུབ་མོའི་དཀྱིལ་ན་གྱེན་དུ་ལངས་པ་ཡི། །རི་མོ་གང་ལ་ཡོད་པ་བུ་གསུམ་འབྱུང། །གང་དུ་སྲང་གིར་མི་ཡོད་གྱུར་པ།། ་ལག་པའི་རྟིང་པར་ཉ་འམ་རྔམ་འདྲ། །གང་ལ་ཡོད་བསྒྲུབ་པའི་འབྲས་བུ་འཐོབ། །དེ་ནི་དབུ་མ་བདག་པོ་བྱེད་པར་བཤད། །མཐེབ་ཆུང་སྲིན་ལག་རྩ་བའི་ཚིགས་གསུམ་གྱིས། །འོག་མའི་དཀྱིལ་དུ་རི་མོ་སྙོམས་པ་གསུམ། །ནན་ལྟར་འདོད་པ་ཡོད་ན ་ལོ་བརྒྱ་འཚོ། །ལག་པ་བུར་ཆང་མདོག་ཅན་ལྟ་བུ་ནི། །གསེར་དང་ནོར་མང་བདག་པོ་བྱང་བ་ཡིན། །གཞན་ཡང་རིག་བ་མང་པོ་འཛིན་པར་བྱེད། །ལག་པའི་དཀྱིལ་ལམ་ཡང་ན་གནས་གཞན་དུ། །ཧོཾ་གཟར་ལྟ་བུ་གང་ལ་ཡོད་པ་ནི། །ཀུན་གྱིས ་བཀུར་རམ་མཆོད་སྦྱིན་བདག་པོར་བཤད། །ལག་པའི་རི་མོ་མང་པོ་ཡོད་གྱུར་ན། །བྲམ་ཟེར་གྱུར་ན་རིག་བྱེད་བཞི་པ་མཁས། །དབྱུག་པ་གདུགས་དང་ཆུ་བུམ་ལྟ་བུ་ནི། །རི་མོ་གང་ལ་ཡོད་པ་བྲམ་ཟེ་ཡི། །དེ་ཡི་རྐང་པ་རྒྱལ་པོའི་མགོ་བོས ་འདུད། །རྡོ་རྗེ་རྩེ་གསུམ་ཤག་ཏི་འདྲ་བ་དང། །དགྲ་སྟའི་རི་མོ་རལ་གྲི་དང་འདྲ་བའི། །གཟུགས་རྣམས་ཡོད་པ་དེ་ནི་རྒྱལ་པོར་འགྱུར། །དུང་དང་གདུགས་དང་རྒྱལ་མཚན་ལྕགས་ཀྱུ་དང། །གང་ལ་ཡོད་པ་མི་ཡི་དབང་པོར་འགྱུར། །རི་མོ ་དོང་སྙོམས་སྣུམ་བ་འཁོར་ལོ་འདྲ། །གང་ལ་ཡོད་པ་དེ་ནི་རྒྱལ་པོར་འགྱུར། །རི་མོ་ཆད་བ་རྡུལ་ཅན་ཉུང་དུ་གསོན། །རི་མོ་རིང་དང་ཤིང་སྡོང་ལྟ་བུ་དང། །སོར་མོ་རིང་ཤིང་ཟླུམ་ལ་སྙོམས་པ་ནི། །དུད་འགྲོ་མང་པོའི་བདག ་པོ་བྱེད་པར་འགྱུར། །རི་མོ་གདུགས་དང་རྒྱལ་མཚན་འཁོར་ལོ་ལྟར། །གང་ལ་ཡོད་པས་རྒྱལ་པོ་ཐོབ་པར་ངེས། །འགྲོ་འམ་འདུག་ཀྱང་ངེས་པར་བདེ་བར་གསོན། །རྒྱ་མཚོས་བསྟན་པ་ལས་མཚན་བཅུ་གཅིག་པའོ།། །།ལག་པ ་མཐོ་ལ་ཟླུམ་ཞིང་ཤ་དང་བཅས། །དེ་ནི་སྡེ་ཆེན་བདག་པོ་བྱེད་པར་བཤད། །མགྲིན་པ་རིང་བ་རྔ་མོ་ལྟ་བུ་ནི། །ཕ་རོལ་ནོང་ལ་རློམ་སེམས་བྱེད་པར་བཤད། །མགྲིན་པ་སྣུམ་པ་ཀི་ར་ལྟ་བུ་དང། །གླང་ཆེན་ལྟ་བུ་ཡོད་ན་རྒྱལ་པོར་འགྱུར། །བཟའ་ ་བཏུང་ལོངས་སྤྱོད་མང་བོ་ཐོབ་པར་བྱེད། །གདོང་པ་ཟླུམ་པོ་ཆོས་དང་ཚུལ་ཁྲིམས་ལྡན། །གདོང་པ་ཤ་དང་བྲལ་བ་ཉ་སྐྱོག་ཅན། །ཕ་རོལ་དོན་རྣམས་མང་པོ་སྨྲ་བར་བྱེད། །མང་པོར་སྨྲ་བ་དེ་ནི་རྐུན་མར་འགྱུར། །དོན་རྣམས་རྫོགས་པར ་སྨྲ་བ་རྒྱལ་པོར་འགྱུར། །ར་དང་སྤྲེའུའི་སྐད་དང་གདོང་པ་ཅན། །ཕ་རོལ་གྲགས་པ་ནོར་རྣམས་མང་པོར་ལྡན། །འགྲམ་མགོ་པདྨའི་འདབ་མ་ལྟ་བུ་ནི། །སྡེ་ཡི་འདྲེན་པ་ལོངས་སྤྱོད་མང་པོར་ལྡན། །ཡ་མཆུ་དམར་ཞིང་སྲབ་པ་མི་ཡི་བདག། ་ཡ་མཆུ་འཐུག་པར་གྱུར་ན་རྨོངས་པར་འགྱུར། །ནན་ལྟར་སྐམས་ན་སྡུག་བསྔལ་མང་པོ་འབྱུང། །བིམ་བའི་མཆུ་ཅན་བཟའ་བཏུང་མང་པོར་བཤད། །སོ་རྣམས་ཀུ་མུ་ད་ལྟར་དཀར་བ་ནི། །མཆོག་ཏུ་བཟང་པ་མི་ཡི་རྒྱལ་པོར་འགྱུར ་གླང་ཆེན་བོང་བུའི་སོ་ཅན་སྣུམ་པ་རྣམས། །བདེ་བར་འཚོ་བ་བཟང་པོའི་མཚན་མ་ཡིན། །དོམ་དང་སྤྲེའུའི་སོ་འདྲ་ལྟོགས་པར་གནས། །རྡོབ་ལྟ་བུར་རྡོལ་ཅན་འཁྱོག་པ་ནི། །སྡུག་བསྔལ་འཐོབ་པའི་སོ་ཡི་མཚན་མར་བཤད། །གཡས ་པའི་སོ་གཉིས་སྦོམ་བ་དཔོན་པོར་བཤད། །སྟོབས་དང་ལོངས་སྤྱོད་མང་པོ་ལྡན་པ་ཡིན། །གཡོན་པའི་སོ་གཉིས་སྦོམ་ན་ཕ་མ་འཆི། །སོ་བཞི་འཁྱོག་པ་སྡུག་ཅིང་ཕ་མ་འཆི། །དཀར་པོ་དྲ་བ་ལེགས་པས་ཡི་བདག?་རིང་ཞིང་རྣོ་བ་མཁས ་པའི་མཚན་མ་ཡིན། །སུམ་ཅུ་རྩ་གཉིས་སོ་ཅན་རྒྱལ་པོར་བཤད། །སུམ་ཅུ་རྩ་གཅིག་སོ་ཅན་ལོངས་སྤྱོད་འཐོབ། །སུམ་ཅུ་ཡོད་པ་བདེ་བར་འཚོ་བའི་མཚན། །སུམ་ཅུ་སོ་དགུའི་སོ་ཅན་སྡུག་ཅིང་གསོན། །ཉི་ཤུ་རྩ་བཞི་པའང་བདེ་བར་འཚོ ་དེས་ནི་ལས་ལ་ལོངས་སྤྱོད་མང་པོ་སྙིང། །ཡ་སོ་མ་སོ་མཉམ་པ་ནོར་གྱི་བདག། དམར་རྨུག་ལྕེ་ཅན་སྡུག་པ་བྱེད་པ་ཡིན། །མ་ཐུག་པ་རྡུལ་ཅན་སྡུག་བསྔལ་མང་པོ་འཐོབ། །དཀར་པོའི་ལྕེ་ཅན་སྤྱད་པ་གཙང་བ་ཡིན། །པདྨའི་འདབ་མ་ལྟ་བུ་རིང་བ ་ནི། །ཤིན་ཏུ་སྲབ་པ་མ་ཡིན་འཐུག་པ་མིན། །རྒྱལ་པོར་འགྱུར་བའི་ལྕེ་ཡི་མཚན་མ་ཡིན། །སྣུམ་ཞིང་དམར་བ་རིག་པ་འཛིན་པར་བྱེད། །དམར་མུག་རྐན་ཅན་རིགས་རྣམས་ཉམས་པར་བྱེད། །ནོར་མེད་སྡུག་བསྔལ་མང་པོ་འཐོབ་པར ་བྱེད། །སེར་ནག་རྐན་ཅན་གང་ཡང་བཟང་པོ་མིན། །སེང་གེ་གླང་ཆེན་ལྟ་བུ་མི་ཡི་བདག། དང་པོ་འབྲུག་གི་གདངས་ཅན་ནོར་དང་ལྡན། །གླང་དམ་བོང་བུའི་སྐད་ཅན་སྡུག་བསྔལ་ཆེ། །རྟ་དང་བོང་བུ་བྱ་རོག་སྒྲ་ཅན་སྡུག། ཚིག་གཏམ་ཟེར ་བ་སྡིག་ཅན་ཡིན་པར་བཤད། །ཉུང་དུ་སྨྲ་ཞིང་བདེན་པ་རྒྱལ་པོར་འགྱུར། །རྒྱ་མཚོས་བསྟན་པ་ལས་མཚན་བཅུ་གཉིས་པའོ།། །།གླང་ཆེན་རྟ་ཡི་སྣ་ཅན་རྣོ་བ་ནི། །འཇིག་རྟེན་འདྲེན་བ་བྱེད་པར་འགྱུར་བ་ཡིན། །ནེ་ཙོའི ་མཆུ་ཅན་དེ་ཡང་དེ་བཞིན་ནོ། །ཤིན་ཏུ་སྣ་གོང་མཐོ་བ་ལོངས་སྤྱོད་ཅན། །སྣ་ཆུ་ས་ཆོས་དང་ཚུལ་ཁྲིམས་རྩ་བ་བསྐྲུན། །སྣ་གོང་འཁྱོག་པ་སྡུག་པ་བྱེད་པ་ཅན། །སྣ་རྩེ་སྦོམ་པ་འཐུག་པའང་སྡུག་པ་བྱེད། །སྣ་རྩེ་སྦོམ་ལ་སྣ་གོང་ལབ་པ་ནི ་དེའང་སྡུག་བསྔལ་མང་པོ་འཛིན་པར་བྱེད། །རྒྱ་མཚོས་བསྟན་བ་ལས་མཚན་བཅུ་གསུམ་པའོ།། །།མེ་ཏོག་དམར་པོ་ལྟ་བུའི་མིག་ཅན་ནི། །ལོངས་སྤྱོད་བདག་པོ་སྡེ་ཡི་འཛིན་པ་བྱེད། །གྲུ་གསུམ་མིག་ཅན་འཇིགས ་པ་ལྡུམ་པ་དང། །བྱི་ལ་དང་པའི་མིག་འདྲ་དཔོན་པོར་འགྱུར། །ཁྲག་ལྟར་དམར་བ་ནད་དང་བཅས་ཤིང་སྡུག་།མཆོག་ཏུ་མིག་འབོར་ཆེ་བ་འང་སྡུག་པར་བཤད། །མ་ཧེ་ལུག་དང་རའི་འདྲ་འཁྲུག་པ་རེ་མ། །གཡོ་བའི་མིག་ཅན་ཀུན་ཏུ་བལྟ་བ་ནི། །ཕ ་རོལ་བུད་མེད་ལ་ནི་བསམ་པ་ཅན། །མིག་གཉིས་ནད་དུ་སོང་བ་མང་པོར་གསོན། །ཟླུམ་པོའི་མིག་ཅན་ཉུང་དུ་གསོན་པར་བཤད། །རི་དགས་རྨ་བྱ་ཅེ་སྤྱང་བ་གླང་དང། །གླང་ཆེན་ལྟ་བུས་ལོངས་སྤྱོད་ཐོབ་པར་བྱེད། །མཆོག་འཆུང་བ་སྐམ་པོ་ཡོ ་བ་ནི། །ཆུ་ཡིས་གང་བ་ཟག་པ་མཆི་མ་ཅན། །ནོར་མེད་སྡུག་བསྔལ་ཅན་གྱི་མིག་ཏུ་བཤད། །རྒྱལ་མོ་ཤིན་ཏུ་གནག་པ་བདེ་བར་འཚོ། །རྒྱལ་མོ་དཀར་བས་འཆིང་བ་ཐོབ་པར་བྱེད། །རྒྱལ་མོ་དམར་བས་ནོར་གྱི་བདག་པོ་བྱེད། །མིག་རྐ ་ལོགས་པས་དབང་ཕྱུག་ཐོབ་པར་བྱེད། །མིག་རྩ་དམར་བ་ལོངས་སྤྱོད་ཐོབ་པར་བྱེད། །དམར་དང་དཀར་པོའི་རི་མོ་དོད་པ་ལས། །དེ་ནི་མཁས་ཤིང་བློ་གྲོས་བཟང་པོ་ཅན། །མིག་ནས་མཆིམ་འཛག་པ་འཁོན་ཞིང་སྡུག་།འགྲོ་ཚེ་ལམ་ལ་ལྟ་བ ་མཁས་པའི་མཚན། །ཀུན་ཏུ་ལྟ་བ་བ་གླང་ལྟ་བུ་དང། །རྒྱ་མཚོས་བསྟན་པ་ལས་མཚན་བཅུ་བཞི་པའོ།། །།པདྨའི་སྐྲ་ཅན་དམར་བ་ལེགས་པ་དང། །མེ་ལྟར་འོད་ཟེར་འབར་བ་གདངས་དང་བཅས། །དེ་འདྲའི་གདངས་ཅན ་འཁོར་ལོས་སྒྱུར་བར་བཤད། །གསེར་གྱི་གདངས་ཅན་དབང་ཕྱུག་ཐོབ་པར་བྱེད། །ཕུག་རོན་ཨ་ཀ་རོ་དང་ཁྱུ་བྱུག་གདངས། །དབང་ཕྱུག་ལོངས་སྤྱོད་མང་པོ་ཐོབ་པར་བྱེད། །བྱི་ལ་འུག་པའི་མདངས་ཅན་དཔལ་འཐོབ་ཅིང། །ཉི་མ ་གློག་གི་གཟུགས་ཅན་རྒྱལ་པོར་བཤད། །ཀ་ལ་བིང་ཀ་སེར་སྐྱའི་མིག་ཅན་ནི། །འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱེད་པར་འགྱུར། །རིན་ཆེན་མུ་ཏིག་མིག་ཅན་མཁས་པར་འགྱུར། །མིག་གཉིས་འབྱེད་འཛུམ་མང་བ་ཉུང་དུ་གསོན། །འབྱེད་འཛུམ ་ཆུང་བ་རིང་དུ་གསོན་པར་བྱེད། །བསྟུང་ནས་འབྱེད་འཛུམ་མང་བ་ནད་མང་ཞིང། །ལན་གཉིས་འཛུམ་པ་གཡོག་ཏུ་འགྱུར་བ་ཡིན། །གསུམ་དུ་འཛུམ་པ་བདེ་བར་འཚོ་བར་བྱེད། །ལན་བཞི་འཛུམ་པ་ལྟོགས་པར་གནས་པ་གཉིད། །དེ་ནི་ཚེ་ཐུང ་སྡུག་ཅིང་གསོན་པར་བཤད། །དཔྲལ་བ་སྐམས་པ་རྡུལ་དང་བཅས་བ་སྡུག་།གཉེར་མ་ལྔ་པ་ལོ་བརྒྱ་འཚོ་བར་བཤད། གཉེར་མ་བཞི་པ་དགུ་བཅུ་གསོན་པར་བཤད། །གཉེར་མ་གཉིས་པ་དྲུག་ཅུ་གསོན་པར་བཤད། །གཉེར་མ་མེད་པའི ་མི་རྣམས་ཚེ་ཐུང་ཞིང། །གཉེར་མ་ཐུང་དུ་གཅིག་པ་ནད་དང་བཅས། །གཉེར་མ་ཉི་ཤུ་རྩ་ལྔ་ཡོད་པ་ལས། །རྟག་ཏུ་སྡུག་བསྔལ་མང་པོ་སྤྱོད་པར་འགྱུར། དཔྲལ་བར་རྩེ་གསུམ་ཐོ་བས་དབང་ཕྱུག་འཐོབ། །གཉེན་བདུན་མང་པོའི་འཁོར ་དང་ལྡན་པར་འགྱུར་རོ། །མེ་ཏོག་པདྨ་ལྟ་བཱི་དཔྲལ་བ་ཅན། །ཆོས་དང་ཚུལ་ཁྲིམས་འཛིན་པར་བྱེད་པ་ཡིན། །རྡོ་རྗེ་རྒྱལ་མཚན་འཁོར་ལོ་ཟླ་བ་དང། །འདྲ་བ་ཡོད་པས་ཡི་བདག་པོར་བཤད། །གྱེན་དུརི་མོ་གཅིག་པ་འཁོར་གྱི་བདག་། ་ཟླ་བྱེད་འདྲ་བས་དབང་ཕྱུག་ཐོབ་པར་བྱེད། །གྱེན་ཐུར་འཕྲེད་ལ་རི་མོ་མང་པོ་ཅན། །སྡུག་བསྔལ་འཛིན་པ་སྐྱེས་བུའི་མཚན་མ་ཅན། །རི་མོ་རིང་བོ་སློབ་དཔོན་བྱང་བར་འགྱུར། །མགོ་བོ་གདུགས་འདྲི་མ་ཡི་དབང་པོར་འགྱུར། །དབྲལ་བ ་རྡོག་པོར་ཐོན་ནས་རྣོ་བ་ལ། །ལྟོགས་ཤིང་རྟག་ཏུ་ནོར་མེད་དབུལ་པོར་འགྱུར། །མགོ་བོ་གླང་ཆེན་ལྟ་བུར་རྒྱལ་པོ་འདྲ་བའི། །དབང་ཕྱུག་དུ་མའི་བདག་པོ་བྱད་པར་འགྱུར། །མགོ་བོ་གྲུམ་པ་ལྟ་བུ་སྐྱེ་བ་དང། །རྡུལ་དང་སྐྲ ་དང་ལྡན་པའང་དེ་བཞིན་ནོ། །རྡུལ་ཅན་ཆེན་པོ་འཐུག་པོ་སྐྱེས་པ་སྡུག། སྲབ་འཐུབ་སྙོམས་པོར་སྐྱེས་པ་བདེ་བར་འཚོ། །རྩ་བ་ལེགས་པར་སྙོམས་ཤིང་རིང་ཐུང་མེད། །དེ་འདྲའི་མི་ཡིས་དབང་ཕྱུག་ཐོབ་པར་བྱེད། ་རྒྱ་མཚོས་བསྟན་པ་ལས་མཚན་བཅོ་ལྔ་བའོ།། །།སྐྱེས་པའི་མཚན་བསྟན་པ་རྫོགས་སོ།། །།བུད་མེད་མཚན་རྣམས་བཤད་ཀྱིས་ཉན་པར་གྱིས། །པདྨ་ལྟ་བུར་དམར་ལ་སྣུམ་པ་དང། །རྐང་པ་ཆུང་བའི་བུད་མེད ་བདེ་བ་འཐོབ། །འཁོར་ལོ་པདྨ་རྒྱལ་བ་མཚན་གདུགས་འདྲ་བའི། །རི་མོ་ཡོང་བ་དེ་ཡན་བཙུན་མོར་འགྱུར། །རྐང་པའི་སོར་མོའི་འོག་ཏུ་གྱེན་དུར་ལ། །རི་མོ་ཡོད་ན་དཔོན་པོའི་ཆུང་མར་འགྱུར། །རྐང་པ་སྲབ་མོ་ཚེན་མོ་གཡོག་མོར ་འགྱུར། །རྐང་བ་བསྐམས་པ་ལྟོགས་པར་འགྱུར་བ་ཡིན། །འགྲོ་ན་བྱ་བྲན་ལྟ་བཱུང་དེ་བཞིན་ནོ། །དེ་ལ་རང་གི་རིགས་དང་ཚུལ་ཁྲིམས་མེད། །མཐེབ་ཆུང་ས་ལ་མི་རེག་ཁྱོ་པོ་འཆི། །སྲིན་ལགས་ལ་མི་རེག་འཁོན་པར་འགྱུར།། ་དེའང་ཁྱོ་བོ་འཆི་བར་འགྱུར་བ་ཡིན། །གུང་མོས་ལ་རེག་པར་མི་བྱེད་པ། །སྐྱེས་པ་ལྟ་བུའི་སྤྱོད་པ་བྱེད་པར་འགྱུར། །མཛུབ་མོ་ཟླུམ་པས་ལ་མི་རེག་པ། །ཁྱོ་བོ་སྤངས་ཤིང་སྐྱེས་པ་གཞན་ཡང་སྤྱོད། །སོར་མོ་སོ་སོར་གྱེས་བ་རྡུལ ་དང་བཅས། །དེ་ནི་གཞན་གྱི་གཡོག་མོ་བྱེད་པར་འགྱུར། །སོར་མོ་སྦོམ་པ་བདེ་བ་མེད་པར་བྱེད། །སོར་མོ་སྐམས་པ་རྩ་དང་བཅས་བ་དང། །སྡུག་བསྔལ་འཛིན་བར་འགྱུར་བའི་བུད་མེད་ཡིན། །རིང་བ་སྙོམས་ལ་གཙང་བ་རིང ་པ་བདེ། །སོར་མོ་མཉམ་པ་བར་མེད་ཤ་དང་བཅས། །རྟག་ཏུ་བདེ་བར་འགྱུར་བའི་བུད་མེད་ཡིན། །རང་གི་ཁྱོ་པོས་ཆོག་པར་འཛིན་པར་བྱེད། །སོར་མོ་མཐོ་ལ་ཟླུམ་པ་པདྨའི་མདངས། །དེ་ལ་བུ་དང་ནོར་རྣམས་རྒྱས་པར་འགྱུར། ་སོར་མོ་ཆུང་བ་ས་ལ་རེག་པར་བྱེད། །སྐམ་པ་རྡུལ་དང་བཅས་པའི་བུད་མེད་དེ། །རྟག་ཏུ་སྡུག་བསྔལ་འབའ་ཞིག་སྤྱོང་པར་བྱེད། །མཐེ་བ་ཆན་གས་བ་སན་མ་ངན་བ་ཅན། །དེ་ཡི་སྤུན་ཟླ་ཉམས་པར་འགྱུར་བ་ཡིན། །རྒྱ་མཚོས་བསྟན་པ ་ལས་བུད་མེད་ཀྱི་མཚན་གསུམ་པའོ།། །།རྐང་པའི་མཐིལ་གྱི་ཤ་རྒྱུད་མཛེས་ཤིང་སྐོང། །དེ་ནི་སྨད་ཚོང་བྱེད་པར་འགྱུར་བ་ཡིན། །ཤིན་ཏུ་སྦོམ་ན་སྡུག་བསྔལ་འབའ་ཞིག་ཐོབ། །ས་ལ་རེག་ཅིང་སྙོམས་པ་བདེ་བར་འཚོ།། ་བོལ་ཚིགས་མ་ཧེ་ལྟ་བུའི་ཆང་བར་འགྱུར། །བོལ་ཚིགས་སྙོམས་པའི་བུད་མེད་བདེ་བར་འཚོ། །བརླ་ཡི་ཤ་རྒྱས་སྙོམས་ཤིང་སྣུམ་པ་དང། །རྩ་མེད་སྤུ་དང་བྲལ་བའི་བུད་མེད་ནི། །འགྲོ་དང་འདུག་པ་ཀུན་ཏུ་བདེ་བར་འཚོ། །བརླ་ལ་གྱེན་དུ་རི་མོ ་གཉིས་ཡོད་ན། །སྨད་འཚོང་བྱེད་དེ་ཚུལ་ཁྲིམས་གཉིས་པ་ཡིན། །རི་མོ་ཆུང་ན་ཁྱོ་བོ་འཆི་བར་འགྱུར། །གྱེན་དུ་རི་མོ་གཅིག་པ་བདེ་བར་འཚོ། །རྒྱ་མཚོས་བསྟན་པ་ལས་མཚན་བཞི་པའོ།། །།བརླ་མགོ་རི་མོ་འཕྲེང་ལ་ཡོད་པ་ན།། ་ཕྱི་རོལ་སྐྱེས་པ་གཞན་རྣམས་ཚོལ་བར་བྱེད། །བརླ་སྟོང་ཤིན་ཏུ་ཤ་རྒྱས་བདེ་བའི་མཚན། །ནང་ནས་ཕྱི་རོལ་ཤིན་ཏུ་གནག་པའི་སྤུ། །ཉུང་དུ་སྙོམས་པར་སྐྱས་པའི་བུད་མེད་ནི། །མི་ཡི་བདག་པོའི་བཙུན་མོ་བྱེད་པ་ཡིན། །མཚན་མ་རུས ་སྦལ་རྒྱང་ཅན་སྣུམ?་ཞིང་རྒྱས། །བ་སྤུད་ལྟ་བུའི་སྤུ་དང་བཅས་པ་ནི། །ནོར་དང་དོན་འདོད་བུ་དང་ལྡན་ཞིང་བདེ། །དེས་ནི་ཁྱོ་ལ་བསྙེན་བཀུར་ལེགས་པར་བྱེད། །ཤ་སྐམས་ཆན་པོ་རྩ་ཡིས་གང་བ་ནི། །ལྟོགས་ཤིང་སྡུག་བསྔལ་མང་པོ་སྐྱེ ་པར་འགྱུར། །གཡས་ཀྱི་ཤ་རྒྱས་བུ་དང་ལྡན་པ་ཡིན། །གཡོན་པ་མཐོ་ན་བུ་མོ་སྐྱེ་བ་ཡིན། །དམར་སེར་སྤུ་ཅན་ལྟོགས་པར་འགྱུར་བ་ཡིན། །སྤུ་ནང་སྐྱེས་པ་བདེ་བར་འཚོ་བར་བྱེད། །བ་སྤུ་ལྟ་བུ་མང་པོ་རྒྱས་བའི་སྤུ། །གནག་པ་མ ་ཡིན་ཉུང་བ་མ་ཡིན་པས། ཤིན་ཏུ་བདེ་བ་མང་བས་གང་བར་འགྱུར། །ཤིན་ཏུ་དཀྱིལ་འཁོར་གང་བ་ཐ་མ་ལ། །སྙོམས་ཤིང་མཛས་པར་སྐྱེས་པའི་སྤུ་དང་ལྡན། །རུས་སྦལ་རྒྱབ་བམ་གླང་ཆེན་སྤྱི་བོ་ལྟར། །འགྲམ་གྱི་ཤ་རྒྱས་ཁྱོ་དང་བཅས་པ་འང? ་མཚན་མ་སྐོང་པ་སྐམས་པ་ངན་པའི་མཚན། །གང་ལ་ཡོད་པ་ལྟོགས་དང་སྡུག་བསྔལ་འབྱུང། །འགྲོ་ཚེ་མཚད་ར་འགུལ་ཞིང་ཕྱི་ནས་རྙོག་།ཚུལ་ཁྲིམས་གཉིས་མ་བྱེད་པའི་རིགས་སུ་འགྱུར། །མི་འགྱུར་བརྟན་པ་བདེ་བ་ཐོབ་པར ་བྱེད། །མཚང་ར་སྦོམ་པ་གྲུ་བཞི་ཚང་བ་ནི། །བ་སྤུ་ཅུང་ཟད་ཡོད་པ་བདེ་བར་བྱེད། །རྒྱ་མཚོས་བསྟན་པ་ལས་བུད་མེད་ཀྱི་མཚན་ལྔ་པའོ།། །།ལྟེ་བ་ཟབ་བ་སྐྱེས་པས་འཕོངས་པ་མེད། །པདྨ་གེ་སར་ལྟ་བུའི་ལྟེ་བ་ཅན།། ་བདེ་བར་འཚོ་ཞིང་བཟང་པོའི་མཚན་དུ་བཤད། །ལྟེ་བ་མཐོ་བ་རྒྱས་པ་རྡུལ་དང་སྤུ། །མེད་པ་སྡུག་བསྔལ་མང་པོ་འཛིན་པར་བྱེད། །ཤ་སྐམས་རིང་པོ་རྡུལ་དང་སྤུ་ཡིས་གང། །ལེགས་པ་མེད་བས་གང་ཞིག་འཇིགས་པ་སྐྱེ། །གླང་ཆེན་འགྲོས ་དང་བ་གླང་དད་པ་དང། །རྨ་བྱ་ནེ་ཙོའི་འགྲོས་ཅན་བཟང་པོའི་མཚན། །འགྲོ་ཞིང་སྨྲ་བ་ཅི་སྤྱང་སྐང་ཅན་ནི། །བདེ་སྤོང་སྡུག་བསྔལ་མང་པོ་འཛིན་པར་བྱེད། །རྐུབ་ཚོས་རྩ་ཡིས་གང་དང་འདུང་པ་ཅན། །བུད་མེད་ཁྱོ་དང་བྲལ་བར་གནས་པ་ཡིན། །ཚུལ ་ཁྲིམས་གཉིས་པ་དེ་ནི་སྨད་འཚོར་འགྱུར། །གསུམ་པ་ཆུང་ན་བུད་མེད་སྨད་འཚོང་འགྱུར། །གསུམ་པ་རྩ་ཡིས་གང་བ་ཤ་དང་བྲལ། །རྟག་ཏུ་ལྟོགས་ཤིང་ནོར་མེད་སྡུག་བ་ཡིན། །གསུས་པ་གཙང་ཞིང་སྣུམ་པ་ལེགས་པ་བདེ། །ནུ་མ ་གཡས་པ་རྒྱས་པ་བུ་དང་བཅས། །གཡོན་པ་མཐོ་ན་བུ་མོ་འབྱུང་བར་འགྱུར། །ནུ་མ་འཁྱོག་ཅིང་ཡོ་བ་བུ་དང་བྲལ། །ནུ་མ་སྐམས་དང་རྩ་བ་ཡོ་བ་ལ། །རྩེ་མོ་སྐམས་པ་སྡུག་པའི་མཚན་མ་སྟེ། །དེ་ཡི་ཁྱོ་འཆི་བུ་དང་བྲལ་བ་ཡིན། །ནུ་མ་རྒྱས ་པ་ཤ་ཡིས་གང་བ་ཡི། །དཀྱིལ་འཁོར་རབ་ཏུ་རྒྱས་ཤིང་མདངས་དང་ལྡན། །དེ་ལ་བུ་དང་ནོར་དང་བུ་མོ་འབྱུང། །རྒྱ་མཚོས་བསྟན་པ་ལས་བུད་མེད་ཀྱི་མཚན་དྲུག་པའོ།། །།རྐེད་པ་རྒུར་བ་གཞུ་འདྲ་ག.ོག་མོར་འགྱུར། །རྐེད་པ་གྱོད་པ་ཁྱོ་བོ ་འཆི་བར་འགྱུར། །ཤ་སྐམས་རྩ་ཡིས་གང་བ་སྡུག་པར་འགྱུར། །རྐེད་པ་སྤུ་ཅན་ཤུ་བ་འདྲ་བས་གང། །དེ་ལ་སྡུག་བསྔལ་ཆེན་པོ་ཐོབ་པར་འགྱུར། །བྱ་བྲང་བྱུང་བ་སྡུག་བའི་མཚན་མ་ཡིན། །བྲང་ཞེང་སྙོམས་པ་སྤུ་ཡིས་གང་བ་དང། །ཤ་ཡིས ་རྒྱས་བ་ཁྱོ་བོ་བཟང་པོ་?། །བྲང་ཞེད་སྲབ་པ་ཁྱོ་བོ་འཆི་བར་བཤད། །སྐམས་བའི་བྲང་ཡང་སྔ་མ་དེ་བཞིན་ནོ། །རྒྱ་མཚོས་བསྟན་པ་ལས་བུད་མེད་ཀྱི་མཚན་བདུན་པའོ། །།ལག་པ་སྤུ་མེད་ཆུ་འཛིན་ཟངས་ཀྱི་མདོག་།སྣུམ་པ་བདེ་ཞིང་ཤ་རྒྱས ་ནོར་མང་ལྡན། །སེན་མོ་གས་པ་སེར་གས་གདབ་དང། །ཤིན་ཏུ་སྲབ་པ་སྤུ་ཡིས་གང་བ་དང། །རྡུལ་ཅན་རྩ་དང་བཅས་པ་ངན་པ་ཡིན། །པདྨའི་འདབ་མ་བཞིན་དུ་སྙོམས་ཤིང་དག་།གཤིབས་ནས་སླང་ན་བར་དུ་མཐོང་བ་མེད། །དེ་འདྲའི་བུད་མེད་བདེ་བར་འགྱུར ་བའི་མཚན། །ལྟེ་བའི་དཀྱིལ་དུ་གོས་ཀྱིས་གཡོག་ཤིང་གནས། །ནོར་བུ་དང་ནི་ལྡན་པར་འགྱུར་བ་ཡིན། །ལག་པ་སྲབ་མོ་རྣ་བ་ཆེན་མོ་ཅན། །ཚེ་ཐུང་མྱུར་དུ་འཆི་བར་འགྱུར་བ་ཡིན། །འཛུབ་མོ་ཆེའམ་རྣ་བ་ཆེན་མོ་ནི། །དེ་ནི་སྲིན་མོ་བདག་བོ་ཟ་བར་བྱེད།། ་ལག་པའི་རི་མོ་རྒྱང་ནས་གསལ་པོར་མཐོང། །སྣུམ་ལ་མཐོ་བ་དེ་འདྲ་བདེ་བར་འཚོ། །ལག་པ་ཆུང་ལ་སྣུམ་པ་དེ་འདྲ་ནི། །བདེ་ཞིང་གསོན་པར་འགྱུར་བའི་མཚན་མ་ཡིན། །ལག་བ་འཐུག་པ་རི་མོ་རྡུལ་དང་བཅས། །དམར་ཞིང་སྣུམ་པ་རིང་བ་མཆོག་ཏུ ་བཟང། །དེ་འདྲའི་ལག་པ་གང་ལ་ཡོད་གྱུར་པ། །རིགས་ངན་ཡིན་ཡང་རྒྱལ་པོའི་བཙུན་མོར་འགྱུར། །ཤམས་གང་བའི་བཀྲ་ཤིས་མཚན་མ་ཅན། །དཔོན་པོའི་ཆུང་མ་ནོར་གྱི་དབང་ཕྱུག་འགྱུར། །སྤུ་མེད་དཀར་པོར་གནས་པ་འམ་ཟངས་ཀྱི་མདོག་། ་སྣུམ་པ་དེ་ཡང་བདེ་བར་འཚོ་བ་ཡིན། །སེན་མོ་གས་པ་རྡུལ་ཅན་བུགས་གང། །སྦུ་དང་བཅས་པ་དེ་ནི་སྡུག་པར་བཤད། །ལག་པ་བཀྲ་ཤིས་རྟགས་ཅན་སྣུམ་པ་ནི། །བུ་དང་ནོར་རྣམས་ཐོབ་བར་བྱེད་པ་ཡིན། །ལག་པ་དམར་པོ ་སྣུམ་ལ་གཙང་བ་ནི། །ལག་པ་དེ་འདྲ་རྒྱལ་པོའི་བཙུན་མོར་འགྱུར། །མེ་ཏོག་གདུགས་དང་བུམ་པ་བཀྲ་ཤིས་མཚན། །སྔ་མ་རལ་གྲི་ཡོད་པས་དོན་རྣམས་འགྲུབ། །གཙང་ཞིང་པདྨ་འམ་རྒྱལ་མཚན་ཡོད་གྱུར་ན། །ད་ལ་སྐྱེས་པ་རྒྱལ་པོ་འདྲ་བར་འགྱུ? ་རྒྱ་མཚོས་བསྟན་པ་ལས་བུད་མེད་ཀྱི་མཚན་བརྒྱད་པའོ།། །།ལག་བ་ཆུང་བ་ཉོན་མོངS་སྐྱེ་བར་འགྱུར། །ནན་ལྟར་ཆེ་བ་བདག་པོ་འཆི་བར་འགྱུར། ལག་བ་སྤུ་ཡིས་གང་བ་ཡང་དེ་བཞིན་ནོ། །རི་མོ་སྙོམས་པ་བདེ་བ་ཐོབ་བར་བྱེད། །རིལ་བོར་རྒྱས་པ་བང?་བའི་མཚན་མ་ཡིན།། ་མཆོག་ཏུ་མགྲིན་པ་སྦོམ་པ་དེ་ཡང་དེ་བཞིན་ནོ། །གང་ཞིག་མདུན་དུ་རྒུར་བ་སྡུག་བ་ཡིན། །གཡོན་ན་ཤ་མཚན་ནག་པོ་ཡོད་པ་ན། །དེ་ཡི་ཁྱོ་པོ་འཆི་བར་འགྱུར་བ་ཡིན། །ཤ་མཚན་དཀར་པོ་གཙང་བ་ཡོད་པ་ནི། །དབོན་པོའི་ཆུང་མ་བྱེད་པར་འགྱུར ་བ་ཡིན། །མགྲིན་པ་ཤ་སྐམས་རྩ་ཡིས་གདབ་ནི། །སྡུག་བསྔལ་མང་པོ་སྐྱེ་བར་འགྱུར་བ་ཡིན། །མཆུ་ལ་སེར་ཀ་མང་པོ་ཤུ་བ་ཅན། །མཆོག་ཏུ་འཐུག་པ་སྨད་འཚོང་བྱེད་པར་འགྱུར། །སྐམས་པའི་མཆུ་ཅན་ཁྱོ་བོ་འཆི་བར་གྱུར། །རྩ་བའི ་མཛའ་ཅན་སྣུམ་པ་སྙོམས་པ་ནི། །སྤུ་དང་བྲལ་བ་དམར་བ་ནོར་དང་བུ། །རྒྱས་ཤིང་རྟག་ཏུ་བདེ་བ་ཐོབ་པར་བྱེད། །མཆུ་སྤྲོ་སྒྲ?་ཐད་ཀར་གྱེན་དུ་རི་མོ་ཅན། །ཤིན་ཏུ་བང་ཞིང་སྐྱིད་པའི་མཚན་མ་ཡིན། །ནག་པོའི་མཆུ་ཅན་ཀུན་དང་འཁོན་པར་བྱེད། །སྐས ་པ་རྡུལ་ཅན་འཐུག་པ་སྡུག་པའི་མཚན། །སྙོམས་ལ་དཀར་པོ་སྣུམ་པ་བདེ་བར་བྱེད། །མ་སོ་འཁྱོག་པ་ཨ་མ་འཆི་བར་བྱེད། །ཡ་སོ་ལོ་བྱག་པ་བུ་རྣམས་འཆི་བར་བྱེད། །བརྫུན་ཅན་སྨད་འཚོང་བྱེད་བའི་རིགས་སུ་འགྱུར། །སོ་ལ་རེག་ན་ལྡག་པ ་ལྟོགས་པར་འགྱུར། །བཅུ་དྲུག་ལོན་ནས་སྐྱེས་པ་མང་པོ་འཆོལ། ལྕེ་མདོག་དམར་བ་ནོར་དང་ལྡན་པ་ཡིན། །སྲབ་འཐུག་སྙོམས་པའི་ལྕེ་ཅན་དེ་བཞིན་ནོ། །མཆོག་ཏུ་སྲབ་ཅིང་དཀར་བ་ནད་དང་བཅས། །ཤིན་ཏུ་འཐུག་པའི་ལྕེ་ཅན་དེ་བཞིན་ནོ། །དེ་ནི ་ཀུན་དང་འཁོན་པར་བྱེད་བ་ཡིན། །རིང་བར་སླེབ་ཅིང་དམར་བ་སྣུམ་པ་ནི། །དེ་ཡིས་བདེ་བ་ཆེན་པོ་འཐོབ་པ་ཡིན། །རྐན་གྱི་ཁ་དོག་དཀར་བ་ལྡོགས་པ་ཡིན། །རྡུལ་ཅན་རྐན་ནི་ཆོས་ལ་སྟོན་པར་འགྱུར། །སེར་བ་མཆོག་ཏུ་སྡུག་བསྔལ་ཆེན་པོ་འ་ཐོབ། །པདྨའི ་མདངས་ཅན་བདེ་བ་འཐོབ་ཅིང་མཆོང། །ཆུ་བྱའི་སྐད་ཅན་དད?་པ་ཁུ་བྱུག་གི་།གདེངས་ཅན་རྒྱལ་པོའི་བཙུན་མོ་བྱེད་པར་འགྱུར། །འགྲམ་མགོ་སྣུམ་ཞིང་ཤ་རྒྱས་བདེ་མའི་མཚན། །སྐམས་པ་རྡུལ་ཅན་ཤུ་བ་མང་བ་དང། །གཙང་ཞིང་གང་པ ་དེ་ལ་སྡུག་བསྔལ་མང། །དེ་ལ་བུད་མེད་པར་ནི་རྒྱ་མཚོས་བཤད། །སྣོ་གོང་རིང་བ་ཁོ་བར་འགྱུར་བ་ཡིན། །ནན་ལྟར་ཆུད་ན་གཡོག་ཏུ་འཁོལ་བར་འགྱུར། །སྣ་གོང་སྲབ་པ་ཁྱོ་པོ་འཆི་བར་འགྱུར། །རིང་པོས་དུ་དང་ཚུལ་ཁྲིམས་གཉིས་པ་ཡིན། །ཆེ་ཆུང་སྙོམS ་པ་སྤུ་མེད་བདེ་བ་ཆེ། །སྣ་གོང་མཐོ་བ་བདེ་པ་ཆེན་པོར་བཤད། །རྒྱ་མཚོས་བསྟན་པ་ལས་བུད་མེད་ཀྱི་མཚན་དགུ་པའོ།། །།དམར་བའི་མིག་ལ་རྩ་དང་ལྡན་པ་ནི། །བུ་དང་བདེ་བ་མང་པོ་འཐོབ་པར་བྱེད། །གཡོན་པ་མཐོ་བ་ཆེན་པོར་བཤད། །གཡS ་པ་མཐོན་བུད་མེད་དོན་དང་བྲལ། །སྦྲུལ་དང་བྱི་ལའི་མིག་ཅན་དགེ་བ་མེད། །དམར་སེར་མིག་ཅན་གྱོས་པ་འམ་བུ་དང་ནི། །ཕ་ལ་སོགས་པ་རྣམས་དང་སྦྱོར་བར་བྱེད། །པདྨའི་འདབ་མ་བཞིན་དུ་སྙོམས་ཤིང་སྡུག་།སྣུམ་པ་རིང་ཞོད་ཞིབ་པའི་མདངས ་ཅན་ནི། །རྨ་བྱ་ངང་པ་རི་དགས་ལྟ་བུ་ཡང། །བུད་མེད་མཆོག་ཏུ་གྱུར་པའི་མཚན་མ་ཡིན། །མིག་གི་རྫི་མ་མང་བས་སྣུམ་ཞིང་གཙང། །ནོར་ཅན་ནོར་གྱི་བདག་མོ་བྱེད་ཅིང་འཆི། །སྨིན་མ་མཐིང་གནག་རིང་ཞིང་སྙོམས་ལ་གཅང། །རྣ་བ་ཆེན་མོ ་ཤ་ཅན་ཞུམ་ཞིང་གཙང། །སྐྲ་མེད་ཆུང་མ་མིན་འདིར་བདེ་བའི་མཚན། །དེ་འདྲ་གང་ལ་ཡོད་པ་བདེ་བའི་མཚན། །དཔྲལ་བའི་རི་མོ་གསུམ་པ་རྩ་དང་སྤུ། །སྙོམས་པ་དྲུད་བ་ཚེ་རིང་བ་དེ་བའི་མཛོད། །ཆེ་ཆུང་སྙོམས་པ་རིང་ཐུང་མད་པ་ནི?།། ་རི་མོ་ལེགས་པར་མཐོ་བ་རྒྱལ་པོ་དང། །ལྷན་ཅིག་གནས་པར་འགྱུར་བ་རྒྱ་མཚོས་བཤད། །བུད་མེད་ཕག་གི་སྐྲ་ལྟར་སྦོམ་ཞིང་རིང། །ངས་ནི་ཁྱོ་བོ་ཟ་བར་འགྱུར་བ་ཡིན། །བུད་མེད་ཕག་གི་གཟུགས་ལྟར་སྦོམ་ཞིང་རིང། །སེར་སྐྱའི་སྒྲ་ཅན་ཁྱོ ་དང་འཁོན་པར་བྱེད། །རྡུལ་ཅན་སྐྲ་མདོག་སྲབ་པ་སྡུག་བསྔལ་འཐོབ། །རིང་ཐུང་ལག་བའི་ཚང་ཅན་སྣུམ་པ་ཡིན། །རྨ་བྱའི་གདངས་ཅན་རྒྱལ་བོས་སྦྱོང་བར་འགྱུར། །རྒྱ་མཆོས་བསྟན་པ་ལས། བུད་མེད་ཀྱི་མཚན་བཅུ་བའོ། །རྫོགས་སོ།། །། ་