CLOSE WINDOW

N4618: mi'i mtshan nyid brtag pa rgya mtsho zhes bya ba
Wyliee-texts based on the ACIP/ALL Input

བྱས་པ་ལུགས་ཀྱི་བསྟན་བཅོས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨ་ཙརྱ་དྷརྨ་ཤྲི་བཛྲཱ་དང། ལོ་ཙའ་བ་དགེ་སློང་ཤཱཀྱ་བློ་གྲོས་ལ་སོགས་པས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། ་ས་མུ་ཏྲི་ཀཾ་པ་རི་ཀྵ་ཏ་ན་ལཀྵ་ཎི་ནཱ་མ། བོད་སྐད་དུ། མིའི་མཚན་ཉིད་རྟག་པ་རྒྱ་མཚོ་ཞེས་བྱ་བ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ། །ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས། །དང་པོར་ལྷ་ལ་ཕྱག་འཚལ་ནས། །སྐལ ་བཟང་སྐྱེས་པ་བུད་མེད་ཀྱི། །མཚན་ཉིད་རབ་ཏུ་བཤད་པར་བྱ། །སྔོན་དུ་ཚེ་ན་ཡོངས་སུ་བརྟག། ཕྱི་ནས་མཚན་ཉིད་ལ་སོགས་རྣམས། །ཚེ་ཐུང་བ་ཡི་མི་རྣམས་ལ། །མཚན་ཉིད་ཀྱིས་ནི་ཅི་ཞིག་བྱ། །བུད་མེད་རྣམས་ཀྱི་གཡོན་གྱི་ཚ། ། ་སྐྱེས་པ་དེ་བཞིན་གཡས་སུ་སྟེ། །རྒྱ་མཚོའི་ཚིག་ནི་ཇི་བཞིན་དུ། །དེ་རྣམས་མཚན་ཉིད་ངེས་པར་བརྟག། གནས་ལྔ་རིང་ཞིང་བཞི་ནི་ཐུང། །ལྔ་ནི་ཕྲ་ཞིང་དྲུག་ནི་མཐོ། །བདུན་ནི་དམར་ཞིང་གསུམ་ནི་ཟབ། །གསུམ་ནི་ཡངས་པ་རབ་ཏུ་བསྔགས། ། ་ལག་པ་མིག་དང་བྲང་དང་ནི། །དེ་བཞིན་པུས་མོ་སྣ་དེ་བཞིན། །ཡན་ལག་འདི་རྣམས་རིང་བ་ནི། །ལྔ་པོ་རིང་བར་བསྔགས་པ་སྟེ། །མགྲིན་པ་རྐང་པ་རྒྱབ་དང་ནི། །རྗེ་དར་རྣམས་ནི་ཐུང་བ་བསྔགས། །གང་གི་བཞི་པོ་ཐུང་བ་རྣམས། །རྟག་ཏུ་མཆོད་པ་ཐོབ ་བར་འགྱུར། །སོར་མོ་ཕྲ་ཞིང་ཚིགས་པ་དང། །སོ་དང་སྐྲ་དང་སེན་མོ་པགས། །གང་གི་ལྔ་པོ་ཕྲ་བ་ཉིད། །དེ་ནི་མཚན་ཉིད་མཆོག་ཡིན་ནོ། །མཚན་འོག་རྩིབས་ལོགས་བྲང་དང་ནི། །སྣ་དང་དཔུང་པ་དཔྲལ་བ་རྣམས། །རྒྱ་མཚོ་ཆེན་པོའི་བདག་ཉིད་ཀྱིས ་དྲུག་པ་མཐོན་དགེ་བར་བཤད། །ལག་པ་རྐང་པའི་མཐིལ་དམར་ཞིང། །མིག་གི་མཛའ་དང་སེན་མོ་དང། །རྐན་དང་ལྕེ་དང་མཆུ་རྣམས་ཏེ། །བདུན་པོ་རྣམས་ནི་དམར་བ་བསྔགས། །དབྱངས་དང་སེམས་དང་ལྟེ་བ་སྟེ། །གསུམ་པོ་རྣམས་ནི་གྲབ་པ་བསྔགS ་བྲིང་དང་མགོ་བོ་དཔྲལ་བ་སྟེ། །གསུམ་པོ་རྣམས་ནི་ཡངས་པ་བསྔགས། །ལུས་ཀྱི་ནང་ནས་བཞིན་ནམ་ནི། །ཡང་ན་ཐམས་ཅད་ཡང་དག་བརྗོད། །དེ་ཡང་མཆོག་ཏུ་སྣ་དང་ནི། །དེ་བཞིན་མཆོག་ཏུ་སོ་དང་ནི། །ཁ་དོག་རྣམས་ནི་མཆོག་ཏུ ་སྣུམ། །དབྱངས་ནི་མཆོག་ཏུ་སྙམ་པ་དང། །དབྱངས་ལ་མཆོག་ཏུ་བདེན་པ་དང། །ཀུན་ནས་བདེན་པས་རབ་ཏུ་གནས། །མིག་དམར་བུད་མེད་སྤོང་མི་བྱེད། །གསེར་མདོག་དམར་སྐྱ་ནོར་མེད་མིན། །ལག་རིང་རྣམས་ནི་དབང་ཕྱུག་སྟེ། །ཡན ་ལག་མཛེས་བསྔགས་བདེ་བར་འགྲུབ། །དབང་པོ་ཆུང་ན་ནོར་ལྡན་ཞིང། །བུ་བྲལ་ཆེ་བས་ནོར་རྣམས་དམན། །སྒྲོ་བའི་མཚམས་དམའ་བུ་ནོར་བྲལ། །གཞན་ནམ་ཡོན་པོས་བུ་ལྡན་དབུལ། །མགོ་བོ་ཆེ་ཞིང་རྩ་ཕྲ་དང། །རྩུབ་དང་རྩ་ནི་མཐོ་བ་དང་? ་སྦོམ་དང་མདུང་བར་གང་གྱུར་དབུལ། །མཉེན་པས་རྟག་ཏུ་ཕོད་པ་དང། །རབ་ཏུ་དགའ་བ་སྟེར་བར་འགྱུར། །རྟགས་ནི་གྱོད་པོས་ཡུལ་གཞན་འཁྱམ། །ཆེན་པོ་ཡིས་ནི་དབུལ་པ་དང། །དམའ་མོས་བུད་མེད་ངེས་པར་རྒྱལ། །སྒྲོ་བ་མཉམ ་ཞིང་མཛེས་པར་མཐོ། །ཕན་པ་དང་ནི་ཚེ་དང་ལྡན། །གྲང་ཡངས་འབྲུ་དང་ནོར་རྣམས་སྤྱོད། །དབུ་ཡངས་མི་བདག་མཆོད་དང་ལྡན། །སྐེད་ཡངས་བུ་ནི་མང་དུ་སྤྱོད། །རྐང་པ་ཡངས་པ་ནོར་ལྡན་འགྱུར། །མིག་སྣུམ་པ་ནི་སྐལ་བ་བཟང། །སོ་སྣུམ ་བ་ནི་ཟས་དང་ལྡན། །བགས་པ་སྣུམ་པ་བདེ་བར་འགྱུར། །རྐང་བ་སྣུམ་པ་བཞོན་པར་ལྡན། །ལས་མེད་ལག་པ་སྲ། །རྐང་པ་དག་ནི་འཇམ་ལ་མཉེན། །གང་གི་ལག་པ་རྐང་པར་ལྡན། །དེ་ནི་རྒྱལ་པོར་ངེས་པར་བསྟན། །གང་ལ་ཉ་ཡི་དབྱིབས་ཡོད་ན ་བརྒྱ་ཡི་བདག་པོར་ཤེས་པར་བྱ། །ཆུ་སྲིན་གྱིས་ནི་སྟོང་དུ་སྟེ། །དུང་གིས་བྱེ་བར་ཤེས་བར་བྱ། །པདྨ་ཡིས་ནི་བྱེ་བ་སྟོང། །མཐེའུ་ཆུང་གི་ཕྱོགས་རྣམས་ནས། །མིང་མེད་ལ་ནི་རི་མོ་འགྲོ། རྟགས་འདི་ཡིས་ནི་སུམ་ཅུའི་ལོར། །འཚོ་བ་ཉིད་དུ་ཤེས་པར་བྱ། ་མཐེའུ་ཆུང་གི་ཕྱོགས་རྣམས་ནས། །གུང་མོ་ལ་ནི་རི་མོ་འགྲོ། །འདི་ཡི་རྟགས་ཀྱིས་དྲུག་ཅུའི་ལོར། །འཚོ་བ་ཉིད་དུ་ཤེས་པར་བྱ། །མཉམ་པའི་ཕྱིར་ན་བརྒྱད་ཅུར་འཚོ། །མི་མཉམ་དེ་བཞིན་བདུན་ཅུར་འཚོ། །ཚོགས་པས་དམན་པའི་སྐྱེས་བུ་རྣམས། ་ལོ་ནི་དྲུག་ཅུར་འཚོ་པར་འགྱུར། །མཐེབ་ཆེན་གྱི་ནི་ཚིགས་གྱི་དབུས། །གང་ལ་ནས་ཡོད་རྣམ་པར་དགེ། རྙེད་པ་ཟས་སུ་ལོངས་སྤྱོད་ཅིང། །མི་དེ་བདེ་བའི་ལོངས་སྤྱོད་ཅན། །རི་མོ་མང་བ་ལོངས་སྤྱོད་ཅན། །ཉུང་བ་ཡི་ནི་ནོར་དམན་ནོ། །དབང་པོ་ཡིས ་ནི་བདེ་བ་འཐོབ། །ནག་པོ་ཡིས་ནི་འཆོལ་བར་བྱེད། །སློ་མའི་དབྱིབས་ལྟར་རྣམ་པར་རྩུབ། །སེན་མོ་ཀྱ་བོ་ཡོན་པོ་དང། །རྩེ་མོ་ལ་ནི་རི་མོ་དང། །ཤིན་ཏུ་དཀར་བར་གྱུར་པ་དང། །རྐང་པའི་སོར་མོ་སྦྲོད་པ་ནི། །དབུལ་བའི་སྡུག་བསྔལ་རབ་ཏུ་སྟེད?། །གང་གི ་རྐང་བ་ཚ་བ་དང། །དུར་མིག་ལྟ་བུར་གྱུར་པ་ནི། །རིགས་ནི་རྣམ་པར་འཆད་བ་སྟེ། །ཚངས་འཇོམས་གཞན་གྱི་ལས་བྱེད་པ། །ས་སྟེང་དབང་མེད་མནར་བར་བྱེད། །རྡུལ་མི་འབྱུང་ཞིང་མཐིལ་ནི་མཉེན། །པདྨའི་ལྟེ་བ་ལྟ་བུ་སྟེ། །སོར་མོ་འབྱར་ཞིང་མཛེས་པ་དང ་སེན་མོ་ཟངས་མདོག་རིང་བ་མཛེས། །གྲོ་ཞིང་རྩ་ནི་མི་མངོན་དང། །ལོང་བུ་དག་ནི་མི་མངོན་ཞིང། །རྐང་པ་རུས་སྦལ་ལྟར་མཐོ་ན། །མི་རྣམས་ཀྱི་ནི་དབང་ཕྱུག་གོ། ཤིན་ཏུ་བློ་ལྡན་གྲགས་དང་ལྡན། །དེ་བཞིན་དུ་ནི་རྣམ་པར་གནོན། །བདེ་དང་ཤིན་ཏུ་སྣུམ་པའི ་མག། དེ་རྣམས་ཚེ་ནི་ཐུང་བར་བཤད། །གོས་ངན་སོ་ཡི་དྲི་མི་སེལ། །མང་དུ་ཟ་ཞིང་ཚིག་རྩུབ་སྨྲ། །ཉི་མ་ནུབ་ཤར་ཉལ་བ་རྣམས། །གལ་ཏེ་མཁོ་བའི་ལག་ལྡན་ཡང། །དཔལ་ནི་རྣམ་པར་སྤོང་པར་འགྱུར། །མགོ་པོ་ལ་ནི་མེ་ཏོག་བཅས། །རྐང་པ་ལ་ནི་ལེགས་པར ་མཆོད། །ཡན་ལག་མཆོག་ལྡན་བསྟེན་པ་དང། །ཁ་ཟས་ཉུང་དུ་སྤྲོད་པ་དང། །གོས་མེད་ཉལ་བར་མི་བྱེད་ཅིང། །དུས་ཚིགས་འཁྲིག་པ་མི་བསྟེན་ན། །དཔལ་ནི་རབ་ཏུ་ཉམས་གྱུར་ཀྱང། །སླར་ཡང་རབ་ཏུ་འཐོབ་པར་འགྱུར།། །མི་སྦྱིན་གྱིས་གསུངས་པའི་རྒྱ་མཚོ ་ལས་སྐྱེས་པའི་མཚན་ཉིད་བསྟན་པའི་ལེའུ་སྟེ་དང་པོའོ།། །།མི་སྦྱིན་གྱི་ནི་ཚིག་ཇི་བཞིན། །བུད་མེད་མཚན་ཉིད་བཤད་པར་བྱ། །ཉི་མ་འཆར་ཀའི་འོད་མཚུངས་པའི། །བུ་མོ་ཟླ་བ་གང་བའི་གདོང། །མིག་ཡངས་མཆུ་ནི་དམར་པ་ཡི། །བུ་མོ་དེ ་ནི་རྙེད་ན་བདེ། །ུཏཔལ་སྔོན་པོའི་འདབ་ལྟར་སྔོ། །རི་དགས་མིག་ཅན་གླང་ལྟར་དཀར། །ནོར་བུ་རིན་ཆེན་མཛའ་དག་དང། །གསེར་གྱི་རྒྱན་གྱིས་བརྒྱན་གྱུར་མ། །དེ་བཞིན་གང་ཞིག་མིག་གནག་མའི། །བུ་མོ་དགར་མོ་ཤིན་ཏུ་མཛེས། །མིག་ཡངས་མཆུ་ནི ་དམར་བ་ཡིན། །བུ་མོ་དེ་ནི་རྙེད་ན་བདེ། །གང་ཞིག་འགྲོ་བ་ཙམ་གྱིས་ནི། །ས་གཞི་གཡོ་བ་ལྟར་བྱེད་འགྲོ། ཇི་ལྟར་མི་སྦྱིན་ཚིག་ལས་ནི། །དེ་ཡིས་ཞེ་འདྲེས་བྱེད་པར་གསུངས། །གང་གི་སོར་མོ་མི་སྡུག་ཅིང། །རྐང་པའི་མཐིལ་ནི་ཉག་པོར་འགྱུར། །དེ་ཡང ་ཞེ་འདྲས་བྱེད་པར་ནི། །ཇི་ལྟར་མེ་སྦྱིན་གྱིས་ནི་གསུངས། །གང་ཞིག་རྐང་པའི་མཐེབ་ཆུང་དག། ས་གཞི་ལ་ནི་མ་རེག་ན། །བདག་པོ་བརྒྱ་ཡང་མྱུར་འཇོམས་ཞིང། །དེ་སྲིད་དེ་ནི་འཚོ་བར་འགྱུར། །གང་གི་སྐྲ་ཡི་ཚོགས་པ་རྣམས། ། ་རྟག་ཏུ་ལངས་པར་གྱུར་པ་ནི། །རྒྱལ་རིགས་ཉིད་དུ་སྐྱེས་གྱུར་ཀྱང། །དེ་ནི་བྲན་མོ་ཉིད་དུ་འགྱུར། །རྨ་བྱ་འཁོར་ལོ་པདྨ་དང། །བུམ་པ་གང་དང་རྟ་བབས་ལྡན། །ད་ནི་བྲན་མོའི་རིགས་སྐྱེས་ཀྱང། །རྒྱལ་པོ་ཡི་ནི་བཙུན་མོར་འགྱུར། །གང་གི་ལག་མཐིལ ་རི་མོ་ལ། །སོ་དང་རྟ་བབས་རི་མོ་གསལ། །བྲན་མོའི་རིགས་སུ་སྐྱེས་གྱུར་ཀྱང། །དེ་ནི་རྒྱལ་པོའི་བཙུན་མོར་འགྱུར། །རྣམ་པར་བརྩོན་པའི་དང་ཚུལ་ཅན། །བླ་ནི་རྐུ་བ་ལ་དགའ་ཞིང། །བཞིན་གྱི་རིགས་དང་ལྡན་གྱུར་མ། །སྡིག་པ་ལྟར་བྱེད་ལས ་མང་ཅིང། །བཞིན་གྱི་ཁྱིམ་ལ་ཉེས་བསྟེན་ན། །གལ་ཏེ་བུ་དང་བཅས་གྱུར་ཀྱང། །མི་ཡིས་དེ་འདྲའི་བུད་མེད་སྤང། །མིག་ཀྱང་ཁྲོན་པའི་འགྲམས་པ་དང། །ཕ་རོལ་སྐྱེས་བུ་རྣམས་ལ་དགའ་། །བྱིན་པ་སྦོམ་ཞིང་སྐྲ་ནི་འཕྱར། །མཆུ་འཕྱང་རྩིབS ་ནི་རིང་བ་དང། །སོ་ནི་སྤྲང་པོ་ཁ་དོག་སྔོ། །རྐན་དང་མཆུ་དང་ལྕེ་དང་ནི། །ཡན་ལག་སྐམས་ཤིང་ཁ་སྐམས་ཤིང། །ནུ་མ་ཟུང་དག་མི་མཉམ་ཞིང། །སྣ་དང་པུས་མོ་རིང་བ་རྣམས། །བུ་བྲལ་ཚུལ་ཉམས་བུད་མེད་དེ། །བུ་མོ་དེ་ནི་ནོར་རྣམS ་སྤོང། །བརླ་རྒྱས་འགྲམ་པ་རྒྱས་པ་དང། །སོ་ནི་དཀར་ཞིང་མཉམ་པ་དང། །པདྨའི་འདབ་འདྲ་སྦྱན་ཡངས་མ། །བིལྦའི་མཆུ་དང་སྣ་མཐོ་དང། །གོམ་པ་གླང་པོ་ལྟར་འགྲོ་དང། །གཡས་སུ་བསྐོར་ཞིང་བཟློག་པ་དང།། ། ་ལུས་ནི་སྣུམ་ཞིང་ཁ་དོག་མཛེས། །གསང་གནས་མཉེན་ཞིང་མཐུག་པ་དང། །དབྱངས་སྙན་སྐྲ་ནི་མཛེས་པ་རྣམས། །དེ་ནི་བདག་པོའི་ཞིང་དུ་འགྱུར། །སྐལ་བཟང་བུ་བཅས་བུད་མེད་དོ། །རྡུལ་ཆུང་སྤུ་ནི་ཉུང་བ་དང། །གཉིད་དང ་ཟས་ནི་ཆུང་བ་དང། །མིག་དང་ལུས་ལ་སྦུ་མེད་ན། །བུད་མེད་རྣམས་ཀྱི་མཚན་ཉིད་མཆོག། གཉིས་པོའི་མཚན་ཉིད་ཡང་དག་པ། །གཞོན་ནུ་མ་དང་སྐྱེས་བུ་དང། །དགེ་བ་དང་ནི་མི་དགེ་བའི་ལས། །དེ་བཞིན་དུ་ནི་བྱེད་པར་འགྱུར། །ཞེས་པ་ནི་བུད་མེད ་ཀྱི་མཚན་ཉིད་དེ། །མི་སྦྱིན་གྱིས་གསུངས་པ་ལས་མིའི་མཚན་ཉིད་བརྟག་པ་རྒྱ་མཚོ་ཞེས་བྱ་བ་རྫོགས་སོ།། །།སྡེ་སྣོད་འཛིན་པ་ཆེན་པོ། བྷོ་ཊ་པཎྜི་ཏ་ཆེན་པོའི་གསུང་གིS་བསྐུལ་ནས། པཎྜི་ཏ་དྷརྨཱ་དྷ་རའི་ཞལ་སྔ་ནས་དང། །བོད་ཀྱི ་ལོཙྪ་བ་སྤངས་པ་གྲགས་པ་རྒྱལ་མཚན་གྱིས། དཔལ་ས་སྤྱིའི་གཙུག་ལག་ཁང་ཆེན་པོར་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕང་པའོ།། །།*། །རྒྱ་གར་སྐད་དུ། ས་མུ་དྲ་བྷ་ཛྙ་ན་པ་ན། བོད་སྐད་དུ། རྒྱ་མཚོས་བསྟན ་