CLOSE WINDOW

N4617: lugs kyi bstan bcos
Wyliee-texts based on the ACIP/ALL Input

?་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་བའོ།། །།ལུགས་ཀྱི་བསྟན་བཅོས་བཞུགས།། །། *། །རྒྱ་གར་སྐད་དུ། ནཱི་ཏཱི་ཤཱ་ཤཏ། བོད་སྐད་དུ། ལུགས་ཀྱི་བསྟན་བཅོས། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དོན་གྱི ་བསྟན་བཅོས་བྱེ་བྲག་ལས། །བསྟན་བཅོས་དག་ལ་ཕན་པ་དང། །མི་རྣམས་བློ་ནི་བསྐྱེད་པའི་ཕྱིར། །མ་སུ་རཀྵས་བསྡུས་ཏེ་བཤད། །འཇིག་རྟེན་ལེགས་བསྐྱེད་ཤེས་པ་བསྒྲག་ཕྱིར། །ཤེས་པ་བསླབ་ཕྱིར་ཡང་དག་དོན་བསྒྲུབ་ཕྱིར། །བློ་བསྐྱེད་ཕྱིར་ནི་ཚིག ་བཤད་ཚུལ་འདི་བརྗོད། །དངོས་པོ་ཀུན་ལ་མཁས་ཤིང་གོམས་པར་བྱ། །ཆོས་སྤྱད་གཞན་གྱི་མངོན་སུམ་བསྲུང་བར་བྱ། །ཁྲོ་བ་སྤང་ཞིང་མཁས་པ་བསྟེན་པར་བྱ། །བདེན་པར་སྨྲ་ཞིང་སྨྲ་ཉམས་བརྗོད་མི་བྱ། །བྲམ་ཟེ་བཀུར་ཞིང་བ་ལང་བརྙས་མི་བྱ། །རྒྱལ་པོས ་འཇིགས་ཤིང་སྤྱོད་པ་སྤ་བར་བྱ། །དགྲ་བོ་ཤེས་བྱ་མི་རྣམས་བརྙས་མི་བྱ། །དྲགས་པ་སྤང་ཞིང་སྨད་དངོས་བསྟེན་མི་བྱ། །ཕན་པའི་ཟས་བསྟེན་གྲོགས་པོ་བརྙས་མི་བྱ། །མེ་ལ་མི་བགོམ་གཡུལ་ལ་བལྟ་མི་བྱ། །སྙན་དགས་མཉན་ཞིང་སྲོག་ཆགས ་གནོད་མི་བྱ། །བྱ་མིན་མི་བྱ་ཁྲོན་པ་དགོམ་མི་བྱ། །རིག་པ་བླང་ཞིང་སྤྲུལ་ལ་རྩེ་མི་བྱ། །ཅི་ནུས་སྦྱིན་ཞིང་དམན་ལ་བསླང་མི་བྱ། །བདག་ལ་མི་བསྟོང་གཞན་ལ་སྨད་མི་བྱ། །དེ་ཉིད་ཤེས་བྱ་མཚན་མོ་རྒྱུ་མི་བྱ། །ཞགས་པ་དང་བྲལ་གླང་གླ་རྗེས་མི་འགྲོ། ལྷམ ་མེད་མི་འགྲོ་གྲོགས་མེད་ལམ་མི་འགྲོ། སྨྱོ་བྱེད?་བློ་ངན་རིང་དུ་སྤང་བར་བྱ། །ཆུང་མ་མ་རུངས་སྤང་ཞིང་ཡིད་འོང་བསྟེན། །མ་འདྲིས་པ་དང་ནམ་ཡང་མཐུན་མི་འཇུག། །རྒྱལ་པོའི་བྲན་མོ་འདོད་སྤང་མན་ངག་མཉན། །གང་དང་ལྷན་ཅིག་ཞེ་འདྲས་ཡོང་མི་བྱ ་བེའུ་གཞོན་པ་དྲུས་རིང་དུ་སྤང་བར་བྱ། །བུད་མེད་རྣམས་ལ་ནམ་ཡང་ཡིད་མི་བརྟན། །ཆུ་བོ་བརྒལ་དཀའ་རྒྱ་ཆེར་འཇུག་མི་བྱ། །ཆང་འཐུང་ར་རོ་ཤིང་མཐོར་མཇོག?་མི་བྱ། །དོན་རྣམས་བསྒྲུབ་ཅིང་ཆོས་དང་ནོར་མི་སྤང། །གང་དུ་བསྲུང་བ་མེད་པའི ་ཡུལ?་དེ་སྤང། །ཀུན་གྱི་གསང་ཚིག་ནམ་ཡང་མི་སྨྲ་སྟེ། །ཁ་རྗེར་མི་བསྡུད་སྐྱེས་བུས་རྩོལ་བ་འབད། །གསོང་བོར་སྨྲ་ཞིང་འབྲེལ་མིན་ཚིག་མི་སྨྲ། །གློ་བུར་ལྷགས་མདུན་དུས་སུ་ལེགས་འོངས་བརྗོད། །མི ་དང་ལྷ་དང་བྲམ་ཟེ་རྣམས་ལ་མཆོད། །བསོད་ནམས་ཡུལ་ནི་རྟག་ཏུ་བསྟེན་པར་བྱ། །རྟག་ཏུ་ཁྲུས་དང་གོས་དཀར་གོས་ལ་གུས། །ཧ་ཅང་བུད་མེད་ཆགས་མེན་ཞུ་ནས་བཟའ་། །ཤེས་ལྡན་གང་ཞིག་དེ་ལྟར་བྱེད་པ་ནི། །འཚོ་བ་ནད་མེད་ཚེ་རིང ་ཤེས་བར་བྱ། །མ་སུ་རཀྵས་བྱས་པའི་ལུགས་ཀྱི་བསྟན་བཅོས་ལས་ལེའུ་དང་པོའོ།། །།བདག་གི་གསང་དང་གཞན་གྱི་གསང། །བུ་བཞིན་གཅེས་བཞིན་བསྲུང་བྱ་སྟེ། །ས་བཞིན་ཀུན་ལ་སྙོམས་པར་བྱ། །མི་རྣམས་དགའ་ ་བས་རབ་ཏུ་དགའ་། །གནད་ཀྱི་ཚིག་རྣམས་མི་བརྗོད་ཅིང། །གནང་དུ་འཕོག་འགྱུར་མི་བསྒྲག་སྟེ། །གཞན་གྱི་གནད་རྣམས་སྨྲ་བ་ནི། །སྐྱེས་བུས་མཚོན་ཆ་བཞིན་ཤེས་བྱ། །སྙིང་ལ་ཚམ་ཚོམ་མེད་བྱས་ནས། །བུ་རམ་ཆུ་བཞིན་ཁ་ནས་བརྗོད ་ཞེ་འགྲས་ཡིད་ཆེས་བྱས་ནས་ནི། །དེ་ནས་དག་གམ་མཚོན་གྱིས་གཞོམ། །དགྲ་རྣམས་སྙན་པར་བརྗོད་ཀྱང་ནི། །བློ་ལྡན་བཏང་སློབས་མི་བྱའོ། །དེ་ཉིད་མཐར་ནི་གནོད་བྱེད་དེ། །ཇི་ལྟར་དུག་སྣོད་མི་བཟད་བཞིན། །རང་སྟོབས་ཆུ་བོ་མི་བརྟན་ཏེ། །ཆུ་བོའི ་རྒྱུ་ཁྱོན་ཡོངས་བརྟགས་ནས། །དེ་བཞིན་དུས་སུ་བརྒལ་བྱས་ཏེ། །རང་གི་དོན་རྣམས་རྗེས་སུ་བསམ། །ཇི་སྲིད་འཇིགས་པ་མ་བྱུང་བར། །དེ་སྲིད་པར་དུ་འཇིགས་པར་བྱ། །འཇིགས་པ་མངོན་སུམ་བྱུང་ན་ནི། །འཇིགས་པ་བཏང་སྟེ་བརྡེག་པར་བྱ།། ་དོན་ནི་ཆུ་སྐྱར་བཞིན་དུ་བསམས། །ཕ་རོལ་གནོད་པ་སེང་གེ་བཞིན། །བྱི་ལའི་དྲི་ཚོར་བྱི་བ་ལྟར། །ཤེས་དོན་བཞིན་དུ་བཏུལ་བར་བྱ། །སེང་གེ་ཅིག་དང་ཆུ་སྐྱར་བཞི། །བྱ་གག་གི་ནི་བསླབ་པ་བཞི། །བྱ་རོག་ལྔ་དང་ཁྱི་ཡི་དྲུག་།བུད? ་བུའི་བསླབ་པ་གསུམ་རྣམས་སོ། །བྱ་བ་མང་ཉུང་གང་ཡང་རུང། །སྐྱེས་བུ་གང་ཞིག་བྱེད་འདོད་པ། །རྟོག་མེད་བྱ་བ་ཀུན་བརྩམས་ཏེ། །སེང་གེའི་ཅིག་ཅེས་གྲགས་པ་ཡིན་ནོ། །དབང་པོ་རྣམས?་ནི་རབ་བསྡམས་ཤིང། །ཡུལ་དང་དུས་ལ་ཅི་རིགས་པར། །བྱ?་བ ་རྣམས་ན་རྟིག་དཔྱང་དེ། །སྐྱེས་བུ་མཛངས་པ་ཆུ་སྐྱར་བཞིན། །ཐོ་རངས་ལྡང་དང་འཐབ་པ་དང། །གཉེན་ལ་ཁ་ཟས་སྙོམས་པར་འགྱེད། །མོ་ལ་རབ་གནོན་ཉེ་བར་སྤྱོད། །ཁྱིམ་བྱའི་བསླབ་མ་བཞི་ཡིན་ནོ། །མི་མངོན་འཁྲིག་དང་རྡམ་པ་དང། །དུས་སུ ་གནས་ནི་འཆའ་བ་དང། །བག་ཡོད་པ་དང་ཡིད་མི་ཆེས། །འདི་ནི་བྱ་རོག་བསླབ་པ་ལྔ། །མང་དུ་ཟ་དང་ཅུང་ཟད་ཆོག་།ལེགས་པར་གཉིད་ལོག་མྱུར་བར་སད། །དཔའ་ལ་སྙིང་ཉེ་བརྟན་པ་སྟེ། །ཁྱིའི་སྤྱོད་པ་དྲུག་ཡིན་ནོ། །ཁལ་གྱིས་བཀལ་ན་འདེགས ་པ་དང། །གྲང་དང་ཚ་བས་མི་བསྐྱོད་དང། །རྟག་ཏུ་ཆོག་ནི་ཤེས་པ་སྟེ། །བོང་བུའི་སྤྱོད་པ་གསུམ་ཡིན་ནོ། །དེ་ལྟར་ཉི་ཤུར་ཤེས་བྱ་སྟེ། །སྐྱེས་བུ་གང་ཞིག་སྤྱོད་འགྱུར་བ། །འདི་ནི་དགྲ་ལས་རྒྱལ་འགྱུར་ཏེ། །དགྲ་རྣམས་ཀུན་གྱིས་མི་ཐུབ ་འགྱུར། །ལེའུ་གཉིས་པའོ།། །།ཇི་སྲིད་དུས་ལ་མ་བབ་པར། །དགྲ་ནི་ཕྲག་གོང་བཀུར་བྱ་སྟེ། །དེ་བཞིན་དུས་སུ་ཕྱིན་གྱུར་ན། །རྔོ་ལ་རྫམ་བསྣུན་བཞིན་གཞོམ། །དམན་བཞིན་སྙིང་རྗེའི་སྐད་འདོན་ཀྱང། །དགྲ་ནི་བཏང ་བར་མི་བྱའོ། །དེ་ལ་སྙིང་རྗེ་མི་བྱ་ཞིང། །སྔོན་ཆད་གནོད་པ་བྱེད་པ་གཞོམ། །བུ་ལོན་མེ་ཡི་ལྷག་མ་དང། །དེ་བཞིན་དགྲ་ཡི་ལྷག་མ་ནི། །ཡང་དང་ཡང་དུ་འཕེལ་འགྱུར་བས། །དེ་བས་ལྷག་མ་བཞག་མི་བྱ། །བྱམས་ལ་ལན་དུ་ཕན་བྱ་སྟེ ་འཚེ་བར་བྱེད་པ་སླར་ཡང་གཙེ། །དེ་ལ་ངེས་པར་མི་བལྟ་ཞིང། །མ་རུངས་བྱེད་ལ་མ་རུངས་སྤྱད། །འཕོངས་པའི་དོན་དུ་ནོར་རྣམས་བསྲུངས། །ནོར་བས་ཆུང་མ་བསྲུང་བར་བྱ། །ནོར་དང་ཆུང་མ་གཉིས་པས་ཀྱང། །ཐམས་ཅད་དོན་དུ་བདག་བསྲུང།། ་ལྐོག་ན་བྱ་བ་ཉམས་བྱེད་ཅིང། །མངོན་སུམ་སྙན་པར་སྨྲ་བྱེད་བ། །དེ་འདྲའི་གྲོགས་པོ་སྤང་བྱ་སྟེ། །བུམ་པའི་འོ་མ་དུག་བཞིན་ནོ། །བརྐམ་ཆགས་སྦྱིན་པ་མི་སྟེར་དང། །ཁེངས་པ་ཐལ་མོ་མི་སྦྱོར་དང། །དེ་འདྲའི་གླེན? ་པ་རྗེས་མཐུན་པར། །ཇི་ལྟར་དེ་ལྟར་ཤེས་པ་མཁས། །དགྲ་ལ་ཐལ་སྦྱར་ཡིད་ཆེས་དང། །སྤྱི་བོས་བཏུང་དེ་གུས་བྱ་ཞིང། །གདུང་འགྱུར་མཆི་མ་འཛག་སོགས་བྱ། །འབྱོར་པ་འདོད་པས་དེ་ལྟར་བྱ།། དགྲ་བོ་སྟོབས་ལྡན་རྗེས་མཐུན་བྱེས? ་སྟོབས་ཆུང་དགྲ་ལ་ཀློག་བྱ་སྟེ། །མཐུ་སྟོབས་མཉམ་པའི་དགྲ་ལ་ནི། །མཐུན་མིན་གདུལ་མིན་བྱ་བའོ། །གང་གིས་གདུང་འགྱུར་དེ་མི་བྱ། །གང་གིས་ཞུམ་འགྱུར་དེ་མི་སྤྱད། །མཐར་མི་ཕྱི་ནི་པའི་ལས་མི་བརྩམ། །མགོ་ལྟུང་མི ་འགྱུར་གདག་མི་བྱ། །ཕ་རོལ་མ་བརྒལ་དེ་མི་བརྩམ། །གང་དུ་དགྲ་གནས་དེར་འདུག་མིན། །ཤིང་རྩ་མ་ཕྱུང་ཕྱུང་བ་མིན། །གཉིས་སུ་མ་གྱུར་བཅད་པ་མིན། །རྒན་པོ་མེད་པའི་འཚོགས་པ་མིན། །ཆོས་མི་སྟོན་དག་རྒན་བ་མིན ་གང་ལ་བདེན་མེད་ཆོས་ཀྱང་མེད། །ཚིག་དོན་འབྲེལ་མེད་དོན་མ་ཡིན། །ཚེར་མ་གཏིང་དུ་ཟུག་པ་དང། །ཆོས་ལ་ཉམས་པ་ཉིད་དང་ནི། །དགྲ་དང་ཤ་འཁོན་ཞུགས་པ་ནི། །རྩད་ནས་ཕྱུང་ན་བདེ་བ་ཡིན། །གཏན་དུ་དྲང་པོ་མི་བྱ་སྟེ།། ་ནགས་སུ་སོང་ལ་ཡོངས་ལྟོས་དང། །དེར་ནི་ཤིང་དྲང་གཅོད་འགྱུར་ཏེ། །ཡོན་པོའི་ཤིང་ནི་གནས་པ་ལྟོས། །གང་དང་གང་ལ་ཅི་བསམ་པ། །དེ་དང་དེ་ལ་ཕན་བསམས་ཏེ། །རྗེས་སུ་འཇུག་པའི་མཁས་པ་ནི། །མྱུར་དུ་བདག་གི་དབང ་དུ་འགྱུར། །འདི་ལྟར་བསང་བྱ་གང་ཡིན་པ། །མི་བརྗོད་མཚོར་བསད་བྱ་སྟེ། །རི་དགས་རྒྱལ་པོ་རབ་འཁྲུགས་པས། །ལུས་བསྐུམས་ནས་ནི་གསོད་བྱེད་བཞིན། །སྙིང་ལ་ཁོན་དུ་དམ་བཟུང་ནས། །གཞན་ལ་མི་སྟོན་སྤྱད་པར་བྱ། །བློ ་ལྡན་བཟོད་པ་ལྡན་བྱས་ནས།། གཞན་གྱི་སྐྱོན་ནི་ཡོད་མི་བགྲང། །དཔེར་ན་ཁུ་བྱུག་གྲོག་མ་དང། །དངུལ་རྡོ་ལྟ་བུའི་མདོག་ལྡན་བའི། །ལག་འགྲོའི་རྐང་མཐིལ་གང་ཡིན་ཏེ། །དུས་མ་ཡིན་པར་ཉམས་ཀྱང་ནོ། །གང་ཞིག་བློ་གྲོས་ལ ་བསྟེན་ཏེ། །གདེངས་ཀ་གོ་འཕངས་མི་སྨད་ཅིང། །དེ་ནི་དུག་ཉམས་མི་འགྱུར་ལྟར། །སྐྱེས་བུས་ཉམས་ཀྱང་གོ་འཕང་མཐོ། །ཇི་སྲིད་དགྲ་བོ་ཕ་རོལ་ལ། །འདིས་ནི་པུས་བཙུགས་གདུང་བྱ་སྟེ། །སྐྱེ་བོ་དམ་པ་རྣམ་ལ་ནི། །བསྙེན་བཀུར ་སྣ་ཚོགས་སྤྱོད་པ་དང། །རྔོན་པའི་སྤྱོད་ལམ་འཇམ་བུ་ཡིས། །རི་དགས་དྲུང་དུ་བསྙེན་ནས་ནི། །དུག་བསྒོས་མངའ་ཡིས་བསྣུན་བཞིན་བྱ། །ལེའུ་གསུམ་པའོ།། །།བདག་དོན་འབད་པས་བྱ་བ་སྟེ། །གཞན་དོན་དེ་བཞིན ་བསམ་མི་བྱ། །བདག་གཞན་དོན་རྣམས་སྤངས་པ་ནི། །མཛངས་པ་ཐོབ་པར་མི་འགྱུར་རོ། །གཞན་གྱི་དོན་ལ་མི་བརྟུལ་ཏེ། །རང་གི་ལས་ལ་བརྩོན་པར་བྱ། །མིག་སྨན་སྤྱད་ན་བྲང་སྣང་བཞིན། །གྲོག་མ་ཡིད་ནི་བསགས་པ་ལྟར། །དེ ་བཞིན་དུ་ནི་མཁས་པ་ཡིས། །བསགས་པ་ཉུང་དུ་སྤྱད་པར་བྱ། །མ་རྨོངས་ཐམས་ཅད་རྨོངས་བྱ་ཞིང། །རྨོངས་རྣམས་རྟག་ཏུ་མགོ་སྐོར་བྱ། །ཡིད་མི་ཆེ་ལ་ཡིད་ཆེས་བྱ། །བདག་ཉིད་སྦ་ཞིང་རྗེས་སུ་བསམ། །ཉི་མ་དོན་མེད་མི་བྱ་སྟེ། ་སྦྱིན་པ་ཁ་དོན་ལས་རྣམས་སྤྱར། །ཇི་ལྟར་སྲིན་གྱི་ཁ་ཆུ་ཡིས། །གྲོག་མ་བསླུས་པ་བཞིན་དུ་བྱ། །དམ་པའི་སྐྱེ་བོ་དགའ་བར་བྱ། །མི་བསྲུན་སྐྱེ་བོ་བསྟེན་མི་བྱ། །སྐྱེ་བོ་མ་རུངས་ཡིད་མི་བརྟན། །སྐྱེ་བོ་དགྲ་ལ་དཔའ་བ་བརྟན། །བླ་མའི་སྐྱེ་བོ ་བཟོད་པར་བྱ། །སྨད་འཚོང་མ་ལ་བྲིད་པར་བྱ། །གང་གིས་དེ་དག་མ་ལུས་པང?། །ཐམས་ཅད་ཡོངས་སུ་ཤེས་གྱུར་པ། །འཇིག་རྟེན་འཇིག་རྟེན་ཤེས་པ་ཡིན། །གང་དང་གང་ལ་དོན་ལྡན་པའི། །སྐྱེས་བུ་ལས་ལ་ཆགས་གྱུར་པ། །བཤང? ་དང་གང་ལ་དགའ་བའི་ཚིག། དེ་དང་དེ་ཡི་ཡོན་ཏན་བརྗོད། །ཡིད་མི་ཆེས་ལ་ཡིད་མི་བརྟན། །ཡིད་ཆེས་ལྷག་བར་ཡིད་བརྟན་མིན། །ཡིད་ཆེས་པ་ལས་འཇིགས་པ་འབྱུང། །རྩ་བ་ལས་ཀྱང་གཅོད་པར་བྱེད། ། ་འབྱུང་པོ་ཀུན་ལ་ཡིད་མི་བརྟན། །ཀུན་ལ་ཡིད་ཆེས་བྱ་བའང་མིན། །རང་གི་རང་བཞིན་སྦ་བྱ་ཞིང། །གཞན་གྱིས་རང་བཞིན་ཤེས་པར་གྱིས། །གཞན་གྱི་བུད་མེད་དུག་ཡིན་ཏེ། །དེ་བཞིན་ཆུང་མ་གཞན་འགྲོ་དང། །གཉིས་པོ ་དེ་ལ་ཡིད?་རྟོན་པའི། །མི་རྣམས་འཆི་སྒོར་བརྟེན་པ་ཡིན། །བུད་མེད་རྒྱལ་པོ་སྦྲུལ་རྣམས་དང། །ཁ་ཏོན་དག་དང་དགྲ་རྣམས་དང། །ཚེ་དང་ལོངས་སྤྱོད་དག་ལ་ནི། །ཤེས་ལྡན་རྣམས་ཀྱིས་ཡིད་བརྟེན་མིན། །རིག་པ་འདོད་པས་མཁས ་བསྟེན་བྱ། །ཤེས་པར་གྱུར་ན་གཞན་སྟོན་བྱེད། །དེ་བས་ལས་རྣམས་ཐམས་ཅད་དང། །ལུས་བ་མེད་པར་བསླབ་པར་བྱ། །སྡིག་པ་ཅན་ལ་ཡིད་མི་བརྟན། །བློ་ལྡན་བདག་ཅེས་ཟེར་ཡང་མིན། །གང་ཕྱིར་དེ་ལས་ཡིད་ཆེས་མིན། །དེ་ཡི ་འཚོ་བ་ཉམས་པར་འགྱུར། །གཤིན་རྗེའི་གཤེད་མ་འཆི་བ་དང། །ས་འོག་རྒྱ་མཚོའི་གླིང་རྣམས་དང། །སྦུ་གྲིའི་སོ་དུག་སྦྲུལ་རྣམས་ནི། །མི་སྟེ་ཕྱོགས་གཅིག་བུད་མེད་ཡིན། །དགྲ་ཡི་ཕྱོགས་བྱེད་སྤང་པར་བྱ། །བདག་ལ ་དགའ་བ་ཡོངས་སུ་བསྡུ། །ཀུན་ལ་བློ་ནི་ཡོད་པ་སྟེ། །ཡུན་རིང་བློ་ནི་དགའ་བ་ཡིན། །མིག་འབྱེད་མིག་བཙུམས་ཙམ་ཡང་རུང། །དགྲ་ལ་མངོན་སུམ་བྱ་བ་མིན། །དམོད་བ་བྱས་ན་འོན་པ་བཞིན། །དུས་བབ་རལ་གྲིས་བཅད་བཞིན ་བྱ། །གང་དུ་ཆུ་ཡོད་དང་པ་གནས། །ཆུ་སྐམས་མཚོན་སྐམས་པར་འགྱུར། །ཆུ་ཡིས་གང་ན་སླར་གནས་བཞིན། །དང་པ་ལྟ་བུའི་གྲོགས་མི་བསྟེན། །རྒྱལ་པོ་སྨད་འཚོང་མདང་ནི། །དེ་བཞིན་ཉེ་དུ་སྨན་པ་དང། །གཡོག་འཁོར ་རྣམས་ལ་རྟག་ཏུ་ཡང། །ཧ་ཅང་གདུང་བར་མི་བྱའོ། །གང་གིས་རྒྱུ་ལས་མྱ་ངན་དང། །དངོས་དང་སྡུག་བསྔལ་ཉིད་དང་ནི། །ལུས་ཀྱི་གནོད་བསྐྱེད་རྩ་བ་སྟེ། །གཅིག་གམ་ཅུང་ཟད་ཙམ་ཡང་རུང། །མཁས་པས་སྤངས་ཞིང་དོར་བར་བྱ། །གསེར་ནི་རྣམ་བཞིS ་བརྟག་བ་སྟེ།། བརྡར་བཅད་བསྲེག་དང་བརྡུངས་པས་སོ། །དེ་བཞིན་རྣམ་བཞིས་སྐྱེས་བུ་བརྟག། ཐོས་དང་ཚུལ་ཁྲིམས་རིགས་སྙིང་བརྩེ། །ཐམས་ཅད་ཤེས་ཤིང་རིག་པར་བྱ། །ཀུན་ལ་དོགས་བྱ་དུས་ཤེས་ཀྱིས། །འཇིག་རྟེན་སེམས་ནི་བསྲུང་བྱ ་སྟེ། །ཚིག་རྣམས་ཀུན་གྱིས་ཡིད་ཆེས་བྱ། །བདག་གིས་གསང་ཚིག་གཞན་མི་བསྙད། །ལེའུ་བཞི་པའོ།། །།བློན་པོའི་བློ་ནི་ཕུན་སུམ་ཚོགས། །བསྟན་བཅོས་ཀུན་ལ་འཇིགས་མེད་ཅིང། །བང་མཛོད་སྟོབས་དང་ལྡན་པ་ནི། །མ་བསང ་དེ་ཡི་ཕྱིར་བསད་འགྱུར། །ཡིད་ཆེས་སྐྱེས་བུ་འཆི་འགྱུར་ཏེ། །སྨིག་མའི་འབྲས་བུ་བྱུང་བ་བཞིན། །ཡིད་ཆེས་ཞགས་པས་གསིང་འགྱུར་ཏེ། །ནགས་ན་གནས་པའི་རི་དགས་བཞིན། །མིག་རྩ་དམར་ཞིང་ཚིག་འཇམ་སྨྲ། །དགའ་བས་སེམས་ཅན ་ཀུན་དང་མཐུན། །དོན་རྣམས་ཀུན་ལ་གྱ་གྱུ་སྨྲ། །གཞན་ཚིག་གམ?་ལ་འཇིག་རྟེན་སྨོད། །དེ་ནི་གཡོན་ཅན་སྦྱོད་ལམ་སྟེ།། །དེ་སྙིང་ཉེས་པ་ཆེན་པོ་ཡིས། །སྡིག་པ་ཉི་ཚེ་ཚོགས་བ་སོགས་ནས། །གྲོང་གི་ཚོགས་ནི་བཟློག་བྱས་ནས། །གྲོང་ཁྱེར་འཁྲུག ་བྱེད་གཡོན་ཅན་འདི། །འབྱུང་ཁུངས་སྐྱེ་བོ་ངན་པའི་གཏེར། །དེ་ནི་འཇིག་རྟེན་སྤྱི་དགྲ་ཡིན། །མ་རུངས་སྐྱེ་བོ་ཁ་སྙན་ཅིང། །ཙན་དན་ལྟ་བུ་བསལ་བའི་དག། སྙིང་ནི་མ་རུང་བདག་ཉིད་དང། །སོགས་ལེ་བས་ཀྱང་ཁྱད་པར་འཕགས། །མ་རུངས་བདག ་ཉིད་ཚིག་འཇམ་ཞིང། །སྐྱོན་དང་རྗེས་མཐུན་སྙན་སྨྲ་སྟེ། །མི་མངོན་ཁོན་བཟུང་བྱམས་མེད་ལ། །ཡིད་བརྟེན་བྱེད་དང་གཤིན་རྗེ་གཤེད། །ཐག་རིངས་མཐོང་ན་མགོ་སྨོད་ཅིང། །ཤིན་ཏུ་དམན་པའི་ཚིག་བརྗོད་ལ། །སྐད་གསང་ཆུང་བ་སྨྲ་བ་ནི། ། ་གཡོན་ཅན་རྣམས་ཀྱི་མཚན་ཉིད་ཡིན། །གང་གིས་སྔོན་ཆད་གནོད་བྱས་དང། །ད་ལྟ་གང་གིས་གནོད་བྱེད་པ། །དེ་ལ་ཡིད་ཆེས་མི་རིགས་ཏེ། །ཁུང་ན་གནས་པའི་ལག་འགྲོ་བཞིན། །འབབ་ཆུ་སྡེར་མོ་ཅན་རྣམས་དང་?་ཅན་ལག ་ན་མཚོན་ཐོགས་དང། །རྒྱལ་བོའི་ཕོ་བྲང་བུད་མེད་ལ། །ཡིད་བརྟན་བགྲོད་པར་མི་བྱའོ། །མེ་ཆུ་བུད་མེད་གླེན་མ་དང། །སྤྲུལ་དང་རྒྱལ་རིགས་དག་ལ་ནི། །རྟག་ཏུ་འབང་བས་སྟེན་བྱེད་བ། །འཕྲལ་དུ་སྲོག་འཕྲོག་དེ་དྲུག་ཡིན། །ནོར་རྣམས་མང་པོ་སྟེར་བྱེད་པའི ་དགྲ་ལ་གང་ཞིག་བསྟེན་པ་དང། །ཆུང་མ་ཁྱོ་ལ་མ་ཆགས་གཉིས། །དེ་ཡི་འཚོ་བ་བར་དུ་གཅོད། །སྔན་ཆད་དགྲར་གྱུར་བཤེས་བྱེད་ཅིང། ཁོན་པའི་གཞི་མེད་འཁྲུག་བྱེད་པ། །གྲོགས་པོའི་འདོད་པ་བཟློག་བྱེད་པ། །དེ་འདྲའི་གྲོགས་པོ་རིང་དུ་སྤང། །དགྲ ་དང་བཤེས་གཉེན་གཡོག་འཁོར་དང། །བར་གནས་རྒན་པོ་ཉམས་ཆུང་རྣམས། །རྨོངས་པས་བྱེ་བྲག་མི་ཤེས་པས། །དེ་ནི་སྐྱེས་བུ་ཐ་ཤེས་ཡིན། །རྐུན་མའི་ཆད་པ་བསྲད་བ་དང། །གྲོགས་འཁུ་ཉུང་དུ་བརྗོད་པར་བྱ། །ཆུང་མ་འཁུབ་པ་ལ་སྟེན་དབྱེ།། ་བྲམ་ཟེ་ཉེས་མེད་སྤྱན་མི་དྲང། །བདག་གིས་མངོན་སུམ་མ་གྱུར་བར། །གཞན་གྱི་ཉེས་པ་སྨྲ་བྱེད་པ། །གང་གིས་དམྱལ་བར་ལྟུང་བའི་རྒྱུ། །ལས་དེ་བརྩམས་པར་མི་བྱའོ། །བདག་ཉིད་བདག་གི་གཉེན་ཡིན་ཞིང། །བདག་ཉིད་བདག་གི་དགྲ་ཡང་ཡིན། །མཐོ ་རིས་དམྱལ་བ་དེ་བཞིན་དུ། །ཐམས་ཅད་བདག་གི་དབང་དུ་གནས། །ལེའུ་ལྔ་པའོ།། །།བློན་པོས་ལེགས་པར་མཉམ་བཞག་སྟེ། །སྤྱོད་པ་གཞན་ལ་སྨྲ་མི་བྱེད། །ཉི་མ་བཞིན་དུ་དོན་རྣམས་ལ། །གཟི་བརྗེད་ཀྱིས་ནི་གདུང་བར་བྱེད།། ་མི་བསྲུན་ལྷན་ཅིག་སྤྱོད་པ་དག། དང་པོ་དགའ་ཞིང་མཉེན་པ་དང། །བར་དུ་རྩོད་པས་དགའ་མེད་དེ། །ཐ་མར་ཤ?་འཁོན་ཞུགས་པ་ཡིན། །བདག་ཉིད་ཆ་དང་མཚུངས་པ་ཡིན། །དང་པོ་ཆུང་དུ་བཤེས་བྱེད་ཅིང། །བར་དུ་དེ་བས་ལྷག་པར་འགྱུར། །ཐམས ་རབ་ཏུ་དགའ་བར་མཛད། །དམ་པའི་བཤེས་ནི་འབབ་ཆུ་འདྲ། །དང་པོ་ཉུང་ཞིང་བར་དུ་ཆེ། །རིམ་གྱིས་རིམ་གྱིས་རྒྱ་ཆེར་འཕེལ། །འགྲོ་བའི་ཕྱིར་མི་ལྡོག་ཏུ་མེད་།དུད་འགྲོ་དྲི་ཡིས་མཐོང་བར་བྱེད། །རིག་བྱེད་ཀྱིས་ནི་བྲམ་ཟེ་མཐོང། །སྨན་གྱི་རིགས་བས་སྨན་པ་མཐོང།། ་རྒྱལ་བོ་ཉན་རྣམས་མཐོང་བར་བྱེད། །མི་ཡིས་དགྲ་ནི་གཞོམ་འདོད་པས། །རྟག་ཏུ་སྙན་སྨྲ་ངན་བས་བསམ། །ཀླུ་ཡིས་བྲིད་པའི་རི་དགས་བཞིན། །སེམས་འཁྲུལ་གྱུར་ན་བསད་པར་བྱ། །གང་ལ་ནོར་ཡོད་གཉེན་བཤེས་དང། །གང་ལ་ནོར་ཡང་ཉེ་དུ་སྟེ། །གང་ལ ་ནོར་ཡོད་འཇིག་རྟེན་མི། །གང་ལ་ནོར་ཡོད་དེ་མཛངས་ཡིན། །ནོར་མེད་གྱུར་ན་གཉེན་བཤེས་དང། །བུ་དང་ཆུང་མ་ཉེ་དུ་དང། །སྐྱེ་བོ་སྡུག་བ་རྣམས་ཀྱིས་སྤོང། །ནོར་ལྡན་གྱུར་ན་ཕྱིར་ཡང་གཉེན། །ནོར་ནི་འཇིག་རྟེན་མི་ཡི་གཉེན། །གོ་འཕང་མཆོག་ཐོབ་གྱུར ་ན་ནི། །བཤེས་གཉེན་གྲོགས་པོ་ལ་སོགས་པའི། །སྔོན་མ་མཐོང་བ་རྣམས་ཀྱང་བདུད། །ནོར་བཟང་གོ་འཕང་ཉམས་དུས་ན། །རང་མི་རྣམས་ཀྱང་དགྲར་འགྱུར་རོ། །གསང་དང་ཁོང་ནི་གྲིམས་པ་དང། །བརྣག་པ་མཐར་ཕྱིན་བྱེད་ནུས་དང། །དགྲ་ལ་འཇིགས་པ ་སྤྱོད་པ་ནི། །དགྲ་བོ་འཇིགས་འགྱུར་ཐེ་ཚོམ་མེད། །དགྲ་ཡི་ཕྱོགས་ལ་མཁས་པ་ཡིས། །དང་པོར་རྩ་བ་བཅད་པར་བྱ། །དེ་ནས་རང་གི་ཕྱོགས་བཅས་པས། །སྔོན་ཆད་གནོད་པ་བྱེད་པ་བསང། །ལན་ཅིག་འཇིགས་འགྱུར་བཤེས་གཉེན་གང། །སླར་ནི་འདུས ་བར་འདོད་གྱུར་པ། །དེ་ནི་འཆི་བ་ཉེར་ལེན་ཏེ། །དྲེའུ་མོ་ཡིན་ནི་མངལ་བཞིན་ནོ། །དགྲ་དང་ལན་ཅིག་འདུམ་བྱེད་ཅིང། །ཡིད་བརྟན་བདེ་བར་གཉིད་ལོག་པ། །དེ་ནི་ཤིང་རྩེར་གཉིད་ལོག་པའི། །ལྷུང་ནས་སད་པ་ཇི་བཞིན་ནོ། །གལ་ཏེ་བུ་འམ་སྤུན་ཟླ་འམ། །སྨག་གི་གཉེན་མཚམས་གྲོཌ་བཤེས་རྣམS ་རྒྱལ་པོའི་བར་དུ་གཅོད་བྱེད་ན། །བསང་བྱ་འདི་ལ་ཐེ་ཚོམ་མེད། །གཉེན་པས་མི་གཉེན་འཇིག་པ་སྟེ། །འཇམ་པོས་རྩུབ་པ་འཇིག་པར་བྱེད། །གཉེན་པས་མི་འདུལ་ཅུང་ཟད་མེད། །ད་བས་གཉེན་པ་ཤིན་ཏུ་ནོ། ནོར་ཉམས་ནུས་པ་ཉམS་བ་དང། །གནང་ལ་མཁས་ཤིང་བརྩོན་འགྲུས་ཆེ། །རྒྱལ་སྲིད? ་ཕྱེད་ནི་འཕྲོག་པའི་མི། །གལ་ཏེ་མ་བསད་ངེས་གསོད་འགྱུར། །ཟབ་མོའི་བློ་ལྡན་དང་འཇམ་ཞིང། །དམན་པར་སྨྲ་ལ་དབང་པོ་ཐུལ། །བདེན་པར་སྨྲ་ཞིང་གཞན་དབང་ཅན། །ཤིས་པའི་ཚིག་ལྡན་དེ་ཉིད་རིག། དེ་ཉིད་གཡོག་འཁོར་བཟང་པོ་ཡིན། ་ཤིན་ཏུ་ཆོག་ཤེས་ལེ་ལོ་མེད། །ལེགས་པར་གཉིད་ལོག་རབ་ཏུ་སང། །བདེ་དང་སྡུག་བསྔལ་གྲོགས་བྱེད་བའི། །གཡོག་འཁོར་འཇིག་རྟེན་རབ་ཏུ་དཀོན། །གཡོ་ཅན་དག་ལ་གཡོ་སྟོན་ཅིང། །དྲང་ལ་དྲང་བའི་སྤྱོད་པ་སྟོན། །དགའ་ལ་དགའ་བའི་ཉིད་དང་ནི།། ་མི་དགའ་བ་ལ་མི་དགའ་སྟོན། །དངོས་པོ་གང་ལ་གང་དགའ་བའི། །སྐྱེས་པ་བུད་མེད་སྟོན་བྱེད་པའོ། །དམ་པ་རྣམས་ཀྱི་འཇུག་སྒོ་ནི། །ནམ་དུ་ཡང་ནི་མི་འདོར་རོ། །སྐྱེ་བོ་ངན་དང་འགྲོགས་ན་ནི། །སྐྱེ་པོ་དམ་པའང་ཉམས་བྱེད་དེ། །ཆུ་དང་འདམ་བུ་འདྲེས་ན་ནི། །དང ་བའང་དྲི་མ་ཅན་དུ་འགྱུར། །ཁ་ལ་སྤྲང་རྩིས་བསྒོས་བཞིན་དང། །ཁོང་ན་རྙོག་པའི་བདག་ཉིད་དེ། །ནང་ན་རག་ན་ཕྱིར་རྡུལ་དང། །ཁ་ཡི་ནང་གི་རྡོ་ཕྱེ་བཞིན། །ཚིག་འཇམ་བརྩེ་མེད་ཤེས་རབ་ལྡན། །མི་མངོན་ཤིན་ཏུ་མི་ཟད་པ། །བུ་རམ་དུག་འདྲེས་ལྟ་བུ་ཡི ་དེ་འདྲའི་སྐྱེས་བུ་བསྟེན་མི་བྱ། །ཤིན་ཏུ་མ་རུངས་སྐྱེ་བོ་ལ། །རྗེས་སུ་མཐུན་པས་ཞི་བྱ་ཞིང། །སྔར་བའི་དག་གིས་བསྒོས་བྱས་ཏེ། །མཁྲིས་པའི་ནང་བྱུང་ཇི་བཞིན་ནོ། །ནྱ་གྲོ་དྷ་ཞེས་བྱ་བ་ཡི། །ཤིང་གི་རྒྱལ་པོར་གྲགས་པ་ཡོད། །དེ་ཡི་བྱུ་གུ་བུ་རྣམS ་ནི། །རྩ་བ་ཟུགས་ནས་གཏིང་གནས་ཏེ་བཅིག?་ལ་ཅིག་ནི་འབྲེལ་བྱས་ནས། །དེ་ནས་ཤིང་དེ་འཇིག་པར་འགྱུར། །དེ་བཞིན་བུ་དང་ཚའོ་དང། །བློན་པོའི་ཚོགས་དང་བཅས་པ་ཡིས། །རྒྱལ་པོའི་གནས་ནས་སྐྱེད་བྱེད་དེ། །ནྱ་གྲོ་དྷ་ཡི་མྱུ་གུ་བཞིན། ། ་ལེའུ་སྟེ་དྲུག་པའོ།། །།ས་བདག་གི་ནི་གཡོག་འཁོར་གྱི། །མཚན་ཉིད་བཤད་ཀྱིས་མཉན་པར་གྱིས། །རྒྱལ་པོ་ཇི་ལྟར་བཤེས་གཉེན་ལྡན། །གཡོག་འཁོར་དེ་ལྟར་བརྟག་པར་བྱ། །ཇི་ལྟར་དབང་པོ་ལ་སོགས་པའི། །མེ་ནི་ལྷ་རྣམས་ཀུན ་གྱི་ཁ། །དེ་བཞིན་རྒྱལ་པོའི་བློན་པོ་ཡང། །ཡུལ་འཁོར་རྒྱུ་དང་མི་རྒྱུའི་ཁ། །བརྟན་ཞིང་ཟབ་མོའི་བློ་ལྡན་དང། །མདངས་ལྡན་ཆོས་དང་བསྟན་ཆོས་རིག། དུལ་ཞིང་བདེན་པར་སྨྲ་བ་དང། །རྒྱལ་པོའི་འཁོར་ལ་ཕན་པར་སེམས། །རིགས་བཙུན་རྒྱུད་ནི་མཉན་པ་དང། །བླ་མ་ལ ་ནི་གུས་ཉན་དང། །སྐྱེ་དགུའི་རྗེས་བརྩེར་ལྡན་པ་ཡི། །བརྒྱུད་བྱུང་དེ་ནི་རྒྱལ་སྲས་ཡིན། །རྒྱལ་པོ་སྙིང་བརྩེ་ཕན་སེམས་ལྡན། །བླ་མའི་སྐྱོན་ནི་སྤང་བ་དང། །གཡུལ་འཇུག་སླར་ཡང་མི་ལྡོག་ཅིང། །བདེ་དང་སྡུག་བསྔལ་མཉམ་པར་སེམས། །རིགས་དང་ཚུལ་ཁྲིམS ་ཕུན་སུམ་ཚོགས། །ཆོས་ལུགས་འཆད་པ་མཁས་པ་སྟེ། །དེ་བཞིན་འདུན་དང་དད་པ་དང། །གྲིམས་པ་རྒྱལ་པོར་རབ་གྲགས་སོ། །ཚིག་གསལ་བློ་ནི་ཕུན་སུམ་ཚོགས། །ལུགས་ཀྱི་བསྟན་བཅོས་དག་ལ་མཁས། །དག་འཇམ་སྤྱོད་པར་བྱེད་པ་སྟེ། །རྒྱལ་པོའི ་བློན་པོ་དེ་འདྲས་བྱ། །ཡིད་གཞུངས་ཚིག་གསལ་ཤེས་རབ་ལྡན། །གཞན་སེམས་ཉེ་བར་མཚོན་ནུས་དང། །བརྟན་ཞིང་ཇི་སྐད་བསྒོ་བཞིན་སྨྲ། །རྒྱལ་པོའི་ཕོ་ཉ་དེ་འདྲས་བྱ། །རིག་བྱེད་ཡན་ལག་དེ་ཉིད་ཤེས། །བཟླས་བརྗོད་སྦྱིན་སྲེག་མཆོད་སྦྱིན་བརྩོན།། ་རྟག་ཏུ་ཤིང་བར་བརྗོད་བྱེད་པ། །ཤེས་རབ་ལྡན་དེ་མདུན་ན་འདོན། །སྒྲ་རིག་རྩིས་ཀྱང་ཤེས་པ་སྟེ། །ཡི་གེ་བྱང་ཞིང་ལག་པ་མྱུར། །ཡིད་གཞུངས་ཚིག་ནི་གསལ་བ་དང། །གྲགས་དང་སྦྱིན་ལྡན་ཡི་གེ་བ། །ཡི་གེ་བྱང་ཞིང་སྒྲོལ་མཁས། །སྒྲ་ཡི་མཚན་ཉིད ་རྟོག་བྱེད། །དྲི་ཟ་བཞིན་དུ་དབྱངས་མཁས་ཏེ། །དེ་འདྲའི་ཀློག་མཁན་བསྒོ་བར་བྱ། །བརྟན་ཞིང་དབང་པོ་རྗེས་སུ་འོས། །ཤེས་རབ་ཆེ་ཞིང་ལེགས་ཉེས་རྟོགས། །གཙང་ཞིང་རྒྱལ་པོའི་སྐུ་བྱེད་སྟེན། །དེ་འདྲའི་ཆད་པ་གཅོད་མཁན་ཡིན། །ཚེ་ཡི་རིག་བྱེད་གོམས ་པ་དང། །ཆོས་རིག་ཡིད་འོང་སྙན་སྨྲ་ཞིང། །ཆོ་ག་དང་ཚུལ་ཕུན་སུམ་ཚོགས། །ཐང་ལ་འབར་ཞིང་གསོ་མཁས་ཤིང། །ནད་ཀྱི་མཚན་ཉིད་ཀུན་ལ་མཁས། །རྒྱལ་པོས་དེ་འདྲའི་སྨན་པ་བསྟེན། །གཞན་གྱི་སྤྱོད་ལམ་ཟུར་གྱིས་ཤེས། །སྟོབས་ལྡན ་སྙན་པ་སྨྲ་བ་དང། །གཞན་གྱི་བསམ་པ་རྟག་ཏུ་ཤེས། །རྒོད་དཔོན་དེ་འདྲ་བསྒོ་བར་བྱ། །མཚོན་ལ་གོམས་ཤིང་ནུས་དང་ལྡན། །གཞོན་པ་དག་ལ་བྱང་ཞིང་མཁས། །དཔའ་ཞིང་བརྟན་པ་ཕུན་སུམ་ཚོགས། །དེ་བསྲངས་?་དཔོན ་ཡིན་པར་ཤེས། །ཕ་མེས་རྒྱུད་འབྱུང་གྲིམས་ཤིང་བཤོར། །བསྟན་བཅོས་རིགས་ཅིང་ཞིམ་པར་འཚེང། །གཙང་སྦྲ་ཆེ་ཞིང་སྙིང་ཉེ་བའི། །དེ་ལྟ་བུ་ཡི་ཕྱག་ཚང་བྱ། །ཤས་ཆེར་དཔྱད་མེད་ཕུན་སུམ་ཚོགས། །བསྟན་བཅོས་ཀུན་ལ་འཇིགས་མེད ་དང། །རིགས་ནི་ཆེན་པོར་སྐྱེས་གྱུར་པ། །དེ་ནི་ནང་བློན་ཤེས་པར་བྱ། །དེ་འདྲའི་བསྲུང་མཁན་བསྟན་པར་བྱ། །བརྟན་ཞིང་རྒྱལ་བ་ཐོབ་པ་དང། །གདུགས་དཀར་བ་དན་དཀར་བ་སྟེ། །གཡུལ་ལས་རྟག་ཏུ་རྒྱལ་བ་སྟེ། །རྒྱལ་པོའི་ཞེས་ས་རབ་ཏུ ་གྲགས། །ཇི་ལྟར་ཁྱི་ཞིག་བཀྲེས་ཉེན་ཏེ། །རུས་པ་སྐམ་པོ་ཁང་བརྫངས་ནས། །ཁྲག་བྱུང་སྡུག་བསྔལ་བདེ་སྙམ་པ། །དེ་བཞིན་འདོད་རྨོངས་རྣམས་ཀྱིས་ནི། །བུད་མེད་རྣམས་ལ་བདེར་སྙམ་སེམས། །ལེའུ་བདུན་བའོ། །།མ་སུ་རཀྵས ་བྱས་པ་ལུགས་ཀྱི་བསྟན་བཅོས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨ་ཙརྱ་དྷརྨ་ཤྲི་བཛྲཱ་དང། ལོ་ཙའ་བ་དགེ་སློང་ཤཱཀྱ་བློ་གྲོས་ལ་སོགས་པས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། ་