CLOSE WINDOW

N4609: dbyangs 'char ba'i dus sbyor gyi 'bras bu nye bar mkho ba
Wyliee-texts based on the ACIP/ALL Input

རྨོངས་པའི་གཉེན་པོ་དགོས་འདོད་ཐམས་ཅད་འབྱུང་བས། བལ་ཡུལ་རྣལ་འབྱོར་བའི་གཙུག་ལག་ཁང་དུ་ཞུས་ཤིང་བསྒྱུར་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། སྭ་ར་ད་ཡ་ཀཱ་ལ་ག་ཕ་ལོ་བ་དེ་ཤ ་བོད་སྐད་དུ། དབྱངས་འཆར་བའི་དུས་སྦྱོར་གྱི་འབྲས་བུ་ཉེ་བར་མཁོ་བ། ཨཱརྱ་མཉྫུ་ཤྲཱི་ནཱ་མ། ལུག་གི་དུས་སྐྱོར་ཤར་མ་ཐག་ཏུ་།དགྲ་དང་འཐབ་པ་དང་དབང་བསྐུར་བ་དང། འབད་རྩོལ་ཀྱི་ལས་དང། ཁམས་ལ་སོགས་པ་ལ་?་?་རང ་དང་གཞན་འབྲེལ་བར་བྱེད་པ་ལ་སོགས་བའི་ལས་བྱའོ། །གླང་གི་དུས་སྦྱོར་ཤར་བ་དང། བག་མ་དང་བརྟག་པའི་ལས་བྱའོ། །ཁང་པའི་བྱ་བ་དང། རང་གི་གནས་སུ་གཞུག་པ་དང། གཞོན་ནུ་མའི་གོས་དང། རྒྱན་ལ་སོགས་པ་བྱ་བ་དང ་སྦྱིན་པའི་ལས་དང། ཞིང་ཉེ་བ་དང། ཞིང་ལས་དག་བྱའོ། །འཁྲིག་བའི་དུས་སྦྱོར་ཤར་བ་དང། སྒྱུ་རྩལ་གྱི་ལས་དང། བཟོ་དང། རྒྱན་ལ་སོགས་པ་དང། གཞན་ཡང་གླང་གི་དུས་སྦྱོར་དུ་བཤད་པ་ཐམས་ཅད་ཀྱང་བྱའོ། །ཀརྐ་ཊའི་དུས་སྦྱོར་ལ་? ་ན། རྗིད་བུ་དང་ཁྲོན་པའི་ལས་དང། ཆུ་བསྒྱུར་བ་དང། རྒྱས་པའི་ལས་དང། གྲུབ་བའི་ལས་དང། མཐར་ཐོན་པའི་ལས་རྣམས་བྱའོ། །སེང་གེའི་དུས་སྦྱོར་ཤར་བའི་དུས་སུ་ཚོར་བྱ་བ་དང། ཤེས་པར་བྱ་བའི་?་དང། ཚང་བྲན་དང། ཧ་ཧ་ལས་དང ་མིའི་བདག་པོར་དབང་བསྐུར་བའི་ལས་དང། གཞན་དང་མཐུན་པར་བྱ་བ་དང། ལུག་གི་དུས་སྦྱོར་དུ་བཤད་པ་ཐམས་ཅད་ཀྱང་བྱའོ། །བུ་མོའི་དུས་སྦྱོར་ལ་སྨན་གྱི་ལས་དང། ཟས་སྦྱོང་དང། བཟོ་བྱ་བ་དང། བརྟན་པ་དང། གཡོ་བའི་ལས་དང། ་དི?་རིང་ཟིན་བར་བྱ་བའི་ལས་དང། །རྒྱས་བའི་ལས་ཐམས་ཅད་བྱའོ། །སྲང་གི་དུས་སྦྱོར་ཤར་བའི་ཆེ། མོ་ནམ་བྱ་བ་དང། ཚེད་དང་བརྟེན་པའི་ལས་དང། སྒྱུ་འཕྲུལ་དང། སྲང་ལ་སོགས་པ་ལ་གཞལ་པའི་ལས་བྱའོ། །ལྡིག་བཤར་བའི་དུས ་སྦྱོར་ལ། འབད?་པའི་ལས་དང། དྲག་པའི་ལས་དང། ཁྲག་གི་ལས་དང། རྒྱལ་པོ་བསྙེན་བཀུར་བྱ་བ་དང། དབང་བསྐུར་བ་དང། དཔའ་བོའི་མཚོན་ཆ་བྱ་བའི་ལས་དང། བརྒྱན་པའི་བྱ་བ་ཙམ་པ་དག་བྱའོ། །གཞུའི་ཤར་དུས་སུ། གཞན་དུ་སོག ་པ་དང?་རྒྱས་བའི་ལས་དང། བག་མའི་ལས་དང། ཕྱུགས་ཀྱི་འདུལ་སྦྱོང་བྱ་བ་དང། ཡོངས་སུ་བཟུང་བ་དང། ནང་ཟང་བར་བྱེད་པ་ལ་སོགས་པ་བྱའོ། །གཡོ་བའི་ལས་དག་བྱའོ། །ཆུ་སྲིན་གྱི་དུས་སྦྱོར་ལ། ཞིང་ལས་དང། རྟེན་པ་བཅོལ་བའི ་ལས་དང། ཆུའི་ལས་དང། རྒྱུ་འཕྲུལ?་བྱ་བ་དང། བཅིངས་བ་བཀྲོལ་བ་དང། ཆུ་བརྟོལ་བར་བྱ་བ་དང། གཡོག་མོ་གཞུག་པ་དང། རྐང་བའི་ལས་དང་།རྔ་མོའི་ལས་དག་བྱའོ། །བུམ་པའི་དུས་སྦྱོར་ཤར་བ་དང། གྲུ་བའི་ལས་ཐམས ་ཅད་དང། ཆུ་སྦྱིན་པ་དང། བརྟན་པའི་ལས་དང། ས་བོན་བཏུ་བའི་ལས་རྣམས་བྱའོ། །ཉི་མའི་དུས་སྦྱོར་ཤར་བ་དང། རིག་པ་བརྩམ་པ་དང། རྒྱན་འདོགས་པ་དང། རྒྱན་འདོགས་པ་དང། བཟོའལས་དང། སོ་ནམ་བྱ་བ་དང། །ཕྱུགས་ཀྱི་ལས་དང། རྒྱུ་འགྲུལ་བྱ་བ་དང། བཟའ་ ་བ་དང། བག་མ་དང། ཚས་སློབ་བ་ལ་སོགས་པ་མཁས་པའི་ལས་བྱའོ། །འཕོ་བ་ཡང་དེ་དང་འདྲ་བར་ཤེས་པར་བྱའོ། །དུས་སྦྱོར་བརྟན་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱིཛ་ཡཱ་ནནད་དང། ཆག་ལོ་ཙ་བ་དགེ་སློང ་ཆོས་རྗེ་དཔལ་གྱིས་བསྒྱུར་བའོ།། །།དབྱངས་འཆར་གྱི་བརྒྱུད་པ་ནི། རྒྱལ་བ་ཤཱཀྱ་ཐུབ་བ་ཆེན་པོ། ཤྲཱ་མ་ཧེ་ཤྭ་ར། དཔལ་མགྲིན་མགོན་པོ། །དཔལ་ཚངས་ལྷ་མགོན་པོ། །དཔལ་ཟླ་བ་ཀུན་དགའ་མགོན་པོ། །དཔལ་ཨུཏཔམ ་