CLOSE WINDOW

N4607a: tshe rtsis kyi 'bras bu gsal bar byed pa zhes bya ba
Wyliee-texts based on the ACIP/ALL Input

ཚེ་རྩིས་ཀྱི་འབྲས་བུ་གསལ་བར་བྱེད་པ་ཞེས་བྱ་བ་བཞུགས།། །།རྒྱ་གར་སྐད་དུ། ཨཱ་ཡུ་གཎ་ཊ་ཕ་ལ་སྭ་ཀ་ནཱ་མ། བོད་སྐད་དུ། ཚེ་རྩིས་ཀྱི་འབྲས་བུ་གསལ་བར་བྱེད་བ་ཞེས་བྱ་བ། འཇམ་པའི་? ་ལ་ཕྱག་འཚལ་ལོ། །གནས་སྐབས་བཞིན་ཤེས་སྐྱེས་བུ་ཡི། །དང་པོའི་གནས་སྐབས་གསལ་འདོད་ན། །མཁའ་ཉི་དྲུག་སོགས་ལོ་ཡིས་བསྒྱུར། །དེ་ལ་མཁའ་ཉིས་བགོས་ཐོབ་ལོ། །དག་ན་ཀུན་སྡོམས་མཁའ་ཉི་གྲུབ། །སོ་སོའི་ལོ་རྣམས་མཁའ་ ་དུས་མེས། །བསྒྱུར་ཏེ་མཁའ་ཉིས་རྙེད་བརྟན་པའོ།།རང་རང་བརྟན་པ་དྲུག་སོགས་བསྒྱུར། །མཁའ་དུས་མེ་ཡིས་ཐོབ་པ་ལོ། །ལྷག་ལ་མཁའ་མེས་ཐོབ་ཟླ་བ། །དེ་ཡི་ལྷག་མ་ཞག་ཏུ་འགྱུར། །དག་ན་རང་ལོའི་འགྲོ་ལྡོག་དེས། །དང་པོའི་ཆ་ཤེས ་དེས་རྒྱས་ཤེས། །བརྒྱ་སོགས་གསུམ་ལའང་དྲུག་ལ་སོགས། །གཟའ་དགུ་སོ་སོའི་ལོ་ཡིས་བསྒྲེ། །མཁའ་དང་ཉི་མས་ཐོབ་པ་ལོ། །ལྷག་ལ་ནམ་མཁའ་མེ་ཡིས་བགོ། །ཐོབ་པ་ཟླ་བ་ལྟག་མ་ཞག། དེ་ནས་སོ་སོའི་ལོ་རྣམས་ཀུན། །མཁའ་དུས་མེ་ཡིས ་བསྒྱུར་བར་བྱ། །ཟླ་བ་མཁའ་མེས་བསྒྲེས་ལ་སྤྱིར། །མཁའ་ཉིས་རྙེད་པ་བརྟན་པ་ཞག། ལྷག་མ་དྲུག་ཅུར་ཐོབ་ཆུ་ཚོད། །དེ་ནས་རང་རང་བརྟན་པ་རྣམས། །དྲུག་ལ་སོགས་པའི་རང་ལོས་བསྒྲེ། །མཁའ་དུས་མི་སོ་མགོས་ཐོབ་པ་ལོ། ། ་གལ་ཏེ་རྙེད་པར་མ་གྱུར་ན། །མཁའ་མེས་མགོས་ལ་ཟླ་བ་བྱ། །དེ་ཡི་ལྷག་མ་ཞག་ཏུ་འགྱུར། །དག་ན་ལྔ་སོགས་རང་གི་ལོ། །དགྲུ་ཚན་རེལ་འགྲོ་ལྡག་དེས། །ཆ་ཤས་ཕྱི་མ་རྒྱས་པའོ། །ཆ་ཤས་རེ་རེ་དྲུག་ཆེར། །ཕྲི་བས་བརྟན་པའང ་དྲུག་ཆ་འབྲི། །དེ་ནི་རྩིས་ཀྱི་གཞི་མ་ཡིན། །བསྒྱུར་དང་འགོང་བྱེད་མཚུངས་པར་ལྡན། །དེ་ལྟར་ཟླ་ཀླུ་རྣམ་བཞི་ཤེས། །གཞན་ཡང་ན་ཡི་སྙོན་འབྲིད་དང། །བསླུ་ཞིང་བསྲིང་བའི་ཆོག་རྣམས། །ཁོང་དུ་ཆུང་ནས་སྟོན་པར་གྱིས། །རྡོ་རྗེའི་ཚིག་འབྱེད ་ལྡེ་མིག་འདི། །ཇི་སྙེད་མཁྱེན་པས་བསྒྱུར་བའོ། །ཚེ་འབྲས་ཀྱི་རྩིས་གསལ་བར་བྱེད་བ་མན་པུ་རུ་ཤས་མཛད་པ། ཨིཐི(མདོ་འགྲེལ་ཨརྠ་སཾ་གྲ་ཏ། བོད་སྐད་དུ། དབྱངས་འཆར་བའི་དོན་བསྡུས་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མགོན་པོ་དུས་གསུམ་སྒྲིབ་པ་མེད། །ཐམས་ཅད་མཁྱེན་ལ་ཕྱག་འཚལ་ནས། །དགོས་པ་ཐམས་ཅད་བྱེད་པ་ཡི ་རྒྱུད་ཀྱི་དོན་བསྡུས་བཤད་པར་བྱ། །གཡུལ་ལས་རྒྱལ་བར་འདོད་པ་ཡིས། །དབྱངས་འཆར་རྒྱུད་ཀྱི་དོན་སྒྲུབ་པ། །ལེགས་བཏགས་ལས་ཀུན་བྱེད་པ་ཡི། །དགའ་བ་སྟེར་འདི་མཉན་པར་གྱིས། །གང་དུ་ཡིད་ནི་དག་པ་ལ། །མི་རྟོག་ཕྱིར་ནི་འདི་མི་དགོས ་འཇིག་རྟེན་གསུམ་གྱི་བྱེད་པ་པོ། །སེམས་འདི་གཅིག་པུ་ཡིན་པའི་ཕྱིར། །དུས་གསུམ་དུས་མེད་མ་རྟོགས་པ། །བདེ་བ་འདོད་པས་འདི་བསྒྲུབ་བྱ། །སྡིག་པའི་གཟའ་ཡིས་གནོད་བྱས་པས། །སྐར་མ་ཇི་བཞིན་ལས་མི་བཟང། །ཁྱིམ་དང་འགྲོས་ཀྱི ་བྱེ་བྲག་གིས། །གཟའ་ཡི་ལས་ཀྱང་སོ་སོར་མཐོང། །ཇི་ལྟར་གསུངས་པའི་བདག་པོ་རྣམས། །གནོད་པའི་དབང་གིས་གཞན་དུ་འགྱུར། །འདི་ལྟར་མཁན་པོ་འདྲི་བྱེད་དང། །རྒྱུ་དང་འབྲས་བུ་བཞི་ཞེས་དྲན། །མཁན་པོ་མཁས་ཤིང་བྱེ་བྲག་ཤེས། ་སྤྲོ་ཞིང་བློ་གསལ་ཡིད་གཞུངས་པ། །འདྲི་བྱེད་ལེའུ་གསུམ་པ་ལས། །ཇི་ལྟར་གསུངས་པའི་མཚན་ཉིད་ཅན། །རྒྱུ་ཡི་མཚན་ཉིད་ཅེས་བྱ་བ། །ལུས་དག་ཡིད་ཀྱིས་བྱེད་པ་སྟེ། །རེས་ཀྱི་གཟའ་དང་རྒྱུ་སྐར་དང། །བྱེད་སྦྱོར་ཚེས་ལག་དང ་གཟའ་རྣམས་ཁྱིམ་ལ་འཁོར་བ་དང། །དུས་སྦྱོར་ཐུན་ཚོད་བྱེ་བྲག་རྣམས། །ལམ་ལྔའི་རྣམ་པར་ཤེས་པ་དང། །དབྱེ་དེས་དང་གསལ་བྱེད་འཆར་ནུབ་དང། །ལྟས་དང་ཡི་གེའི་བྱེ་བྲག་དེ། །འདི་ལ་ངེས་པར་ཤེས་པར་བྱ། །མཐོང་དང་འབྲས་བུ་གཉིས་ཀྱི་?། ་