CLOSE WINDOW

N4607: AR+Ya bya ka ra Na'i nang nas 'byung ba
Wyliee-texts based on the ACIP/ALL Input

ལེའུ་སྟེ་བཅོ་ལྔ་པའོ།། །།ཐུབ་པ་ཆེན་པོ་དྲང་སྲོང་སྐར་མའི་ལྟས་ཀྱི་གཙུག་ལག་རྨ་བྱ་ལས་ལྟས་སྣ་ཚོགས་བསྟན་པ་ཞེས་བྱ་བའི་ལྟས་ཇི་སྙེད་པ་རྫོགས་སོ།། །།ཨཱརྱ་བྱ་ཀ་ར་ཎའི་ནང་ནས་འབྱུང་བ། གཟའ་དང་རྒྱུ་སྐར་གྱིས ་རང་བཞིན་བཤད་བ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ནི་འདི་ལྟ་སྟེ། སྨིན་དྲུག་དང། སྣར་མ་དང། མགོ་དང། ལག་དང། ནབས་སོ་དང། རྒྱལ་དང། སྐག་དང། མཆུ་དང། གྲེ་དང། དབོ་དང། མེ་བཞི་དང། ནག་པ་དང། ས་རི་དང། ས་ག་དང་།ལྷ་མཚམས་དང། ་སྨྲོན་དང། སྣརུབས་དང། ཆུ་སྟོད་དང། ཆུ་སྨད་དང། བྱི་ཞིན་དང། གྲོ་ཞིན་དང། མོན་གྲེ་དང། མོན་གྲུ་དང། ཁྲུམས་སྟོང་དང། ཁྲུམས་སྨད་དང། ནམ་གྲུ་དང། ཐ་སྐར་དང། བྲ་ཉེ་དང། འདི་རྣམས་རྒྱུ་སྐར ་ཉི་ཤུ་རྩ་བརྒྱད་དོ། །དེ་ལ་རྒྱུ་སྐར་ནི་དུ། དབྱིབས་ནི་ཇི་སྙེད་ཡོད། ཡུད་ཙམ་དང་ལྡན་པ་ཇི་སྙེད། ཟས་ནི་ཅི། རུས་ནི་ཅི། ལྷ་རྣམས་ནི་གང། ཀྱེ་བྲམ་ཟེ་པདྨའི་སྙིང་པོ་ཅན། སྨིན་དྲུག་ནི་སྐར་མ་དྲུག་སྟེ། དབྱིབས་ནི་སྤུ་གྲི་ལྟ་བུའོ།། ་ཡུང་ཙམ་སུམ་ཅུ་དང་ལྡན་ཆ་དྲུག་དང་བཅས་པའོ། །ཁ་ཟས་ནི་ཞོའོ། །ལྷ་ནི་མེ་ལྷའོ། །རུས་ནི་རྗེའུ་རིགས་ཀྱི་རྒྱུད་དོ། །རྒྱུ་སྐར་སྣར་མ་ནི་སྐར་མ་ལྔ་སྟེ། དབྱིབས་ནི་ཤིང་ལྟ་བུའོ། །ཡུད་ཙམ་བཞི་བཅུ་ལྔ་དང་ལྡན་པའི་རྩ་བདུན་དང་བཅས་པའོ། ་ཁམས་ནི་ཞོ་དང། སྦྲང་རྩིར་སྦྱར་བའོ། །རུས་ནི་གཽ་ཏ་མའོ། །རྒྱུ་སྐར་མགོ་ནི་སྐར་མ་གསུམ་སྟེ། དབྱིབས་ནི་རི་དགས་ཀྱི་མགོ་ལྟ་བུའོ། །ཡུད་ཙམ་ནི་སུམ་ཅུ་དང་ལྡན་པའི་ཆ་དང་བཅས་པའོ། །ཟས་ནི་རི་དགས་ཀྱི་ཤའོ། །ལྷ་ནི་ཟླ་བའོ། ། ་རུས་ན་བྷ་ར་དྷྲ་ཛའོ། །རྒྱུ་སྐར་ལག་ནི་སྐར་མ་ཅིག་སྟེ་། དབྱིབས་ནི་སོག་ལེ་ལྟ་བུའོ། །ཡུད་ཙམ་བཅོ་ལྔ་དང་ལྡན་པའི་ཆ་བདུན་དང་བཅས་པའོ། །ཁ་ཟས་ནི་ཁྲག་གི་།ལྷ་ནི་དྲག་ཤུལ་ཅན་ནོ། །རུས་ནི་དམར་བའི་རྒྱུད་དོ། །རྒྱུ་སྐར་ནབས་སོ་ནི་སྐར ་མ་གཉིས་ཏེ། དབྱིབས་ནི་ཁང་པའི་གདུང་ལྟ་བུའོ། །ཡུང་ཅམ་བཞི་བཅུ་རྩ་ལྔ་དང་ལྡན་པའི་ཆ་བདུན་དང་བཅས་པའོ། །ཁ་ཟས་ནི་མར་དང་ཁུར་བའོ། །ལྷ་ནི་ཉི་མའོ། །རུས་ནི་དབང་བྱེད་དོ། །རྒྱུ་སྐར་རྒྱལ་ནི་སྐར་མ་གསུམ་སྟེ། དབྱིབས་ནི ་རིལ་བ་ལྟ་བུའོ། །ཡུད་ཅམ་སུམ་ཅུ་དང་ལྡན་ནོ། །ཁ་ཟས་ནི་སྦྲང་རྩི་དང། ཡིས?་སོ། །ལྷ་ནི་ཕུར་བུའོ། །རུས་ནི་རྩ་ཤུག་གྱེན་པའི་རྒྱུད་དོ། །རྒྱུ་སྐར་ཀག་ནི་སྐར་མ་དྲུག་སྟེ། དབྱིབས་ནི་སྦྲུལ་མགོ་གདེངས་པ་ལྟ་བུའོ། །ཡུད་ཙམ་བཅོ་ལྔ ་དང་ལྡན་པའི་ཆ་བདུན་དང་བཅས་པའོ། །ཁ་ཟས་ནི་སྦྲུལ་ག་ཡི་ཤའོ། །ལྷ་ཡང་སྦྲུལ་ལོ། །རུས་ནི་དམའ་བའ་ཨི་རྒྱུད་དོ། །པདྨའི་སྙིང་པོ་ཅན་རྒྱུ་སྐར་འདི་བདུན་ནི་ཤར་སྒོར་གཏོགས་སོ། །རྒྱུ་སྐར་མཆུ་ནི་སྐར་མ་དྲུག་སྟེ། དབྱིབས་ནི་ཆུ་བོ་ལྟ་བུའོ། །ཡུད་ཙམ ་སུམ་ཅུ་དང་འབྲེལ་བའི་མཚན་ཡིན་ནོ། །ཟས་ནི་ཏིལ་དང་སྦྱར་བའོ། །རུས་ནི་སོར་སྐྱའི་རྒྱུད་དོ། །རྒྱུ་སྐར་གྲ་ནི་སྐར་མ་གཉིས་ཏེ། དབྱིབས་ནི་རྩིག་པའོ། །ཡུད་ཙམ་སུམ་ཅུ་དང་ལྡན་པའི་ཆ་བདུན་དང་བཅས་པའོ། །ཁ་ཟས་ནི་ཞག་དྲུག་ཅུས་སྨིན་པའི ་འབྲས་ས་མ་ཏིལ་གྱི་ཚིགས་མ་ཟའོ། །ལྷ་ནི་ཁྱད?་འཇུག་གོ་།རུས་ནི་གཞོད་རྩེ་མོའི་ཁྱིམ་ཐབ་ཀྱི་རྒྱུད་དོ། །རྒྱུ་སྐར་དབོ་ནི་སྐར་མ་གཉིས་ཏེ། །དབྱིབས་ནི་ཁྲི་ལྟ་བུའོ། །ཡུད་ཙམ་བཞི་བཅུ་རྩ་ལྔ་དང་ལྡན་པའི་ཆ་བདུན་དང་བཅས་པའོ། །ཁ་ཐས་ནི་ཁྲེའོ ་ལྷ་ནི་ཉི་མ་དང་གཤིན་རྗེའོ། །རུས་ནི་ཨེ་ཏིའི་རྒྱུད་དོ། །རྒྱུ་སྐར་མེར་བཞི་ནི་སྐར་མ་ལྔ་སྟེ། དབྱིབས་ནི་ལག་པ་ལྟ་བུའོ། །ལྷ་ནི་ར་སྐྱེས་ལ་ཞོན་པ་ལྟ་བུའོ། །ཡུད་ཙམ་སུམ་ཅུ་དང་ལྡན་པའི་ཆ་བདུན་དང་བཅས་པའོ། །ཟས་ནི་བྱ་སྣ་ཚོགས ་དང་སྲ་ངའོ། །རུས་ནི་འོད་སྲུངས་ཀྱི་རྒྱུད་དོ། །རྒྱུ་སྐར་ནག་པ་ནི་སྐར་མ་གཅིག་སྟེ། དབྱིབས་ནི་པདྨའི་སྙིང་པོ་འདྲའོ། །ལྷ་ནི་ཉི་མའོ། །ཡུད་ཙམ་ནི་སུམ་ཅུ་དང་ལྡན་པའི་ཆ་བདུན་དང་བཅས་པའོ། །ཁ་ཟས་ནི་ཤིང་ཏོག་སྣ་ཚོགས་ཟའོ། །རུས་ནི་ས་ལའི་ཤིང་དྲུང ་བའི་རྒྱུད་དོ། །རྒྱུ་སྐར་ས་རི་ནི་སྐར་མ་ཅིག་སྟེ། དབྱིབས་ནི་ནོར་བུ་རིན་པོ་ལྟ་བུའོ། །ཡུད་ཙམ་བཅོ་ལྔ་དང་ལྡན་པའི་ཆ་བདུན་དང་བཅས་པའོ། །ཁ་ཟས་ནི་ཕྱེ་དང་ཏིལ་ཐུག་སྦྱར་བ་དང་བལ་སྲན་རྡེའུ་བཏགས་བཟའ་ཨོ། །ལྷ་ནི་རླུང་ལྷའོ། །རུས་ནི་ཡིད་ཆེས་ཀྱི་རྒྱུད་དོ།། ་རྒྱུ་སྐར་ས་གན་སྐར་མ་བཞི་སྡེ། དབྱིབས་ནི་རའི་རྟེན་མགོ་ལྟ་བུའོ། །ཡུད་ཙམ་བཞི་བཅུ་རྩ་ལྔ་དང་ལྡན་པའི་ཆ་བདུན་དང་བཅས་པའོ། །ཁ་ཟས་ནི་ཏིལ་དང་མེ་ཏོག་རྒྱ་སན་?་པོ་ཟའོ། །ལྷ་ནི་དབང་པོ་དང་ལྷའོ། །རུས་ནི་མཚན་མོ་ཞེས་བྱ་བའི་རྒྱུད་དོ།། ་ཀྱེ་པདྨའི་སྙིང་པོ་ཅན་རྒྱུ་སྐར་བདུན་པོ་འདི་དག་ནི་ལྷོ་ཕྱོགས་ཀྱི་སྒོར་གཏོགས་སོ། །རྒྱུ་སྐར་ལྷ་མཚམས་ནི་སྐར་མ་བཞི་སྟེ། དབྱིབས་ནི་གླང་པོ་ཆེའི་མགོ་དང་སྣ་ལྟ་བུའོ། །ཟས་ནི་ཆང་དང་སྲན་ཆུང་དང་།སྦྲང་རྩིའོ། །ལྷ ་ནི་ཉི་མའོ། །རུས་ནི་སྤེན་པ་དང་རྒྱུད་འདྲའོ། །རྒྱུ་སྐར་སྣརོན་ནི་སྐར་མ་གསུམ་མོ། །དབྱིབས་ནི་ཐེམ་སྐས་ལྟ་བུའོ། །ཡུད་ཙམ་བཅོ་ལྔ་དང་ལྡན་པའི་ཆ་བདུན་དང་བཅས་པའོ། །ཁ་ཟས་ནི་འབྲས་?་ལུད་དམར་དང་འབྲས་ཐུག་གོ་།ལྷ་ནི་དབང་པོའོ། །རུས་ནི ་ལེགས་བྱེད་ཀྱི་རྒྱུད་དོ། །རྒྱུ་སྐར་སྣརབས་ནི་སྐར་མ་དགུ་སྟེ་།དབྱིབས་ནི་སྐར་མ་གསུམ་དང་ལྡན་པའི་རི་དགས་ཀྱི་རྒྱལ་པོ་རྨད་དུ་བྱུང་བའི་རལ་བ་ལྟ་བུ་སྟེ། ཡུད་ཙམ་སུམ་ཅུ་དང་བཅས་པའི་ཆ་བདུན་དང་བཅས་པའོ། །ཁ་ཟས་ནི་འོ་མ་དང། ནགས་ཀྱི་རྩ་བ་དང། ་སྡོང་བུ་དང། འབྲས་བུ་ཟའོ། །ལྷ་ནི་སྡོམ་པ་ཅན་ནོ། །རུས་ནི་ཀཏྱ་ཡ་ནའི་རྒྱུད་དོ། །རྒྱུ་སྐར་ཆུ་སྟོད་ནི་སྐར་མ་བཞི་སྟེ། དབྱིབས་ནི་མཆོད་ལྟ་བུའོ། །ཡུད་ཙམ་སུམ་ཅུ་དང་ལྡན་ཞིང་ཆ་བདུན་དང་བཅས་པ་ཅན་གྱི་རྒྱུད་དོ། །རྒྱུ་སྐྐར་ཆུ་སྨད་ནི་སྐར་མ་བཞི ་སྟེ། དབྱིབས་ནི་གོམ་པ་གཡོན་པ་ལྟ་བུའོ། །ཡུད་ཙམ་ནི་བཞི་བཅུ་རྩ་ལྔ་དང་ལྡན་པའི་ཆ་བདུན་དང་བཅས་པའོ། །ཁ་ཟས་ནི་སྦྲང་རྩི་དང་ཡོས་སོ། །ལྷ་ནི་ཐམས་ཅད་ཅེས་བྱའོ། །རུས་ནི་སྟག་གུ་ཞེས་བྱ་བའི་རྒྱུད་དོ། །རྒྱུ་སྐར་བྱི་ཞིན་ནི་སྐར་མ་གསུམ་སྟེ། ་དབྱིབས་ནི་གླང་མགོ་ལྟ་བུའོ། །ཡུད་ཙམ་དྲུག་དང་ལྡན་པ་དེ་ལས་ཡུད་ཙམ་ཅིག་ལ་ཐོག་མར་ལས་བྱེད་དོ། །ཁ་ཟས་ནི་རླུང་ཟའོ། །ལྷ་ནི་ཚངས་པའོ། །རུས་ནི་གསོ་མ་ཅན་གྱི་རྒྱུད་དོ། །རྒྱུ་སྐར་གྲོ་ཞིན་ནི་སྐར་མ་གསུམ་སྟེ། དབྱིབས་ནི་རྔ་ལྟ་བུའོ། །ཡུད ་ཅམ་ནི་སུམ་ཅུ་དང་ལྡན་པའི་ཆ་བདུན་དང་བཅས་པའོ། །ཁ་ཟས་ནི་མར་སར་བསྲུབས་མ་ཐག་པ་དང་བྱ་ཤ་ཟའོ། །ལྷ་ནི་ཁྱབ་འཇུག་གོ་།རུས་ནི་མཽངྒལ་གྱི་རྒྱུད་དོ། །ཀྱེ་པདྨའི་སྙིང་པོ་ཅན། རྒྱུ་སྐར་བདུན་པོ་འདི་དག་ནི་ནུབ་སྐོར་གཏོགས་སོ། །རྒྱུ་སྐར་མོན་གྲེ་ནི ་སྐར་མ་བཞི་སྟེ། དབྱིབས་ནི་བྱ་ལྟ་བུའོ། །ཡུད་ཙམ་ནི་སུམ་ཅུ་དང་ལྡན་པའི་ཆ་བདུན་དང་བཅས་པའོ། །ཁ་ཟས་ནི་བྱི་ལའི་ཤ་ལ་རེག་པར་བྱེད་པ་དང། རྒྱ་སྲན་སྣུམ་པོ་ཟའོ། །ལྷ་ནི་ནོར་ལྷའོ། །རུས་ནི་གནས་པ་ཞེས་བྱ་བའི་རྒྱུད་དོ། །རྒྱུ་སྐར་མོ་ན་གྲུ་ནི་སྐར་མ་བརྒྱད་དེ། ་དབྱིབས་ནི་སྐར་མ་ཅིག་དང་འབྲེལ་པས་མེ་ཏོག་གི་ཕུང་པོ་འདྲའོ། །ཡུད་ཙམ་བཅོ་ལྔ་དང་བཅས་པའི་ཆ་བདུན་དང་བཅས་པའོ། །ཁ་ཟས་ནི་ར་ཤ་ཟའོ། །ལྷ་ནི་ཆུ་ལྷའོ། །རུས་ནི་སྐར་མའི་བུའི་རྒྱུད་དོ། །རྒྱུ་སྐར་ཁྲུམས་སྟོད་ནི་སྐར་མོ་གཉིས་ཏེ། དབྱིབས་ནི་ཤིང་རྟ ་འདྲའོ། །ཡུད་ཙམ་ནི་སུམ་ཅུ་དང་ལྡན་པའི་ཆ་བདུན་དང་བཅས་པའོ། །ཁ་ཟས་ནི་ལུག་གི་ཤ་དང་ཁྲག་གོ། ལྷ་ནི་འབའ་ཞིག་འཚོ་ཞེས་བྱའོ། །རུས་ནི་སྐྱེ་བོའི་ལས་ཀྱི་རྒྱུད་དོ། །རྒྱུ་སྐར་ཁྲུམས་སྨད་ནི་སྐར་མ་གཉིས་ཏེ། དབྱིབས་ནི་ཤིང་རྟ་འདྲའོ། །ཡུད་ཙམ་པའི ་བཞི་བཅུ་རྩ་ལྔ་དང་ལྡན་པའི་ཆ་བདུན་དང་བཅས་པའོ། །ཁ་ཟས་ནི་བྲ་ཟན་ནོ། །ལྷ་ནི་སྦྲུལ་དང་གཟའོ། །རུས་ནི་ནོར་རྒྱལ་གྱི་རྒྱུད་དོ། །རྒྱུ་སྐར་ནམ་གྲུ་ནི་སྐར་མ་སུམ་ཅུ་རྩ་གཉིས་ཏེ། དབྱིབས་ནི་སྐར་མ་གཅིག་དང་ལྡན་པ་གྲུ་ལྟ་བུའོ། །ཡུད་ཙམ་སུམ་ཅུ་དང་ལྡན་པའི་ཆ་བདུན ་དང་བཅས་པའོ། །དེའི་ཟས་ནི་ཤ་དང་ཕྱེའོ། །ལྷ་ནི་ཉི་མའོ། །རུས་ནི་སྐྱེད་པའི་བུ་ཞེས་བྱ་བའི་རྒྱུད་དོ། །རྒྱུ་སྐར་ཐ་སྐར་ནི་སྐར་མ་གསུམ་སྟེ། དབྱིབས་ནི་རྟ་མགོའི་མགུལ་པ་ལྟ་བུའོ། །ཡུད་ཙམ་ནི་སུམ་ཅུ་དང་ལྡན་པའི་ཆ་བདུན་དང་བཅས་པའོ། །ཁ་ཟས་ནི་སྦྲང་རྩི ་དང་ཤའོ། །ལྷ་ནི་དྲི་ཟའོ། །རུས་ནི་རྟ་འཇིག་གི་རྒྱུད་དོ། །རྒྱུ་སྐར་བྲ་ཉེ་ནི་སྐར་མ་གསུམ་སྟེ། དབྱིབས་ནི་མོ་མཆན་ལྟ་བུའོ། །ཡུད་ཙམ་ནི་སུམ་ཅུ་དང་ལྡན་ནོ། །ཁ་ཟས་ནི་ཏིལ་དང་འབྲས་སོ། །ལྷ་ནི་གཤིན་རྗེའོ། །རུས་ནི་བརྒའི་རྒྱུད་དོ། །པདྨའི་སྙིང་པོ་རྒྱུ་སྐར་བདུན་པོ་འདི ་དག་ནི་བྱང་གི་སྒོར་བཏོགས་སོ། །ལེའུ་བཅུ་དྲུག་པའོ།། །།ནམ་མཁའ་ལས་འབྱུང་བ་བརྟག་པའི་ལེའུ་ལས་འབྱུང་བ་གཤིན་རྗེ་དང། ཆུ་ལྷ་དང། དབང་པོ་དང། ལུས་ངན་ལས་དབྱུག་བ་ལྟ་བུ་ཤར་ཤར་པོ་མཚན་མོ་འམ་ནམ་ཕྱེད་ཀྱི་དུས་ ་ན་ཡུད་ཙམ་མ་མ། ཡུད་ཙམ་གསུམ་གྱི་བར་དུ་ནམ་མཁའ་ལས་ཕལ་ཆེར་རབ་ཏུ་སྣང་བ་ཡལ་ག་མང་པོ་རྒྱ་ཆེན་དྲང་པོ་ཤིན་ཏུ་རིང་བ་རབ་ཏུ་འབྲོས་པ་བྱུང་ན་ཟླ་བ་གཅིག་གིས་དེའི་ཡུལ་འཁོར་དུ་འཐབ་པ་དང། ལོ་དང་མིའི ་དབང་བ་དང། ཆར་བ་ལ་གནོད་བ་བྱེད་དོ། །ལེའུ་བཅུ་བདུན་པའོ།། །།ལྗང་སྔོན་དང། རྩུབ་པོ་དང། བར་ཆད་པ་དང། ལྗད་སེར་དང། འོད་འཚེར་བ་དང། དུད་པ་ལྟ་བུ་དང། སྦྲུལ་འདྲ་བ་དང། དབྱུག་བ་འདྲ་བ་དང། བརྒྱད་སྣང་ན་ཆར་བ ་མི་འབབ་པ་དང། ལོ་ཟས་དང། བཀྲེས་པ་དང། སྲོག་ཆགས་ལ་སོགས་པ་ལ་འཇིགས་པར་འགྱུར་རོ། །ཤིང་རྟ་ལ་ཕྱེད་ཙམ་སྣང་བ་འམ། ཤིང་རྟ་ལ་གཉིས་སམ། གསུམ་ངམ?། བཞི་འམ། ལྔ་ཙམ་གྱི་དབྱིབས་ལྟར་སྣང་ན་ཡང་འཕྲལ ་དུ་སྨིན། ཡང་ན་ཟླ་བ་བཅུ་གཉིས་སམ། ཟླ་བ་བརྒྱད་བརྒྱད་ན་ལོ་ཉེས་དང་མིའི་དབང་པོ་དང། ཆུ་སྐམ་པ་དང། འཐབ་མོའི་གཡུལ་དང། ནོར་སྟོར་བའི་རྣམ་པར་སྨིན་པ་འབྱུང་བར་འགྱུར་རོ། །དེ་ཡང་མོད་ལ་ཆར་བ་བབ་ན་གནོད་པར་མི་འགྱུར་རོ། ་འབྲས་བུ་རྣམ་པར་སྨིན་པ་བསྟན་པ་ཇི་ལྟར་བཤད་པ་བཞིན་དུ་ཤར་ཕྱོགས་སམ། ནུབ་ཕྱོགས་སུ་དབྱུག་པ་ལྟ་བུར་སྣང་ན་རྒྱལ་པོ་གཞན་དང། བྲམ་ཟེ་འདྲི་བར་བྱེད་དོ། །བྱང་ཕྱོགས་དང། ལྷོ་ཕྱོགས་ནས་དབྱུག་པ་ལྟ་བུར་སྣང་ན་དེའི་འཁོར་གྱི ་མི་ལ་གནོད་པ་དང། མེའི་འཇིགས་པར་འགྱུར་རོ། །ཤིང་རིང་ལྟར་ཐད་ཀར་བྱུང་བ་འམ་།ཆུ་རླབས་མང་པོ་ལྟར་སྣང་བ་འམ། མིག་མངས་རིས་ལྟ་བུའི་དབྱུག་པ་འདུག་ན་རྐུན་པོའི་དཔུང་སྐྱེ་བ་དང། ཡུལ་འཁོར་དན་ཅིང་མི་རིགས་པ་འབྱུང་ངོ། ་རྩུབ་པོ་དང། དུམ་བུ་དང། འཇམ་པོ་མ་ཡིན་པ་དང། གློག་སྐར་མདའ་དང། གནམ་ལྕགས་དང། སྐར་མ་མཇུག་རིང་དང། མས་འགག་པ་ལྟར་སྣང་བ་ལ་ཐོག་གམ་སྐར་མངའ་འདྲེས་ན་མིའི་དབང་པོ་དང་ཡུལ་འཁོར་དུ་འཇིགས་པར་བྱེད་དོ།། ་ལེགས་པར་གྱུར་པའི་ཚེས་གྲངས་དང། བྱེད་པའི་ཡུལ་ཙམ་ལ་འབྱུང་བའི་དབྱུག་པ་ལྟར་སྣང་བའི་གནོད་པར་མི་བྱེད་དེ། རྒྱལ་པོའི་སྲིད་ཆེ་བ་དང། ཆར་འབབ་པ་དང། ཡུལ་ལ་ཕན་པར་འགྱུར་རོ། །ཤར་ཕྱོགས་དང་བྱང་ཕྱོགས་ན་དབྱུག་བ་ལྟར་སྣང་ན ་དེའི་ཕྱོགས་ནས་དབྱུག་པ་ལ་གནོད་དོ། །ཕྱོགས་མཚམས་ནས་དབྱུག་པ་ལྟར་སྣང་ན་བུད་མེད་དང་བ་ལང་སྦྲུམས?་མ་རྣམས་འཇིག་གོ་།ཀྱོག་ཀྱོག་དང། མི་མཉམ་པ་ལ་སོགས་པ་རྒྱལ་མཆན་དཀར་པོ་ལྟར་གྱེན་དུ་བྱུང་ན་རྒྱལ་པོ་དང་།ཡུལ་འཁོར ་འཇིག་པ་དང། སྐྲན་ནད་དང། འཆི་བར་བྱེད་དོ། །ཉིན་མཚན་ཀུན་ཏུ་དབྱུག་པ་རྩེ་མོ་གྱེན་ལ་གྱེན་པ་ལྟར་སྣང་ན་ཡུལ་གྱི་རྒྱལ་པོ་འཆི་བར་འགྱུར་རོ། །དབྱུག་པ་ལྟ་བུ་རྩེ་ཅན་དུ་སྣང་ན་ཡུལ་ཐམས་ཅད་ཀྱི་རྒྱལ་པོ་འཆི་བ་དང། དེའི་ཡུལ་འཇིག་པར་འགྱུར་རོ ་གལ་ཏེ་ཉིན་མཚན་དུ་འཆད་པར་རྟག་ཏུ་དབྱུག་པ་ལྟ་བུར་སྣང་ན་ཡུལ་འཁོར་དེ་འཇིག་པ་དང། དེའི་ཡུལ་ཕྱོགས་སུ་ནད་དང། མེ་དང། ཆར་འབབ་བོ། ལེའུ་བཅོ་བརྒྱད་དོ།། །།སྐར་མདའི་མཚན་མ་བཤད་པའི་ལེའུ་ལ་སྐར ་མངའ་འཇའའདྲ་བ་དང། གདུགས་དང་ཤིང་གི་ཡལ་ག་འདྲ་བ་དང། རྩ་དྲུང་པོ་དང། དབྱུག་པ་འདྲ་བ་དང། སྐྱིན་གོར་འདྲ་བ་དང། འཁོར་ལོ་ལྟ་བུའི་སྐར་མངའ་སྣང་ན། བྲམ་ཟེ་དང། རྒྱལ་རིགས་གཙོ་བོ་དམ་པ་དང། རྒྱལ་པོའི་བཙུན་མོ་དང། ནང ་མི་དང། ཡུལ་འཁོར་གྱི་མི་དང། མིའི་དབང་པོ་དང་བླ་མར་བྱ་བ་དང། བློན་པོ་འཆི་བར་འགྱུར་རོ། །ནམ་མཁའ་ལ་སྐར་མདའ་སྣང་བ་ལས་གྱུར་ན་ཆར་མི་འབབ་བོ། །སྐར་མདའ་དུས་གཉིས་སུ་བྱུང་ངམ། སྐར་མདའ་ཕར་ཕྱིར་ལོག་ན་གནམ་གར་སོང ་གནས་དེར་གནོད་པར་འགྱུར་རོ། །སྐར་མདའ་དཀར་ལ་དབྱིབས་ལེགས་པར་སྣང་བ་ནི་བསྔགས་པ་བྱ་བ་ཡིན་ནོ། །ཆུའི་ནང་གི་སྲོག་ཆགས་གྱ་གྱུར་འགྲོ་བ་དང། མཚོན་ཤཀྟི་དང། སྐར་མདེའུ་དང། རྟ་ལྟ་བུ་དང། བྱི་ལ་ལྟ་བུ་དང། སྒྲ་དང་བཅས་པ་ཕལ་ཆེར ་སྣང་ན་ཉེས་པ་མང་པོ་འབྱུང་ངོ། །སྐར་མདའའཆར་པ་བཞན་དུ་སོང་བ་ལས་ཕྱིར་ལོག་པ་དང། སྐར་མདའ་གཞན་གྱིས་ཕོག་སྟེ་ཞིག་ན་ཡུལ་དེའི་རྒྱལ་པོ་ལ་གནོད་པའི་དགྲ་བསྐྱེད་དོ། །ནང་པར་རམ་ནུབ་མོ ་འམ། དེའི་མཚམས་སུ་སྐར་མདའ་རྩུབ་པོ་ཡོན་པོ་སྣང་ན་རབ་ཏུ་བསྔགས་པ་མ་ཡིན་ནོ། །སྐར་མདའ་གནམ་གྱི་དབུས་སུ་སོང་ལ་སྤྲིན་གྱི་ཆུ་འབྱུང་བ་ལྟར་ཞུགས་ཤིང། སྐར་མདའི་སྒྲ་མེད་ལ། སྐར་མདའི་དབུས་ཀྱི་མཚམས་མེད་པར ་སྣང་བ། འཇམ་ཞིང་དྲན་ལ་ཤིན་ཏུ་ཡངས་ཤིང་དཀར་བ་ལོགས་གཡོན་དུ་ཡང་ནམ་མཁའ་ལ་རྣམ་པར་གྱུ་བ་སྣང་ན་སྐར་མདའ་དེ་དག་ནི་དགེ་བ་སྟེ། འབྲས་བུ་དམ་པ་རབ་ཏུ་སྦྱིན་པར་བྱེད་དོ། །སྐར་མདའ་ཁ་ཡོད་པ་ཞིག་སྣང་ན་རྒྱལ་པོ་ལ ་གནོད་པ་དང། བཙུན་མོ་ལ་གནོད་པར་འགྱུར་རོ། །སྐར་མདའ་རྒྱབ་ཀྱིས་སོང་ལ་དུད་པས་ཆོ་ག་པ་ལྟ་བུ་སྒྲ་གཅན་དུ་བྱུང་ན་ཡུལ་དེའི་འཁོར་མ་རུངས་པར་འགྱུར་རོ། །སྲོད་ལ་སྐར་མདའ་བྱུང་བ་ནི་བཀྲ་ཤིས་སོ། །སྐར་མདའ་རི་བོང་གི ་ཁྲག་ལྟར་སྣང་བ་འབར་བ་ལྷུང་ན་རྒྱལ་པོ་དང་དམག་དཔོན་ལ་གནོད་དོ། །སྐར་མདའ་མཚན་མོ་ཟླ་བ་ལ་ཕོག་གམ་ཉིན་པར་ཉི་མ་ལ་ཕོག་ན་མིའི་དབང་པོ་ཟླ་བ་འམ་སྐར་མདའ་ལ་མོས་པར་བྱེད་པ་དེ་འཆིའོ། །སྐར་མདའ་རབ་ཏུ་འབར་བས ་གཟའའམ་རྒྱུ་སྐར་ལ་མངོན་པར་ཕོག་ན། དེ་ལ་མོས་པ་རྣམས་ལ་མི་རུང་བར་འགྱུར་ར། །ཉིན་པར་སྐར་མདའ་མེའི་འོད་ལྟ་བུ་ལྷུང་ན་ཡུལ་འཁོར་གྱི་དབང་པོ་དང་ཡུལ་དུ་བཅས་ཏེ་རྣམ་པར་འཇིག་གོ་།ཡུལ་གྱིས་གང་དུ་སྐར་མདའ་སྒྲ་གྲག་པར ་ལྷུང་ན་ཡུལ་དེར་རྒྱལ་པོ་དང། བློན་པོ་དང། རྐུན་པོའི་དྲག་ཤུལ་སྣང་བར་འགྱུར་རོ། །སྐར་མདའི་ལེའུ་སྟེ་བཅུ་དགུ་པའོ།། །།ནམ་མཁའ་ལ་སྒྲ་བྱུང་བའི་ལྟས་ཀྱི་མཚན་མ་རླུང་གཉིས་ཕན་ཚུན་ནས་ཕྲད་པ་ལས་གནམ་གྲུམ་བ་ལྟ་བུའི་སྒྲ ་བྱུང་སྟེ་དེ་ཡང་ས་ལ་བབས་པ་དང། གྱེན་དུ་འབྱུང་བ་དང། ཐེག་ཏུ་དང། རྒྱང་རིང་པོ་ཁོ་ནར་ཆུད་པར་བྱའོ། །ཉི་མ་རྟེ་ལ་སྒྲ་བྱུང་ན་རྒྱལ་རིགས་ལ་གནོད་དོ། །ཤ་དྲོ་སྒྲ་བྱུང་ན་དམངས་ལ་གནོད་དོ། །ཉི་མ་ཕྱེད་པའི་ཆེ་སྒྲ་བྱུང་ན་བྲམ་ཟེའི་སྡེ་ལ་གནོད་དོ། །ཉི་མ ་ནུབ་པའི་ཚོ་སྒྲ་བྱུང་ན་རྗེ་རིགས་ཀྱི་ཚོགས་ལ་གནོད་དོ། །ཉི་མ་ནུབ་ཁའི་ཚེ་སྒྲ་བྱུང་ན་རིགས་ངན་རྣམས་ལ་གནོད་དོ། །ནམ་ནི་བཞི་ཐུན་གྱི་ཐོ་རངས་སྒྲ་བྱུང་ན་ལོ་ལ་གནོད་དོ། །མཚན་གྱི་གུང་ལ་སྒྲ་བྱུང་ན་སྲིན་བོ་མང་པོ་འཕུང་བར་བྱེད་པར་འགྱུར་རོ།། ་ནམ་མཁའ་བ་ན་བུན་ན་སྒྲ་བྱུང་ན་གླང་པོ་ཆེ་དང་རྟ་མ་རུངས་པར་བྱེད་དོ། །ནམ་ལངས་ནས་སྒྲ་བྱུང་ན་མགྲོན་པོ་མང་པོ་ལ་གནོད་དོ། །སྒྲ་བྱུང་བ་ཐུང་ལ་དལ་ན་གནོད་པ་ཆུང་ངུར་འགྱུར་རོ། །སྒྲ་རིང་དུ་བྱུང་ན་འཇིགས་པ་འབྱུང་ངོ། །དུས་གསུམ་གང་ཡང་རུང ་བའི་མཚམས་སུ་སྒྲ་ཆེན་པོ་བྱང་ཕྱོགས་ལོགས་སུ་ལྷུང་ན་བྲམ་ཟེ་དམ་པ་འཆི་བར་འགྱུར་རོ། །དེ་བཞིན་དུ་རྒྱུ་སྐར་གྱི་ཚོགས་གང་གི་ཉི་མ་ལ་སྒྲ་བྱུང་ན་དེ་བརྟེན་པའི་བྲམ་ཟེ་གང་ཡིན་པ་དེ་ལ་གནོད་དོ། །བདེན་བྲལ་གྱི་ཕྱོགས་ནས་བྱུང་ན་དྲག་ཤུལ ་གྱི་ལས་བྱེད་པ་ལ་གནོད་ནོ། །རླུང་གི་ཕྱོགས་ནས་སྒྲ་བྱུང་ན་མཛའ་འཁོབ་ཀྱི་ལྷོ་བལ་ལ་གནོད་དོ། །མེའི་ཕྱོགས་ནས་སྒྲ་བྱུང་ན་མེས་འཚོ་བ་ལ་གནོད་དོ། །ཕྱོགས་རིང་དུ་སྒྲ་འབྱིན་པ་དེར་དཔའ་པོ་རྣམས་དང། སྦྲུལ་པོ་ཆེ་ལ་གནོད་དོ། །སྒྲ་ལྟས་ཀྱི ་ལེའུ་སྟེ་ཉི་ཤུ་པའོ།། །།ཉི་མ་དང་ཟླ་བ་འཁྱིམས་པའི་ལྟས་ཀྱི་བྱེ་བྲག་བསྟན་པ་ཉི་མ་འམ། ཟླ་བའི་འོད་དང་རླུང་གཅིག་ཏུ་འབྲེལ་པའི་ལས་བྱུང་བ་ནི་འོད་འཁྱིམས་བ་ཞེས་བྱའོ། །དེ་ལ་མར་ཨང། ཏིལ་མར་དང་བ་ཆུ་དང་དངུལ ་དང། འོ་མ་དང། ཐི་བ་ལྟ་བུའི་ཁ་དོག་དག་ཏུ་འཁྱིམས་ན་ཆར་འབབ་བོ། །བོད་བུ་དང། རྔ་མོ་དང། ཤིང་རྟ་ལྟ་བུའི་འོད་འཁྱིམས་པ་ལས་རབ་ཏུ་ཞིག་སྟེ། རྣམ་པར་གྱེས་ཤིང་ཁ་དོག་ངན་པར་སྣང་བ་ནི་མི་དགེ་བར་འགྱུར་རོ། །ཉི་མ་དང་ཟླ་བ་གཉི་གའི་ཉིན ་མཆེན་དུ་འོད་འཁྱིམས་པར་རྟག་ཏུ་འགྲོ་ན་བཅིང་བ་དང། མཚོན་དང། ནང་འབྱུང་ངོ། །མེ་འབར་བ་བཞིན་དུ་འཁྱིམས་ན་ཆུ་མངོན་པར་སྐྱེའོ། །འཇའའདྲ་བའི་དབྱིབས་སུ་འཁྱིམས་ན་མཚོན་མང་པོ ་འབྱུང་ངོ། །རྡུལ་འདྲ་བར་འཁྱིམས་ན་མུ་གེ་འབྱུང་ངོ། །སུམ་རིམ་དུ་འཁྱིམས་ན་གྲོང་དང་རྒྱལ་པོ་ལ་མི་དགེའོ། །རྒྱ་སྐྱེགས་ཀྱི་ཁུ་བ་དང། ཞོ་འོ་མདོག་འདྲ་བར་འཁྱིམས་ན་འཐོབ་མོ་དང་གཡུལ་འབྱུང་ངོ། །སེར་པོ་འཁྱིམས་ན་ཡུལ་འཁོར ་གསུམ་དུ་འཇིགས་པར་སྟོན། སྐྱ་བོ་དང་།ལྗང་སྔོན་དུ་འཁྱིམས་ན་སྦྲུམ་མ་འཆིའོ། །ནོར་བུ་འདྲ་བའི་ཕྱེད་དང་སུམ་ཆའི་དུམ་བུ་ཅིག་འཁྱིམས་ན་ཆར་པ་འཕྲལ་དུ་འབབ་པ། །མཚན་དུས་གསུམ་འཁྱིམས་ན་གྲོང་མི་དང་རྒྱལ་པོ་འཆི་བར་འགྱུར་རོ། ་ཉི་མ་གསུམ་གྱི་བར་དུ་འཇམ་ཞིང་སྣམ་པར་འཁྱིམས་ན་ཆར་པ་འབབ་པོ། །རྩུབ་པོར་འཁྱིམས་ན། ཟླ་བ་ཅིག་ན་འཇིགས་པ་འབྱུང་བར་སྟོན་ཏོ། །སྐར་མ་དང་གཟའི་ཐོག་ཏུ་འཁྱིམས་པས་ནོན་ན་རང་གི་མཐུ་ལས་འབྱུང་བའི་འབྲས ་བུར་བསྟན་པར་བྱའོ། །ཉི་ཟླ་འཁྱིམས་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།འཇའ་ཟུག་པའི་ལྟས་ཀྱི་མཚན་མ་བསྟན་པ། རླུང་དང། སྤྲིན་དང། ཉི་མའི་འོད་ལས་བྱུང་བ་ནི་འཇའ་ཞེས་བྱའོ། །འཇའི ་ཚོན་སྣ་ཚོགས་སུ་སྣང་ན་ཆད་འབབ་བོ། །ཆུའི་ནང་དུ་ཟུག་ན་ཆར་རབ་ཏུ་ཆེའོ། །ཚོན་དཀར་པོ་ལ་སོགས་པ་ནི་བྲམ་ཟེ་ལ་སོགས་པ་ལ་གནོད་དོ། །སེར་སྐྱ་དང་མེའི་མདོག་དང། མེ་ཏོག་མ་ཟད་ཟད་རྩི་སེར་པ་ལྟ་བུའི་འཇའ་ཟུག་ན་ཡུལ ་དུ་འཇིགས་པ་འབྱུང་ངོ། །འཇའ་སྔོན་པོར་ཟུག་ན་ལོ་མ་རུང་བར་འགྱུར་རོ། །འཇའི་དབུས་ན་ཉི་ཚེ་ཞིག་ཆགས་མི་ཟད་པར་འགྱུར་རོ། །མཚན་མོ་ཤར་ཕྱོགས་སུ་འཇའ་ཟུག་ན་རྒྱལ་པོ་ལ་གནོད་དོ། །ནུབ་ཕྱོགས་སུ་མཚན་མོ་འཇའ ་ཟུག་ན་མིའི་གཙོ་བོ་ལ་གནོད་དོ། །ཆར་བ་བབ་པའི་ཚེ་འཇའ་ཟུག་ན་ཆར་འཆད་དོ། །ཆར་མི་འབབ་པའི་ཚེ་འཇའ་ཟུག་ན་ཆར་འབབ་པོ། །ཤར་ཕྱོགས་སུ་འཇའ་ཟུག་ན་ཆར་འབབ་པོ། །ལྷོ་ཕྱོགས་ལ་སོགས་པ་ཕྱོགས་གསུམ་དུ་འཇའ་ཟུག་ན་བྲམ་ཟེ་ལ་སོགས ་པ་ལ་གནོད་པ་མང་དུ་འོང་ངོ། །དེ་བཞིན་དུ་ལྷོ་ཕྱོགས་ནས་ནུབ་ཕྱོགས་སུ་འཇའ་ཟུག་ན་རྒྱལ་རིགས་དང། རྗེའུའི་རིགས་དང་དམངས་རིགས་ལ་གནོད་དོ། །དུས་གསུམ་གྱི་མཚམས་སུ་འཇའ་ཟུག་ན་ཡུལ་འཇིག་པར་བྱེད་དོ། །ཉི་མའི་རྩེ་ལ་ལྷོ་ཕྱོགས་སུ་འཇའ ་ཟུག་ན་མི་ལ་འཇིགས་པ་འོང་ངོ། །མཚམས་སུ་འཇའ་ཟུག་ན་བུད་མེད་མ་རུངས་པ་འགྱུར་རོ། །ལན་གཉིས་སུ་འཇའ་ཟུག་ན་བདེ་བ་འཕེལ་བ་དང། ལོ་ལེགས་པར་འགྱུར་རོ། །ཚེས་གྲངས་བཟང་པོ་དང། རྒྱུ་སྐར་བཟང་པོ་དང། ཡུད་ཙམ་དང། བྱེད་པ ་དང། བཟའ་བཟང་པོ་དང། །ཁྱིམ་དང་སྐབས་བཟང་པོའི་ཚེ་འཇའ་ཟུག་ན་དག་བ་སྟེ། རྒྱལ་པོའི་སྲིད་སྐྱེ་སྟེ། རྐུན་པོ་སྦ་བཀོང་བ་འོང་ངོ། །དེ་བཞིན་དུ་ཉ་འདྲ་བ་དང། དབྱུག་པ་འདྲ་བ་དང། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང། ཕྱོགས་ཚིག་པ་དང་བཅས་པར ་སྣང་བ་ཡང་ཚུ་ལ་གོང་མ་དང་འདྲ་བར་ཚེས་གྲངས་དང་རྒྱུ་སྐར་དང། གཟའ་ལ་སོགས་པ་བཟང་ངན་གྱི་ཚུལ་གོང་མ་དང་འདྲ་བར་གདོན་མི་ཟ་བར་རྟོགས་པའི་མིས་ཤེས་པར་བྱའོ། །དེ་ལྟ་བུར་སྣང་བར་གྱུར་པའི་རྗེས་ལ་ཞག་བདུན་ཚུན་ཆད་དུ་ཆར ་བབས་ན་ཞི་བ་ཡིན་ལེགས་པར་འགྱུར་རོ། །འཇའ་ལྟས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།ས་གཡོ་བའི་ལྟས་ཀྱི་མཚན་ཉིད་བསྟན་པ། དེ་ལ་ཆོས་མ་ཡིན་པའི་མཐུ་ལས་བྱུང་བའི་དུས་སུ་སྐར་མ་དྲག་ཤུལ་ཅན་དང། ཡུད་ཙམ་དང་ཐང་ཅིག་དང ་ཚེས་གྲངས་མི་བཟང་བའི་ཚེ་ས་གཡོས་ན་སྐྱེ་བོ་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པ་མ་ཡིན་པའི་འཇིགས་པ་འོང་བར་འགྱུར་རོ། །ཚེས་གྲངས་བཟང་པོའི་ཚེས་གཡོས་ན་རབ་ཏུ་དགེ་བ་ཞེས་བྱའོ། །སྐར་མ་ཚེས་གྲངས་ལ་སོགས་པ་བཟང་ངན་འདྲེས་པའི་ཚེ་ས་གཡོས་ན ་ཕན་གནོད་ཀྱི་འབྲས་བུ་ཡང་འདྲེན་མར་འགྱུར་རོ། །ཚེས་གྲངས་བཟང་པོ་ལ་ས་གཡོན་ན་རྒྱལ་པོ་དང། སྐྱེ་བོས་ཆོས་ལེགས་པའི་འབྲས་བུ་ཐོབ་པར་འགྱུར་རོ། །ས་གཡོས་བཞིན་དུ་ཡུལ་གཞན་སོང་ན་ཡུལ་དེར་གནོད ་པར་འགྱུར་ཞེས་བྱ་སྟེ། དེ་ཡང་ཆོས་ཉམས་པའི་ཉེས་པ་མ་བྱས་ནས་གཡོས་ཀྱང་ལེགས་པར་འགྱུར་ཏེ། དེ་དག་ཏུ་ཆར་འབབ་ཅིང་རབ་ཏུ་ཞི་བར་འགྱུར་རོ། །གནམ་ལྕགས་རྣོན་པོ་ལྷུང་བའི་སྒྲ་དྲག་པོས་ས་རབ་ཏུ་གཡོས་ན། སྐྱེ་བོ་འཐབ་ཅིང་འཁོན ་བ་དང། མུ་གེ་དང་མི་ངས་ཀྱིས་ཟད་པར་འགྱུར་རོ། །ས་གཡ་བ་གཡས་ཕྱོགས་སུ་འགྲོ་ཞིང་འབྲུག་སྒྲ་ལྟར་གཉེན་ཞིང་ཟབ་པའི་སྒྲ་གྲག་ལ་དུས་ཆིགས་དང་ཚེས་གྲངས་བཟང་བ་ལ་མ་འཁྲུལ་པའི་སྐབས་སུ་ས་གཡོས་ན་དགེ་བར་འགྱུར་རོ། །ནམ ་གཟའ་སྐར་དྲག་པོའི་དུས་སུ་ས་གཡོན་པའི་རི་དགས་དང་བྱ་རྣམས་མེ་འབར་བ་བཞིན་དུ་གྱུར་ལ། གཞན་ཡང་མི་དགེ་བའི་མཚན་མའི་ལྟས་དག་སྣང་ན། འཇིག་རྟེན་དུ་རབ་ཏུ་གནོད་པ་རྟག་ཏུ་འབྱུང་པར་འགྱུར་རོ། །རྒྱུ་སྐར་དང་གཟའ་དགེ་བའི་དུས ་སུ་དེ་ལྟར་གྱུར་ན་དེའི་ཚེ་འབྲས་བུ་དགེ་བར་འགྱུར་རོ། །དགེ་བའི་ལྟས་ཀྱི་མཚན་མ་བྱུང་ལ་བྱ་རྣམས་ཀྱང་ཁྲག་ཁྲག་ལང་ལོང་བྱེད་རབ་ཏུ་ཞི་བ་དང། རླུང་ཡང་ཞི་བར་འགྱུར་བ་ནི་དགེ་བ་བས་ཀྱང་རབ་ཏུ་དགེ་བ་ཞེས་བྱ་སྟེ། མི་དགེ་བའི་ལྟས་དན ་དྲག་པོ་ཡང་ཞི་བར་འགྱུར་རོ། །ས་གཡོས་པའི་འོག་ཏུ་གལ་ཏེ་ཆར་པ་བབས་ན་དེའི་ཚེ་བདེ་བ་དང། ལོ་ལེགས་པ་དང། ནང་མེད་པར་འགྱུར་རོ། །ས་གཡོས་པའི་རྫས་ལ་སྐར་མདའ་ཆེན་པོ་ལྷུང་བར་གྱུར་ན་དེའི་སྐྱེ་བོ་ལྟོགས་པ་དང། མཚོན་དང ་ནད་ཀྱིས་ཟད་པར་འགྱུར་རོ། །ནམས་གཡོས་པའི་རྗེས་ལ་རླུང་དྲག་པོ་ལངས་པས་གསེག་མ་ཁྱེར་ཞིང་འགྲོ་བར་འགྱུར་བའི་ཚེ་ན་མུ་གེ་འབྱུང་བར་འགྱུར་རོ་།ས་གཡོ་ཞིང་འགྲོ་བ་དང་བརླུང་ལྡང་བ་དང་ཉི་མ་དང་ཟླ་བའི་འོད་རྣམས་དང། འདི་རྣམས་མཐུན ་པར་འགྲོ་ན་བཀྲ་ཤིས་ཏེ་དགེའོ། །དེ་ལྟ་བུ་དང་མི་མཐུན་པར་འགྲོ་ཞིང་ས་གཡོན་མི་དགེ་སྟེ་སྨད་པ་ཡིན་ནོ། །ཟླ་བ་ཕྱེད་ཕྱེད་ཅིང་ཟླ་བ་གསུམ་གསུམ་གཡོས་པ་ཟླ་བ་ཅིག་ལ་ས་ལན་དྲུག་གཡོས་པར་གྱུར་ན་དགྲའི་ཚོགས་འོང་བར་སྟོན་ཏོ། །ཡུལ་དག་དུ་ས་གཡོ ་བ་དེ་རབ་ཏུད་པར་མང་དང་ཡང་ཞག་གཅིག་གམ། ཞག་བདུན་ནམ། ཞག་བཅུ་གཅིག་གམ། ཟླ་བ་ཕྱེད་ངམ། ཟླ་བ་རེ་རེ་ཞིང་ས་གཡོ་འམ། ཟླ་དྲུག་ཏུ་འམ། ཟླ་བ་བཅུ་འམ། ལོ་ཅིག་གམ། ལོ་བཅུའི་བར་དུ་འམ། དེ་བས་ཀྱང་ལྷག་པར་ལན ་མང་དུ་གཡོས་སམ། དེ་ལ་ཉིས་འགྱུར་དུ་ས་གཡོས་ན་ཡུལ་ཕུན་སུམ་ཚོགས་པ་དང་ལྡན་པའི་རྒྱལ་པོ་དམག་དང་འཁོར་དུ་བཅས་པ་མ་རུངས་པར་འགྱུར། ཡུལ་དེར་རྒྱལ་པོ་གཞན་བྱེད་དེ། དེ་ཡང་ཡུལ་དེར་རབ་ཏུ་འཚེ་ཞིང་གནོད་པ་བྱེད་པས ་ཡུལ་དེ་ཉིད་དགོན་པར་གྱུར་ནས་རི་དགས་གནས་པར་འགྱུར་རོ། །ཚུལ་གོང་མ་བཞིན་དུ་དཔྱིད་ཟླ་ཐ་ཆུང་ལ་ས་གཡོས་ན་གནོད་པའི་འབྲས་བུ་ཞག་བཅུ་ན་འབྱུང་ངོ། །དབྱར་ཟླ་ར་བ་ལས་གཡོས་ན་རྣམ་པར་སྨིན་པའི་འབྲས་བུ་ཞག་བཅུ་གཉིས་ན་འབྱུང་ངོ། ་དབྱར་ཟླ་འབྲིང་པོ་ལས་གཡོས་ན་རྣམ་པར་སྨིན་པའི་འབྲས་བུ་ཞག་ཉི་ཤུ་རྩ་ལྔ་ན་འབྱུང་ངོ། །དབྱར་ཟླ་ཐ་ཆུང་ལ་ས་གཡོས་ན་འབྲས་བུ་ཞག་བདུན་ཅུ་རྩ་ལྡན་འབྱུང་ངོ། །སྟོན་ཟླ་ར་བ་ལ་ས་གཡོས་ན་རྣམ་པར་སྨིན་པའི་འབྲས་བུ་ཞག་བརྒྱད་ན་འབྱུང་ངོ།། ་སྟོན་ཟླ་འབྲིང་པོ་ལ་ས་གཡོས་ན་འབྲས་བུ་ཟླ་བ་གཉིས་ན་འབྱུང་ངོ། །སྟོན་ཟླ་ཐ་ཆུང་ལ་ས་གཡོས་ན་འབྲས་བུ་ཟླ་བ་གསུམ་ན་འབྱུང་ངོ། །དགུན་ཟླ་ར་བ་ལ་ས་གཡོས་ན་འབྲས་བུ་ཟླ་བ་གཉིས་ན་འབྱུང་ངོ། །དགུན་ཟླ་འབྲིང་པོ་ལ་ས་གཡོས་ན་འབྲས་བུ་ནི ་ཞག་ལྔ་བཅུ་རྩ་ལྡན་འབྱུང་ངོ། །དགུན་ཟླ་ཐ་ཆུང་ལ་ས་གཡོས་ན་འབྲས་བུ་ཞག་བརྒྱད་ན་འབྱུང་ངོ། །དབྱིད་ཟླ་ར་བ་ལ་ས་གཡོས་པའི་འབྲས་བུ་ནི་ཞག་ལྔ་བཅུ་ན་འབྱུང་ངོ། །དཔྱིད་ཟླ་འབྲིང་པོ་ལ་ས་གཡོས་ན་ཞག་ལྔ་བཅུ་རྩ་གསུམ་ན་འབྲས་བུ་འབྱུང་?་སྐར ་མཁན་གྱིས་ཤེས་པར་བྱའོ། །དེ་ལྟར་ས་གཡོ་བའི་འབྲས་བུ་ནི་དེ་ལྟར་བསྟན་པའོ། །དེ་ལྟར་ཟླ་བའི་དོ་རེ་རེ་ཞིང་ས་གཡོ་བའི་དམིགས་ཀྱང་ཡང་གྱི་ཚེས་ཅིག་དང། མར་གྱི་ཚེས་བཅུ་དྲུག་དང། མར་གྱི་ཚེས་ཉི་ཤུ་གསུམ ་དག་དང། ཡར་གྱི་ཚོས་བཅུ་བཞི་དང། བཅོ་ལྔ་དང། ཉི་ཤུ་དགུ་དང། སུམ་ཅུ་སྟེ། དུས་ཚིགས་འདི་རྣམས་ལྟ་བུའི་དུས་སུ་ས་གཡོས་པའི་འབྲས་བུ་ནི་ཚུལ་དེར་བལྟའོ། །ས་གཡོས་པའི་ལྟས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །། ་ནམ་ཟླ་བ་བཅུ་གཉིས་ཀྱི་ངོ་ཀུན་ལས་རྟག་པར་གཡོས་ཏེ། ཤིང་ཡང་འབུལ། ཆུ་ཡང་གཡོས་ཏེ། མེར་མེར་བྱེད་ཅིང། དེ་ལྟར་དུས་ཚིགས་དང། དུས་ཚིགས་མ་ཡིན་པར་གཡོས་ཏེ་རླུང་ལངས་པས་ཤིང་བཅག། གྲོང་དང། གྲོང་ཁྱེར་དང། གྲོང་བརྡལ ་དང། གྲོང་དེ་ན་བརྟེན་པའི་སྐྱེ་བོ་རྣམས་མེད་པར་གྱུར་ཏེ། གཅན་ཟན་གྱིས་ཟིལ་གྱིས་ནོན་ནས་ཡུལ་འབྲོག་ཏུ་གྱུར་ཏེ། དེ་ལྟར་ས་གཡོས་པ་ནི་གནོད་པའི་འབྲས་བུ་ལོ་བཅོ་ལྡན་ཡུལ་ཕྱོགས་དེར་ཡང་སུ་ཡང་མི་གནས་པར་འགྱུར་རོ། །རྒྱུ་སྐར ་སྨིན་དྲུག་གི་ཉི་མ་ལ་གཡོས་ན་གྲོང་དང་གྲོང་ཁྱེར་ལ་མེ་བརྟུལ་པར་འཚོར་ཏེ། ཤིང་རྩི་ཡང་ཚིག། གོས་ནག་པོ་གྱོན་པའི་སྡེ་དང། ནོར་བུ་མཁན་རྣམས་དང། མགར་བ་དང། བྲམ་ཟེ་མི་བྱིན་པའི་སྤྱོད་པ་བྱེད་པ་རྣམས་དང་འདི་རྣམས་ལ་མི ་དགེ། འབྱུང་བུང་ནས་ནོར་བུ་བྱུང་བ་རྣམས་དང། འཕེལ་བ་རྣམས་ཀྱང་སུབས་པར་འགྱུར། ཡུལ་དེ་ལ་བརྟེན་པའི་བ་ལང་དང། ཤིང་རྟ་འདྲེན་པའི་མི་དང། བྲམ་ཟེ་དང། འདྲེག་མཁན་སྦུ་གྲིའི་ལས་བྱེད་པ་དང། ཡུལ་སིན་དྷུ་ཞེས་བྱ་བའི་ཡུལ ་ཕྱེད་ཀྱི་མི་དང་ཡུལ་ཨམྦྷ་སྟ་དང། ཡུལ་ཆུ་ཀླུང་ལྔ་ཞེས་བྱ་བ་ན་གནས་པའི་མི་དང། ཡུལ་ཤི་བི་བ་ཞེས་བྱ་བ་དང། ཡུལ་བ་སི་ཏི་ཞེས་བྱ་བ་དང། ཡུལ་ཏ་ཤེ་ར་ཀ་ཞེས་བྱ་བ་དང། ཡུལ་བྲ་ཏ་བ་དང། ཡུལ་རྟ་ལ་དྷ་ན་ཞེས་བྱ་བ་དང། ཡུལ་གངས་ཁྲོང་ན ་གནས་པ་རྣམས་དང། ལྷོ་ཕྱོགས་ཀྱི་ལུང་པ་ན་གནས་པ་རྣམས་དང་།ལྷོ་ཕྱོགས་ཀྱི་ལུང་བ་ན་གནས་པའི་སྐྱེ་བོ་རྣམས་ལ་གནོད་པ་འབྱུང་བར་འགྱུར། དེ་ལྟར་ས་གཡོས་པས་གཟི་བརྗིད་ཉམས་ཏེ་ནད་དྲག་པོས་འདེབས། ལྟོབས་པར་འགྱུར། །ཐན་ཆེན ་དང། ཆོམ་རྐུན་དང། ཕ་རོལ་གྱི་དགྲ་རྣམས་ཀྱིས་གནོད་པ་དྲག་པོ་བྱེད་པར་འགྱུར་རོ། །རྒྱུ་སྐར་སྣར་མའི་ཉི་མ་ལས་གཡོས་ན་ས་བོན་ཐམས་ཅད་ཆུད་ཟོས་པར་འགྱུར་རོ། །ས་ལ་འབྲུ་བཏབ་པ་ཡང་མི་སྐྱེ། དེ་དང་འདྲ་བར་རྩཝ་ཡང་དཀོན། ནགས ་ཁྲོད་ནས་ཅུང་ཟད་ཅི་འཁྲུད་པ་ཡང་དཀོན་ནོ། །བུད་མེད་སྤྲུན་མ་རྣམས་ཀྱི་རུམ་རབ་ཏུ་མི་བདེ། མུ་གེ་དང། མཚོན་དང། ནད་ཀྱིས་ཟད་དེ། སྐྱེ་བོ་སུམ་ཆ་ཅིག་གནས་པར་འགྱུར་རོ། །མིའི་དབང་པོ་ཆེ་བའི་བདག་ཉིད་ཅན་དང། དཔལ་དད་ལྡན་པའི་མིའི ་མཆོག་རྣམས་དང། བྲམ་ཟེ་གཟི་བརྗིད་ཅན་མང་པོ་དང། པ་ལར་ཕྱུག་པ་དང། དབང་དང་ལྡན་བ་དང། ཡུལ་པའི་བཤ་དང། ཡུལ་ཤ་རྟ་རུ་དང། ཡུལ་སིན་དྷུ་དང། ཡུལ་ཨནད་དང། ཆུ་བོ་བི་ན་སྟེའི་འགྲམ་ན་གནས་པ་དང། ཆུ་བོ་ཨེར་བ་ཏིའི་འགྲམ ་ན་གནས་པ་དང། ཡུལ་ཀུ་ཧ་ན་གནས་པའི་མི་དང། ཆུ་བོ་ཙནྡྲ་བྷ་ག་ཞེས་བྱ་བའི་འཁོར་ན་གནས་པའི་མི་དང། ཆུ་བོ་སུ་ཏ་ན་ཞེས་བྱ་བ་དང། ཆུ་བོ་འདི་དག་གི་འགྲམ་ན་གནས་པའི་མི་དང། ཡུལ་ནགས་འབྲོག་ཆུ་དང་ལྡན་པ་དང། ཆུ་བོ་ཨ་གྲོ་ཏ་དང། སེ་ར ་ས་ཏི་ཞེས་བྱ་བའི་འཁོར་དང། ཡུལ་ས་པ་ཏ་པྲ་ཞེས་བྱ་བ་རྣམས་དང། རང་བདོག་པའི་གཙོ་བོ་དང། འདི་རྣམས་བཞིར་ས་གཡོས་པ་འབྱུང་བར་འགྱུར་རོ། །རྒྱུ་སྐར་མགོའི་ཉི་མ་ལ་ས་གཡོན་ན་སྨན་རྣམས་དང། ནད་སྤྱད་བྱེད་པའི་སྨན ་པ་རྣམས་དང། རྩཝ་སོ་མ་ཞེས་བྱ་བ་ལ་སྐོམ་དུ་སྦྱར་ཏེ་འཐུངས་པའི་ཆོས་བཞིན་བྱེད་པ་རྣམས་དང། རྩཝ་སོ་མ་ལ་སྐོམ་དུ་འཐུང་བ་རྣམས་དང། བྲམ་ཟེ་ནགས་ཁྲོད་ན་གནས་ཤིང། དཀའ་ཐུབ་བྱེད་པ་རྣམས་ལ་མི་རུང་བར་འགྱུར། ཡུལ་དབུས་མ་ག་དྷར་ ་ཆར་ཆེན་པོ་འབེབས་ཏེ། ལོ་ལེགས་བདེ་བར་འགྱུར། རྒྱལ་པོ་ནང་ཕན་ཚུན་མི་མཐུན་ཏེ་རྩོད་བར་འགྱུར། ཡུལ་ཨ་བི་ཤ་བའི་མི་དང། ཡུལ་ཤུ་ར་སེ་ན་དང། ཆུ་བོ་ཚར་མ་ན་ཏི་ན་གནས་པ་དང། ་ཡུལ་ཀ་ལའི་མི་དང། ཡུལ་བར་སའི་མི་དང། ཡུལ་པཉྩ་ལའི་ལྷོ་ཕྱོགས་དང་ཡུལ་པཉྩ་ལའི་བྱང་ཕྱོགས་དང། ཡུལ་མ་གལ་ན་གནས་པའི?་མི་དང། མི་ལ་གནོད་པར་འགྱུར་རོ། །ཡུལ་མུ་ལའི་མི་དང། ཡུལ་དེ་ཤ་ལའི་མི་དང་།ཡུལ ་མ་ལ་ཞེས་བྱ་བའི་འཁོར་མི་དང། འདི་རྣམས་ལ་གནོད་པ་རྣམ་པ་དྲུག་འབྱུང་སྟེ། ཆོམ་རྐུན་དང་མེས་འཇིགས་པ་དང། མི་ངས་དང། ཐན་ཆེན་ལ་སོགས་བའི་ཁྱད་ཞུགས་བའི་གནོད་པ་རྣམས་ཀྱིས་སྐྱེ་བོ་ལ་ཟིལ་གྱིས་གནོན་བར་འགྱུར་རོ། ་རྒྱུ་སྐར་ལག་ལ་མ་གཡོས་ན་ཤིང་འོ་མ་ཅན་རྣམས་དང། འོ་མ་མ་རུངས་པར་འགྱུར་རོ། །ཟས་སྐོམ་ཕྱོགས་སུ་མ་རུང་བར་འགྱུར། འགྲོན་བོ་རྣམས་དང། གཅན་ཟན་དང། རྒྱ་མོ་ཐོགས་པའི་ཉ་འཆོར་བ་ལ་སོགས་པ་རྣམས་དང། འོབས་རྐོ ་ཞིང་ཁྲོན་བརྐོ་བ་དང། སྡིག་པའི་ལས་ཅན་རྐུན་བོ་རྣམས་དང། གདོལ་བ་དང། རིགས་ངན་དང། ཡུལ་ཤར་ཕྱོགས་དང། ཡུལ་སུན་ད་བར་དང། མུ་སྟེགས་གཅེར་བུ་བ་དང། ཡུལ་ཨོ་ཏྲ་དང། ཡུལ་བུ་ལི་ནི་དའི་མི་དང། ཡུལ་ཤ་བ་རིའི ་རྣམས་དང། ནགས་འབྲོག་ཆུ་དང་ལྡན་བ་ཨ་ཏ་བྱ་སོ་ཏ་ཀ་ཞེས་བྱ་བ་དང། ཡུལ་གཞན་ཡང་དེ་དང་འདྲ་བ་ཆུ་དང་ལྡན་བའི་ནགས་འབྲོག་ཀྱང། གནོད་བ་དྲག་པོ་མི་བདེ་བ་སྣ་ཚོགས་རྣམ་པ་དྲུག་གིས་གནོད་པ་འབྱུང་བར་འགྱུར་རོ། །རྒྱུ་སྐར་ནམ ་སོའི་ཉི་མ་ལས་གཡོས་ན་ཆང་འཚོད་དང། གསལ་ཤིང་དང། མཚོན་ཐོགས་པའི་མི་དང། གདུགས་ཕྱེད་པའི་མི་དང། ཤིང་མཁན་རྣམས་དང། མི་གསོད་པའི་གཤེད་མ་རྣམས་དང། བཙེས་དང། འགྲོ་བའི་ཚོད་བ་རྣམས་དང། འཁོར་ལོ་བྱེད? ་པ་རྣམས་དང། འཁོར་ལོ་སློབ་བ་རྣམས་དང། ལྷང་ཚེ་ར་འཐག་ཅང་སྦྱོར་བ་དང། ཤ་འཚོང་དང། དུང་འཚེད་དང། གྲོང་ན་གནས་བའི་ཚོང?་པ་དང། གང་དག་སྐྱེ་བོ་ཕལ་པོ་ཆེ་ལྷན་ཅིག་གནས་པས་འཚོད་བ་དང་།ཚུལ་ཅན་རྣམས་དང་།ཆར ་ཆེར་འབབ་བས་ལོ་ལ་ཡང་གནོད་པར་འགྱུར། རྒྱལ་པོ་དང། ལྷོ་མ་ཁའི་གནས་ན་གནས་པའི་རྒྱལ་ཕྲན་རྣམས་དང། རྒྱལ་ཕྲན་དེ་དག་ལ་ཕྱོགས་བའི་ཡུལ་མི་རྣམས་དང། ཡུལ་གྱི་མཆོག་དང། ཀོ་ཏ་ཞེས་བྱ་བ་དང་།མོན་ཡུལ་ཀ་མ་རུ་ན ་གནས་པའི་མི་དེ་རྣམས་དང། སྤྱད་ཀི་ཁྱི་རྣམས་ལས་གཡོས་ན་གནོད་པར་འགྱུར་རོ། །རྒྱུ་སྐར་རྒྱལ་གྱི་ཉིན་པར་ལ་ས་གཡོས་ན་མི་དགེ་བ་བྱས་པ་དང། བྲམ་ཟེ་དམ་བ་དང། རྒྱལ་པོ་སྤྱི་བོ་ནས་དབང་བསྐུར་བ་རྣམས་དང། རྒྱལ་བོའི་བུ་གཞོན ་ནུ་དང། དཔོན་སྣ་ཕྲ་མོ་དང། མི་མང་པོ་ཚོགས་བའི་ས་དང་།བློན་པོ་རྣམས་དང། དགེ་སློང་རྣམས་དང། སྤྲང་པོ་དང། བྲམ་ཟེ་དང། མཁས་པ་རྣམས་དང། ཆོས་ལ་རབ་ཏུ་བརྩོན་པ་རྣམས་དང། བསོད་ནམས་ཆེན་པོ་བྱེད་བའི་མི ་རྣམས་ལ་གནོད་པར་འགྱུར་རོ། །དེ་ལྟར་ཤར་ཕྱོགས་དང། ཡུལ་མ་ལིབ་ཏའི་གྲོང་རྡལ་དང། ཤར་ཕྱོགས་ཀྱི་གླིང་བུ་མ་ཏ་ར་ཏི་བ་དང། མོ་ན་ཡུ་ཀ་མ་རུ་བ་དང། ཤར་ཕྱོགས་ཀྱི་རྒྱ་མཚོའི་གླིང་ན་གནས་པ་ནས་གླིང་བ་དང་།གསེར ་གྱི་གླིང་ན་གནས་པ་དང། ཆུ་བོ་གང་གཱའི་རྒྱ་མཚོ་གཏིང་དུ་འབབ་པ་དང། འགྲམ་ན་གནས་པའི་སྐྱེ་བོ་རྣམས་ལ་གནོད་པར་འགྱུར་རོ། །རྒྱུ་སྐུར་སྐག་གི་ཉི་མ་ལམ་གཡོས་ན་ཀླུ་རྣམས་དང། སྦྲུལ་རྣམས་དང་།སྡིག་སྤྲུལ་རྣམས་དང་།གྲོག་མ ་རྣམས་དང། གྲོག་མ་མང་པོ་རྣམས་སྲིན་བུ་སྣ་ཚོགས་དང། ཁྱི་དང། རྨིག་པ་གཅིག་པ་རྣམས་དང། དུག་རྣམས་དང། དུག་སྦྱོར་ཞིང་བྱེད་པའི་མི་རྣམས་དང། སེམས་ཅན་གང་དག་རི་ཁྲོད་ན་གནས་པ་རྣམས་དང། ཡུལ་མཛའ་ཁོ་བ ་ན་རྐུ་འཕྲོག་བྱེད་ཅིང་འཛེམས་པའི་མི་རྣམས་དང། ཟོལ་པ་དང་རྐུ་ཐབས་ཀྱིས་འཐབ་མོ་འགྱེད་པའི་མི་རྣམས་དང་།སྡིག་པའི་ལས་ལ་དགའ་བའི་མི་རྣམས་དང། མི་བླུན་པོ་རྣམས་དང། མི་ངན་པ་དང། ་ཚིག་ངན་པ་སྨྲ་བ་རྣམས་དང། ཡུལ་ཏོ་ས་ལ་དང། ཡུལ་ཀོ་ས་ལ་པ་དང། གྲོང་ཁྱེར་ཀན་ཙི་དང། ཡུལ་ལི་ཀ་དང། ཡུལ་ཨནྡྲ་དང། ཡུལ་ཨནྡྲའི་བྱང་ཕྱོགས་དང། ཡུལ་ཡ་མའི་གྲོང་བརྡལ་ཉམས་དགའ་བ་དང་།རི་བྷཡིནདྷ་དང། རི་བྷཡིནདྷའི? ་བྱང་ཕྱོགས་ཀྱིས་ངོས་དང། རི་དེའི་དྲུང་དང། རྩེ་མོ་དང། སྲཝངས?་ན་གསུམ་པའི་སྐྱེ་བོ་རྣམས་ལ་གནོད་པ་དྲག་པོ་ནད་དང་།མེ་དང་།མི་ངས་དང། ཐན་ཆེན་དང། ཡང་དང་ཡང་མཚོན་ཁར་འགྱེད་པས་ཡུལ་དེ་ཕྱོགས་ན་མྱ་ངན་བྱེད་ཅིང ་འགྲོ་སྟེ། ས་གཡོ་བས་གཟི་བརྗིད་ཉམས་ནས་གནོད་པ་དེ་ལྟ་བུ་འབྱུང་བར་འགྱུར་རོ། །རྒྱུ་སྐར་མཆུའི་ཉི་མ་ལ་ས་གཡོས་ན་རྒྱལ་པོ་ཆེན་པོ་མྱ་ངན་བྱེད་བར་འགྱུར། མཆོད་སྦྱིན་བྱེད་པ་དང་།དད་པ་རྣམས་ལྟོགས་པར་འགྱུར། ་མི་མང་པོ་འདུ་བ་དང། དགའ་སྟོན་བྱེད་པ་དང། ལྷའི་གཙོ་བོ་ལ་མཆོད་སྦྱིན་བྱེད་པ་རྣམས་དང། སྔགས་ཐམས་ཅད་ནི་ལྡོག་པར་འགྱུར་རོ། །གང་དག་བཙས་པ་དང་།ཆེར་སྐྱེས་པ་དང། གཞན་ཡང་མཁས་པའི་མཆོག་དང ་རོལ་མོ་མཁན་མཁས་པ་གླུ་སྙན་པ་དང་།རིགས་ཆེན་པོ་བློ་དང་ལྡན་པའི་མི་རྣམས་དང། འབྲུ་ནག་བོ་ཏིལ་དང། ཟར་མ་སྲན་མ་ལ་སོགས་པ་ལ་གནོད་པ། ཡུལ་ཀ་ལི་ཀའི་བྱེད་དང། ཀ་ལི་ཀའི་ནུབ་ཕྱོགས་དང་།ཡུལ་ཨནཧ་རིལ་བརྟེན ་པའི་མི་རྣམས་དང་།རི་བན་དྷིའི?་ངོས་ལན་ལ་བརྟེན་པའི་མི་རྣམས་ལ་ས་གཡོས་པ་དང་ས་རྣམ་པར་གཡོས་ན་དེ་དག་ལ་ཡང་གནོད་པ་འབྱུང་བར་འགྱུར་རོ། །རྒྱུ་སྐར་གྲེའི་ཉི་མ་ལས་གཡོས་ན་དུས་ཚིགས་ལོག་པར་འགྱུར་ཏེ་།དེའི་རླུང་དྲག་པོ ་ལྡང་བར་འགྱུར་རོ། །བརྟན་པ་བྱས་པ་མ་རུངས་པར་འགྱུར། ཡོད་པ་ཡང་མ་རུངས་བར་འགྱུར། སྨད་འཚོང་མ་དང། ཆོས་ལ་དགའ་བ་དང། གཡོས་མཁན་དང། ཤོག་མ་གྱིས་འཚོ་བ་དང། བརྩོན་འཚོ་བ་དང། སྣམ་བུ་འཐག་པ་དང། ཁྱད ་པར་དུ་ཆུ་བོ་སིན་དྷུའི་ལྷོ་ཕྱོགས་ཀྱི་ཕྱེད་དང། ཤར་ཕྱོགས་ཀྱི་ཕྱེད་དང། ཡུལ་མ་ཧཱ་ཀ་རི་རི་ཁྲོད་ཀྱི་སྡོད་བུ་དང། ཡུལ་དང་ལུད་པའི་ནད་ན་གནས་པའི་སྐྱེ་བོ་དང་།རི་ཀིས་ཀིན་དྷིའི་གྲོང་ཁྱེར་དང། གྲོང་བརྡལ་དང། དེ་བཞིན་དུ་ཡུལ་ཤུ་རོ་བར་ཀ ་དང། ཡུལ་ཆ་སེར་ཆེ་བ་ནགས་རི་ཆུ་མང་བ་ན་གནས་བའི་བ་ལང་ལ་སོགས་པ་དང་།སྐྱེ་བོ་མི་སྲུན་པ་མང་བོས་བསྐོར་ཅིང། མེ་ཏོག་རྒྱས་པར་ལྡང་ཞིང་གནས་པ་ལ་ས་གཡོས་ཏེ་མདངས་ཉམས་ནས་གནོད་པ་འབྱུང་བར་འགྱུར་རོ། །རྒྱུ་སྐར ་དཔོའི?་ཉི་མ་ལ་ས་གཡོས་ན་ཚོད་པ་རྣམས་དང། གླིང་ཕྲན་ན་གནས་བའི་མི་དང། འགྲོན་བོ་ལམ་དུ་ཞུགས་བ་དང། ཆོད་སྦྱིན་གྱི་སྣོད་དང། ཡོ་བྱད་རྣམས་དང། སྦྲུལ་གྱི་གདོང་གིས་འཚོ་བའི་མི་རྣམས་དང་།བག་མ་ལམ་བཅའ་བ་སོགས་བ་དང ་བཀྲ་ཤིས་བྱེད་པ་དང། ཡུལ་མ་ཧ་སེ་ནའི་གྲོང་བརྔལ་དང། གྲོང་ཁྱེར་ཉམས་དགའ་བ་བ་ལང་གི་ཁྱུ་མང་པོ་དང་ལྡན་པ་དང་།ཆུ་བོ་ག་ད་བ་རིའི་འགྲམ་གྱི་ཡུལ་དང། ཡུལ་མཧཱ་བེ་ནན་དང། ཆུ་བོ་མ་ཧ་ས་རི་ཏའི་འགྲམ་ན་གནས་པའི་གྲོང་བརྡལ་དང། ་གྲོང་བརྡལ་གྱི་མི་དང། ཡུལ་དབུས་ཨཾ་ག་དང། མོན་ཡུལ་ལཾ་ཀ་དང་།ཡུལ་ལཾ་ཀའི་ཕྱེད་དང། ཡུལ་ནི་ཏྲི་ཏྲི་དང། ཡུལ་ཁ་ཤའི་མི་རྣམས་དང་།སླས་བུད་མེད་མང་བོ་སྤེལ་བ་དང་།སྙིང་ལས་སེམས་པའི་མི་རྣམས་དང། གྲོང་དང་གྲོང་དམ་པ ་རྣམས་དང། རྒྱལ་པོ་ལ་བརྟེན་པས་འཚོ་བའི་མི་དེ་ལྟ་བུ་ལ་ས་གཡོས་ན་གནོད་པར་འགྱུར་རོ། །རྒྱུ་སྐར་མེ་བཞི་ལ་ས་གཡོས་ན་རྫ་མཁན་དང་སྨན་པ་རྣམས་དང། ཚོགས་ཀྱི་གཙོ་བོ་དང་ཁོན?་བོ་དང་།བློན་བོ་ཆེན་པོ་དག་དམག་དཔོན་རྣམས་དང། གླང་པོ་འདུལ ་སྦྱོང་བྱེད་པའི་མི་དང། ཆོམ་རྐུན་བྱེད་བ་མང་པོ་དང། ཆོམ་རྐུན་བྱེད་པའི་གཙོ་བོ་རི་དོགས་བཙན་ལ་བརྟེན་པའི་མི་རྣམས་དང། བྲམ་ཟེ་སྲེད་བུ་སེ་རལ་དུ་ཐོགས་པས་འཚོ་བ་རྣམས་དང། ལྷ་དོན་དུ་གཉེར་བ་རྣམས་ལ་མི ་སྨོད་བའི་མི་རྣམས་དང། བྲམ་ཟེའི་ལག་བརྡའ་ཁ་ཏོན་འདོན་པ་དང། མཆོད་སྦྱིན་གྱི་ཡོ་བྱད་ཀྱི་ཚོགས་སྦྱོར་བ་དང། ཡུལ་ཧ་ཡེ་ནའི་གྲོང་བརྡལ་ཉམ་དགའ་བ་དང། རི་རྨ་བྱ་ཞེས་བྱ་བའི་དྲུང་ན་གནས་པ་དང་།རི་བ་རི་ཡ་ཏྲའི་དྲུང་ན་གནས་པ་དང། ་སྡིང་དང་ལུང་པ་དང། ལུང་པ་ཕྲན་མང་པོ་སྣ་ཚོགས་ན་གནས་པའི་མི་རྣམས་དང། ཡུལ་ཀཾ་ཀུར་དང། ཡུལ་ས་སྲ་དང། ཡུལ་ཨ་མུ་དྲ་དང། འདི་རྣམས་ལ་ས་གཡོས་ན་གནོད་བར་འགྱུར་རོ། །རྒྱུ་སྐར་ནག་བ་ལས་གཡོས་ན་རི་མོ་འབྲི་བའི ་ལས་རྣམས་མ་རུང་བར་འགྱུར་རོ། །རི་མོ་འབྲི་བ་རྣམས་དང། ཤིང་མཁན་རྣམས་དང། བཟོ་བོ་དང། རྡོ་རྗེས་གསོར་བའི་ལས་བྱེད་བ་དང། ཟངས་ཀན་དང། ནོར་བུ་འབྲུག་ཅིང་ནོར་བུ་བདོག་བ་དང། རྒྱན་ལ་དགའ་བ་དང། ཚོང་བ་དང ་མིག་སྨན་སྦྱོར་ཤེས་པའི་མི་དང། རྒྱན་བྱེད་པའི་མི་དང། ཡུལ་པ་བ་ཀ་ཤ་དང། ཡུལ་ཨ་ནི་ལིའི་གྲོང་བརྡལ་དང། ཡུལ་མ་གྱི་སྨ་དང། ཡུལ་ཨ་བརྟའི་དང། རིས་ཧཡའི་དྲུང་དང། རི་རྣམས་འདིའི་འཁོར་ན་གནས་པའི་སྐྱེ་བོ་རྣམས་དང། ་མི་རྣམས་ལ་དེ་ལྟར་ས་གཡོས་ན་གནོད་བར་འགྱུར་རོ། །རྒྱུ་སྐར་ས་རིལ་ས་གཡོས་ན་ཆོམ་རྐུན་བྱེད་པའི་མི་རྣམས་དང། མགར་མཁན་རྣམས་དང། འཚེ་ཞིང་གནོད་པའི་མི་རྣམས་དང། ལ་འཕྲང་འཇོམས་བའི་མི་རྣམས་དང། ཡུལ་ག ་ས་རིའི་བྱང་ཕྱོགས་ཀྱི་ཤོད་ན་གནས་པའི་མི་རྣམས་དང། རོལ་མོ་མཁན་དང་།གཞད་གད་མཁན་དང། དཀའ་ཐུབ་ཅན་ཟས་སུ་རླུང་ཟ་བ་དང། ཚུལ་མ་ཡིན་པའི་དུག་གྲུབ་པའི་མི་རྣམས་དང་།མི་དགེ་བ་དམ་པའི་རྣམས་དང་།ང་རྒྱལ་ཅན ་རྣམས་དང། ཡུལ་ས་ཧ་ཏའི་མི་དང། ཡུལ་ཨནྟ་རསྟའི་མི་དང། ཡུལ་བི་སུ་ལ་དང། ཡུལ་ཀ་ཙའི་སྐྱེ་བོ་མང་བོ་ཕལ་པོ་ཆེ་དང། ཡུལ་བ་ཡ་བ་དང། ཡུལ་པ་ཤུ་ཀྲ་ཀ་དང། ཡུལ་ད་ར་ཀ་ཞེས་བྱ་བའི་གྲོང་དང། ཕལ་ཆེན་པོའི་མི་དང། ་གླིང་སྣ་ཚོགས་ན་བུད་མེད་དམ་པ་གནས་པ་དང། རྐང་འགྲོས་ཀྱིས་གང་བར་རྒྱས་ཤིང་གྲོང་ཁྱེར་ཀུ་བེ་ར་ཞེས་བྱ་བ་ལ་འབྱོར་ཅིང་རྒྱས་པར་གནས་པ་དང། རི་དམ་པ་བྲང་ཛ་ཡ་ཧོ་ཞེས་བྱ་བའི་དྲུང་དུ་གནས་པའི་མི་དང་།རྒྱ་མཚོའི་འགྲམ་ན་གནས་པའི་མི ་དང། ཡུལ་བྲི་སྣི་དང། ཡུལ་ཨནྡྲ་ག་དང། མ་དུ་ཞེས་བྱ་བའི་མི་དང། ས་ཏྭ་ཏ་ཞེས་བྱ་བའི་མི་དང། འདི་དག་གི་གནས་རྣམས་དང། མིའི་སྡེ་ཤརྣ་བ་ཞེས་བྱ་བ་རྒྱ་མཚོ་ཆུ་བོའི་གྲོང་ཁྱེར། མ་པ་བརྒྱ་དང། གྲོང་ཁྱེར་རྣམ་པ་སྟོང་སྙེད་དུ་གནས་པ ་དེ་དག་ལས་གཡོས་ན་རབ་ཏུ་གནོད་པར་འགྱུར་རོ། །རྒྱུ་སྐར་ས་གལ་ས་གཡོས་ན་མི་ལས་ལས་སུ་བྱ་བ་རྣམས་མ་རུང་པར་འགྱུར་རོ། །བྲམ་ཟེ་དམ་པ་མེ་ལ་བརྗོད་པ་རྣམས་དང། གསལ་བ་མ་འཁྲུལ་པར་སྨྲ་བ་རྣམས་དང། ཏིལ་དང་བལ་གྱི ་ས་བོན་དང། མོན་སྲན་རྔེའུ་དང། བུ་རམ་ཤིང་གི་ཁུ་བ་དང། འབྲུ་རྣམས་དང། མི་རྒན་པོ་རྣམས་དང། མི་ཕལ་པོ་ཆེར་ཞེས་བྱ་བ་ན་གནས་པའི་མི་དེ་དག་ལས་གཡོས་སྲན་ཆུང་དང། སྲན་མ་དང། སྲན་ཙན་ཀ་དང ་རྒྱ་སྲན་ནག་པོ་དང། ཡུངས་ཀར་དང། ཡུལ་མང་ཀུ་རའི་མི་དང། ཡུལ་བ་ཡ་ན་དང། དེ་བཞིན་དུ་ཡུལ་རིམ་ཀའི་མི་དང། ཡུལ་པ་པར་ན་མི་མང་པོས་གང་བ་དང། ཡུལ་ཀ་མ་ར་ཨ་ཏིསྟི་ཏ་ཞེས་བྱ་བ་ན་གནས་པའི་མི་དེ་དག་ལས་གཡོས ་ན་གནོད་པ་འབྱུང་བར་འགྱུར་རོ། །རྒྱུ་སྐར་ལྷ་མཚམས་ལས་གཡོས་ན་མཛའ་ཨོ་བྱམས་ཤིང་སྡུག་པ་བྱེད་པར་འགྱུར། ཆུང་མ་དང་ནོར་ཀྱི་བྱ་བ་ལ་སོགས་པ་རྣམ་པ་བཅུ་གཅིག་ཏུ་བཤད་པ། གཉེན་བྱ་ཞིང་བག་མ་བླང་བ་ལ་སོགས་པ་།ཡོ་བྱད ་བསགS་ཤིང་སྤེལ་བ་དང་བགམ་བླང་བ་རྣམས་དང། མཆོད་སྦྱིན་བྱ་བ་རྣམས་དང། དེ་དག་གི་ལས་བྱ་བ་དང། བཀྲ་ཤིས་པར་བྱ་བ་རྣམས་དང་།ལྟས་སུ་ལྟ་བ་རྣམས་དང། བྲམ་ཟེ་ཞི་བ་དང་ལྡན་བ་རྣམས་? ་དཀའ་ཐུབ་ཅན་རྣམས་དང། ཐུབ་པ་དང་ལྡན་པ་རྣམས་དང། དཀའ་ཐུབ་དང་ལྡན་པ་རྣམས་དང། བརྟུལ་ཤུགས་དང་ལྡན་པ་རྣམས་དང། ཡུལ་ཀ་ཤ་ཞེས་བྱ་བ་ན་རྒྱལ་སྲིང་ཆེན་པོ་རྣམ་པ་བརྒྱད་དང་ལྡན་པའི་ཡུལ་དང། རྒྱལ་པོའི་མཛའ་ ་ཁོར་ཡུག་ན་གནས་པ་བྲ་གོའི་ཚལ་ཉམས་དགའ་བའི་གནས་ན་བྲ་གོས་སྲོག་འཚོ་བ་རྣམས་དང། སྐད་རྣམ་པ་སྣ་ཚོགས་ཤེས་པའི་འཇིག་རྟེན་པ་རྣམས་དང། གཟི་བརྗིད་མ་མངོན་པར་བྱེད། གཟུགས་དང། གོས་དང། རྒྱན་དང། ་སྤྱོད་པ་དང། བྱེད་པ་དང། འགྲོ་བ་དང། ཆ་བྱད་རྣམ་པ་སྣ་ཚོགས་དང་ལྡན་པ་ཟས་སུ་ཉ་ཤ་ཟ་ཞིང་ལུས་ཉམས་བདེ་བ་སྐྱིད་པ་དེ་ལྟ་བུའི་མི་རྣམས་ལ་ས་གཡོས་ན་རབ་ཏུ་གནོད་པར་འགྱུར་རོ། །རྒྱུ་སྐར་སྣོན་ལ་གཡོས་ན་རི་ཆེན་པོ་སྙིལ ་པར་འགྱུར་རོ། །འཇིགས་བའི་རླུང་རབ་ཏུ་ལྡང། ཡུལ་ཨ་མྲ་ཀ་ཞེས་བྱ་བའི་ཡུལ་དུ་ཡུལ་ཀུ་ཤའི་མི་དང། རྐུན་པོ་དང་།མི་ངས་དང། ཐན་ཆེན་དང་།སེར་བ་དང། ཡང་དང་ཡང་དུ་མཚོན་ཀར་འགྱེད་པ་ཡུལ་དེ་ཕྱོགས་ན་མྱ་ངན ་མེད་ཅིང་འགྲོ་སྟེ། ས་གཡོས་བས་གཟི་བརྗིད་ཉམས་ནས་གནོད་ས་དེ་ལྟ་བུ་འབྱུང་བར་འགྱུར་རོ། །ཚུལ་མ་ཡིན་པ་དག་གིས་ཕན་ཚུན་དུ་གནོད་པ་བྱེད་པར་འགྱུར་རོ། །མི་གཡོན་ཅན་དང་རྒྱལ་པོ་དང། མི་དང་།དེ་བཞིན་དུ་སྒོ་ལྕགས་བྱེད ་ཅིང་རྐུ་བའི་མི་རྣམས་དང། ཡུལ་?་མི་རྣམས་དང། ཡུལ་སུ་ལེན་ངན་གནས་བའི་མི་རྣམས་འཇིགས་པར་གནས་པར་འགྱུར། མཛའ་ཟའི་དཔུག?་དང་ལྡན་པ་རྣམས་དང་ཡང་ཕྱེད་པར་འགྱུར། རྒྱལ་པོ་ཆེན་པོ་དང་སྙོམས་ལས་དང་ལྡན་པ ་རྣམས་ཀྱང་ཚར་ཆོད་བར་བྱ། བྱ་རོག་དང། རི་དགས་བྲི་ཤ་དང། གཅན་ཟན་དང། གཅན་ཟན་དྲག་ཤུལ་ཅན་ཆེན་པོ་རྣམས་དང། ཡུལ་ཀ་ར་དང། ཡུལ་པ་ར་དང། ཡུལ་ཤུ་ཤསོ?་ན་གནས་པའི་མི་དང། ཡུལ་མ་ལ་ཡའི་རྣམས་དང ་ཐོ་གར་གྱི་ཡུལ་བ་ག་ལེ་དང། པར་སིག་གི་ཡུལ་དང། ཟ་ཧོར་གྱི་ཡུལ་དང། ཀ་པུ་ཤའི་ཡུལ་གྱི་རི་བ་རི་ཤེ་ནིའ?་འཁོར་ན་གནས་པའི་མི་དང། འདི་རྣམས་ལ་ས་གཡོས་ན་དགྲ་དྲག་པོ་མྱུར་དུ་འབྱུང་ཞིང་གནོད་པར་འགྱུར་རོ། །རྒྱུ་སྐར་སྣུབས་ལས ་གཡོས་ན་རྐང་བཞི་པ་དང་རྐང་གཉིས་དང། དེ་བཞིན་དུ་ཕུག་ན་གནས་པ་རྣམས་དང། ཡི་དགས་ཤ་ཟ་རྣམས་དང་།སེམས་ཅན་གང་དག་རི་ལ་གནས་པ་རྣམས་དང། མུ་གེ་མྱུར་དུ་འབྱུང། ས་ལ་ཆུ་ཡང་མྱུར་དུ་སྐམས་པར་འགྱུར་རོ།། ་རག་རྣམས་རེ་དྲུང་དུ་སོང་ནས་དེ་ན་དགའ་བར་གནས་པ་དང། ཆོས་ཀྱི་ཡོ་བྱད་རྣམས་དང། གང་ན་ནགས་ཚལ་ཕུན་སུམ་ཚོགས་པ་དང་།རྒུན་ར་དང་།བུ་རམ་ཤིང་གི་ཁུ་བ་དང། འབྲས་བུ་མངར་པོ་ཅུང་ཟད་ཡོད་པ་རྣམས་དང། ཤིང་དུ་ཀའི ་ཆལ་?་།མེ་ཏོག་སྣ་ཚོགས་རྣམས་དང། འབྲུ་དང་ས་བོན་རྣམས་དང། འབྲས་ལ་སོགས་རྣམ་པ་ཐ་དད་པ་སྣ་ཚོགས་དང། ཁྱིམ་གྱི་ལས་ཀུན་བརྩམ་པ་དང་།བརྟན་བར་བྱ་བའི་རྣམས་དང། རྩ་བ་བསྐྱེད་ཅིང་བསྲུན་པའི་ལས་སྣ་ཚོགས ་དང། རོ་ལོངས་བྱེད་པའི་ལས་རྣམས་དང། ཡུལ་སུན་དང། གོག་ཡུལ་དང། ཡུལ་ཀ་ཏ་ཡའི་མི་དང། བ་ལང་རྫི་ལ་སོགས་པའི་རིའི་རྩེ་མོ་དང། ཕུག་ནང་སྡིང་བུ་ན་གནས་པའི་མི་རྣམས་དང་།རྐང་བཞི་པ་སྣ་ཚོགས་དང། དཀའ་ཐུབ་ཅན ་ཤིང་ཏོག་དང་རྩ་བ་ཟ་བ་རྣམས་དང། །ཡུལ་ཀ་ཤིའི་བྱང་ཕྱོགས་ཀྱི་གནས་ཡུལ་ས་བཙན་བོ་ལ་བརྟེན་པའི་མི་དེ་རྣམས་ལ་ས་གཡོས་ན་གནོད་པ་འབྱུང་བར་འགྱུར་རོ། །རྒྱུ་སྐར་ཆུ་སྟོད་ལྔ་ས་གཡོས་ན་མི་ལས་སྐྱེས་པ་དང། འགྲོན་པོ་ལམ་ན ་གནས་པ་དང། ཚོང་པ་དང། རྒྱ་མཚོ་ལ་རྒྱུ་ཞིང་འགྲོ་བ་དང། ཁ་ཟས་ཉས་འཚོ་བ་དང། ཆུ་སྲིན་བྱིས་པ་གསོད་དང། འུག་པ་དང་།ཆུ་སྲིན་ན་ཀྲ་དང། ཆུ་སྲིན་མ་ཀ་ར་དང། རུས་སྦལ་དང་།རུས་དང། ་རིགས་དང་།བཙུན་བ་དང། ཕྱུག་པོ་དང་།མཁས་བ་རྣམས་དང། བཞིན་པའི་མཆོག་བདོག་པ་དེ་དག་ལ། འཇིགས་པ་ཚན་པོ་རབ་ཏུ་འབྱུང་བར་འགྱུར་།ཆུའི་ལས་སུ་བྱ་བརྗིད་སྐྱིལ་བ་དང། རྫིང་བུ་རྐོ་བ་དང་།ཚལ་བུ་དང་།སྐྱེད ་མོས་ཚལ་སྣ་ཚོགས་དང། ནོར་དང། འབྲུ་དང། ཆར་གྱི་ཡོ་བྱད་སྦྱོར་འཚོ་བའི་མི་རྣམས་དང། ཡུལ་ཏ་རུ་ན་དང། ཡུལ་རུ་ག་ཀ་ཏི་ས་རིའི་མ་རྣམས་དང། ཡུལ་ཀཾ་བ་ཛ་ནས་སྐྱེས་བའི་མི་རྣམས་དང་།ཐོ་གར་གྱི་ཡུལ་དང་།ཡུལ་ཧུ་ན་ནས ་སྐྱེས་པའི་མི་རྣམས་དང། ཡུལ་ཤ་སའི་མི་དང། ཕྱུགས་རྫི་རྣམས་དང། ཡུལ་ཀ་ན་ནས་སྐྱེས་པའི་མི་རྣམས་དང་།རིགས་ཉམས་བའི་མི་དང། སྐྱ་གནས་ངན་པ་ནས་སྐྱེས་བའི་མི་དང། བྱ་གག་དང་།བུད་མེད་དང། ཆུ་བ་ཆེན་པོ ་པཀཱུའི་འགྲམ་ན་གནས་པའི་མི་རྣམས་དང། གངས་རིའི་རི་ལོགས་ཀྱི་ངོས་གཉི་ཀ་ན་གནས་པའི་མི་རྣམས་དང། རི་ཀེ་དང་།རི་དུང་ན་གནས་པའི་མི་རྣམས་དང། རི་རྒྱུད་ཆང་བ་ན་གནས་པ་དང། ལུང་པ་ན་གནས་པ་རྣམས་ལས ་གཡོས་ན་གནོད་པར་འགྱུར་རོ། །རྒྱུ་སྐར་ཆུ་སྨད་ལ་ས་གཡོས་ན་བཟོ་བོ་རྣམས་ལ་གནོད་པར་འགྱུར་ཏེ། །ལྕགས་མགར?་དང། ཕྱཱ་མཁན་དང། ཚོན་མོ་སྟེན་མཁན་དང། ཤིང་མཁན་རྣམས་དང། འབྲེག་མཁན་དང་།ཕྱུག་པོ ་རྣམས་དང། རྐུན་པོ་རྣམས་དང། བཟོ་བོ་རྣམས་དང། སྣ་ཚོགས་རྣམས་དང། ཐོས་ཟློས་འདོན་པའི་གཅམ་བུ་རྣམས་ལ་གནོད་པར་འགྱུར། ཡུལ་གན་རའི་མི་རྣམས་དང། ཡུལ་ཀེ་ཀ་ཡ་དང། ཡུལ་ཁ་ཤ་བ་རྣམས་དང། གུ་ཟན་ཡུལ་དང། ་ཡུལ་བ་གུར་ན་གནས་བའི་དྲགས་པ་གཏུམ་པོ་རྣམ་པ་སྟོང་སྙེད་དང། འབྲུ་ཞ་ཡུལ་ལ་སོགS་པ་དང། ཡུལ་ས་ག་ར་དེའི་སྐྱེ་བོ་རྣམས་ལ་གནོད་པ་འབྱུང་བར་འགྱུར་རོ། །རྒྱུ་སྐར་གྲོང་ཞིན་ལ་ས་གཡོས་ན་རྒྱལ་བོས་བཀུར་བའི་མི་རྣམས་དང། ་བྲམ་ཟེ་རིག་བྱེད་སློབ་བའི་མི་རྣམས་དང། བསྟན་བཅོས་མཁས་བའི་མི་རྣམས་དང། སྙན་དག་ཤེས་པའི་མི་རྣམས་དང། ཡུལ་གན་བྷ་ར་ནས་ཡུལ་ཀོའུ་ཤི་བའི་བར་དང། ཡུལ་མེ་དར་སྟག་ན་གནས་པའི་མི་རྣམས་དང། སིག་ནིས་ཀྱི ་ཡུལ་གཉིས་དང། ཡུལ་དུ་སྲ་ས་ཧ་དང། ཡུལ་དུ་མི་ལ་རྗེད་པའི་མི་དང། ཡུལ་ས་ག་ཀའི་མི་དང། ཡུལ་ལཾ་པ་ཀའི་མི་དང། ཡུལ་ན་ག་ཧ་ར་དང། ཡུལ་ཙ་ཏ་བི་ཤ་ཡ་དང་།ཡུལ་གི་རྩ་ཀ་ན་གནས་པ་མ་རུངས་པ་དུ་མ་དང་།ཡུལ་ལ? ་ཞེས་བྱ་བའི་རི་ལ་གནས་པ་དང། མཛའ་ཨི་རྒྱལ་པོ་ཆེན་པོ་རྣམས་དང། ཡུལ་ཀ་སཏྟ་དང། ཡུལ་སགཏོ?་ར་དང། ཡུལ་བ་རི་ར་ས་ནདང། ཡུལ་བརྞ་པུ་རིའི་གྲོང་བརྡལ་དང། ཀླུའི་གནས་རྣམས་དང། འདི་དག་ལ་ས་གཡས་ན་གནོད་པར་བྱུང་བར ་འགྱུར་རོ། །རྒྱུ་སྐར་མོན་གྲེ་ལ་ས་གཡོས་ན་མི་ཕྱུག་པོ་དང། ར་ལུག་དང། བོང་བུ་དང་།རྔ་མོ་དང། དྲེའུ་དང། ལྦ་དང་རི་དགས་ཀྱི་རྣམ་གྲངས་ཐ་དད་པ་དང། མ་ཧེ་དང། འཕང་དང་རྩལ་ཆེ་བ་དང། འདུན་ཁང་སྣ་ཚོགས་དང། གྲོང་གི་ཚོད ་དཔོན?་རྣམས་དང། ཡུལ་ཁ་ག་དང། ཡུལ་སྭསྟེ་མནྟ་དང། ཡུལ་ལི་ཁ་དང། ཡུལ་མུ་ན་དང། ཡུལ་བ་ཏྭ?་ཀ་ར་དང། ཡུལ་གོ་ཐ་མའི་མི་རྣམས་དང་།ཡུལ་བོ་ཟ་དང། ཡུལ་སི་ལའི་གྲོང་ཁྱེར་བྲུ་ཞ་ཡུལ་དང། གུ་ཟན་དང་།ཡུལ་ཙིཏྟ་དང། ་ཆད་ཞིམ་བོ་སྣ་ཚོགས་དག་ལ་དགའ་བ་རྣམས་དང་།རི་ཤ་ཤའི་ཟརི་ལོགས་ན་གནས་པའི་མི་སྣ་ཚོགས་ལ་ས་གཡོས་ན་གནོད་པར་འགྱུར་རོ། །རྒྱུ་སྐར་མོན་གྲུ་ལ་ས་གཡོས་ན་སིའི་འོག་ཏུ་གནས་པ་རྣམས་དང། རྒྱ་མཚོའི་འོག་ན་གནས་པ་དང་།རྒྱ་མཚོའི?་ ་ནང་ན་གནས་བའི་སེམས་ཅན་རྣམས་དང། སེམས་ཅན་གཞན་ཡང་ཆུ་ལ་བརྟེན་པ་རྣམས་དང་།དེ་བཞིན་དུ་རྟ་དང། གླང་བོ་ཆེ་དང། ཁྱི་རྣམས་དང་བོང་བུ་དང། རྔ་མོ་དང། བྱ་རྣམས་དང་།དེ་བཞིན་དུ་དམག ་མི་དཔའ་བོ་དམ་བ་དང། མཚན་ཤཀྟི་དང་།རལ་གྲི་ཀྱོག་པོ་དང། ། རལ་གྲི་ཐོགས་པའི་མི་རྣམས་དང། ཡུལ་པྲལླའི་མི་དང། ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་ཀྱི་རེང་ལ་བརྟེན་པ་དང། ལྷོ་ཕྱོགས་ཀྱི་རི་རྒྱུད་ལ་དྲང་སྲོང་ཐུབ་པ་གནས་པ ་རྣམས་དང། ཡུལ་ལོ་གཅིག་བ་ཞེས་བྱ་བའི་མི་དང། བུད་མེད་ནུ་མ་ཡ་ཅིག་པ་རྣམས་དང། དམག་དབོན་དུ་བསྐོས་པ་འདི་དག་ལ་ས་གཡོས་ན་གནོད་པར་འགྱུར་རོ། །རྒྱུ་སྐར་ཁྲུམས་སྟོང་ལ་ས་གཡོས་ན་ཆུ་དང་མེས་འཚོ་བའི་མི ་རྣམས་དང་།དེ་བཞིན་དུ་བ་ལང་གསོད་ཅིང་མ་ཧེ་ལ་དགའ་བ། ནོར་བུ་དེ་སོགས་ལ་ཚོད་བ་བྱེད་པ་དང། ཡུལ་སོ་བ་ར་འབྱོར་པ་དང་ལྡན་པ་དང། ལུག་གསོད་ཅིང་འཚོ་བའི་མི་དང་།ནགས་ཀྱིས་འཚོ་བའི་རྗེའུ་རིགས་དང། དམངས་རིགས་དང ་རོལ་མོ་མཁན་དང་།མི་དམ་པ་དང། རྟ་རྣམས་དང། ཡུལ་མ་ལ་ལ་བ་དང། སྒོ་འབྱེད་ཅིང་རྐུ་བའི་མི་ངན་པ་རྣམས་དང་།འདི་དག་ལ་ས་གཡོས་ན་གནོད་པར་འགྱུར་རོ། །རྒྱུ་སྐར་ཁྲུམས་སྨད་ལ་ས་གཡོས་ན་ཚོང་པ་དང་།ཆུ་ལ་བརྟེན་པ ་རྣམས་དང། འགྲོན་ལམ་དུ་ཞུགས་པ་རྣམས་དང་།ཚོད་པ་རྒྱ་མཚོ་ལ་གྲུ་བོ་ཆེ་འགྲོ་བར་ཆས་པ་དང་།སངས་རྒྱས་ཀྱི་ཆོས་ལ་དགའ་བ་རྣམས་དང། རང་གི་རིགས་རྣམས་དང་།ཚང་འཚོང་གི་ལས་བྱེད་པ་དང། ཡུལ་ཤི་བི་པའི་མི་དང་།ཡུལ ་བའི་ཡོ་ཏའི་མི་རྣམས་དང། རྒྱལ་རིགས་ཨརྫུ་ན་ཡའི་རྒྱུད་དང། ཡུལ་སིན་དྷུ་དང། ཡུལ་ཧ་ནུ་ཥཔ་དང། ཁ་ཆེ་ཡུལ་གྱི་མི་དང། རི་ཁྲོད་ཟབ་མོ་ན་གནས་པའི་མི་དང། རྩེ་གང་ན་གནས་པའི་ཡུལ་དང་།ཡུལ་རྣམ་བ་དུ་མ་དང། ་ཡུལ་ཏཾ?་ག་ལ་དང། བ་ར་ནངྒ་ལའི་མི་དང། ལྷའི་བུ་སྤང་གི་གནས་མེ་ཏོག་སྣ་ཚོགས་བྱེ་བས་བརྒྱན་པ་ཡུལ་རི་ཅན་བརྒྱད་ཅེས་བྱ་བ་ན་སྐྱེ་བོ་དུ་མས་གདབ་།གོས་དང་རྒྱན་རྣམ་པ་སྣ་ཚོགས་དང། མཚོན་ཆ་སྣ་ཚོགས་དང་ལྡན་པར་གནས་པ་ལ ་ས་གཡོས་ན་གནོད་པ་འབྱུང་བར་འགྱུར་རོ། །རྒྱུ་སྐར་ནམ་གྲུལ་ས་གཡོས་ན་འཐབ་མོའི་གཡུལ་དྲག་ཤུལ་ཆེར་འབྱུང། གྲོང་ཕུན་སུམ་ཚོགས་པ་དང་ལྡན་པ་དང། གྲོང་མི་རྣམས་དང། རི་ཁྲོད་ན་གནས་པ་དང་།འདུན་ཁང་རྣམས་དང། ་ཡུལ་དེ་ཏ་?་མི་དང། ཡུལ་ཨ་ནུ་ཤ་དང། ཙ་ཀ་དང། ཡུལ་ཛི་བ་ར་དང། ཡུལ་མ་ཐ་དང། ཡུལ་ཀ་ཤ་དང། ཡུལ་བཾ་ག་ཞེས་བྱ་བ་ན་དཔུང་གིས་སྙམས་པའི་ང་རྒྱལ་མཆོག་དང་ལྡན་པ་ན་རློམ་པར་གནས་པ་གར་བྱེད་ཅིང་གླུ་ལེན་པ ་དང། སྨད་འཕྲོད་མས་འཚོ་བ་དང། ཡུལ་ཤ་ན་ཀ་དང། ཡུལ་ཨ་བིར་ར་དང། ཡུལ་མནྟི་དང། ཡུལ་ཙརྨ་ནི་ཏི་ན་གནས་བའི་མི་དང། དམ་གི་མ་དང། དམག་དཔོན་དང། ཡུལ་མི་ཏི་ལིའི་གྲོང་བརྔལ་ཆེན་པོ་དང། ཡུལ་ནི་མིའི་འཁོར། ། ་གྱི་གྲོང་བརྡལ་གྱི་མི་དང་བལ་ཡུལ་ནས་ཤར་ཕྱོགས་དང། བྱང་ཕྱོགས་ཀྱི་གཟེར་མཚམས་ཀྱི་ཡུལ། འདི་དག་ལ་གཡོས་ན་གནོད་པ་འབྱུང་བར་འགྱུར་རོ། །རྒྱུ་སྐར་ཐ་སྐར་ལ་ས་གཡོས་ན་རྟ་རྣམས་ལ་ནང་འབྱུང་བར་འགྱུར། གྲོང་དུ ་མི་གསོད་པར་འབྱུང། མི་སྤུན་ན་དེ་གསོད་པ་འབྱུང། ཐ་སྐར་གྱི་ངོལ་རུམ་དུ་བུ་ཆགས་པ་ལ་མི་དགེའོ། །ཐ་སྐར་གྱི་དུས་སུ་བཙས་བ་ལ་མི་དགེ་སྟེ། དེ་ཕན་ཆད་ལོ་གསུམ་ན་མི་དགེ་འབྱུང་དམ། དེ་ནས་ལོ་བཅུ་ན་འཆི་བར་འགྱུར་།ཡུལ་ལ ་རི་དང། །ཡུལ་ཏེ་གརྟ་དང། །ཡུལ་?་སྐྱེ་བོ་རྣམས་དང། ཡུལ་ཨརྫུ་ནའི་མི་རྣམས་དང། ཡུལ་ད་རྡུ་དང། ཡུལ་དྷ་ན་བྱ་དང། ཡུལ་ས་ཏི་ནའི་མི་རྣམས་ལ་གནོད་བར་འགྱུར། །རྒྱུ་སྐར་བྲ་ཉེ་ལ་ས་གཡོས་ན་རྐུན་པོ་རྣམས་ལ་གནོད་བ ་ཆེར་འགྱུར། རྒྱལ་པོ་བྱེད་པ་དང། མདུད་པ་དང། སྒོ་ལྕགས་འབྱེད་ཅིང་རྐུ་བ་དང། མེ་ལོང་འཚོང་བ་དང། དབྱིག་དུག་སྤྱོད་ཞིང་སྡུད་བའི་མི་དང། འཁོར་ལོ་བྱེད་པ་དང། བཅོན་སྲུང་དང། གཏུམ་བོ་སྡིག་ཅན ་རྣམས་དང། རྐུམ་བོ་རྣམས་དང། གཡོ་བྱེད་བ་རྣམས་དང་།མི་བསྲུན་བ་དང། ཕྲམ་བྱེད་བ་དང། གདོལ་བ་དང། རིགས་དན་ལ་སོགས་པའི་ཡུལ་གྱི་མཛའ་ན་གནས་བ་རྣམས་དང། རྒྱ་ཡུལ་ན་རྒྱ་རྣམས་དང། རྒྱ་དམ་བ་རྣམས་དང། ཡུལ ་དགའ་བ་བཟང་བོ་ཞེས་བྱ་བ་རྣམས་དང། ཡུལ་སྱ་བ་ན་གནས་པའི་མི་རྣམས་དང། ཆུ་བོ་ཆེན་པོ་སི་ཏཱ་ཞེས་བྱ་བའི་འགྲམ་ན་གནས་བའི་སྐྱ་བོ་རྣམས་དང། མཆོམ་དྲོས་པ་ཡིད་བཞིན་བྱེད་པའི་འཇིག་རྟེན་རྣམས་ལ་གྲགས་བདེ་ལ། འདོད་ཆག ་དང་བྲལ་བ་རྣམས་དང་།རིག་སྔགས་གྲུབ་བ་དང། རེག་འཛིན་གྱི་ཚོགས་རྣམས་དང། དྲང་སྲོང་ཐུབ་བ་རྣམས་ཀྱིས་ཀྱང་བསྙེན་བར་བྱ་ཞིང་འཛམ་བུའི་སྐྱེ་བོ་གནས་བ་དང། ཀེ་ལ་སི་ཏི་སོར?་གངས་དང། གངས་མངས་ཏེ་ནོར་བུ་ཅན་གྱི་རི་དང། སྤོས ་དང་ལྡན་པའི་རི་གང་ལྟར་གོ་དང། དེ་བཞིན་དུ་སུ་རི་བརཤ་ཞེས་བྱ་བ། བྱང་ཕྱོགས་ངོས་དང། གླིང་རྣམ་བ་སྣ་ཚོགས་མང་པོ་དང། རི་རང་དོད་དག་ན་གནས་པའི་གནོད་སྦྱིན་དང། འབྱུང་བོ་དང། ཤ་ཟ་དང་།དྲི་ཟ་དང། སྲིན་བོའི་ཚོགས་མང་བོ་དག་དང ་གྲུབ་བ་དང་།རིག་འཛིན་དང། ཀླུ་རྣམས་དང། དེ་བཞིན་དུ་སྨན་རྣམ་།སྟོང་སྙེད་ལ་གནོད་བ་འབྱུང་བར་འགྱུར་རོ། །དེ་ལྟར་ས་གཡོས་པའི་རྗེས་ལ་ཞག་བདུན་ཚུན་ཚད་དུ་སལ་ཕན་བའི་སྤྲིན་སྔོ་ནག་འཇམ་བོ་མིག་ས་བའི་སྨན་གྱི་མདོག་རི་ཆེན་བོ ་འདྲ་བ་ལས། འབྲུག་སྒྲ་ཟབ་མོར་སྒྲོག་ཅིང་ཉེ་བར་འབྲུག་སྒྲ་དྲག་ལ། གློག་རྣམ་བ་སྣ་ཚོགས་འགྱུ་ཞིང། ནམ་མཁའ་ལ་སྔོན་བོ་ཤུར་ཤུར་བོ་ལྟ་བུར་སྣང་བའམ། སྒྲ་འབྱུང་བའམ། སྐར་མངའ་ལྟ་བུ་མེད་ལ། རླུང་མི་དྲག་བ་ལྔ་བཞི་དུ་།ཚུབ་མ་ལྟ་བུ ་མི་སྡུག་བ་ནི་མེད་། སྤྲིན་གྱི་གཟུགས་བཀྲ་ཤིས་ཀྱི་རི་མོ་སྣ་ཚོགས་དང། དབང་པོ་རྡོ་རྗེ་ལྟ་བུར་སྣང་བ་དང། ནད་བར་ཉི་མ་ལ་ཆར་བ་དང། ཉི་མ་ནུབ་ནས་ཟླ་བ་འཆ་བའི་སྤྲིན་གྱིས་མཆོད་བར་འཆར་བ་དང་།ནམ་མཁའ་ལ་སྤྲིན་དལ་སྙོམས་ལ་འཇམ ་པོའི་གཟུགས་རྒྱད་རིང་བོར་སོང་བ་དང། གློག་བན?་ཚུན?་དུ་འཕྲོ་བའི་སྤྲིན་དེ་ལྟ་བུ་ནི་དགེ་བའི་མཚན་མ་ཡིན་ནོ། །སྤྲིན་འཇམ་ལ་དལ་སྙོམས་ཏེ། བར་ཆད་མེད་ཅིང་སྤྲིན་གྱི་གཟུགས་མི་སྡུག་བ་མི་སྣང་བ་དེ་ལྟ་བུར་སྣང་ན་སྤྲིན་གྱི་མཚན་མ་དེ་ལྟ་བུ ་དང་ལྡན་བ་ནི་ལྷའི་དབང་བོ་ས་གཡོས་བར་བསྟན་བ་ཡིན་ནོ། །དེ་ལྟར་གང་དང་གང་དུས་གཡོས་བའི་ཕན་གནོད་ཀྱི་འབྲས་བུའི་དམིགས་ནི་འཇིགས་ཤིང་དངས་བ་མེད་བ་ཡིད་སྟོན་ལ་ས་བོན་ཐམས་ཅད་ཐོབ་གྱུར་ཅིག། ལས་དང་གསོན་མ་རྣམས་ཀྱང་གྱིས ་ཤིག་།རྣམ་བར་རྒྱལ་བར་འགྱུར་བ་ཡང་བསྟན་ཏོ། །ཚོང་བ་ཡང་བའི་ཚེ་ཀུན་ཏུ་སོང་ཡང་འཇིགས་བ་མེད་དོ། །ཡང་ས་གཡོས་བའི་རྗེས་ལ་ཞག་བདུན་སུན་ཆད་དུ་ནམ་མཁའ་ཨི་སྦྱིན་གྱིས་ཁེབས་ཏེ་ཐ་ཆགས་སུ་སྲིན་བ་ལ་ལྟར་དལ་སྙོམས་བར་སོང་ལ། ནུབ ་ཕྱོགས་སུ་ནམ་མཁའ་ལ་ཆུ་སྲིན་བྱིས་བ་གསོད་བ་དང། སྦལ་བ་རྣམས་དང། ཉ་དང། ཆུ་སྲིན་འདྲ་བའི་སྤྲིན་གྱི་གཟུགས་སྣང་ལ་ནད་ནུབ་ཏུ་ཉི་མ་དང་ཟླ་བའི་ཆར་བའི་ཚེ་སྤྲིན་གྱིས་བསྒྲོ་བས་བ་མེད་བ་དེ་ལྟར་སྣང་བའི་མཚན་མ་ནི་ཆུའི་དཀྱིལ་འཁོར་གྱིས?? ་བ་ཞེས་བྱ་སྟེ། དེ་ལྟར་ས་གཡོས་བའི་ལན་གནོད་ཀྱི་འབྲས་བུ་ཡང་དྲང་སྲོད་ཆེན་བོས་ཇི་ལྟར་མཐོང་བ་བཞིན་དུ་བསྟན་བར་བྱ་སྟེ། ཐང་བུ་དང། རི་ངོས་དང། ཞིང་དང། མཚོ་འབྲམ་དང། དེ་དག་ཏུ་ས་བོན་ཐོབ་ཅིག་དང། ས་དམའ་བ་དང། ཧ་ཅང་ཆུ་ཆེ ་བའི་ས་དང། འདམ་རྫབ་ཅན་དུ་བཏབ་བ་ནི་མ་རུངས་བར་འགྱུར་རོ། །ཚུལ་དེ་ལྟ་བུར་ས་གཡོས་བ་ནི་བཀྲ་ཤིས་ཏེ་ཆུའི་ས་གཡོས་བ་ཞེས་བྱའོ། །ཡང་བ་གཡོས་པའི་རྗེས་ལ་ཞག་བདུན་ཚུན་ཆད་དུ་རླུང་དྲག་པོ་ལངས་ལ་ནད་བར་དང་ནུབ་ཀར་ཉི་མ་དང་ཟླ་བ་དམན ་སེར་དུ་སྣང་བ་དེ་ལྟ་བུའི་ཆ་ཚན་མ་སྣང་བར་མཐོང་ན། དེ་ནི་རླུང་གིས་ས་གཡོས་བ་ཞེས་བྱ་སྟེ། དེའི་?་གནོད་ཀྱི་འབྲས་བུ་བསྟན་བ་ཉོན་ཅིག་།དེའི་ཚེ་ཤེས་རབ་ཅན་དག་གང་ཡང་མི་འགྲོ་བར་?་འདུག་ལ ་མཚོན་ཆ་སྐྱབས་བའི་གཅན་བརྩིག་བ་དང། འོབས་རྐ་བགྱི་པ་ཤིག་།རྒྱལ་པོ་པ་རོལ་པོ་དང་མཆམས་ཅིག་ཏུ་འདུག་བ་དང་རྩོད་བར་གྱུར་ཏེ། སྐྱེ་བོ་འཇིགས་པ་འབྱུང་བར་འགྱུར་རོ། །དེ་ལྟར་ས་གཡོས་པ་ཐམས་ཅད་ནི་ལྷག་པར་མི་རྣམས་ལ་གནོད་བ ་འབྱུང་བར་བསྒྲགས་ཏེ། དེ་ལྟ་བུའི་རླུང་གིས་ས་གཡོས་བ་ཞེས་བྱའོ། །ཡང་ས་གཡོས་བའི་རྗེས་ལ་ཞག་ད་དུ་ན་ཚུན་ཆད་དུ་དེའི་སྐྱར་མདའ་ཤིན་ཏུ་དྲག་པོ་ལྟུང་བ་དང། ནང་ནུབ་ཀྱི་ཚོ་དམར་བོར་གྱུར་ལ། ཉི་མ་དང་ཟླ་བ་ལ་དང་དམར་བོར་སྣད་?་ཚུལ ་དེ་ལྟར་མཐོང་ན་དེ་ནི་མའི་ས་གཡོས་བ་ཞེས་བྱ་སྟེ། ཁྱིམ་རྣམས་སྲུངས་ཀྱང་།མེས་འཚིག་བར་འགྱུར། དུ་བ་དང་མེ་དང། མཚོན་རབ་ཏུ་འབྱུང་བར་འགྱུར། ཟླ་བ་གུར་ཆར་མི་འབབ་སྟེ། ཞིང་ཐ་བར་ལྟས་བར་འགྱུར། དེ་ལྟར་ས་གཡོས་བ་ནི་བན ་ཅད་མི་དགེ་སྟེ། མེའི་ས་གཡོས་པ་ཞེས་བྱའོ།། དེ་ལྟར་སྔ་དྲོས་གཡོས་ན་རྒྱལ་པོ་དང། དམག་གི་དབུང་དང་ལྡན་པ། རྟ་དང་གླད་པོ་ཆེ་དང། དམག་དབལ་དང། བློན་བོར་བཅས་བ་ལ་མི་དགེའོ། །ཉི་མ་གུང་ལས་གཡས་ན་ནད་བྱིས་འདེབས ་སོ་ཕྱེ་མ་རོང་ལས་གཡོས་ན་བ་ལང་དང། ཕྱུགས་དང། དམངས་རིགས་དང། དེ་བཞིན་དུ་རྗེའུ་རིགས་རྣམས་ལག་གནོད་བར་འགྱུར། དུ་བ་དང་མེ་དང། མཚོན་རབ་ཏུ་འབྱུང་བར་འགྱུར། ཟླ་བ་དགུར་ཆར་མི་འབབ་སེ། ཞིང་ཐ་བར་ལྟས་བར་འགྱུར། དེ་ལྟར་ས་གཡོས་བ་ནི་བན ་ཅིང་མི་དགེ་སྟེ། མེའི་ས་གཡོས་པ་ཞེས་བྱའོ།། དེ་ལྟར་སྔ་དྲོས་གཡོས་ན་རྒྱལ་པོ་དང། དམག་གི་དབུང་དང་ལྡན་པ། རྟ་དང་གླད་པོ་ཆེ་དང། དམག་དབལ་དང། བློན་བོར་བཅས་བ་ལ་མི་དགེའོ། །ཉི་མ་གུང་ལས་གཡོས་ན་ནད་བྱིས་འདེབས ་སོ་ཕྱེམ?་རོང་ལས་གཡོས་ན་བ་ལང་དང། ཕྱུགས་དང། དམངས་རིགས་དང། དེ་བཞིན་དུ་རྗེའུ་རིགས་རྣམས་ལ་གནོད་བར་འགྱུར་།ད་དབང་དང་ཉི་མ་ནུབ་བ་དང། ནམ་གྱི་གུང་དུས་མཚམས་སུ་ས་གཡོས་ན་རྐུན་བོ་དང་།གོས་དམར་པོ་གྱོན? ་པའི་མི་རྣམས་ལ་མི་དགའ་ཨོ། །མཚན་མོ་སྲོད་ལས་གཡོས་ན་གནོད་བ་བྱེད་བ་དང། མཛའ་འཁོབ་ན་གནས་བའི་རྐུན་པོ་རྣམས་དང། མ་ནིང་རྣམས་དང། མཚན་འགྱུར་བ་རྣམས་དང། ཕྱུག་བོ་རྣམས་དང། ཚོང་སྤོགས་བྱེད་བའི་ཚོར་བ་དང ་ཞིང་ཚང་བ་ལ་མི་དགེའོ། །ཟླ་བ་མར་གྱི་ངོའི་ནམ་ཆུང་ལ་ས་གཡོས་ན་གཏུམ་པོ་དག་ཤུལ་ཅན་དན་བྱེད་བ་རྣམས་ལ་མི་དགེའོ`་།ཟླ་བ་ཡང་གྱི་དེའི་ནམ་ཆུང་ལ་ས་གཡོས་ན་ཆོས་སྦྱིན་བྱེད་བའི་ཡོ་བྱད་དང། བྲམ་ཟེ་མཆོད་སྦྱིན་བྱེད་བ་རྣམས་ལ་གནོད་བར ་འགྱུར་རོ། །ས་གཡོས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་བཞི་བའོ།། །།ཉི་མ་དང་ཟླ་བའི་འདི་དང་གཟུགས་བརྙན་གྱི་མཚན་མ་བསྟན་བ་ཡུལ་གང་དུ་ཉི་མ་ཤར་བའི་ཚེ། ཉི་མ་འདྲ་བར་ནམ་མཁའ་ལ་སྣད་ན་དེའི་ལྷོ་བྱ་དག་ཕྱོགས་ཀུན་ཏུ་ཉི་མའི་དཀྱིལ ་འཁོར་གྱི་གཟུགས་རབ་ཏུ་གསལ་བར་ཡང་མ་ཡིན། འོད་ཟེར་ཡང་མི་གསལ་ལ། སྤྲིན་གྱིས་གནས་ཀུན་སོད་ན་དེ་ནི་ཆར་བ་འབབ་པ་ཡིན་ཏེ་།དབྱར་གྱི་ཚེ་ནི་ཉི་མ་འདྲ་བ་རྟག་བར་ཡང་འབྱུང་ངོ། །དུས་འདི་མ་ཡིན་བ་དུས་གཞན་གྱི་ཚེ་ཉི་མ་འདྲ་བ་སྣང ་ན་འཇིགས་པ་འབྱུང་བར་འགྱུར་རོ། །ཡུལ་གང་དུ་ཉི་མ་འདྲ་བ་དཀར་བོ་ཤར་ན་ཡུལ་དང་བྲམ་ཟེ་རྣམས་ལ་མི་རུང་ངོ། །ཉི་མ་འདྲ་བའི་ཁ་དོག་དམར་པོར་ཤར་ན་རྒྱལ་རིགས་རྣམས་དང་།མཚོན་ཆ་ཐོགས་བས་འཚོ་བ་ལ་གནོད་བར་ཤེས་བར་བྱའོ།། ་ཉི་མ་འདྲ་བ་ཁ་དོག་སེར་བོའམ་ཁ་དོག་སྔོན་བོར་གྱུར་ན་རྗེའུ་རིགས་རྣམས་དང། བ་ལང་དང། ཕྱུགས་ཀྱི་འཚོ་བའི་མི་རྣམས་ལ་གནོད་བར་ཤེས་པར་བྱའོ། །གལ་ཏེ་ཡུལ་གང་དང་གང་དུ་ཉི་མ་འདྲ་བ་ཁ་དོག་ནག་བོར་ཤར་?་དམངས་རིགས་རྣམ? ་ལ་གནོད་བ་དང་ཆར་བ་ཆེར་འགྱུར་རོ། །གལ་ཏེ་ཉི་མའི་གཡས་རོལ་ཏུ་ཉི་མ་འདྲ་བ་བྱུང་ན་ལྷོ་ཕྱོགས་སུ་འཇིགས་པ་ཆེར་འབྱུང། ཞག་བདུན་?་ཆར་འཚོར་འབབ་པར་བཤད་དོ། །ཉི་མའི་བྱང་ཕྱོགས་ན་ཉི་མ་འདྲ་བ་ཁ་དོག་དཀར་བོར་སྣང་བ་བྱུང་ན་དེ ་ནི་བྱང་ཕྱོགས་ཀྱི་རྒྱལ་བོ་ལ་འཇིགས་བ་ཆེར་འབྱུང། ཆར་མི་འབབ། མུ་གེ་འབྱུང། ཕན་ཚུན་དུ་འཐོབ་བར་འགྱུར། །གལ་ཏེ་ཡུལ་གང་དུ་ཉི་མའི་དཀྱིལ་འཁོར་དམར་བར་སྣང་ན་བཙོང་ཀྱེ་ཁ་དོག་ལྟར་དམར་ལ། གལ་ཏེ་སྤེན་བོ་ཟླུམ་བོར་ཡང་སྣང་ན་ཟླ ་བ་ལྡན་རྒྱལ་བོ་འཆི་བར་འགྱུར་རོ། །ད་ལྟ་བུ་བྱུང་ན་དེའི་རྗེས་ལ་ལྟས་ངན་དྲག་བོ་འབྱུང་སྟེ། རྒྱལ་པོ་འཐབ་ཅིང་གསོད་བ་དང། ཁྲག་དང་མཁྲིས་བའི་ནད་རྣམས་ཀྱང་འབྱུང་བར་འགྱུར་རོ། །ནམ་ཉི་མའི་དཀྱིལ་འཁོར་གྱི ་ནང་ན། མེ་སྐྱེས་བའི་གཟུགས་འདྲ་བ་གོང་དང་བཅས་པ་གསལ་བར་སྣང་ནི་ཟླ་བ་བཞི་ཚུན་ཆད་དུ་རྒྱལ་བོ་འཆི་བར་འགྱུར་རོ། །ཡུལ་དེར་རྒྱལ་པོ་སྡེ་དང་བཅས་ཏེ་མ་རུངས་བར་འགྱུར་རོ། །ཉི་མའི་དཀྱིལ་འཁོར་གྱི་ནང་ན་ཞབས་བ་སྔོན་པོ་དང་།སེར ་པོ་དང་དམར་པོ་ཤར་བ་ནམ་སྣང་བའི་ཚེ་ཟླ་བ་བཞིན་མིའི་དབང་བོ་མ་རུངས་བར་འགྱུར། ཡུལ་མི་ནད་ཀྱང་འབྱུང་སྟེ། འཇིགས་བ་ཆེན་པོར་ཤེས་བར་བྱའོ། །ནམ་ཉི་མའི་དཀྱིལ་འཁོར་ལ་རལ་གྲི་གྱེན་དུ་འགྲེང་བ་ཨུཏཔ་ལ་སྔོན་པོའི་འདབ་མ་དང ་འདྲ་བ་ཆང་ཟུངས་དང་བཅས་བ་གསལ་བར་སྣང་བ་དང། གོང་དུ་ཞུགས་བར་སྣང་བ་དེ་ཉིད་ཀྱིས་འབྲས་བུ་ཡང་འདིར་བསྟན་ཏེ། ཁྱད་པར་དུ་ནི་མང་བོ་མཚོན་གྱིས་འཆི་བར་འགྱུར་རོ། །ཉི་མའི་དཀྱིལ་འཁོར་གྱི་ནང་ན་རིལ་བ་སྤྱི་བླུགས་ལྟ་བཱུམ། ་རེང་རེང་བོའམ་ཕུབ་ལྟ་བུ་སྣང་ན་ཟླ་བ་གསུམ་ཚུན་ཆད་དུ་བྲམ་ཟེ་རྣམས་དང། རྒྱལ་པོ་ལ་ཡང་གནོད་བ་འབྱུང་བར་སྟོན་ཏོ། །དེའི་ཚེ་ལོ་མ་རུངས་བར་འགྱུར་བའི་ཆར་མོ་ཆེ་འབབ་པ་དང། མུ་གེ་འབྱུང་བར་འགྱུར་རོ། །ཉི་མའི་དཀྱིལ་འཁོར་གྱི་ནང་ན ་གསིལ་ཡབ་འདྲ་བ་དང། ཡང་ན་སྦྲུལ་འདྲ་བ་སྣང་ན་ཟླ་བ་གསུམ་ན་ཡུལ་དུ་འཇིགས་བ་དྲག་པོ་འབྱུང་བར་སྟོན། མི་སྤྲུལ་གྱིས་ཟིན་པ་རྣམས་དང། སྤྲུལ་གྱི་དུག་གིས་ཕེག་པས་ནི་འཚོ་བར་འགྱུར་རོ། །ཉི་མའི་དཀྱིལ་འཁོར་གྱི་ནང་ན་།གལ་ཏེ ་བྱ་རོག་ལྟ་བུ་སྣང་དམ་འོན་ཏེ་བྱ་སྣང་ནི་བྲམ་ཟེ་རྣམས་དང། རྒྱལ་པོ་ལ་གནོད་པ་ཟླ་བ་ཕྱེད་དང་གསུམ་ན་འབྱུང་བར་འགྱུར་རོ། །ཡང་ཉི་མའི་ནང་ན་བྱ་རྒོད་ཀྱི་གཟུགས་དང། གཅན་ཟན་སྨྲི?་གོམ་ཏི་ཀའི་གཟུགས་ལྟ་བུ་སྣང་ན་ཟླ་བ་ཕྱེད་དང་གཉིས ་ན་གནོད་བ་འབྱུང་ངོ། །ལྦའི་གཟུགས་ལྟ་བུ་སྣང་ན་ཟླ་བ་ཅིག་ན་གནོད་བ་འབྱུང་ངོ། །ལུང་བོང་གི་གཟུགས་ལྟ་བུ་སྣ་བ་ན་ཞག་བཅུ་ན་གནོད་བ་འབྱུང་ངོ། །ཡང་ཉི་མའི་དཀྱིལ་འཁོར་གྱི་ནང་དུ་དབྱུག་བ་ལྟ་བཱུམ། གཏན་བ་སྦོམ་པོ་ལྟ་བུ་ཉི་མའི་ནང་ན་སྣང་ན ་རྒྱལ་བོ་ཕན་ཚུན་གཅིག་བས་གཅིག་སྲིད་ཆེ་བས་སྙོམས་པ་དང། རྒྱ་མཚོ་བཞི་ལ་དབང་བའི་མིའི་དབང་བོ་དེ་ལྟ་བུ་ལ་མི་དགེ་སྟེ་།འཇིགས་བ་མངོན་དུ་འབྱུང་བར་འགྱུར་རོ། །དེ་ལྟར་ལྟས་ངན་གྱི་འབྲས་བུ་འབྱུང་བའི་དུས་ངེས་པར་བསྟན་བ་ལས་དུས ་དེར་གཅོད་པ་མ་བྱུང་སྟེ་མི་སྣང་ན་དེ་ནི་ལོ་ཅིག་ན་འབྲས་བུ་སུམ་འགྱུར་དུ་སྐྱེ་སྟེ། གནོད་པ་འབྱུང་བ་སྟོན་ཏོ། །ཟླ་བ་དུམ་བུར་ལྟགས་སམ། མདོག་གྱུར་ཏམ་།གསོ་བ་དང་ཟླ་བའི་གཟུགས་ཆེན་བོར་གྱུར་ཏམ་།འཕྲོ་བ་དང། རབ་ཏུ་གཡོ་བ་དང་།ཟླ ་བ་ཚེས་པའི་?་མི་གསོལ་བ་འདི་རྣམས་ལྟར་སྣང་ན། སྐྱེ་བོ་ལ་འཇིགས་བ་འབྱུང་བའམ་སྐྱེ་བོ་ལས་འཇིགས་བ་འབྱུང་བར་འགྱུར་རོ། ཟླ་བ་དེ་ལ་གཟའ་རྐྱང་གིས་ཐམས་ཅད་ཟིན་ན་ཡང་སྐྱེ་བོ་ལ་འཇིགས་པ་འབྱུང་བར་བཤད་དོ། །ཚུལ་འདི་དང་འདྲ་བར ་མདོག་ཏུ་སྣང་བ་དང། ཟླ་བའི་མདོག་མི་གསལ་བར་སྣང་ན་མིག་ནད་ཀྱིས་འཇིགས་བ་འབྱུང་བ་དང། མཚན་གྱིས་འགྱེད་པ་དང། ནད་ཀྱིས་འཇིགས་པ་འབྱུང་བ་དང། གཞན་ཡང་གནོད་བ་འབྱུང་བར་འགྱུར་རོ། །ཡང་ཟླ་བའི་མདོག་དར་ལ་སྣུམ ་ཞིང་གསལ་བར་སྣད་ན་ཕྱོགས་སུ་བདེ་བ་དང་ཚོར་ཆེ་དང་ཞི་བར་འགྱུར་རོ། །དེ་ལྟར་ཟླ་བ་འགྲོ་བ་དང། བྱ་བ་དང། གནས་དང། ཟླ་བའི་?་དང་།མདོག་གྱུར་པ་དང། ཚུལ་དང། ཟླ་བ་རྒྱུ་བ་ཡང་སེམས་ཅན་གྱི་བསོད་ནམས་མ་ཡིན་བ་བྱས་པའི་འབྲས་བུ་? ་དང། མཚོན་ཀར་འགྱེད་པ་དང། འཆི་བ་དང་ཚེགས་འབྱུང་བའི་གནོད་པ་འབྱུང་བར་སྟོན་ཏོ། །མཚན་མོ་ཟླ་བ་ཚེས་པ་ནས་གཟའ་རྣམས་ཀྱིས་ཟླ་བའི་སྟེང་ན་ཕར་ཐལ་ལེ་སོང་ན་དེ་རྣམས་ཀྱི་གནོད་དབང་དམིགS ་སོ་སོར་བསྟན་ཏོ། །སྤྱིར་ནི་རྒྱལ་པོ་དང། མི་དམ་པ་མ་རུངས་པར་འགྱུར། ཆར་པ་ཧ་ཅང་ཆེ་བ་དང། བླ་མ་མ་རུངས་པར་འགྱུར་བ་དང། རྒྱལ་སྲིད་མ་རུངས་པར་སྤྱིར་སྟོན་ཏོ། །ཟླ་བའི་སྟེང་ན་བ་ལྦ་སངས་གྱིས་མནན་ཏེ་སོང་ན་རྒྱལ་པོའམ ་མ་རུངས་པར་འགྱུར་རོ། །ཟླ་བའི་ཐོག་ནས་མིག་དམར་དང་སྤེན་པས་ནོན་ཏེ་སོང་ན་བཀྲེས་བའི་འཇིགས་པ་དང། ཁོ་ན་དྲག་ཤུལ་ཅན་དུ་འབྱུང་བ་དང། རབ་ཏུ་འཇིགས་པ་འབྱུང་བར་འགྱུར་རོ། །ཟླ་བ་ལ་ཕོད་མཇུག་རིང་གིས་ནོན་ཏེ་སོང་ན ་མུ་གེ་དང་མཚོན་གྱིས་ས་གྱེད་པར་སྟོན་ཏོ། །ཟླ་བ་ལ་གཟའ་ལྷག་གིས་ནོན་ཏེ་སོང་ན་ལོ་ལེགས་པ་དང་བདེ་བར་འགྱུར་རོ། །དེ་ལྟར་ཟླ་བའི་སྟེང་ན་ཕར་གཟའ་རྣམས་ཀྱིས་ནོན་ཅིང་ཕུག་སྟེ་སོང་བའི་འབྲས་བུ་དེ་ལྟར་བསྟན་པ་ཡིན་ནོ། །གཟའ་རྣམS ་ཀྱིས་ཟླ་བ་ཕུག་སྟེ་སོང་བ་དེའི་འབྲས་བུ་ནི་ཟླ་བ་གཟས་ཕུག་པ་ལས་ཟླ་བའི་གཟུགས་ཆེར་སྐྱེས་ལ་འོང་ལྷག་པར་ཆེ་ན་དེ་ནི་རྒྱལ་བ་ཞེས་པའོ། །གལ་ཏེ་ཕམ་པར་གྱུར་ན་མཐུ་རྩལ་བྲི་བ་ན་ཟླ་བ་འདར་ཅིང་གཡོན་ཕམ་བ་ཞེས་བྱའོ། །དེ་ལ་པ ་ལྦ་སངས་ཀྱིས་ཕུག་སྟེ་ཡུལ་མཉྩ་དང། ཡུལ་བཉྩ་ལ་དང། ཡུལ་མ་ག་དྷ་དང། ཡུལ་དམ་དྲ་དང། ཡུལ་ཀུ་པེར་དང། མར་གྱི་ཡུལ་དང། ཡུལ་སར་ག་དང། ཡུལ་ཁ་ཤ་དང། ཡུལ་བུ་ལིནྫ་དང་།ཡུལ་ཀེ་ཀ་ལ་དང ་ཁ་ཆེ་ཡུལ་དང། པར་སིག་གི་ཡུལ་དང། རི་ཁྲོད་ན་གནས་པ་རྣམས་དང། བུད་མེད་རྒྱལ་པོ་བྱེད་པའི་ཡུལ་དང། ཡུལ་ཨུ་པ་ཏྲི་ཏྲ་དང། ཡུལ་ཨི་ག་དང། ཡུལ་ཨུ་རུ་ཀུ་ར་ནི་དང། ཡུལ་སུ་ཤི་ན་ར་དང། ཡུལ་བུ་རུ་ཥ་དང། ?? ་ཧ་དང། བལ་ཡུལ་དང། བ་ལང་རྫི་ལ་སོགས་པ་རྣམས་དང། ཧཡུལ་པྲ་ཏ་ན་དང། ཡུལ་སྟ་ལ་ལྷན་དང། བཅུ་ལ་གནས་པའི་མི་རྣམས་དང། གངས་རིའི་ལྷོ་ཕྱོགས་ལ་གནས་པའི་མི་རྣམས་ལ་ཟླ་བ་བདུན་ཚུན་ཆད་ཀྱིས་གཉེན་དང་བཅས་པ་རྣམས ་མ་རུངས་བར་འགྱུར་བ་འབྱུང་བར་འགྱུར་རོ། །ནམ་ཟླ་བ་འོད་གསལ་བ་ལ་ཕུར་བུ་ཕོག་སྟེ་སོང་ན། ཡུལ་བས་ཏ་དང། ཡུལ་སིན་དྷ་དང། ཡུལ་གནད་ར་དང། རི་ཁྲོད་ན་གནས་པའི་མི་རྣམས་དང། གང་ལེའི་ཡུལ་དང། སོག་ལེའུ་ཡུལ་གྱི་ལུང ་བའི་ལྗོངས་རི་ཁྲོད་པ་བརྒྱ་སྟོང་རྙེད་དང། ཁ་ཆེ་ཡུལ་གྱི་མི་ལ་ཟླ་བ་བཅུ་ཚུན་ཆད་ཀྱིས་གནང་བ་ཐེ་ཚོམ་མེད་པར་འགྱུར་རོ། །ནམ་ཟླ་བའི་འོད་གསལ་བལ་ཕུར་བུ་ཕོག་ན་རྒྱལ་པོ་ཡུལ་གཞན་དུ་འགྲ་བའམ་རྒྱལ་སྲིད་བྱ་བར་རྩོམ་པའམ་།རྒྱལ་སྲིད་བྱེད་བར་ཞུགས ་པ་ལམ་རུངས་བར་འགྱུར་རོ། །བཞོན་པའི་རྟ་རྣམས་ཟད་པར་འགྱུར་རོ། །ཕན་ཚུན་དུ་བྱ་ཞིང་གནོད་པ་དང། དུག་དང་མཚོན་མང་པོས་རུངས་པར་འགྱུར། ཡུལ་ཨ་ཡོ་དང། ཡུལ་སུ་ལེན་དང། ཡུལ་ཀ་ལི་ཀའི་རྒྱལ་པོ་རྣམས་དང། ཡུལ་བུ་རི་དང། ་ཡུལ་ཤགཏི?་ཏི་མི་ཏིའི་སྐྱེ་བོ་རྣམས་མ་རུངས་བར་འགྱུར། ཡུལ་དྲེ་གར་རྟ་དང། ཡུལ་མ་ལ་ཡ་བ་དང། ཡུལ་ཀུ་ར་དང། ཡུལ་ཏཏྩ་ར་དང། ཡུལ་ཤི་བ་ཡའི་མི་རྣམས་དང། དམག་དཔོན་རྣམས་དང། མིའི་ཚོགས་རྣམས་དང་།དམག ་གི་ཆོ་གས་རྣམས་དང`་དབུང་དང་ལྡན་པའི་དུས་དང། དང་ཚུལ་ལ་སོག་སྤ་དང་ལྡན་བའི་མི་རྣམས་དང་།ཡུལ་ལྷོ་ཕྱོགས་ན་གནས་ཤིང་བརྟེན་པའི་མི་རྣམས་ལ་ཟླ་བ་དྲུག་གིས་འཇིགས་པ་འབྱུང་བར་སྟོན་ཏོ། །ནམ་ཟླ་བ་གཟའ་སྤེན་པས་ཕུག ་སྟེ་སོང་ན་བྲམ་ཟེ་གཙོ་བོ་དང་རྒྱལ་པོ་གདུགས་ཐོགས་པ་འཐབ་མོའི་གཡུལ་དུ་འཇུག་།འཐབ་པར་བྱེད། བློན་བོ་དང་བཅས། སྡེའི་གཙོ་བོ་དཔོན་ཚན་རྣམས་འཐབ་པར་འགྱུར། གྲོང་བརྡལ་དང། ཚོང་བ་ལམ་དུ་ཞུགས་པ་དང། ཡུལ་ཨ་ཙུ་ཏའི་ཅི་དང་ ་ཡུལ་གོའུ་སའི་མི་དང། ཡུལ་ཨ་བི་ཤ་ཧའི་མི་དང། ཡུལ་ག་ཤུད་དྲའི་མ་དང། ཡུལ་མལ་བ་དང། ཡུལ་ཨ་བིར་དང་།མྱ་ངན་རྣམས་དང། ཡུལ་མང་པ་རྣམས་དང། བ་ལང་དང། བོང་གུ?་དང་།རྔ ་མོ་དང། འདི་རྣམས་རྒྱལ་མཆན་དུ་བྱེད་པའི་རྣམས་མ་རུངས་པ་དང། ཡུལ་རུས་པ་ཅན་དུ་འགྱུར་རོ། །ཡུལ་དེ་རྣམས་ཀྱི་མི་ལ་ཟླ་བ་བཅུ་བཞི་ན་སྡིག་པ་ཞི་བ་དང་ལྡན་པ་ཡིན་ནོ། །ནམ་གཟའ་ལྷག་གིས་ཟླ་བ་ཕུག་ན་ལོ་ལེཌ་ནད་མེད། ཆར ་པ་ལེགས་པར་འབབ་སྐྱེ་བོ་ལ་གནོད་པ་མེད་ཅིང་བདེ་བ་དང་ཞི་བར་འགྱུར་རོ། །ཟླ་བ་ལ་ཕོད་མཇུག་རིངས་ཀྱིས་ཕུག་སྟེ་སོང་ན། གལ་ཏེ་སྐར་ཐོད་ལས་དུད་པ་འཐུལ་ན་མི་དཔའ་བོ་དང། མཚོན་གྱིས་འཚོ་བ་རྣམས་དང་།ཆོམ་རྐུན་བྱེད་བའི ་མི་རྣམས་གཞན་གྱིས་མཐུ་རྩལ་དང། གནོད་པ་དང། དྲག་ཤུལ་གྱིས་འཆི་བར་འགྱུར་རོ། །ཡང་གལ་ཏེ་ཟླ་བ་རེ་ལ་གཟའ་གཞན་གྱིས་འབུགས་ཤིང་ཟླ་བའི་ངོས་ལ་འདུད་ཅིང་རེག་པར་སོང་ན་མཚོན་གྱིས་གནོད་པ་སྣ་ཚོགས་མང་པོ་འབྱུང ་ངོ། །གལ་ཏེ་ཟླ་བའི་ནང་དུ་གཟའ་རྣམས་སོང་སྟེ་ནུབ་ན་རྒྱལ་པོ་འཆི་བ་དང། ལུས་དང་ནོར་ཡང་མ་རུང་བར་འགྱུར་རོ། །ཡང་བརྩས་པའི་བླ་སྐར་གྱི་ནང་དུ་གཟའ་སྦྱང་ཀི་ཞུགས་པའམ་།ཟླ་བ་ལ་གཟའ་སྦྱང་གི་ཞུགས་ལ་སྐར་མདའ་ཟླ་བ་ལ ་ཕོག་ན་རྒྱལ་པོ་འཆིའོ། །ཟླ་བ་དང་གཟའ་གཉིས་ཀྱི་འོད་ཟེར་ཕྲད་པ་དང། གཟའ་ཟླ་བའི་ཐོག་ན་ཕར་ནོན་ཏེ་རེག་པར་སོང་ན་གསར་དུ་ཞུགས་པས་སྔ་ན་གནས་པ་རྣམས་ཕམ་པར་བྱེད་པ་དང། རྒྱལ་པོས་སྐྱེ་བོ་རྣམས་འཇོམས་ཤིང ་ཟ་བར་འགྱུར་རོ། །ཟླ་བ་མེ་ཏོག་པདྨ་དང་ཨུ་མུ་དྲང་འདྲ། ཚེས་གྲངས་བཞིན་དུ་ཟླ་བ་སྐྱེ་ཞིང་ཤས་ཆེ་བར་སྣང་ན། དཀྱིལ་འཁོར་འོད་ཟེར་ལྡན་དེ་ཉམས་པ་མེད་པར་འགྲོ་བ་ཡིན་ནོ། །དེ་ལྟར་འོད་ཟེར་བསིལ་ལྡན་མི་རྣམས་རྒྱལ་བར་འགྱུར། ་ཟླ་བ་འཆར་ཞིང་འགྲོ་བ་བཤད་པའོ། །རྒྱུ་སྐར་དང། རྒྱུ་སྐར་གྱི་ཁྱིམ་གྱི་ནང་དུ་གཟའ་མིག་དམར་ཞུགས་པའི་མཚན་མ་བསྟན་པ། རྒྱུ་སྐར་གྱི་ཁྱིམ་གང་ཡང་རུང་བའི་ནང་གཟའ་མིག་དམར་འོད་ཀྱི་མདོག་འཇམ་པ་དང་ལྡན་ཞིང་ཆེན་པོར་གྱུར་ཏེ། ཟླ་བ ་བརྒྱད་དམ་བདུན་གྱི་བར་དུ་ཞུགས་ཤིང་འདུག་པ་ལས་འོད་ཀྱི་ཁ་དོག་དང། བོང་ཆེ་བ་ཉམས་ན་དེ་ནི་མི་དགེ་བ་ཡིན་ཏེ། རྒྱ་སྐར་གང་དང་གང་གི་ནང་དུ་གཟའ་མིག་དམར་ཞུགས་པ་དེ་ཉིད་ལ་གནོད་པར་འགྱུར་རོ། །གཟའ་མིག་དམར་ཚུལ་དེ་ལྟ་བུར ་ཞུགས་པ་ནི་སྐྱེ་བོ་རྣམས་ལ་གནོད་པར་འགྱུར་རོ། །ཡང་གཟའ་མིག་དམར་ཡོན་པོར་འགྲོ་ཞིང་འཇུག་པ་དང། ཕྱིར་ཡང་འཁོར་ཞིང་ཞུགས་པ་དང། མིག་དམར་གྱི་འོད་དང། མདོག་ཉམས་པ་དང། གཟའ་མིག་དམར་རྒྱུ་སྐར་དང་ཉི་ཞིང་འོད ་འདྲེས་པ་དང། མིག་དམར་ལས་དུད་པ་འཐུལ་བ་དང། འབར་བ་དང། མིག་དམར་གྱི་རྩེ་མོ་ལས་འོད་ཟེར་དང་ལྡན་པར་གྱུར་བ་དང། ཕན་ཚུན་དུ་འཕོ་ཞང་འགྲོ་བ་འམ། ལམ་གཅིག་ཏུ་འདུག་ལ་འོད་དམར་པོ་འམ། །ཡང་ན་དུད་པ་མི་སྡུག་པ་ཆེར ་འབྲུལ་ན་གནོད་པ་བྱེད་འདོད་དེ། དེ་ནི་རྒྱལ་པོ་འཆི་བར་འགྱུར་རོ། །ཡང་ན་གཟའ་མིག་དམར་འོད་དམར་པ་འབར་ན་འབྱུང་པོ་ཐམས་ཅད་ལ་མི་རུང་བར་འགྱུར་རོ། །ཡང་ན་གཟའ་མི་དམར་ནམ་མཁའ་ལ་རྒྱ་ཞིང་ཤར་ནུབ་ལྟས་མི་སྣང་བར་འགྲོན། ? ་རིགས་བཞི་རྣམས་འཇིགས་པར་འགྱུར། གང་དང་གང་གི་རྒྱུ་སྒར་ནང་དུ་ཞུགས་སུ་དེ་ལྟར་མི་སྣང་ན་མི་དེ་དག་ལ་གནོད་པར་འགྱུར་རོ། །ནམ་གཟའ་མིག་དམར་རྒྱུ་སྐར་དང་སྐར་མ་ཀུན་གྱི་ནང་དུ་འོད་ཀྱི་མདོག་བཟང་བོར་སྣང་ན་།མི་རིགས་བཞི་ཐམས་ཅད་ལ ་ཕན་པར་འགྱུར་རོ། །མིག་དམར་གྱི་མདོག་དང་འོད་ཉམས་ན་དགེ་སྟེ་ངན་པར་ལའོ། །ཡང་གཟའ་མིག་དམར་ཡོན་པོར་འགྲོ་ཞིང་ཚ་བ་ཞེས་བྱ་བ་དང། གདོང་?་ཅན་ཞེས་བྱ་བ་དང་།སྤྲུལ་ཞེས་བྱ་བ་དང། གདོང་དམར་པོ་ཞེས་བྱ་བ་དང། མིག ་དམར་ཡོན་པོར་འགྲོ་བ་དྲག་ཤུལ་ཅན་ཞེས་བྱ་བ་དང། དེ་བཞིན་དུ་གཏུན་བུ་ཞེས་བྱ་བ་དང། མིག་དམར་ཤར་བ་རྒྱུ་སྐར་བདུན་གྱི་ནང་དུ་ཞུགས་པ་དང། ཡང་ན་རྒྱུ་སྐར་དགུ་འམ་ཡང་ན་རྒྱུ་སྐར་བརྒྱད་ཀྱི་ནང་དུ་ཞུགས་པ ་ལས་ཕྱིར་ལོག་ན་དེ་ནི་ཡོན་པོ་ཆང་བ་ཞེས་བྱའོ། །མིག་དམར་དེ་ལྟར་ཞུགས་པ་ལ། དེའི་ཚེ་ཁ་དོག་གི་ཐད་ཀ་འམ། ནགས་ཚལ་གྱི་ཏོར་ཏོའི་ཐད་ཀ་ནས། མིག་དམར་རྟག་རུ་རྒྱལ་བ་བཞིན་དུ་འདུག་ལ། ནག་པོ་རེང་རེང་པོ་ཞིག་ཏུ་གྱུར་ན་རིགས ་ནང་ཀྱང་འབྱུང། རབ་ཏུ་དགའ་བ་མེད་པར་བྱེད། གང་དག་མེའི་ལས་ཀྱིས་འཚོ་ཞིང་གཙོ་བོ་དང། སྲེག་པར་བྱེད་པ་དེ་དག་ཀྱང་མེ་ཤོར་ཞིང་ཐོར་བས་སྐྱེ་བཟང་བར་འགྱུར་རོ། །རྒྱུ་སྐར་བཅུ་གཅིག་གམ་ཡང་ན་རྒྱུ་སྐར་བཅཱུམ། ཡང་ནི་བཅུ་གཉིས་ཀྱི ་ནང་དུ་ཞུགས་ཏེ་འདུག་ན་དེ་ནི་གཟའ་དྲག་པོ་ཡོན་པོར་ཞུགས་པ་གདོང་མཆིས་ཞེས་བྱ་སྟེ། གཟའ་དེ་ལྟར་ཞུགས་པ་ནི་སྦྲིན་དུ་ཆར་བ་འབབ་སྟེ། ཆར་ལེགས་པར་འབབ་ཀྱང་གཞན་གྱིས་གནོད་པ་བྱས་པས་ཕན་པར་མི་འགྱུར། མིའི་ལུས་ཀྱིས་ག? ་གཟུངས་ལྔ་ཡང་ནང་ཅན་དུ་གྱུར་བས་དེའི་ཕྱིར་ན་ནད་མང་པོ་འབྱུང་བས་མི་ཀུན་རིང་ཅིང་སྐམ་པ་དང། འཇིག་རྟེན་དུ་མི་རྣམས་ལ་ནད་མང་པོ་འབྱུང་བར་འགྱུར། །རྒྱུ་སྐར་བཅུ་གསུམ་མམ་ཡང་ན་རྒྱུ་སྐར་བཅུའི་ནང་དུ་གཟའ་མིག་དམར་ཞུགས་པ ་ལས་སླར་ལོག་ན་དེ་ནི་ཡོན་པ་སྦྲུལ་ཞེས་བྱ་སྟེ། གླང་པོ་ཆེན་རྣམས། སྦྲུལ་པ་ཆ་དང། སྦྲུལ་རྣམས་ཀྱིས་གནོད་པ་བྱེད་པར་འགྱུར། མཚན་གྱིས་རྨས་པ་རྣམས་མི་འཚོ། །སྨན་དང་འབྲས་བུ་རྣམས་དང། ལྡུམ་བུ་རྣམས་ལེགས་པར་སྨིན་ཅིང ་འཁྲུང་བར་འགྱུར། ཡང་ཆར་སྙོམས་པར་འབབ། ས་བོན་ཐམས་ཅད་རབ་ཏུ་འཁྲུང་ངོ། །ཡང་རྒྱུ་སྐར་བཅོ་ལྔའམ། བཅུ་དྲུག་གི་ནང་དུ་གཟའ་ཞུགས་ན། གཟའ་དྲག་ཤུལ་ཅན་དེ་གདོང་དམར་པོ་ཞེས་བྱ་སྟེ། རྒྱལ་པོ་ཕན་ཚུན་འཐབ་ཅིང་གཡུལ ་བགྱེ་སྟེ། མཚོན་གྱིས་རྨས་བས་དེའི་ཚེ་ཤ་ཁྲག་གི་འདམ་དུ་འགྱུར་རོ། །ཡང་གཟའ་མིག་དམར་རྒྱུ་སྐར་བཅུ་བདུན་གྱི་ནང་དུ་ཞུགས་ཏེ། ཕྱིར་ལོག་ན་དེ་ནི་དྲག་ཤུལ་ཅན་དང། གཏུམ་པོ་དྲག་པོ་ཞེས་བྱ་སྟེ། དེའི་ཚེན་སྐྱེ་བོ་མང་པོ་རྣམས་སྙིང་རྗེ ་མེད། སྙིང་བརྩེ་བ་མེད། བཀའ་ཁྲིམས་དང་ཆོས་ལུགས་མེད་དེ། དེའི་དུས་ན་སྐྱེ་བོ་རྣམས་གཅིག་ལ་གཅིག་རལ་གྲི་དང། མདུང་བུས་འདེབས་ཤིང་འཕེན་པར་འགྱུར་རོ། །གཞན་ཡང་གཟའ་མིག་དམར་གཟའ་དྲུག་ཏུ་འཕོ་ཞིང་འགྲོ་བ་ཚངས་བ ་སྐྱེ་དགུའི་བདག་པོ་ལྟར་རབ་ཏུ་སྟོན། དེ་ལྟ་བུ་ལ་གཟའ་མིག་དམར་དེ་སོང་ངམ། འདུག་གམ། ཡོད་དམ་མེད་དམ། བྱར་ཡང་མི་རུང་སྟེ། དེ་ལ་ནམ་ཟླ་གསུམ་གྱི་བར་དུ་གཟའ་མིག་དམར་རབ་ཏུ་སོང་ན་དེའི་ཚེ་སྐྱེ་བོ་རིམས་ནད་ཀྱིས་མ་རུངས་པ ་དང། སའི་བཅུང་ཟད་པར་འགྱུར་རོ། །གཟའ་མིག་དམར་བོང་ཆུན་དུ་གྱུར། རྣམ་པར་གཟེར་བར་འགྱུར། རྣམ་པར་གནོད་པར་གྱུར། དཀྱིལ་འཁོར་ཆུང་དུ་གྱུར་བས་ཡུལ་ཕྱོགས་གང་ན་སྣང་བ་དེའི་ཚེ་མིག་དམར་ཕམ་པ་ཞེས་བྱ་སྟེ། དེ་ནི་ཡུལ ་ཕྱོགས་སུ་གནོད་པར་འགྱུར་རོ། །གཟའ་མིག་དམར་དེ་ལྟར་གྱུར་ན་མིའི་ས་དང། མེ་ལ་བརྗེད་པའི་ལས་བྱེད་པའི་མི་དང། ཡུལ་མ་ལེ་བའི་མི་དང། ཡུལ་ཀུ་ཤའི་མི་དང། ཡུལ་ཉ་ཤའི་མི་དང། ཡུལ་བི་ཏིའི་མི་དང། ཡུལ་ས་ལང་མའི་མི ་རྣམས་དང། ཡུལ་ལ་བའི་མི་དང། ཡུལ་མོག་ཏུའི་མི་དང། ཡུལ་ལྷ་རྔེད་པའི་མི་རྣམས་དང། མལ་མོ་གུར་དང། ཡུལ་མེད་དབང་པོ་ཞེས་བྱ་བ་དང། ཡུལ་སྭ་ར་ཞེས་བྱ་བ་དེའི་རྣམས་ལ་གཟའ་གཞན་གྱིས་གཟའ་མིག་དམར་ཕམ་པར་བྱས ་ན་ཡུལ་དེ་རྣམས་ཀྱི་མི་གནོད་པར་འགྱུར་རོ། །གཟའ་མིག་དམར་འཇུག་པ་བསྟན་པའོ། །ཨཱརྱ་ཤ་རུ་ལཾ་ཀ་རྞའི་ནང་ནས་གཟའ་སྐར་གྱི་ལྟས་འབྱུང་བ་བཏུས་པ། ལྟས་དང་མཚན་མ་དགེ་བར་གྱུར་ཅིག་རྫོགས་སོ།། །། ་