| Wylie | e-texts based on the ACIP/ALL Input |
དང། བལ་པོ་རྗོད་གི་རྒྱལ་པོ་བླ་མ་པཎྜི་ཏ་བུདྷ། ཤྲི་ཛྙཱ་ནའི་ཞལ་སྔ་ནས་མཉན་ནས་མང་དུ་ཐོས་པའི་ལོ་ཚ། གནས་བདུན?་དཔལ་ཉི་མ་རྒྱལ་མཚན་དཔལ་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ་ཐུབ་པ་ཆེན་པོ་དྲང་སོང་གནས་ལྟས་ཀྱི་རྣམ་པ་བསྟན་པ་ཞེས་བྱ་བ་བཞུགས།། །།ཐུབ་པ་ཆེན་པོ་དྲང་སྲོང་?་ལྟས་ཀྱི་རྣམ་པ་བསྟན་པ་ཞེས་བྱ་བའི་གཙུག་ལག་།ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གཟའ་སྐར་རིག་པའི་ཕ་རལ། ་བྱིན། ཐུབ་བའི་ཚོགས་མཆོག་ག་རྒལ། བྷ་གུས་རིས་ནི་ཕྱག་འཚལ་ཏེ། །ཐལ་མོ་སྦྱར་ནས་ཡོངས་སུ་?། །ལྷ་ཡི་མིག་ལྡན་དཀའ་ཐུབ་ཆེ། །སྐལ་ལྡན་རྒྱ་མཚོ་ཆེ་ལྟ་བུ། །ཤེས་རབ་མཆོག་གིས་རབ་གཏོགས་པའི། །རིག་པ་དེ་ནི་འཐོབ་པར་འཆལ? ་ཡུལ་གྱི་དངོས་དང་དངོས་མེད་དང། །བསྟན་དང་འབྲས་བུ་གྲུབ་པ་དང། །མི་རྣམས་ཀྱི་ནི་ཕམ་རྒྱལ་དང། །སྤྲིན་གྱི་ཁ་དོག་གཟུགས་རྣམས་དང། །དེ་བཞིན་ཉི་མ་ཟླ་བ་དང། །ལྷ་ཡུལ་པར་སྣང་ས་ཡི་བླ་།ལྟས་སུ་བྱུང་བའི་མཚན་མ་དང། །འཕྲལ་གྱི ་ཆར་པའི་མཚན་མ་དང། །དུ་ས་མཚམས་ཆགས་དང་དགེ་མི་དགེ་།ཉི་ཟླ་དག་གི་ཉེ་འཁོར་ན། །སྐར་མདའ?་ལྟུང་དང་གནམ་གྲུམས་དང། །དྲི་ཟ་ཡི་ནི་གྲོང་ཁྱེར་དང། །ས་གཡོ་བ་ཡི་འབྲས་བུ་དང། །ཉི་མའི་གཟུགས་ནི་འཁྱིམ་པ་དང། །དེ་བཞིན་ཟླ་བ ་?་ཁྱིམ་སོ་བརྗོད་པ། །དེ་དག་ཐམས་ཅད་མ་ལུས་པར། །དཀའ་ཐུབ་གྲུབ་པས་གསུང་བར་འོས། །དེ་སྐད་དྲིས་ནས་གཟི་ཆེན་པོ། །གརྒ་ཡིས་ནི་ཚིག་སྨྲས་པ། །བྷ་གུ་རིས་ནི་གང་དྲིས་པ། །དེ་ཉིད་ཉོན་ཅིག་སྐལ་བ་ཅན། །མར་མེ་ལྟ་བུ་གཙུག་ལག་འདེ?། །དགོས ་པ་ཐམས་ཅད་རིག་བྱེད་པ། །གྲགས་རང་གསལ་དང་རྣམ་གསལ་དང། །བདེ་སྡུག་ངེས་པར་རྟོགས་བྱེད་པ། །བྲམ་ཟེ་གཙོ་དང་རྒྱལ་པོ་ལ་།དྲང་སྲོང་མཆོག་གིས་བསྟན་པར་བྱ། །ཉི་མ་དང་ཟླ་བའི་ལྟས་ལ་ལེགས་ལྡན་གང་གི་ཚེ་ཉི་མ་ཨུཏཔལ་སྔོན་པོ་ལྟ་བུའི ་འོད་ཅན། རེག་པ་ན་གཟི་བྱིན་དུ་རྣོ་བ་ཅན། ཟླ་བ་ལྟར་བསིལ་བ་ཅན་ནམ་མཁའ་ཨི་དཀྱིལ་དུ་སོང་ལ་སྣང་བ་དེའི་ཆ་ནི་རྒྱལ་པོ་འཆི་བར་འགྱུར་རོ། །གང་གི་ཚེ་ཉི་མ་འཆར་བ་དང་ནུབ་པ་ཁོ་ནའི་ཚེ་འཁོར་ལོ་བཞིན་དུ་འཁོར་བར་གྱུར་བ་དེའི་ཚེ་ནི་གདོན་མི་ཟ་བར ་རྒྱལ་པོ་འཆི་བར་འོང་ལ། ཕ་རོལ་གྱི་དམག་ཚོགས་རྣམས་ཀྱང་འོང་ཞིང། །ཡུལ་རྣམས་ཀྱང་འཁྲུག་པར་ཡང་འགྱུར་ཏེ། དེའི་ཆ་ཡུལ་ནི་དགོན་པ་བཞིན་དུ་རི་དགས་ཀྱིས་གང་པོར་འགྱུར་རོ། །ཡང་གང་དག་ཉི་མ་གཟས་ཟིན་པ་ཡང་མེད་པར་། ་འོད་མེད་པར་འགྱུར་པ་དེ་ནི་དེའི་ཚེ་རྒྱལ་པོ་དག་གི་ནང་ན་རྟག་ཏུ་འཆེ་བར་འགྱུར་རོ། །ཡང་གང་གི་ཚེ་ཉི་མ་གཟས་མ་ཟིན་པར་ནམ་མཁའ་ལ་ཕྱེད་དུ་སྣང་ངམ། ཉི་མ་ཉིད་ནམ་མཁའ་ལ་གཡོ་བར་གྱུར་ཏམ། །བ་དོག་ངན་པ་དང་སྦྱ་བོར་གྱུར་ན་དའི་ཆེ་རྒྱལ་པོ ་ཡང་འཆི་ཞིང། སྐྱེ་བོ་འཆི་བའི་ལོ་ཉེས་དང། ཆོམ་རྐུན་པ་རྣམས་ཀྱི་མཐུར་གྱུར་པ་འམ། ཡང་ན་དབང་པོས་ཆར་མི་འབེབས་པར་འགྱུར་རོ། །ཡང་དུས་མཚམས་མ་ཡིན་པར་ཉི་མ་དང་ཟླ་བ་གཟས་ཟིན་པར ་གྱུར་ན་དེའི་ཚེ་མི་དག་མཚེན་གྱིས་འདེབས། དེ་བཞིན་དུ་ནད་དང་འཐབ་པ་དག་གིས་འཆི་བར་ཡང་འགྱུར་རོ། །རྒྱལ་པོ་ཡང་འཆི་ཞིང་མུ་གེ་དང་མི་ངས་དག་གིས་མི་ཚེགས་ཆེན་པོར་འགྱུར་རོ། །མི་རྣམས་ཀྱང་ཉེ་དུ་ཕུན་ནུ་དག་དང་མི་མཐུན་ཞིང ་འཐབ་པར་འགྱུར་རོ། །མའི་བུ་རྣམས་མངལ་དུ་ཡང་འཆི་བར་འགྱུར་རོ། །ཡང་ཉི་མ་འོད་ཟེར་དང་བྲལ་ཞིང་མེ་ལོང་ལྟ་བུར་སྣང་ན་དེ་ཡང་དེས་བར་རྒྱལ་པོ་འཇིག་པར་རིག་པར་བྱའོ། །ཡང་ན་ཉི་མ་ནམ་མཁའ་ལ་ཁྲག་གི་འོད་ལྟ་བུར་སྣང་ན། དེའི ་ཚེ་རྒྱལ་པོ་རྣམས་དང། དེ་ལ་བརྟེན་བ་རྣམས་དང། ཡུལ་རྣམས་དང། དེ་བཞིན་དབང་པོ་རྣམས་ཕན་ཚུན་དུ་གསོད་པར་འགྱུར། །དེའི་ཚེ་སྐྱེ་བོ་ཐམས་ཅད་ཆོས་དང་མི་མཐུན་པར་ཕྱིན་ཅི་ལོག་སྤྱོད་པའི་ལྟས་ཡིན་ནོ། །གང་གི་ཚེ་ཉི་མ་འཆར ་པ་ན་གཞུ་ལྟར་རབ་ཏུ་དགུ་བར་སྣང་ཞིང་སྤྲིན་དམར་དག་གིས་ཁེབས་ན། དེའི་ཚེ་ཕ་རོལ་ཀྱི་དམག་ཚོགས་དག་འོང་བར་འགྱུར་རོ། །གང་གི་ཚེ་ཉི་མ་འཆང་བ་ན་གཉི་བརྙན་དག་སྣང་བ་དེའི་ཚེན་འཇིགས་པ་ཆེན་པོ་འོང་བར་སྟོན་ཏོ། །གང་གི་ཚེ་ཉི་མ ་འཆར་པ་དང་ནུབ་བ་ཁོ་ནའི་ཚེ་ཉི་མ་མགོ་བཅད་པ་ལྟ་བུའི་སྤྲིན་གྱིས་ཁེབས་པའི་ཚེ་ན་ཡུལ་དུ་འཇིགས་པ་ཆེན་པོ་འབྱུང་བར་རིག་པར་བྱའོ། །ཡང་ཉི་མ་འཆར་བ་དང་ནུབ་པ་ཁོ་ནའི་ཚེ་ཉི་མ་འཁྱིམས་བ་དང། སྐར་མདའ་ལྷུང་བ་དང། ས་གཡོ་བར ་གྱུར་པ་དེའི་ཚེ་ནི་རྒྱལ་པོ་གསོང་པར་འགྱུར་རོ། །མང་གལ་ཏེ་ཉི་མའི་གཟུགས་བུ་གུ་ཅན་དང། བུམ་བུ་དང་ཁྲག་ལྟ་བུའི་མདོག་དང། ཉི་མ་ཕྱེད་དུ་གས་པར་སྣང་ན་མིའི་བདག་པོ་མཛའ་དག་འཆི་བ་དང། ནད་དང་མུ་གེ་དང་ལྡན་པས་སྐྱེ་བོ ་བས་པའི་དུས་སུ་འགྱུར་རོ། །གང་གི་ཚེ་ཉི་མ་དང་ཟླ་བ་དག་འཁྱིམས་ཤིང་དཀྱིལ་འཁོར་ཐ་དད་དུ་ཆད་ལ་རྩུབ་པར་གྱུར་པ་དེའི་ཚེ་ནི་ཐེ་ཚོམ་མེད་པར་དམག་འབྱུང་བར་འགྱུར་ར། །གང་དུ་ཉི་མ་དང་ཟླ་བ་དག་འཁྱིམས་པ་དང། དཀྱིལ་འཁོར་མཛའ་ ་དག་མ་ཡིན་པ་དང། རྩུབ་ཅིང་རྣམ་པར་ཞིག་པ་དང། ཉམས་པར་གྱུར་པ་དེའི་ཚེ། ཆར་པ་མེད་པར་འགྱུར་ཞིང། མུ་གེ་དང་མི་ངས་དག་འབྱུང་བར་རིག་པར་བྱའོ། །གང་དུ་ཉི་མ་དང་ཟླ་བ་དག་རྨ་བྱའི་མགྲིན་པ་ལྟ་བུར་འཁྱིམས་པར་གྱུར་པ ་དེའི་ཆ་ནི་ངེས་པར་མུ་གི་འབྱུང་བར་སྟོན་ཏོ། །གང་གི་ཚེ་ཉི་མ་སྤྲིན་གྱི་ཁ་དོག་ལྟ་བུ་དང། དཀྱིལ་འཁོར་ཆུང་བར་གྱུར་པ་དེའི་ཚེ་འཕྲལ་དུ་ཆར་པ་འཕབ་པར་འགྱུར་རོ། །གང་གི་ཚེ་ཉི་མ་ཟླ་བ་གཟའ་རྣམ་གསུམ་འགལ ་བར་གྱུར་པ་ནི་ཞག་གསུམ་ཚུན་ཆད་ཆར་འབབ་པ་དང། ཟླ་བ་གསུམ་ཚུན་ཆད་ཀྱིས་འཇིགས་པ་ཆེན་པོ་བདུན་དུ་འབྱུང་བར་རིག་པར་བྱའོ། །གང་གི་ཚེ་ཟླ་བའི་ཟུར་ན་ཟླ་བརྙན་དག་སྣང་བར་གྱུར་ན་ཞག་གསུམ་ཚུན་ཆད་ཆར་བ་འབབ་པ་དང ་ཟླ་བ་གཅིག་ན་འཇིགས་པ་ཆེན་པོ་འབྱུང་བར་སྟོན་ཏོ། །གང་གི་ཚེ་ཟླ་བ་འཁྱིམས་ཞིང་ནང་དུ་ནུབ་པར་རབ་ཏུ་སྣང་ལ་གཟའ་རྣམས་ཀྱིས་ཀྱང་ཟིལ་གྱིས་གནོན་པར་གྱུར་ཅིང། དེ་བཞིན་དུ་སྣང་བ་ཆུང་བར་གྱུར་བ་དེའི་ཆེ་ནི་དམག ་དཔོན་རྣམས་འཆི་བར་འགྱུར་ལ། དེ་བཞིན་དུ་ཡུལ་ཡང་ལོ་ཉེས་དང་མུ་གེ་དང། མིངས་དག་ཀྱང་འབྱུང། རྒྱལ་པོ་ཡང་འཆི་བར་འགྱུར་བ་དང། ཚམ་རྐུན་པ་དག་ཀྱང་རྒྱགས་པར་འགྱུར་བའི་ལྟས་སུ་བསྟན་ཏོ། །ཡང་ཟླ་བའི་གཟུགས ་འཁྱིམས་པ་ན་གཟའ་རྣམས་ཕན་ཚུན་དུ་འཐོར་ཞིང་ཞུམ་བར་ཡོད་གྱུར་པ་དེར་ནི་ལུས་ཅན་རྣམས་ཤིན་ཏུ་དམན་པར་འགྱུར་བར་བསྟན་ཏོ། །གང་གི་ཟླ་བ་ཁྲག་གི་མདོག་ལྟ་བུའི་ཁ་དོག་ཏུ་གྱུར་བ་དེའི་ཚེ་ནི་དམག་ཁྲག་གི་འདམ་རྫ་བཅམ་འབྱུང་འགྱུར་རོ། ་ཉི་ཟླའི་ལྟས་བསྟན་པའི་ལེའུ་སྟེ་དང་པོའོ།། །།གཟའ་སྐར་གྱི་ལྟས་ལ་དྲང་སྲོང་ཆེན་པོ་ག་རྒལ་ལེགས་ལྡན་ཕྱོགས་ཀྱི་སྐྱོང་བ་དག་ཇི་ལྟར་གནས་པ་དང། གཟའ་དང་བསྐུར?་དག་གི ་ཆེ་ཆུང་དང། ཇི་ལྟར་རྒྱུ་བ་དང། སྐར་མ་དག་གང་ལས་འབྱུང་ཞིང་ཇི་ལྟར་ལྟུང་བ་དང། རྣམ་པར་རྒྱུ་བ་དག་སྐྱེས་བུ་དམ་པ་ཚངས་པ་ལྟ་བུ་འམ་གཟི་བརྗིད་ཅན་གྱིས་བདག་ལ་བསྟན་དུ་གསོལ་ཞེས་ཉོན་མོངས་པ་ཅན་མ་ཡིན་པའི་སློབ་མ ་བྷ་གུ་རིས་ཀུན་ཏུ་དྲིས་པ་དང། རིག་པའི་གནས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པས་བཤད་པ། ཕྱོགས་སྐྱོང་དག་ནི་བཞི་སྟེ་རང་གི?་ཕྱོགས་ལ་ཡང་དག་པར་བརྟེན་པ་དག་གོ་།གཟའ་དང་རྒྱུ་སྐར་ཐམས་ཅད་ཀྱི་སྟེང་ན་སྨེ་བདུན་དག་གནས ་ཤིང་།དེ་དག་གི་འོག་ན་ནི་སྦེན་པ་དག་གནས་སོ། །ཉི་མའི་དཀྱིལ་འཁོར་ནི་དཔག་ཚད་བརྒྱད་སྟོང་དུ་བརྗོད་དོ། །ཟབས་ནི་བཅུ་དྲུག་ཏུ་བརྗོད་དོ། །སྒྲ་གཅན་འཛིན་ནི་ཉེས་འགྱུར་རོ། །སྣར་མ་དང་གྲོ་བཞིན་དང། རྒྱལ་དང། མགོ་དང། བྱི ་ཞིན་དང། ནག་པ་དང། ས་རི་དང། ས་ག་དང། ལག་དང། སྣརོན་དང། སྣརུབས་དང། ནབས་སོ་དག་སྟེ། རྒྱུ་སྐར་བཅུ་གཉིས་པོ་འདི་དག་གི་དཀྱིལ་འཁོར་ནི་དཔག་ཆང་གཉིས་གཉིས་སོ། །དེ་བཞིན་དུ་སྐར་མ་ཕྲ་མོ་གཞན་དག་གི ་ཚད་དུ་རྒྱང་གྲགས་ཙམ་མོ། །དེ་ཙམ་གྱི་གྲངས་ནི་དུང་ཕྱུར་ཕྲག་གཉིས་དང་?་ཕྱེ་བ་ཕྲལ་བརྒྱད་དང། ས་ཡ་གྲག་ལྡང་བཤད་དེ་རྒྱུ་སྐར་གྱི་དཀྱིལ་འཁོར་ལ་གནས་བདག་ཡིན་ནོ། །རྒྱུ་སྐར་མེ་བཞི་དང། ནག་པ་དང། ས་རི་དང། ལག་དང། དེ ་བཞིན་དུ་མགོ་ངང་ནབས་སོ་དང། དཔོ་རྣམས་ནི་རླུང་གི་དཀྱིལ་འཁོར་ཡིན་ཏེ། དེ་དག་དབང་བའི་དུས་སུ་གལ་ཏེ་ས་གཡོ་བ་དང། སེར་བ་འབབ་པ་དང། སྒྲ་གཅན་འཛིན་མཐོང་བར་གྱུར་པ་དང། སྐར་མངའ་དང། སེར་བ་མི་བཟང་པ་འབབ་པར་འགྱུར་ན། ་དེའི་ཚེ་ནི་རླུང་གི་ཆར་མི་བཟང་པ་འབབ་པ་དང། དེའི་ཚ་རླུང་དམར་མ་རུངས་པ་ལྡང་ཞིང། ཁང་བཟང་དང། བ་གམ་དང། སྐྱེ་ཤིང་དང། ཁང་པ་རྣམས་འགྱེལ་བར་བྱེད། མཚོ་ཆེན་པོ་དང། འབབ་ཆུ་དང། རྫིང་དང། ཁྲོན་པ་རྣམས་ནི་ཆུ་ཡང་སྐེ་? ་པར་བྱེད་པ་སྟེ། དེ་ལྟར་སྔོན་གྱི་རིག་པས་རླུང་ལས་གྱུར་པའི་བྱེ་བྲག་ཏུ་བརྗོད་པ་ཡིན་ནོ། །གལ་ཏེ་དེ་དག་ཉེ་བར་ཞི་བའི་རྒྱུ་ཞག་བདུན་ཚུན་ཆད་ཆད་པ་འབབ་པར་གྱུར་ན་རླུང་འཁྲུགས་པ་ལས་འབྱུང་བའི་གནོད་པ་གཞན་དག་ཀྱང་འབྱུང་བར་འགྱུར་ཏེ། ཡུལ ་མ་རུ་དང། ཡུལ་བ་ལི་ཀ་དང། ཡུལ་ཀ་ཅི་དང། ཡུལ་ཀི་པ་ཙ་དང། ཡུལ་བར་བར་དང། ཡུལ་སྤོས་འཛིན་དང་བཅས་པ་དག་ཏུ་ཡང་འཁྲུག་ཅིང་ཕན་ཚུན་མི་མཐུན་པ་དང། དེ་བཞིན་དུ་ནད་དག་གིས་ཟིན་པའི་སྒྲ་མི་སྙན་པ་དང། ལུས་འཕགས ་དག་ཀྱང་ཉེན་པར་འགྱུར། མཚོན་གྱིས་ཐེབས་པ་དག་ཀྱང་འབྱུང། རྒྱལ་པོ་རྣམས་ལ་ཡང་དམག་འདྲེན་པར་འགྱུར་ཞིང། དེ་བཞིན་དུ་མའི་མངལ་ཡང་འགག་པ་དང། ས་ཡང་འབྲས་བུ་མི་སྐྱེ་བ་དང། ཤིང་ཏོག་དང། འབྲས་བའི་ཤིང་དག་ཀྱང་ངན་ཅིང ་ཉུང་བ་དང། དབང་བོས་ཀྱང་ཆར་ཆེན་པོ་མི་འབབ་པ་དང། ཕྱོགས་ཐམས་ཅད་ཀྱི་སའི་མདངས་ཀྱང་སྔོ་ནག་ཏུ་འགྱུར་ཞིང་མི་གསལ་བ་དང། རྩུབ་པར་སྣང་བ་དང། བ་ལད་དང། ར་ལུས་དང། བྱ་དང་རི་དགས་དག་ཀྱང་འཇིགས་པ་མེད་པར་ཡང ་སྐྲག་ཅིང་འདྲོག་པ་དང། ཕྱོགས་བསླང་ཅིང་ཕན་ཚུན་ཐོབ་པར་འགྱུར་རོ། །ཡང་རྒྱུ་སྐར་ས་ག་དང། སྨིན་དྲུག་དང། རྒྱལ་དང། ཁྲུམས་སྟོད་དང། བྷ་གའི་ལྷ་གང་ཡིན་པ་འདི་དང། མཆུ་དང། གཤིན་རྗེའི་ལྷ་གང་ཡིན་པ་འདི་དག་དབང་པའི་དུས་སུ་ས ་གཡོས་པ་འམ། གནམ་གྲུམ་པ་བྱུང་བར་གྱུར་ན་མེའི་ཕྱོགས་ཀྱི་དཀྱིལ་འཁོར་ལ་བབ་བའི་ཤུགས་ཀྱི་གནོད་པ་འབྱུང་བར་རིག་པར་བྱ་སྟེ། འཁྲིགས་པའི་རིགས་ལས་གྱུར་པའི་གནོད་པས་སྐྱེ་དགུ་ཤིན་ཏུ་གཟིར་བ་དང། བུད་མེད་རྣམས་ལ་ཁྲག་ནང་འབྱུང ་བ་དང། བ་དང་མ་ཧེ་ཞོ་སྐམ་པ་དང། བསོད་ནམས་བྱ་བར་བསམས་ཤིང་བསམ་པ་ཐམས་ཅད་ཀྱང་གྲུབ་པར་མི་འགྱུར་ལ། སེམས་ཅན་རྣམས་ལ་ཡམས་ཀྱི་ནང་འབྱུང་བ་དང། དེ་བཞིན་དུ་ནད་དང། རྒྱལ་པོ ་ལས་ཀྱང་གྱུར་པ་འབྱུང་བ་དང། སྐྱེ་དགུ་རྣམས་ཀྱང་ཕན་ཚུན་དགའ་བ་དག་བྱེད་ནས་མི་མཐུན་པར་ཡང་འགྱུར་ཞིང་ཉིན་མཚན་དུ་ཕྱོགས་རྣམས་སུ་གནས་མེ་ཞི་བར་ཡང་མི་འགྱུར། སྤྲིན་ཡང་ཆར་པ་འབེབས་པར་མི་འགྱུར། དེ་བཞིན་དུ ་འདོད་འཇོ་དག་ཀྱང་འོ་མ་མེད་པར་འགྱུར་བ་དང། ཤིང་ལྗོན་པ་འམ་རིགས་དང། ལྕུག་མ་དག་ཀྱང་མེ་ཏོག་དང། འབྲས་བུ་ཉུང་བ་དང། ཆུའི་གནས་ཁྲོན་པ་དང་རྫིང་དང་ལྟེད་ཀ་ལ་སོགས་པ་ཡང་སྐམ་པར་འགྱུར་ཞིང་།མུ་གེ་དང་ནད་ཀྱིས ་ཉེན་པ་འབྱུང་བ་དང། ཆོམ་རྐུན་གྱི་འཇིག་རྟེན་རྣམས་ཀྱི་མཐུ་དང། རི་དགས་རྣམས་ཀྱང་འདྲེན་པར་འགྱུར། ཤ་སྦྲང་དང། སྦྲང་བུ་མཆུ་རིང་རྣམས་དང། དེ་བཞིན་དུ་རིགས་ངན་གྱི་རིགས་དག་ཀྱང་འཕེལ་བར་འགྱུར་ཏེ། དེ་ལྟར་མེའི་ཕྱོགས ་ཀྱི་དཀྱིལ་འཁོར་དུ་ཆོས་ལུགས་དེ་རྣམས་འབྱུང་བར་ཤེས་པར་བྱའོ། །ཁྲུམས་སྨད་དང། ཆུ་ལྷ་དང། དེ་བཞིན་དུ་ནམ་གྲུ་དང། བདེན་བྲལ་གྱི་ལྷ་དང། ཀག་དང་དེ་བཞིན་དུ་ལག་ནི་ཆུའི་དཀིལ་འཁོར་ཡིན་ཏེ། དེ་ནི་བསྟན་བཅོས་རིག་པ ་རྣམས་ཀྱིས་བརྗོད་པ་ཡིན་ནོ། །གལ་ཏེ་འདིར་ས་གཡོ་བ་དང་གནམ་བྲུམ་པ་བྱུང་བ་དང། ཉི་མ་དང་ཟླ་བ་ཡང་ཉེ་པའི་ཆགས་པ་དང་ལྡན་པ་དང། མཇུག་རིངས་དང། དེ་བཞིན་དུ་ལྟས་སུ་འབྱུང་བ་གཞན་མཐོང་བར་གྱུར་ན། ཆུ་ལྷ་དེའི་དེ་ནི་སྐྱེ་རྒུ་རྣམས་ལ ་དགེ་བའི་རྒྱུ་ཡིན་པར་རྣམ་པར་རིག་པར་བྱ་སྟེ། དེར་ལ་ལེགས་པ་དང། བ་འོ་མ་མང་བ་ཉིད་དུ་ཡང་ཤེས་པར་བྱའོ། །བུད་མེད་དག་ཀྱང་དུས་ཚད་ནས། ཚོར་བ་མེད་པར་བདེ་བར་བཅའ་བར་འགྱུར་རོ། །ས་བོན་ཇི་ལྟར་བཏབ་བ་བཞིན་དུ་གྲུབ?་ནས་ས་ཡང ་ལོ་ཏོག་གི་ཕྲེང་བཅན་དུ་འགྱུར་ཞིང། རྒྱལ་པོ་རིགས་པའི་ལམ་གྱི་རྗེས་སུ་འབྲང་བ་དག་ཀྱང་མི་དགེ་བ་མེད་པར་འགྱུར་རོ། །བྲམ་ཟེ་ལ་སོགས་པའི་རིགས་བཞི་པོ་ཡང་རང་གི་ལས་རྣམས་ལ་གནས་པར་འགྱུར། སྐྱེད་ཀྱི་འཚོ་ཐམས་ཅད་ཀྱིས ་ཀྱང་རྙེད་པའི་མཆོག་རྙེད་པར་འགྱུར་ཞིང། ས་ལ་སྐྱེ་བ་རྣམས་ཀྱང་འབྲས་བུ་དང། མེ་ཏོག་དང་འདབ་མ་དང་ལྡན་ཞིང་འཕེལ་བར་འགྱུར་བ་དང། བདེ་བ་དང། ལོ་ལེགས་པ་དང། ནང་མེད་བ་དང། སྐྱེ་རྒུ་རྣམས་ལ་དགེ་བར་ཡང་འགྱུར་རོ། །མོན ་གྲུ་དང། སྣར་མ་དང། སྣརོན་དང། དེ་བཞིན་དུ་ལྷ་མཚམས་དང། བྱི་བཞིན་དང། གྲོ་ཞིན་དང། དེ་བཞིན་དུ་གཞན་ཡང་ཆུ་སྨད་ནི་དབང་པོ་ཆེན་པོའི་ཕྱོགས་ཀྱི་དཀྱིལ་འཁོར་དུ་རིག་པར་བྱ་སྟེ། ཐམས་ཅད་ལ་ཤིན་ཏུ་ཕན་པའི་རྒྱུ་ཡིན་ཞིང་སྐྱེ་རྒུ་རྣམས ་ལ་བདེ་བ་དང། ནད་མེད་པ་དང། རྒྱལ་པོ་རྣམས་ལ་དགེ་བ་རབ་ཏུ་སྦྱིན་པར་བྱེད་པ་ཡིན་ནོ། །གལ་ཏེ་འདིར་ས་གཡོ་བ་དང། དེ་བཞིན་དུ་གནམ་གྲུམ་པ་ལ་སོགས་པ་བྱུང་བ་དང། ཉི་མ་དད་ཟླ་བ་ཉེ་བའི་ཆགས་པ་ཅན་དུ་གྱུར་པ་དང། མཇུག་རིངས ་མཐོང་བར་གྱུར་པ་དང། གཞན་ཡང་གློ་བུར་དུ་བྱུང་བ་གཞན་ཇི་ལྟར་འབྱུང་བ་ཡང་དེར་ནི་བསྟན་བཅོས་རིག་པའི་ཐུབ་པ་རྣམས་ཀྱིས་མི་དགེ་བ་མེད་པར་བསྟན་ཏེ།། ལོ་ཏོག་དག་ཤིན་ཏུ་ཕུན་སུམ་ཚོགས་པ་དང། ལོ་ལེགས་པ་དང། ཆོམ་རྐུན ་མེད་པ་དང། བྲམ་ཟེ་རྣམས་ཀྱི་སྦྱིན་སྲེག་དང། མཆོད་སྦྱིན་གྱི་བྱ་བ་ཐམས་ཅད་འགྲུབ་པར་འགྱུར་ཞིང། རིགས་པར་བྱེད་པའི་རྒྱལ་པོ་ཐམས་ཅད་ཀྱང་ས་སྲུང་བར་བྱེད་པར་འགྱུར་བ་དང། རིགས་ཀྱང་རང་གི་ཆོས་ལ་གཞོལ་ཞིང། སེམས་ཆོས་ལ་མངོན ་པར་དགའ་བ་དང། དུས་ཇི་ལྟ་བ་བཞིན་དུ་ཆར་ཆུ་འབབ་པ་དང། ཤིང་རྣམས་མེ་ཏོག་དང། འབྲས་བུ་སྨིན་པར་བྱེད་པ་དང། སྐྱེ་བོ་མཛའ་དག་རབ་ཏུ་དགའ་བ་དང། ལྷགས་བ་རྣམས་ཕན་ཚུན་དགའ་བར་འགྱུར་ཞིང། སྤྲིན་རྣམས་དོན་མེད་པ་ཡིན་ཏེ ་ས་གཞི་ཆར་པ་ལེགས་པར་འབབ་པར་འགྱུར་བ་དང། མི་རྣམས་ཀྱི་བྱ་བ་ཇི་ལྟར་བརྩམས་པ་རྣམས་ཀྱང་ཕལ་ཆེར་འགྲུབ་པར་འགྱུར་ཞིང། ལུས་ཅན་རྣམས་ལ་ཡང་གནོད་པ་བྱེད་པ་བྱ་བ་རྣམས་དང། ་གྲོག་སཕུར་རྣམས་དང། སྦྲུལ་དང། བྱི་བ་ལ་སོགས་པ་དང། དེ་བཞིན་དུ་ཡམས་ཀྱི་ནད་རྣམས་དང། བ?་ལ་སོགས་པ་རྣམས་ཀྱང་ཡང་དག་པར་འཇིག་པར་འགྱུར་རོ། །རྣམ་པ་གཞན་དུ་ན་དབང་པོ་ཆེན་པོའི་དཀྱིལ་འཁོར་དབང ་བར་གྱུར་ན་ཆུ་དང་མེ་དང། རླུང་ལས་གྱུར་བ་བད་ཀན་དང། མཁྲིས་པ་ལས་གྱུར་བའི་བད་ཀན་རྣམས་དང། དེ་བཞིན་དུ་རླུང་ལས་གྱུར་བ་རྣམས་འབྱུང་སྟེ་དེ་དག་ནི་གཞན་དུ་མ་ཡིན་ནོ་ཞེས་བསྟན་ཏོ། །གཟའ་རྣམས་ཀྱི་ལེའུ་སྟེ་གཉིས ་བའོ།། །།སྐར་མདའི་ལྟས་ལ་སྐར་མདའའདི་དག་ནི་དེ་དག་གི་མཚན་མ་བསྟན་པ་སྟེ། འཇིག་རྟེན་དག་ལ་རྟགས་སྟན་པར་བྱེད་པའོ། །དེ་དག་གང་གི་ཚེ། དབང་པོ་རྣམས་དང་ཆུ་ལྷ་དང། རླུང་ལྷ་དང། མེའི་ཕྱོགས་ཀྱི ་གཞན་དག་ནི་ཁ་དོག་སྣ་ཚོགས་ཤིང་གཟུགས་འཇིགས་པ་དང། མེ་སྟག་དང་བཅས་ཤིང་འོད་དང་བཅས་པ་དང། སོལ་བ་འབར་བ་ལྟར་སྣང་སྟེ། ནམ་མཁའ་ཨི་ངེས་ལས་ཆར་དུ་འབྱུང་བར་འགྱུར་རོ། །གཤིན་རྗེའི་ཕྱོགས་ཀྱི་སྐར་མདའ ་གནག་པ་དང། དམར་པོ་རེད་རེད་པོ་དང། རྩུབ་པ་འཇིགས་པར་བྱེད་པ་སྟེ། མིའི་རྒྱལ་པོ་རྣམས་དང་ཡུལ་རྣམས་ལ་འཇིགས་པ་ཆེན་པོ་འབྱུང་བར་བརྗོད་པ་ཡིན་ན། །དེ་བཞིན་དུ་བར་སྣང་ལ་འདུག་པ་དང། རི་དང་རྒྱ་མཚོ་ལ་འདུག་པ་ཡང་ཡིན ་ནོ། གང་དུ་ལྷ་ཡུལ་དང། ས་སྟེང་དུ་ལྷུང་ཞིང་བཟློག། ཕྱོགས་སུ་འགྲོ་བར་གྱུར་ན་ཡུལ་དེར་ཞི་བ་མ་ཡིན་པར་འགྱུར་རོ། །རྒྱུན་ཕྱོགས་སུ་ནི་རྟག་ཏུ་ཞི་བར་འགྱུར་རོ། །དེ་བཞིན་དུ་དེ་དག་ནི་འཇིག་རྟེན་ཐམས་ཅད་དུ་རྒྱུ་བ་དང། གཟུགས་འདོད་པ ་འཛིན་པ་དག་ཡིན་ནོ། །གནོད་པར་གྱུར་པའི་ཡུལ་དག་ཏུ་དམག་འགྱེད་དུ་འཇུག་པར་ཡང་བྱེད་པར་འགྱུར་རོ། །དེའི་འོག་ཏུ་རང་བཞིན་གྱི་དམག་ཁོ་ནས་འཇིག་རྟེན་རྣམས་འཆི་བར་བྱེད་པར་འགྱུར་རོ། །དེ་དག་ལྟུང་བ་དག་རྗེས་སུ་མཆན་ཉིད་ཡང་དག་པར ་རབ་ཏུ་བརྗོད་པར་བྱ་སྟེ། དཀར་པོ་འགྲོ་ཞིང་མེ་སྟག་དང་བཅས་པ་ནི་བྲམ་ཟེ་རྣམས་ལ་འཇིགས་པ་འདྲེན་པ་ཡིན་ནོ། །དེ་བཞིན་དུ་དམར་པོ་རྣམས་ན་རྒྱལ་རིཌ་རྣམས་ལའོ། །སེར་པོ་ན་རྗེའུ་རིཌ་རྣམས་ལའོ། །ནག་པོ་དང་སྔོ་བ་སངས་ནི་དམང་རགས་རྣམས་ལ ་སྟེ་ཤིན་ཏུ་འཇིགས་པ་འབྱུང་བར་བརྗོད་དོ། །དེ་བཞིན་དུ་སྐར་མདའ་སྔོ་བསངས་དང། རྩུབ་པ་དང། འགྲུམ་པ་དང། དཀར་པོ་དང། སེར་པོ་དང། །བ་དོག་རྣམ་པ་སྣ་ཚོགས་དང། མ་སྟག་དང་བཅས་པ་དང། དུ་བ་ཐུལ་བ་དག་ཏུ་ལྟུང་བ་དེར་ནི་རྒྱལ་པོ ་ལ་གནོད་པར་འགྱུར་རོ། །གང་དུ་ལ་ལར?་ཕག་དང། སྤྲེའུ་དང། ཝ་ལྟར་བཅོས་པ་དང། རི་དགས་དང། བོད་བུའི་གཟུགས་ལྟ་བུའི་འོད་ཅན་གྱི་སྐར་མདའ་ལྟུང་བ་དེར་ནི་རྒྱལ་པོ་དང་ཡུལ་འཁར་དུ་བཅས་ཏེ་འཆི་བར་འགྱུར་བ་ཐེ་ཚོམ་མེད་དོ། །གང་རྒྱུ ་སྐར་དང་ཕྲད་ནས་གང་མི་བདུན་དུ་གྲུམ་ཞིང་སྐར་མདའ་ལྟུང་བ་དེར་ནི་ད་ཉིད་དུ་འབྲས་བུར་འགྱུར་བར་རྣམ་པར་བཤད་པར་བྱའོ། །གཟའ་དང་རྒྱུ་སྐར་གང་གི་བ་ལང་གི་ལམ་དང། རྟ་བབས་དང། རྒྱལ་མཚན་ཁྱིམ་དུ་ལྟུང་བ་དེ་ལ་ནི་འཇིགས་པ ་ཆེན་པོ་འབྱུང་བར་བརྗོད་པ་ཡིན་ནོ། །གང་དུ་སྐར་མདའ་ཉི་མ་མངོན་དུ་ཕྱོགས་ལྷུང་བ་ནི་ཤིན་ཏུ་འཇིགས་པར་བྱེད་པར་འགྱུར་རོ། །པ་ཝ་སངས་ལ་རེག་པར་བྱེད་པ་དེ་ནི་དེར་རྒྱལ་པོ་ལ་འཇིགས་པ་འབྱུང་བར་འགྱུར་རོ། །གང་དུ་ཟླ་བའི་དཀྱིལ ་འཁོར་ལ་རིག་པ་མོ་ལྕེའི་འོད་དང་མཉམ་པའི་སྐར་མདའ་ལྷུང་བ་དེ་ནི་རྒྱལ་ཚབ་གསོད་པར་འགྱུར་རོ། །གལ་ཏེ་སྐར་མདའི་ལྷའི་བླ་མ་ཕུར་བུ་ལ་གདུང་བར་བྱེད་པ་དེར་ནི་མདུན་ན་འདོན་གསོད་པར་འགྱུར་ཞིང་བྲམ་ཟེའི་བདག་ཉིད་ལ་ཡང་གནོད་པར ་འགྱུར་རོ། །གད་གི་ཚེ་སྐར་མདའ་གཟའ་ལག་ལ་ལྟུང་བར་བྱེད་པ་དང་ལྷ་ལྟ་བུ་འབྱུང་དེར་གཞོན་ནུ་འཆི་བར་འགྱུར་ཞིང། དེའི་ཚེ་རྒྱལ་པོ་ལ་ཡང་གནོད་པར་འགྱུར་རོ། །གང་དུ་སྐར་མདའ་ལྟུང་ཞིང་? ་མིག་དམར་ལ་གནོད་པ་བྱེད་པ་དེ་དང་དེ་ནི་དམག་དཔོན་གསོད་པར་འགྱུར་ཞིང། མཚོན་དང་མེའི་འཇིགས་པ་ཡང་འབྱུང་བར་འགྱུར་རོ། །གལ་ཏེ་སྒར་མདའའབབ་པ་ཉི་མའི་བུ་སྤེན་པ་ལ་གནོད་པ་བྱེད་པ་དེར་ནི་སྣ་བོའི་གཙོ་བོ་དང ་ཚོགས་ཀྱི་སྤྱན་དག་འཆི་བར་འགྱུར་རོ། །གང་གིས་སྐྱེ་བའི་རྒྱུ་སྐར་ལ་སྐར་མདའ་ལྷུང་ལ་གལ་ཏེ་ཞི་བར་འགྱུར་བར་མི་བྱེད་ན་ཕོ་དེ་འཆི་བར་འགྱུར་རོ། །ཏྲི་ཤཾ་ཀུ་དང། བྷི་རི་ཤི་དང། ས་ག་དང། ས་རི་དང། སྐར་མ་ཁྱི་ཕྲི་དང། སྦལ་པོ་དང ་རི་བྱ་དང། དེ་བཞིན་དུ་པྲམཏ་ན་དྷི་ད་ཡ་དང། ཨ་རུ་ན་དང། ཤི་ཤུ་མ་ར་དང། སྨེའུ་བདུན་དང། དེ་བཞིན་དུ་དགུ་ཆིགས་ཀྱིས་ཁེབས་ཤིང་སྐར་མདའ་ལྷུང་བ་དེར་ཤིན་ཏུ་འཇིགས་པ་ཆེན་པོ་འབྱུང་བར་འགྱུར་ཞིང། དམག་མར ་བོས་འཁྲུག་པ་དང། མཚན་གྱི་འཚེ་བ་འང་རབ་ཏུ་ཟད་པར་བྱེད་བར་འགྱུར། དེའི་ཚེ་ཡུལ་འཇིགས་པར་བྱེད་པའི་ཆོམ་རྐུན་ལ་སོགས་པ་ཡང་འབྱུང་བར་འགྱུར་རོ། །གང་དུ་སྐར་མདའ་རབ་ཏུ་འབར་བས་ལ་ཐུར་ཏུ་ཐད་ཀར་འཇུག་པ་དེའི ་ཚེ་ནི་དགྲ་དག་གིས་རྒྱལ་པོ་གསོད་པར་འགྱུར་ཞིང་ཡུལ་འཇིག་པར་ཡང་འགྱུར་རོ། །སྐར་མདའ་རྟའི་དབྱིབས་ལྟ་བུ་ནི་རྒྱལ་བོའི་དམག་ལ་གནོད་པར་འགྱུར་རོ། །རལ་གྲི་དང། རྩེ་གསུམ་དང། ཁ་ཊཝཱཾ་གའི་དབྱིབས་ལྟ་བུ་ནི་ཡུལ་དང་རྒྱལ་པོར ་བཅས་པ་ལ་གནོད་པར་འགྱུར་རོ། །སྐར་མདའ་ཆེན་པོ་གདུགས་དང། རྒྱལ་མཚན་དང། ཤིང་རྟའི་རྣམ་པ་དག་རྡག་ཏྲས་ལ་ལྷུང་བ་ནི་ཞག་བདུན་གྱིས་དམག་དང་རྒྱལ་བོར་བཅས་པ་ལ་གནོད་པར་འགྱུར་རོ། །གང་གི་ཚེ་མ་ལ་སྐར་མདའི ་ཆར་དང། རྡོའི་ཆར་ཆེན་པོ་བབ་པ་དེའི་ཚེ་ནི་དམག་སྟོང་གིས་ཁྲག་པས་འཐུང་བར་འགྱུར་རོ། །གང་གི་ཚེ་སྐར་མདའ་མེའི་ཁ་དོག་ལྟ་བུ་གནམ་གྲུམ་པ་དང་བཅས་ཏེ་ས་སྟེང་དུ་ལྷུང་བ་དེའི་ཚེ་ནི་དམག་གི་སྟོང་གི་ཁྲག་པས་འཐུང་བར་འགྱུར་རོ། ་གང་དུ་གླང་པོ་ཆེ་དང། རྟ་དང། ཤིང་རྟའི་གཟུགས་ལྟ་བུའི་འོད་དང། རི་ལྟ་བུའི་རྣམ་པ་དག་ཐུར་དུ་ལྷུང་བ་ན་ཡུལ་དང། རྒྱལ་པོ་དང་བཅས་པ་ལ་གནོད་པར་འགྱུར་རོ། །གང་གི་ཚེ་སྐར་མདའ་དུས་ཚིགས་སྡམ་དང་ཀུན་ཏུ་ཕྲད་པ་དུ་བ་ལྟ་བུ་ས་ལ ་ཐུར་དུ་ལྷུང་བ་དེའི་ཚེ་ནི་རྒྱལ་པོ་གསོད་བར་འགྱུར་རོ། །དུས་ཚིགས་ཀྱི་ཕྱི་མ་ལ་བརྟེན་པའི་སྐར་མདའ་མེ་ལྟ་བུ་ལྷུང་བའི་ཚེ་ནི་མཆོད་སྦྱིན་བྱེད་པ་རྣམས་འཆི་ཞིང། དེ་བཞིན་དུ་མཆོད་སྦྱིན་གྱི་ལས་རྣམས་འཇིག་པར་འགྱུར་རོ། །གང་གི་ཚེ་སྐར ་མདའི་སྐྲ་ཆེན་པོ་ས་རབ་ཏུ་རྒྱུག་ཅིང། ཡུལ་ཡུལ་དང། གྲོང་གྲོང་དུ་ལྷུང་བ་དེའི་ཚེ་ནི། རྟག་ཏུ་རྒྱལ་པོ་འཆི་བར་འགྱུར་རོ། །ཤར་གྱི་ཕྱོགས་ཆར་ཀུན་ཏུ་འབྱུང་ཞིང་ཉི་མའི་ལམ་ལ་བརྟེན་ཏེ་ནུབ་ཏུ་ཁ་བལྟས་ཤིང་སོང་ནས་ཡུལ་མ་རྟར་ཕྱིན ་ཏེ། གྲུམ་པ་ནི་ལོ་ཏག་རྣམས་སྨིན་ན་ཡང་ལོ་ཉེས་པ་དང། དེ་བཞིན་དུ་མི་ངས་བྱུང་བར་ཡང་འགྱུར་ཞིང། འཇིག་རྟེན་རྣམས་ལ་རང་གི་མི་མཐུན་པ་ལས་གྱུར་པའི་དམག་ཀྱང་འབྱུང་བར་བཤད་དོ། །རྒྱལ་པོ་རྣམས་དང་ཁྱིམ་ཁོལ ་འབྱོར་པའི་མི་རྣམས་ཀྱང་འཆི་བར་འགྱུར་རོ། །འཇིག་རྟེན་ལ་གནོད་པ་བྱེད་པ་ཉེས་པ་རྣམ་པ་མང་པོ་དེ་ལྟ་བུ་དག་འབྱུང་བར་འགྱུར་རོ། །གང་དུ་མེ་ཏོག་ཀུན་དེ་དང། ཟླ་བ་དངུལ་ཀྱི་ཁ་དོག་ལྟ་བུའི་སྐར་མདའ་ལྷུང་བ་ན། རྒྱལ་པོ་རྣམས ་རྒྱལ་བ་དང། ལོ་ལེགས་པ་དང། བདེ་བར་བྱེད་པར་སྨྲ་བར་བྱེད་དོ། །སྐར་མདའ་ཆེན་པོ་ཁ་དོག་རབ་ཏུ་འབར་བ་ཤིན་ཏུ་སྣམ་པ་དངུལ་དང་ཤེལ་གྱི་འོད་འདྲ་བ་ནི་ཆར་པ་འབབ་པར་སྨྲ་བར་འགྱུར་ཏེ། འདི་ལ་ཐེ་ཚོམ་མེད་དོ། །གང་? ་མདའ་ཆེན་པོ་དུ་བ་དང་བཅས་པ་གཟུགས་འཛིན་པར་བྱེད་པ་མེ་སྟག་དང་བཅས་པ་སོལ་བའི་མདོག་ལྟ་བུ་བྱུང་བ་དེ་ནི་རྒྱལ་པོ་ལ་འཇིགས་པ་ཆེན་པོ་འབྱུང་བར་འགྱུར་རོ། །དུ་བའི་མདོག་ལྟ་བུ་དང། ཆེ་བ་དང་སྐར ་མ་ལྟར་དག་པ་དང། གཡས་གཡོན་དུ་ས?་སོར་འགྲོ་བར་གྱུར་བ་དང། བཻ་ཌཱུརྱའི་མདོག་ལྟ་བུ་དང། ཤེལ་གྱི་མདོག་ལྟ་བུ་དང། གསེར་གྱི་མདོག་ལྟ་བུ་དང། དངུལ་ལྟ་བུ་དང། ཟླ་བའི་འོད་ཟེར་ལྟར་དཀར་བ་དང། ཞོའི་འོད་དང་འདྲ ་བའི་སྐར་མངའ་དེ་ནི་ལོ་ལེགས་པར་འགྱུར་རོ། །རྒྱལ་པོ་ལ་རྒྱལ་བར་འགྱུར་བ་ཐུབ་པར་སྔ་མ་རྣམས་ཀྱིས་རབ་ཏུ་བསྟན་ཏོ། །བཻ་ཌཱུརྱའི་མདོག་ལྟ་བུར་བསྟན་པ་ནི་ཆར་པ་འབབ་པ་བརྗོད་དོ། །ཤེལ་ལྟ་བུར་གྱུར་ན་ནི་ལོ་ལེགས་པར་འགྱུར་རོ།། ་གསེར་གྱི་མདོག་ལྟ་བུར་གྱུར་ན་ནི་མེས་འཁྲུག་པར་འགྱུར་རོ། །དམར་པོར་གྱུར་ན་ནི་དམག་འབྱུང་བར་བརྗོད་དོ། །འདི་སྐད་དུ་གང་བསྟན་པ་ནི་ཟླ་བ་གཉིས་མ་ལུས་པར་དེའི་རྣམ་པར་སྨིན་པར་འགྱུར་བར་བརྗོད་དོ། །སྐར་མདའི་ལྟས་ཀྱི་ལེའུ ་སྟེ་གསུམ་པའོ།། །།སྦྲིན་དང། གློག་དང། འཇའའོད་ཀྱི་ལྟས་གང་གི་ཚེ། སྤྲིན་གྱི་གཟུགས་གཡུང་དྲུང་འཁྱིལ་བ་ལྟ་བུ་དང། གདུགས་དང། ལྡིང་ཁ་དང། ཤིང་རྟ་བརྩེགས་པ་བཀྲ་ཤིས་པ་དང་ལྡན་པའི་དབྱིབས ་དང་། རི་ལྟ་བུ་དག་ནི་སྐྱེ་རྒུ་བདེ་བར་བྱེད་པའོ། །དེ་བཞིན་དུ་དབང་པོའི་མཚོན་ཆའི་རྣམ་པ་ལྟ་བུ་དག་དང། དབྱུག་པ་ལྟ་བུ་དག་ནི་བདེ་བར་ཡང་མི་བྱེད་ལ། མུ་གེ་ཡང་སྟོན་པར་བྱེད་དོ། །གང་གི་ཚེ་དབྱར་གྱི་དུས་སུ་སྤྲིན་མདུང་ཐུང་དང། ་གསལ་ཤིང། དཔའ་རླབས་ལྟ་བུ་དག་དང། རྒྱལ་མཚན་དང། བ་དན་ལྟ་བུ་དང། མཚོན་ཆ་སྣ་ཚོགས་ལྟ་བུར་སྣང་བ་དེའི་ཚེ་དམག་ཁྲག་གི་འདམ་རྫབ་ཅན་མི་བཟད་བ་འབྱུང་ལ། ལོ་ཏོག་ཀྱང་ཆུད་ཟོས་པར་འགྱུར་ཞིང། ཆོམ་རྐུན་དག་ཀྱང་འཕེལ ་བར་འགྱུར་རོ། །སྤྲིན་ཐ་དང་དུ་ཆད་པ་དང། ཤིང་སྐམ་ལྟ་བུ་དང། གཏུན་ཤིང་ལྟ་བུ་དང། མགོ་ཐོད་ལྟ་བུའི་དབྱིབས་གང་ཡིན་པ་དེ་དག་ནི་མོད་ལ་འཇིགས་པའི་དམག་འོང་བར་འགྱུར་རོ། །ཡང་སྤྲིན?་བྱ་སྣ་ཚོགས་ལྟ་བུ་དང། རྔ་མོ་དང། བུར་བུ་ལྟ་བུའི ་སྤྲིན་གྱི་ཚོགས་དག་ཉི་མ་ཤར་ནས་ནུབ་པ་ཁོ་ནའི་ཚེ་ཉི་མའི་ཟུར་ནས་འགྲོ་བར་གྱུར་ན་དེ་ནི་སྐྱེ་བོ་ཟད་པར་འགྱུར་བའི་ནད་དང། མཚོན་ཆ་ལ་སོགས་པ་འབྱུང་བར་རིག་པར་བྱའོ། །ཡང་སྤྲིན་གྱི་གཟུགས་འགོག་པ་ཅན་ལྟ་བུར་གྱུར་ཅིང་རྡུལ་གྱི་ཚོགས་འདྲེན ་པར་བྱེད་པའི་རླུང་དྲག་པོ་དང་བཅས་པ་བྱུང་བ་ནི་རྒྱལ་པོ་དང། སྐྱེ་བོ་ཕལ་དག་འཆི་བ་དང། ཡུལ་འཁོར་དང་དགོན་པ་ན་གནས་པ་དག་ལ་གནོད་པར་བསྟན་ཏོ། །ནམ་མཁའ་ལ་སྤྲིན་མེད་པར་འབྲུག་ཟེར་དང། འབྲུག་ཟེར་ལ་ཆད་མེད་པའི་སྤྲིན་ནི་གནོད་པ་འབྱུང ་བའི་སྤྲིན་ཡིན་ནོ། །འོད་གློག་དང་འཇའ་རླུང་གི་ལྟས་ལ་གང་གི་ཉི་མའི་དྲུང། ལྷོ་ཕྱོགས་ངོས་ནས་གློག་འབྱུང་བར་འགྱུར་ལ། དེའི་དུས་སུ་རྒྱལ་པོའི་ཕོ་བྲང་དང། རྟ་བབས་དང། གླང་པོ་ཆེ་དང། རྟའི་བྲེས་ཀྱི་ཁང་སྟེང་དང། རྒྱལ་པོའི་ལམ་དང། ཁྲོམ་ལམ་གྱི ་བཞི་མདོ་དང། གྲོང་ཁྱེར་གྱི་སྒོ་དང། ཤིང་ཆེན་པོ་རྣམས་ལ་ཐོག་དང། སེར་བ་འབབ་པ་འམ། སྐར་མདའ་དག་ཀྱང་ལྷུང་བར་འགྱུར་ན་དེར་ལོ་གཅིག་ཚུན་ཆད་དུ་འཇིག་རྟེན་ཀུན་ཏུ་ཟད་པར་འགྱུར་བར་རིག་པར་བྱ་ཞིང། ཡུལ་དེར་རྒྱལ་པོ་གཞན་འོང་བར ་ཡང་ཐེ་ཚོམ་མེད་དོ། །ཉི་མ་ལ་འབྱུང་བའི་གློག་དེ་ཉིད་རྒྱལ་པོའི་རྟ་བབས་དང། ཕོ་བྲང་གི་སྒོར་བབ་ན་རྒྱལ་པོ་དང་དེ་ལ་བརྟེན་པ་དག་འཆི་བར་འགྱུར་རོ། །རྟ་བྲེས་དང་གླང་པོ་ཆེའི་གྲེས་སུ་བབ་ན་དེའི་སྲུང་མ་ངེས་པར་འཇིགས་པར་འགྱུར་རོ། །?་བར་འབན ་དམག་མིའི་གཙོ་བོ་དག་འཆི་བར་འགྱུར་རོ། །གང་གི་ཚེ་མེའི་ཕྱོགས་ནས་གློག་འོད་མེ་ལྟ་བུ་འབྱུང་བ་ནི་ནང་རྣམས་ཀྱིས་འཁྲུག་པ་དང། རླུང་དྲག་པོ་གནོད་པ་འབྱུང་བའི་ལྟས་ཡིན་ནོ། །བདེན་བྲལ་གྱི་ཕྱོགས་ནས་གློག་འབྱུང་བར་བྱེད་པ་དེའི་ཚེ་ནི་རླུང་དལ་དང ་འབྱུང་བར་བྱེད་ཅིང་ནད་ཀྱིས་འཇིག་རྟེན་ཟང་པར་ཡང་འགྱུར་རོ། །གང་གི་ཚེ་ནམ་མཁའ་ཨི་སྤྲིན་མེད་པར་ཕྱོགས་དག་ཏུ་རྟག་ཏུ་རྟག་པར་གློག་འབྱུང་བར་འགྱུར་རོ། །དེར་ནི་རྒྱལ་པོ་འཆིབ་དང། ཡུལ་འཁོར་དུ་བྱས་པ་འཇིག་པར ་བྱེད་པའོ། །གང་གི་ཚེ་གློག་མུ་ཏིག་གི་འབྲས་བུ་ལྟ་བུར་མཛེས་ཤིང་སྣུམ་པའི་འོད་ཅན་སྤྲིན་གྱིས་དབུས་ན་འདུག་པ་ནི་བདེ་བ་དང། ལོ་ལེགས་པར་འགྱུར་བར་བསྟན་ཏོ། །འཇའ་ལྟས་ལ་གང་ཞིག་གི་ཚེ་གཞན་བདག་གིས་གྲོང་ཁྱེར་བསྐོར་བ་ན་འཇའ་བྱུང ་བར་གྱུར་ན། གྲོང་དེ་ཉིད་འཇིགས་པ་ཆེན་པོ་ཉེར་བར་གནས་པར་རིག་པར་བྱའོ། །ཡང་གང་དག་ཏུ་དམག་གིས་གྲོང་ཁྱེར་བསྐོར་བ་ན་ཉི་མའི་དཀྱིལ་འཇས་ཁེབས་པར་གྱུར་ན་དེ་ལ་སེར་བ་འཇིགས་པ་འབྱུང་བ་དང། དམག་ཚོགས་དེ་ལས་ཀྱང་གཙོ་བོ ་འཆི་བར་འགྱུར་བར་སྟོན་ཏོ། །གང་གི་ཚེ་དམག་གི་གཡུལ་ཤོམ་ཞིང་གོ་ཆ་གྱོན་པ་ན་འཇའ་ཉི་མའི་དཀྱིལ་འཁོར་དང་མཉམ་པར་གྱུར་བ་ནི་དེ་ནི་ཕྱོགས་གཉིས་ཀ་འཆི་བ་ཡིན་ནོ། །གང་དག་ཏུ་དམག་འགྱེད་བའི་གཡུལ་དུ་ཞུགས་ན་མདུན་ནམ ་གཡས་ནས་འཇའའབྱུང་བ་ནི་དེ་དག་གསོད་པར་སྦྲོན་པ་མིན་ནོ། །དབྱར་ག་འཇའའཁྱིམས་པ་མང་བ་དང། ས་གཡོ་བ་དང། ཟླ་བརྙན་དག་བྱུང་བ་དེའི་ཚེ་ཕ་རོལ་གཞན་གྱིས་འཇིགས་པ་དག་འབྱུང་བར་བྱེད་པའོ། །གང་དག་ཏུ་མཚན་མོ་འཇའ་ནམ་མཁའ་ ་ལ་མངོན་བར་བྱུང་ན་དེ་ནི་དགེ་བ་མ་ཡིན་ཏེ། ཕ་རོལ་གྱི་དམག་ཚོགས་འོང་བ་དང། ཡུལ་འཁྲུག་ཅིང་རྒྱལ་པོ་འཆི་བ་དང། ཡང་ན་རྒྱལ་པོ་སྨ་དབབ་པ་ལ་སོགས་པས་སྟོན་པས་ན་དབང་པོ་མཆོད་པ་བདེ་ལེགས་སུ་འགྱུར་བའི་ཆོ་ག་བྱས་ནས་ཡུལ་དེ་ནས ་གཞན་དུ་འགྲོ་བར་བྱའོ། །གང་གི་ཚེ་མཚན་མོ་ནམ་མཁའ་ལ་འཇའ་ཁ་དོག་དན་ཅིང་ཤིན་ཏུ་ཆེ་ལ་རེ་མོ་གསུམ་བྱུང་བ་དེའི་ཚེ་ནི་རྒྱལ་པོའི་དཀྱིལ་འཁོར་རྣམས་ལ་མྱུར་དུ་འཇིགས་པ་འབྱུང་ཞིང་གཞན་གྱི་དམག་ཚོགས་དག་གིས་ཀྱང་འཆི་བར་འགྱུར་བར ་སྟོན་པའོ། །གང་གི་ཚེ་འཕྲལ་དུ་ཉེ་བར་སྦྲུལ་པའི་འཇའ་རྟགས་མཐོང་ན་དེའི་གྲོང་ཁྱེར་འཇིག་པ་དང། ཡུལ་འཁོར་འཇིག་པར་རིག་པར་བྱའོ། །འོད་ལྟས་ལ་གང་གི་ཚེ་ནམ་མཁའ་ལ་འོང་ཀྱི་རྣམ་པ་གདུགས་དང། རྒྱལ་མཚན་དང། ཤིང་རྟའི་རྣམ་པ ་དག་དང། འཁོར་ལོ་དང་དུང་ལ་སོགས་པ་བཀྲ་ཤིས་ཀྱི་མཚན་མར་བྱས་པ་དག་དང། འོད་རལ་གྲི་དང་པདྨའི་དབྱིབས་ཀྱི་རྣམ་པར་དག་པ་བྱུང་བ་ནི་རྒྱལ་པོ་རྣམ་པར་རྒྱལ་བར་འགྱུར་བར་བསྟན་ཏོ། །ཡང་གང་དུ་འོད་ཀྱི་རྣམ་པ་མགོ་ཐོད་ལྟ་བུ ་དང། དབྱུག་ཏོ་དང། གཏུན་ཤིང་ད་།སྒྲོག་རུས་ལྟ་བུར་སྣང་བ་དག་གིས་ནི་རྒྱལ་པོ་དང་བཅས་པའི་ཡུལ་འཇིག་པར་བསྟན་ཏོ། །ཡང་གང་དུ་འོད་ཀྱི་རྣམ་པ་མགོ་ཐོད་ལྟ་བུ་དང། དབྱུག་ཏོ་དང། ཉ་དང། རུས་སྦལ་འདྲ་བ་དང། དེ་བཞིན་དུ་སྦལ ་པ་དང། ཉ་ཕྱིས་དང། ཆུ་སྲིན་ལྟ་བུ་དག་གིས་ཀྱང་འཇིགས་པ་ཆེན་པོ་འབྱུང་བར་སྟོན་ཏོ། །གློག་སྤྲིན་དང། འཇའ་གློག་དང། འཇའའོད་ལ་སོགས་པའི་ལྟས་ཀྱིས་ལེའུ་སྟེ་བཞི་པའོ།། །།ཕྱོགས་ཆ་བརྒྱད་པོ་དག ་ནས་འཕྲུག་གློག་ལ་སོགས་པ་འབྱུང་བའི་ལྟས་ལ་ཤར་ཕྱོགས་ལ་སོགས་པ་ཕྱོགས་ཆ་བརྒྱད་བོ་དག་ནས་འབྲུག་གློག་ལ་སོགས་པ་ཟེར་བ་ལས། དགེ་ངན་གྱི་ལྟས་སུ་ལྟ་བ་ནི་སོས་དང་པོ་དབྱར་ཟླ་འབྲིང་པོ་ཉལ་དབང་པོ་ཕྱོགས་ཀྱི་ནས་འབྲུག ་ཟེར་བ་ཐོས་ཤིང་དེ་ཉིད་དུ་རླུང་བྱུང། དེའི་ཚེ་ནི་ཆུ་ཆེན་པོ་ཆར་བ་འབབ་པར་འགྱུར་ཞིང་ལོ་ལེགས་པ་དང། བདེ་བ་དང་སྐྱེ་རྒུ་གག་དང། རྒྱལ་པོ་ལ་ནད་མེད་པར་འགྱུར་བས་སྔོན་གྱི་བསྟན་བཅོས་རིག་པ་རྣམས་ཀྱིས་བརྗོད་པ་ཡིན་ནོ། ་དེ་བཞིན་དུ་དབྱར་ཟླ་འབྲིང་པོ་ཞེས་ཀུན་ལ་སྦྱར་ཏེ། མེའི་ཕྱོགས་ནས་གལ་ཏེ་གློག་འབྱུང་ཞིང་རླུང་ཡང་འབྱུང་བར་གྱུར་ན། དེའི་ཚེ་མེའི་འཇིགས་པ་འབྱུང་ཞིང་ལོ་ཉེས་པ་དང། མི་ངས་དང་དེ་བཞིན་དུ་ཆོམ་རྐུན་གྱི་གནོད་པ་དང། རྒྱལ་པོ་ལ་མི ་དགེ་བ་དང། ནད་ཀྱིས་སློང་བ་ཉིད་དུ་འགྱུར་རོ། །གཤིན་རྗེའི་ཕྱོགས་སུ་གལ་ཏེ་གློག་དང་རླུང་དང་པོ་བྱུང་བར་གྱུར་ན་དེའི་ཚེ་ནི་རྒྱལ་པོ་དང་ཆོམ་རྐུན་གྱི་གནོད་པ་དང། མེ་དག་དང། ནད་དག་གིས་འཇིགས ་པ་དང། མུ་གེ་དང། མི་ངས་དང། མི་རྣམས་ཕན་ཚུན་གསོད་པ་དང། འཇིག་རྟེན་ལ་གནོད་པར་བྱེད་པ་སྤྱང་གི་དང། སྟག་ལས་གྱུར་བ་དག་ཀྱང་འབྱུང་བར་འགྱུར་རོ། །བདེན་བྲལ་གྱི་ཕྱོགས་སུ་གང་གི་ཚེ་གློག་དང་རླུང་འབྱུང་ཞིང ་འབྲུག་སྒྲ་ཡང་གྲག་པ་དེའི་ཚེ། ཆར་པ་ཆེན་པོ་འབབ་པར་འགྱུར་ཞིང། སྤྲིན་དག་ཀྱང་སྣང་ལ། འབྲུག་སྒྲ་ཡང་དྲག་ན་དབང་པོས་ཆར་ཉུང་དུ་འབེབས་པར་བྱེད་ཅིང་ལོ་ཏོག་འབྱུང་བར་མི་འགྱུར། བྱི་བ་དང་བྱེ་བ་ལ་སོགས་པ་དག་ཀྱང ་ཀུན་ནས་འབར་བར་འགྱུར་རོ། །ཆུ་ལྷའི་ཕྱོགས་སུ་གང་གི་ཚེ་གློག་དང་རླུང་འབྱུང་ཞིང་འབྲུག་སྒྲ་གྲག་པ་དེའི་ཚེ་ནི་ཆར་པ་ཆེན་པོ་འབབ་པར་འགྱུར་ཞིང། ལོ་ཏོག་ཐམས་ཅད་སྨིན་པ་དང། ལོ་ལེགས་པ་དང། བདེ་བ་དང། སྐྱེ་རྒུ་རྣམས་ལ ་ནད་མེད་པ་ཉིད་དང། དེ་བཞིན་དུ་ཆོས་ཀྱི་བློ་འབྱུང་བར་ཡང་འགྱུར་རོ། །རླུང་གི་ཕྱོགས་སུ་གང་གི་ཚེ་གློག་དང་རླུང་བྱུང་ཆེན་པོས་ཉམས་པའི་ཆར་མི་འབབ་པ་དང། ལོ་ཏོག་སྐྱེ་བར་ཡང་མི་འགྱུར། །རླུང་ནད་རྣམས་ཀྱང་འབྱུང་ཞིང་དེ ་བཞིན་དུ་མིག་ནད་ཀྱང་འབྱུང་བ་དང་འཇིག་རྟེན་ལ་གནོད་པར་བྱེད་པ་ཐམས་ཅད་འབྱུང་བར་འགྱུར་རོ། །ཞེས་རྣམ་པར་བཤད་པར་ཀུ་བེ་རའི་ཕྱོགས་ནས་གང་གི་ཚེ་གློག་དང་རླུང་བྱུང་བ་དེའི་ཚེ་དབང་པོས་ཟླ་བ་བཞིན་དུ་རྟག་ཏུ་ཆར་འབེབས ་ཤིང་འབྲུ་ལ་སོགས་པ་ལོ་ཏོག་ཕུན་སུམ་ཚོགས་པ་དང། མེ་ཏོག་དང་འབྲས་བུ་ལ་སོགས་པ་ཕུན་སུམ་ཚོགས་པ་དང། རྒྱལ་པོ་རང་གི་ཆོས་ཁོ་ན་ལ་གནས་ཤིང་ཆོས་དང་ལྡན་པ་དང། སྐྱེ་རྒུ་ཐམས་ཅད་ཆོས་ལ་དགའ་ཞིང་ཕན་ཚུན ་ཕན་པར་འདོད་པ་ལ་དགའ་རངས་པ་དང། བ་དང་བཞོན་གྱི་རྣམས་ཀྱང་འོ་མ་མང་བར་འགྱུར་རོ། །དབང་ལྡན་གྱི་ཕྱོགས་སུ་དབྱར་ཟླ་འབྲིང་པོ་ཉ་བའི་ཚེ་གློག་དང། དེ་བཞིན་དུ་རླུང་བྱུང་བར་གྱུར་ཅིང་སྦྲིན་སྒྲ་བྱུང་བར་ཡང་གྱུར་པ་དེའི་ཚེ་ནི་ཆུའི་ཆར ་ཆེན་པོ་འབབ་པར་འགྱུར་བ་དང། བདེ་བ་དང་ནད་མེད་པ་དང། ལོ་ལེགས་པ་དང། ལོ་ཏོག་ཕུན་སུམ་ཚོགས་པ་དང། སྐྱེ་རྒུ་རྣམས་ནད་མེད་ཅིང་ཕན་ཚུན་བྱམས་པས་རྣམ་པར་འབྲེལ་བ་ཅན་དུ་འགྱུར་བ་དང། རྒྱལ་པོ་རྣམ་པར་རྒྱལ་བ་དང། དེ ་བཞིན་དུ་ཡམས་ཀྱི་ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར་ཞིང། ས་ལས་སྐྱེས་པ་ཐམས་ཅད་ཀྱི་མེ་ཏོག་དང། འབྲས་བུ་ལ་སོགས་པ་ཡང་འབྱུང་བར་འགྱུར་རོ། །དབྱར་ཀ་འབྲུག་གི་སྒྲ་གྲག་ཏུ་ཡང་འབྱུང་ན་སྒྲ་བརྙན་གྱིས་ཉམས་པའི་སྒྲ ་གནམ་ལྔ་བུ་དང་བཅས་པ་གྲག་པ་དེར་ནི་ལུས་ཅན་རྣམས་ལ་ཤིན་ཏུ་དམན་པར་འགྱུར་བར་བསྟན་པའོ། །ས་ཀའི་དུས་སུ་ཕྱོགས་བརྒྱད་ནས་འབྲུག་གློག་དང་རླུང་ལ་སོཌ་པ་ལྡང་བའི་ལྟས་ཀྱི་ལེའུ་པའོ།། །།བར ་སྣང་ལ་བྱུང་བའི་ལྟས་གང་གི་ཚེ་སྐར་མདའི་ཆར་པ་འབབ་པ་དང། ཁྲག་གི་ཆར་པ་དང། མར་དང། འབྲུ་མར་དང། ཞག་གི་ཆར་པ་བབ་ན་རྒྱལ་པོ་དང་བཅས་པའི་གྲོང་ཁྱེར་འཇིག་པར་འགྱུར་རོ། །ཁྱིམ་གང་དུ་སོལ་བའི་ཆར་པ་འབབ་ཅིང། ་ཕུབ་མ་དང། སྒྲ་དང་འདྲེས་པའི་རྡུལ་ལྷུང་བ་དང། བྱེ་མའི་ཆར་བབ་པར་གྱུར་བ་དེ་མྱུར་དུ་འཇིག་པར་མངོན་པར་ཤེས་པ་དག་གིས་བརྗོད་དོ། །གང་དུ་འབྲུ་མར་གྱི་ཆག་ཆག་དང། མར་གྱི་ཐིགས་པ་ལྷུང་ཞིང། བོད་བ་ལ་སོགས་པ་ཡི་དགས ་ཀྱིས་བྱུང་བའི་ཉེས་པ་རྣམས་འབྱུང་བར་གྱུར་ན་ཡུལ་འཁོར་དང་གྲོང་ཁྱེར་དང་ཁང་པ་དང། དེ་བཞིན་དུ་བ་ལང་རྫིའི་གནས་དེར་རབ་ཏུ་འཇིག་པར་འགྱུར་རོ། །ཡང་མཆོད་རྟེན་དང། སྐྱེ་ཤིང་དང། སའི་ཕྱོགས་དག་ཏུ་ཁྲག་གིས་ཆག་ཆག་དང་ ་ཤ་དང་རུས་པའི་དུམ་བུ་མགོ་ཐོང་དང་སྐྲ་ཤད་ལ་སོགས་བས་མངོན་དུ་གང་བྱ་དེ་དག་ཏུ་ནི་ངེས་པར་ཉེ་འཁོར་གྱི་སྐྱེ་བོ་སྐལ་པ་ཟང་བའི་ལྟས་སུ་བསྟན་པ་ཡིན་ནོ། །རྡོའི་ཆར་པ་ལ་གང་དུ་རྡོ་བིམྦ་དང། ཨུ་དུམ་བར་ལྟ ་བུ་དང། ཀ་པི་ཏའི་འབྲས་བུ་དག་བབ་པ་དེར་ནི་འཇིགས་པ་ཆེན་པོ་འབྱུང་བར་སྟོན་ཏོ། །རྡོ་འབྲས་ས་ལུའི་ཆོག་མ་འདྲ་བ་དང། བྲ་གོའི་རུས་པ་ལྟ་བུ་དག་ནི་ལོ་ལེགས་པ་དང་བདེ་བར་འབྱུང་བསྟན་ཏོ། །རྡོ་དཀར་པོ་རྒྱ་ཤུག་གི་འབྲས་བུ་ལྟ་བུ་དང། ་ར་རུ་རའི་ཚིག་གུ་ལྟ་བུ་དག་བབ་པ་ནི་སྐྱེ་རྒུ་རྣམས་བདེ་བའི་རྒྱུར་འགྱུར་རོ། །རྡོ་ཤེལ་དང། ཤེལ་རྡོ་ལྟ་བུ་དང། མེ་ཏོག་ཀུན་ད་དང། འོ་མ་ལྟར་སྣུམ་བ་དང། ཟླ་བའི་མདོག་ལྟར་གསལ་བ་དག་ན་མི་རྣམས་བདེ་བར་བྱེད་བའོ། །གང་གི་ཆ་? ་བ་འཚུབ་མ་དང། ཁ་ཆོལ་དང་བཅས་པ་དང། མེ་ལྟ་བུ་དག་དང། རྡུལ་དང་བཅས་པ་དང། ས་ག་བར་ཡང་གྱུར་བ་དེར་ནི་རྒྱལ་པོ་ཀུན་འཁོར་དང་བཅས་ཏེ་འཇིག་པར་སྟོན་ཏོ། །ཡང་བར་སྣང་ལ་སེར་བ་བབ་ནས་རྡོ་དང་མཚོན་ཆ་ལྟ་བུའི་རྣམ ་པ་དག་འབྱུང་བར་འགྱུར་ན་དེ་ནི་སྐྱེ་བོ་ལ་རིང་བོ་མི་ཐོགས་པར་འཇིགས་པ་འབྱུང་བར་བསྟན་ཏོ། །གལ་ཏེ་སེར་བ་དྲག་ཏུ་ཆུའི་ནང་དུ་བབ་བ་ལས་ནི་བདེ་བ་དང། ལོ་ལེགས་པ་དང། རྒྱལ་པོ་རྣམས་རྣམ་པར་རྒྱལ་བར་འགྱུར་ཏེ། འབྲས་བུ་ཟླ་བ་དྲུག ་ན་སྟོན་པར་བརྗོད་དོ། །ཡང་གང་གི་ཚེ་དབྱར་ཀ་ཕྱོགས་རབ་ཏུ་ཚ་བར་གྱུར་ལ་གནམ་ཕྲུམ་བར་གྱུར་ན་རྒྱལ་པོ་དང་བཅས་པའི་སྐྱེ་བོ་མྱུར་དུ་གསང་བར་བྱེད་དོ། །ཉན་པར་རྟག་ཏུས་ཕྱོགས་དག་ཏུ་གནམ་གྲུམ་པའི་སྒྲ་བྱུང་བ་དེར་ཡང་ཡུལ་འཇིག ་པའི་རྟགས་ཡིན་ཏེ། རྒྱལ་པོ་ཡང་འཆི་བར་སྟོན་པའོ། །གང་ལྷོ་ཕྱོགས་སུ་གནམ་གྲུམ་སྤྲིན་དང་སྒྲ་སྙན་པ་འབྱུང་ཞིང། རླུང་རྩུབ་བ་དག་ལངས་པར་གྱུར་པ་དེ་ནི་སྐྱེ་དགུ་རྣམས་བདེ་བར་མི་འགྱུར་བར་སྟོན་པའོ། །ཡངས་གཡོ་བ་གནམ་གྲུམ ་དང་བཅས་པར་འབྱུང་བ་དེའི་ཆེ་ནི་ངེས་པར་རྒྱལ་པོ་འཆི་བར་འགྱུར་རོ། །ཡང་ས་གཡོ་བ་དང། གནམ་གྲུམ་པ་ལྷན་ཅིག་ཏུ་བྱུང་བའམ། ཡང་སྐར་མངའ་ཆེན་པོ་ཕྱོགས་གང་དག་ཏུ་འགྲོ་བའི་ཕྱོགས་དེར། ནད་དང་མུ་གེ་ལས་གྱུར་བ་ཉམ་ཐག ་དང་བཅས་པའི་འཆི་བ་རྒྱུག་པར་སྟོན་པའོ། །གང་དུ་མེ་དང། ཁུག་རྣ་དང། སྤྲིན་གྱི་གནོད་པ་རྣམས་མེད་པར་རྡུལ་གྱི་ཁྲིམ་གཉེར་དག་གིས། ནམ་མཁའ་ཀུན་ཏུ་ཁེབས་ཤིང། ཉི་མའི་འོད་ཟེར་ཡང་ཟིལ་གྱིས་གནོན་བར་བྱེད་བ་དེའི་ཚེན་རྒྱལ་པོ་རྣམས ་ངེས་པར་འཆི་བར་འགྱུར་བ་ཡིན་ནོ། །གང་དུ་ཉིན་ཅིག་བཞིན་དུ་ཚུབ་མས་ཀུན་ཏུ་སླང་བའི་རྡུལ་རེང་བུས་ནམ་མཁའ་དང་ཕྱོགས་ཐམས་ཅད་ཀུན་ཏུ་ཁེབས་པར་གྱུར་པས་ནི་རྒྱལ་པོ་འཆི་བར་འགྱུར་ཞིང། །སྐྱེ་བོ་རྣམས་ཀྱང་འཆི་བར་འགྱུར་རོ། །བར་སྣང ་ལས་སྒྲ་ཆེན་པོ་འབྱུང་དམ་ས་ཕྱོགས་འབྱུང་ཡང་རུང་སྟེ། གང་དག་མི་སྙན་པ་དང། མི་མཐུན་པ་དག་གི་སྒྲ་བྱུང་བ་དེ་ནི་ཕན་ཚུན་གསོད་པ་དང། འཐབ་བ་དང། མི་མཐུན་པར་གྱུར་བ་དག་གི་རྒྱུར་བསྟན་ཏོ། །གང་གི་ཆོ་གཟུགས་མི་སྣང་བར་སྲོག ་ཆགས་རྣམ་པ་ཐ་དད་པའི་སྐྲ་བྱུང་ན། སྡུག་བསྔལ་བར་དྲག་པ་དེའི་ཚེ། རང་གི་ཡུལ་འཁོར་དུ་བྱས་བའི་རྒྱལ་པོ་འཆི་བར་འགྱུར་།ནད་དང་མུ་གེ་དང། གནོད་པར་ཡང་འགྱུར་ཞིང། འཇིག་རྟེན་ཡང་ཟད་པར་འགྱུར་དེ་རྒྱལ་སྲིད་ངན་པས ་ཀྱང་བརླག་པ་དང། བུ་སྨད་དང་ཡང་བྲལ་བར་འགྱུར་རོ། །བར་སྣང་ལས་བྱུང་བའི་ལྟས་ཀྱི་ལེའུ་སྟེ་དྲུག་པའོ།། །།ཕྱི་རོལ་འབྱུང་བ་ཆེན་པོའི་ལྟས་ལ་གང་གི་ཆོ་ཤིང་ལྗོན་པ་དང། གེལ་བ་དག་ལས་དུས་དང་མི་ལྡན་བར་འབྲས་བུ ་བྱུང་ན་རྒྱལ་པོའི་ཡུལ་ཕྱོགས་སུ་གཏོགས་པ་གསོད་བར་འགྱུར་རོ། །ཡང་གང་གི་ཚེ་མཆོད་སྦྱིན་གྱི་ཤིང་དང། ལྷ་རྟེན་བྱས་པ་དང། དག་དང་བཟུགས?་ལ་སོགས་བ་ཤིང་སྐམ་པོ་དག་ལས་ལམ་སྐྱེ་བར་བརྩོལ་བ་ནི་རྒྱལ་པོ་འཆི་བའི་ལྟས་དང། དེ་བཞིན་དུ་སྐྱེ་བོ?་དག ་འཁྲུག་པའི་ལྟས་སུ་བསྟན་ཏོ། །ཡང་ཡུལ་དང། གྲོང་དང། གྲོང་ཁྱེར་གང་དག་ཏུ་ཤིང་དང། ཤིང་ལྗོན་བདག་ལས་མེ་ཏོག་དང་འབྲས་བུ་ཕྱིན་ཅི་ལོག་ཏུ་སྐྱེས་པར་གྱུར་ན་དེ་ནི་བདག་པོ་འཆི་བའི་རྟགས ་ཡིན་ནོ། །གང་གི་ཚེ་སྔ་དྲེ་འདུས་སུ་ཤིང་དང། མིའི་གྲིབ་མར་ཤར་ཕྱོགས་སུ་གནས་པར་གྱུར་པ་དང། ཕྱི་དྲོ་ཡང་མི་དང་ཤིང་གི་གྲིབ་མ་ནུབ་ཕྱོགས་སུ་གནས་པར་གྱུར་ན་རྒྱལ་བོ་འཆི་བར་འགྱུར་རོ། །ཆུ་ཟབ་མོ་དང་ཁྲོན་བ་དང། རྫིང་དང ་མཚོ་ལ་སོགས་པར་སྲོག་ཆགས་ཆུ་ན་རྒྱུ་བ་རྣམས་གང་དུ་བསྐམས་པ་དེར་ནི་རིང་པོ་མི་ཐོགས་པར་སྐྱེ་བོ་འཇིགས་པར་འགྱུར་ཞེས་བསྟན་ཏོ། །རླུང་མེད་པར་གློ་བུར་དུ་ཁྲོན་པ་དང་རྫིང་རྣམས་ཀྱི་ཆུ་དག་ཀུན་འཁྲུག་པར་འབྱུང་བ་གང་ཡིན་པ་དེར ་ནི་རྒྱལ་པོ་དང། ཡུལ་དང་ཡུལ་འཁོར་ལ་མི་དགེ་བར་བསྟན་ཏོ། །གང་དུ་རླུང་མེད་པར་གློ་བུར་དུ་གྲོང་གི་ཉེ་འཁོར་དུ་འཇུག་བའི་ཤིང་ལྗོན་པ་ཨ་ཤྭདཐ་དང། བ?་ཏ་ལ་སོགས་པ་རྩ་བ་ཟུག་བརྩབ་ནས་འགྱེལ་བར་གྱུར་ན་བགྲོང་དེ་འཇིག་པར ་འགྱུར་རོ། །ཡང་རླུང་མ་ལངས་པར་ཡང་ཐོག་ལྷུང་བ་དང། ལུས་མི་སྣང་བར་ཚིག་མི་སྙན་པ་ཟེར་པ་དང། ཤ་ཟ་མོའི་ལས་འབྱུང་བ་ནི་འཕྲལ་དུ་རྒྱལ་པོ་ལ་འཇིགས་པ་འོང་བར་བསྟན་ཏོ། །གལ་ཏེ་གློ་བུར་དུ་གདུགས་ཀྱི་ཤིང་དང། ཁྲི་དང་ཁྲིའུ ་དང། ཁང་བའི་སྲོག་རྟེན་གྱི་ཤིང་དང། དེ་ལྟ་བུའི་རྣམ་པ་དག་གི་ཤིང་རྡོ་ཆག་གྲུམས་སུ་གྱུར་བ་དག་ནི་དེ་དག་གི་བདག་ལ་འཆི་བར་སྟོན་ཏོ། །ཡང་ངེས་པར་རྒྱལ་པོ་འཆི་བར་འགྱུར་བའི་ཚེ་ནི་རླུང་དྲི་ད་བ་དང། ཟས་བསུངས་བ་ལྟ་བུའི་དྲི་དང། ་ཁྱི་དང། བྱ་དང། ཕྱི་ལ་དང། གོང་བུ་ལ་སོགས་པའི་དྲི་དང། དེ་བཞིན་དུ་བྱེ་མ་བལྟ་བུའི་དྲི་འབྱུང་བར་འགྱུར་རོ། །ཡང་རྒྱལ་པར་ཆི་བའི་ཆོ་ནི་རྒྱལ་མཆན་གྱི་རྩེ་མོ་དང། རྟ་བབས་དང། སྒོ་གང་དག་ཏུ་སེར་བ་འབབ་ཅིང་མེ་མོས་བར་ཡང་མེ་མདའ ་ལྷུང་བར་འགྱུར་རོ། །རྩེད་མོ་དང་རོལ་མོའི་སྒྲ་མི་སྙན་པ་དང་མཚོན་རྣམ་པ་སྣ་ཚོགས་མི་མཛེས་བར་གྱུར་བ་ནི་ཡུལ་འཁོར་དག་ཏུ་འཇིགས་པ་འབྱུང་བའི་ལྟས་ཡིན་ནོ། །གང་དུ་མཚོན་རྣམས་འགུལ་བ་དང། རལ་གྲི་ཤུབས་དང་བྲལ་བར་གྱུར་པ་དང ་གཞུ་མ་བདུངས་པར་གྱུར་ན་དེ་ནི་ངེས་པར་དམག་མི་བཟད་པར་འགྱུར་བར་སྟོན་ཏོ། །གང་གི་ཚེ་ཕྱོགས་ཐམས་ཅད་དུ་ཉིན་མོ་འམ། མཚན་མོ་ཡང་རུང་སྟེ། ནགས་ཀྱི་མེ་སྣང་བར་གྱུར་བ་དེ་ནི་ལོ་ཉེས་པ་དང། སྐྱེ་བོ་ཉེས་བར་འགྱུར་རོ། །ཉིན་མོ་འམ་ཡང ་ན་མཚན་མོ་ཡང་རུང་སྟེ་ནམ་མཁའ་སྤྲིན་གྱིས་ཀུན་ཏུ་ཁབས་བ་ན་ཕྱོགས་ཚ་བར་གྱུར་བ་དེའི་ཚེ་ནི་རྒྱལ་པོ་གསོད་པར་འགྱུར་རོ། །གལ་ཏེ་དགུན་ནི་དྲོ་བར་གྱུར་ལ་སྤྱིད་ནི་དྲང་བར་གྱུར་ན་ལུས་ཅན་རྣམས་ཀྱིས་ཉེས་པ་དང་འཆི་བར་འགྱུར་རོ། །དབང་པོས་ཀྱང ་ཆར་ཉུང་དུ་འབེབས་པ་དང། དུས་འཆོལ་བར་ཡང་འགྱུར། འཇིགས་བར་བྱེད་བའི་ཆོས་རྐུན་རྣམས་ཀྱིས་ཀྱང་ལོ་ཏོག་ཆུང་གསོན་པར་འགྱུར་རོ། །ཕྱི་རོལ་འབྱུང་བ་ཆེན་པོ་དག་གི་ལྟས་ཀྱི་ལེའུ་སྟེ་བདུན་བའོ།། །།སྲོག་ཆགས་ཀྱི ་ཚིག་ཏུ་སྨྲ་བ་མེད་པ་ཀུན་གྱི་ལྟས་ལ་ཁྱི་རྣམས་འདུས་ཏེ་ཁ་གྱེན་དུ་བལྟས་ནས་ཡང་དང་ཡང་དུ་ངུ་བར་བྱེད་པ་དེ་ནི་ཡུལ་འཕོ་བར་བྱེད་པར་འགྱུར་རོ། །ཡང་ཉི་མ་འཆར་བ་འམ་ནུབ་པ་ཁོ་ནའི་ཚེ་ཁྱི་དག་ཕྱི་རོལ་ཏུ་ཁ་གྱེན་དུ་བལྟས་ཏེ་དུ་བར་བྱེད་ན་ཡུལ་རྣམས ་འཇིག་པའི་རྒྱུ་ཡིན་ནོ། །ཡང་ལྷ་ཁང་དང། ལམ་པོ་ཆེ་དང། རྒྱལ་པོའི་ལམ་དང། ལམ་གྱི་བཞི་མདོར་ཁྱི་ཁ་གྱེན་དུ་བལྟས་ཏེ་དུ་བར་བྱེད་ན། དེ་ཆོམ་རྐུ?་དང། མེའི་འཇིགས་བ་འོང་བར་སྟོན་པ་ཡིན་ནོ། །ཡང་ཁྱི་དང་བྱ་རོག་རྒྱལ་བའི་ལམ་དང་ལམ་གྱི ་བཞི་མདོར་མ་དུས་གཅིག་ཏུ་འདུས་ནས་གལ་ཏེ་སྒྲ་ཆེན་པོ་འབྱིན་པར་བྱེད་བ་དང། ཅི་དགར་འགྲོ་བར་བྱེད་པ་ནི་ཕ་རོལ་གྱི་དམག་ཚོགས་འོང་བ་ཡིན་ནོ།།གང་གི་ཚེ་བྱ་དོག་དང། བུད་བ་དང། སྤང་བུ་རྣམས་ར་བ་གྲོང་ཁྱེར་གྱི་སྦོ་དང་ཐ་དང། ལམ་? ་བཞི་མདོར་སྦྲང་རྩི་ཚང་དུ་བྱེད་བར་གྱུར་ན་གློ་བུར་གྱི་འཇིགས་པ་དང། རྒྱལ་པོའི་འཇིགས་པ་འབྱུང་བར་རིག་པར་བྱའོ། །དེ་བཞིན་དུ་དང་ར་དང་ཁྱམས་ཀྱི་མདུན་དག་ཏུ་ཡང་དེ་ལྟ་བུར་སྣང་ནང་བཞིན་དུ་འཇིཌ ་པ་འབྱུང་བར་རིག་པར་བྱའོ། །དེ་ལ་གློ་བུར་གྱི་འཇིགས་བ་འོང་ཞེས་བྱ་བ་ནི་ཕ་རོལ་གྱི་དམག་ཚོགས་འོང་བ་དང། མེ་དང་ཆོམ་རྐུན་གྱི་འཇིགས་པ་དག་འབྱུང་བར་སྟོན་པ་ཡིན་ནོ། །ཡང་གང་དུ་སྲེག་ཆགས་ཕྲ་མོ་དག་ལ་ལ་རབ་དང། གྲོང་ཁྱེར ་གྱི་སྒོ་དང། ཡང་ཐོག་དང། སྒོ་གང་ལ་འཕྱང་མོ་ཉུག་ཅིང་འཛེག་པར་སྣང་བ་དེར་ནི་ཕ་རོལ་གྱི་དམག་ཚོགས་ཀྱིས་རིང་པོ་མི་ཐོགས་པར་གྲོང་ཁྱེར་མྱུར་དུ་འཇིག་པར་འགྱུར་རོ། །གང་གི་ཚེ་ཁྱི་དང། ཁ་དང། བྱི་ལ་ལ་སོགས་པ་དང། བྱ་སྣ ་ཚོགས་དག་དུས་མཚུངས་མེད་པར་འཁྲིག་པ་དང་ལྡན་བའི་ཚེ་ནི་རྒྱལ་པོ་དང་ཡུལ་རྟག་ཏུ་འཇིག་པར་བསྟན་པ་ཡིན་ནོ། །དེ་བཞིན་དུ་མི་དང། རྟ་དང་རྔ་བོང་དང། བོང་བུའི་རིགས་དང། བ་ལང་མོ་དང། བྱ་དང། རི་དགས་རྣམས་དང། ཁྱི་དང་ཁྱི་བ ་དང། སྤྲུལ་དག་དང། སྲོག་ཆགས་ཕྲ་མོ་གཞན་དག་གི་ཡང་མངལ་ཕྱིན་ཅི་ལོག་ཏུ་གྱུར་བ་དེ་ནི་ཡུལ་རྣམས་འཁྲུག་པ་དང། རྒྱལ་པོ་ཡང་འཆི་བར་འགྱུར་རོ། །ཡང་གང་དུ་བྱ་དང། རི་དགས་ཀྱི་རིགས་རྣམས་དང། ཁུང་ན་ཉལ་བ་རམས་ལོག ་པར་འཁྲིག་བ་དང་ལྡན་པར་སྨྲ་བ་དེ་ནི་རྒྱལ་པོ་འཆི་བར་འགྱུར་རོ། །བྱ་རོག་གི་གཤོག་པ་དཀར་པོར་མཐོང་ན་མི་དགེ་བ་ཡིན་ཏེ། ཡུལ་དེ་ནས་འགྲོ་བར་བྱེད་དོ། །དེ་བཞིན་དུ་བྱ་རྒོད་ལ་སོགས་པའི་གཤོག་པ་ལྷུང་བར་མཐོང་བ་དང། ལྦ?་ངལ་མི ་སོས་པར་བརྒྱལ་བར་བྱེད་བ་དེ་ནི་ཡུལ་གྱི་བདག་པོ་རྒྱལ་པོ་དག་འཆི་བའི་ལྟས་སུ་བསྟན་ཏོ། །ཡང་གང་གི་ཚེ་གྲོང་ཁྱེར་དུ་?་ཚོགས་འདུས་ནས་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་འདོད་པ་དེ་ནི་ངེས་པར་གྲོང་ཁྱེར་གྱི་སྐྱེ་བོ་མེད་པར་འགྱུར་རོ། །ཝ་ཤིང་སྟེང་དུ ་འདུག་གམ། ར་བ་དང་སྒོ་ཁང་དང། ཁྱིམ་དུ་འདུག་སྟེ་སྒྲ་ཆེན་པོ་འབྱིན་ཅིང་ཤིན་ཏུ་འཇིགས་བར་སྦྲོན་པ་དང། ཝ་ཉི་མ་ལ་ཁ་བལྟས་ཏེ་རིངས་ཐབས་སུ་འདུག་ནས་སྐད་གྲག་ཏུ་འབྱིན་པ་དེ་ནི་དམག་འབྱུང་བར་བཤད་པར་བྱའོ། །ཤིང་མཐོན་པོ་འམ ་ཁང་སྟེང་མཐོན་པོ་འམ། མཛོད་མང་པོར་འདུག་སྟེ། ཁ་ཉི་མ་ལ་བལྟས་ནས་ཝ་?་དྲག་ཏུ་འབྱིན་བ་ནི་མི་ལས་གྱུར་བ་དང། རྒྱལ་པོ་ལས་གྱུར་བའི་ཉེས་པ་འབྱུང་བར་བྱེད་དོ། །ཁྭ་འདུས་བས་སལ་མཆུ་བཙུགས་ཏེ་ཅང་མི་?་བར་སྐད་ཅིག་འདུག་ནས ་འདུས་ཏེ་གང་གི་ཚེ་ནམ་མཁའ་ལ་འཕུར་པ་དེའི་ཚེ་དམག་གིས་འཚོ་བ་རྣམས་ལ་ཤིན་ཏུ་ཁྲག་འབྱུང་བར་འགྱུར་རོ། །ཁྭ་ཁྭ་འཐབས་ཤིང་སྐད་འབྱིན་པའི་ཚོགས་རྟག་ཏུ་འབྲེལ་བ་གང་ཡིན་པ་དེ་ནི་གལ་ཏེ་ཁྱིམ་མ་མ། གྲོང་ཁྱེར་རམ། ཡུལ་འཁོར་དང། ཡུལ་དང་བ་ལང ་རྫིའོ་གནས་འཇིག་པར་འགྱུར་བ་བརྗོད་པར་བྱའོ། །ཁྭ་ས་ལ་མཆུའི་རྩེ་མོ་བཏབ་སྟེ། སྐད་མི་བཟང་པ་མི་གསལ་བའང་འབྱིན་པ་དེ་རིན་དེའི་ཚེ་ཤིན་ཏུ་འཇིགས་པ་ཆེན་པོ་འབྱུང་བར་བསྟན་ཏོ།། ཤར་བའི་བྱའི་མཆུའི་རྩེམོ་ལས་གང་དུ་ཤ་ལྷུད་དེར། ་ནི་གློ་བུར་དང་རྒྱལ་པོ་ལས་གྱུར་བའི་འཇིགས་པ་ཆེན་པོ་འོད་བར་བསྟན་ཏོ། །གང་དུ་རི་དྭགས་ཁ་ཉི་མ་ལ་གྱིན་དུ། ལྟས་ཏེ། མི་དགའ་ཞིང་མཐོང་བར་བྱེད་ན་ཡུལ་གྱི་སྐྱོ་བོ་སྒྲུངས་སུ་ཟིན་ཀྱང་སེམས་ཅན་གཞན་དག་གིས་འཇིགས་པར་གྱུར་པ་དེར་ནི་རྒྱལ་པོ ་ལ་བརྙས་པ་མཐོང་བར་འགྱུར་རོ། །གང་རུ་ཝ་ཉིན་བར་ཉི་མ་བལྟ་ཞིང་ཡང་དང་ཡང་དུ་སྐད་དྲག་པོ་འབྱིན་པ་དང། མཚན་མོ་གཟའ་རྣམས་ལ་ལྟ་བར་བྱེད་ཅིང། བརྒྱལ་བའི་ཚོ་ནི་ངེས་པར་རྒྱལ་བོ་འཆི་བར་འགྱུར་རོ། །བྱ་རྐོད་དང་བྱ་གླགས་དང། ཆུ་ནས་སྐྱེས ་བའི་བྱ་དང། ཁྭ་དང། ཐི་བ་དང། ཟས་སུ་ཤ་ཟ་བ་གཞན་དག་རྒྱལ་མཚན་གྱི་རྩེ་མ་དག་དང་ཁང་སྟེང་དུ་འདུག་པ་ནི་ཚེ་ཟད་བར་འགྱུར་བར་མངོན་པར་ཤེས་པ་དག་གིས་རབ་ཏུ་བརྗོད་དོ། །གལ་ཏེ་ཉི་མ་ཕྱེད་བའི་གླང་པོ་ཆེ་དང། བ་ལང་གི་གནས ་རྟའི་བྲེས་སུ་འུག་པ་སྣང་ལ་ཕྱུགས་དག་ལ་ཡང་བཞོན་བར་གྱུར་བ་ནི་ངེས་པར་རྒྱལ་པོས་འཇིགས་པ་འབྱུང་བར་བསྟན་ཏོ། །ཡང་གང་གི་ཚེ་གླང་པོ་ཆའི་ལག་པའི་རྩེམོས་ཁྲག་སྐྱུག་པར་བྱེད་པ་དང། གླང་བོ ་ཆེ་མཆོག་གི་མཆེ་བ་ཆག་པ་དང། རྟ་རྣམས་ཁ་ངལ་བར་གྱུར་པ་ནི་རྒྱལ་པོ་འཇིགས་པ་འབྱུང་བའི་རྒྱུར་བསྟན་ཏོ། །གང་དུ་པདྨའི་འདབ་མ་བཏིང་བ་དག་ཏུ་བྱ་རོག་རྣམས་རྩེ་བར་བྱེད་ཅིང། ཐད་ལ་ཡང་བྱ་ཀ་ལན་ཏ་དང། ངང་པའི་ཆགས་དག་རྩ ་བར་བྱེད་ན་ཁྱིམ་མ་མ་གྲོང་ཁྱེར་དེ་འཇིག་བར་འགྱུར་རོ། །སྲོག་ཆགས་ཚིག་ཏུ་སྨྲ་བ་མེད་པ་རྣམས་ཀྱི་ལྟས་ཀྱི་ལེའུ་སྟེ་བརྒྱད་པའོ།། །།ཆར་ལྟས་ལ་སྤྲིན་གྱི་གཟུགས་རིའི་རྣམ་པ་ལྟ་བུ་དག་དང། ཕག་དང། ཆུ་སྲིན་ལྟ ་བུ་དག་དང། སྦལ་བ་དང། གླང་པོ་ཆེའི་གཟུགས་ལྟ་བུ་དག་དང། རིལ་བ་དང། བུམ་པ་ལྟ་བུ་དག་དང། སེང་གེ་དང་སྟག་དང་གླང་པོ་ཆེའི་བཞིན་དུ་ལྷའི་སྦྱིན་དག་གིས་ཁེབས་བའི་ཉི་མ་ནི་མོད་ལ་ཆར་བ་འབབ་བར་བརྗོད་པར་བྱའོ། །ལྡོང་རོས་ཀྱི་མདག ་ལྟ་བུ་དང། དེ་བཞིན་དུ་མཚལ་ལྟ་བུ་དང། ནེ་ཙོ་ལྟར་སྣང་བའི་མདོག་དང། ཉ་བའི་སྤྲིན་དག་གིས་ཆར་བ་འབེབས་པར་ཡང་བདག་པར་བསྟན་པར་བྱའོ། །པདྨའི་འདབ་མ་ལྟ་བུ་དང། དེ་བཞིན་དུ་རྡོ་སྤུངས་བ་ལྟ་བུའི་སྤྲིན་གྱིས་ཉི་མ་དང་ཟླ་བའི་གཟུག ་ཁབས་བར་གྱུར་བ་དེ་ནི། དེའི་ཚེ་ཕྱོགས་སུ་འོད་ཆེན་པོ་འབྱུང་བར་འགྱུར་བའི་ཆར་པ་འབབ་པར་བསྟན་པར་བྱའོ། །གང་གི་ཚེ་ནམ་མཁའ་ཡན་ལག་ཐམས་ཅད་སྤྲིན་གྱི་ཐབས་བོར་?་ནས་གདུགས་ལྟ་བུའི་གློག་འབྱུང་བར་བྱེད། འབྲུག་སྒྲ ་རིང་དུ་འདོད་དགའ་འབྱུང་བ་དེའི་ཚེ་ནི་ས་ཆུས་ཤིན་ཏུ་གང་བར་འགྱུར་རོ། །ཡང་གང་གི་ཚེ་སྤྲིན་ཨི་ཤ་ནིའི་ཕྱོགས་དང། ཤར་དང་བྱང་གི་ཕྱོགས་ནས་བྱུང་སྟེ། རིང་ཞིག་བརྟན་པའི་སྒྲས་འབྲུག་ཟེར་བ་དེའི་ཆེ་ཡང་གཅིག་ཏུ་ས་ཆུ་དང་ལྡན་པར ་འགྱུར་རོ། །ཡང་ཟླ་བ་ཡར་གྱི་ངོ་དང་མར་གྱི་ངོ་ཡན་རུང་སྟེ་གཟའ་ཐམས་ཅད་འབྱུང་ཞིང་འདུ་བའི་སྤྲིན་དེ་དག་ནི་ཆར་འབབ་པར་བྱེད་དེ། འདི་ནི་སྔོན་གྱི་ལུད་ཤེས་པ་དག་གིས་བསྟན་པ་ཡིན་ནོ། །གང་གི་ཚེ་དགུན་ཟླ་འབྲིང་པོར་གྱུར་བ་ན་སྲིན་འདུས་པར་? ་ཞིང། རླུང་སྣམ་པའི་སྤྲིན་རུམ་ནས་འབྱུང་བ་དག་ལྡང་བ་དེའི་ཚེ་ནི་ཟླ་བ་དྲུག་བར་གྱུར་ནས་དབང་པོས་ཆར་པ་འབབས་པར་འགྱུར་རོ། །དགུན་ཟླ་ཐ་ཆུང་ལ་སྤྲིན་བརྩེགས་པའི་སྤྲིན་རུམ་འདུས་པ་གློག་དང་བཅས་པ་ནི་དབྱར་ཟླ་འབྲིང་པོར་ཡང་དག་པར ་གྱུར་ནས་ཆུ་མང་དུ་རྣམ་པར་གཏོད་བར་འགྱུར་རོ། །སྦྱིད་ཟླ་རབ་ལ་སྤྲིན་དུ་མ་དུ་གྱུར་པས་ནི་དབྱར་ཟླ་ཐ་ཆུང་ལ་ཆར་པ་འབབ་པར་བསྟན་པར་བྱའོ། །གང་གི་ཚ་དགུན་ཟླ་ཐ་ཆུང་དང་བསྤྱིད་ཟླ་འབྲིང་པོ་རྣམས་འཇིགས་པར་བྱེད་པ་ནི་དེའི་ཚེ ་ཟླ་བ་དྲུག་དྲུག་ཅིང་དེའི་ཚེ་ཆར་པ་མི་འབབ་པར་བརྗོད་པར་བྱའོ། །གང་གི་ཚེ་དགུན་ཟླ་ཐ་ཆུང་དང། སྤྱིད་ཟླ་འབྲིང་པོ་རྣམས་ལ་སྤྲིན་རུམ་ཅན་དག་ཏུ་ཆུ་གཏོང་བར་མི་བྱེད་པ་དེ་ནི་དབྱར་ཀ་ཆར་བ་དེ་འབབ་བར་འགྱུར་རོ། །གང་གི་ཚེ་བྱང་ཕྱོགས་དང། བྱང་ཤར་དང ་དེ་བཞིན་དུ་ཤར་དང། ནུབ་དག་ནས་གློག་འབྱུང་བ་ནི་ཆར་པ་འབབ་པར་སྟོན་པའོ། །ཡང་ཕྱོགས་ཐམས་ཅད་ནས་གློག་ཀུན་ཏུ་འབྱུང་བར་འགྱུར་བ་དེའི་ཚ་ནི་ནམ་མཁའ་ཁེབས་བའི་ཆར་བ་འབབ་པར་སྟོན་པ་ཡིན་ནོ། །གང་གི་ཚེ་གློག་གི་འོད་དམར་ཞིང ་མཛའ་སྔོ་བར་སྣང་བ་དེའི་ཆེ་ནི་མེའི་ཕྱོགས་ནས་ཆར་བ་ཅུང་ཟད་འབབ་པར་འགྱུར་རོ། །གང་གི་ཚེ་ནུབ་ཕྱོགས་ཀྱི་ཆར་གྱི་སྤྲིན་གྱི་དབུས་ནས་འཇའ་སྣུམ?་པ། ནོར་བུ་བཻ་ཌཱུརྱའི་འོད་ལྟ་བུ་བྱུང་བར་གྱུར་ཅིང་གློག་འགྱུར་བའི་ཡལ་ག་དང། རང་གི་ཕྱོགས ་ནས་རླུང་གིས་བསྐྱོད་པར་གྱུར་པ་དེའི་ཆེ?་ནི་ཞག་བདུན་བདུན་དུ་ཆར་པ་འབབ་པར་རིག་པར་བྱའོ། །གང་གི་ཚེ་ཤར་རམ་བྱེད་ལས་ཁབ་འབབ་ཅིང་རླུང་འབྱུང་བ། ཕྱོགས་དུང་ཁ་དང་སྡེ་བསྡོངས་སུ་བྱེད་པ་དེའི་ཚེ་ནི་ཆུ་ཆེར་འབབ་བར་འགྱུར་རོ། །གང་གི་ཆེ ་ཉི་མ་ཤར་བ་འམ་དུས་ཆིགས་ཀྱི་ཆགས་པ་འབྱུང་བར་ཆར་བའི་ཐིགས་བ་འབབ་པ་དེའི་ཚེ་ནི་ངེས་པར་ཆར་ཆེན་པོ་འབབ་པར་འགྱུར་རོ། །གལ་ཏེ་ཡང་ཉི་མ་ཤར་བའི་ཚེ་སྦལ་པས་སྐད་ངན་ཅིང་སྙན་པ ་བྱུང་བ་དེའི་ཚེ་ཆར་མོ་ཆེ་འབབ་པར་འགྱུར་རོ། །མི་གཞན་ཞིག་ལག་ན་གདུགས་ཐོགས་ནས་ཆར་པའི་མཚན་མ་བྲིས་སམ་ཁྱིམ་འགེངས་བཞིན་དུ་དྲིས་ནས་དེའི་ཚེ་རྟག་ཏུ་ཆར་འབབ་པར་འགྱུར་རོ། གོས་གཤེར་བས་ཀྱང་དྲིས་ན་ཆར་བ ་རྒྱུ་ཡིན་ཏེ། དེ་ལ་མོད་ཁོ་ནར་ཆར་དུ་འབབ་པར་འགྱུར་བ་ཐེ་ཚོམ་མེད་དོ། །ཆུའི་ཕྱོགས་སུ་འདུག་ནས་དྲིས་ཀྱང་རུང་སྟེ། ཆར་པ་འབབ་པར་བལྟ་བར་བྱའོ། །བྱི་ལ་དང། སྲེ་མོང་དང། སྤྲུལ་རྣམས་དང། གང་ཡང་གཞན་དག་ཏུ་གནད་དུ ་གནམ་པ་དག་ལས་ཏེ་མི་མཐུན་པར་རྒྱུག་པར་བྱེད་ན། མོད་ལ་ཆར་པ་འབབ་པར་སྟོན་པ་ཡིན་ནོ། བྱིས་པ་ལུས་འདྲིམ་པས་བྱུགས་པ་དང། མགོ་མེ་ནྟོག་ཕྲེང་བས་དཀྲིས་པ་གང་ན་འདུག་པ་དེར་ནི་འཕྲལ་དུ་ཆར་པ་མངོན་པར་འབབ ་བར་བྱེད་དོ། །ལུས་རྡུལ་གྱིས་བྱུགས་པའི་བྱིས་པ་དག་རྡུལ་གྱིས་རྩེ་བར་བྱེད་པ་དང། ཡུར་བ་འགེངས་པར་བྱེད་ན། འཕྲལ་དུ་ཆར་བ་འབབ་པའི་རྒྱུ་ཡིན་ཏེ། ཆར་པ་འབབ་པའི་མཚན་ཉིད་ལ་མཁས་པ་རྣམས་ཀྱིས་དེ་ནི་འཕྲལ་དུ་ཆར ་པ་འབའ་བར་བཤད་པ་ཡིན་ནོ། །གང་གི་ཆེ་སྦྲིན་ཀྱང་མེད། ཁ་བ་ཡང་མེད་པར་རླུང་ཤིན་ཏུ་བསིལ་བ་དག་འབྱུང་ཞིང། ལུས་ཅན་བྲང་བར་བྱེད་པ་ནི་དེར་འཕྲལ་དུ་ངེས་པར་ཆར་པ་འབེབས་པར་བྱེད་པའི། །ཆུ་ནས་སྐྱེས་པའི་བྱ་ཤིང ་གི་ཡལ་ག་ལ་ཞོན་པ་དག་ཉི་མས་འདབ་མ་སྐམ་བར་བྱེད་པ་ནི་ཆར་པ་འབབ་པར་ཡང་སྟོན་པ་ཡིན་ནོ། །གང་གི་ཚེ་ཤིང་ལ་གནས་པའི་བྱ་འདབ་མ་སྐེམས་པར་བྱེད་པ་དེ་ནི་ཆར་བ་འབབ་པར་བྱེད་པའི་རྒྱུ་ཡིན་པར་བསྟན་བཅོས་མཁས་པ ་རྣམས་ཀྱིས་བསྟན་བཅོས་ལས་བརྗོད་པ་ཡིན་ནོ། །གྲོང་གི་བྱེའུ་ཁྲུས་བྱེད་འདབ་མ་སྤྲུག་པར་བྱེད་པ་གང་ཡིན་པ་དེ་ནི་ཆར་འབབ་པའི་ཡང་དག་པའི་ཤེས་པ་རྣམས་ཀྱིས་ཆར་པའི་རྒྱུ་ཡིན་བར་བརྗོད་པ་ཡིན་ནོ། །ཆར་ལྟས་ཀྱི་ལེའུ་སྟེ་དགུ་བའོ།། །། ་དུས་ཚིགས་ཀྱི་འོད་ཆགས་པའི་ལྟས་ལ་བྲམ་ཟེ་རིགས་བ་ཅན་གྱིས་དུས་ཚོགས་ཀྱི་འོད་ཆགས་པ་བསྒྲིམས་ཏེ་བཏགས་ནས་དུས་བསྟན་པར་བྱ་སྟེ་།གང་གི་ཚེ་ནང་ནུབ་ཏུ་དུས་ཚིགས་མདོག་སྣུམ་ཞིང་ལྡོང་རེས་ལྟ་བུའི་འོད་དམ་པཱི་བླའི་འོད་ལྟ་བུར ་མཐོང་ནས་ཞག་གསུམ་གྱི་བར་དུ་ཆར་པ་འབབ་པར་ལྟས་ཤེས་པ་དག་གིས་བརྗོད་པ་ཡིན་ནོ། །དུས་ཚིགས་ཀྱི་ཁ་དོག་དུད་དང། གུར་གུམ་དང། བ་ལང་གི་གཅིན་ལྟ་བུའི་འོད་བྱུང་བ་དེ་དག་ནི་འཕྲལ་དུ་ཆར་པ་འབབ་པའི་རྒྱུ་ཡིན་ནོ། །དབྱར་ཀ ་དུས་ཚིགས་གཉི་གར་ཡང་ཁ་དོག་སྣུམ་པ་དང། གུར་གུམ་ལྟ་བུ་དང། གནག་པ་དང། རང་བཞིན་གྱི་མཚལ་གྱི་འོད་ལྟ་བུ་འབྱུང་བ་དང། ཁ་དོག་ཁྲག་གི་འོད་དང་མཚུངས་བའི་འོད་དང། དེ་བཞིན་དུ་རྒྱ་སྐྱེགས་ཀྱི་ཁུ་བ་ལྟ་བུ་དང། དེ་བཞིན་དུ་ཟངས ་ལྟར་དམར་བདག་གིས་ནི་དུས་ཚིགས་འཇིགས་པར་བྱེད་པར་འགྱུར་རོ། །དུས་ཚིགས་ཁ་དོག་རྩུབ་པ་དག་ཏུ་དགག་དང་མཚན་གྱིས་འདེབས་པ་དང། ཁྲག་གི་ཆག་ཆག་བཏབ་པའི་ས་རྣམས་འབྱུང་བ་ནི་ཤིན་ཏུ་འཇིགས་བར་བྱེད་པར་འགྱུར་རོ ་དུས་ཚིགས་ཆགས་པ་ཤིན་ཏུ་དམར་བ་ནི་ཉིན་གསུམ་དུ་ཆར་པ་འབུམ་པར་བསྟན་ཏོ། །ཡང་ན་མཚོན་གྱིས་འདེབས་པ་མཚོན་གྱིས་འཚོ་བའི་སྐྱེ་བ་ཐད་བར་ཡང་འགྱུར་རོ། །གང་དུ་དུས་ཚིགས་གཉི་གང་ཕྱོགས་སུ་རྡོ་བའི་ཆར་པ་འབབ་པ་ནི་།མཁྲིས ་བའི་ནད་ལ་སོགས་པས་ལུས་ཅན་འཆི་བར་འགྱུར་རོ། །གལ་ཏེ་དུས་ཚིགས་ཀྱི་ཚིགས་པ་ཡང་དང་ཡང་དུ་བྱིས་པ་ངག་དམག་འགྱེད་བ་ན། རྣམ་པར་སྐྲག་པར་འགྱུར་ཞིང་རབ་ཏུ་རྒྱུག་པར་བྱེད་པ་དེར་ནི་ཡུལ་འཁོར་འཇིག་པར་བྱད་དོ། །དུས་ཚིགས་ ་རང་བཞིན་དང་ལྡན་པའི་ཉི་ཟླ་གཉིས་ལྷན་ཅིག་ཏུ་འབྱུང་ཞིང། །ཁ?་དོག་གི་འདོད?་མར་བ་དང། རྩུབ་པ་མ་ཡིན་པ་ནི་ལོ་ལེགས་པ་དང་བདེ་བའི་རྒྱུ་ཡིན་ནོ། །དུས་ཚིགས་གཉི་ག་འོད་ཤིན་ཏུ་གནག་ཅིང་ཀུན?་པ་དང ་འདྲ་པས་སྣང་ན་དེའི་ཚེ་དམག་དཔོན་རྣམས་འཁྲུག་པ་དང། གསོད་པར་ཡང་བསྟན་པར་བྱའོ། །གང་དུ་དུ་ཚིཌ་ཀྱི་རང་བཞིན་གྲང་བ་དང། དྲོ་བ་དང། འཇམ་པ་དང། རྩུབ་པ་རྣམས་ནི་ཕྱིན་ཅི་ལོག་ཏུ་གྱུར་བ་དེར་ནི་ནད་དང། འཆི་བ་དང། རྒྱལ་པོའི ་འཇིགས་པ་འབྱུང་བའམ། ཡང་ན་ངེས་པར་བདག་པོ་འཆི་བར་བསྟན་པ་ཡིན་ནོ། །དེའི་ཉེན་ཀོར་དུ་ཆོམ་རྐུན་དང། སྦྲུལ་དང་སྲིན་པོ་རྣམས་ཀྱི་དབང་དུ་ཡང་འགྱུར་རོ། །དུས་ཚིགས་ཀྱི་འོད་ཆགས་པའི་ལེའུ་སྟེ་བཅུ་པའོ།། །། ་དྲི་ཟའི་གྲོང་ཁྱེར་གྱི་བལྟས་ལ། གལ་ཏེ་ཤར་ཕྱོགས་སུ་དྲི་ཟའི་གྲོང་ཁྱེར་བྱུང་བར་གྱུར་ན་ནུབ་ཕྱོགས་ན་འདུག་པའི་རྒྱལ་པོ་ལ་ན་མཆོག་ཏུ་འཇིགས་པ་འབྱུང་བར་བསྟན་པ་ཡིན་ནོ་།གང་གི་ཚེ་ནུབ་ཕྱོགས་སུ་དྲི་ཟའི་གོང་ཁྱེར་སྣང་བར་བྱུང་ན། དེའི་ཚེ་ན་ཤར་ཕྱོགས ་ན་གནས་པ་རྣམས་ལ་འཇིགས་པ་ཆེན་པོ་འབྱུང་བར་བརྗོད་པར་བྱའོ། །གང་གི་ཚེ་བྱང་ཕྱོགས་སུ་དྲི་ཟའི་གྲོང་ཁྱེར་སྣང་བར་གྱུར་ན་དེའི་ཚེ་ལྷོ་ཕྱོགས་ན་གནས་པའི་རྒྱལ་པོ་རྣམས་ལ་འཇིགས་པ་འབྱུང་ངོ། །གང་གི་ཚེ་ལྷོ་ཕྱོགས་སུ་དྲི་ཟའི་གྲོང་ཁྱེར་སྣང་བར ་གྱུར་ན་བྱང་ཕྱོགས་ན་གནས་པ་རྣམས་ལ་འཇིགས་པ་འབྱུང་བར་བརྗོད་པ་ཡིན་ནོ། །དྲི་ཟའི་གྲོང་ཁྱེར་ཆགས་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།གལ་ཏེ་གང་དུ་འཇིག་རྟེན་པའི་ལྷའི་གར་གས་གར་བྱེད་པ་དང། རབ་ཏུ་གཡོ ་བར་གྱུར་པ་དང། སྨ་བར་གྱུར་པ་དང། མིག་འཆིམས་གང་བ་དང། རྡུལ་བར་གྱུར་པ་དང། གས་པར་གྱུར་པ་དང། དུམ་བུར་གྱུར་པ་དང། ཐམས་ཅད་དུ་ཞིག་པར་གྱུར་པ་ལ་སོགས་པས་ནི་འཇིགས་པ་རྣམ་པ་དུ་མ་འབྱུང་བར་རིག་པར་བྱའོ། །དེ་ཡང ་གར་གྱིས་ནི་དམག་མང་པོ་འབྱུང་ངོ། །རབ་ཏུ་གཡོ་བས་ཟླ་བ་བཞིན་དམག་འབྱུང་བ་དང། ཟླ་བ་དྲུག་གིས་རྒྱལ་པོ་ཀུན་ཏུ་ཟད་པར་འགྱུར་བ་དང། རིང་པོ་མི་ཐོགས་པར་ཡུལ་འཇིགས་པར་འགྱུར་རོ། །གོམ་པ་འདོར་བས་ནི་ཡུལ་པོར་ཏེ་དོང་བར་འགྱུར། ་གླུ་ལེན་པས་ནི་ཡུལ་འཁོར་འཇིགས་པར་འགྱུར་།དུམ་བུ་ལས་ལྷུང་ན་ལུས་ཅན་རྣམས་འཆི་བར་འགྱུར་རོ། །རླུང་ལ་སོགས་པས་ཕུལ་བ་དང། འདོད་པ་མེད་པར་ལྷའི་གཟུགས་ཀྱི་མགོ་དག་ལས་མེ་ཏོག་གི་ཕྲེང་བ་ལེགས་པར་བཞག་པ་ལྷུང་བར་གྱུར་པ་ནི ་རྒྱལ་པོ་དང་ཡུལ་འཁོར་དུ་བཅས་ཏེ་འཆི་བར་འགྱུར་རོ། །ཡང་གང་དུ་རྒྱལ་པོ་རྟག་ཏུ་ཕན་ཚུན་འཁྱམ་པར་བྱེད་པ་དང། འཇིགས་པ་མེད་པ་ཡང་འཇིགས་པས་སྐྲག་པ་དང། རྡེག་འཆོས་པ་དང། རབ་ཏུ་གྱུར་བ་དང། ཡིད་མི་དགའ་ཞིང་དུ་བར་འགྱུར་པ ་དང། གཟུགས་མི་སྣང་བར་སྲོག་ཆཌ་རྣམ་པ་ཐ་དད་པ་དག་གི་སྒྲ་ཤིན་ཏུ་སྡུག་བསྔལ་བདག་ཐོས་པར་བྱུང་པ་དེའི་ཚེ་ན་རང་གི་ཡུལ་འཁོར་དང་ཡུལ་དུ་བཅས་ཏེ་རྒྱལ་པོ་འཆི་བར་འགྱུར་ལ། ཡུལ་འཁོར་དེའི་སྐྱེ་བོ་ཡང་མུ་གེ་དང་གནོད་པ་དག་གིས་གཟིར་བ ་དང། བུ་སྨད་དང་ཡང་བྲལ་བར་འགྱུར་བ་སྟོན་པ་ཡིན་ནོ། །གང་?་སྟན་པ་མེད་པར་བྱིས་པ་གླུ་དང་སྤེལ་ཏེ། ཚིག་གི་གླུ་ལེན་པར་བྱེད་ཅིང། མི་མཐུན་པའི་དོན་བརྗོད་པ་དེར་ནི་རྒྱལ་པོ་འཆི་བར་རྗོད་པར་བྱེད་དོ། །ལྷ་རྟེན་དང་གཟུགས་འགྱུར་བའི་ལྟས་ཀྱི་ལའུ ་སྟེ་བཅུ་གཉིས་པའོ།། །།ལམ་དུ་འཇུག་པའི་ལྟས་ལ་གང་གི་ཚེ་རྒྱལ་པོ་དང། བློན་པོ་དང། བྲམ་ཟ་དག་ལམ་དུ་འཇུག་ཅིང་འཕགས་པ་ན་གནམ་གྲུམ་པ་དང་བཅས་པའི་སྐར་མདའའབྱུང་བ་དང། སེར་བ་འབབ་པ་ནི་དེ་དག་མི་མཐུན ་པར་བརྗོད་པ་ཡིན་ཏེ། དེ་དག་དགོས་པ་ཡང་དག་པར་མི་འགྲུབ་པ་ཙམ་དུ་མ་ཟད་ཀྱི་ལུས་འཇིག་པར་འགྱུར་རོ། །གང་གིས་དུས་སུ་ཉི་མ་འཆར་བའི་ཆེས་ཕྱོགས་དག་ཀུན་ཏུ་འགྲོ་བ་ན་བྱ་རོག་དང། དང་པ་དང། བྱ་ཀ་ལན་ད་ཀ་དང། ཁྲུང་ཁྲུང་དག་སྣང ་བ་དེར་ནི་དགེ་བར་བལྟའོ། །སྤྲིན་དང། འཇའ་དང། དེ་བཞིན་དུ་གློག་འགྱུར་བ་དང། ཆུ་སྦྱིན་པར་བྱེད་པའི་འབྲུག་མི་གསལ་བ་འབྱིན་པ་དག་ནི་འཇིགས་པ་གདོན་པར་རིག་པར་བྱེད་པ་ཡིན་ནོ། །ལམ་དུ་འཇུག་པའི ་ལྟས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །།གོང་དུ་ལྟས་སྣ་ཚོགས་བསྟན་པ་དེ་དག་གི་འབྲས་བུ་འབྱུང་བའི་དུས་ཀྱི་ཚད་བསྟན་པ་གཟའ་སྐར་དག་ལ་མིག་དམར་གྱི་ལྟས་བྱུང་བ་ནི་ཞག་བདུན་ནས་འབྲས་བུ་འབྱུང་ངོ། །དེ་བཞིན ་དུ་གཟའ་ལྷག་ནི་ཞག་བཅུ་ཚུན་ཆད་ཀྱིས་སོ། །ཕུར་བུ་ནི་ལོ་གཅིག་རྣམ་པར་སྨིན་པར་འགྱུར་རོ། །པ་ཝ་སངས་ནི་ཟླ་བ་དྲུག་ཚུན་ཆད་ཀྱིས་སྨིན་པར་འགྱུར་བར་བསྟན་པར་བྱའོ། །གནམ་གྲུམ་པ་དང་ས་གཡོ་བ་ནི་ཟླ་བ་བརྒྱད་དུ་བརྗོད་དོ། །གྲོང་ཁྱེར ་དང་།མཆོད་རྟེན་དང། ཤིང་དང་འབྲེལ་བ་ནི་ཟླ་བ་གཅིག་ཁོ་ནས་སྨིན་པར་འགྱུར་རོ། །རྡོ་གཟེག་མའི་ཆར་པ་འབབ་པ་དང། དེ་བཞིན་སྤྲིན་སྒྲ་འབྱུང་བ་དང། གཟའ་རྣམས་འཁྱིམས་པ་ནི་ཞག་གསུམ་ཚུན་ཆད་ཀྱིས་སྨིན་པར་བྱའོ། །ཉི་ཟླའི ་ཡང་འཕྲལ་དུ་འབྲས་བུར་འགྱུར་བར་བསྟན་པར་བྱའོ། །འཇའ་ཟུག་པ་ནི་ཟླ་བ་བཅུ་གཉིས་སུ་རྟོག་གོ། སེར་བ་བབ་པ་ལས་ནི་ཟླ་བ་ཕྱེད་དང་གཉིས་ཀྱིས་འབྲས་བུར་འགྱུར་རོ། །མེ་མེད་པར་མེ་འབར་བ་ལྟ་བུར་སྣང་པ་ནི་འབྲས་བུ་འཕྲལ་དུ་འབྱུང ་བར་མཁས་བ་དག་གིས་བཤད་དོ། །དེ་བཞིན་དུ་དབྱིག་འགྱུར་བ་དང། མངལ་དག་ཕྱིན་ཅི་ལོག་པ་དང། དུས་མ་ཡིན་པར་ལོ་ཏོག་འབྲས་བུ་ཆགས་པ་ཐམས་ཅད་ཀྱི་ཡང་ཟླ་བ་དྲུག་པར་བརྗོད་དོ། །སྤྲིན་མེད་པའི་སྒྲ་དག་ཟེར་བ་ནི་ཟླ་བ ་ཅིག་གིས་སོ། །འཛའི་ལྟས་ལྟ་བུའི་ཞག་གསུམ་ཚུན་ཆད་ཀྱིས་འབྱུང་ངོ། །ཟླ་བའི་དཀྱིལ་འཁོར་སྔོན་པོར་གྱུར་པ་ནི་ཞག་བདུན་ཚུན་ཆད་ཀྱིས་འབྲས་བུ་འབྱུང་ངོ། །གྲོང་དང་གྲོང་ཁྱེར་དག་དང། དེ་བཞིན་དུ་གླང་པོ་ཆེ་དང། རྟ་དང། བ་ལང་དང། གླང་པོ་ཆེ ་ལ་སོགས་པའི་ལྟས་འབྱུང་བ་ནི་འབྲལ་དུ་འབྲས་བུ་འབྱུང་ཞེས་བྱའོ། །དེ་བཞིན་དུ་སྔོན་མ་བྱུང་བ་ལས་གློ་བུར་དུ་བྱུང་བ་རྣམས་དང། འཇིགས་སུ་རུང་བའི་སྒྲ་བྱུང་བ་རྣམས་ཀྱི་ཡང་འབྲས་བུ་འཕྲལ་དུ་འབྱུང་བར་བརྗོད་དོ། །གདུགས་དང། རྒྱལ་མཚན ་འགྱེལ་བ་དང། གཞི་དང་རྟ་བབས་དང། ཁང་པ་རྡེབ་པ་དང། མཇུག་རིངས་འཆར་བའི་ནི་ཟླ་བ་ཅིག་གི་འབྲས་བུ་འབྱུང་ངོ། །མི་རྒོད་དང། སྐྱིན་གོར་དང། སྦྲང་རྩིའི་སྦྲང་བུ་རྣམས་ནི་ཞག་བཅུ་ཚུན་ཚར་ཀྱིས་སོ། །སྟག་དང། བྱི་ལ་དང། ཝ་དང ་སེ་མོ་དང། བྱ་རྣམས་དང། བར་སྣང་ལས་སྣ་སྒྲ་བྱུང་བ་རྣམས་ཀྱི་ནི་འབྲས་བུ་འཕྲལ་དུ་འབྱུང་ངོ། །ཡང་བྱ་དང་གྲོག་སྦུར?་དང། ཕྱེ་མ་ལེབ་རྣམས་ཀྱི་ནི་ཞག་བཅུ་ཚུན་ཆད་ཀྱིས་སོ། །ཡང་བྱི་བ་དང། སྦྲུལ་དང། དེ་བཞིན་དུ་སྦྲང་བུ་མང་པོའི་ལྟས་བསྟན ་པ་ལས་ནི་ཟླ་བ་གཅིག་ཏུ་ཤེས་པར་བྱའོ། །རི་དགས་ཀྱི་རིགས་རྣམས་དང། བྱ་དག་གི་སྐད་བྱུང་པའི་ནི་ཟླ་བ་གསུམ་གྱི་འབྲས་བུ་འབྱིན་ཏོ། །དུས་ཚིགས་ཀྱི་མཚན་མོ་རྣམས་ནི་ཞག་བདུན་ཚུན་ཆད་ཀྱིས་སོ། །དྲི་ཟའི་གྲོང་ཁྱེར་ཆགས་པ་ནི་ཟླ་བ་གསུམ ་གྱི་འབྲས་བུ་འབྱུང་བར་བཤད་དོ། །ལྟས་སྣ་ཚོགས་བསྟན་པའི་འབྲས་བུ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།གནོད་པའི་ལྟས་ངན་རྣམས་ཀྱི་རྒྱུ་བསྟན་པ་དང། དེ་དག་གི་ངོ་ལན་གྱི་ཆོ་ག་བསྟན་པ་ཡོང་གིས་སྲིད་པ་མི་སྲིད་པ ་ཕྱིན་ཅི་ལོག་ཏུ་སྣང་བ་གང་ཡིན་པ་དེ་དག་ནི་ཕལ་ཆེར་མི་དག་པའི་འབྲས་བུ་དབུས་སུ་འབྱིན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་རྒྱུ་ནི་འདི་ལྟར་ཉེ་བར་སྤྱོད་པ་མང་པོ་ལ་སོགས་ཤིང་བསགས་པ་ལས་འབྱུང་བའི་ཕྱིར་ཏེ། དེ་དག་ཡང་ཁ་ཅིག ་ལས་ངན་པའི་དབང་གིས་ཡུལ་ལོག་པར་སྣང་བར་གྲུབ་པ་ཡང་ཡོད་ཁ་ཅིག་མི་མ་ཡིན་པ་དག་གིས་སྤྲན་པའི་ཆེད་དུ་བསྟན་པ་དག་ཡོད་པས་ན་གང་དག་མི་སྟོན་པ་ལྟར་སྣང་བ་དེ་དག་ཀྱང། འདིར་ཐུབ་པ་ལའི?་མིག་ཅན་དེ་དག་གིས་བསྟན་པ་བཞིན་ངེས་པར ་ཅན་དུ་གཟུང་བར་བྱའ། །གང་དག་ཁ་ཅིག་ཏུ་དངོས་པོ་མི་སྲིད་པ་ལྟ་བུ་ཞིག་ཏུ། བརྒྱ་ལ་སྣང་ན། དེར་ཡོན་ཏན་ཞིག་ན་དགེ་ཞིང་བཟང་བ་དང། ཕྱིན་ཅི་ལོག་གཅིག་ནའང་མི་དགེ་བའི་དོན་དུ་རིག་པར་བྱའོ། །དེ་ལྟར ་མི་དགེ་བར་གྱུར་བའི་མཚན་མ་དེ་དག་ནི་གཉེན་པོ་སོ་སོར་བརྟེན་པ་དག་གིས་ཟློག་པར་འགྱུར་སྲིད་དེ། ད་དག་ཀྱང་གང་ཞེ་ན། བསོད་ནམས་ལས་རབ་ཏུ་གནས་པའི་སེམས་དང་ལྡན་པ་རྣམས་དང། རྣམ་པར་དག་པ་ལ་བརྟེན་པ་དག་དང། སྦྱིན ་སྲེག་དང། བཟླས་བརྗོད་ལ་བརྩོན་པར་བྱ་བ་དང། སེར་སྣ་བཅོམ་པ་དང། ལྷ་དང་བྲམ་ཟེ་དག་ལ་མཆོད་པ་དང། ཞི་བ་དང་རྒྱས་པའི་བཟླས་བརྗོད་དང། སྦྱིན་སྲེག་གི་ཆོ་ག་བྱ་བ་དང། བསམ་པ་དྲི་མ་མང་པས་ནོར་རབ་ཏུ་སྦྱིན་པ་དག་གིས་མི་ཚུགས ་ཤིང་རྣམ་པར་འཇིག་པར་བྱེད་དོ། །གལ་ཏེ་གཉེན་པོ་བྱེད་པའི་སྟོབས་དག་གིས་ཀུན་ཏུ་ཟློགས་པར་གྱུར་ན་ཡང་རྒྱལ་པོ་འཆི་པ་ལས་རབ་ཏུ་བཅད་དེ་ཚེ་ནུར། གྲོང་དང། གྲོང་ཁྱེར་དང། ཡུལ་འཁོར་དེ་དག་རྒྱུག་ཅིང་རྣམ་པར་འཇིག་པ་ཡང་ཡུན་རིང་དུ ་གནས་པ་ཙམ་དུ་འགྱུར་བར་བསྟན་ཏོ། །ཐུབ་པའི་ཚོགས་མཆོག་གརྒ་ལ། བ་ར་དྭ་ཅེ་གཽ་ཏ་མས། ལྷ་ཡུལ་བར་སྣང་ས་ཟླ་དང། གཟའ་སྐར་སྲོག་ཆགས་རྣམས་ཀྱི་ལྟས། །ས་བདག་མི་ཡི་རྒྱལ་པོ་དང། གྲོང་དང་ཡུལ་འཁོར་གནས་པ་ལ། གནོད ་པར་གྱུར་པའི་ལྟས་བྱུང་ལ། །ཆོ་ག་གང་དང་གང་དག་གིས། །ཞུ་བར་འགྱུར་བ་ཞུས་པ་ལས། །ཐུབ་པ་ག་རྒས་ལུང་བསྟན་པ། །ཕན་པར་འགྱུར་བའི་ཆོ་ག་གང། །གཽ་ཏ་མས་ནི་ཉན་པར་གྱིས། །དང་པོ་སྦྱིན་པ་བཏང་བྱ་སྟེ། །ལྷ་དང་བྲམ་ཟེ་མཆོག ་མཆོད་ན། །སྦྱིན་སྲེག་བཟླས་བརྗོད་མཆོད་སྦྱིན་གྱིས། །གཏོད་པའི་དོ་ལོང་བྱ་བར་བསྟན། །དེ་ལ་ཐོག་མར་བ་ལང་དང། །དབྱིག་དང་གོས་ལ་སོགས་པ་དག་།བྲམ་ཟེ་རྣམས་ལ་སྦྱིན་བྱིན་ནས། །སོ་སོ་ཁྱིམ་དུ་རྒྱལ་པོ་ལ། །གཙོ་བོ་དག་ལ་ཅི་རིགས ་པ་དང?་དབང་སྒྱུར་བ་ནི་ལེགས་པར་བྱ། །མདུན་ན་འདོན་ཞིང་མཉམ་བཞག་པས། །ཞག་བདུན་སྨྱུང་བ་བྱས་གྱུར་པས། །ལྷ་ལ་གཏོར་མ་རབ་ཕུལ་ཏེ། ཨུ་དུམྦ་རའི་ཡམ་ཤིང་བསྲེག། ཤིང་མར་ལ་བཏགས་པ་བརྒྱ་རྩ་བརྒྱད་ནང་པར་ནད་པར་ཞིང་སྔགས་རིགས ་པས་སྦྱིན་སྲེག་བྱའོ། །ཡང་ན་བྲམ་ཟེ་གཅང་མ་ཟས་སུ་མར་ཟ་ཞིང་བཟའ་བ་དང་བཅས་པ་སྤངས་ཏེ། ཞག་གསུམ་སྙུང་བ་བྱས་པའི་སྔགས་མཁན་གྱིས་རིག་སྔགས་ཏྲ་ཏ་རི་ཞེས་བྱ་བ་འདིས་ཨ་པ་མརྒའི?་ཡམ་ཤིང་བསྲེགས་ཤིང་མར་ལ་བཏགས་པ་བརྒྱ་རྩ ་བརྒྱད་སྦྱིན་སྲེག་བྱའོ། ཡང་རྒྱལ་པོའི་ཕོ་བྲང་ངམ། གྲོང་ཁྱེར་རམ་ཡུལ་གྱི་ཕྱིར་རྒྱལ་བོའི་མདུན་ན་འདོན་གྱིས་ལྷ་ལ་ཞག་བདུན་དུ་གཏོར་མ་ཕུལ་ལ། མར་བྲེ་དོ་འམ། ཡང་ན་མར་བྲེ་གང་མར་ལ་བཏགས་པའི་ནས་བྲེའུ་ཆུང་གཉིས་ཁོ་ནས་སྦྱིན་སྲེག ་བྱའོ། །དེ་ལྟར་སྦྱིན་སྲེག་གི་ཆོ་ག་ཟིན་ནས་བྲམ་ཟེ་རྣམས་བརྒྱའམ། དེ་ལས་ལྷག་པ་དག་ལ་འོ་ཐུག་སླུད་པའམ། ཡང་ན་ཞག་བདུན་དུ་ཆོས་སྟོན་བྱའོ། །དེའི་འོག་ཏུ་བྲམ་ཟེ་དག་ལ་ཡོན་སྦྱིན་པ་ནི་གསེར་དང། དངུལ་དང། རྟ་དང། གླང་དང། གོས ་རྣམ་པ་སྣ་ཚོགས་དག་སྦྱིན་པར་བྱའོ། །ཡང་ན་བྲམ་ཟེ་རྣམས་ལ་གླང་གཅིག་དང་བཅུ་སྦྱིན་པ་སྟེ། ཆོ་ག་འདི་ལྟར་བྱས་ན་ལྟས་ལས་འབྱུང་བའི་གནོད་པ་ཐམས་ཅད་ཞི་ཞིང་ཟློག་པར་འགྱུར་རོ། །ལྟས་ལས་གནོད་པར་འགྱུར་བའི་དོ་ལོན་གྱི་ཆོ་ག་བསྟན་པའི ་ལེའུ་སྟེ་བཅོ་ལྔ་པའོ།། །།ཐུབ་པ་ཆེན་པོ་དྲང་སྲོང་སྐར་མའི་ལྟས་ཀྱི་གཙུག་ལག་རྨ་བྱ་ལས་ལྟས་སྣ་ཚོགས་བསྟན་པ་ཞེས་བྱ་བའི་ལྟས་ཇི་སྙེད་པ་རྫོགས་སོ།། །།ཨཱརྱ་བྱ་ཀ་ར་ཎའི་ནང་ནས་འབྱུང་བ། གཟའ་དང་རྒྱུ་སྐར་གྱིས ་