| Wylie | e-texts based on the ACIP/ALL Input |
ཐབས་སུ་བྱས་ཏེ་བྱུག་པའི་གོང?་ཡང་སྤྱད་པར་པའོ། །སྤོས་ཀྱི་སྦྱོར་བ་རེའུ་ཆར་བྱས་པའི་ཐབས་བཤད་པ་རྫོགས་སོ།། །།*། །རྟེན་ཅིང་འབྲེལ་པར་འབྱུང་བའི་འཁོར་ལོ་ཞེས་བྱ་བ་བཞུགས།། །།*། །རྒྱ་གར་སྐད་དུ། པྲ་ཏི ་ཅས་མུ་ཏཔཱདཱ་ནཱ་མ་ཙཀྲ་།བོད་སྐད་དུ། རྟེན་ཅིང་འབྲེལ་བར་འབྱུང་བའི་འཁོར་ལོ་ཞེས་བྱ་བ། བཅོམ་ལྡན་འདས་གསུང་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །དམ་པར་གྱུར་པའི་འཁོར་ལོ་ཡོན་ཏན་འཚོ། །སངས་རྒྱས་ལ་ནི་སྤྱི་བོས་རབ་བཏུད་དེ། ། ་འདས་དང་དེ་བཞིན་མ་འོངས་ད་ལྟར་ནི། །འཇིག་རྟེན་ཕན་ཕྱིར་དེ་བཞིན་དེ་ཉིད་བཤད། །དབེན་པའི་ས་ཕྱོགས་ཉམས་དགའ་བར། །འདྲི་བྱེད་ཉེ་བར་འོངས་པ་ལ། །དགེ་དང་མི་དགེ་རྣམས་བརྟག་པའི། །ཡན་ལག་བཅུ་གཉིས་འཁོར་ལོ་བི?།། ་འདིར་ངེས་པར་ལས་དང་ཉོན་མོངས་བའི་དབང་གིས་སྲོག་ཆགས་རྣམས་ཀྱི་སྐྱེ་བ་འབྱུང་བ་ལ། ཇི་ལྟར་བདེ་བ་ལ་སོགས་པ་རྣམས་མཚན་མ་སྐྱེ་བར་འགྱུར་བ་དེ་ལྟར་དེ་རྣམས་ལ། །མ་རིག་པ་ལ་སོགས་པ་རྟན་ཅིང་འབྲེལ ་པར་འབྱུང་བ་ཡན་ལག་བཅུ་གཉིས་ཆོ་ག་བཞིན་ཉེ་བར་བཤད་པར་བྱའོ། །དགུན་ཟླ་འབྲིང་པོ་ལ་སོགས་པ་ཟླ་བ་བཅུ་གཉིས་ལ་ལོ་གཅིག་གོ་།དེ་ཡང་རིམ་གྱིས་འཇུག་བའི་སྦྱོར་བས་ཕྱོག་གཉིས་ལ་ཟླ་བ་གཅིག་གོ་།དེ་ལ་ཟླ་བ་རྣམས་ཀྱི་ཉི་མ་ལྷག་པ ་ཐམས་ཅད་བརྩིས་པའི་ཟླ་བ་གཅིག་ལྷག་པ་ནི་མི་བརྩིས་ཏེ། འབྲས་བུ་མི་བཟད་པ་སྐྱེད་པ་འམ་ཡང་ན་འབྲས་བུ་མེད་པའི་ཕྱིར་དེར་བྱ་བ་བརྩམ་པར་མ་གསུངས་སོ། །ཞག་བཅོ་ལྔ་ལ་ཟླ་བ་ཕྱེད་སྟེ། ཇི་ལྟར་གསུམ་པ་དེ་ལྟར་བཅུ་གསུམ་པའོ། །ཇི ་ལྟར་བཞི་པ་དེ་ལྟར་བཅུ་བཞི་པའོ། །ཇི་ལྟར་ལྔ་པ་དེ་ལྟར་བཅོ་ལྔ་པའོ། །ཇི་ལྟར་ནག་པོའི་ཕྱོགས་ལ་ད་ལྟར་དཀར་པོའི་ཕྱོགས་ལའོ། །དགུན་ཟླ་འབྲིང་པོའི་ཆོས་གཅིག་ལ་མ་རིག་པའོ། །ཆོས་གཉིས་ལ་རྒ་ཤིའོ། །ཚེས་གསུམ་ལ་སྐྱེ་བའོ།། ་ཆས་བཞི་ལ་སྲིད་པའོ། །ཚེས་ལྔ་ལ་ལེན་པའོ། །ཚེས་དྲུག་བ་ལ་སྲེད་པའོ། །ཚེས་བདུན་བ་ལ་ཚོར་བའོ། །ཚེས་བརྒྱད་པ་ལ་རེག་པའོ། །ཚེས་དགུ་པ་ལ་སྐྱེ་མཆེད་དྲུག་གོ་།ཚེས་བཅུ་བ་ལ་མིང་དང་གཟུགས་སོ། །ཚས་བཅུ་གཅིག ་པ་ལ་རྣམ་པར་ཤེས་པའོ། །ཆོས་བཅུ་གཉིས་པ་ལ་འདུ་བྱེད་དོ། །དགུན་ཟླ་ཐ་ཆུང་གི་ཆེས་གཅིག་ལ་འདུ་བྱེད་དོ། །ཚེས་གཉིས་པ་ལ་མ་རིག་པའོ། །ཚེས་གསུམ་པ་ལ་རྒ་ཤིའོ། །ཚེས་བཞི་པ་ལ་སྐྱེ་བའོ། །ཚེས་ལྔ་པ་ལ་སྲིད ་པའོ། །ཚེས་དྲུག་པ་ལ་ལེན་པའོ། །ཚེས་བདུན་པ་ལ་སྲེད་པའོ། །ཚེས་བརྒྱད་པ་ལ་ཚོར་བའོ། །ཚོས་དགུ་པ་ལ་རེག་པའོ། །ཚེས་བཅུ་པ་ལ་སྐྱེ་མཆེད་དྲུག་གོ་།ཚེས་བཅུ་གཅིག་པ་ལ་མིང་དང་གཟུགས་སོ། །ཆེས་བཅུ ་གཉིས་བ་ལ་རྣམ་པར་ཤེས་པའོ། །དཔྱིད་ཟླར་བའི་ཚེས་གཅིག་ལ་རྣམ་པར་ཤེས་པའོ། །ཚེས་གཉིས་པ་ལ་འདུ་བྱེད་དོ། །ཚེས་གསུམ་པ་ལ་མ་རིག་པའོ། །ཚེས་བཞི་པ་ལརྒ་ཤིའོ། །ཚེས་ལྔ་པ་ལ་སྐྱེ་བའོ། །ཚེས་དྲུག་པ་ལ་སྲིད་བའོ། །ཚེས ་བདུན་པ་ལེན་པའོ། །ཚེས་བརྒྱད་པ་ལ་སྲེད་པའོ། །ཚེས་དགུ་པ་ལ་ཚོར་བའོ། །ཚེས་བཅུ་པ་ལ་རེག་པའོ། །ཚེས་བཅུ་གཅིག་པ་ལ་སྐྱི་མཆེད་དྲུག་གོ་།ཚེས་བཅུ་གཉིས་པ་ལ་མིང་དང་གཟུགས་སོ། །དབྱིད་ཟླ་འབྲིང་པོའི་ཚེས་གཅིག་ལ་མིད་དང ་གཟུགས་སོ། །ཚེས་གཉིས་པ་ལ་རྣམ་པར་ཤེས་པའོ། །ཚེས་གསུམ་པ་ལ་འདུ་བྱེད་དོ། །ཚེས་བཞི་པ་ལ་མ་རིག་པའོ། །ཚེས་ལྔ་པ་ལ་རྒ་ཤིའོ། །ཚེས་དྲུག་པ་ལ་སྐྱེ་བའོ། །ཚེས་བདུན་པ་ལ་སྲིད་པའོ། །ཚེས་བརྒྱད་པ་ལ་ལེན་པའོ། །ཚེས་དགུ་པ ་ལ་སྲེད་བའོ། །ཚེས་བཅུ་པ་ལ་ཚོར་བའོ། །ཚེས་བཅུ་གཅིག་པ་ལ་རེག་པའོ། །ཚེས་བཅུ་གཉིས་པ་ལ་སྐྱེ་མཆེད་དྲུག་གོ་།དཔྱིད་ཟླ་ཐ་ཆུང་གི་ཚེས་གཅིག་པ་ལ་སྐྱེ་མཆེད་དྲུག་གོ་།ཚེས་གཉིས་པ་ལ་མིང་དང་གཟུགས་སོ། །ཚེས་གསུམ ་པ་ལ་རྣམ་བར་ཤེས་པའོ། །ཚེས་བཞི་པ་ལ་འདུ་བྱེད་དེ། །ཚེས་ལྔ་པ་ལ་མ་རིག་པའོ། །ཚེས་དྲུག་པ་ལ་རྒ་ཤིའོ། །ཚེ་བདུན་པ་ལ་སྐྱེ་པའོ། །ཚེས་བརྒྱད་པ་ལ་སྲིད་པའོ། །ཚེས་དགུ་པ་ལ་ལེན་པའོ། །ཆོས་བཅུལ་ལ་སྲིད་པའོ། །ཚེས་བཅུ ་གཅིག་བ་ལ་ཚོར་བའོ། །ཚེས་བཅུ་གཉིས་པ་ལ་རེག་པའོ། །དབྱར་ཟླ་ར་བའི་ཚེས་གཅིག་པ་ལ་རེག་པའ། །ཆོས་གཉིས་པ་ལ་སྐྱེ་མཆེད་དྲུག་གོ་།ཚེས་གསུམ་པ་ལ་མིང་དང་གཟུགས་སོ། །ཚེས་བཞི་པ་ལ་རྣམ་པར་ཤེས་པའོ། །ཚེས ་ལྔ་པ་ལ་འདུ་བྱེད་དོ། །ཚེས་དྲུག་པ་ལ་མ་རིག་པའོ། །ཚེ་བདུན་པ་ལ་རྒ་ཤིའོ། །ཚེས་བརྒྱད་པ་ལ་སྐྱེ་བའོ། །ཚེས་དགུ་པ་ལ་སྲིད་པའོ། །ཚེས་བཅུ་པ་ལ་ལེན་པའོ། །ཚེས་བཅུ་གཅིག་པ་ལ་སྲེད་པའོ། །ཚེས་བཅུ་གཉིས་པ་ལ་ཚོར་བའོ།། །། ་དབྱར་ཟླ་འབྲིང་པོའི་ཚེས་གཅིག་ལ་ཚར་བའོ། །ཚེས་གཉིས་པ་ལ་རེག་པའོ། །ཚེས་གསུམ་པ་ལ་སྐྱེ་མཆེད་དྲུག་གེ་།ཚེས་བཞི་པ་ལ་མིང་དང་གཟུགས་སོ། །ཚེས་ལྔ་པ་ལ་རྣམ་པར་ཤེས་པའོ། །ཚེས་དྲུག་པ་ལའང་བྱེད་དེ། །ཆོས ་བདུན་པ་ལ་མ་རིག་པའོ། །ཚེས་བརྒྱད་པ་ལ་རྒ་ཤིའོ། །ཚེས་དགུ་པ་ལ་སྐྱེ་བའོ། །ཚེས་བཅུ་པ་ལ་སྲིད་པའོ། །ཚེས་བཅུ་གཅིག་པ་ལ་ལེན་པའོ། །ཚོས་བཅུ་གཉིས་པ་ལ་སྲིད་པའོ། །དབྱར་ཟླ་ཐ་ཆུང་གི་ཚེས་གཅིག་ལ་སྲིད་པའོ། །ཚེས་གཉིས་པ་ལ་ཆེར་བའོ།། ་ཚེས་གསུམ་པ་ལ་རེག་པ་ལ་།ཆེས་བཞི་པ་ལ་སྐྱེ་མཆེད་དྲུག་གོ་།ཚེས་ལྔ་པ་ལ་མིང་དང་གཟུགས་སོ། །ཚེས་དྲུག་པ་ལ་རྣམ་པར་ཤེས་པའོ། །ཚེས་བདུན་པ་ལ་འདུ་བྱེད་དོ། །ཚེས་བརྒྱད་པ་ལ་མ་རིག་པའོ། །ཚེས་དགུ་པ་ལ་རྒ་ཤིའོ། །ཚེས་བཅུ་པ་ལ ་སྐྱེ་བའོ། །ཚེས་བཅུ་གཅིག་པ་ལ་སྲིད་པའོ། །ཚེས་བཅུ་གཉིས་པ་ལ་ལེན་པའོ། །སྟོན་ཟླ་ར་བའི་ཚེས་གཅིག་ལ་ལེན་པའོ། །ཚེས་གཉིས་པ་ལ་སྲེད་པའོ། ཚེས་གསུམ་པ་ལ་ཚོར་བའོ། །ཚེས་བཞི་པ་ལ་རེག་པའོ། །ཚེས་ལྔ་པ་ལ་སྐྱེ ་མཆེད་དྲུག་གོ་།ཆེས་དྲུག་པ་ལ་མིང་དང་གཟུགས་སོ། །ཚེས་བདུན་པ་ལ་རྣམ་པར་ཤེས་པའོ། །ཚེས་བརྒྱད་པ་ལ་འདུ་བྱེད་དོ། །ཚེས་དགུ་པ་ལ་མ་རིག་པའོ། །ཚེས་བཅུ་པ་ལ་རྒ་ཤིའོ། །ཚེས་བཅུ་གཅིག་པ་ལ་སྐྱེ་བའོ། །ཚེས་བཅུ ་གཉིས་པ་ལ་སྲིད་པའོ། །སྟོན་ཟླ་འབྲིང་པོའི་ཆེས་གཅིག་ལ་སྲིད་པའོ། །ཚེས་གཉིས་པ་ལ་ལེན་པའོ། །ཚེས་གསུམ་པ་ལ་སྲེད་པའོ། །ཚེས་བཞི་པ་ལ་ཚོར་བའོ། །ཚེས་ལྔ་པ་ལ་རེག་པའོ། །ཚེས་དྲུག་པ་ལ་སྐྱེ་མཆེད་དྲུག་གོ་།ཆོས ་བདུན་པ་ལ་མིང་དང་གཟུགས་སོ། །ཚེས་བརྒྱད་པ་ལ་རྣམ་པར་ཤེས་པའོ། །ཚེས་དགུ་པ་ལ་འདུ་བྱེད་དོ། །ཚེས་བཅུ་པ་འམ་རིག་པའོ། །ཚེས་བཅུ་གཅིག་པ་ལ་རྒ་ཤིའོ། །ཚེ་པ་བཅུ་གཉིས་པ་ལ་སྐྱེ་བའོ། །སྟོན་ཟླ་ཐ་ཆུང་གི་ཚེས་གཅིག་ལ་སྐྱེ ་བའོ། །ཚེས་གཉིས་པ་ལ་སྲེད་པའོ། །ཚེས་གསུམ་པ་ལ་ལེན་བའོ། །ཚེས་བཞི་པ་ལ་སྲེད་བའོ། །ཚེས་ལྔ་པ་ལ་ཚོར་བའོ། །ཚེས་དྲུག་པ་ལ་རེག་པའོ། །ཚེས་བདུན་པ་ལ་སྐྱེ་མཆེད་དྲུག་གོ་།ཚེས་བརྒྱད་པ་ལ་མིང་དང་གཟུགས་སོ། །ཆེས ་དགུ་པ་ལ་རྣམ་པར་ཤེས་པའོ། །ཚེས་བཅུ་པ་ལ་འདུ་བྱེད་དོ། །ཚེས་བཅུ་གཅིག་པ་ལ་མ་རིག་པའོ། །ཚེས་བཅུ་གཉིས་པ་ལ་རྒ་ཤིའོ། །དགུན་ཟླ་ར་བའི་ཆེས་གཅིག་ལ་རྒ་ཤིའོ། །ཚེས་གཉིས་ལ་སྐྱེ་བའོ། །ཚེས་གསུམ་པ་ལ་སྲིད་པའོ། ་ཚེས་བཞི་པ་ལ་ལེན་པའོ། །ཚེས་ལྔ་པ་ལ་སྲེད་པའོ། །ཚེས་དྲུག་པ་ལ་ཚོར་བའོ། །ཚེས་བདུན་པ་ལ་རེག་པའོ། །ཚེས་བརྒྱད་པ་ལ་སྐྱེ་མཆེད་དྲུག་གོ་།ཚེས་དགུ་པ་ལ་མིང་དང་གཟུགས་སོ། །ཚེས་བཅུ་པ་ལ་རྣམ་པར་ཤེས་པའོ། ། ་ཚེས་བཅུ་གཅིག་པ་ལ་འདུ?་བྱེད་དོ། །ཚེས་བཅུ་གཉིས་པ་ལ་མ་རིག་པའོ། །མ་རིག་པའི་ཉི་མ་ལ་སྐྱེས་པའི་བུ་ནི། །ཉི་མ་དགུ་པ་དང་ཟླ་བ་དགུ་པ་དང་ལོ་དགུ་པ་ལ་གལ་ཏེ་མ་ཤིན། དེའི་ཆེ་བ་དེ་བར་འགྱུར་ཞིང་ནར་དང་འབྲུ་དང་ལྡན་པ་དང། མར ་དུ་སྨ་བ་དང། རང་གི་སྐྱེ་བོ་ལ་རྩོད་པ་དང། ནད་མེད་པ་དང་མི་འགྱུར་བ་སྟེ། ལོ་བརྒྱད་ཅུ་རྩ་གཅིག་ཏུ་འདུ་བྱེད་ཀྱི་ཉི་མ་ལ་འཆི་བར་འགྱུར་རོ། །འདུ་བྱེད་ཀྱི་ཉི་མ་ལ་སྐྱེས་པའི་བུ་ནི། ཉི་མ་བརྒྱད་དང་ཟླ་བ་བརྒྱད་དང་ལོ་བརྒྱད་པ་ལ་གལ་ཏེ ་མ་ཤི་ན། ཕྱུག་པ་དང་ད?་སྦུན་གཉིས་སུ་འགྱུར་བ་དང་ནང་ཉུང་བ་དང། ཚེ་རིང་བ་དང་གྲེགས་མང་བ་དང་ཚངས་པར་སྤྱོད་པ་དང་མཁས་པ་དང་གཟོ་ཤེས་ཏེ་ལ་བརྒྱད་ཅུ་རྩ་བརྒྱད་དུ་འཚོ་ཞིང་རྣམ་པར་ཤེས་བའི་ཉི་མ་ལ་འཆི་བར་འགྱུར་རོ། །རྣམ་པར ་ཤེས་པའི་ཉི་མ་ལ་སྐྱེས་པའི་བུ་ནི། ཉི་མ་ལྔ་པ་དང་ཟླ་བ་ལྔ་པ་དང་ལོ་ལྔ་པ་ལ་གལ་ཏེ་མ་ཤི་ན། བཟོད་པ་དང་དཔའ་བ་དང་སྡུག་བསྔལ་བ་དང་ནོར་ཉུང་བ་དང་མཁས་པ་དགའ་བར་བྱེད་དོ། །ལོ་དྲུག་ཅུ་རྩ་བཞིར་འཚོ་ཞིང་མིང་དང་གཟུགས་ཀྱི་ཉི་མ ་ལ་འཆི་བར་འགྱུར་རོ། །མིང?་དང་གཟུགས་ཀྱི་ཉི་མ་ལ་སྐྱེས་བའི་བུ་ནི། ཉི་མ་དྲུག་དང་ཟླ་བ་དྲུག་དང་ལོ་དྲུག་པ་དང་ལོ་དགུ་པ་དང་ལོ་བཅུ་གཉིས་པ་ལ་གལ་ཏེ་མ་ཤི་ན་ནད་ཉུང་བ་དང། འཚོ་བ་ཉུང་བ་དང། དགྲ་མང་བ་དང ་འདིའི་བུ་ཡང་འཚོ་བ་ཉུང་བ་དང། འཇིགས་བ་དང་ལྡན་པ་དང་བར་དུ་སྡུག་ཅིང་ཕྱིས་ཕྱུག་བར་འགྱུར་ཏེ་།ལོ་བརྒྱད་ཅུ་རྩ་གཅིག་ཏུ་འཚོ་ཞེང་སྐྱེ་མཆེད་དྲུག་གི་ཉི་མ་ལ་འཆི་བར་འགྱུར་རོ། །སྐྱེ་མཆད་དྲུག་གི་ཉི་མ་ལ་སྐྱེས་པའི་བུ་ནི། ཉི་མ་ལྔ་པ་དང་ཟླ་བ ་གསུམ་པ་དང། བཞི་པ་དང་ལོ་བརྒྱད་པ་དང་བཅུ་པ་ལ་གལ་ཏ་མ་ཤི་ན། སེར་སྣ་ཅན་དང་རྟག་ཏུ་ནད?་དང་ལྡན་པ་དང་དཔའ་བ་དང་སྡུག་བསྔལ་བ་དང་སྲེད་བ་དང་ཟས་ལ་རྐམ་པར་འགྱུར་ཏེ་།ལེ་དྲུག་ཅུ་རྩ་བཞིར་འཚོ་ཞིང་རེག་བའི་ཉ་མ་ལ་འཆི་བར་འགྱུར་རོ། ། ་རེག་བའི་ཉི་མ་ལ་སྐྱེས་བའི་བུ་ནི། ཉི་མ་གཉིས་པ་དང་གསུམ་པ་དང་ལྔ་པ་དང་ཟླ་བ་གསུམ་པ་དང་ལྔ་པ་དང་དགུ་པ་དང་ལོ་དགུ་པ་ཁྲ་གལ་ཏེ་མ་ཤིན། རྟག་ཏུ་ནད་ཀྱིས་གཟིར་བ་དང་མཁས་པ་དང་སྙན་པར་སྨྲ་བ་དང་བློ་དང་ལྡན་པ་དང་མངོན་བའི་ང་རྒྱལ་ཅན ་དང། རྐུ་བ་དང་སྦྱང་བ་དང་བུད་མེད་ལ་རྐམ་པ་དང། ཕྲག་དོག་ཅན་དང་ནོར་དང་ལྡན་བར་འགྱུར་ཏེ། ལོ་དྲུག་ཅུ་རྩ་གསུམ་དུ་འཚོ་ཞིང་ཆོར?་བའི་ཉི་མ་ལ་འཆི་བར་འགྱུར་རོ། །ཚོར་བའི་ཉི་མ་ལ་སྐྱེས་བའི་བུ་ནི། ཉི་མ་གཉིས་པ་དང་བཅུ་བ ་དང་ཟླ་བ་གཉིས་བ་དང་བརྒྱད་པ་དང་ལོ་བརྒྱད་པ་ལ་གལ་ཏེ་མ་ཤི་ན། རིམ་གྲོ་ཆེ་བ་དང་ཤིན་ཏུ་མཆོད་པ་དང་ནོར་དང་འབྲུ་དང་ལྡན་ཞིང་ཕྱུག་བ་དང་གཟོའི་གནས་ཀྱི་ཆོ་ག་ཤེས་པ་དང་འཇིགས་པ་མེད་པ་སྟེ། ལོ་དྲུག་ཅུ་རྩ་བཞིར་འཚོ་ཞིང་སྲེད་པའི་ཉི་མ ་ལ་འཆི་བར་འགྱུར་རོ། །སྲེར་བའི་ཉི་མ་ལ་སྐྱེས་བའི་བུ་ནི། ཉི་མ་བཅུ་བ་དང་ཟླ་བ་གསུམ་པ་དང་ལྔ་པ་དང་ལོ་དགུ་པ་ལ་གལ་ཏེ་མ་ཤིན། གྲོང་ཁྱེར་གྱི་དཔོན་པོ་དང་བུ་དང་ཚ་བོ་མང་པོ་དང་ལོངས་སྤྱོད་ཆེ་བ་དང་ནད་ཉུང་བ་དང་དགྲ་མང་བ་ཡང ་གྲོགས་པ་མང་བ་སྟེ་ལོ་བརྒྱད་ཅུ་རྩ་བཞིང་འཆོ་ཞིང་ལེན་པའི་ཉི་མ་ལ་འཆི་བར་འགྱུར་རོ། །ལེན་པའི་ཉི་མ་ལ་སྐྱས་པའི་བུ་ནི། ཉི་མ་དགུ་པ་དང་ལོ་གཉིས་པ་དང་བརྒྱད་པ་དང་དགུ་པ་མ་ཤིན་ཡི་སྡུག་པ་དང་སེམས་ཆུང་བ་དང་བསམ་པ་གཏིང་རིང་བ་དང་གྲོགས་པོའི་ཚུལ ་དུ་སྒྱུར་བ་དང། རྟག་ཏུ་འདོད་པ་ལ་ཆགས་བ་དང་འཆལ་བའི་ཚུལ་ཁྲིམས་ཅན་ཏེ། ལོ་དྲུག་ཅུ་རྩ་བཞིར་འཚོ་ཞིང་སྲིད་པའི་ཉི་མ་ལ་འཆི་བར་འགྱུར་རོ། །སྲིད་པའི་ཉི་མ་ལ་སྐྱེས་པའི་བུ་ནི། ཉི་མ་དགུ་པ་དང་ཟླ་བ་གཉིས་པ་དང་བརྒྱད་པ་དང་ལོ་དགུ་པ་ལ ་གལ་ཏེ་མ་ཤི་ན་གཞན་གྱི་བུད་མེད་དང་འཁྲིག་བ་ལ་དགའ་བ་དང། གཉིད་ཆུང་བ་དང་རིགས་མཐོ་བ་དང། དཔུང་པའི་བདག་པོ་དང་ནོར་དང་ལྡན་པ་དང་ཤིན་ཏུ་མཆོད་པ་དང་ཕྱུག་པ་དང་གཟོའི་གནས་ཀྱི་ཆོ་ག་རིག་པ་དང་ཆུང་མ་གཉིས་དང་ལྡན་པ་སྟེ། ལོ་དྲུག ་ཅུར་འཚོ་ཞིང་སྐྱེ་བའི་ཉི་མ་ལ་འཆི་བར་འགྱུར་རོ། །སྐྱེ་བའི་ཉི་མ་ལ་སྐྱེས་བའི་བུ་ནི། ཉི་མ་ལྔ་པ་དང་ཟླ་བ་དགུ་པ་ལ་གལ་ཏེ་མ་ཤིན་།རྟག་ཏུ་ན་བ་དང་ཕྱུག་པ་དང་ཡུལ་འཁོར་སྐྱད?་བ་ཕྱུག་པས་མཆོད་བ་སྟེ། ལོ་བདུན་ཅུའི་བར་དུ་འཚོ་ཞིང་རྒ་ཤིའི་ཉི་མ་ལ ་འཆི་བར་འགྱུར་རོ། །རྒ་ཤིའི་ཉི་མ་ལ་སྐྱེས་པའི་བུ་ནི། ཉི་མ་གཉིས་པ་དང་ལོ་དགུ་བ་ལ་གལ་ཏེ་མ་ཤིན་བྱིས་པ་ལ་ན་བ་དང། གཞོན་ནུ་ནད་མེད་པ་དང་ཡིད་གཞུངས་བ་དང། གཉེན་རྣམས་ལ་དགའ་བ་དང་དགྲ་མང་བ་སྟེ་།ལོ་དྲུག་ཅུ་རྩ ་བཞིར་འཚོ་ཞིང?་མ་རིག་པའི་ཉི་མ་ལ་འཆི་བར་འགྱུར་རོ། །སྐྱེ་བརྟག་པ་རྫོགས་སོ།། །།ཡ་རིག་པའི་ཉི་མ་ལ་བྱ་བའི་ལས་རྣམས་ནི། མཆོད་སྦྱིན་དང་ཞིང་ས་དང་ཁྱིམ་བཙམ་པ་དང་ཉེར་བསྡོགས?་དང། སྦྱི་བོའི་གནས་བདག་པོས ་མི་མཐོང་བར་བྱ་བ་དང། ཁྲུས་བྱས་ན་དགའ་བ་དང། གོས་སར་པ་བགོས་ན་ལས་མ་ཡིན་པར་འགྱུར་རོ། །འདུ་བྱེད་ཀྱི་ཉི་མ་ལ་བྱ་བའི་ལས་རྣམས་ནི། རིག་བ་དང་ཡི་གེ་དང་བག་མ་བླང་བ་དང་གཞུ་གཟུད་བ་དང་མདའའཕང་བ་དང་རང་དགའ་བའི ་ལས་དང་ཁྲུས་དང་དགྲ་དང་བརྩོད་པ་དང་ཁྱིམ་གྱི་བྱ་བ་རྣམས་བྱ་བའོ། །ཁྲུས་བྱས་ན་འདོད་པའི་གོས་ཐོབ་བ་དང། དེ་ལྟར་མགོ་བཀྲུས་ཏེ་གེས་བགོས་ན་འདི་ལ་ནད་ཆེན་པོས་ཐབས་པ་དང་གློ་བུར་དུ་རྩོད་པར་འགུར་རོ། །རྣམ་པར་ཤེས ་པའི་ཉི་མ་ལ་བྱ་བའི་ལས་རྣམས་ནི། དམག་གསོག་པ་དང། དགྲ་བསད་པ་དང། རྒྱལ་པོ་ལ་དབང་བསྐུར་བ་དང། དངོས་གྲུབ་ཀྱི་ལས་རྣམས་དང། ཁྱིམ་དང་གྲོང་དང་གྲོང་ཁྱེར་གྱི་རབ་གནས་བྱ་བ་དང། ཁྲུས་བྱས་ན་སྐྲག་པ་དང། མགོ་བཀྲུས་ན ་དགའ་བར་འགྱུར་བ་དང། གོས་གས?་དང?་བགོས་ན་བཟང་པོར་འགྱུར་རོ། །མིང་དང་གཟུགས་ཀྱི་ཉི་མ་ལ་བྱ་བའི་ལས་རྣམས་ནི་འབྲོས་པར་བྱ་བ་དང། ལས་རྣམས་མྱུར་བ་དང་ཡུན་དུ་གནས་པ་དང་བཀྲ་ཤིས་པ་དང་ཞིབ་དང་སྐྲ་དང་སྨྲ་ར་དང་སེན་མོའི ་ལས་རྣམས་བྱ་བ་དང་བླ་མའི་དྲུང་དུ་གནས་པར་བྱའོ། །སྐྲ་བཀྲུས་ན་སྐྲ་དཀར་པོར་འགྱུར་རོ། །ཁྲུས་བྱས་ན་གཉེན་རྣམས་སྒྲག་པ་དང། །གོས་གསར་བ་བགོས་ན་དགའ་བར་འགྱུར་ཞིང་མྱུར་བར་ཟད་པར་འགྱུར་རོ། །སྐྱེ་མཆེད་དྲུག་གི་ཉི་མ་ལ་བྱ ་བའི་ལས་རྣམས་ནི། རྒྱལ་པོ་དབང་བསྐུར་བ་དང་གྲོང་ཁྱེར་གྱི། རབ་གནས་བྱ་བ་འགྲུབ་པ་དང་ཕ་རོལ་ལ་ཕྱག་མི་བྱ་བ་དང། ཁྱིམ་དུ་འཇུག་བར་བྱ་བ་དང། དེ་ལས་ཕྱིར་བྱུང་བར་མི་བྱ་བ་དང་གཏེར་རྣམས་བཞག་པར་བྱ་བ་དང་།སྡིག ་པ་སྦང་བར་བྱའོ། །ཁྲུས་བྱས་ནམ་དང་ཕ་སྐྲག་བ་དང། མགོ་བཀྲུས་ན་གཟི་བརྗིད་ཅན་དུ་འགྱུར་བ་དང། ཆོས་གོས་གྱོན་ན་མཛེས་པར་འགྱུར་རོ། །རེག་པའི་ཉི་མ་ལ་བྱ་བའི་ལས་རྣམས་ནི་།བཀའ་གྲུབ་པ་དང་དྲག་པོ?་མི་ཟད་བའི་ལས ་དད་བརྐུར་པ་དང་སྲོག་བཅོད་པ་དང་གང་ཡང་གཞན་སྡིག་པའི་ལས་རྣམས་བྱ་བ་དང། མགོ་བཀྲུས་ན་ཀུ་ཅོ་འབྱུང་བ་དང། ཁྲུས་བྱས་ན་མ་དང་ཕ་སྐྲག་པ་དང། ཆོས་གོས་གྱེན་ན་སྡུག་པ་ལ་ཁྲག་འཛག་བ་མཐོང་པ་དང། ཆོས་གོས་དེ ་མི་འཆང་བར་འགྱུར་རོ། །གལ་ཏེ་གྱོན་ན་ཤཱཀྱ་རྣམས་ཀྱི་མདུན་དུ་བགོ་བར་བྱའོ། །ཆེར་བའི་ཉི་མ་ལ་བྱ་བའི་ལས་རྣམས་ནི་ཡིད་དང་མཐུན་པ་ངང་ཡིད་དགའ་བར་བྱ་བ་དང། ཚོང་དང་བྲན་བཅང་བ་དང་ནོར་དང་ཞི་བ་དང་ཆུ་ལ་བརྒལ་བར་བ་བ་དང། མགོ ་བཀྲུས་ན་འཇིགས་བ་དང་ཁྲུས་བྱས་ན་ཡིད་སྡུག་བསྔལ་བ་དང། གོས་སར་བ་བགོས་ན་ཅི་ལྟར་བྱེད་པ་དེ་ལྟར་འགྱུར་ཏེ། གྲོགས་བོ་རྣམས་གྱི་མདུན་དུ་གོས་བགོ་བར་བྱའོ། །སྲེད་པའི་ཉི་མ་ལ་བྱ་བའི་ལས་རྣམས་ནི། ནོར་དང་འབྲུ་དང་རྫས་བསགས་བར ་བྱ་བ་རྣམས་མ་ཐོགས་ཤང་མྱུར་བ་དང། མགོ་བཀྲུས་ན་སྐྲ་འབྱི་བ་དང། ཁྲུས་བྱས་ན་འཇིགས་པ་ཆེ་བ་དང། ཆོས་གོས་བྱས་ན་རྟག་ཏུ་མགུ་བར་འགྱུར་ཏེ། ཉི་མ་དེ་ལ་གོས་བགོ་བར་མི་བྱའོ། །ལེན་བའི་ཉི་མ་ལ་བྱ་བའི་ལས་རྣམས་ནི། ནོར ་དང་ཞི་བ་དང་བྱ་བ་མྱུར་བ་དང་།སློབ་དཔོན་དུ་གནས་བར་བྱ་བ་དང། སྨ་ར་དང་མེ་ན་མོའི་ལས་དང་ཕོ་ཉ་མདག་བ་དང་སྨན་བྱ་བ་དང། གཞན་གྱི་བུད་མེད་ལ་བགྲོད་བར་བྱའོ། །མགོ་བཀྲུས་ན་འབྱོར་བར་འགྱུར་པ་དང་ཁྲུས་བྱས་ན་ནོར་རྙེད ་པ་དང་ཆོས་གོས་བྱས་ན་ཐུང་བར་འགྱུར་ཏེ་དེ་ལ་བལྟ་བར་མི་བྱའོ། །སྲིད་པའི་ཉི་མ་ལ་བྱ་བའི་ལས་རྣམས་ནི། སྨད་འཚོང་མ་དང་འགྲོགས་པ་དང་གྲོགས་པ་བྱ་བ་དང་ལས་ཐམས་ཅད་འགྲུབ་པ་དང་སྨྲང་སྤང་བར་བྱ་བ་དང་མགོ་བཀྲུས་ན་བཟའ་བ་དང ་བཏུང་བའི་དགའ་སྟོན་དང་ཁྲུས་བྱས་ན་བཟང་བ་དང་གོས་གསར་པ་བགོས་ན་བཟང་པོར་འགྱུར་བ་དང་ཉི་མ་དེ་ལ་གོས་བགོ་བར་བྱའོ། །སྐྱེ་བའི་ཉི་མ་ལ་བྱ་བའི་ལས་རྣམས་ནི་ཁྱིམ་བཟང་པོ་བྱ་བ་དང། རྒྱལ་བོའི་བློན་པོ་དང་ཁྱིམ་གྱི། ། ་བདག་པོ་དང་མོག་བཀྲུས་ན་བཀུར་སྟི་རྙེད་པ་དང། མགུ་བ་དང་ཁྲུས་བྱས་ན་དགའ་བར་འགྱུར་པ་དང་གོས་སར་པ་བགོས་ན་ཡུན་དུ་མི་འཆད་བར་འགྱུར་ཏེ། ཉི་མ་དེ་ལ་གོས་བགོ་བར་མི་བྱའོ། །རྒ་ཤིའི་ཉི་མ་ལ་བྱ་བའི་ལས་རྣམས་ནི། ལས་ ་ཆེན་པོ་བྱ་བ་དང་ཕྱུག་པོའི་ནོར་འཕྲོག་བར་བྱ་བ་དང། མཆོད་སྦྱིན་དང་དག་གི་རྩོད་པ་སྤང་པ་དང། མགོ་བཀྲུས་ན་བཟའ་བ་དང་བཏུང་བ་མང་དུ་རྙེད་པ་དང། ཁྲུས་བྱས་ན་ན་བར་འགྱུར་བ་དང། ཤེས་རབ་གོས?་ན ་ཡུན་དུ་མི་འཆད་བར་འགྱུར་རོ། །ལས་རྟག་པ་རྫོགས་སོ།། །།མ་རིག་པའི་ཉི་མ་ལ་ཤར་ཕྱོགས་སུ་འགྲོན་ལོགས་པར་འོད་ངོ?། །ལྷོའི་ཕྱོགས་སུ་འགྲོ་ན་སྨྲང་དང་ཕྲད་པར་འགྱུར་བ་དང་དོན་གང་གི་ཕྱིར་འགྲོད?་པ་དེ་མི་? ་པོ། །ནུབ་ཀྱི་ཕྱོགས་སུ་འགྲོ་ན་དོན་གང་ལ་འགྲོ་བ་དེ་མི་འཐོབ་བོ། །བྱང་གི་ཕྱོགས་སུ་འགྲོན་ཚིག་སྙན་པ་ཐོས་སོ། །འདུ་བྱེད་ཀྱི་ཉི་མ་ལ་ཤར་གྱི་ཕྱོགས་སུ་འགྲོ་ནི་དོན་རྙེད་ཅིང་ལེགས་བར་འོང་ངོ། །ལྷོའི་ཕྱོགས་སུ་འགྲོ་ན་མྱ་ངན་མེད་ཅིང? ་བདེ་བར་ལྡོག་གོ་།ནུབ་ཀྱི་ཕྱོགས་སུ་འགྲོ་ན་བཟའ་བ་དང་བཏུང་བ་དག་མང་དུ་རྙེད་དོ། །གང་བསླངས་པ་དེ་རྙེད་དོ། །བྱང་གི་ཕྱོགས་སུ་འགྲོ་ན་མངོན་པར་འདོད་པའི་དོན་འགྲུབ་ཅིང་ལེགས་པར་འོང་ངོ། །རྣམ་པར་ཤེས་པ་དེ་ཉི ་མ་ལ་ཤར་དུ་འགྲོ་ན་ཤིན་ཏུ་ཉོན་མོངས་པར་འགྱུར་རོ། །ལྷོའི་ཕྱོགས་སུ་འགྲོན་བདེ་ཞིང་སྐྱིད་པར་འོང་ངོ། །ནུབ་ཀྱི་ཕྱོགས་སུ་འགྲོ་ན་ཀུ་ཅོ་དང་ཕྲ་མ་དང་ཕྲད་པར་འགྱུར་རོ། །བྱང་གི་ཕྱོགས་སུ་འགྲོ་ན་ནོར་རྙེད་ལ་བདེ་བར་ལོག་བར་འགྱུར ་རོ། །མིང་དང་གཟུགས་ཀྱི་ཉི་མ་ལ་ཤར་གྱི་ཕྱོགས་སུ་འགྲོ་ན་དཔལ་ཆེན་པོ་དང་ཕྲད་པར་འགྱུར་རོ། །ལྷོའི་ཕྱོགས་སུ་འགྲོ་ན་བསམ་པ་ཡོངས་སུ་རྫོགས་བར་འགྱུར་རོ། །ནུབ་གྱི་ཕྱོགས་སུ་འགྲོ་ན་གང་སླངས་པ་དེ་མི་རྙེད་པོ། །བྱང་གི ་ཕྱོགས་སུ་འགྲོ་ན་ཤིན་ཏུ་ཉོན་མོངས་སོ། །སྐྱེ་མཆེད་དྲུག་གི་ཉི་མ་ལ་ཤར་ཕྱོགས་སུ་འགྲོ་ན་དོན་རྙེད་པར་འགྱུར་རོ། །ལྷོའི་ཕྱོགས་སུ་འགྲོ་ན་དཔལ་དང་བདེ་བ་འོང་བར་འགྱུར་རོ། །ནུབ་ཕྱོགས་སུ་འགྲོ་ན་བསམ?་པ་ཡོངས་སུ་རྫོགས་པ? ་དང་དགོས་པ་འགྲུབ་བར་འགྱུར་རོ། །བྱང་ཕྱོགས་སུ་འགྲོ་ན་དོན་ཐོབ་པ་དང་མངོན་པར་འདོད་པའི་དོན་ཐོབ་པར་འགྱུར་རོ། །རེག་པའི་ཉི་མ་ལ་ཤར་ཕྱོགས་སུ་འགྲོ་ན་དེ་མ་ཐག་ནང་གྱིས་བཏབ་བར་འགྱུར་རོ། །ལྷོ་ཕྱོགས་སུ་འགྲོ་ན་བཟང་བར་འགྱུར་རོ། །ནུབ་ཀྱི་ཕྱོགས ་སུ་འགྲོ་ན་ཀུ་ཅོ་དང་སྐྲག་བ་ཆེན་པོ་དང་ཕྲད་བར་འགྱུར་རོ། །བྱང་ཕྱོགས་སུ་འགྲོ་ན་དོན་འཕེལ་བར་འགྱུར་ཞིང་དུས་རིང་པོ་ནས་ལྡོག་པར་འགྱུར་རོ། །ཚོར་བའི་ཉི་མ་ལ་ཤར་ཕྱོགས་སུ་འགྲོ་ན་མགུ་བ་དང་སྔོན་གྱི་མྱ་ངན་སངས་པར་འགྱུར་རོ། །ལྷོ་ཕྱོགས་སུ་འགྲོ ་ནན་བ་དང་གཞན་གྱིས་བརྙས་པ་དང་།ཀུ་ཅོ་འབྱུང་བར་འགྱུར་རོ། །ནུབ་ཕྱོགས་སུ་འགྲོ་ན་ཤི་བའི་སྒྲ་ཐོས་པར་འགྱུར་རོ། །བྱང་ཕྱོགས་སུ་འགྲ་ན་ཡིད་བདེ་བ་དང་སྒྲོ་སྙན་པ་ཐོས་པར་འགྱུར་རོ། །སྲེད་པའི་ཉི་མལ་ཤར་ཕྱོགས་སུ་འགྲོ་ན་གོས་རྙེད་པར ་འགྱུར་རོ། །ལྷོའི་ཕྱོགས་སུ་འགྲོ་ན་དོན་རྙེད་པ་དང། མྱ་ངན་ཅུང་ཟད་དང་ལེགས་པར་འོང་བར་འགྱུར་རོ། །ནུབ་ཀྱི་ཕྱོགས་སུ་འགྲོ་ན་ཤི་བའི་སྒྲ་ཐོས་པར་འགྱུར་རོ། །བྱང་ཕྱོགས་སུ་འགྲོན་བདེ་བ་དང་ཡིད་བདེ་བར་ལྡོག་པར་འགྱུར་རོ། །ལེན་པའི་ཉི་མ་ལ་ཤར ་ཕྱོགས་སུ་འགྲོ་ན་འཇིགས་པ་དང་ཤིན་ཏུ་ཉོན་མོངས་བར་འགྱུར་རོ། །ལྷོ་ཕྱོགས་སུ་འགྲོ་ན་བཟང་བར་འགྱུར་རོ། །ནུབ་ཕྱོགས་སུ་འགྲོ་ན་ཅུང་ཟད་འཇིགས་བར་འགྱུར་རོ། །བྱང་ཕྱོགས་སུ་འགྲོ་ན་བསམ་བ་ཡོངས་སུ་རྫོགས་པ་དང་བདེ་བར་ལྡོག་པར་འགྱུར་རོ།། ་སྲིད་པའི་ཉི་མ་ལ་ཤར་ཕྱོགས་སུ་འགྲོ་ན་འཇིགས་པ་དང་ཤིན་ཏུ་ཉོན་མོངས་པར་འགྱུར་རོ། །ལྷོ་ཕྱོགས་སུ་འགྲོ་ན་བཟང་བར་འགྱུར་རོ། །ནུབ་ཕྱོགས་སུ་འགྲོ་ན་ཅུང་ཟད་འཇིག་བར་འགྱུར་རོ། །བྱང་ཕྱོགས་སུ་འགྲོ་ན་བསམ་པ་ཡོངས་སུ་རྫོགས ་པ་དང་བདེ་བར་ལྡོག་པར་འགྱུར་རོ། །སྲིད་པའི་ཉི་མ་ལ་ཤར་ཕྱོགས་སུ་འགྲོ་ན་འཇིགས་པ་དང་ཤིན་ཏུ་ཉོན་མོངས་པར་འགྱུར་རོ། །ལྷོ་ཕྱོགས་སུ་འགྲོ་ན་ལེགས་བར་འོང་བ་དང་ཡིད་བདེ་བ་ཡོངས་སུ་རྫོགས་བར་འགྱུར་རོ། །ནུབ་ཀྱི་ཕྱོགས་སུ་འགྲོ་ན་དོན་བྱས་པ་དང ་ཡིད་བདེ་བར་ལྡག་བར་འགྱུར་རོ། །བྱང་ཕྱོགས་སུ་འགྲ་ན་དོན་རྙེད?་བ་དང་བདེ་བར་ལྡོག་པར་འགྱུར་རོ། །སྐྱེ་བའི་ཉི་མ་ལ་ཤར་ཕྱོགས་སུ་འགྲོ་ན་དོན་རབ་ཏུ་རྙེད་པ་དང་དེ་ལྟར་འཇིག་པར?་འགྱུར་རོ། །ལྷོ?་ཕྱོགས ་སུ་འགྲོན་བཟང་བར་འགྱུར་བ་དང་སྒྲ་སྙན་པ་དང་ཐོས་པར་འགྱུར་རོ། །ནུབ་ཕྱོགས་སུ་འགྲོ་ན་བདེ་པར་འོང་བར་འགྱུར་རོ། །བྱང་ཕྱོགས་སུ་འགྲོ་ན་དོན་རྙེད་པར་འགྱུར་རོ། །རྒ་ཤིའི་ཉི་མ་ལ་ཤར་ཕྱོགས་སུ་འགྲོ་ན་མྱུར་དུ་སླར་ལྡོག་པར ་འགྱུར་རོ། །ལྷོ་ཕྱོགས་སུ་འགྲོ་ན་ཚིག་སྙན་པ་ཐོས་བར་འགྱུར་རོ། །ནུབ་ཕྱོགས་སུ་འགྲོ་ན་སྐྲག་བར་འགྱུར་རོ། །བྱང་ཕྱོགས་སུ་འགྲོ་ན་བདེ་ལེགས་སུ་འོང་བར་འགྱུར་རོ། །འགྲོ་བ་རྟག་པ་རྫོགས་སོ།། །།མ ་རིག་པའི་ཉི་མ་ལ་ནོར་སྟོར་ན་རྐུན་མ་བྱང་ཕྱོགས་ནས་འོངས་ནས་ཉི་མ་དེ་ཉིད་ལ་ཤར་གྱི་ཁྱིམ་དུ་འཇུག་ཅིང་གནས་ཏེ། རྐུན་མ་དེ་སྐྲ་ཐུང་པ་ཁྱིམ་དེ་ལས་ཧ་ཅང་མི་རིང་བ་ན་གནས་པའོ། །ཉི་མ་དགུ་པ་ལ་ངེས་པར་རྙེད་པར ་འགྱུར་རོ། །འདུ་བྱེད་ཀྱི་ཉི་མ་ལ་སྟར་ན། རྐུན་མ་དེ་སེར་སྐྱ་གོས་ཧྲུལ་པོ་རལ་པ་གོན་པ་རྟག་ཏུ་རྐུན་མ་རྟག་ཏུ་ཉེས་པར་བྱེད་པ་ཤར་གྱི་ཕྱོགས་ནས་འོངས་ནས་ཤར་ཕྱོགས་སུ་སོང་བ་དེ་ནོར་དེ་རང་ཉིད་ཀྱིས་ཕྱུང་གི་གཞན་གྱིས་ནི་མ་ཡིན་ཏེ། ་བཤར་ན་སྟེང་བར་འགྱུར་རེ། །རྣམ་པར་ཤེས་པའི་ཉི་མ་ལ་ནོར་སྟོར་ན། རྐུན་མ་དེ་རང་གི་ཁྱིམ་མི་སྟེ། སེར་སྐྱ་གདོང་ཆུང་བ་གྲོགས་ལ་སྟོན་མོད་རྙེད་པར་མི་འགྱུར་རོ། །མིང་དང་གཟུགས་ཀྱི་ཉི་མ་ལ་ནོར་སྟོར་ན་རྐུན་མ་?་གཉིས ་ཏེ་གཅིག་ནི་སྐྲ་ནག་པའོ། །གཉིས་པ་མི་སྡུག་པ་སྐྲ་དཀར་བ་བཟོ་ཤེས་པ་སྟེ། ཉི་མ་ཉི་ཤུ་རྩ་གཅིག་ན་རྙེད་པར་འགྱུར་རོ། །སྐྱེ་མཆེད་དྲུག་གི་ཉི་མ་ལ་ནོར་སྟོར་ན། རྐུན་མ་དེ་རང་གི་ཁྱིམ་ཆེས་ཏེ་སེར་སྐྱ་གསུས་པོ་ཆེ་བ་མིག་དཀྱུས ་རིང་བ་ཆུ་དང་ཉེ་བ་ན་གནས་པ་ནད་པའི་ལག་པར་ནོར་འཇོག་པ་བརྟགས་ན་ཤེས་ཏེ། གལ་ཏེ་ཉི་མ་གཉིས་པ་ལམ་རྙེད་ན་ཕྱིས་རྙེད་པར་མི་འགྱུར་རོ། །རེག་པའི་ཉི་མ་ལ་ནོར་སྟོར་ན་རྐུན་མ་དེ་རང་གི་ཆན་དུ་གཏོགས་པ་སྟེ། ཡང་ཡང་གནས་པ་རང་གི་ཕྱོགས་པར་གནས ་པ་ཕྱོགས་ཤིང་དག་འབའ་སྨང་མང་བ་ཤ་རྒྱས་པ་གཞོན་པ་སྐྲ་གནག་པ་རྟག་ཏུ་རྐུ་བ་རྨས་ན་ཡུན་མི་རིང་བར་རྙེད་དེ། མི་བཞི་གྲོང་གི་འགྲམ་དུ་ཀུ་ཅོ་ལངས་དེ་རྙེད་པར་འགྱུར་རོ། །ཚོར་བའི་ཉི་མ་ལ་ནོར་སྟོར་ན། རྐུར་མ་དེ་གྲོང་གཞན་ནས་འདས་པ་ཀུན་མ་གཅིག་སྟེ་རྐུན་མའི ་ལྟས་དེའི་ཁྱིའི་རྐང་པ་གནག་པ་སྟེ་གཤེར་ན་ཞག་ཉི་ཤུ་རྩ་གཅིག་ན་ངེས་པར་རྙེད་དོ། །སྲེད་པའི་ཉི་མ་ལ་ནོར་སྟོར་ན། རྐུན་མ་དེ་ནུབ་ཀྱི་ཕྱོགས་ནས་འོངས་བ་སྟེ། འཕོངས་པ་མཐོད་ན་སྡུག་པ་ཁྱིམ་གྲོང་གཞན་ན་གནས་པ་དེའི་ཁྱི་རྐང་པ་གནག་པའོ། །འགའ་དང ་རྩོད་པས་དེས་སྟོན་པར་བྱེད་དེ་རྫས་དེ་ངེས་བར་རྙེད་པར་འགྱུར་རོ། །ལེན་པའི་ཉི་མ་ལ་ནོར་སྟོར་ན་རྐུན་མ་དེ་ཤར་ཕྱོགས་ནས་འོངས་པ་འམ་ནུབ་ཕྱོགས་ནས་འོངས་པ་མི་གཉིས་ཏེ། གཅིག་དང་རྩོད་ནས་གཞན་གྱིས་སྟོན་ཏེ་རྫས་དེ་ངེས་པར་རྙེད་པར་འགྱུར་རོ། ་སྲིད་པའི་ཉི་མ་ལ་ནོར་སྟོར་ན་རྐུན་མ་དེ། ཤར་ཕྱོགས་ནས་འོངས་པ་སྟེ་ཅུང་ཟད་བཟོད་པར་མི་ནུས་པ་སྦྱང་པ་བློ་ཟླ་བོ་གཞན་ལ་མི་སྟོན་པ་དེའི་གཉེན་གྱིས་སྟོན་པར་བྱེད་དོ། །སྐྱེ་བའི་ཉི་མ་ལ་ནོར་སྟོར་ན་རྐུན?་མ་གསུམ་སྟེ། །གཉིས་ནི་གཞན་མའོ། །གཅིག ་ནི་རང་པའོ། །གལ་ཏེ་ནན་གྱིས་བཙལ་དེ་ཡུན་མི་རིང་བར་རྙེད་པར་འགྱུར་རོ། །རྒ་ཤིའི་ཉི་མ་ལ་ནོར་སྟོར་ན་རྐུན་མ་དེ་བྱང་ནས་འོངས་པ་སྟེ་བོང་གེ་རིང་བ་སྐད་འཕྲ་བ། གདོང་རིང་བ་ཡན་ལག་རིང་བ་སྐང?་པ་རིང་བ་མགོ་དཀར་བ་སོ་ནག་པ་བ་ཤར་ན ་ཉེ་མ་ཉི་ཤུ་རྩ་ལྡན་རྙེད་པར་འགྱུར་རོ། །རྐུན་མ་བརྟག་པ་རྫོགས་སོ།། །།མ་རིག་པའི་ཉི་མ་ལ་ནད་ཀྱིས་བཏབ་ན། ཤིན་ཏུ་འབད་དེ་བསྲུང་བར་བྱ་སྟེ། གལ་ཏེ་ཟླ་བ་ཕྱེད་ན་མ་ཤི་ན། དེའི་འོག་ཏུ་མཚན་མོ་ལྡན་གྲོལ་བར་འགྱུར་རོ། ་འདུ་བྱེད་ཀྱི་ཉི་མ་ལ་ནད་ཀྱིས་བཏབ་ན་ཉི་མ་བདུན་ནམ་ཤིན། མཚན་མོ་གསུམ་ནས་གྲོལ་བར་འགྱུར་རོ། །རྣམ་པར་ཤེས་པའི་ཉི་མ་ལན་པར་གྱུར་ན་ཉི་མ་ལྔ་པ་དང་བརྒྱད་པ་ལ་མ་ཤི་ན། མཚན་མོ་བདུན་ན་གྲོལ་བར ་འགྱུར་རོ། །མིད་དང་གཟུགས་ཀྱི་ཉི་མ་ལ་ན་བར་གྱུར་ན་ཉི་མ་གསུམ་པ་དང་ལྔ་པ་ལ་མ་ཤི་ཞིང་མཚན་མོ་བདུན་ལམ་ཤི་ན་སོས་སོ། །སྐྱེ་མཆེད་དྲུག་གི་ཉི་མ་ལ་ན་བར་གྱུར་ན་ཉི་མ་གསུམ་པ་དང་བཞི་པ་ལ་མ་ཤིན་དེའི་འོག་ཏུ་མཚན་མ་བཅུ་ནས ་གྲོལ་བར་འགྱུར་རོ། །རེག་པའི་ཉི་མ་ཕན་ན་ཉི་མ་གསུམ་པ་ལ་མ་ཤི་ན་ཉི་མ་བརྒྱད་པ་ལ་ཅུང་ཟད་གྲོལ་ཏེ་རྟག་ཏུ་ནད་ཅན་ཡུན་རིང་དུ་འཚོ་བར་འགྱུར་རོ། །ཚོར་བའི་ཉི་མ་ལན་བར་གྱུར་ན། ཉི་མ་ལྔ་པ་ལ་མ་ཤི་ན་ཉི་མ་དགུ་པ་ལ་ཅུང་ཟད ་གྲོལ་ཏེ་མཚན་མོ་བཅུ་ནས་གྲོག་བར་འགྱུར་རོ། །སྲེད་པའི་ཉི་མ་ལན་བར་གྱུར་ན་ཉི་མ་བརྒྱད་པ་དང་བཅུ་པ་ལ་མ་ཤི་ཞིང་ཉི་མ་བཅུ་དགུ་པ་ལམ་ཤིན་འཚོ་བའོ། །ལེན་པའི་ཉི་མ་ལན་བར་གྱུར་ན། ཉི་མ་བརྒྱད་པ་དང་བཅུ་པ་ལ་མ་ཤི་ན་ཉི་མ ་བཅུ་བའི་ཡུད་ཙམ་ན་གྲོལ་ཏེ་མི་འཆིའོ། །སྲིད་པའི་ཉི་མ་ལན་བར་གྱུར་ན་ཉི་མ་གསུམ་པ་དང་དགུ་པ་ལ་མ་ཤི་ན་ནད་ཉུང་བར་འགྱུར་རོ། །སྐྱེ་བའི་ཉི་མ་ལན་བར་གྱུར་ན་ཉི་མ་ལྔ་པ་ལ་མ་ཤི་ན་ཉི་མ་བརྒྱད་པ་ལ་ཅུང་ཟད་གྲོལ་ཞིང་ཉི་མ་བརྒྱད་པ ་དང་དགུ་པ་ལ་མ་ཤི་ན་དེའི་འོག་ཏུ་གྲོལ་བར་འགྱུར་རོ། །རྒ་ཤིའི་ཉི་མ་ལན་བར་གྱུར་ན་ཉི་མ་གསུམ་པ་དང་འདུན་བ་ལ་མ་ཤི་ན་དའི་འོག་ཏུ་གསོས་ནས་གྲོལ་བར་འགྱུར་རོ། །ནད་རྟག་པ་རྫོགས་སོ།། །།མ་རིག ་པའི་ཉི་མ་ལ་མིག་གཡོན་པ་འགུལ་ན་མ་དང་ཕ་སྐྲག་གོ་།འདུ་བྱེད་ཀྱི་ཉི་མ་ལ་བཟང་ངོ། །རྣམ་པར་ཤས་པའི་ཉི་མ་ལ་གོས་རྙེད་དོ། །མིང་དང་གཟུགས་ཀྱི་ཉི་མ་ལ་ནོར་རྙེད་དོ། །སྐྱེ་མཆེད་དྲུག་གི་ཉི་མ་ལ་མ་དང་ཕ་ལ་བཟང་ངོ། ་རེག་པའི་ཉི་མ་ལ་ཀུ་ཅོ་ལྡང་ངོ། །ཚོར་བའི་ཉི་མ་ལ་ཅུང་ཟད་རྙེད་དོ། །སྲེད་པའི་ཉི་མ་ལ་གཉེན་འོང་ངོ། །ལེན་པའི་ཉི་མ་ལ་བོས་རྙེད་དོ། །སྲིད་པའི་ཉི་མ་ལ་བརྩོད་པ་འབྱུང་ངོ། །སྐྱེ་བའི་ཉི་མ་ལ་རིང་པོ་ནས་འགའ་ཞག་འོང་ངོ། །རྒ་ཤིའི་ཉི་མ་ལ་གིས་རྙེད ་དོ། །མ་རིག་པའི་ཉི་མ་ལ་མིག་གཡས་པ་འགུལ་ན་མ་དང་ཕ་སྐྲག་གོ་།འདུ་བྱེད་ཀྱི་ཉི་མ་ལ་བྱ་བ་ཅུང་ཟད་འགྲུབ་བོ། །རྣམ་པར་ཤེས་པའི་ཉི་མ་ལ་རྩོད་པ་འབྱུང་ངོ། །མིང་དང་གཟུགས་ལ་དངོས་པོ་སར་པ་འཐོབ་བོ། །སྐྱེ་མཆེད་དྲུག་གི་ཉི་མ་ལ ་དོན་ཉམས་སོ། །རེག་པའི་ཉི་མ་ལ་ལོངས་སྤྱོད་རྙེད་དོ། །ཚོར་བའི་ཉི་མ་ལ་མཆི་མ་ལྟུང་ངོ། །སྲིད་པའི་ཉི་མ་ལ་གཞན་ཅུང་ཟད་སྟོར་རོ། །ལེན་པའི་ཉི་མ་ལ་གོས་རྙེད་དོ། །སྲིད་པའི་ཉི་མ་ལ་སྟོར་བ་རྙེད་པ་དང་སྨྲང་དང་འཕྲད་དོ། །སྐྱེ་བའི་ཉི་མ ་ལ་མགྲོན་པོ་འོང་ངོ། །རྒ་ཤིའི་ཉི་མ་ལ་སྡུག་པ་དང་འཕྲད་དོ། །མིག་འགུལ་བ་བརྟག་པ་རྫོགས་སོ།། །།མ་རིག་པའི་ཉི་མ་ལ་རྣ་བ་གཡས་པ་དུ་ན་བུད་མེད་དང་འཕྲད་པར་འགྱུར་རོ། །རྣ་བ་གཡོན་པ་དུ་ན་བཟའ་བ་དང་བཏུ ་བརྙེད་བར་འགྱུར་རོ། །འདུ་བྱེད་ཀྱི་ཉི་མ་ལ་རྣ་བ་གཡས་པ་དུ་ན་བཟང་ངོ། །རྣ་བ་གཡོན་པ་དུ་ན་དོན་རྙེད་དོ། །རྣམ་པར་ཤེས་པའི་ཉི་མ་ལ་རྣ་བ་གཡས་པ་དུ་ན་ཤིན་ཏུ་མགུ་བ་འཐོབ་བོ། །རྣ་བ་གཡོན་པ་དུ་ན་ཅུང་ཟད་བཟང་ངོ། །མིང་དང། ་གཟུགས་ཀྱི་ཉི་མ་ལ་རྣ་བ་གཡས་བ་དུན་ནོར་སྟེར་རོ། །རྣ་བ་གཡོན་པ་དུ་ན་འཆིང་ངོ། །སྐྱེ་མཆེད་དྲུག་གི་ཉི་མ་ལ་རྣ་བ་གཡས་པ་དུ་ན་སྐྲག་གོ་།རྣ་བ་གཡོན་པ་དུ་ན་ཀུ་ཅོ་འབྱུང་ངོ། །རེག་པའི་ཉི་མ་ལ་རྣ་བ་གཡས་བ་དུ་ན་ཅུང་ཟད་སྐྲག་གོ་།རྣ་བ་གཡོན ་པ་དུ་ན་གཞན་འོང་ངོ། །ཚོར་བའི་ཉི་མ་ལ་རྣ་བ་གཡས་པ་དུ་ན་བཟང་ངོ། །རྣ་བ་གཡོན་པ་དུ་ན་སྟོར་བ་སྙེད་དོ། །སྲེད་པའི་ཉི་མ་ལ་རྣ་བ་གཡས་པ་དུ་ན་མཛའ་བོའི་སྒྲ་སྙན་པ་ཐོས་སོ། །རྣ་བ་གཡོན་པ་དུ་ན་ཤི་བ་ཐོས་པར་འགྱུར་རོ། །ལེན ་པའི་ཉི་མ་ལ་རྣ་བ་གཡོས་བ་དུ་ན་འགའ་ཞིག་དབུགས་འབྱིན་ནོ། །རྣ་བ་གཡོན་པ་དུ་ན་བཟང་ངོ། །སྲེད་པའི་ཉི་མ་ལ་རྣ་བ་གཡས་པ་དུ་ན་འགའ་ཞིག་འདྲི་བ་འོང་ངོ། །རྣ་བ་གཡོན་བདུན་བཟང་ངོ། །སྐྱེ་བའི་ཉི་མ་ལ་རྣ་བ་གཡས? ་པ་དུན་ཡོན་རྙེད་པ་གང་གིས་ཤིན་ཏུ་མགུ་བར་འགྱུར་རོ། །རྣ་བ་གཡོན་པ་དུན་ནོར་སྟེར་བརྙེད་པའི་གཏམ་ཐོས་སོ། །རྒ་ཤིའི་ཉི་མ་ལ་རྣ་བ་གཡས་པ་དུན་ནད་མེད་དོ། །རྣ་བ་གཡོན་པར་དུ་ན་ཅུང་ཟད་རླག་གོ་།རྣ་བ་དུ་བ་བརྟག་ག་པ་རྫོགས་སོ།། ་མ་རིག་པའི་ཉི་མ་ལ་མགྲིན་པ་ནས་སྒྲ་གྲག་ན། བྱང་ཕྱོགས་ནས་མགྲོན་པོ་འགའ་ཞིག་འདྲི་བ་འོང་ངོ། །འདུ་བྱེད་ཀྱི་ཉི་མ་ལ་སྒྲ་གྲག་ན་བྱ་བ་ཅུང་ཟད་འབྱུང་ངོ། །རྣམ་པར་ཤེས་པའི་ཉི་མ་ལ་སྒྲ་གྲགས་ན་བཟང་ངོ། །མིང་དང་གཟུགས་ཀྱི་ཉི་མ་ལ་སྒྲ ་གྲག་ན་སྙན་པ་ཐོས་སོ། །སྐྱེ་མཆེད་དྲུག་གི་ཉི་མ་ལ་སྒྲ་གྲག་ན་རིང་པོ་ནས་འདྲི་བ་འོང་ངོ། །རེག་པའི་ཉི་མ་ལ་གྲག་ན་ཀུ་ཅོ་འོང་ངོ། །ཚོར་བའི་ཉི་མ་ལ་གྲག་ན་བཟང་ངོ། །སྲེད་པའི་ཉི་མ་ལ་གག་ན་འདོད་པ་སྐྱེའོ། །ལེན་པའི་ཉི་མ་ལ་གྲག་ན་ཤི་བ ་ཐོས་སོ། །སྲིད་པའི་ཉི་མ་ལ་གག་ན་གོས་རྙེད་དོ། །སྐྱེ་བའི་ཉི་མ་ལ་གྲག་ན་འདྲི་བར་བྱེད་པ་འོང་ངོ། །རྒ་ཤིའི་ཉི་མ་ལ་གྲག་ན་བཟང་ངོ། །མགྲིན་པའི་སྒྲ་བརྟག་པ་རྫོགས་སོ།། །།མ་རིག་པའི་ཉི་མ་ལ་རྐན་འགུལ་ན་མགྲོན་པོ ་གཅེས་པ་འོང་ངོ། །འདུ་བྱེད་ཀྱི་ཉི་མ་ལ་རྐན་འགུལ་ན་ཁྱིམ་གྱི་དཔོན་པོ་བཟང་བར་འགྱུར་རོ། །རྣམ་པར་ཤེས་པའི་ཉི་མ་ལ་འགུལ་ན་མགྲོན་བོ་འོང་ངོ། །མིང་དང་གཟུགས་ཀྱི་ཉི་མ་ལ་འགུལ་ན་གོས་རྙེད་དོ། །སྐྱེ་མཆེད་དྲུག་གི་ཉི་མ་ལ་འགུལ་ན ་སེམས་བྲལ་འོང་ངོ། །རེག་པའི་ཉི་མ་ལ་འགུལ་ན་བདེ་བའི་ཐབས་འབྱུང་ངོ། །ཚོར་བའི་ཉི་མ་འགུལ་ན་འཇིགས་ཤིང་སྐྲག་གོ་།སྲེད་པའི་ཉི་མ་ལ་འགུལ་ན་ཕྱི་མ་སྐོར་བ་འོང་ངོ། །ལེན་པའི་ཉི་མ་ལ་འགུལ་ན་འདིར་འགའ་ཞིག་འཆིའོ?། །སྲིད ་པའི་ཉི་མ་ལ་འགུལ་ན་མགྲོན་པོ་འོང་ངོ། །སྐྱེ་བའི་ཉི་མ་ལ་འགུལ་ན་རྐུན་མོ་འོང་ངོ། །རྒ་ཤིའི་ཉི་མ་ལ་འགུལ་ན་ཁྱིམ་ལ་བཟང་ངོ། །རྐན་འགུལ་བ་བརྟག་པ་རྫོགས་སོ།། །།མ་རིག་པའི་ཉི་མ་ལ་ལྟོགས་པར་འགྱུར་ན་དེར་རྩེད་པ་འབྱང? ་ངོ། །འདུ་བྱེད་ཀྱི་ཉི་མ་ལ་ལྟོགས་ན་ནོར་རྙེད་དོ། །རྣམ་པར་ཤེས་པའི་ཉི་མ་ལ་ལྟོགས་ན་འཇིགས་པ་འབྱུང་ངོ། །མིང་དང་གཟུགས་ཀྱི་ཉི་མ་ལ་ལྟོགས་ན་མ་དང་ཕ་ལ་བཟང་ངོ། །སྐྱེ་མཆད་དྲུག་གི་ཉི་མ་ལ་ལྟོགས་ན་ལས་ལ་ཉེ་བར་གནས་བར་འབྱུང་ངོ།། ་རེག་པའི་ཉི་མ་ལ་ལྟོགས་ན་མདང་ཕ་སྐྲག་པར་འགྱུར་རོ། །ཚོར་བའི་ཉི་མ་ལ་ལྟོགས་ན་ལྷོ་ཕྱོགས་སུ་འགྲོ་བར་འགྱུར་རོ། །སྲེད་པའི་ཉི་མ་ལ་ལྟོག?་ས་ན་འཇིགས་པ་ཆེན་པོ་འབྱུང་ངོ། །ལེན་པའི་ཉི་མལ་ལྟོགས་ན་མགྲོན་པོ་འོང་རོ། །སྲིད་པའི་ཉི ་མལ་ལྟོགས་ན་བཟང་ངོ། །སྐྱེ་བའི་ཉི་མ་ལ་རྟོགས་ན་འཇིགས་པ་ཆེན་པོ་འབྱུང་ངོ། །རྒ་ཤའི་ཉི་མ་ལ་ལྟོགས་ན་རྒན་རབས་དྲན་ནོ། །ལྟོགས་པ་རྟག་པ་རྫོགས་སོ།། །།མ་རིག་པའི་ཉི་མ་ལ་རྐང་པ་སྦྲིར་ན་བཟང་པོར་འགྱུར་རོ། །འདུ ་བྱེད་ཀྱི་ཉི་མ་ལ་སྦྲིང་ན་གཙོ་བོ་ལ་བཟང་ངོ། །རྣམ་པར་ཤེས་པའི་ཉི་མ་ལ་སྦྲིད་ན་འདྲི་བ་འོང་ངོ། །མིང་དང་གཟུས་ཀྱི་ཉི་མ་ལ་སྒྲིད་ན་རྩོད་པ་འབྱུང་ངོ། །སྐྱེ་མཆེད་དྲུག་གི་ཉི་མ་ལ་སྦྲིད་ན་གཙོ་བོ་ལ་བཟང་བ་དང་ཁ་ཅིག་འཆི་བ་ཐོས་སོ།། ་རེག་པའི་ཉི་མ་སྦྲིང་ན་ཀུ་ཅོ་དང་རྩོད་ལ་འབྱུང་ངོ། །ཚོར་བའི་ཉི་མ་ལ་སྦྲིང་ན་ཀུ་ཅེ་དང་རྩོད་པའོང་ངོ། །སྲེད་པའི་ཉི་མ་ལ་སྒྲིད་ན་རྩོད་པ་ཆེན་པོ་འབྱུང་ངོ། །ལེན་པའི་ཉི་མ་ལ་སྦྲིང་ན་འགའ་ཞིག་འཆི་བ་ཐོས་སོ། །སྲིད་པའི་ཉི་མ་ལ་སྦྲིང་ན་གོས་རྙེད ་ངོ། །སྐྱེ་བའི་ཉི་མ་ལ་སྦྲིད་ན་རྐུན་མ་དང་ནད་ཀྱིས་འཇིགས་སོ། །རྒ་ཞིའི་ཉི་མ་ལ་སྙིང་ན་མྱ་ངན་དང་མགུ་བ་འོང་ངོ། །རྐང་བ་སྒྲིང་བ་བརྟག་བ་རྫོགས་སོ།། །།མ་རིག་པའི་ཉི་མ་ལ་རྐང་པའི་སྒྲ་གྲག་ན་གཏེར ་ཆེན་པོ་རྙེད་པ་འམ་མགྲོན་པོ་མྱུར་དུ་འོང་ངོ། །ཁྱི་ཟ་ན་རིང་པོ་ནས་འགའ་ཞིག་འོང་ངོ། གོས་ཚིགས་ན་དོན་ཉམས་པར་འགྱུར་རོ། །བྱི་བས་གོས་ཟོས་ན་རྩོད་པ་ཆེན་པོ་དབྱུང་ངོ། །བྱ་རོག་སྐད་སྒྲོག་ན་རིགས་ཅན་འདྲི ་བ་འོང་ངོ། །གོས་ལ་སྣུམ་འབགས་ན་འགའ་ཞིག་འཆི་བ་ཐོས་སོ། །ས་འགུལ་ན་རྒྱལ་པོ་ནུས་པ་དང་ལྡན་ནོ། །འདུ་བྱེད་ཀྱི་ཉི་མ་ལ་རྐང་པའི་སྒྲ་གྲག་ན་དོན་མེད་བ་གཉིས་འབྱུང་ངོ། །ཁྱི་ཟ་ན་རྒྱལ་བོའི་དགོས་པ་ཅུང་ཟད་སྐྱེའོ། །བྱ་རོག ་སྐད་སྒྲོག་ན་ཅུང་ཟད་སྙན་པ་ཐོས་པ་དང། །བྲག་མཐོད་བར་འགྱུར་རོ། །གོས་ཚིག་ན་བཟང་པོར་འགྱུར་རོ། །བྱི་བས་གོས་ཟོས་ན་ཁྱིམ་འཕེལ་བར་འགྱུར་རོ། །གོས་ལ་སྣུམ་འབག་ན་གོས་རྙེད་པར་འགྱུར་རོ། །ས་གཡོས་ན་ཐ་བ ་མོ་དང་མུ་གེ་དང་ཕ་རོལ་གྱི་དམག་འོང་བར་འགྱུར་རོ། །རྣམ་པར་ཤེས་པའི་ཉི་མ་ལ་རྐང་པའི་སྒྲ་གྲག?་ན་གཞན་མུ་སྟེགས་འོང་ངོ། །ཁྱི་ཟ་ན་རྐུན་མོ་འོང་བ་དང་རྫས་རྙེད་དོ། །བྱ་རོག་སྐད་སྒྲོག་ན་ཀུ་ཅོ་འབྱུང་ངོ། །གོས་ཚིག་ན་ནོར ་ཅུང་ཟད་རྙེད་པར་འགྱུར་རོ། །བྱི་བས་གོས་ཟོས་ན་སྟོར་བ་རྙེད་དོ། །གོས་ལ་སྣུམ་འབགས་ན་མ་དང་ཕ་སྐྲག་གོ་།ས་གཡོས་ན་རྒྱལ་པོ་གཅིག་ལ་གཅིག་ཐབ་མོའི་དོན་དུ་འགྲོ་བར་འགྱུར་རོ། །མིང་དང་གཟུགས་ཀྱི་ཉི་མ་ལ་རྐང་བའི ་སྒྲ་གྲག་ནི་གྲོགས་གོ་འོང་ངོ། །ཁྱི་ཟ་ན་དེར་འགའ་ཞི་འཆིའོ། །བྱ་རོག་སྐད་སྒྲོག་ན་སྡུག་པ་དང་ཕྲད་པར་འགྱུར་རོ། །བྱི་བས་གོས་ཟོས་ན་ཅུང་ཟད་བརླག་པ་དང་རྙེད་པ་གཉིས་འབྱུང་ངོ། །གོས་ཚིག་ན་བཟང་བར་འགྱུར་རོ། །གོས ་ལ་སྣུམ་འབགས་ནམ་དང་ཕ་ཆེར་དྲན་པར་འགྱུར་རོ། །ས་རབ་ཏུ་གཡོས་ན་འཇིག་རྟེན་གྱི་རྐུན་མ་ཞི་བར་འགྱུར་རོ། །སྐྱེ་མཆེད་དྲུག་གི་ཉི་མ་ལ་རྐད་པ་ནས་སྒྲ་གྲག་ན་རིང་པོ་ནས་འགའ་ཞིག་འོང་བ་འམ་ཁྱིམ་གྱི་གཙོ་བོ་ལ ་བཟང་བར་འགྱུར་རོ། །ཁྱི་ཟ་ན་ཀུ་ཅོ་འབྱུང་ངོ། །བྱ་རོག་སྐད་སྒྲོག་ན་ཁ་ཅིག་འོངས་ནས་འབྱོར་བར་བྱེད་དོ། །གོས་ཚིག་ན་ཀུ་ཅོ་དང་ནོར་རྙེད་དོ། །བྱི་བས་གོས་ཟོས་ན་མེའམ་ཆུ་འམ་འགའ་ཞིག་འ་ཆི་བར་འགྱུར་རོ། །གོས་ལ་སྣུམ་འབགས་ན ་སྐྲག་གོ་།ས་གཡོས་ན་རྒན་པ་རྣམས་འཆི་བར་འགྱུར་རོ། །རེག་པའི་ཉི་མ་ལ་རྐང་པ་ནས་སྒྲ་གྲག་ན་སྒྲ་སྙན་པ་ཐོས་སོ། །ཁྱི་ཟན་རྐུན་མོ་འོང་ངོ། །བྱ་རོག་སྐད་སྒྲོག་ན་བསྐྲག་པར་འགྱུར་རོ། །གོས་ཚིག་ན་འགའ་ཞིག་འཆི་བར་འགྱུར ་རོ། །བྱི་བས་གོས་ཟོས་ན་ནོར་རྙེད་དོ། །གོས་ལ་སྣུམ་འབགས་ན་གཉེན་རྣམས་ལ་བཟང་ངོ། །ས་གཡོས་ན་ཀུ་ཅོ་དང་རྩོད་པ་འབྱུང་ངོ། །ཆོར་བའི་ཉི་མ་ལ་རྐང་པ་ནས་སྒྲ་གྲག་ན་དོན་དང་དོན་མེད་པ་གཉིས་དང་ཕྲད་པར་འགྱུར་རོ། །ཁྱི་ཟ་ན་རྩོད ་པར་མ་ཀུ་ཅོ་འབྱུང་བར་འགྱུར་རོ། ཁྱ་རོག་སྐད་སྒྲོག་ན་མགྲན་ཆེན་པོ་འོང་ངོ། །གོས་ཚིག་ན་བྱ་བ་ཅུང་ཟད་སྐྱེ་བར་འགྱུར་རོ། །བྱི་བས་གོས་ཟོས་ན་གོས་དེ་གོས་དེ་ལ་གཙོ་བོ་བལྟ་བར་བྱས་ན་བཀའ་དྲིན་རྩོལ་བར་འགྱུར་རོ། །གོས་ལ་སྣུམ་འབགས་ན་ཡིད་མི ་བདེ་བར་འགྱུར་རོ། །ས་གཡོས་ན་ཕོ་ཉ་འོང་བར་འགྱུར་རོ། །སྲེད་པའི་ཉི་མ་ལ་རྐང་པའི་སྒྲ་གྲག་ན་ནོར་རྙེད་དོ། །ཁྱི་ཟ་ན་རྩད་པ་ཆེན་པོ་འབྱུང་ངོ། །བྱ་རོག་སྐད་སྒྲོག་ན་བུའི་སྒྲ་ཐོས་སོ། །གོས་ཚིག་ན་ན་བ་དང་གོས་རྙེད་དོ། །བྱི་བས་གོས་ཟོས ་ན་དེར་འགའ་ཞིག་འཆིའོ། །གོས་ལ་སྣུམ་གོས་ན་དཔལ་རྙེད་དོ། །ས་གཡོས་ན་ཤར་ཕྱོགས་སུ་དགྲ་ལྡང་ངོ། །ལྷོ་ཕྱོགས་སུ་འཆིའོ། །ནུབ་ཕྱོགས་སུ་ནད་འབྱུང་ངོ། །བྱང་ཕྱོགས་སུ་ནོར་རྙེད་དོ། །ཡང་ན་ཕོ་ཉ་རྣམས་འོང་ངོ། །ལེན་པའི་ཉི ་མ་ལ་རྐང་པའི་སྒྲ་གྲག་ན་སྡིག་པ་བྱེད་པ་དང། འགའ་ཞིག་དེར་འཆི་བར་འགྱུར་རོ། །ཁྱི་ཟ་ན་ཀུ་ཅོ་འབྱུང་ངོ། །བྱ་རོག་སྐད་སྒྲོག་ན་གཉེན་འཆིའོ། །གོས་ཚིག་ན་དེ་ནས་སྡུག་པ་འམ་ནད་འབྱུང་བར་འགྱུར་རོ། །བྱི་བས་གོས་ཟོས་ནས་ ་དེར་མུ་གེའི་འཇིགས་པ་འབྱུང་ངོ། །གོས་ལ་སྣུམ་གྱིས་གོས་ན་ཅིར་ཡང་མི་འགྱུར་རོ། །ས་གཡོས་ན་ཕ་རོལ་གྱི་དམག་འོང་ངོ། །སྲིད་པའི་ཉི་མ་ལ་རྐང་པ་ནས་སྒྲ་གྲག་ན་ཁྱིམ་དེར་དགའ་སྟོན་དང་རྐུན་མ་འོང་བར ་འགྱུར་རོ། །ཁྱི་ཟན་ཁྱིམ་གྱི་ལྷ་མི་དགའ་ཨོ། །བྱ་རོག་སྐད་སྒྲོག་ན་ནོར་རྙེད་དོ། །གོས་ཚིག་ན་ཉི་མ་དེ་ལ་ཟས་མི་རྙེད་དོ། །བྱི་བས་གོས་ཟོས་ན་ཁྱིམ་དེར་རྐུན་མ་འོང་བར་འགྱུར་རོ། །གོས་ལ་སྣུམ་གོས་ན་བཟའ་བར་འགྱུར་རོ། །ས་གཡོས་ན་སྐྱ་རྒྱལ ་བར་འགྱུར་རོ། །སྐྱེ་བའི་ཉི་མ་ལ་རྐང་པ་ནས་སྒྲ་གྲག་ན་རིང་པོ་ནས་གཉེན་རྣམས་འོང་ངོ། །ཁྱི་བ་ན་རང་གི་ཁྱིམ་དུ་བཟང་བར་འགྱུར་རོ། །བྱ་རོག་སྐད་སྒྲོག་ན་དོན་མེད་པར་འགྱུར་རོ། །གོས་ཚིག་ན་ཁྱིམ་འཕེལ་བར་འགྱུར་རོ། ཁྱི་བས ་གོས་ཟོས་ན་གོས་ཆེན་པོ་རྙེད་པར་འགྱུར་རོ། །གོས་ལ་སྣུམ་གྱིས་གོས་ན་ཚིམ་བར་འགྱུར་རོ། །ས་གཡོས་ན་དཔུང་ཆེན་པོ་འོང་བར་འགྱུར་རོ། །རྒ་ཤིའི་ཉི་མ་ལ་རྐང་པ་ནས་སྒྲ་གྲག་ན་ཀུ་ཅོ་དང་རྩོད་པ་དང་ཕྲ་མ་འབྱུང་ངོ། །ཁྱི་ཟན་རིང་པོ ་ནས་འགའ་ཞིག་འོང་ཞིང་བྱ་བ་ཅུང་ཟད་འགྲུབ་གོ་།བྱ་རོག་སྐད་སྒྲོག་ན་ཀུ་ཅོ་འབྱུང་ངོ། །གོས་ཚིག་ན་འགའ་ཞིག་འཐབས་ནས་འཆིའོ། །བྱི་བས་གོས་ཟོས་ན་ཙུང་ཟད་སྟོར་རེ། །གོས་ལ་སྣུམ་གོས་ན་ཀུ་ཅོ་དང་ནོར་རྙེད་དོ། །ས་གཡོས་ན ་དཔོན་པོའི་ལས་གཞན་གྱིས་སུན་འདོན་པ་འམ་དགྲས་ཡུལ་འཇོམས་པར་འགྱུར་རོ། །ཕྱིའི་ལྟས་བརྟག་པ་རྫོགས་སོ།། །།གལ་ཏེ་མ་རིག་པའི་ཉི་མར་རེག་།བདག་གི་བསམ་པར་རྣམ་པར་བསྟན། །འདུ་བྱེད ་ལ་ནི་ཁྱིམ་བསམ?་བ། །རྣམ་པར་ཤེས་ལ་སྤུན་བསམ་པ། །མིང་དང་གཟུགས་ལ་གཉེན་བསམ་པ། །སྐྱེ་མཆེད་དྲུག་ལ་གྲོགས་དང་བུ། །རེག་པམ་ལ་ནི་དགྲ་བསམ་པ། །ཚོར་བ་བུད་མེད་ཡང་དག་སྦྱོར། །སྲེད་པ་ལ་ནི་འཚོ་དོན་དུ། ་ཉེ་བར་ལེན་ལ་ཆོས་དོན་དུ། །སྲིད་ལ་ཤིན་ཏུ་མི་བཟད་པས། །སྐྱེ་ལ་དོན་ནི་རྣམ་ཤེས་བྱ། །རྒ་ཤི་ལ་ནི་དོན་བསྟན་བྱ། །བསམ་པ་བརྟག་པ་རྫོགས་སོ།། །།མཚན་མ་འབྱུང་པའི་གཙོ་བོའི་ཕྱིར། །བདེ་བ་འབྱུང་བར་འགྱུར ་བ་ཡིན། །གང་ཚེ་མ་རིག་པ་ལ་རེག་།དངོས་གྲུབ་དོན་ནི་རྣམ་པར་བསྟན། །སྡུག་པའི་གཉེན་དང་ཕྲད་པ་དང། །བུ་དང་ནོར་འབྲུ་བ་ལང་ནི། །ཡུན་ནི་མི་རིང་དུས་ཉིད་དུ། །ཐོབ་པར་འདིར་ནི་སོམ་ཉི་མེད། །འདུ་བྱེད་ལ་ནི་རེག་ཙམ་གྱིས། །ལམ་དུ ་འགྲོ་བར་འགྱུར་བསྟོན། །བུ་དང་ཟས་ཀྱི་བསམ་པ་དང། །ལས་ཀྱི་བསམ་པ་རྣམ་པར་བསྟན། །རྣམ་ཤེས་བྱ་བ་མིག་ཡོ་འགྱུར། །རབ་གནས་གྲོགས་པོ་བསྡུ་པ་དང། །སྐྱེ་བ་མེད་དང་ཞི་བ་དང། །བྱ་བ་གྲུབ་པར་རྣམ་པར་བསྟན།། ་མིང་དང་གཟུགས་ལ་སྐྱོ་བ་དང། །ཀུན་ནས་འཇིགས་པ་འབྱུང་བ་དང། །རྟག་ཏུ་དོན་ནི་ཉམས་པ་དང། །རང་གི་སྐྱེ་བོ་རྣམས་དང་འབྲལ། །སྐྱེ་མཆེད་དྲུག་ལ་གྲོགས་རྣམས་ཀྱི། །བྱ་བ་དང་ནི་ཕྲད་པ་དང། །སྙན་པར་བརྗོད་པར ་འགྱུར་བ་དང། །བུ་སྐྱེ་བར་ནི་རྣམ་པར་བསྟན། །རེག་བར་དཔྱོད་དང་ཀུན་ཉོན་མོངས། །རྩོད་དང་ཀུན་མ་འཇིགས་མི་ཤེས། །དེ་བཞིན་ནད་དང་རང་གཉེན་མཁོན། །ཚོར་བར་བཟའ་བཏུང་ལ་སོགས་དང། །གོས་དང་རྒྱན་ནི་རྙེད་པ་དང། །སྟོར ་བའི་ནོར་ནི་རྙེད་པ་དང། །བུད་མེད་སྡུག་གུ་ཕྲད་པར་འགྱུར། །སྲེད་པ་ལ་ནི་བསམ་མང་ཞིང། །ཐམས་ཅད་འབྲས་བུ་མེད་པར་འགྱུར། །ཡིད་ལ་རེ་བ་ཅི་འདོད་པ། །བསམས་པའི་དོན་ནི་ཡང་དག་འཁྲུལ། །ལེན་པ་ལ་ནི ་སྐལ་བཟང་ཞིང། །ཞི་དང་བསྲུང་དང་ཤིས་བར་འགྱུར། །བསྟན་དང་དེ་བཞིན་བཞོན་པ་དང། །ནོར་རྙེད་པ་ནི་འབྱུང་བར་འགྱུར། །སྲིད་པར་རེག་པས་ཉོན་མོངས་ཤིང། །རྒྱལ་པོའི་ཆད་པས་ངེས་འཇིགས་འགྱུར། །མྱ ་ངན་གནས་ལས་ཉམས་པ་དང། །མདོག་ཉམས་པར་ནི་རྣམ་པར་བསྟན། །སྐྱེ་བར་རེག་པར་ལོངས་སྤྱོད་ཆེ། །དོན་ཀུན་དང་ནི་ཡོན་རྙེད་ཅིང། །གྲོགས་པོ་རྣམས་ཀྱིས་མཆོད་པ་དང། །བསྔགས? ་པ་རུ་ནི་འགྱུར་བ་ཡིན། །རྒ་ཤིར་ཐམས་ཅད་དོན་མེད་འགྱུར། །སྙིང་པོར་མེད་ཅིང་ཆགས་བྲེལ་ཏེ། །སོགས་མའི་སྙིང་པོ་མེད་རྡུལ་མཚུངས། །བྱ་བ་བསམ་ལམ་རྣམ་ངེས་བསྟན། །མ་རིག་ལ་སོགས་མཚན་མས་མཚན།། ་ཡན་ལག་བཅུ་གཉིས་འཁོར་བྲིས་པ། །གང་དང་གང་ལ་འདྲི་བྱེད་རེག་།དེ་ལ་མཚན་མ་རྣམ་པར་བསྟན། །མ་རིག་རྒ་ཤི་སྐྱེ་བ་དང། །སྲེད་པ་ལེན་པ་སྲིད་པ་དང། །ཚོར་བ་རེག་པ་སྐྱེ་མཆེད་དྲུག་།མིང་གཟུགས་རྣམ ་ཤེས་འདུ་བྱེད་དོ། །ཡི་གེ་འདི་རྣམས་འཁོར་ལོ་ནི། །མཁས་པས་ཡང་དག་བྲི་བར་བྱ། །བསམ་པ་བསྟན་ཕྱིར་བཤད་པ་མ་ནོར་བ། །བཅོམ་ལྡན་འདས་གསུངས་བཞིན་དུ་འདི་ནི་བྲིས། །ལྷ་མཉེས་པ་དང་རིག་པ ་གོམས་བྱ་དང། །ཡང་དག་སྨན་བཟོ་མཁས་པས་རབ་འབད་བྱ། །ཡན་ལག་བཅུ་གཉིས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་འཁོར་ལོ། །སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱི་མཛད་པ་རྫོགས་སོ།། །། ་