| Wylie | e-texts based on the ACIP/ALL Input |
སྦྱོར་བ་ཡིན། །དྲི་སྦྱར་བའི་མིག་མངས་རིས་ཀྱི་སྦྱོར་བ་ཚིག་ལེའུར་བྱས་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།སྤོས་ཀྱི་སྦྱོར་བ་རེའུ་ཆར་བྱས་པའི་ཐབས་བཤད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྤོས་སྦྱོར་གཙུག ་ལག་འདི་ལ་ནི། །རྣམ་གྲངས་རྒྱས་པར་རབ་བརྗོད་ན། །མཛའ་ཡས་པ་ཞིག་འབྱུང་མོད་ཀྱི། །མདོར་བསྡུས་དོན་གྱི་རྣམ་བརྒྱད་པོ། །གདབ་སྤོས་ཕྱེ་མ་བྱུག་པ་དང། །བདུག་སྤོས་དང་ནི་ཁྲུས་ཀྱི་སྤོས། །ལུས་ཀྱི་དྲིལ་ཕྱིས་བྱ་བ་དང། །བཏུང་བ ་བསྒོ་དང་ཁ་ཡི་སྤོས། །ཏིལ་མར་དྲི་ཞིམ་བསྒོ་བ་ཡེས། །སྦོས་རྣམས་སྦྱོར་བའི་ཆོག་བསྟན། །དེ་ལ་སྤོས་ཀྱི་སྦྱོར་བ་ཐམས་ཅད་ཀྱི་རྩ་བ་ལྟ་བུར་གྱུར་པ་ཨ་ག་རུ་ལ་སོགས་བའི་སྤོས་རྣམ་པ་བཅུ་དྲུག་པོ་རྣམས་སྤོས་སྣོད་རེའུ་མིག་བཅུ་དྲུག་སོ་དག་ཏུ་བཞག་པ ་བསྟན་པ་ནི་འདི་ལྟར། ཨ་གར་པ་ཏྲ་དུ་རུས་རྡོ་དྲག་པྲི་ཡཾ་གླ་སྒང་པྲ་ཚིལ་བ་ལི་ཀ། པྲི་ཀ་ཤིང་ཚྭ་རྒྱ་སྤོས་སྤང་སྤོས་ཙནདན་སེན་མོ་ཐང་ཆུ་ཀུན་དུར་རྣམས་ཞེས་བྱ་བ་དག་ཡིན་ཏེ་དེ་ལྟར་ཨ་ག་རུ་ལ་སོགས་པ་སྤོས་སྣ་བཅུ་དྲུག་པོ་རྣམས་དང་པོར་བསྟན་པ ་འདི་ནི་སྦྱོར་བའི་རྣམ་པ་ཐམས་ཅད་ལ་དྲིའི་འདུ་འཕྲོད་སྣ་མཐུན་པར་སྦྱར་བ་དང། །སྣ་བཞི་པོའི་སྦྱོར་བ་སྤྱི་ལ་ཆ་བཅོ་བརྒྱད་དུ་ངེས་པར་འདོད་པའི་ཕྱིར་རེའུ་མིག་བཅུ་དྲུག་པོ་དག་ཏུ་སོ་སོར་བཞག་པ་གོ་རིམ་གྱི་ངེས་པ་བསྟན་པ་ཡིན་ནོ། །འདིར་སྦོས ་ཀྱི་རྣམ་པ་མང་པོ་བསྟན་པ་ཀུན་ཀྱང་དྲིའི་སྦྱོར་བ་སྤྱིའི་ཆོ་གར་བསྟན་པ་ནི་དྲི་གསོ་བ་དང། །བདུག་པས་བདུག་པ་དང། མེ་ཏོག་ཞིམ་པོས་བསྒོ་བར་བསྟན་བ་ཡིན་ཏེ། འདི་ལྟར་སྦོས་རྒྱལ་གླ་རྩི་ག་བུར་དག་གིས་གསོ་ཞིང་བདུག་པ་མཆོག་གིས ་བདུག་།མེ་ཏོག་ཞིམ་པོས་བ་སྒོ་བ་གྱིས་དང་ཞེས་བྱ་བས་བསྟན་པ་ཡིན་ཏེ། །འདི་དག་གི་ཐབས་དང་ཆོ་ག་ནི་ཞིབ་ཏུ་འོག་ནས་སྟོན་ཏོ། །དྲི་སྦྱར་མཆོག་ཏུ་འདི་འགྱུར་ཞེས་བྱ་བ་ནི་སྦྱོར་བའི་ཡོན་ཏན་བརྗོད་པའོ། །ལུས་མཆོག་མ་ཞེས་བྱ་བ་ནི ་བརྙན་པར་བོད་པའི་ཚིག་གོ་།དེ་ལ་སྔར་བསྟན་བའི་སྤོས་སྣ་བཅུ་དྲུག་པོ་རྣམས་ཉིད་ཀྱང་སོ་སོའི་ཆ་མང་ཉུང་གི་ཆོད་བསྟན་པའི་ཕྱིར་གོ་རིམ་གྱི་ཚུལ་དུ་གཞན་དུ་བསྟན་པ་ནི། ཤང་ཚྭ་ཨ་ཀར་པ་ཏྲ་པྲ་ཀ་དུ་རུས་སྤང་སྤོས་རྒྱ་སྤོས ་རྡོ་དྲེག་དང། །ཀུན་ཏུ་རྒཾ་དྷ་བ་ལིག་ཐང་ཆུ་པྲེ་ཡང་སེན་མོ་ཙནདན་གླ་སྒང་རྣམས། །གོ་རིམ་བཞིན་དུ་ཆ་རེ་བསྐྱེད་ཅིང་དྲི་ཡི་སྦྱོར་བ་བརྒྱད་པ་ཕྲག་གཉིས་དང་ཞེས་བྱ་བ་དག་ཡིན་ཏེ། དྲིའི་སྦྱོར་བ་བརྒྱད་པ་ཕྲག་གཉིས་སུ་བྱ་བ་དང་གོ་རིམ་བཞིན་དུ་ཆ་རེ ་བསྐྱེད་བ་ལ་ཤིང་ཚྭ་ཆ་གཅིག་ཨ་ག་རུ་ཆ་གཉིས། །གཾ་དྷ་པ་ཏྲ་ཆ་གསུམ། པྲི་ཀ་ཆ་བཞི། དུ་རུ་སྐ་ཆ་ལྔ། །སྤང་སྤོས་ཆ་དྲུག་རྒྱ་སྤོས་ཆ་བདུན། རྡོ་དྲེག་ཆ་བརྒྱད་དུ་བྱ་བ་རྣམས་ལ་ཆ་བརྒྱད་པ་ཕྲག་གཅིག་དང། ཡང་ཀུན་ཏུ་རུ་ཆ་གཅིག་།གཾ ་དྷརྦ་ཆ་གཉིས། བ་ལི་ཀ་ཆ་གསུམ། ཐུང་ཆུ་ཆ་བཞི། པྲི་ཡཾ་ཀུ་ཆ་ལྔ། ཆུ་སྲིན་སེན་མོ་ཆ་དྲུག་།ཙནདན་ཆ་བདུན། གླ་སྒང་ཆ་བརྒྱད་དུ་བྱ་བ་རྣམས་ནི་ཆ་བརྒྱད་པ་ཕྲག་གཉིས་སུ་བྱ་བ་ཡིན་ནོ། །དེ་ལྟར་ན་ཤིང་ཚྭ་ལ་སོགས་པ་སྤོས་སྣ་བཅུ་དྲུག་བོ་རྣམS ་སྨོས་པ་དེ་དག་ཨ་ག་རུ་ལ་སོགས་པ་དང་པོར་བསྟན་པའི་སྤོས་རྣམ་པ་བཅུ་དྲུག་པོ་དེ་དག་ཉིད་ཡིན་ན་ཅིའི་ཕྱིར་གོང་དུ་དོན་གཅིག་ཏུ་བསྡུས་ཏེ་མ་བཤད་ཅེ་ན། སྔ་མ་ནི་སྦོར་བ་རྣམ་པ་ཐམས་ཅད་ཀྱི་སྤྱིའི་ཆ་གྲངས་མཉམ་པར་གཏན་ལ་དབབ་པའི་ཕྱིར་རེའུ་མིག་བཅུ་དྲུག་པོ་དག་ཏུ་སྤོས་རྣམས་སོ་སོར་བཞག་པའི་གོ་རིམ་གྱི་ངེས་པ་བསྟན་པ་ཡིན་ལ། འདིར་སྤོས་སྣ་བཅུ་དྲུག་པོ་དེ་དག་གི་སོ་སོའི་དྲིའི་ཁྱད་པར་འཇམ་རྩུབ་དང་དྲག་དལ་ལ་སོགས་པ་མི་འདྲ་བའི་སྒོ་ན་ས་སོ་སོའི་ཆ་གྲངས ་མང་ཉུང་གི་ཚད་མི་མཉམ་པར་འདོད་པའི་ཕྱིར་ཆ་བསྐྱེད་པའི་གོ་རིམ་གྱི་ཚུལ་རྣམ་པ་གཞན་དུ་བསྟན་པ་ཡིན་ནོ། །དེ་ལྟར་སྤོས་སྣ་བཅུ་དྲུག་པོ་དེ་ལྟར་སྤོས་སྣ་གྲངས་དུ་ཞིག་སྦྱོར་བ་གཅིག་ཏུ་བྱ། སྦྱོར་བ་རྣམས་ནི་དུ་ཞིག་ཡོད།། སྦྱོར་བ ་གཅིག་ལ་ཆ་གྲངས་ཇི་ཙམ་ཞིག་ཏུ་བྱ་ཞེ་ན་།འདི་ལྟ་སྟེ། བཞི་པའི་སྦྱོར་བ་ཞེས་སྨོས་པས་སྣ་བཞི་ཞིང་སྦྱོར་བ་གཅིག་ཏུ་བྱ་བར་བསྟན་པ་ཡིན་ནོ། །སྣ་བཞི་པའི་སྦྱོར་བ་དེའི་ནོམ་གྲངས་བསྟན་པ་ནི་འདི་ལྟ་སྟེ། མཇུག་ཐོགས་སུ་ཉི་ཤུ་ཆེས ་སྨོས་ཏེ། འདིས་སྤོས་སྣ་བཞི་པའི་སྦྱོར་བ་རྣམ་པ་ཉི་ཤུ་ཡོད་པར་རིག་པར་བྱའོ། །སྤོས་སྣ་བཞི་པའི་སྦྱོར་བ་གཅིག་ལ་ཆ་དུ་ཞིག་ཏུ་བྱ་བ་མ་བསྟན་པས་ཆ་ལས་ཞེས་བྱ་བ་ཆོས། །ཆའི་སྒོ་ནས་ཞེས་བྱ་བའི་ཐ་ཚིག་གོ་།སྣ་བཞི?་པའི་སྦྱོར་བ་འདི ་ལ་ཆའི་སྒོ་ནས་གྲངས་བསྟན་པ་ནི། གཉིས་ཀྱིས་ཉུང་བར་གྱིས་ཤིག་ཅེས་བྱ་བར་བསྟན་ཏེ། གཉིས་ཀྱིས་ཕྲི་ཞིག་ཅེས་བྱ་པའི་ཐ་ཚིག་གོ་།གང་ལས་ཕྲི་ཞེ་ན། སྔར་བཞི་པའི་སྦྱོང་བའི་རྣམ་པ་ནི་ཉི་ཤུ་བསྟན་མ་ཐག་པ་ཉི་ཤུ་ལས་གཉིས་ཀྱིས་ཕྲིན ་གྲངས་བཅོ་བརྒྱད་དུ་འགྱུར་ཏེ་།དེ་ལྟར་སྣ་བཞི་པའི་སྦྱོར་བ་གང་ཡང་རུང་བ་ཅིག་ལ་ཆ་བཅོ་བརྒྱད་པོ་དག་ཏུ་བྱ་བ་བསྟན་པ་ཡིན་ནོ། །འཛད་ས་མ་མོ་ཞེས་བྱ་བ་ནི་ཤེས་ཉེན་ཙན་ཞེས་བྱ་བ་སྟེ། བོད་པའི་ཚིག་གོ་།དེ་ལྟར་སྤོས་སྣ་བཞི་ལ་ཆ་བཅོ་བརྒྱད་པའི་སྦྱོར་བ ་རྣམ་པ་ཉི་ཤུ་བཞེད་པ་དེ་ཇི་ལྟ་བུ་ཞིག་སྙམ་པ་ལ། འདི་ལྟར་ཨ་ག་རུ་ལ་སོགས་པ་དང་པོར་བསྟན་པའི་སོས་རྣམ་པ་བཅུ་དྲུག་པོ་ཆ་གྲངས་གོང་དུ་བསྟན་པ་བཞིན་དུ་བསྐྱེད་ལ། རེའུ་མིག་བཅུ་དྲུག་པོ་དག་ཏུ་གོ་རིམ་ཇི་སྐད་འབྱུང་བ་བཞིན་དུ་མ་ནོར་བར ་བཞག་སྟེ། འདི་ལྟར་རེའུ་མིག་བཞི་པའི་ཕྲེང་བཞི་ཞིག་ཡོད་པ་ལས་ཕྲེང་དང་པོ་ལ་ཨ་ག་རུ་གིདྷ་པ་ཏྲ་དུ་རུས་ཀ་རྡོ་དྲེག་བཞི་བཞག་པ་དང། དེ་ནས་ཡི་གེ་ཕྲེང་བ་བཞིན་དུ་ཕྲེང་བ་དང་འོག་རེའུ་མིག་བཞི་ལ། །པྲི་ཡཾ་ཀུ་གླ་སྒང་།གིདྷ་ར་ས། བ་ལི་ཀ ་བཞི་བཞག་།ཕྲེང་གསུམ་པ་ལ་པྲི་ཀ་ཤྔ་ཆཝ་རྒྱ་སྤོས་སྤང་སྤོས་བཞི་བཞག་།ཕྲེང་ཐ་མ་ལ་ཙནདན་ཆུ་སྲིན་སེན་མོ། །ཐང་ཆུ། ཀུན་ཏུ་རུ་བཞི་པོ་རྣམས་བཞག་པ་བྱས་ན་ཆོ་བཅོ་བརྒྱད་ཡོད་པའི་སྤོས་སྣ་བཞི་པོའི་སྦྱོར་བ་རྣམ་པ་ཉི་ཤུར་འགྱུར་ཏེ། ཇི ་ལྟར་ཞེ་ན་།འདི་ལྟར་རེའུ་མིག་བཞི་པོའི?་ཕྲེང་བ་བཞི་ངོས་གཉིས་སུ་བསྲེས་པ་ལ་སྦྱོར་བ་རྣམ་པ་བརྒྱད། གྲཝ་བཞི་ནས་རེའུ་ཟུར་སྤྲོད་རྒྱ་གྲམ་དུ་བགྲངས་པའི་སྦྱོར་བ་རྣམ་པ་གཉིས་ཏེ་བཅུ་དང། ཡང་ཕྱོགས་བཞིན་ས་མཛའ་ཨི ་ཕྲེང་པ་རེ་རེ་བོར་ལ་འདབ་ཆགས་སུ་རེའུ་མིག་བཞིར་བགྲངས་པའི་སྦྱོར་བ་རྣམ་པ་བཞི་དང། མཛའ་བཞི་ནས་རེའུ་འདབ་ཆགས་སུ་བགྲངས་པའི་སྦྱོར་བ་རྣམ་པ་བཞི་སྟ་བརྒྱད་དང། དབུས་ཀྱི་ཆ་ལས་རེའུ་འདབ་ཆགས་སུ་བགྲངས་པའི་སྦྱོར་བ་རྣམ ་པ་གཅིག་དང། གྲཝ་བཞི་ནས་རེའུ་མིག་རེ་རེ་བཞི་ཞིག་བགྲངས་པ་ལ་སྦྱོར་བ་རྣམ་པ་གཅིག་སྟེ་བཅུ་དང། དེ་ལྟར་རྣམ་པ་བཞི་པོ་དེ་དག་ནི་སྤོས་སྣ་བཞི་པོ་ཆ་བཅོ་བརྒྱད་ཡོད་པའི་སྦྱོར་བ་རྣམ་པ་ཉི་ཤུ་པོ་དག་ཡིན་ནོ། །དེ་ལྟར་སྤོས་ཀྱི་སྦྱོར ་བ་རྣམ་པ་ཉི་ཤུ་པོ་དེ་དག་ལས་གང་ཡང་རུང་བ་ཅིག་སྦྱོར་བར་འདོད་ན་སྤོས་སྣ་བཞི་པོ་ཆ་བཅོ་བརྒྱད་པོར་བྱས་པ་རྣམས་ཕྱེ་མར་བརྟགས་ལ། དང་པོར་དྲི་ཆུས་སྦྲུ་བ་དང། དྲིག་སོ་བ་དང། གདུག་པས་བདུག་པ་དང། མེ་ཏོག་དྲི་ཞིམ་པོས ་བསྐོ་བ་རྣམས་ཀུན་ལའང་འདྲ་བར་བྱའོ། །དེ་ལ་དྲི་ཆུ་སྦྱར་བ་ནི་ཙནདན་གླ་སྒང་བ་ལི་ཀ་།པུ་ཤེལ་རྩེ་དང་པྲི་ཡི་ཀུ་།ཛཱ་ཏི་ཕ་ལ་ཆ་མཉམ་པ་ཞེས་སྤོས་ཀྱི་གཙུག་ལག་གཞན་ལས་འབྱུང་བའི་སྤོས་དེ་རྣམས་རྩ་བའི་སྤོས་ཕྱེར་མ་སྲང་ལྔ་ལ་ཁུ་བའི་སྤོས ་ཞོ་གཅིག་གི་ཐང་དུ་བརྩིས་ཏེ་རྩིད་པོར་བརྟགས་ལ་ཆུ་བཅུ་དྲུག་འགྱུར་གྱི་ནང་དུ་བསྐོལ་ཏེ་ཁུ་བ་བཞི་ཆ་ལུས་པས་སྦུལ་ཙམ་དུ་སྦྲུས?་ནས་དེའི་ནང་དུ་དྲི་གསོ་པའི་ཀྲས་སྔར་རྩ་བ་ལས་བཤད་པའི་ཛ་ཏི་ཕ་ལ་ད་ད་ག་བུར་དང་གླ་རྩི་རྣམས་ཆ་བསྙམS ་ལ་རྩ་བའི་སྦོས་སྣ་བཞི་པོའི་སྤྱིར་ཇི་ཅམ?་ཡོད་པ་ལས་སྔ་མ་བཞིན་དུ་སྲད་ལ་གཞལ་ལ་དྲི་གསོ་བའི་ཕྱིར་ཞོ་གཅིག་གི་ཐང་བརྩིས་ལ་ཕྱེ་མར་བཏགས་པས་གདབ་ཅིང་འདྲིས་པར་བྱའོ། །དེ་ནས་དུད་པས་བདུག་བ་ནི་ཡང་རྩ་བའི་སྤོས་རྣམས་དྲི་ཆུས ་སྦྲུས་ཏེ་འདེ་གུ་བྱས་ལ་རྗེའུ་སར་བའི་ནང་དུ་ངོས་ལ་བྱུགས་ཏེ་ཅུང་ཟད་མ་སྐམས་པར་བྱས་ལ་རྫེའུ་གཞན་གྱི་ནང་དུ་མེ་མར་མུར་བླུགས་ཏེ་སྤོས་ཀྱི་དུད་པ་འཐུལ་བར་བྱས་པའི་སྟེང་དུ་བསྒྲུབ་ཏུ་བཞག་ཅིང་དུད་པ་གཞན་དུ་མ་ཤོར་བར་བདུག་གོ་།དེ་ལ་བདུག་པའི་སྦོས ་སྦྱོར་བཞི་རྒྱ་སྐྱེགས་ཐང་ཆུ་བྲི་ཡཾ་ཕོག་།ཆུ་སྲིན་སེན་མོ་ཀུན་ཏུ་རུ་།རུ་ཏ་དང་ནི་བུ་རམ་བཅས། །བདུག་པ་མཆོག་དུ་བསྟན་པ་ཡིན་ཞེས་བཤད་པ་ཡིན་ཏེ། འདི་རྣམས་ཆ་མཉམ་པ་ཕྱེ་མར་བརྟགས་པ་བུ་རམ་ཉིད་ཀྱིས་སྤྲུས་པ་དེས་བདུག་པར་བྱའོ། །དེ་ལ་མེ ་ཏོག་དྲི་ཞིམ་པོས་བསྒོ་བ་ནི་སྣ་མའི་མེ་ཏོག་དང་བལ་བུ་དང་སྐྱང་ཤོ་བ་ལ་སོགས་པ་མེ་ཏོག་དྲི་ཞིམ་པོ་ག་པུར་དང་བསྲེས་ལ་བྱིབ་ཅིང་དྲིས་བསྒོ་བར་བྱའོ། །སྦོས་ཕྱེ་མའི་སྦྱོར་བ་སྣ་བཞི་པ་ལྷའི་གནས་དང་བདག་ཉིད་ཀྱི་ཁྱིམ་དང་གོས་དང་ལུས་ལ་གདགས་པ་འདི་ཉིད ་ཀྱི་སྦྱོར་བའི་ཆོ་ག་དྲི་གསོ་བ་ལ་སོགས་པའི་རིམ་པ་ནི་དེ་ངག་ཡིན་ནོ། །གཞན་དུ་འོག་ནས་བདུག་སྤོས་ལ་སོགས་པའི་སྦྱོར་བ་ཁ་ཅིག་ལ་དྲི་གསོ་བ་ལ་སོགས་པའི་རིམ་པ་མི་མཐུན་པ་དག་ནི་སོ་སོའི་སྐབས་ཉིད་དུ་བསྟན་ཏོ། །ཕྱི་མའི་སྤོས་སྣ་བཞི་པོ་འདི་ཉིད་ཆུ ་ཐབས་སུ་བྱས་ཏེ་བྱུག་པའི་གོང?་ཡང་སྤྱད་པར་པའོ། །སྤོས་ཀྱི་སྦྱོར་བ་རེའུ་ཆར་བྱས་པའི་ཐབས་བཤད་པ་རྫོགས་སོ།། །།*། །རྟེན་ཅིང་འབྲེལ་པར་འབྱུང་བའི་འཁོར་ལོ་ཞེས་བྱ་བ་བཞུགས།། །།*། །རྒྱ་གར་སྐད་དུ། པྲ་ཏི ་