| Wylie | e-texts based on the ACIP/ALL Input |
ཆེ་པཱི་པཎྜི་ཏའ་ཞལ་མངའ་ནས་དང། །ལོ་ཙ་བ་རིན་ཆེན་བཟང་པོས་བསྒྱུར་པའོ།། །།སྤོས་ཀྱི་སྦྱོར་བ་རེའུ་ཆར་བྱས་པ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ། ཀར་པ་ཏྲ་དུ་རུས་རྡོ་དྲེག་པྲི་ཡཾ་གླ་? ་ཕྲ་ཚིལ་བ་ལི་ཀ་།པྲི་ཀ་ཤིང་ཚྭ་རྒྱ་སྦོས་སྤང་སྤོས་ཙན་དན་སེན་མོ་ཐང་ཆུ་ཀུན་ཏུར་རྣམས། །སྦྱོར་བ་སྤོས་རྒྱལ་གླ་རྩི་ག་བུར་དག་གིས་གསོ་ཞིང་བདུག་པ་མཆོག་གིས་བདུག་།མེ་ཏོག་ཞིམ་པོས་བསྒོ་བགྱིས་དང ་དྲི་སྦྱར་མཆོག་ཏུ་འདི་འགྱུར་ལུས་མཆོག་མ། །ཤིང་ཚྭ་ཨ་གར་པ་ཏྲ་པྲི་ཀ་དུ་རུས་སྤང་སྤོས་རྒྱ་སྤོས་རྡོ་དྲེག་དང། །ཀུན་ཏུ་གྷཾ་དྷ་བ་ལིག་ཐང་ཆུ་པྲི་ཡང་སེན་མོ་ཙནདན་གླ་སྒང་རྣམས། །གོ་རིམ་བཞིན་དུ་ཆ་རེ་བསྐྱེད་ཅིང་དྲི་ཡི་སྦྱོར་བ་བརྒྱད ་པ་ཕྲག་གཉིས་དང། །བཞི་པའི་སྦྱོར་བའང་ཉི་ཤུ་ཆ་ལས་གཉིས་ཀྱིས་ཉུང་བར་གྱིས་ཤིག་འཛངས་མ་མོ། ། གར་ཀུན་ཏུར་དུར་རུས་གྷཾ་དྷ་ཐང་ཆུ་པྲི་ཡཾ་ཙནདན་གནས་རྣམས་སུ། །སུག་སྨེལ་པ་ན་མུ་ར་རུ་རྟ་བྱ་ཀུ་རའུ་རྩོར་བཞག་བྱ་ཞིང། །ཤིང ་ཚྭའི་གནས་སུ་གྲན་ཏི་བཞག་ཅིང་དེ་ཡི་ཆ་ལས་གསུམ་དུ་བསྒྱུར་བྱ་སྟེ། །དེ་དག་སྦྱོར་བདེ་ལྟར་བྱས་པ་ཁྲུས་ཀྱི་ཆོ་གའི་སྦྱོར་བའི་རྣམ་པ་ཡིན། །ཤ་ཏ་མརྟ་ན་མུར་པི་དྲི་རི་ནི་དེ་བ་ནཱ་གེ་སར། །དྲན་ཚེའི་གནས་སུ་གསེང་ཕྲོམ་ཧཾ་ན་གསུམ་གསུམ ་བཞག་པ་དྲིལ་ཕྱིའི་སྦྱོར་བ་ཡིན། །ཤིང་ཚྭ་ཏ་མལ་པྲི་ཡི་ཙནདན་རུ་རྟག་སེང་ཕྲོམ་དང་ནི་ཤུ་དག་དང། །སྠེའུ་ན་ཆ་དྲུག་ལྡན་པའི་ར་པི་བ་ལ་ཕྲུག་གུ་ལྟ་བུར་བསྲེག་པ་ཡིན། །ག་བུར་སྦྲང་རྩི་ཀར་གུར་གུམ་མ་ཏུ་ལུཾ་ཀའི་བདུག་སྤོས་སྦྱོར་བ་སྟེ། །རྒྱ་སྐྱེགས ་དུ་རུ་སྐ་ངང་སྤྲར་ཚིལ་སྦྱར་བ་དག་ནི་བདུག་སྤོས་རེང་བུ་ཡིན། །རུ་རྟ་གེ་སར་ཤུ་ཏི་ཨ་མྲ་རྩོ་ར་དག་དང་སྦྱར་བ་བཏུང་བ་བསྒོ་པ་ཡིན། །སྤོས་རྒྱལ་ཤུ་ཏི་སུག་སྨེལ་ཨ་མྲ་རུ་རྟ་སྦྱར་བ་ཞལ་ལ་བསྒོ་བ་ཡིན། ། གར་ཙནདན་སྠེའུ་ནཱ་གཱ་གེ་སར ་མཁན་པ་ཤུ་ཏི་ཨ་མྲ་རུ་རྟ་དང། །དུ་རུ་སྐ་དང་སྦྱར་བ་ཏིལ་མར་དྲི་ཞིམ་བསྒོ་བའི་སྦྱོར་བ་ཡིན། །དེ་ལྟར་ཁོ་བོས་ཁྱོད་ལ་ཕན་པར་བྱ་ཕྱིར་སྣ་ཚོགས་རྣམ་པར་བརྟག་བྱས་པ། །བདེ་བར་གཤེགས་པའི་ཕོ་བྲང་རྐྱེན་དུ་འོ་ས་བའི་དྲ་དང་བདུག་པའི ་སྦྱོར་བ་ཡིན། །དྲི་སྦྱར་བའི་མིག་མངས་རིས་ཀྱི་སྦྱོར་བ་ཚིག་ལེའུར་བྱས་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།སྤོས་ཀྱི་སྦྱོར་བ་རེའུ་ཆར་བྱས་པའི་ཐབས་བཤད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྤོས་སྦྱོར་གཙུག ་