CLOSE WINDOW

N4598: sku gzugs kyi tshad kyi mtshan nyid ces bya ba
Wyliee-texts based on the ACIP/ALL Input

མང་པོ་དང་ནི་ས་གཞི་མཉམ་གཉིས་དང། །ཤིན་ཏུ་གཞོན་ཤ་ཡ་ཡོ་མེད་པར་རི་མོ་བྲིས། །རི་མོའི་མཚན་ཉིད་ལས། །ཚད་ཀྱི་ལེའུ་སྟེ་གསུམ་པའོ། །ཚངས་པའི་ཚད་ཡིག་ཇི་སྙེད་པ་རྫོགས་སོ།། །། ་རྒྱ་གར་སྐད་དུ། བྲི་ཏི་མཱ་མཾ་ལཀྵ་ཎཾ་ནཱ་མ་།བོད་སྐད་དུ། སྐུ་གཟུགས་ཀྱི་ཚད་ཀྱི་མཚན་ཉིད་ཅེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ེཊེའི་རིལ་སངས་རྒྱས་པའི། །སྔོན་གྱི་རྒྱུད་དང་བསྟན་བཅོས་སུ། །སྐུ་གཟུགས་ཚད་ཀྱི་མཚན ་ཉིད་རྣམས། །ཐུབ་པ་རྣམས་ཀྱིས་སྔོན་གསུངས་གང། །གོ་རིམ་ཇི་བཞིན་ལྷན་ཅིག་ཏུ། །དེ་འདིར་ཡང་དག་བསྡུ་བའི་ཕྱིར། །ཐམས་ཅད་མཁྱེན་ལ་ཕྱག་འཚལ་ནས། །ལྷ་སྐུའི་མཚན་ཉིད་བརྗོད་པར་བྱ། །སོར་མོ་བཅུ་གཉིས་ལག་འཐིལ་དང། ། ་གདོང་དང་མཐོ་ཡང་དེ་བཞིན་དུ། །དོན་གཅིག་མིང་དཱུང་འདི་ཤེས་བྱ། །ཀ་ལཾ་སོར་གཉིས་གོ་ལ་ཀཾ་།ལག་པའི་པདྨའི་བཞི་ཆ་ལ། །སོར་མོའི་ཚད་དུ་ཤེས་བར་བྱ། །དེ་ནས་སོར་མོ་བརྒྱད་ཆ་ཡིས། །ནས་སུ་མཁས་པས་རིག་པར་བྱ། །སྐུ་ཡི་ཡན ་ལག་ཉིད་ལག་གི་།ཆག་ཚད་དོན་ཞེས་གསུངས་པས་ན། །རྣམ་པ་འདི་ཡིས་དེ་བཞིན་དུ། །མཁས་པས་ཆག་ཚད་གཞལ་བར་བྱ། །གང་ཞིག་ཅུང་ཟད་ལུས་སྲིད་ཀྱི། །ཆ་དགུ་ཡི་ནི་ཆ་གཅིག་དང། །མཐོ་གང་གདོང་དུ་བྱས་ནས་ནི། །དེ་བཞིན ་དུ་ནི་རྒྱར་ཡངས་ཏེ། །བ་ཡིག་རྣམ་པ་ཨ་འབྲས་དང། །མཁའ་འགྲོའི་སྒོ་ད་ཏིལ་འབྲས་བཞིན། །དེ་ནས་དབྱིབས་ཀྱི་མཚན་ཉིད་ནི། །རྣམ་པ་བཞི་ཞེས་གསུངས་པ་ལ། །སོར་མོ་གཅིག་གིས་དམན་པ་ནི། །བ་ཡིག་རྣམ་པའི་ཚད་ཡིན་ཏེ། ། ་གང་ཞིག་སོར་མོ་གཉིས་དམན་པ། ། འབྲས་ལྟ་བུ་ཞེས་བྱའི་གདོང། །གང་ཞིག་ཕྱེད་བཅས་སོར་གཅིག་དམན། །མཁའ་འགྲོའི་སྒོ་ང་འདྲ་བར་བརྗོད། །གང་ཞིག་སོར་མོ་གསུམ་སྤངས་པ། །ཏིལ་གྱི་འབྲས་བུ་འདྲ་བར་བརྗོད། །གདོང་ནི ་བཞི་པོ་རྣམས་ལ་ཡང། །རྣམ་པར་སྤང་བྱ་མགྲམ་པ་ལ། །ཏིལ་འབྲས་དབྱིབས་ཀྱིས་ངེས་པ་ནི། །ལྷ་མོ་རྣམས་ཀྱི་བཞིན་ལ་འདོད། །བསྟན་བཅོས་མི་མཐུན་བཞིན་བྱས་ན། །སྦྱིན་བདག་རྣམ་པར་ཉམས་པར་འགྱུར། །བསྟན་བཅོས་མཐུན་པར་བཞིན་མཛད ་ན། །ཕུན་ཚོགས་དང་ལྡན་གཉེན་དང་བཅས། །གཙུག་ཏོར་ལ་ལ་སོར་བཞི་སྟེ། །བདུགས་ཀྱི་རྣམ་པ་འདྲ་བར་བྱ། །སོར་མོ་ཕྱེད་དང་སོར་མོ་བཞི། །དབྲལ་བ་རུ་ནི་ཡོངས་སུ་གྲགས། །དཔྲལ་བའི་ཕྱེད་ཀྱི་ངེས་པ་ནི། །སྲོ་མོ་བཅུ་དང་ལན་པར་བྱ། །སོར་གཉིས་མིག་པར་དེ་བཞིན་དུ། །སྣ་གོང ་ཕྱེད་བཅས་སོར་མོ་དང། །སོར་གཉིས་ལོགས་དང་སྟེང་དུ་སྟེ། །སྣའི་རྒྱུད་ལ་ནས་གསུམ་མོ། །སྣ་རྡོག་ཟླུམ་པོ་སོར་མོ་སྟེ། །རྒྱུད་ཀྱི་རྩ་བ་ནས་གཉིས་སོ། །རྣ་བསྙན་གྱི་བུ་ག་ནི། །ནས་གསུམ་ཡིན་ཏེ་ཤིན་ཏུ་མཛེས། །དུང་བཞིན་དུ་ནི་འཁྱིལ་བ་སྟེ། ། ་མཁས་པ་ཡིས་ནི་ཚད་ལྡན་བྱ། །འདི་ཚད་ཡང་དག་རིག་པ་ཡིས། །ལྕེའི་ཁྱིམ་དུ་རབ་གསུངས་པ། །ཏིལ་གྱི་མེ་ཏོག་སྣ་མ་དང། །ནེ་ཙོ་ཁྲ་ཡི་གདོང་པ་བཞིན། །སོར་གཅིག་དང་ནི་ནས་གཉིས་ཏེ། །དེ་ཡི་འོག་གི་ཆ་རུ་གསུངས། །མ་མཆུ ་ལ་ནི་ནས་དྲུག་སྟེ། །ཡ་མཆུ་ལ་ནི་ནས་བཞིར་བྱ། །པང་སྒྲོས་སྟེང་དུ་གནས་པ་ནི། །སོར་མོ་ཡིན་སུམ་ཆར་བྱ། །ཞལ་གྱི་མ་མཆུ་མཆུངས་པ་ལ། །རྒྱ་རུ་སོར་མོ་གཉིས་སུ་བྱ། །གྱེས་མཚམས་ནས་དྲུག་དབུས་སུ་ནི། །སྣ་ཚོགས་རེ་ཀ་བྲི ་བར་བྱ། །ཞལ་གྱི་གྲཝ་ཡང་སོར་མོ་ཕྱེད། །ཅུང་ཟད་ཙམ་ཞིག་དམའ་བར་བྱ། །ཀོས་ཀོའི་ཞེང་དུ་སོར་གཉིས་ཏེ། །སྲིད་ཀྱི་ཚད་དུ་ནས་བཅུའོ། །སོར་ཕྱེད་སྨིན་མའི་དབུས་སུ་སྟེ། །སོར་མོ་ལྔ་ནི་རིང་དུ་བྱ། །ནས་ཕྱེད་སྨིན་མའི་རེ་ཁཱའི་ཚད། །མ་ཉེས ་གཞུ་ཡི་དབྱིབས་འདྲའོ། །སོར་གཉིས་ནས་གཉིས་སྤྱན་ལ་སྟེ། །རྒྱ་ཡི་སུམ་ཆ་སྤྱན་གྱི་ནི། །སུམ་ཆ་ནག་པོར་ཡང་དག་གསུངས། །དེ་ཡི་སུམ་ཆ་སྤྱན་འབྲས་ཡིན། །ནས་ཕྱེད་རྫི་མའི་ཚད་དུ་གནས། །ཀུ་མུང་ཨུཏཔལ་འདབ་འདྲ་དང། །པདྨའི་འདབ་འདྲ ་ཉ་ལྟོ་འདྲ། །མིག་མཐར་སོར་བཞིར་ཤེས་པར་བྱ། །མྱོས་འདབ་ལ་ནི་སོར་མོ་གཅིག་།སྙན་གྱི་ཞེང་དུ་སོར་མོ་གཉིས། །སྲིད་དུ་སོར་མོ་བཞི་ཡིན་ནོ། །སྙན་གྱི་རྒྱབ་ཀྱི་འབྱུང་ས་ནས། །སོར་མོ་གཉིས་སུ་ཡོངས་སུ་གྲགས། ། ་འདུད་འཁྱུད་ཡང་དག་སོར་མོ་ཕྱེད། །དེ་ཕྱེད་སྟེང་གི་རྒུར་པོར་བྱ། །སོར་མོ་ཡི་ནི་བཞི་ཆ་ཡིས། །སྙན་ཤལ་གྱི་ནི་ཞིང་ཡིན་ནོ། །སྙན་གྱི་གསང་གནས་ནས་གཉིས་ཏེ། །ཇི་ལྟར་མཛེས་པ་མུ་ཁྱུད་ནང། །སྙན་གྱི་མུ་ཁྱུད་རྩ་བ་ནས། །གྲི་གུག་དབྱིབས ་སུ་རབ་ཏུ་གྲགས། །སྙན་གཉིས་དག་གི་དབུས་ཀྱི་ནི། །དབུ་ལ་སོར་མོ་བཙོ་བརྒྱད་དོ། །ཡང་ན་མཐོ་དོ་ཉིད་དུ་གསུངས། །དཔྲལ་བའི་རྒྱབ་ཀྱི་ཕྱོགས་ལ་ནི། །སོར་གཉིས་བཅུ་གཅིག་ཐེ་ཚོམ་མེད། །སྨི་མཚམས་སྤྱན་དབུས་དག་ལ་ནི། །སོར ་མོ་གཉིས་སུ་ཡོངས་སུ་གྲགས། །སྙན་གྱི་རྩ་དང་ཀོས་ཀོའི་བར། །སོར་མོ་རྣམས་ནི་བརྒྱད་དུ་འགྱུར། །དེ་བཞིན་ཀོས་ཀོ་དཔྲལ་བ་དང། །སྤྱན་དག་ཀྱང་ནི་མཚུངས་པར་བྱ། །ཞལ་གྱི་གྲཝ་སོགས་མིག་འབྲས་དག་།ཐིག་ནི་མཉམ ་པོས་གཞལ་བར་བྱ། །སྨིན་མའི་རེ་ཁཱ་སྙན་རྩའི་ཐིག་།ཐིག་གིས་མཉམ་དུ་ཚད་པར་བྱ། །སྙན་གྱི་མདུན་ཁྱུད་སྤྱན་དབུས་ཀྱང། །དེ་བཞིན་དུ་ནི་མཉན་པར་གཞལ། །ལྐོག་མའི་སྟེང་ནི་སོར་མོ་བཞི། །མགུལ་པའི་སྲིད་ཀྱང་དེ ་བཞིན་ནོ། །ཕྲག་རྩ་དང་ནི་སྙན་རྩའི་བར། །ཇི་སྲིད་སོར་མོ་དྲུག་ཡིན་ནོ། །ཀོས་ཀོའི་ཤ་ནི་ཟླུམ་པོ་སྟེ། །ཇི་ལྟར་མཛེས་པར་བྱས་ནས་ནི། །དེ་ཡི་ཚད་དུ་འཕྱང་བའོ། །ཀོས་ཀོའི་ཁུང་དང་སྙན་ཁུང་གི་།དབུས་ཀྱི་ཁུང་ནི་ཐུང་ཞིང ་དམའ། །ཅོད་པན་དང་ནི་རལ་པ་བཅིངས། །འཁྱིལ་པ་སྐྲ་ཡི་ལྷས་མ་དང། །གཙུག་ཕུད་དང་ནི་རྩེ་མོ་གསུམ། །དབུ་རྒྱན་དང་ནི་ཐོར་ཚུགས་བཅིངས། །དེ་རྣམས་སོར་མོ་བརྒྱད་དུ་རིང། །དེ་བས་ལྷག་པར་མི་བྱའོ། །དགེ་?་མི་དགེ ་འཆད་འགྱུར་བའི། །ཞལ་གྱི་རྣམ་པ་ཅུང་ཟད་ནི། །མཛུམ་ཞིང་མཉེན་པ་བྱས་ནས་ནི། །མཚན་ཉིད་དང་ནི་ལྡན་པར་བྱ། །བསྐ་དང་ཚ་བ་དང་ནི་ཁྲོ?། །དེ་བཞིན་དུ་ནི་སྐྱུར་དང་ལེ། །གདོང་གི་དབྱིབས་ནི་རིགས་བྱས་ནས། །རིང་དུ་ཡོངས་སུ་སྤང་བར་བྱ། །། ་དེ་ནས་གཞན་ཡང་བཤད་བྱ་བ། །ལུས་ཀྱི་ཚད་ཀྱི་མཚན་ཉིད་ནི། །མགྲིན་པའི་མཚམས་ནས་ལྟེ་བའི་བར། །གཉིས་སྐྱེས་གདོད་པ་གཉིས་སུ་བྱ། །ལྟེ་བ་འདོམས་ཀྱི་སྤ་བ་དང། །རྩ་ནས་འཕྲེད་ལ་ལོགས་དག་དང། །འཕོངས་རྩོས་ངག་དང་དེ ་བཞིན་དུ། །མགྲིན་མཚམས་ནུ་མའི་དབུས་དག་དང། །ནུ་མའི་མཐར་ཡང་དེ་བཞིན་དུ། །མགྲིན་ལོགས་དཔུང་པའི་རྩེ་མོ་རྣམས། །མཐོ་རེའི་ཚད་དུ་རབ་ཏུ་གསུངས། །ལྟེ་བའི་ནུ་མའི་བར་ཆ་ནི། །སོར་མོ་རྣམས་ནི་བཅུ་བཞི་སྟེ། །ཐིག་ནི་མཉམ་དུ ་གདབ་པར་བྱ། །དེ་བཞིན་མགྲིན་མཚམས་བྲང་གི་ཞོ། །ལུས་ཀྱི་རྐེད་པའི་རྒྱ་ལ་ནི། །མཐོ་ནི་གསུམ་གྱི་ཚད་དུ་གསུངས། །རྒྱབ་ལ་སོར་མོ་དྲུག་དག་བྱ། །དེ་བཞིན་བྲད་གི་ནུ་མའི་མཐར། །ནུ་མའི་དཀྱིལ་འཁོར་ལོགས་སུ་ནི། །སོར་མོ་གཉིས་ཀྱི ་ཚད་ཀྱིས་སོ། །ནུ་མའི་རྩེ་མོ་ནས་གཉིས་ཟླུམ། །ནས་གསུམ་ལྟེ་བའི་དཀྱིལ་འཁོར་ལ། །ལྟེ་བའི་ཟབས?་ནི་མཛེས་བྱས་ལ། །གཡས་སུ་འཁྱིལ་པས་མཚན་པའོ། །སོར་གཉིས་གསང་བའི་གནས་ལ་སྟེ། །སོར་གཉིས་བཅུ་ནི་ལག་དར་ལ།། ་སོར་གཉིས་གསུམ་ནི་ལག་པའི་སྲིད། །དེ་ཡི་སྲིད་དུ་གུང་མོའི། །མཐེ་བོང་ལ་ནི་སོར་བཞི་བྱ། །དེ་དང་མཚུངས་པ་མཐེའུ་ཆུད། །གུང་མོའི་སྲིད་ལས་སེན་ཕྱེད་ཀྱིས། །དམན་པའི་སོར་མོ་མིང་མེད་དོ། །གུང་མོའི་སྲིད་ལས་སེན་གང ་དམན། །མཛུབ་མོ་རུ་ནི་ཤེས་པར་བྱ། །མཐེ་བོ་ཆེ་ཡི་རྒྱ་རུ་ནི། །ཞེང་ལ་ནས་རྡོག་དགུ་ཡིན་ཏེ། །ཕྱེད་དང་བཅས་པའི་ནས་བརྒྱད་ཀྱིས། །གུང་མོའི་ཚྡ་ནི་མཛེས་པར་བྱ། །གཉིས་པོ་ནས་རྡོག་བརྒྱད་དུ་རིག་།མཐེའུ་ཆུང་ནི་ནས་བདུན ་ཤེས། །མཐེབ་ཆུང་རྩ་ནས་མཁྲིག་མ་ལ། །སོར་མོ་རྣམས་ནི་ལྔ་རུ་འདོད། །ལག་མཐིལ་དབུས་ཀྱི་ཞེང་ལ་ཡང། །དེ་ཡི་ཚད་ཀྱིས་ཤེས་པར་བྱ། །མཐེ་བོའི་ཚིགས་ནས་མཁྲིག་མའི་བར། །ཇི་སྲིད་སོར་མོ་བཞི?་ཡན? ་ནོ། །མཐེ་བོའི་རྩ་ནས་མཛུབ?་མོའི་བར། །ཇི་སྲིད་སོར་མོ་གཉིས་སུ་འགྱུར། །སོར་མོ་རྣམས་ནི་ཚིགས་པ་གསུམ། །མཐེ་བོ་ལ་ནི་ཚིགས་གཉིས་འགྱུར། །སོར་མོ་སོ་སོ་རྣམས་ཀྱི་ནི། །ཚིགས་པ་རྣམས་ནི་མཉམ་དུ་བརྗོད། །རྩེ་མོ་ཟླུམ་ཞིང་ཕྲ་བར ་རིག་།ཚིགས་པ་རྣམས་ནི་བདེ་བར་སྦྱར། །སོ་ལ་སོར་བྱེད་རྩེ་མོ་སྟེ། །འཕྱེད་ལ་ཚིགས་ཕྱེད་དེ་བཞིན་དུ། །སེན་མོའི་རྩ་བ་ཟླ་ཕྱེད་ཀྱི། །རྣམ་པ་ཅན་དུ་མཁས་བས་བྱ། །ཕྱག་ནི་སོར་མོ་ལྔ་བར་བྱ། །ལོགས་དག་སོར་མོ་གཉིས་ཡིན་ནོ། །ཕྱག ་གི་མཐིལ་ནི་གང་བར་བྱ། །དགེ་བའི་རེ་ཁཱས་ཉེ་བར་མཛེས། །ཕྱག་གི་རེ་ཁཱ་འཆད་འགྱུར་བ། །ལྷ་རྣམས་ཀྱི་ནི་དགེ་བའི་མཚན། །དུང་དང་པདྨ་རྒྱལ་མཚན་དང། །འཁོར་ལོ་རྡོ་རྗེ?་ཤཀྟི་དང། །འཁྱིལ་བ་བུམ་པ་ཟླ་བ་གདུགས། །དེ་བཞིན་དཔལ ་བེའུ་ལྕགས་ཀྱུ་གདུགས། །རྩེ་གསུམ་ནས་ཀྱི་ཕྲེང་བ་དང། །ནོར་འཛིན་གྱི་ནི་དེ་ཉིད་བྱ། །ལྟེ་བའི་གསང་བའི་དབུས་དག་ནི། །བརླ་ཡི་རྩ་བ་མཚུངས་པར་བྱ། །བརླ་ནི་མཐོ་དོར་རིང་བ་ཉིད། །རྗེ་དར་རིངས་སུ་གདོད་གཉིས་བྱ། །པུས་མོ་ལ་ནི ་སོར་གཉིས་གཉིས། །ཕོང་བུ་སོར་གཉིས་གཅིག་ཏུ་ཤེས། །རྟིང་པ་སོར་གཉིས་གཉིས་སུ་ཤེས། །རིམ?་པའི་འབྲས་བུ་སྨིན་པ་བཞིན། །ཞབས་ཀྱི་ཕྱེད་དུ་སོར་མོ་བདུན། །སྲིད་ཀྱི་ཚད་དུ་སོར་མོ་བཅུ། །ཞབས་ཀྱི་བཞི་ཆར་གྱུར་པ་ཡིས། ། ་མཐེབ་ཆེན་གྱི་ནི་སྲིད་དུ་བརྗོད། །དེ་དང་རྩེ་མོ་མཚུངས་པར་ཤེས། །གུང་མོ་ནས་ཕྱེད་ཀྱིས་དམན་ལ། །མིང་མེད་སེན་མོ་ཕྱེད་ཀྱིས་སོ། །མཐེབ་ཆུད་ཚིགས་པས་དམན་པའོ། །མཐེ་བོ་ཆེ་ཡི་ཞེང་དུ་ནི། །ནས་ནི་བཅུ་རུ་ཤེས་པར་བྱ། ། ་མཐེབ་ཆེན་སོར་མོའི་རྩེ་མོ་ཡི། །བར་ལ་ནིས་ནི་གསུམ་དུ་འགྱུར། །རྩེ་མོའི་ཞེང་ལ་ནས་དགུ་སྟེ། །ཕྱེད་བཅས་ནས་བརྒྱད་གུང་མོའོ། །མིང་མེད་ཞིང་དུ་ནས་བརྒྱད་དང། །མཐེབ་ཆུང་ནས་ནི་བདུན་རྣམས་སུ། །ཚད་ཀྱི་མཚན་ཉིད་དུ་ནི་གསུངས།། །། ་ཨ་འབྲས་གཞོན་ནུའི་དབྱིབས་འདྲ་བར། །མཐེ་བོ་ཆེ་ནི་རྟག་ཏུ་བྱ། །ཞབས་ཀྱི་བོལ་གོང་རུས་སྦལ་གྱི། །རྒྱབ་ཀྱི་རྣམ་པ་མཚུངས་པར་བྱ། །ཞབས་ཀྱི་སོར་མོའི་དབྱིབས་རྣམས་ནི། །ཆུ་སྐྱེས་པདྨ་འདྲ་བར་གྲགས། །ཞབས་ཀྱི་མཐིལ་དག ་མཉམ་པར་བྱ། །སེན་མོའི་དབྱིབས་ནི་ཉ་ཕྱིས་བཞིན། །དེ་ནས་གཞན་ཡང་བཤད་བྱ་བ། །ཡོངས་སུ་ཟླུམ་པོའི་མཚན་ཉིད་ནི། །སོར་མོ་སུམ་ཅུ་རྩ་གཉིས་ཀྱིས། །དབུ་ནི་ཡོངས་སུ་ཟླུམ་པར་ཤེས། །སོར་མ་བཅོ་ལྔ་སུམ ་འགྱུར་གྱིས། །དབུ་ནི་ཡོངས་སུ་ཟླུམ་པོར་བྱ། །ཞེས་པའང་འབྱུང་ངོ། །མཆན་འོག་ངག་གི་དབུས་ཀྱི་རྒྱབ། །འདིར་ནི་སོར་མོ་ཉི་ཤུ་སྟེ། །སོར་གཉིས་བཅུ་དགུ་རྣམས་ཀྱིས་ནི། །བློ་ལྡན་རྣམས་ཀྱིས་ཟླུམ་པོར་བྱ། །ལག་པའི་རྩ་བ ་བ་ར་དང་རྩེ། །སོར་མོ་བརྒྱད་དྲུག་བཞི་ཡིན་ཏེ། །རང་གི་རྒྱ་ཡི?་ཚད་ཀྱི་ནི། །སུམ་འགྱུར་གྱིས་ནི་ཟླུམ་པོར་བྱ། །ལྟོ་བ་རང་དབུས་རྒྱ་ལེན?། །སོར་མོ་བཅོ་ལྔར་ཤེས་པར་བྱ། །འོག་ཏུ་སོར་མོ་བཅུ་དྲུག་སྟེ། །སོར་མོ་བཅོ་བརྒྱད་རྐེད་པ་ལ། ། ་སོར་གཉིས་དྲུག་ནི་བརླ་ཡི་རྩར། །ཕྱིན་པའི་དབུས་སུ་སོར་མོ་དྲུག་།བྱིན་པའི་མཛའ་མར་སོར་གཉིས་གཉིས། །ཕྱེད་བཅས་རྒྱ་རུ་རབ་ཏུ་སྦྱར། །དེ་རྣམས་ཀུན་ཀྱང་དེ་བཞིན་དུ། །ཟླུམ་པོ་སུམ་འགྱུར་ཉིད་དུ་བྱ། །དེ་བཞིན་སོར ་མོ་ཀུན་ཀྱང་མི་།ཟླུམ་བོ་ཉིད་དུ་རིག་པར་བྱ། །དབུ་ཡི་རྒྱབ་ཕྱོགས་ལྷག་པ་ནི། །སོར་གཉིས་ཕྱི་རུ་ཕྱེད་པར་གྲག། །རྒྱབ་ཀྱི་རྒྱུད་ནི་མཉམ་པར་བྱ། །འཕོངས་ཙོས་མཉམ་པར་འཕྱང་བ་ལ། །བརླ་དང་?་བ་བྱིན་པ་ཡང། །སོར་མཉམ ་བར་ནི་འཕྱང་བར་བྱ། །རྒྱབ་ཀྱི་མཚན་ཉིད་རིག་བྱ་བ། །དེ་ནི་བསྡུས་པའི་དོན་གྱིས་བསྟན། །མུ་ཏིག་གསེར་གྱི་དོ་ཤལ་སོགས། །རྣ་རྒྱན་དཔུང་རྒྱན་ལག?་གདུབ་དང། །གོས་དང་ན་བཟའ་ཨི་བཀོད་པ་ཡིས། །སྐུ ་ཡི་གནས་ལ་བརྒྱན་པར་བྱ། །སྐུ་གཟུགས་ལྷག་དང་ཆད་པ་ཡི། །ཡོན་ཏན་སྐྱོན་རྣམས་བརྗོད་བྱ་སྟེ། །རིང་ཞིང་ཡངས་དང་ལྡན་གྱུར་ན། །གནས་རྣམས་ལེགས་བར་བརྟན་པ་སྟེར། །དབུ་ནི་གདུགས་ཀྱི་དབྱིབས་ལྟ་བུས། །ནོར་བུ་འབྲུ་ནི་ལེགས ་འཕེལ་སྟེར། །དབྲ་ལ་བ་སྨིན་མའི་དབྱིབས་ལེགས་པས། །རྟག་ཏུ་དབལ་ནི?་སྟེར་བར་འགྱུར། །པད་སྒྲོས་ནེ་ཙོའི་འདྲ་བ་ཡིས། །སྐྱེ་དགུ་བདེ་བཅས་རྒྱལ་བར་འགྱུར། །སྐུ་ནི་མགྲིན་པ་དུང་འདྲ་ན། །དངོས་གྲུབ་ཐམས་ཅད་རྟག་ཏུ་བྱེད། ་སྐུ་ནི་སེང་གེའི་དབྱིབས་འདྲ་བས། །ལོ་ལེགས་དང་ནི་སྟོབས་འཕེལ་འགྱུར། །ཕྱག་ནི་གླང་ཆེན་ལག་འདྲ་བས། །འདོད་པའི་དོན་ཀུན་སྒྲུབ?་པར་བྱེད། །ཕྱལ་ལེགས་འབྲུ་རྣམས་ཕུན་ཚོགས་ཤིང། །རྟག་ཏུ་ལོ་ལེགས་རྣམས་སུ ་བྱེད། །བརླ་ཡི་ཆ་ནི་ལེགས་པར་འཕེལ། །བྱིན་པའི་དབྱིབས་ལེགས་གྲོང་རྣམས་འཕེལ། །སྐུ་ཡི་ཞབས་ནི་ལེགས་གྱུར་པས། །ཚུལ་ཁྲིམས་རིག་པ་རབ་ཏུ་འགྲུག་།དེ་རྣམས་སྐུ་ཡི་སྔགས་བརྗོད་ནས། །དམན་བས་ཡུལ་ཕྱོགས ་ནོར་རྣམས་འཇོམས། །ཞེད་དང་སྲིད་དུ་དམན་པ་ཡིས། །མུ་གེ་དང་ནི་ཡུལ་འཇོམས་འགྱུར། །ལུས་དམན་གྱུར་པས་རྐུར་པོ་དང། །ཤངས་དམན་པས་ནི་ཁྲོ་བ་དང། །གཡོན་མིག་ཕྱུག་རྣམས་ཟད་ཕྱེད་ཅིང། །སྟེང་མིག་ནོར་ནི ་མཛད་པར་བྱེད། །མིག་ཆུང་མིག་ནི་ཟླུམ་པོ་དང། །དེ་བཞིན་དུ་ནི་མིག་ཡོན་དང། །མིག་དམན་བ་དང་འོག་མིན་རྣམས། །རིང་དུ་རྣམ་པར་སྤང་བར་བྱ། །སྐུ་ཡི་ཕྱལ་ནི་དམན་གྱུར་ན། །འབྲུ་རྣམས་རྟག་ཏུ་ཉམས་པར་བྱེད། ། ་སོར་མོ་ལྔ། །སུམ་འགྱུར་གྱིས་ནི་ཟླུམ་པོར་འགྱུར། །ཐམས་ཅད་དུ་ནི་སུམ་འགྱུར་ཏེ། །སོར་མོ་རྣམས་ཀྱང་དེ་བཞིན་ནོ། །མིག་གི་མཛའ་དང་མིག་དང་ནི། །ནུམ་དེ་བཞིན་རྐེད་བ་རྣམས། །ཅུང་ཟད་ཆ་ནི་ལྷག་ཏུ་བྱ། །སྐྱ་བོ ་བལྟ་ན་སྡུག་པར་འགྱུར། །ེ་ཏྲེ་ཡའི་ཐིག་ལེ་ལས་མཐོ་བརྒྱད་ཀྱི་མཚན་ཉིད་དོ། །དེ་ནས་གཞན་ཡང་བཤད་བྱ་བ། །བྱིས་བ་རྣམས་ཀྱི་མཚན་ཉིད་ནི། །ཡོན་ཏན་དྲུག་གིས་བྱིས་གཟུགས་དང། །དམག་དཔོན་ཡང་ནི་ཡོན་ཏན་དྲུག་། ་ལོགས་འདྲེན་གནོད་སྦྱིན་རྣམས་ཀྱི་ནི། །གཟུགས་བརྙན་ཚད་ཀྱི་མཚན་ཉིད་ནི། །མགོ་ཡི་སྟེང་དུ་སོར་གཉིས་ཤེས། །གདོང་ནི་སོར་གཉིས་དྲུག་ཏུ་འགྱུར། །མགྲིན་པ་ལ་ནི་སོར་གཉིས་བྱ། །ལུས་ལ་སོར་མོ་ཉི་ཤུར་འགྱུར། །སོར ་གསུམ་ཆ་ཡིས་ལྟེ་བ་དང། །ཟབས་སཱུང་དེ་བཞིན་སོར་མོ་གསུམ། །བརླ་ནི་སོར་གཉིས་བདུན་དུ་བྱ། །བུས་མོ་དེ་བཞིན་སོར་གཉིས་སོ། །རྗེ་ངར་སོར་མོ་དྲུག་ཏུ་བྱ། །ལོང་བུ་སོར་མོ་གཅིག་ཏུ་ཤེས། །རྟིང་པ་ལ་ནི་སོར་མོ ་གསུམ། །ཇི་ལྟར་སྔོན་མའི་རིམ་པ་ཡིས། །རྐང་པའི་སྲིད་དུ་སོར་གཉིས་ལྔ། །མཐེ་བོང་ལ་ནི་སོར་གཉིས་ཏེ། །མཐེ་བོང་རྩེ་མོ་མཉམ་པར་བྱ། །ནས་ཀྱིས་དམན་པ་གུང་མོ་སྟེ། །སེན་མོས་དམན་པ་མིང་མེད་དོ། ། ་མཐེ་ཆུང་ནས་ཀྱིས་དམན་པའོ། །སོར་མོ་བརྒྱད་ཀྱིས་མགྲིན་མཚམས་ནས། །དབུང་ཆ་དེ་བཞིན་སོར་མོ་དགུ་།ལག་དར་སོར་གཉིས་ལྔ་ཡིན་ཏེ། །ལག་པའི་སྲིད་དུ་སོར་གཉིས་གཉིས། །གུང་མོ་ལ་ནི་སོར་གཉིས་གཉིས། ། ་སོར་མོས་དམན་པ་མཛུབ་མོ་སྟེ། །མིང་མེད་གུང་མོ་སེན་བྱེད་ཀྱི། །ཆ་ཡིས་དམན་པར་བྱ་བ་སྟེ། །མིང་མེད་ལས་ནི་ནས་ཀྱི་དམན། །མཐེབ་ཆེན་མཐེབ་ཆུང་སྲིད་དུའོ། །ེ་ཏྲེ་ཡའི་ཐིག་ལེ་ཞེས་པ་ལས་མཐོ་བདུན་གྱི ་མཚན་ཉིད་དོ། །དེ་ནས་གཞན་ཡང་བཤད་བྱ་བ། །མཐོ་དྲུག་པ་ཡི་མཚན་ཉིད་ནི། །སོར་གཅིག་མགོ་བོའི་སྟེང་དུ་སྟེ། །ཡོན་ཏན་སུམ་འགྱུར་ཟླུམ་པོར་བྱ། །སོར་གཉིས་དྲུག་ནི་གདོང་དབུས་ལ། །སྣ་བ་སྣ་རྩེ་དེ་བཞིན་དུ། །སོར ་གཉིས་གསུམ་ནི་མགྲིན་དབུས་ལ། །ལྟོ་དབུས་སོར་མོ་བཅུ་དྲུག་གོ་།ལུས་ལ་སོར་གཉིས་དྲུག་ཏུ་འགྱུར། །རྐེད་པ་སོར་གཉིས་བདུན་ཡིན་ནོ། །བརླ་དབུས་སོར་གཉིས་བཞི་ཡིན་ཏེ། །པུས་མོ་སོར་བཞི་ནས་དྲུག་གོ་།བྱིན་པའི་དབུས་ལ་སོར་མོ་ལྔ། །ལོང ་བུ་དེ་བཞིན་སོར་མོ་གསུམ། །སོར་མོ་ལྔ་ཡིས་རྐང་པ་ཡི། །ཞེང་གི་ཚད་དུ་ཡོངས་སུ་གྲགས། །ནས་དགུ་ཡིས་ནི་མཐེ་བ་ཆེན་ཏེ། །དེ་བཞིན་བར་ནི་ནས་གསུམ་མོ། །ནས་བརྒྱད་ཀྱིས་ནི་རྩེ་མོ་བྱ། །ནས་བདུན་གྱིས་ནི་གུད་མོ་བྱ། །ནས་རྡོག་དྲུག ་གིས་མིང་མེད་ལ། །མཐེབ་ཆུང་ལ་ནི་ནས་རྡོག་ལྔ། །དེ་བཞིན་དུ་ནི་མཁས་པ་ཡིས། །རྐད་བའི་སོར་མཛེས་པ་དང། །སོར་མོ་དེ་བཞིན་རྟིང་པའི་རྒྱ། །ཇི་སྐད་གསུངས་པ་བཞིན་དུ་བྱ། །ེ་ཏྲེ་ཡའི་ཐིག་ལེ་ཞེས་བ་ལས་མཐོ་དྲུག་གི ་མཚན་ཉིད་དོ། །དེ་ནས་གཞན་ཡང་བཤད་བྱ་བ། །མཐོ་བཅུ་པ་ཡི་མཚན་ཉིད་ནི། །ཚངས་པ་ལྷ་མོ་ཙར་ཅི་ཀ་།དྲང་སྲོང་བྲམ་ཟེ་སྲིན་པོ་རྣམས། །གང་ཞིག་ལྷ་དང་སངས་རྒྱས་རྣམས། །བློ་དང་ལྡན་པས་སྐུ་གཟུགས་བྱ། །མཁས་པས་བརྩམ ་བྱ་འདི་རྣམས་ཀྱི། །གཞན་རྣམས་ཀྱི་ཡང་དེ་བཞིན་བྱ། །གཙུག་ཏོར་ལ་ནི་སོར་བཞིར་འགྱུར། །བཞིན་ལ་དེ་བཞིན་སོར་གཉིས་དྲུག་།མགྲིན་པ་སོར་མོ་བཞི་རུ་བྱ། །ལུས་ལ་སོར་མོ་སུམ་ཅུ་དྲུག་།དེ་བཞིན་དཔྱི་ལ་སོར་མོ་བཞི། །བརླ་ལ་སོར ་མོ་སུམ་ཅུ་དྲུག་།པུས་མོ་སོར་མོ་ལྔ་རུ་ཤེས། །རྗེ་ངར་སོར་མོ་སུམ་ཅུ་དྲུག་།ལོང་བུ་སོར་མོ་གཉིས་སུ་ཤེས། །སོར་མོ་ལྔ་ཡིས་ཤིན་ཏུ་མཛེས། །འོག་གི་ཆ་ལ་རབ་ཏུ་བྱ། །སོར་གཉིས་དགུ་ཡིས་དེ་བཞིན་དུ། །དབུང་པའི་ཆས?་རབ་ཏུ ་བྱ། །མགྲིན་མཚམས་བྲང་ཞོལ་རྩེ་དེ་བཞིན། །སོར་གཉིས་བཅུ་རུ་ཤེས་པར་བྱ། །དབུང་པ་ལ་ནི་སོར་གཉིས་གསུམ། །དེ་བཞིན་ལག་ངར་སོར་མོ་བརྒྱད། །ལག་བའི་ཡལ་ག་བསླང་བ་ནི། །སོར་མོ་བདུན་དུ་ཤེས་པར་བྱ། །ཇི ་ལྟར་མཛེས་པར་བྱ་བ་ནི། །ཤ་ཡི་འཁྲིལ་བག་རྣམས་སུ་ཤེས། །ེ་ཏྲེ་ཡའི་ཐིག་ལེ་ཞེས་པ་ལས་མཐོ་བཅུའི་མཚན་ཉིད་དོ། །ཡང་དག་ཐུབ་བ་རྣམས་ཀྱིས་ནི། །ཐུང་དུའི་ཚད་དུ་གསུངས་བ་ནི། །སྐུ་གཟུགས་ཆེན་བོའི་བཀོད་པ་སྟེ། །རབ་ཏུ་བཤད་བྱ་ད་ནི ་ཉོན། །བྲུ་ནི་བཅོ་ལྔ་ལྷག་པ་ཡང། །སྐུ་གཟུགས་ཆུང་དུར་ཤེས་བར་བྱ། །བར་མ་ཉིས་འགྱུར་དག་ཏུ་ཤེས། །ཆེན་པོ་རྣམས་ནི་སུམ་འགྱུར་རོ། །གལ་ཏེ་བདག་ཉིད་དག་འདོད་ན། །དེ་ལས་གཞན་པས་མི་བྱ་སྟེ། །སྐུ་ནི་ཚར་མི་སྟེར་བ་དང། །ཡང་ན་ནོར ་རྣམས་བྲད་པར་བྱེད། །སྐུ་ནི་ཆག་པས་རིགས་ཉམས་ཤིང། །གས་བས་ཕྱོགས་རྣམས་འབྲུག?་པར་བྱེད། །སྐུ་འམ་གལ་ཏེ་ལིངྒ་དག་།ལྷ་མོ་མ་མོའི་ཚོགས་དེ་བཞིན། །ཆོ་གའི་ལས་ནི་བལྟ་བྱས་ནས། །མྱུར་དུ་དེ་རྣམས་གཤེགས ་བར་བྱ། །མེ་ཏོག་མཆོད་ཡོན་དེ་བཞིན་དུ། །སྤོས་དང་ཞལ་ཟས་གཏོར་མ་དང། །གོས་ལ་སོགས་པ་དབུལ་བྱ་ཞིང། །དེ་བཞིན་སྦྱིན་སྲེག་ལས་བྱས་ནས། །དགེ་དང་ཞི་བའི་ཆུ་བོ་ལ། །ལྷ་ཡི་སྔགས་ནི་བཟླས་བྱས་ནས། །སྐྲ་དང ་ཐག་བ་མུཉྫ་དང། །ཟར་མ་དུ་ཀཱུ་ལ་དེ་བཞིན། །ཆོ་ག་བཞིན་དུ་བལྟས་ནས་ནི། །ཐག་བ་ཡིས་ནི་བཅིང་བར་གསུངས། །ཁྱུ་མཆོག་སྟེང་དུ་བཅིངས་ནས་ནི། །ལྷ་རྣམས་རྙིང་པ་སྦྱན་དྲངས་ལ། །གོས་ཀྱི་རང་བཞིན་སྐུ་གཟུགས་ནི། ཆུ་བོ ་ཆེན་པོའི་འགྲམ་དག་དང། །དེ་བཞིན་གཙང་པོ་འདུས་རྣམས་ལ། །དེ་རུ་དེ་བཞིན་འཕད་བར་བྱ། །གསེར་དང་དངུལ་དང་དེ་བཞིན་དུ། །ཟངས་དང་ར་གན་རང་བཞིན་ཡང། །གལ་ཏེ་བདག་ཉིད་དཔལ་འདོད་ན། །ཀུན་ཀྱང་མེ་ལ་གཞུ ་བར་བྱ། །ཤིང་གི་རང་བཞིན་ལས་གྱུད་སྐུ། །དེ་བཞིན་གོས་ཀྱིས་ཡོངས་དྲིལ་ནས། །སྣུམ་དང་སྦྲང་གིས་བརླན་བྱས་ལ། །སྒྲོན་མེ་ཡིས་ནི་སྦར་བར་བྱ། །ས་རྡོའི་རང་བཞིན་ལས་བྱུང་སྐུ། །རི་བོའི་ཕྱོགས་གྱུར་གང་ཞིག་ཏུ། །ས་ནི་མི་གང་ཙམ་བཀོས་ནས། །སྐུ ་གཟུགས་སྦས་ཏེ་དགང་བར་བྱ། །སྐུ་གཇུགས་རྙིང་པ་གཤེགས་བྱ་བ། །བདག་ཉིད་ཆེན་པོ་རྣམས་ཀྱིས་བྱ། །དུས་ནི་བྱེ་བ་སྡོང་རྣམས་སུ། །ལྷ་ཡི་འཇིག་རྟེན་རྣམས་ཀྱིས་མཆོད། །ེ་ཊེ་ཡའི་ཐིག་ལེ་ཞེས་བ་ལས་རྙིང་པ་གཤེགས་སུ་གསོལ་བའོ།། ་དྲང་སྲོང་ཆེན་པོ་ཨེ་ཊེའི་བུས་མཛད་པའི་སྐུ་གཟུགས་ཀྱི་ཚད་ཀྱི་མཚན་ཉིད་རྫོགས་སོ།། །།མཁན་པོ་དྷརྨ་དྷ་ར་དང། །སྒྲ་བསྒྱུར་གྲགས་པ་རྒྱལ་མཚན་གྱིས། །སྐུ་གཟུགས་ཆག་ཚད་མཚན་ཉིད་ཀྱིས། །སྒྲ་དོན་ལེགས་པར ་བསྒྱུར་བ་ཡིན། །*། །སྦོས་སྦྱོར་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་བཞུགས།། །།*། །རྒྱ་གར་སྐད་དུ། དུ་པ་ཡོ་ག་རིཏན་མ་ལ་ན་མ། །བོད་སྐད་དུ། སྤོས་སྦྱོར་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། །རྗེ་བཙུན་འཇམ་པའི་དབྱངས་ལ ་