| Wylie | e-texts based on the ACIP/ALL Input |
བྱ་བ་འདི་ཡོངས་སུ་རྫོགས་སོ། །།རྒྱ་གར་སྐད་དུ། སཾ་བུདྡྷ་བྷ་ཥི་ཏ་པྲ་ཏི་མ་ལཀྵ་ཎ་བི་བ་ཎཾ?་མ། བོད་སྐད་དུ་།རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་སྐུ་གཟུགས་ཀྱི་ཚད་ཀྱི་རྣམ་འགྲེལ་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ ་ལོ། །སྐུ་གཉིས་རྗེས་སྐྱེས་རྒྱལ་བ་ཡིན། །སྐུ་ལ་ཕྱག་འཚལ་དེ་ནས་ནི། །བདག་གི་ངེས་པས་མཚན་ཉིད་དེ། ཇི་ལྟར་ནུས་བཞིན་རྣམ་འགྲོལ་བྲི། །ཇི་ལྟར་བསྙེན་བཀུར་བར་བགྱི་ཞེས་བྱ་བ་ནི་ཉེ་བར་སྤྱད་བ་སྟེ། བཅོམ་ལྡན་འདས་ཀྱི་སྐུའི་ཆ་ཤས་ཀྱི་མཚན་ཉིས་ཅི་གདྷ? ་ལྟར་མཆུ་ཞེང་ཡོངས་སུ་གདབ?་ཞེས་པ་ནི་ནྱ་གྲོདྷ་ནི་ཤིང་ལྗོན་པ་སྟེ། དེའི་ཡལ་གམ་ཆུ་ཞེང་གབ་བལྟ་བུའོ། །འདི་འོད་ཀྱི་དཀྱིལ་འཁོར་ལ་གསུངས་སོ་ཞེས་པ་མི་ཁ་ཅིག་གོ་།གཞན་ནི་འདི་སྐུ་ཁྱད་པར་ལ་གསུངས་བའི་ཕྱིར་ན་ཕྱག་གཉིས་ལོགས་སུ་བརྐྱང་བ་ནི་? ་གང་སྟེ། ཇི་སྲིད་སྐུའི་ཚད་དེ་སྲིད་འདོམ་གྱི་སྲིད་དུ་ཡང་གསུངས་སོ། །ཇི་སྲིད་ཅེས་པ་ལ་སོགས་པའི་འཇམ་པ་ནི་སྣུམ་པའི་ཆོས་ཉིད་དོ། །མཛེས་པ་ནི་ཡིད་འཕྲོག་པའོ། །འགྱང་བག་དང་ལྡན་པ་ནི་གསུམ་དགུ་ལ་སོགས་པའི་ཡོན་ཏན་ནོ། །བདུན ་མཐོ་བ་ཞེས་པ་ནི་ཆ་ཤས་བདུན་སྟེང་དུ་མཐོ་བ་སྟེ། གང་ལས་ན་ཞབས་གཉིས་དང། ཕྱག་གཉིས་དང། ཐལ་གོང་གཉིས་དང་མགྲིན་པ་ཞེས་སོ། །དེ་ལ་ཞེས་པ་ལ་སོགས་པས་ནི་སྲིད་ལ་སོགས་པ་ལྔ་པོ་རྣམས་ཀྱི་ཚད་གསུངས་པ་བཤད་པར་བྱའོ། །བྱང་ཆུབ ་སེམས་དཔའ་ཞེས་བྱ་བ་ལ་སོགས་བ་ནི་ཇི་ལྟར་འཆད་པར་འགྱུར་བ་མ་ལུས་པ་ཉོན་ཅིག་ཅེས་པའོ། །དབུ་སྐྲའི་གནས་དང་དེ་གཉིས་ལ་ཞེས་པ་ནི་དབྲལ་བའི་སྟེང་དང་གཙུག་ཏེར་འོག་ལ་སོར་མོ་བཞིའོ། །གཙུག་ཏོར་ལ་ཡང་སོར་མོ་བཞིའོ། །དེ་གཉིས་ནི་སོང ་མོ་བཞིར་གསུངས་སོ། །སེར་མོ་ཕྱེད་དང་བཅུ་གསུམ་ཞལ་གྱི་དཀྱིལ་འཁོར་ལའོ། །དེའི་སུམ་ཆ་དབྲལ་བ་ལ་སོགས་བའི་དབྱེ་བ་ལས་སོ། །ཀོས་ཀོའི་མཛའ་གང་གི་དེའི་ཀོས་ཀའ?་མཛའ་དང་ཤངས་ཀྱི་འོག་གི་མཐར་ཐུག་བའི་གནས་ལའོ། །ཀོས་ཀོའི་མཛའ་ནི་ལྷག་བཅས་པ་ནི ་སོར་ཕྱེད་ཀྱིས་ལྷག་པ་ཉིད་དོ། །ཀོས་ཀོ་ལ་ནི་སོར་གཉིས་ནི་ལོགས་ཀྱི་རྒྱུར་སྟེ། སྟེང་ཡི་སྲིད་མ་ཡིན་བ་ཞེས་སོ། །སོར་མོ་གསུམ་པོ་འདི་སྲིད་སྟེ། སྟེང་ཅུང་ཟད་མཐོ་བ་ཞེས་ཁྱད་པར་གྱི་བསྡུ་བའོ། ལྷག་དང་བཅས་པ་ནི་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམS ་ལ་མཐོང་ངོ། །འབྱུང་ས་སྟེང་དུ་ཆ་ཡིས་སོ་ཞེས་པའི་ཆེའི་སྐྲ་ཡིས་སོར་མོ་གསུམ་གྱི་ཆར་བཤད་དོ། །འབྱུང་ས་མཐོ་བ་འདིའི་ཆ་ལ་བིམ་ཨའི་རི་མོ་ཞེས་ཏེ། བིམ་པའི་འབྲས་བུའི་རྣམ་པའི་རིམ་ཞེས་པའི་དོན་ཏོ། །ཞལ་གྱི་གྲཝ་ནི་ཆ་གཅིག་སྟེ། སོར་མོ་གཅིག་གོ་།ཇི ་ལྟར་བྱུང་བ་སྟེ། ཇི་ལྟར་འཁྲུངས་པ་བཞིན་ཆོམས་ཀྱི་རྒྱལ་པོ་ལ་སོགས་པ་རིམ་པས་གང་རྣམས་ཀྱི་རྣམ་པར་བཀོད་པ་གསུངས་པ་དེ་བཞིན་དུའོ། །སོར་མོའི་སུམ་ཆ་ཞེས་པ་ནི་སོར་མོའི་སུམ་ཆས་པད་སྒྲོས་ཏེ་དེ་བཞིན་དུ་སྣའི་རྩེ་མོའི་འོག་དུའོ། །མཆུའི་སྟེང་དུ ་ཆུ་འབབ་པའི་རྣམ་པ་ལྟ་བུའི་པད?་སྒྲོས་སོ། །སྨ་རའི་གནས་ཀྱི་དབུས་སུ་མཚམས་འདྲ་བའོ། །སོར་མོ་ཕྱེད་མཉམ་པ་ཞེས་ཁྱད་པར་གྱི་བསྡུ་བ་སྟེ། ཤངས་ཀྱི་བུག་ཞེས་པ་ནི་ཤངས་ཀྱི་སྤུབས་ཟླུམ་པོར་འཁྱིལ་བའོ། །ཤངས་ཀྱི་རྒྱུད་དང་ཤངས་ཀྱི་རྩེ་མོ ་ཞལ་དང་མཉམ་བའོ། །ཆ་ཕྱེད་ནི་སོར་མོ་ཕྱེད་དོ། །སྤྱན་གྱི་བར་ལ་ཞེས་པ་ནི་སྤྱན་དག་གི་དབུས་ལ་སོར་མོ་སྟེ་སོར་མོ་གཅིག་གི་ཆད་དོ། །དབྲལ་བའི་འོག་སྤྱན་གཉིས་ཀྱི་ཉེ་བཤངས་ཀྱི་ལོགས་ལ་རེ་རེ་ཇི་སྲིད་བ་ཞེས་སོ། །སྤྱན་གྱི་འབྲས་བུའི ་དབུས་ཀྱི་སྙིང་པོ་དེ་ལ་སོར་གཉིས་ཀྱི་ལྔ་ཆས་ཤེས་པར་བྱའོ་ཞེས་ནི་ཁ་ཅིག་གོ་།དེ་བཞིན་དུ་སོར་གཅིག་གི་ལྔ་ཆ་ལ་བྱེད་དོ་ཞེས་ཏེ། འདི་ནི་རགས་པའི་རང་བཞིན་དུ་རྟོགས་སོ། །སོར་གཉིས་སོར་གསུམ་དག་ཅེས་པ་ནི་སོར་གཉིས་ནི་སྤྱན་གྱི་ནོར་བུའི་ཆའ། །སོར་གསུམ ་ནི་སྤྱན་གྱི་ཟུར་དང་ཉེ་བ་སྟེ། ཤའི་ཟླུམ་ནང་ལྷན་ཅིག་གོ་།སྤྱན་ལ་སོར་མོ་བཞི་ནི་རང་གི་མཚམས་སོ། །རྣམ་པར་འབྱུང་བ་ནས་སྤྱན་གྱི་དབྱིབས་སུ་གསལ་བའོ། །རྡོག་པོ་ནི་ལེགས་པར་མཐོ་བའོ། །སྤྱན་གྱི་སྦུབས་ལ་སོར་མོ་གསུམ་ཞེས་པ་ནི་སྨིན་མའི་འོག་སྤྱན ་འབྲས་ནས་བརྩམས་ཏེ་སྟེང་དང་ལོགས་སོར་མོ་གསུམ་མོ། །སྤྱན་གྱི་ཟུར་དང་ཤངས་ཀྱི་ལོགས་དང་སྤྱན་དག་གི་བར་མཉམ་དུ་བྱའོ། །ཀོས་ཀོ་ཞེས་པ་ནི་ཀོས་ཀོའི་མཛའ་དང་སྟེང་དུ་སྤྱན་འབྲས་ཀྱི་ལོགས་ངེས་པར་སྦྱར་བར་བྱའོ། །དེ་མ་ཡིན་པ་ཞལ་གྱི་ཟུར་གཉིས ་ཀྱང་དེ་བཞིན་དུ་བྱའོ། །སྨིན་དབུས་ནི་སྨིན་མའི་བར་དུ་སོར་མི་ཕྱེད་དང་གཉིས་སོ། །རྒྱུ་རུ་ནི་ཞིང་དུ་བྱའོ། །དབུས་སུ་ཞེས་པ་ནི་སྨིན་མའི་དབུས་སུ་མཛོད་སྤུར་ཤེས་པར་བྱའོ། །ཟླ་བ་གང་ཞེས་མཛེས་པ་ལྟར། །ཤངས་ཀྱི་རྒྱུད་དང་མཛོད་སྤུའི་ཐིག་།དེ ་བཞིན་གཙུག་ཏོར་དབྱིབས་ལེགས་པ། །གཙུག་གི་ནོར་བུ་དེ་ཤེས་བྱ་ཞེས་པའི་གཙུག་གི་ནོར་བུ་ནི་དཀྱིལ་གྱི་རྣམ་པའོ། །གཙུག་ཏོར་ཡང་དེ་བཞིན་དུའོ། །སྙན་གྱི་རྩེ་ཡང་ཞེས་སོ། །བུ་གའི་སྟེང་དུ་སྙན་ནི་སོར་མོ་བཞིའོ། །ཞེང་དུ་ནི་རྒྱ་རུ་སྟེ། འདབ ་མའི་ཞེང་ཆ་གཅིག་གོ་ཞེས་སོ། །སྙན་གྱི་རྩོམ་དོག་སོར་མེ་ཕྱེད་ཀྱི་ཆད་ནི་འདབ་མར་བརྗོད་དོ། །སྟེང་མཐོ་ཞེས་པ་ནི་སོར་མོ་གཅིག་གོ་།སྙན་གྱི་སྤུབས་ནི་ཕྱེད་ཆ་སྟེ། སོར་ཕྱེད་སྙན་གྱི་ཁུང་དུ་འཇུག་པ་ལའོ། །འགྲམ་པ་ནས་སྙན་དག་གི་དབུས ་མ་ཏོག་པ་མ་བྱེ་བའི་རྣམ་པར་སྟེང་དུ་འཁྱིལ་བའོ། །སོར་ཕྱེད་དང་གསུང་གྱིས་སྙན་དུ་འགྱུར་ཏེ། འདབ་མ་དང་ལྷན་ཅིག་ཕྱེད་དང་བཅས་པའི་སེར་མོ་གཉིས་ཏེ། ནད་གི་ཆ་ཞེས་པ་ནི་ཞེང་དུ་ཤར་དང་ནུབ་ཀྱི་མཛའ་ཨོ། །སྙན་གྱི་ལོགས་ཀྱི་འདེབ་མ་ལའོ ་སྤྱན་མཛའ་ལས་མཛའ་སོར་མོ་ཕྱེད་དང་ལྔ་སྙན་གྱི་འདབ་མ་སྟེ། སྙན་གྱི་ངོས་འདབ་མ་དང་བཅས་པའོ། །སྙན་ནས་བརྩམས་ཏེ་སྙན་གྱི་བར་མ་དྷན་གྱི་ཆའི་དབུ་ལ་སོར་བཅོ་བརྒྱད་དོ། །རྒྱབ་ཏུ་སོར་མོ་བཅུ་བཞི་སྟེ། ་ནུབ་ཀྱི་ཆའི་དབུ་ལའོ། །དེ་དག་པར་དུ་ནི?་ནུབ་ཀྱི་ཆའི་ཁྱད་པར་དང་ངོ། །སོར་མོ་སུམ་ཅུ་རྩ་གཉིས་ནི་ཞེས་པ་ལ་སོགས་བ་ནི་གཅིག་ཏུ་བྱ་བར་གསུངས་སོ། །ཟླུམ་བོ་ནི་བསྐོར་བའོ། །འགུལ་པ་ནི་ཆ་བཞི་སྟེ་སོ་བཞིའོ། །མགུལ་ནས་བརྩམས་ཏ ་སྙན་ལ་སྙེང་དུ་སོར་མོ་དགུའོ། །ཤར་དང་ནུབ་ཀྱི་ཆ་ལ་བསྐོར་བའི་ཕྱིར་སོར་མོ་ཉི་ཤུ་རྩ་བཞི་མགུར་ལའོ། །མགུལ་བ་ལས་མགུལ་པའི་ལྷག་མ་ལ་སར་མོ་བརྒྱད་དེ། ལོགས་སུ་སྙན་གྱི་ཉེ་བར་སོར་བཞི་འཛིན་བས་སོ། །ཐལ་གོང་སོར ་མོ་བཅུ་གཉིས་སོ། །སྙབ་གའི་ཁར་ཞེས་བ་ནི་སྙིང་གའི་ཉེ་བའི་བར་གྱི་ཆ་ཤས་ཉིད་དང་བྲལ་བ་ཞེས་བའི་དོན་ཏོ། །གདོང་བ་བཞིའི་ཚའ་ཀྱིས་ནི། །ཕྱག་གི་སྲིད་དུ་ཞེས་ཏེ་རིང་དུའོ། །ཕྱག་གི་སྲིད་ཅེས་བ་ནི་འདིར་ཕྲག་པ་ནས་བརྩམས ་ཏེ་ཕྱག་གི་རྩ་མོ་དྲི་སྲིང་བ་ཕྱག་ཏུ་གསུངས་སོ། །འདིར་ཕྲག་བ་ནས་གྲུ་མོའི་སྟེང་ཡན་ཚོང་སོར་མོ་ཉི་ཤུ་དཔུང་བ་ལ་བལྟ་བར་བྱའོ། །གྲུ་མོ་འང་འོག་ནས་སྐུ་མཁྲིག་མར་ན་ཆང་ཕྱག་དར་ཏ་སོར་མོ་བཅུ་དྲུག་གོ་།མཁྲིག་མའི་ཐོག ་ནས་ཕྱག་གི་རྩེ་མོ་ཡན་ཆད་གྲུ་མོའི་ཟུར་གྱི་བར་ཕྱག་དར་དུ་བལྟ་པར་བྱ་ལ་ཞེས་སོ། །མཆན་འོག་ནས་བརྩམས་ཏེ་པར་ལྷའི་ཆ་དང་པོའི་ཚིགས་གྱི་མཐར་ཡོ་ནས་སུ་བལྟ་བ་ན་སོར་མོ་ཉི་ཤུ་རོ། །ཕྲག་པའི་མདུན་གྱི་མཛའ་ནས་བརྩམS ་ཏེ་རྒྱ་བཏུ་གསུངས་པ་ནི་འདི་གཉིས་མཉམ་དུ་སོར་བཅུ་གཉིས་ཀྱི་ཚིགས་སོ་ཞེས་སོ། །ཚིགས་ཀྱི་ཕྱོགས་ཟླུམ་བོ་ལ་སོར་མོ་བཅུ་གཉིས་སོ། །ཕྱག་དག་གི་ཕྱག་གི་སྲིད་དུ་སོར་མོ་བདུན་གྱི་ཚད་དོ། །ཕྱག་གི་མཐལ་ལ་དབུས་སུ་རྒྱར? ་སོར་ལྔའི་ཚང་ངོ། །གྲངས་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་ཀྱི་ཕྱག་ལ་མཚན་རྣམས་གསུངས་པ་ནི་མཆན་ཐམས་ཅད་པ་སྟེ། འཁོར་ལོ་རྩིབས་སྟོང་ལ་སོགས་པས་ལྷན་ཅིག་པའི་གཟུགས་ཞེས་པ་ནི་མཚན་ཐམས་ཅད་ཀྱི་གཟུགས་སོ། །གང་ཡང ་ཇི་ལྟ་བའར?་རེ?་མོའི་རྣམ་པ་དང། གང་ཡང་བཀྲ་ཤིས་ཀྱི་རྣམ་བ་དང། གང་ཡང་རིག་པའི་རྣམ་པ་དང་།གང་ཡང་སའི་རྣམ་པ་དང། གང་ཡང་གཡུང་དྲུང་འཁྱིལ་པའི་རྣམ་པ་ཞེས་པ་ལ་སོགས་བའོ། །ཤིས་པའི་ཡོན་ཏན་མེད་བ་དང་མི་ལྡན་བའོ། །ཀུན ་གྱི་མཚན་གྱི་གཟུགས་སུ་གྱུར་པའོ། །རྣམ་བ་ཕན་ཚུན་སོ་སོར་མ་འབྱར་བའོ། །ཕྱག་སོར་གུང་མོ་སོར་ལྔའི་སྲིད་དུ་རིང་བའོ། །གུང་མོ་ལས་ཚིགས་ཕྱེད་ཀྱིས་དམན་པ་མཛུབ་མོ་སྟེ་སྡིགས་མཛུབ་བོ། །སོར་མོ་ཕྱེད་ཀྱིས་དམན་བ་ནི་མིང་མེད་དོ། །མཐེའུ་ཆུང་ནི་ཉེ་བ ་སྟེ་མིང་མེད་ལས་ཞེས་ཏེ། མིང་མེད་ལས་ཚིགས་གཅིག་གིས་དམན་པ་ནི་མཐེའུ་ཆུང་ངོ། །དེ་རྣམས་ཚིགས་ཕྱེད་སེན་མོས་མཛེས་པ་ནི་ཡིད་འཕྲོག་བའོ། །མཁྲིག་མའི་སྟེང་དུ་ཇི་སྲིད་སེན་མོའི་རྩེ་མོའི་བར་དུ་མཐེབ་ཆེན་གྱི་སྲིད་དུ་སོང ་མོ་བཞིའོ། །ལྟ་བ་ཡང་དེ་བཞིན་དུ་དེ་སྲིད་སོར་མོ་བཞི་བ་ཉིད་དོ། །མཐེབ་ཆེན་ནི་ཚིགས་གཉིས་སོ། །ཚོགས་ཕྱེད་དུ་སེན་མོའོ། །མཐེབ་ཆེན་གྱི་རྩ་བ་དང་མཛུབ་མོའི་རྩ་བའི་བར་ལ་སོར་མོ་གསུམ་མོ། །མཐེའུ་ཆུང་དང་མཁྲིག་མ་དག་གི་དབུས ་གྱི་ཆ་ཕྱག་གི་ཆལ་སྲིད་དུ་སྟེ་རིང་དུ་སོར་མོ་ལྔའོ། །འདིར་དོན་གྱིས་གོ་བར་བྱ་བའི་ཕྱིར་མཐེའུ་ཆུང་སྤངས་ནས་ཕྱག་གཉིས་ཀྱི་དབུས་མའི་ཉེ་བར་རིང་དུ་ཚིགས་གསུམ་གྱི་ཆ་ཡིས་མཐོ་བའོ། །དེ་སྟེང་ཞེས་པ་ནི་མཆན་འོག་གི་སྟེང་དུ་ཕྲག་པའི་མཚམས ་སུ་ཆ་དགུར་བྱའོ། །སོར་མོ་དགུ་པོ་རྣམས་ཀྱི་ཚད་དོ། །བྲང་ནང་སྐུ་རྒྱབ་ཅེས་པ་ནི་སྐུ་བྲང་དང་སྐུ་རྒྱབ་དག་རེ་རེ་ཉིད་ལ་བསྐོར་བ་སྟེ། ཡོངས་སུ་ཟླུམ་དུ་སོར་མོ་ལྔ་བཅུ་རྩ་དྲུག་གོ། ནུ་མ་ལྟ་བའི་བར་དེ་བཞིན་ཞེས་བ་ནི་ནུ་མ་དང་ལྟེ་བའི་བར་དག་ལ་སོར ་བཅུ་དྲུག་གོ་།ཀུན་འབིགས་ཞེས་པ་ལྟེ་ཁུང་དང། ཚིགས་ཀྱི་ཚིགས་དག་ཅེས་པ་སྟེ། ཚིགས་ཀྱི་མདུད་པ་དག་དང། ལྟེ་བ་གཉིས་ཀྱི་ཆ་ཤས་པགས་པ་འདུས་བ་དེ་དག་ལྷན་ཅིག་ལྟེ་བའི་ཁུང་ན་སོར་མོ་གཅིག་གོ་།ལྟེ ་བའི་དབུས་སུ་ཡོངས་སུ་བརྟག་པ་ནི་ལྟེ་བ་ནས་བརྩམས་ཏེ་རྒྱབ་དང་ལྷན་ཅིག་ཇི་སྲིད་ལྟེ་བ་ཚུན་ཆད་ཟླུམ་བོ་ལ་སོར་མོ་བཞི་བཅུ་རྩ་དྲུག་གོ་།སྲིད་ཀྱི་རྒྱུ་རུ་ཟླུམ་པོ་དག་ལ་པགས་པའི་འོག་ཏུ་སོར་མོ་བཞི་འཕྱང་བའོ། །སློ་དག་གཉིས་ཀྱི་སྟེང་དུ་སོར་གཅིག ་གོ་།བརླ་ཞེས་བ་ནི་བརླའི་སྟེང་དུ་མཉམ་གཞག་ཡང་དག་པའི་གཟུགས་བྱའོ། །དེ་དག་སྟེང་གི་དབུས་ཀྱི་བར་ལ་སོར་བཅུ་གཉིས་སོ། །བརླའི་རྩ་བའི་ཟླུམ་ལ་སོར་མོ་བུམ་ཅུ་རྩ་དྲུག་གོ་།བརླའི་འོག་གི་དབུས་ཀྱི་ཟླུམ་ལ་སོར་མོ་སུམ་ཅུ་སོ་གཉིས་སོ། ་བུས་མོ་ཞེས་བ་ནི་བུས་མོའི་རྩར་ཡོངས་སུ་བསྐོར་བའི་ཟླུམ་ལ་སོར་མོ་ཉི་ཤུ་རྩ་བརྒྱད་དོ། །ཚིགས་བཅིངས་པ་སྔོན་མ་གཉིས་སོར་མོ་བཞིའོ། །པུས་མོའི་འོག་ཏུ་པུས་མོ་ལས་སོར་མོ་སྟེ། ལོང་བུ་སོར་མོ་གཉིས་སོ། །ལོང་བུ་མི ་མངོན་ཞེས་པ་ལ་སོགས་པ་ནི་སོར་མོའི་ཚོགས་གཉིས་མི་མངོན་པ་དང། །ཤ་ཡིས་འཁྱིལ་པའོ། །དེའི་ཕྱིར་རྩ་ནི་གནས་པར་འགྱུར་རོ། །རྫ་དང་དག་ནི་དབུས་ཀྱི་འཁྱིལ་ལ་སོར་མོ་ཉི་ཤུ་རྩ་གཅིག་ཤིས་ཡོངས་སུ་ཟླུམ་པོ་ཉིད་དོ། ། ་དབུས་ཀྱི་འོག་ཏུ་སོར་མོ་བཅུ་བཞིས་ཡོངས་སུ་ཟླུམ་པའོ། །ལོང་བུའི་འོག་ཏུ་ཞེས་པ་ནི་ཞབས་ཀྱི་ལོང་བུ་མན་ཆོད་ལ་སོར་བཞིའོ། །ལོང་བུའི་ཕྱི་རོལ་ནས་ཇི་སྲིད་སེན་མོའི་རྩེ་མོའི་བར་དུ་ཁྲབས་ཀྱི་སྲིད་དུ་སོར་བཅུ་གཉིས་སོ། །ཞབས ་ཀྱི་ཕྱེད་ཀྱིས་ཞེང་དུའོ་ཞེས་པ་ནི་སོར་མོ་དྲུག་གོ་།སྟེང་དང་འོག་གི་རྒྱར་སོར་མོ་གཉིས་སོ་།ཞབས་གཉིས་ཀྱི་ལོགས་ཞབས་ཀྱི་ལོང་བུའི་འོག་རྟིང་པ་ལ་སྟེང་དང་འོག་ཏུ་སོར་བཞིའོ། །སོར་མ་དྲུག་གི་རྒྱ་ལས་ནི་ཞེས་པ་ལ་སོགས་བས? ་ནི་རྒྱ་སྟེ་འཕྲེང་ལ་སུམ་འགྱུར་གྱིས་ནི་ཟླུམ་བོ་སྟེ་ཞེས་པ་ནི་ཏིང་པའི་ཟུར་གཅིག་ནས་གཅིག་གི་རྟིང་བའི་བར་དུ་ཞབས་དང་ལྷན་ཅིག་ཏུ་ཟླུམ་པོ་ལ་སུམ་འགྱུར་ནི་སོར་མོ་བཅོ་བརྒྱད་ཅེས་བའི་དོན་ཏོ། །ཞབས་ཀྱི་སོར་མོ་ལྔ་པོ་རྣམས་ནི་ཚིགས་གཉིས་? ་མེའི?་ཕྱེད་དུ་སེན་མོས་མཛེས་བ་ན་མཐེབ་ཆེན་ནོ། །སོར་ས་ལྔ་པོ་རྣམས་ནི་ཡོངས་སུ་ཟླུམ་པའོ། །སྲིད་དུ་སོར་མོ་གསུམ་ཞེས་པ་ནི་རིང་དུ་སོར་མོ་གསུམ་མོ། །ཞབས་ཀྱི་མཛུབ་མོ་ནི་སྲིད་དུ་མཐེབ་ཆེན་དང་མཉམ་པ་ཉིད་དོ། །དེའི་ཕྱིར་མཐེབ་ཆེན་གྱི་སྲིད་དུ ་མཛུབ་མའོ། །ཆ་བཅུ་དྲུག་གིས་དབུས་མ་དམན་ཞིང་ཐུང་བའོ། །གུང་མོ་ལས་བརྒྱད་ཆས་དམན་པ་ནི་མིང་མེད་དོ། །མིང་མེད་ལས་བརྒྱད་ཆས་དམན་པ་ནི་མཐེའུ་ཆུང་ངོ། །སོར་མོ་རྣམས་ནི་སོང་གཅིག་གི་དབངས་སུའོ། །མཐེབ་ཆེན་ཅི་ཕྱེད་དང་བཅས་པའི ་སོར་མོའི་དབངས་སུའོ། །ཞབས་ཀྱི་ཕྱེད་རྒྱབ་རུས་སྤལ་གྱི་རྒྱབ་ལྟ་བུའོ། །ཞབས་ཀྱི་མཐིལ་འཁོར་ལོ་ལ་སོགས་པས་རྣམ་པར་བརྒྱན་པའོ། །མཉམ་དུ་འབྲེལ་བ་ནི་དང་བའི་རྐང་པ་ལྟར་མ་ཆད་པར་འབྲེལ་བའོ། །བྱའི་སྒོ་ང་ཞེས་བྱ་བ་ལ་སོགས ་པས་ནི་ཞལ་རྣམ་བ་ལ་ཞིར་རུ་གསུངས་སོ། །སྐྱེས་བུ་ཆེན་པོའི་ཞལ་ནི་བྱའི་སྒོ་བའི་རྣམ་བའི། །ལྷ་མ་རྣམས་ནི་ཏིལ་གྱི་འབྲས་བུ་རྣམ་པའོ། ། མཎྜལ་གྱི་རྣམ་པ་ནི་ཁྲོ་བོ་རྣམས་ཀྱི་ཡིན་ནོ། །གྲུ་བཞི་པ་ཡང་ངོ། །རྫོགས་པའི་སངས་རྒྱས་རྣམས་ཀྱི ་རབ་ཏུ་ཞི་བར་བྱའོ། །སྤྱན་ནི་དངས་པར་གྱུར་པ་སྟེ། ཐམས་ཅད་ལ་གཟིགས་པར་བྱེད་པ་ཐམས་ཅད་མཁྱེན་པའི་སྤྱན་ནོ། །སྟེང་དུ་ལྟ་བར་བྱེད་བ་དང། དམན་པ་ལ་བརྟེན་པ་དང། འོག་ཏུ་ལྟ་བ་ཡང་མ་ཡིན་བར་རོ། །བདག་གིས ་རྣམ་འཕྲེང?་ཤིང་བྱས་བསོད་ནམས་དེས། སངས་རྒྱས་ལ་སོགས་ཚད་ནི་རྫོགས་བྱས་ཏེ་།རྣམ་པར་མི་རྟོག་བྱང་ཆུབ་ཚོགས་ཐོབ་ཅིང། སྐྱེ་དགུ་རྣམས་ཀྱིས་རྒྱལ་བ་ཉིད་ཐོབ་ཤོག། ཡང་དག་བར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་བའི་ ་སྐུ་གཟུགས་ཀྱི་ཚད་ཀྱི་མཚན་ཉིད་ཀྱི་རྣམ་འགྲེལ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷརྨ་དྷཱ་ར་དང། ལོཙྪ་བ་ཡར་ལུངས་པ་གྲགས་པ་རྒྱལ་མཚན་གྱིས་མང་ཡུལ་གུང་ཐང་གི་རྒྱལ་སར་བསྒྱུར་བའོ།། ་གྲུབ་པ་ཀུན་མཁྱེན་ཆོས་རྒྱལ་གྱི། །གསུང་གི་འོད་ཟེར་སྣང་བར་བརྟེན། །མཁན་ཆེན་བྷོཊ་པཎྜི་ཏ། །དམ་ཆོས་འཛིན་དག་གསུང་བརྟེན་ནས། །ཡར་ལུངས་གྲགས་པ་རྒྱལ་མཚན་གྱིས། །གུང་ཐང་རྒྱལ་སར་ལེགས་བར་བསྒྱུར་རོ།། ་