CLOSE WINDOW

N4595: sangs rgyas kyi sku'i gzugs brnyan gyi mtshan nyid
Wyliee-texts based on the ACIP/ALL Input

བྱས་ནས་ནི། །ཕྱི་ནས་ལས་ཀྱིས་མཉམ་དུ་བརྩམ། །མདོག་བཟང་མཱཀྵེ་ཀ་ཉིད་དང། །ཚྭ་དང་སྐྱུར་མོ་དག་གི་སྦྱར། །གསེར་འགྱུར་རྩིའི་བསྟན་བཅོས་ཇི་སྙེད་པའོ།། །།*། །སྐུ་གསུང་ཐུགS་གྱི་ཆ་ཚད།། །། ་རྒྱ་གར་སྐད་དུ། ཤསྟ་ལ་ནྱ་གྲོདྷ་པ་རི་མཎྜ་ལ་བུདྡྷ་པྲ་ཏི་མ་ལ་ག་?་ན་མ། བོད་སྐད་དུ། སངས་རྒྱས་ཀྱི་སྐུའི་གཟུགས་བརྙན་གྱི་མཚན་ཉིད། །མཐོ་བཅུ་པ་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་ཞེས་བྱ་བ། བཅོམ་ལྡན་འདས་འདོད་ཆགས་དང་བྲལ ་བ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཡུམ་ལ་ཆོས་སྟོན་དུ་དགའ་ལྡན་དུ་གཤེགས་པའི་ཚེ། །བཅོམ་ལྡན་འདས་ལ་ཤཱ་རིའི་ ་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་རྒྱས་མི་ཞུགས་ཙན་སྐུ་ཇི་ལྟར་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཤཱ་རིའི་བུང་མི་བཞུགས་སམ། ད་ཡོངས་སུ་མྱ་ངན་ལས་འདས་པའི་དུས་སུ། ་མཆོད་པ་དང་སྟི་སྟང་དུ་བྱ་བའི་ཆེད་དུ། སྐུའི་གཟུགས་བརྙན་ཤིང་ནྱ་གྲོ་དྷ་ལྟར་སྐུ་ཇི་ཙམ་པར་འདོམ་ཡང་དེ་ཙམ་ལ། འདོམ་ཅི་ཙམ་པར་སྐུ་ཡང་དེ་ཙམ་བྱེད་དུ་གཞུག་སྟེ། ཡན་ལག་དང། ཉིད་ལག་དང། ཆ་ཤས་དང། མཆུ་ཞེང?་དང། སྲིད་དང ་ཚིགས་བཅས་པ་དང། འབྱུང་བ་ཐམས་ཅད་ཀྱི་གཙུག་ཏོར་ལ་སོགས་པའི་ཚད་ཇི་ལྟ་བ་བཞིན་བཤད་ཀྱིས་ཉོན་ཅིག་།ཉིད་ཀྱི་སོར་གྱི་ཚད་རྣམས་ཀྱི། །བརྒྱ་ལས་ཉི་ཤུ་ཐམ་པས་ལྷག་།གཙུག་ཏོར་ལ་ནི་སོར་བཞི་སྟེ། །དབུ་སྐྲའི་གནས་ཀྱང་དེ་བཞིན་ཏེ།། ་སོར་ནི་ཕྱེ་དང་བཅུ་གསུམ་གྱིས། །ཆ་གསུམ་དབྱེ་སྟེ་ཞལ་དེ་དང། །དཔྲལ་བ་དང་ནི་ཤངས་ཉིད་དེ། །དེ་ལྟར་གསུམ་གྱི་དེ་དག་ནི། །སོར་བཞི་ལྷག་དང་བཅས་པ་སྟེ། །ོ་སྐོ་ལ་ནི་སོར་གཉིས་སོ། །ོ་སྐོའི་ཞེང་དང་བྱུང་བ་ནི། །སོར་བཞི་དག་ཏུ་བཞེད ་པ་ཡིན། །མ་མཆུའི་དཀྱུས་སུ་སོར་གཉིས་ཏེ། །འོག་ཏུ་རྔམས་སུ་སོར་གཅིག་ཡིན། །དབུས་སུ་བུམ་པའི་རིས་དགོང་དེ། །གྲཝ་ནི་སོར་བ་ཅིག་ཡིན་པར་བཤད། །མཁས་པ་དག་གིས་ཞལ་གྱི་དཀྱུས། །སོར་བཞི་དག་ཏུ་བྱ་བ་ཡིན། །ཇི་ལྟར་སྐྱོས་བཞིན ་ཚོམས་རྣམས་ཀྱང། །བཞི་བཅུ་བཀོད་པ་ཡིན་པར་བཤད། །ཡས་མཆུ་སོར་ནི་ཕྱེད་དང་གཉིས། །རྔམས་དང་གྱུར་བའང་དེ་བཞིན་ནོ། །དེ་ཡི་གོང་ན་བཞིན་ཡོད་པ། །སོར་ངག་གིས་ནི་སུམ་ཆར་བྱ། །ཤངས་ཀྱི་ཞེད་དུ་སོར་གཉིས་ཏེ། །འཕང་དུ ་སོར་ནི་ཕྱེད་དང་གཉིས། །ཤངས་དག་གིས་ནི་བུག་ཡང། །སོར་ཕྱེད་ཟླུམ་པོ་དག་ཏུ་བཤད། །ཤངས་ཀྱི་སྤུབས་ནི་སྙོམས་པ་དང། །དབུས་ཀྱི་ཞེང་ནི་སོར་ཕྱེད་དོ། །སྐྱན་དབང་སོར་གཉིས་ཤེས་བྱ་སྟེ། །སྤྱན་གཉིས་དཀྱུས་ནི་སོར་བཞིའོ།། ་ཞེང་དུ་སོར་གསུམ་དེ་གཉིས་ཀྱི། །དབུས་སུ་འབྲས་བུ་གསུམ་ཆའོ། །སྤྱན་ལ་ཆ་ལྔ་སོར་བཞི་སྟེ། །དེ་དག་ལ་ནི་འཚམས་གསུམ་མོ། །སྤྱན་གྱི་འཕང་ནི་སོར་དག་གི་།བཞི་ཆ་དག་ཏུ་གྲགས་པ་ཡིན། །སྤྱན་གྱི་སྤུབས་ནི་སོར་གསུམ་སྟེ། །པདྨའི་འདབ་མ་འདྲ་བར་བྱ། །སྨིན་མའི་བར་ནི ་སོར་དག་གི་ཕྱེད་དང་གཉིས་སུ་གྲགས་པ་ཡིན། །སྨིན་མའི་སྦུབས་སུ་མཐོ་བ་དང། །སྨིན་དཀྱུས་སོར་བཞིར་ཤེས་པར་བྱ། །དེ་དང་སྙན་གྱི་མཆོག་མར་མཉམ། །སྙན་གཉིས་ཞེང་ནི་སོར་གཉིས་ཡིན། །དེ་གཉིས་ཕུག་སྒོ་སོར་ཕྱེད་དོ། །འཕང་དུ་སོར་གཅིག་ཤེས་པར་བྱ། །རྣེའུ ་དག་ལ་ནི་སོར་ཕྱེད་དེ། །སྙན་གྱི་ཆོ་ག་རྣམས་ཀྱི་ཞེང། །སོར་དག་གི་ནི་བཞི་ཆ་ཡིན། །སྙན་གྱི་ནང་ཞེང་ཆ་དག་ལ། །སོར་ན་ཕྱེད་དང་གསུམ་ཡིན་ནོ། །སྙན་ཤལ་དང་ནི་དབུ་སྐྲའི་མཛའ་། །ཅི་མཛེས་བྱ་ཡི་ཀླད་པ་ལ། །གསུམ་སྟེ་སྙན་ནས་སྙན་དག་ཏུ། །སོར་ནི་བཅོ་བརྒྱད ་ཤེས་བྱ་དང། །དེ་གཉིས་བར་གྱི་རྒྱབ་ལོགས་སུ། །སོ་ནི་བཅུ་བཞིར་འདོང་བྱ་དང། །དབུ་མཛའ་འཁོར་བར་སོར་དག་ནི། །སུམ་ཅུ་གཉིས་པོ་རྣམས་ཡིན་ནོ། །སྙན་གྱི་སྲིད་དུ་སོར་བཞི་སྟེ། །མགུར་གྱི་ཞེང་ནི་སོར་བརྒྱད་ཡིན། །སྦོམ་དག་ཏུ་ནི་སོར་རྣམས་ཀྱི། །ཉི་ཤུ་རྩ ་བཞི་དག་ཏུ་བྱ། །མགུར་གྱི་མཛའ་ནས་སོར་བཅུ་གཉིས། །ཁྲག་པའོ་དེ་ནི་ཐལ་གོང་ཞེས། །ཞལ་གྱི་ཚབ་ནི་བཞི་དག་གིས། །ལག་པ་དག་གི་སྲིད་བསྟན་ཏེ། །སྤུང་པ་ལིན་སོར་ཉི་ཤུ། །དེ་བཞིན་ལག་དར་བཅུ་དྲུག་གོ་།ཕྱག་མགུལ་འཁོར་བའང་དེ་བཞིན་ནོ། །མཁྲིག་མ ་ནས་ནི་ཁྱག་གི་རྩེར། །སོར་ནི་བཅུ་གཉིས་རབ་ཏུ་གྲགས། །ཕྱག་འཐིལ་སྲིད་དུ་སོར་བདུན་ཏེ། །དེ་ཡི་ཞེང་ནི་ལྔ་ཡིན་ནོ། །འཐིལ་དུ་དུང་དང་འཁོར་ལོ་དང། །པདྨ་ལྕགས་ཀྱུ་ཉིད་ཀྱང་ཡིན་ནོ། །ཕྱག་མཚན་རྣམས་ཀྱི་གཟུགས་དག་གི་།རྣམ་པ་ཐ་དད་བྲི་བར་བྱ། །གུང ་མོའི་སྲིད་དང་སོར་ལྔ་སྟེ། །ཚིགས་ཕྱེད་ཀྱིས་ཐུང་འཛུབ་མོ་ཡིན། །སྲིན་ལགས་དག་ནི་སོར་རྣམས་ཀྱིས། །ཕྱེད་ཀྱིས་ཐུང་བ་ཉིད་དུ་བྱ། །མཐེའུ་ཆུང་དག་ནི་སྲིན་ལག་གི་།ཚིགས་ཀྱི་ཕྱེད་ཀྱིས་ཐུང་བར་བྱ། །སོར་མོ་ཐམས་ཅད་ཚིགས་གསུམ་སྟེ། །དེ་དག་ཚིགས ་ཕྱེད་སེན་མོའོ། །མཁྲིགས་མ་ཡིན་གོང་དག་གི་།སོར་བཞི་དང་བཅས་མཐོ་བོང་ངོ། །སྦོམས་སུ་ཡང་ནི་དེ་སྲིད་དོ། །དེ་ནི་ཚིགས་གཉིས་ཕྱེད་སེན་མེ། །མཐེ་བོ་ནས་ན་འཛུབ་མོའི་བར། །སོར་གསུམ་དག་ཏུ་བཤད་པ་ཡིན། །མཁྲིས ་མ་ནས་ནི་མཐེའུ་ཆུང་ངུ། །སྲིད་ནི་སོར་ལྔ་དག་ཏུ་བྱ། །མགུར་ནས་ཐུགས་ཀའི་བར་དག་ནི། །ཐུགས་ཀ་ནས་ནི་ལྟེ་བ་དང། ནུ་མ་གཉིས་ཀྱི་བར་དག་ཏུ། །སོང་ནི་ཕྱེད་དང་བཅུ་གསུམ་ཡིན། །ནུམ་གཉིས་ཀྱི་གང་དག་ནས། །མཚན་?་དུ་ནི་སོར་དྲུག་བྱ། །མཐོང ་ག་དག་གི་འཕེལ་ག་ནི། །སོང་ནི་ཉི་ཤུ་རྩ་ལྔ་ཡིན། །མཐོང་གནས་ནི་རྒྱབ་འཁོར་བར། །སེར་ནི་ལྔ་བཅུ་རྩ་དྲུག་ཡིན། །ནུ་མ་ནས་ནི་ལྟེ་བའི་བར། །སོར་ནི་བཅུ་དྲུག་ཁོ་ནར་འདོད། །ཟས?་དང་ཟབ་ཚིགས་བཅས་པ་ཡི། །ལྟེ་བ་ཁུད་ནི་སོར་ཅིག་པོ། །ལྟེ་བའི ་དབུས་ནས་འཁོར་བར་ནི། །སོར་ནི་བཞི་བཅུ་ཐམ་པ་ཡིན། །སྟ་ཟུར་དག་ནས་ཞེང་དུ་ནི། །སོར་ནི་བཅོས་བརྒྱད་ཁེ་ན་ཡིན། །ལྟེ་བ་ཕོ་མཚན་དྲུང་བར་དེར། །སོར་ནི་ཕྱེད་དང་བཅུ་གསུམ་ཡིན། །སྨད་ཀེ་དེ་ཡི་ཕྱེད་དག་ནས། །དགེ་པ་ལ་ནི་སོར་བཞི་ཡིན། །བརླ ་ཡི་སྦོམས་སུ་སུམ་ཅུ་གཉིས་སྲིད་དུ་ཉི་ཤུ་རྩ་ལྔ་སྟོ། །དེ་དག་གི་ནི་དབུས་ཀྱི་སྦོམས། །ཉི་ཤུ་རྩ་ནི་བརྒྱད་ཡིན་ནོ། །ཚིགས་བཅས་ལྷ་ང་སོར་བཞི་སྟེ། །ལོང་བུ་སོར་གསུམ་དག་ཏུ་བྱ། །བྱིན་པ་ཟླུམ་ཞིང་དྲང་པོ་ལ། །སོར་ནི་ཉི་ཤུ་རྩ་ལྔ་ཡིན། །དེ ་ཡི་དབུས་ཀྱི་སྦོམས་སུ་ནི། །སོར་ནི་བཅུ་དྲུག་དག་ཏུ་བཤད། །ལོར་བུའི་ཕྱེད་ནས་སོར་བཅུ་གཉིས། །ལོར་བུའི་མཛའ་མ་སོར་གཉིས་ཏེ། །ཅིང་བ་འབྱུང་བ་སོར་བཞི་ཡིན། །སོར་གསུམ་དག་ཏུ་བྱ་བ་ཡིན། །ཞབས་གཉིས་སོར་ནི་ཅིག ་གཉིས་ལས། ངོས་ཀྱི་རྔམས་ནི་སོར་ཅིག་སྟེ། །སོར་མོ་ལྔ་པོ་དེ་དག་ནི། །ཚིགས་གཉིས་ཚིགས་ཕྱེད་སེན་མོ་སྟེ། །མཐེ་བའི་སྤོམས་སུ་སོར་ལྔ་ཡིན། །དེ་ཡི་སྲིད་དུ་སོང་གསུམ་སྟེ། །མདོར་ན་མཐེ་བོ་ཁོ་ན་ཡིན། །འཛུབ་མོ་ཡིན་སྲིད་ཀྱང་ཡིན ་ཆེན་བཅུ་དྲུག་བརྒྱད་ཕྱེད་ཀྱིས། །ལྷག་མ་ཅིག་པས་ཅིག་ལྷུང་ངོ། །སོར་མོ་རྣམས་ལ་འཕང་སོར་ཅིག་།མཐེ་བོང་དེ་སོར་ཕྱེད་དང་གཉིས། །བརྒྱན་པའི་ཞབས་ཀྱི་སྟེང་དག་ནི། །རུས་སྦལ་རྒྱབ་ལྟར་གང་བར་བྱ། །ཞབས་གཉིས་ཤིན་ཏུ་གནས་པའི་མཚན། །མཉམ ་འཟར?་དེས་དང་མ་སྙོངས?་ལ། །འཁོར་ལོ་དུང་དང་དཔལ་བེའུ་བཅས་།ཤིན་ཏུ་སྦ་བའི་རི་མོ་བྲི། །དེ་ལྟ་བུ་ཡི་ཀུན་མཁྱེན་གྱི། །ཞབས་ནི་ཤིན་ཏུ་སྔགས་པར་བཤད། །སངས་རྒྱས་ཀྱི་སྐུའི་གཟུགས་བརྙན་གྱི་མཚན་ཉིད་མཐོ་བཅུ་པ། ཤིང་ནྱ་གྲོ་དྷ་ལྟར་མཆུ་ཞེ་དགབ་པ་ཞེས ་བྱ་བ་འདི་ཡོངས་སུ་རྫོགས་སོ། །།རྒྱ་གར་སྐད་དུ། སཾ་བུདྡྷ་བྷ་ཥི་ཏ་པྲ་ཏི་མ་ལཀྵ་ཎ་བི་བ་ཎཾ?་མ། བོད་སྐད་དུ་།རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་སྐུ་གཟུགས་ཀྱི་ཚད་ཀྱི་རྣམ་འགྲེལ་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ ་