| Wylie | e-texts based on the ACIP/ALL Input |
གྲུབ་པ་རྫོགས་སོ།། །།ཧ་རིདྷོ་བར་གྱི་རྣལ་འབྱོར་པ་ཤི་བ་དཱ་ཤ་དང། ཨོརྱན་པས་བྷུ་ཏྭར་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ར་སཱ་ཡ་ཎ་ཤཱསྟྲ ་ཨུདཏྲི་ཏི། བོད་སྐད་དུ། གསེར་འགྱུར་གྱི་བསྟན་བཅོས་བསྡུས་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཀུན་མཁྱེན་ཞི་བ་ཀུན་སྟེར་བ། །དཔལ་མགོན་མཆོག་ཏུ་ཞི་བར་མཛད། །ལོངས་སྤྱོད ་གྲོལ་བ་རབ་སྟེར་བའི། །དབང་ཕྱུག་དམ་པ་ཕྱག་འཚལ་ལོ། །ཕྲ་དང་སྦོམ་ལས་རྣམ་པར་གྲོལ། །གསལ་དང་མི་གསལ་མཆོག་ཏུ་ཞི། །དཔལ་དང་ལོངས་སྤྱོད་གོལ་སྟེར་མ། །མཆོག་གི་དབང ་ཕྱུག་མར་ཕྱག་འཚལ། །མཆོག་ཏུ་སྲ་བའི་དངུལ་ཆུ་ཡི། །ལས་ཀྱི་སྦྱོར་བ་ངེས་པར་སྦྱར། །དེ་ཉིད་རབ་སྦྱོར་མཛའ་ལ་ནི། །ཡོན་ཏན་སྐྱེ་བར་འགྱུར་བ་སྟེ། །རྒྱལ་བ་ཡིས་ནི་ནད་འཇོམས་ཤིང། །སྨིན ་བ་ཡིས་ནི་དབུལ་པོ་སྤོང། །བཅིངས་པ་ཡིས་ནི་མཁའ་ལ་འགྲོ་།དངུལ་ཆུའི་ཡོན་ཏན་རྣམ་གསུམ་མོ། །གལ་ཏེ་ལྷང་ཆེར་སྨིན་ན་ཡོན་ཏན་བརྒྱད། །མུ་ཟི་ཞུ་གྱུར་འདི་ལ་ཡོན་ཏན་དྲུག་།དངུལ་ཆུ་མཉམ ་དུ་གསེར་གྱིས་ངེས་བཅིངས་ན། །ཁྱོད་ཀྱི་མཁའ་ལ་འགྲོ་བ་གང་གིས་འགོག་།གཤའ་ཙེ་དངུལ་ཆུའི་རོ་ཡིས་མཉམ་དུ་བསྣུན། །དེ་ཕྱེད་ཟླ་བ་གཉིས་པའི་རིམ་པ་ཡིས། །གཤའ་ཚེ་ཟླ ་བའི་ཕྱོགས་གསུངས་གསེར་སྦྱོར་ལས། །ཟངས་མ་དྲུག་ཅུ་རྩ་བཞི་འབིགས་པར་བྱེད། །དེ་ཉིད་ཐིག་ལེ་མི་གཏོར་ཤིང། །དམར་སྐྱའི་མདོག་ནི་ནོར་སྟེར་རོ། །མེ་ལ་གནས་ཤིང་མི་གཡོ་གི་།ནམ་མཁའ་ ་སྨིན་པའི་མཚན་ཉིད་དོ། །གང་ལ་དངུལ་ཆུ་མཉམ་དུ་བཞུ། །དངུལ་དང་ཡང་ན་གསེར་དག་གམ། །གཅིག་ཏུ་གྱུར་ཅིང་མི་ཟད་པ། །དེ་ནི་བཅིངས་པའི་མཚན་ཉིད་དོ། །ལྷང་ཚེར་ཞུ་བ་གང་ཞིག་གིས། ། ་དངུལ་ཆུ་དབང་དུ་བྱས་གྱུར་ན། །དེ་ཡིས་ཆོས་དང་ནོར་དག་ནི་།སྒོ་དག་ཉེ་བར་ཉེ་བ་ཡིན། །ཁ་ཡང་ནམ་མཁའ་ཟ་བ་དང། །སེར་པོ་ཟ་བས་མུ་ཟི་དང། །གསེར་གྱི་མངལ་གྱི་ཁུ་བ་ཉིད། །ནོར་འཛིན་སྟེང ་ན་ཤིན་ཏུ་དཀོན། །རྙིངས་མིན་མ་ཡིན་ཁྱབ་པ་ཡི། །དམར་མིན་མ་ཡིན་གཞན་མི་འཚོ། །སྨིན་དང་རྙིངས་པ་ཉིད་ཀྱིས་ནི། བྱེ་བ་རྣམས་ནི་འབིགས་པར་འགྱུར། །དེ་ནས་དངོས་པོའི་གྲངས་བརྗོད་དེ། །འོད་ལྡན ་ལྕགས་ནི་མཆོག་ཏུ་འགྱུར། །དེ་དངོས་མེད་ན་ལྕགས་རྣོན་པོ། །ར་གན་ཞོ་ཕྱེད་གཤའ་ཚེ་ཟངས། །སྒྲ་གཅན་གསེར་དང་དཀར་པོ་རྣམས། །ལྕགས་རྣམས་བརྒྱད་དུ་གསུངས་པ་སྟེ། །དངུལ་ཆུའི་སྨིན་པ་སོ། ་སོ་ལ། །སྦྱང་བ་ཉིད་དུ་བྱ་བ་སྟེ། །གསེར་འགྱུར་ལས་ལ་དངུལ་ཆུ་རྣམས། །མུ་ཟི་དེ་བཞིན་དྲི་མེད་དང། །མཱཀྵི་ཀ་དང་དེ་བཞིན་མཚལ། །ཀུ་ཎཊཱི་ཀཱ་ཤི་ཀི་དྲུག་།གསེར་གྱི་བཙག་དང་བ་བླ་རྣམས། །ཤེས་རབ་ལྡན་པས་འབད་པས་སྦྱངས། །མཁས་? ་ལས་རྣམས་ཤེས་པར་བྱ། །གསེར་གྱི་ལས་རྣམས་བ་བླ་ཡིས། །ཁ་རྡོག་སེར་དང་དཀར་པོའི་ཁམས། །ལྷང་ཆེར་དེ་བཞིན་སཽ་བཱི་ར། །ཀཱཾ་གུ་ཥ་ཐ་རྣམས་སོ་སོར་སྨིན། །དེ་རྣམས་རྟགས་ནི་བཤད་པར་བྱ། །སྦྱངས་པས་ཁུ་བ་རྣམས་ནི་ལྟུང། །འོད་ལྡན ་ཡང་ཞིང་ཁུ་པ་དཀར། །རྣོན་པོ་མཆོག་ཏུ་རྣོན་པོར་འགྱུར། །ཟངས་མ་དམར་དང་སྲ་བ་སྟེ། །རིགས་ནི་གསུམ་དུ་དབྱེ་བ་ལས། །བལ་ཡུལ་ལས་བྱུང་མཆོག་ཡིན་ཏེ། །འདབ་མར་གྱུར་པ་འབྲིང་དུ་རིག་།ཐ་མ་འོད་ཀྱི་དྲི་མར་ཤེས། །ལས་ནི་ལེགས ་བར་སྦྱར་བར་བྱ། །སྦྱངས་པས་ཁྱབ་བྱེད་ཉིད་དང་ནི། །དངུལ་ཆུའི་སྨིན་པ་ཉིད་ལ་ཕན། །ཞ་ཉེ་ནག་པོ་དཀར་བར་ཤེས། །རང་བཞིན་ཡང་ཞིང་ཁུ་བ་ཅན། །གཤའ་ཚེ་དྲི་དང་ལྡན་པ་མཆོག་།ཚོགས་པ་ནག་ཅིར་མྱུར་དུ་འཇུ། །མྱུར་དུ་འཇུ་པའི་རང་བཞིན ་གྱིས། །དཀར་པོར་ཤིན་ཏུ་ཡོངས་སུ་གྲགས། །རག་ན་ཁ་གསེར་འདྲ་ཞིང། །དྲི་མ་ལེན་ཅིང་དྲི་དང་ལྡན། །དྲག་ཅིང་བརྟན་པའི་ཁུ་བ་ཉིད། །ཟངས་ཀྱི་ཁམས་ནི་མ་ཐུག་པའོ། །སྒྲ་ལྡན་ནི་མ་ཡང་དག་ལྡན། །སྲ་ཞིང་མཆོག་ཏུ་བརྟན་གྱུར་བ། །ཟངས་དང་གཤའ་ཚོ ་དགེ་བསྲེས་བ། །མཐུག་ཅིང་མྱུར་དུ་འཇུ་བའོ། །བཅད་ན་དཀར་ཞིང་བདར་ན་སེར། །བསྲེགས་ན་གུར་གུམ་ལྟ་བུ་དང། །སྣུམ་དང་ཉུང་དུས་ལྕི་བ་སྟེ། །གསེར་གྱི་མཚན་ཉིད་རྣམ་པ་དྲུག་།སྐར་མ་ཀུནདའི་མདོག་དང་མཚུངས། །སྣུམ་དང་སྐར་མ་རབ་ཏུ་སྟེར། ། ་ཡོན་ཏན་དྲུག་ཅུ་རྩ་བཞི་ནི། །རིགས་ཀྱི་མཚན་ཉིད་དག་ཏུ་བཤད། །སྔོན་རྗེས་ཇི་ལྟ་དེ་བཞིན་དུ། །བསྡུས་ནས་བདག་གིས་རབ་གཤད་བྱ། །འོད་ལྡན་ལ་སོགས་ལྕགས་རྣམས་ཀྱིས། །སྦྱངས་ནས་སྙིང་སྟོབས་དགུག་པ་སྟེ། །འོད་ལྡན་ལྕགས ་སམ་ཡང་ན་རྣོ། །གསེར་ནི་དགུག་ཅིང་ཕྱེ་མར་བྱ། །ཚྭེ་ཡི་སྡེ་ཚན་ཇི་སྙེད་དང། །དྲི་ཆུའི་སྡེ་ཚན་སྦྱར་བར་བྱ། །ཚྭ་དང་དྲི་ཆུ་དེ་ཉིད་ཀྱིས། །བློ་དང་ལྡན་པས་ཕྱེ་མར་བྱ། །གོང་བུ་གསུམ་དུ་སླངས་ཡང་ནི། །སྒྱུར་རྩི་རྣམ་བ་མང ་པོས་གདུལ། །དེ་ནི་རྩ་བ་ཉིད་དུ་བྱ། །སླར་ཡང་སྐྱུར་རྩིས་སྦྱར་བར་བྱ། །འདི་ཡིས་ཟངས་དང་འོད་ལྡན་ན་མ། །ཡང་ན་རྨོན་པོ་འདི་ཡིས་སྦྱད། །གླེང་ཆེན་རུས་ཕྱེ་ཡང་དག་སྦྱོར། །འཆིང་བུའི་ཕྱེ་མས་ངེས་སྦྱར་བྱ། །ལན་ནི་བདུན་གྱི་བར་དུ་ནི། །རཱ་ཡི་དྲི་ཆུས་གཏོར ་བར་བྱ། །དེ་འདིར་ཟངས་ནི་སྦྱར་བར་བྱ། །བློ་དང་ལྡན་པ་རྣམས་ཀྱིས་བཤད། །འདི་ཡིས་ཟངས་ནི་རབ་མཆོག་ཏུ། །སྦྱད་བྱ་ལས་རྣམས་ཐམས་ཅད་ལ། །དེ་ནས་ར་གན་དེ་བཞིན་དུ། །སྦྱང་པ་བདག་གིས་རབ་བཤད་བྱ། །འབད་པ་ཡིས་ནི་བདར་བར་བྱ། །ཕྱེ ་མ་ཞིབ་མོ་ཉིད་དུ་བྱ། །ཚྭ་བཅུག་དྲི་ཡི་ཆུ་ཡིས་ནི། །མཁས་པས་ཉི་མ་བདུན་དུ་མཉེ། །སླར་ཡང་སྐྱུར་མ་དང་བཅས་པས། །ཀོད་བུ་གསུམ་དུ་སྦྱིན་པར་བྱ། །འདི་ཡི་སྤྱད་བ་བཤད་པ་ནི། །ར་གན་ཆོ་ག་ཇི་བཞིན་ནོ། །འཁར་བ་འབད་པས་བདར་བྱ་སྟེ། །ཕྱེ་མ ་ཞིབ་མོ་ཉིད་དུ་བྱ། །ཚྭ་བཅུག་དྲི་ཡི་ཆུ་ཡིས་ནི། །ཕྱེ་མ་ཉིད་ནི་སླར་ཡང་སྦྱད། །ལན་བདུན་གྱི་ནི་བར་དུ་སྦྱང། །སླར་ཡང་སྐྱུར་མོས་སྦྱད་བར་བྱ། །ཞ་ཉེ་བྱིན་ནས་མེལ་བསྲེག་།ཇི་སྲིད་ཟངས་སུ་མ་གྱུར་བར། །ཟངས་ཀྱི་གཟུགས་གྱུར་གང་ལ་ནི།། ་སླར་ཡང་ཟངས་སྦྱིན་སྤྱད་བར་བྱ། །སྒྲ་ལྡན་སྦྱང་བར་བཤད་པ་ཡི། །གཙོ་བོ་དག་ནི་བདག་གི་བཤད། །ཞ་ཉེ་སྦྱད་བར་བཤད་པ་ཡང། །ཇི་ལྟར་རིགས་པར་བདག་གིས་བཤད། །བ་བླའི་ཕྱེ་མས་འབར་བཞིན་དུ། །ཤི་རི་ཁཎྜའི་འོ་མས་སྦྱད།། ་མང་པོར་སྦྱང་ཞིང་ཕྱེ་མ་དག་།ཉི་མ་ལ་ནི་སྦྱང་བར་བྱ། །མེ་ནས་ཞུ་དང་ཕྱེ་མ་ལ། །ཞ་ཉེ་ཡིས་ནི་ངེས་པར་སྦྱར། །ལན་བདུན་ག་ཡིས་ནི་དག་པར་འགྱུར། །འབྲས་བུ་གསུམ་གྱི་ཁུ་བས་བཀྲུ། །འདི་ཡི་སྦྱད་བར་བཤད་པ་ནི། །ཞ་ཉེ་གཤ་ཆོ ་དགེ་བཞིན་བཤད། །ཀུན་ཊི་ཡི་དངོས་པོ་དང། །ཆད་གི་མེ་ཏོག་ཁུ་བ་ཡི། །དེ་ཡི་ཕྱེ་མ་སྦྱར་བར་བྱ། །གཤའ་ཙེ་རེས་ཀྱིས་ཡང་ཡང་དུ། །འོད་ཀྱི་བློ་གྲོས་མར་ཁུ་དང། །ཡང་ན་ཀ་རཉྫ་མར་ཁུས། །བཀྲུ་ཞིང་གཏོར་བ་ཉིད་དུ་བྱ། །སྦྱར་བ་མང་དུ་གསུངས་པ་ཡིས། ། ་ཉེས་བ་མང་པོ་རྣམས་བར་སྤོང། །ཞ་ཉེ་ཅུང་ཟད་བྱིན་ནས་ནི། །སྐད་མ་མཁས་པས་མེ་ལ་བསྲེག་།དེ་བཞིན་གྱུར་པ་དྲི་ཆུ་ཡིས། །བློ་དང་ལྡན་པས་ལན་གསུམ་བཀུ། །དེ་ནས་མཛའ་དང་བར་དག་ཏུ། །ལན་བདུན་དུ་ནི་བཀྲུ་བར་བྱ། །དེ་ཡིས་དག་པར་འགྱུར་པ ་སྟེ། །འདི་ལ་རྣམ་བར་སྤྱད་མི་བྱ། །གསེར་མི་སྦྱོང་བར་བཤད་པ་ཡི། །ཡོན་ཏན་རྣམས་ནི་དྲུག་དེ་ཡི། །དང་པོ་ཚ་དང་དྲི་ཆུ་ཡིས། །ཇི་སྙེད་སྐྱུར་རྩིས་བཀྲུ་བར་བྱ། །མར་དང་སྤྲད་དག་བསྲེས་པ་ཡིས། །བྱུག་པས་སླར་ཡང་མཛད་མི་འགྱུར། །འདི་ཡིས་འདོད? ་གྲུབ་འགྲུབ་པར་བྱེད། །གསེར་གྱི་རིམ་བ་ཇི་བཞིན་ནོ། །ལྕགས་རྣམས་གདུལ་བར་གསུངས་པ་ཡི། །ཇི་ལྟར་མི་འགྱུར་སྦྱོར་བ་ལས། །གསེར་དངུལ་ཇི་ལྟ་བ་དེ་བཞིན། །འོད་ལྡན་ལྕགས་དག་ཇི་སྙེད་དང། །དེ་ཡི་དངས་པོ་རྣོན་པོ་ལ། །དང་པོ་སྦྱང་བར ་བྱས་ནས་ནི། །ཕྱི་ནས་ལས་ཀྱིས་མཉམ་དུ་བརྩམ། །མདོག་བཟང་མཱཀྵེ་ཀ་ཉིད་དང། །ཚྭ་དང་སྐྱུར་མོ་དག་གི་སྦྱར། །གསེར་འགྱུར་རྩིའི་བསྟན་བཅོས་ཇི་སྙེད་པའོ།། །།*། །སྐུ་གསུང་ཐུགS་གྱི་ཆ་ཚད།། །། ་