CLOSE WINDOW

N4593: thams cad kyi dbang phyug gi bcud len nad thams cad 'joms shing lus kyi stobs rgyas par byed bzhes bya ba
Wyliee-texts based on the ACIP/ALL Input

རྒྱ་གར་སྐད་དུ། སརྦེ་ཤྭ་ར་ར་སེ་ཡ་ན་རོ་ཀ་ཧ་རི་པ་རིར་པུཥྚ་ཀ་ནཱ་མ། བོད་སྐད་དུ། ཐམས་ཅད་ཀྱི ་དབང་ཕྱུག་བཅུད་ལེན་ནད་ཐམས་ཅད་འཇོམས་ཤིང་ལུས་ཀྱི་སྟོབས་རྒྱས་པར་བྱེད་པ་ཞེས་བྱ་བ། ཐམས་ཅད་མཁྱེན་པ ་ལ་ཕྱག་འཚལ་ལོ། །དང་པོ་དངུལ་ཆུ་སྦྱང་བའི་དོན་དུ་སོ་ཕག་གི་ཕྱེ་མ་དང་སྦྱར་ལ་ལན་བདུན་གྱི་བར་དུ་བཏགས་ཤིང་སྦྱང ་བར་བྱའོ། །དེའི་སྐབས་སུ་ཡང་ཉི་མ་ལ་བདུག་པར་བྱའོ། །ཤིང་ཨ་ཀོན་གྱི་འོ་མས་ལན་བདུན་གྱི་བར་དུ་བཏགས་ཤིང ་སྦྱང་བར་བྱའོ། །དེའི་སྐབས་སུ་ཡང་ཉི་མ་ལ་བདུག་པར་བྱའོ། །ཡང་ཤིང་བེའུན་གྱི་འོ་མས་སྔར་བཞིན་ནོ། །ཀཎྜའི ་ཞེས་བྱ་བའི་ཤིང་ཚེར་མ་ཅན་གྱི་ཁུ་བས་སྔར་བཞིན་ནོ། །ཀུ་མ་རིའི་ཁུ་བས་སྔར་བཞིན་ནོ། །ཙི་ཏྲའི་ཁུ་བས་སྔར་བཞིན་ནོ། །མཛེ ་ཚའི་ཁུ་བས་སྔར་བཞིན་ནོ། །སྨན་ད་རྣམས་བཀྲུས་ཤིང་དངུལ་ཆུ་བཟུང་ངོ། །ལིང་གི་ཞེས་བྱ་བའི་སྨན་འདབ་མ་གསུམ་པ། རོ་ཚ་བ། ་མེ་ཏོག་མེད་པ་དང། སྡོང་བུ་མཐོ་གང་ཙམ་ཡོད་པའི་ཁུ་བ་བླུགས་ནས་བཏགས་པས་སྐམ་ཞིང་སྐུད་པ་ལྟར་དྲང་དུ་འདོད་པར་འགྱུར་རོ། ། ་ཟངས་སྤྱོད་བར་འདོད་པས་སྲབ་མོར་བྱས་ལ་སྐྱུར་པོའི་ནང་དུ་ཞག་བདུན་གྱི་བར་དུ་སྦང་ངོ། །དར་བའི་ཆུར་ཁུ་ལ་ཡང་དེ་བཞིན་ནོ། །ལེགས་པར་བཀྲུ་བར ་བྱའོ། །དེ་ནས་ཟངས་དང་མུ་ཟི་མཉམ་པར་བྱས་ལ་རྫ་གོང་ནང་དུ་དུ་བ་མི་འཚོར་བར་བྱའོ། །དངུལ་ལྟ་བུར་དཀར་པོར་འགྱུར་རོ། །བཤའ་ཚེ་སྦྱོང་བ ་ལ་པོང་གི་ཁུ་བས་སྔར་བཞིན་ནོ། །ལྕགས་བསད་པར་འདོད་པས་བའི་ཆུ་ལ་འབྲུ་གསུམ་བཏབ་ལ་སྲབ་མོར་བྱས་ལ་བཞུག་གོ་།བཅུག་པ་ནི་བསྲེག ་པས་སོ། །ཕྱི་ནས་ཀྱང་འབྲུ་གསུམ་བཅུག་ལ་ཟངས་བཞིན་ནོ། །ལྷང་ཚོར་བསད་པར་འདོད་པས་ཞིབ་ཏུ་བཏགས་ལ་སྐྱུར་པོས་བཅུག་ལ་ཟངས་བཞིན ་ནོ།། །། ར་དྷའི་ལོ་མ་ནི་གཉེན་པོ་ཡིན་ཏེ་ཟངས་བཞིན་ནོ། །པོའི་ལྕི་བག་ཁ་མནན་པར་བྱའོ། །རྔོ་ཕ་ཝང་བསད་པར་འདོད་པས་ཀྵི་རི་ཀནདྷའི་ལོ ་མས་ཉི་མ་ལ་ལན་བདུན་བདུག་པར་བྱའོ། །མར་ཁུ་ཆནདྷེ་བཅུག་པ་སྔར་གྱི་ཟངས་བཞིན་ནོ། །དཀར་པོར་སོང་བ་ནི་འབྱོངས་པའོ།། །། ་དངུལ་སྦྱང་བར་འདོད་པས་ནིར་བི་སིའི་ཁུ་བས་ལན་བདུན་གྱི་བར་དུ་ལྕགས་བཞིན་དུ་བསད་པར་བྱའོ། །ཇི་ལྟར་དངུལ་ཆུ་བསད་པ་བཞིན་བྷི་མ་ལ་ཡང ་བསད་པར་བྱའོ། །གསེར་སྦྱང་བར་འདོད་པས་ཀ་ཙ་ནའི་ཁུ་བ་ཇི་ལྟར་ཟངས་གསོད་པ་བཞིན་བྱའོ། །ཇི་ལྟར་གསེར་གསོད་པ་བཞིན་སུ་བ་ཀི་ཏ་ཡང་དེ ་བཞིན་ནོ། །དེ་ལྟར་སྦྱང་བ་ཐམས་ཅད་ཆ་མཉམ་པོར་བྱས་ལ་ཨ་བ་ནི་ཆ་གསུམ་མོ། །དེ་ལྟར་ཞིབ་ཏུ་བཏགས་ལ་གོང་བུར་བྱའོ། །ནད་པ་ལ་ར་ཏི་བཞི ་བཞི་བྱིན་ན་ནད་ཐམས་ཅད་འཕྲོག་གོ་།སྐྱུར་པོ་དང་སྔོ་སྤང་ངོ། །ཕྱེ་དང་ཁུར་བའང་སྤངས་ལ་ར་ཏི་བཞི་བཞི་ཟླ་བ་དྲུག་ཏུ་ཟོས་ན་སྐྲ་དཀར་དང་གཉེར་མ་སྤོང ་ཞིང་ཚོ་ཉི་ཟླ་དང་མཉམ་མོ། །མཚོན་གྱིས་མི་ཆོད་ཅིང་བུད་མེད་ལ་ཁུ་བ་འཕོ་བར་མི་འགྱུར་རོ། །ཟླ་བ་དྲུག་གི་བར་དུ་གྲུ་ལ་ཕྱིན་ན་འབྱིང་བ་བསྲུང་ངོ། །དབང་ཕྱུག་གིས་བསྟན་པའི་རིན་པོ་ཆེའི་བཅུད་ལེན ་གྲུབ་པ་རྫོགས་སོ།། །།ཧ་རིདྷོ་བར་གྱི་རྣལ་འབྱོར་པ་ཤི་བ་དཱ་ཤ་དང། ཨོརྱན་པས་བྷུ་ཏྭར་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ར་སཱ་ཡ་ཎ་ཤཱསྟྲ ་